CLOSE WINDOW

N2313: གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་མདོའི་འབུམ་འགྲེལ
Wyliee-texts based on the ACIP/ALL Input

། །།པཎྜི་ཏ་མཁས་པ་ཆེན་པོ་ཨ་མོ་གྷ་བཛྲས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད་དུ། མཧཱ་མནྟྲ་ནུ་དྷཱ་ར་ནི་ཤུ་ཏྲཏ་ས་ཧཾ་ཥ་ཏཱི་ཀཱ། བོད་སྐད་དུ། གསང སྔགས་ཆེན་མོ་རྗེས་སུ་འཛིན་མའི་མདོའི་འབུམ་འགྲེལ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་གསང་སྔགས་རྗེས་སུ་འཛིན་མ་ཆེན་མོ་ཕྱག་འཚལ་ལོ། །ཡང་དག་ཡེ་ཤེས་སྣང་བར་ལྡན། རྟག་ཏུ་སེམས་ཅན་དོན་བྱེད་པ། །དེ་བཞིན་ཡོན་ཏན ཡང་དག་ལྡན། །འཇིག་རྟེན་མགོན་ཕྱག་འཚལ་ནས། རབ་རིབ་ཀྱིས་ནི་མི་ཤེས་པའི། །དེ་ཡི་གཏི་མུག་སེལ་བྱེད་པ། ཡང་དག་བསམ་ལ་ཡང་དག་དགྲོལ། བདག་གིས་འབུམ་འགྲེལ་བཤད་པར་བྱ། །འདི་སྐད་བདག་གི ཐོས་པའི་དུས་གཅིག་ན། ཞེས་བྱ་བ་ནི་འདི་སྐད་ཅེས་བྱ་བ་ནི། སྒྲོ་སྐུར་དང་བྲལ་བའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་ཀུན་དགའ་བོས་སོ། །གྲོགས་མེད་དམ་ཞེ་ན། ཉན་ཐོས་ལ་སོགས་པ་དང་ཐབས་ཅིག་ཏུ་ཐོས་པའོ། །སུ་ལ་ཐོས་ ན་བཅོམ་ལྡན་འདས་ལའོ། །གང་ཐོས་ན་རིག་སྔགས་གྱི་རྒྱལ་མོ་ཆེན་མོ་གསང་སྔགས་རྗེས་སུ་འཛིན་མའི་མདོ་འདི་ཐོས་པའོ། །སུས་ཐོས་ན་ཀུན་དགའ་བོས་ཐོས་པའོ། །དུས་གཅིག་ན་ཞེས་བྱ་བའི་སྒྲ་ནི་དོན་གཉིས་ལ་འཇུག་སྟེ། སྡུད པ་པོ་ཤེས་རབ་ཆེ་བར་གོ་བ་དང། དམ་པའི་ཆོས་འབྱུང་བར་དཀོན་པའི་དོན་ཏོ། །སྟོན་པ་ནི་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་པ་ནི་གཞི་བཅོམ་བཞི་ནི་དགྲ་སྟེ། དགྲ་ནི་བདུད་བཞིའོ། །བདུད་བཞི་ནི། ཕུང་པོའི ང་དུང་དང་ཉོན་མོངས་པའི་བདུད་དང། འཆི་བདག་གི་བདུད་དང། ལྷའི་བུའི་བདུད་དོ། །གང་གི་དུས་ན་བཅོམ་ཞེ་ན། རྡོ་རྗེའི་གདན་ལ་བཞུགས་པའི་དུས་ནའོ། །ལྡན་པ་ཞེས་བྱ་བ་ནི། སྐལ་པ་དང་ལྡན་པས་བཅོམ་ལྡན་འདས་སོ། འདས པ་ནི་མྱ་ངན་ལས་པའོ། །འདས་པ་ནི་གང་གི་དུས་ཤེ་ན། དཔྱིད་ཟླ་ར་བའི་གནམ་སྟོང་གི་ནུབ་མོའོ། །འདམ་བུའི་ཁྲོད་ན་གཟིགས་པའི་འདུག་གནས་ན་བཞུགས་ཏེ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུ་ལྷ་དང ལྷ་མ་ཡིན་དང། མི་མ་ཡིན་པ་རྣམས་ཀྱིས་བྱས་པའི་གཞལ་ཡས་ཁང་ཡོད་དེ། ཕྱོགས་རེ་རེ་ལ་དཔག་ཚད་ལྔ་ལྔ་ཡོད་པ་གྲུ་བཞི་པ། སྒོ་བཞི་པ། ནང་གི་ཀ་པ་བརྒྱད་དང། ཕྱིའི་ཀི་བ་བརྒྱད་ཀྱིས་རྒྱན་པ། སྒོར་དེ་ལ་སེང་གེ་གཉིས ཀྱིས་བརྒྱན་པ་སྟེ། དེ་བཞིན་དུ་ཏྭ་ར་ནས་ཀྱང་བརྒྱན་པའོ། །ཀ་བ་དང། སྐར་ཁུང་དང། སྒོ་ལོགས་དང། ཡ་ཐེམ་དང། མ་ཐེམ་དང། སྒོ་འགྲམ་ལ་སོགས་པ་རིན་པོ་ཆེ་རྣམས་ལས་བྱས་པ་ཡིན་ཏེ། ཀ་རྟེན་ནི་མ་ར་ག་ལྗང་གུའོ། །གཞུ་ནི་ཨཻནྡྲ་ནིའོ ལ་སྟེ། ཀ་བ་ནི་གསེར་ལ་བྱས་པ་སྟེ། འཕྲིན་བྱུ་རུ་ལ་སོགས་པས་བྱས་པའོ། །དེ་བཞིན་དུ་གདུང་ཡང་གསེར་ལས་བྱས་པ་སྟེ། ཕྱག་ལ་སོགས་པ་ནི་དངུལ་ལས་བྱས་པའོ། །རྩིག་པ་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཕྱི་ལོ་ཟློས་དང ནང་ལོག་གཉིས་ཀ་རི་མོ་མཁས་པས་བྲིས་པ་བཞིན་དུ་སྣང་བའོ། །ས་གཞི་ནི་རིན་པོ་ཆེ་པདྨ་རཱ་ག་ལས་བྱས་པ་སྟེ། ར་བ་ནི་བཻ་ཌཱུ་རྱ་ལས་བྱས་པའོ། །སྒོ་བཞིན་རིན་པོ་ཆེ་སྣ་བདུན་ལས་བྱས་པ། དེ་ཡང་གསེར་དང། དངུལ་དང། ཨཻནད་ནཱི་མ། དང་མར་ཀ་དང། པདྨ་རཱ་ག་དང། བཻ་ཌཱུརྱ་དང། ཤེལ་དང་བདུན་ནོ། །སེང་གེ་བརྒྱད་ཀྱང་རྒྱུ་ཤེལ་ལས་བྱས་ཤིང། གཉཱ་རལ་ལ་སོགས་པ་ནི་ཨཻནྡྲ་ནཱི་ལ་དང། བྱུ་རུ་ལས་བྱས་པའོ། །མིག་དང་ཁ་ནི་ཨཻནྡྲ་ནཱི་ལ་དང་པདྨ་རཱ་གས མཛེས་ཤིང། སོ་དང་མཆེ་བ་ནི་དངུལ་ལས་བྱས་པའོ། །རྒྱ་ཐིབས་དང་ལྡན་ཞིང། རྒྱ་ཕིབས་ཀྱི་རྟེན་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་སྣ་ཚོགས་ཀྱི་གཟུགས་སུ་སྣང་བའོ། །དྲ་བ་དང། དྲ་བ་ཕྱེད་པས་བརྒྱན་ཞིང། གདུགས་དང། བ་དང་རྒྱལ མཚན་གྱི་ཕྱོགས་ཕྱོགས་སུ་བརྒྱན་ཅིང། རིན་པོ་ཆེ་ལ་སོགས་པ་མང་ལ་འཕྱང་ཞིང། དྲིལ་བུ་དང། དྲིལ་བུ་གཡེར་ཀ་དང། རླུང་གིས་བཏབ་པས་སྐད་སྣ་ཚོགས་འབྱུང་སྟེ། དཔེར་ན་རོ་ལོ་མོ་མཁས་པས་ཡན་ལག་བརྒྱད་དང་ལྡན་པའི རོལ་མོ་བྱས་པས་སྐད་སྣ་ཚོགས་འབྱུང་བ་བཞིན་ནོ། །དེའི་ཕྱོགས་བཞིན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ལྕགས་རི་གཅིག་གིས་བསྐོར་བའི་ནང་ན་སྐྱེས་མོས་ཚལ་བཞི་ཡོད་དེ། སྐྱེད་མོས་ཚལ་རེ་རེ་ལ་ཡང་རྫིང་བུ་རེ་རེ་ཡོད་པའོ། ། སྐྱེད་མོས་ཚ་དེའི་མིང་ཡངས་དགའ་བ་དང། མཆོག་ཏུ་དགའ་བ་དང་ཀུན་ཏུ་དགའ་བ་དང། རྣམ་པར་དགའ་བ་དང། རྣམ་པ་བཞི་ཡིན་ནོ། །དེ་བཞིན་དུ་རྫིང་བུའི་མིང་ཡང་ཡིན་ནོ། །རྫིང་བུའི་འོག་ནི་བཻ་ཌཱུརྱ་ལས་བྱས་པས་ལོག་སོགས་སྐལ་ནི་རིན པོ་ཆེ་སྣ་བདུན་ལས་བྱས་པའོ། །རྫིང་བུ་དེའི་ཆུ་ཡང་ཤེལ་།ཆགས་པ་བཞིན་དུ་དངས་ལ་གསལ་བ། འཐུངས་ན་ཡང་པ། ལྟ་ན་ཡིད་དུ་འོང་བ། ཙན་དན་དང། ག་བུར་ལ་སོགས་པ་དྲི་དང་ལྡན་པ། རྫིང་བུ་དེའི་ནང་ན་རང་བཞིན་གྱིས ཆུ་ལས་སྐྱེས་པའི་མེ་ཏོག་སྣ་ཚོགས་ཡོད་དེ། དེ་བཞིན་དུ་ཁ་དོག་སྣ་ཚོགས་ཀྱིས་བརྒྱན་པ། པདྨ་དང། པདྨ་དཀར་པོ་དང། པུཎྜ་རི་ཀ་དང་པུཎྜ་རི་ཀ་ཆེན་པོ་དང། ཨཽཏཔ་ལ་དང། ཨཽཏཔ་ལ་སྔོན་པོ་དང། ཀུ་མུ་ཏ་དང། ཀུ་མུ་ཏ་ཆེན་པོ་ལ་སོགས་པ། ?་ཚོགས་དང་ལྡན་ཞིང། སོ་སོའི་ཁ་དོག་དང་ལྡན་པ། ལྟ་ན་མཛེས་པའོ། །རྫིང་བུ་དེའི་ནང་ན་བྱའི་ཚོགས་སྣ་ཚོགས་ཡོད་དེ། ཁྲུང་ཁྲུང་དང། བྱ་ངང་པ་དཀར་པོ་དང། བྱ་ངན་པའི་རྒྱལ་པོ་དཀར་པོ་དང། ངང་པ་སེར་པོ་དང། ས་ར་ས་ལ་སོགས་པའི་བྱའི སྐད་སྣ་ཚོགས་འབྱུང་བས་མཛེས་ཤིང་མཉམ་པའོ། །དེ་བཞིན་དུ་སྐྱེད་མོས་ཚལ་གྱི་ནང་ན་ཡང་ཐང་ལས་སྐྱེས་པའི་མེ་ཏོག་གི་ཤིང་ནགས་ཚལ་ཡོད་དེ། ཙམ་པ་ཀའི་མེ་ཏོག་གི་ཤིང་དང། ཀུནདའི་མེ་ཏོག་གི་ཤིང་དང། རྫ་ཏིའི་མེ་ཏོག་གི་ཤིང དང་ཀཀྐོ་ལའི་མེ་ཏོག་གི་ཤིང་དང། ཀླུའི་མེ་ཏོག་གི་ཤིང་དང། ཨ་རུ་རའི་ཤིང་དང། བ་རུ་རའི་ཤིང་དང། སྐྱུ་རུ་རའི་ཤིང་དང་ཐལ་དང་ཏ་ལ་ཆེན་པོའི་ཤིང་དང། ཙན་དན་གྱི་ཤིང་ལ་སོགས་པ་རང་བཞིན་གྱིས་ཤིང་སྣ་ཚོགས་སྐྱེས་ཏེ། ཤིང་དེའི མེ་ཏོག་དང་འབྲས་བུས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཤིང་བདེ་བར་གནས་པའོ། །སྐྱེས་མོས་ཚོལ་དང། རྫིང་བུ་ལ་ཡང། དགེ་སློང་ངམ། །དགེ་བསྙེན་ནམ། དགེ་བསྙེན་མ་འམ། ལྷ་དང་མི་རྣམས་ཀྱིས ཀྱང་སྒོམ་ཞིང། ཚོགས་སོགས་པའི་ས་དང། དེ་ན་གནས་པའི་བྱིས་པ་རྣམས་ཀྱང་ཞེ་སྡང་མེད་ཅིང་ཆོས་དང་མཐུན་པར་གནས་པའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེའི་སེང་གེའི་ཁྲིས་ཡ་དང་བཅས་པ་ཡོད་དེ། རྡོ་རྗེ་ས་ལ་པདྨ སྣ་ཚོགས་དང་བཅས་པ། རྡོ་རྗེ་རིན་པོ་ཆེའི་ས་ཡ་སྣ་བདུན་དང་བཅས་པ། རྒྱན་རྣམས་བཞི་ཏ་ར་ན་དང་ལྡན་པ། །རྡོ་རྗེ་རིན་པོ་ཆེའི་སྣ་བཞི་བྱ་ཁྱུང་གི་ཏྭ་ར་ན་དང་ལྡན་པ། རྡོ་རྗེ་རིན་པོ་ཆེའི་མུ་ཏིག་དང། བྱུ་རུ་དང། མུ་མེན་ལ་སོགས་པས་གསེར་གྱི རྒྱུ་ལ་འཕྲ་བྱས་ཤིང། ཀླུའི་ཞགས་པ་བྱ་ཁྱུང་ཏྭ་ར་ནས་ཁར་བཅུག་པའོ། །རི་དགས་ཤ་ར་ནི་ནི་རིན་པོ་ཆེ་སྣ་བཞི་ལས་བྱས་པ་སྟེ། མཛེས་ཤིང་ལྟ་ན་སྡུག་པའོ། །དེའི་འོག་ཏུ་ཤང་ཤང་ན་ར་ན་ཡིན་ཏེ། རྡོ་རྗེ་རིན་པོ་ཆེ་སྣ་བཞི་ལས བྱས་ཤིང་གཡས་གཡོན་གཉིས་ནས་མཛེས་པར་བརྒྱན་པའོ། །ཆུ་སྲིན་ཏྭ་ར་ན་རྡོ་རྗེ་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང། འཇུག་མ་པ་ཏྲ་སྣ་ཚོགས་སུ་འཁྱིལ་ཞིང་ལྟ་ན་སྡུག་པའོ། །རྡོ་རྗེ་སེང་གེའི་པདྨ་ཆེན་པོའི་ཁྲི་ནི། མནན་ན་ནེམ བྱེད་པ། བཞག་ན་ཐོ་བ། རེག་ན་འཇམ་པ། ལྟ་ན་མཛེས་པའོ། །གཞལ་ཡས་དང། སེང་གེའི་ཁྲི་དེ་ནི་རང་བཞིན་དུ་ཡོད་ཅིང་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བའོ། །དེ་བཞིན་དུ་གདུང་གདུང་གཡོགས་དང། བླ་རེ་དང་རྡོ་རྗེ་རིན་པོ་ཆེའི མུ་ཏིག་གི་ཕྲེང་བའི་འདྲ་བས་བརྒྱན་པའོ། །བྱང་ཆུབ་སེམས་དཔའ་ཨི་རིགས་མི་གཅིག་པ་བརྒྱ་སྟོང་འབུམ་གྱི་འཁོར་དང་བཅས་ཤིང། བླ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཐུ་ཆེན་པོར་ཐོག་པ། རྡོ་རྗེ་ཆེན་པོའི་རྣམ་པར ཐར་པ་དང། ཏིང་ངེ་འཛིན་གྱི་སངས་རྒྱས་ཀྱི་ཞིང་དུ་རྣམ་པར་སྤྲུལ་པ་དང། ཆོ་འཕྲུལ་ཀུན་ཏུ་སྟོན་པ་དང། སེམས་ཀྱི་སྐད་ཅིག་ཐད་ཅིག་ཡུད་ཙམ་གཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་བསྟན པ་སྣ་ཚོགས་མཉམ་པ་ཉིད་དུ་མཉམ་ཞིང་རྒྱ་ཆེ་བར་ཟབ་པ་དང། སྤོབས་པ་དང། ཆོ་འཕྲུ་དང་ལྡན་པ་སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྦྱིན་གྱི་མཆོད་པ་དང། རྣམ་པར་ཐར་པའི་སྒོ་དང། གཟུགས དང། ཏིང་ངེ་འཛིན་དང། དབང་དང། མངོན་པར་ཤེས་པ་དང། མ་འདྲེས་པ་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་དང་ས་དང། ཕ་རོལ་ཕྱིན་པ་དང། ཐབས་ལ་མཁས་པ་དང། བསྡུ་བའི་དངོས་པོ་དང། བྱམས་པ་དང། སྙིང་རྗེ་དང དགའ་བ་དང། བཏང་སྙོམས་དང། བྱམས་པའི་སྟོབས་དང། དབེན་པ་དང། ཡོངས་སུ་བྱས་པའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་གོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང། རྡོ་རྗེ་གཏུམ་པོ་དང། རྡོ རྗེ་སེམས་དཔའ་དང། ལག་ན་རྡོ་རྗེ་མདའ་གཞུ་དང། རྡོ་རྗེ་བྱིན་གྱིས་བརླབ་པ་དང། རྡོ་རྗེའི་རྒྱན་དང། རྡོ་རྗེའི་འོད་དང། སྤྱན་རས་གཟིགས་དང། ཀུན་ཏུ་བཟང་པོ་དང། ཀུན་ཏུ་གཟིགས་པ་དང། རྡོ་རྗེ་དཔལ་དང། པདྨ་འབྱུང་གནས་དང། ཞལ་རྣམ་པར མཆེ་བ་གཙིགས་པའི་རྡོ་རྗེ་དང། པདྨ་སྙིང་པོ་དང། པདྨའི་སྤྱད་དང། འཇམ་དཔལ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་དང་ཐབས་གཅིག་གོ་།ཉན་ཐོས་ཆེན་པོ་རབ་ཏུ མང་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཆད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང། ཆོ་འཕྲུལ་བསམ་ཀྱིས་མི་ཁྱབ་པ་རྣམ་པར་འཕྲུལ་པའི་མཐུ་ཆེན པ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་དྲི་དང་བྲལ་བ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་བསྲེགས་པ་ཤ་སྟག་ལ། འདི་ལྟ་སྟེ། ཚེ་དང་ལྡན་པ་ཤ་རིའི་བུ་དང། ཚེ་དང་ལྡན་པ་བྱམས་མའི་བ་གང་པོ་དང། ། ཚེ་དང་ལྡན་པ་ཀ་བི་ན་དང། ཚེ་དང་ལྡན་པ་རབ་འབྱོར་དང། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དང། ཚེ་དང་ལྡན་པ་སྐུལ་བྱེད་དང། ཚེ་དང་ལྡན་པ་དགའ་བྱེད་དང། ཚེ་དང་ལྡན་པ་འོད་སྲུངས་དང། ཚེ་དང ལྡན་པ་འོད་སྲུངས་ཆེན་པོ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང། དེ་དག་ལ་སོགས་པ་ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་དང། དགེ་སློང་དང། དགེ་སློང་མ་དང། །དགེ་བསྙེན་ནམ། དགེ་བསྙེན་མ་དང། ལྷ་དང་མི དང། འཁོར་དུ་མ་འདུས་པའི་ནང་དུ་བཅོམ་ལྡན་འདས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར། །སངས་རྒྱས་ཀྱི་མཛད་པ་ནི་ཤིན་ཏུ་མཐར་ཕྱིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཤིན་ཏུ་རྫོགས། །ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཆེན་པོའི? ཕྱིར་ཕ་རོལ་ཏུ་ཕྱིན་པ་དང། ས་མཉེས་པ་ཤིན་ཏུ་ཡོངས་སུ་བཟུང། སྤྱི་བོ་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་མི་མཐོང་བདུད་ཀྱི་ལས་ཐམས་ཅད་ལས་ནི་ངེས་པར་རྒྱལ། དེ་ཁོ་ན་ཐམས་ཅད་མཁྱེན་པ་ནི་ཐུགས སུ་ཆུད། སྤྱན་ལྔ་ནི་མངལ་རྣམས་པ་ཐམས་ཅད་ཀྱི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ལྡན། བདུང་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ནི་བཅོམ། བདག་ལས་ནི་འཕགས། ཁྱུ་མཆོག་དང་སེང་གེའི་སྒྲ་ནི་བསྒྲགས། །མ་རིག་པའི་མུན་པ་ནི་ཀུན་ཏུ་བསལ། །བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དཔག་ཏུ་མེད་པའི་སྦྱིན་པ་དང། ཚུལ་ཁྲིམས་དང་བཟོད་པ་དང། བཙོན་འགྲུས་དང། བསམ་གཏན་དང ཤེས་རབ་དང། ཐབས་དང་སྟོབས་དང། སྨོན་ལམ་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཀའ་པ་སྤྱད་པས། མངོན་པར་གྲུབ་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་མཛེས ཤིང། རིན་པོ་ཆེ་རྡོ་རྗེ་ཆེན་པོའི་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བཞུགས་ཏེ། གསེར་གྱི་རི་བོའི་རྒྱལ་པོ་ལྟར་དཔལ་ནི་འབར། ས་ཕྱོགས་ནི་ཉི་མ་སྟོང་པས་ལྷག་པའི་འོད་ཟེར་གྱི་དཀྱིལ་འཁོར་གྱིས་རྣམ་པར་བརྒྱན། ཟླ་བ་ཉ་ག་དང ལྟར་འཇིག་རྟེན་ཐམས་ཅད་ལ་ནི་སྡུག་པར་སྣང། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ནི་ཤིན་ཏུ་རྒྱས་ཤིང་ཆོས་སྟོན་ཏེ། །ཚངས་པར་སྤྱོད་པ། ཐོག་མར་དགེ་བ་བར་དུ་དགེ་བ། ཐ་མར་དགེ་གདོན བཟང་པོ་དང། ཚིག་འདྲུ་ཟང་པོ། །མ་འདྲིས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་རབ་ཏུ་སྟོན་ཏོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་གནས་དང། འཁོར་ཕུན་སུམ ཚོགས་པའི་སྐབས་དེ། གནས་སྐབས་དང་པོའོ། །དེ་ནས་ཞེས་བྱ་བ་ནི། གནས་ཕུན་སུམ་ཚོགས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དཀའ་སྩལ་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཡུད་ཙམ་ཅིག་ཅི་ཡང་མ སྨྲས་པར། སྨིན་མཚམས་ནས། བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་གྱི་དྲ་བ་འཕྲོས་ཏེ། དེ་བཞིན་དུ་ཡང་ནས་ཡང་དུ་སྤྲོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་ཁྱབ་སྟེ། སླར་ལོ་གནས་འོད་ཟེར་གྱི་དྲ་བ་ད་སྨིན་མཚམས དང། བ་སྤུའི་བུ་ག་ཐམས་ཅད་དུ་ཐིམ་པ་དེ་ནས་ཀུན་དགའ་བོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ཏེ། སྐོར་བ་ལན་གསུམ་བྱས་ནས། པུས་མོ་གཡས་པའི་ལྷ་ད་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་འོད་ཟེར་དྲ་བ་འདི་ནི་རྒྱུ་དང་རྐྱེན་ཅི་ལགས། དོན་མེད་པར་འོད་ཟེར་གྱི་དྲ་བ་མི་འགྱེད་ན་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོང་ཁྱེར་ཡངས་པ་ཅན་གྱི་ནང་ན། མ་རུངས པར་བྱེད་པ། ལྷའི་གདོན་དང། ཀླུའི་གདོན་དང། ལྷ་མ་ཡིན་གྱི་གདོན་དང། ནམ་མཁའ་ལྡིང་གི་གདོན་དང། རླུང་ལྷའི་གདོན་དང། དྲི་ཟའི་གདོན་དང། མེ་འམ་ཅིའི་གདོན་དང། ལྟོ་འཕྱེ་ཆེན་པོའི་གདོན་དང། གནོད་སྦྱིན་གྱི་གདོན་དང། སྦྱིན པོའི་གདོན་དང། འབྱུང་པོའི་གདོན་དང། ཡི་དགས་ཀྱི་གདོན་དང། གྲུལ་བུམ་གྱི་གདོན་དང། སྤྲུལ་པོའི་གདོན་དང། ལུས་སྲུལ་པོའི་གདོན་དང། རྗེད་བྱེད་ཀྱི་གདོན་དང། །སྨྱོ་བྱེད་ཀྱི་གདོན་དང། གྲིབ་གནོད་གྱི་གདོན་དང། གནོན་པོའི གདོན་དང། དེ་ལ་སོགས་པ་མཁའ་འགྲོ་དང། བགེགས་དང། ལོག་འདྲེན་དང་མ་རུངས་པར་བྱེད་པ་གཞན་གྱི་སྲོགས་འཕྲོག་པར་བྱེད་པ་དང། གཟི་བརྗིད་འཕྲོག་པ་དང། ཟས་སུ་ཤ་ཟ་བ་རྣམ་དང། གཞན་ཡང་མ་རུངས་པར་བྱེད་པའི ཡི་དགས་དང། འབྱུང་པོ་རྣམས་ཀྱིས་ཀྱང་ཡུལ་དེར་ཕྱིན་ནས་ཡམས་ཀྱི་ནད་དང། རིམས་དང། ཚ་བ་དང། འདུས་པ་དང། རླུང་དང། བད་ཀན་དང། མཁྲིས་པ་དང། ཤུ་བ་དང། གཡན་པ་དང། མཛེ་དང། ཕོལ་མིག་དང། ལྟོག་པ་དང། འབྲུམ་བུ་དང། ཤ་བཀྲ་དང། འབྲས་དང། མེ་དཔལ་དང། དེ་ལ་སོགས་པའི། ནད་ཐམས་ཅད་འབྱུང་སྟེ། ཡུལ་དེར་མུ་གེ་དང། ཀླུའི་ཚད་པས་ཀྱང་མི་ཚུགས་ཏེ། གྲོང་ཁྱེར་ཡངས་པ་ཅན་གྱི་ཆོས་ཐམས་ཅད་དར་ཞིང། ཆོས་ཀྱི་གཟི་བརྗིད་འཕྲོག་ཅིང ཆོས་ཀྱི་ནུས་པ་ཡང་མེད་པར་གྱུར་ཏོ། །དེ་བཞིན་དུ་མི་ནད་དང། ཕྱུགས་ནད་དང། གྲོང་ཁྱེར་ཡངས་པ་ཅན་དུ་མ་རུངས་པ་ཐམས་ཅད་བྱུང་སྟེ། འཇིགས་སུ་རུང་བ་བྱུང་ནས་སེམས་ཅན་ཐམས་ཅད་ལ་འཚེ་བར་བྱས་སོ། །དེའི་ཕྱིར་ན་འོད་ཟེར་གྱི་དྲ་བ འགྱེད་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་གསུངས་སོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པའོ། །ཡངས་པའི་གྲོང་ཁྱེར་དུ་བྱོན་ནས། ཡངས་པའི་གྲོང་ཁྱེར་ག་ལ་བ་དེར་དོང ངོ་ཞེས་བྱ་བ་ནི། ཡངས་པ་ཅན་གྱི་གྲོང་ཁྱེར་ནི་དཔག་ཚད་བརྒྱ་ལྔ་ཅུ་ཡོད་པ། དབྱིབས་ལེགས་པ། ལྟ་ན་མཛེས་པ། ཕྱོགས་བཞིའི་སྲད་བར་ནས། རྒྱལ་མཚན་དང། བ་དན་དང། གདུགས་ལ་སོགས་པས་བརྒྱན་པ། ཚོང་དུས་མི གཅིག་པ་བརྒྱ་རྩ་བརྒྱད་ཡོད་པ། དེ་བཞིན་དུ་འདོད་པ་དང། འདོད་པར་བྱེད་པ་རྣམས་ཀྱི་ཉོ་བ་དང། ལེན་པ་དང། རབ་གཅིག་གིས་བསྐོར་ཞིང། སྨན་གྱི་ཤིང་དང། མེ་ཏོག་གི་ཤིང་སྣ་ཚོགས་ཀྱིས་བསྐོར་ཞིང། དེ་བཞིན་དུ་སྐྱང་མོས་ཚལ དང། རྫིང་བུ་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །རྫིང་བུ་དང། སྐྱེད་མོས་ཚལ་དེ་དག་ལ་ཐང་ལས་སྐྱེས་པ་དང། ཆུ་ལས་སྐྱེས་པའི་མེ་ཏོག་དང། ཚོགས་དང། བྱ་རིགས་མི་གཅིག་པ་སྣ་ཚོགས་དང། རི་དགས་ཀྱི་ཚོགས་རྣམས་ཡོད དེ་ལྟ་བུའི་གྲོང་ཁྱེར་གྱི་ནང་ན་འགྲོ་བ་སེམས་ཅན་གྱི་དོན་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །བཙུན་པ་དེ་ལྟར་བགྱི་ཞེས་གསོལ་ནས་ཞེས་བྱ་བ་ནི། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ཏེ། སེམས་ཅན་ཐམས ཅད་ཀྱི་དོན་མཛད་པ་ལ་བཀའ་སྩལ་པའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ་ཞེས་བྱ་བ་ནི། །གྲོང་ཁྱེར་ཡངས་པ་ཅན་གྱི་དོན་ལ་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་ཡང་དག་པར་རྫོགས་པའི སངས་རྒྱས་ཤཱཀྱ་ཐུབ་པས། སྙིང་རྗེ་ལ་གནས་ནས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་མ་ནོར་བར་བསྐོར་རོ། །དེའི་ཕྱིར་ན་ཀུན་དགའ་བོས་ཀྱང་ལེགས་པར་གསན་པའོ། །དེ་ནས་ཞེས་བྱ་བ་ནི། ཀུན་དགའ་བོ་ལ་བཀའ་སྩལ་པ་དེ་ནས་སོ། །བཅོམ ལྡན་འདས་ཡུལ་བྲི?་རྫིར?་ཡུལ་རྒྱུ་ཞིང་གཤེགས་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུ་སེམས་ཅན་ཐམས་ཅད་འདུས་པའི་ས། དེ་བཞིན་དུ་འབྱུང་པོ་རྣམས་ཀྱང་འདུ་བའི་ས་ཡིན་ནོ། །གསེར་གྱི་ས་གཞི་ལ་རིན་པོ་ཆེ་སྣ་ ཚོགས་ཀྱིས་བརྒྱན་པ། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་རླན། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། མ་རུངས་པར་བྱེད་པའི་འབྱུང་པོ་ཐམས་ཅད་འདུལ་བའི་ས་ཡིན་ནོ། །ཡངས་པའི་གྲོང་ཁྱེར་དུ་བྱོན་ནས་ཞེས་བྱ་བ་ནི། བྱང་ཆུབ སེམས་དཔའ་དང། ཉན་ཐོས་དང། ལྷ་ལ་སོགས་པ་འཁོར་རྣམ་བཞི་དང་བཅས་ནས། གྲོང་ཁྱེར་ཡངས་པ་ཅན་དུ་ཞབས་ཀྱིས་བཅགས་སོ། །དེ་ནས་གཅད་མའི་ལྷ་དང། ཚངས་པ་ལ་སོགས་པའི་ལྷའི་མེ་ཏོག་བཟང་པོས་སིལ་མར་བཀྲམ སྟེ། སྤོས་དང། དྲི་དང། རྒྱལ་མཚན་དང། བ་དན་དང། གདུགས་ལ་སོགས་པ་བཅོམ་ལྡན་འདས་ལ་དབུལ་ཞིང། ལྷའི་རོལ་མོ་སྣ་ཚོགས་ཀྱིས་མཆོད་པར་བྱས་སོ། །བཅོམ་ལྡན་འདས་གར་གཤེགས་པའི་ས་ནས་ཀྱང་ལྷའི་དར་ལ སོགས་པས་བཏིང་ནས། ལྷའི་མེ་ཏོག་མནད་ར་བ་དང། མནད་ད་ར་བ་ཆེན་པོ་ལ་སོགས་པ་མེ་ཏོག་གི་ཆར་འབེབས་སོ། །དེ་བཞིན་དུ་གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བླ་ན་མེད་པའི་མཆོད་པ་བྱས་སོ།། ཡངས་པའི་གྲོང་གྱི་ཨ་མྲ་བསྲུང་བའི་ཚལ་ན་བཞུགས་སོ་ཞེས་བྱ་བ་ནི། ཡངས་པ་ཅན་གྱི་གྲོང་གྱི་དབུས་ན་སེམས་ཅན་ཐམས་ཅད་འདུ་བའི་གནས་ཨ་འབྲས་ཀྱི་ཤིང་གིས་བསྐོར་བ། སྐྱེད་མོས་ཚལ་དང། རྫིང་བུ་དང། ཝ་ཆུ་འདྲེན་པའི་ས དང། རྡོ་རྗེའི་ཁྲི་འམ། པདྨ་ཆེན་པོའི་གདན་ལ་བཞུགས་སོ། །དེ་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཨ་འབྲའི་ཚལ་ན་བཞུགས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་གྱི་དོན་ལ་གདོན་མ་རུངས་པ་རྣམས་འདུལ་བའི་ཕྱིར་ན། ཀུན་དགའ་བོ་ལ་བཀའ་སྩལ་པའོ། །ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་དུ་སོང་ལ། ཕྱི་ནས་སྒོའི་ཐེམས་པ་ལ་རྐང་པ་ཞོན་ཏེ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུ་ཡུལ་ལྷའི་ཐོག་ཏུ་དཔའ་བོའི་དུས་སུ་རྐང་པ་གཡས་པར་བཞག་ལ། སེང་གེའི་སྒྲ་སྒྲགས་ལ། ཁྱུ་མཆོག་དམ་བཅས་ཤིང་གསང་སྔགས་རྗེས་སུ་འཛིན་མ་ཆེན་མོ་ཡམས་ཀྱི་ནད་དང གདོན་མ་རུངས་པ་ཐམས་ཅད་འདུལ་བའི་ཕྱིར་རོ། །གསང་སྔགས་ཚིགས་སུ་བཅད་པ་སྨྲས་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི། གསང་སྔགས་གཞི་འདི་དག་དང། ཚིགས་སུ་བཅད་པ་འདི་དག་སྨྲོས ཤིག་ཅེས་བྱ་བ་ནི། གཞན་གྱིས་མི་ཐུབ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནད་ཐམས་ཅད་དང། གདོན་ཐམས་ཅད་རླག་པར་བྱེད་པ། མཚོན་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས རྗེས་སུ་འཛིན་མའོ། །རིགས་ནི་པདྨའི་རིགས་སོ། །ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོ། །ཁམས་ནི་མེའི་ཁམས། སྐྱེ་མཆེད་ནི་རོའི་སྐྱེ་མཆེད་དོ། །རིག་སྔགས་དེའི་སྐུ་མདོག་དང། ཕྱག་མཚན་ནི་གང་ཞེ་ན། འདི་ལྟ་སྟེ། ཞལ་གསུམ་པ། ཕྱག་བཅུ་གཉིས པའོ་སྐུ་མདོག་དཀར་མོ། །གཡས་སེར་བ། གཡོན་དམར་བ་སྤྱན་གསུམ་པ། །སངས་རྒྱས་ལྔའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་ཀྱིས་རྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། པདྨའི་སྟེང་ན་ཟླ་བའི་གདན་ལ་ཉི་མའི་འོད་དང་བཅས་པའོ། །ཕྱག གཡས་གཡོན་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །དེའི་འོག་མ་གཉིས་མཉམ་གཞག་གོ་།གཡས་པའི་གསུམ་པ་ན་རལ་གྲི་བཞི་བ་ན་རྡོ་རྗེ་ལྔ་པ་ན་འཁོར་ལོ། །དྲུག་པས་མཆོད་སྦྱིན་ནོ། །གཡོན་པའི་གསུམ་པ་ནི་རིན་པོ། ཆེའི་སྟེང་ན་རྡོ་རྗེའོ། །བཞི་པ་ན་པདྨ། ལྔ་པ་ན་བུམ་པའི་སྟེང་ན་རྡོ་རྗེ། དྲུག་པ་ན་ལྕགས་ཀྱུ། མཾ་གི་ཡིག་འབྲུས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའོ། །རིགས་ལྔའི་སངས་རྒྱས་ཀྱིས་དབུ་ལ་བརྒྱན་པ་ནི་ཡེ་ཤེས་ལྔ་རྣམ་པར། དག་པའོ། །སྤྱན་གསུམ་ནི་སྐུ་གསུང་ཐུགས་རྣམ་པར་དག་པའོ། །ཞལ་གསུམ་ནི་ཏིང་ངེ་འཛིན་གསུམ་རྣམ་པར་དག་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའོ། །ཕྱག་བཅུ་གཉིས་ནི་རྟེན འབྲེལ་བཅུ་གཉིས་རྣམ་པར་དག་པའོ། །རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་ནི་མི་ཤིགས་པ་རྡོ་རྗེའི་གདན་རྣམ་པར་དག་པའོ། །ཟླ་བ་དང་ཉི་མའི་འོད་ནི་ཐབས་ཤེས་རབ་ཟུང་དུ་འབྲེལ་བའོ། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ་ནི་སངས རྒྱས་དང་སེམས་ཅན་གཉིས་སུ་མེད་པའོ། །མཉམ་གཞག་ནི། རྡོ་རྗེའི་རང་བཞིན་ཏིང་ངེ་འཛིན་རྣམ་པར་དག་པའོ། །རལ་གྲི་ནི་ཤེས་རབ་རྣམ་པར་དག་པའོ། །རྡོ་རྗེ་ནི་སྟོང་པ་ཉིད་རྣམ་པར་དག་པའོ། །འཁོར་ལོ་ནི་འཁོར་བ་བཅད་པའོ། །མཆོད སྦྱིན་ནི་བྱིན་པ་རྣམ་པར་དག་པའོ། །རྡོ་རྗེ་དང་རིན་པོ་ཆེ་ནི་ཐབས་ཤེས་རབ་རྣམ་པར་དག་པའོ། །པདྨ་ནི་རིགས་རྣམ་པར་དག་པའོ། །བུམ་པ་དང་རྡོ་རྗེ་ནི་ནང་གི་དུག་དང་ཕྱིའི་དུག་རྣམ་པར་དག་པའོ། །ལྕགས་ཀྱུ་ནི་མ་རིག་པའི་སེམས ཅན་རྣམས་ཡར་ལ་འདྲེན་པའོ། །དེ་ལྟ་བུའི་རིག་སྔགས་ཚིགས་སུ་བཅད་པ་སྨྲས་ཤིང། མ་རིག་པ་ཐམས་ཅད་བཅོམ་སྟེ། མུན་པའི་ནགས་ཚལ་གསལ་བར་བྱེད་ཅིང། རིག་སྔགས་ཀྱི་ཚིགས་སུ་བཅད་པ་སྨྲས་པའོ། །བི་ས་ར་བི་ས་ར བི་ས་ར་ཏ་ལ་སོགས་པའོ། །སངས་རྒྱས་འཇིག་རྟེན་པ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། ཐུགས་རྗེ་ཆེ་ཞིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ལ་སྤྲུལ་པའི་སྐུས་ཁྱབ་ཅིང། སེམས་ཅན་གྱི་དོན་ལ་གསང་སྔགས་རྗེས་སུ་འཛིན་པ་བཀའ་སྩལ་པའོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཞེས་བྱ་བ་ནི། བྱེ་བ་ཁྲག་ཁྲིག་བརྒྱད་བཅུ་རྩ་བཞིས་གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་འདས་པའི སངས་རྒྱས་ཀྱང་རྗེས་སུ་ཡི་རང་བའི་ཕྱག་རྒྱས་བཏབ་པའོ། །མ་འོངས་པ་དང་ད་ལྟར་བྱུང་བས་དེ་བཞིན་ནོ། །རང་སངས་རྒྱས་ཐམས་ཅད་ཀྱི་བསམ་པ་ཞེས་བྱ་བ་ནི། ཞི་གནས་དང། ལྷག་མཐོང་གིས་ཀྱང། སྐུའི་སྒོ་ནས་ཆེས་བསྟན་ཏེ། རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་རང་བཞིན་གྱི་ངོ་བོར་གནས་པའོ། །དགྲ་བཅོམ་པ་ཐམས་ཅད་ཀྱི་བསམ་པ་ཞེས་བྱ་བ་ནི། འཇིག་རྟེན་ནས་ཡང་དག་བར་སོང་བ་དང། ཡང་དག་པར་ཞུགས་པ་དང་ཕྱིར མི་ལྡོག་པ་དང། ལན་ཅིག་ཕྱིར་ལྡོག་པ་རྣམས་ཡིན་ཏེ། དེའི་བསྒོམས་པ་ནི་དབུགས་འབྱུང་བ་དང། དབུགས་རྡུབ་པ་རྣམས་ཡིན་ཏེ། སེམས་དྲན་པ་མེད་ཅིང་བུམ་པ་གང་བ་བཞིན་དུ་འགོག་པའི་རང་བཞིན་གྱིས་ལུས་བོམ་པོའི་རང་བཞིན དུ་གྱུར་པ་ནི་ཏིང་ངེ་འཛིན་ཡིན་ཏེ། དེ་བཞིན་དུ་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མ་དེའི་ངོ་བོ་ཉིད་ཀྱིས་ཀྱང་བསམས་པའོ། །ཉན་ཐོས་ཐམས་ཅད་ཀྱིས་བསམ་པ་ཞེས་བྱ་བ་ནི། ངག་གི་སྒོ་ནས་བསྟན་པའི་ཆོས་འདི་རྟགས་མངོན་དུ་བྱས ནས། དེ་བཞིན་དུ་མི་རྟག་པ་བསྒོམས་ཏེ། ལྟ་བ་ནི་འཕགས་པའི་བདེན་པ་བཞི་འཛིན་ཅིང། དེ་བཞིན་དུ་ངོ་བོ་ཉིད་འཛིན་པས་ཀྱང། རིག་སྔགས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་ནོ། །བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་པ་རྣམས་དང། དགྲ་བཅོམ་པ་རྣམས་ཡིན་ཏེ་དེ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་ཕྱག་འཚལ་ཏེ། ཕྱག་རྒྱའི་རྒྱས་བཏབ་པའོ། །ཆོས་ཀྱི་བསམ་པ་ཞེས་བྱ་བ་ནི། ཀུན་རྫོབ་དང དོན་དམ་པ་གཉིས་ཡིན་ཏེ། ཀུན་རྫོབ་ཀྱང་ལོག་པའི་རྒྱུ་མ་མི་དམིགས་པ་དང། ཡང་དག་པའི་སྒྱུ་མའི་དོན་བྱེད་ནུས་པ་གཉིས་སོ། །དོན་དམ་པའི་ངོ་བོ་ཉིད་དང་བྲལ་ཞིང་དམིགས་པ་མེད་པ། གནས་པ་མེད་པ་སྡིག་པ་དང། དགེ་བ་དང། བྲལ་བ། ཡང་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་པའི་གནས་ཡིན་ནོ། །ཚངས་བས་བསམ་པ་ཞེས་བྱ་བ་ནི། བསམ་གཏན་དང་པོ་དང། གཉིས་བ་དང། གསུམ་པ་ཡིན་ཏེ། ཚངས་པར་སྤྱོད་པའི་ངོ་བོ་ཉིད་འཛིན་ཅིང་ལུས་བེམ་པོར གཏང་ནས། མི་དམིགས་པ་བསྒོམས་ཏེ། དེ་ཡང་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མའི་ངོ་བོ་ཉིད་ཀྱི་ངོ་བོ་ཡིན་ནོ། །ཚངས་པར་སོ་སོར་བསམ་པ་ཞེས་བྱ་བ་ནི་ཚངས་རིས་ཀྱི་ལྷ་རྣམས་དང། གནས་གཙང་མའི་ལྷ་རྣམས ཀྱི་འབྲས་བུ་དང། བསམ་གཏན་བཞིའི་ལྷ་རྣམས་ཡིན་ཏེ། ཚངས་པ་ཆེན་པོའི་ཏིང་ངེ་འཛིན་ནི། སེམས་བཀག་ནས་བེམ་པོར་གནས་ཏེ། མི་དམིགས་པའི་ཏིང་ངེ་འཛིན་ཏུ་གནས་སོ། །དེ་ཡང་རིག་སྔགས་ཀྱི་རྒྱལ་མོ་གནས་པ་ཡིན་ནོ།། འདོད་པའི་དབང་ཕྱུག་གིས་བསམ་པ་ཞེས་བྱ་བ་ནི། ཁམས་གསུམ་ཙམ་ལ་དབང་མཛད་དེ། འདོད་པའི་ཡོན་ཏན་ལྔས་སེམས་ཅན་ལ་དབང་མཛད་དེ། དེ་ཡང་རིག་སྔགས་ཀྱི་རྒྱལ་མོའི་ལམ་གནས་ཡིན་ནོ། །དབང་པས་བསམ པ་ཞེས་བྱ་བ་ནི། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་དབང་མཛད་པ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་ནམ་ངོ་བོ་ཉིད་ཀྱིས་ཐོབ་པའོ། །ལྷས་བསམས་པ་ཞེས་བྱ་བ་ནི་རིགས་བཞི་དང་རིགས། བདུན་གྱི་རྣམ་པ་ཡིན་ཏེ། འདོད་པ་ཐམས་ཅད་ལ་སྤྱོད་ཅིང་བདེ་བར་གནས་ཏེ། དེ་ཡང་རིག་སྔགས་ཀྱི་བདེ་བར་གནས་པའོ། །ལྷ་མ་ཡིན་གྱི་དབང་བསམས་པ་ཞེས་བྱ་བ་ནི། ཐག་ཟར་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད ཅིང་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཁམས་གསུམ་ཙམ་ལ་དབང་མཛད་ཅིང། ལྷ་རྣམས་ཀྱིས་ཀྱང་མི་ཐུབ་ཅིང་རིག་སྔགས་གྲུབ་པའོ། །ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ་ཞེས་བྱ་བ་ནི། ལྷ་མ་ཡིན་རྣམས་ནི་ཞེ་སྡང་སྐྱེས་ཤིང ལྷ་རྣམས་ཀྱི་བརྩོད་པ་ནི་རིག་སྔགས་ཀྱི་སྟོབས་ཀྱིས་རྩོད་པའོ། །ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་ཞེས་བྱ་བ་ནི། ལྷ་མ་ཡིན་སྒྲ་གཅན་འཛིན་རྣམས་ཡིན་ཏེ། ཉི་མ་དང་ཟླ་བ་འཛིན་ནུས་ཤིང། འཇིག་རྟེན་གྱི་བྱ་བ་ལ་སྟོབས་དང ལྡན་པ། འཇིག་རྟེན་པས་ཐུབ་པ་ཙམ་མེད་དེ། དེ་ཡང་རིག་སྔགས་ཀྱི་སྟོབས་ཀྱིས་བྱས་པའོ། འབྱུང་པོ་ཐམས་ཅད་ཀྱི་བསམས་པ་ཞེས་བྱ་བ་ནི། སངས་རྒྱས་དང། ཆོས་དང་དགེ་འདུན་ལ་དགའ་བ་རྣམས་ཡིན་ཏེ། དེའི་སྟོབས་དང། གཟི བརྗིད་དང་ལྡན་པ་ནི། རིག་སྔགས་ཀྱི་ལམ་ནས་ཡིན་ནོ། །གཞན་ཡང་འབྱུང་པོ་རྣམས་ཀྱིས་རིག་སྔགས་ཀྱི་བཀའ་ལས་འདའ་མི་ནུས་སོ། །གལ་ཏེ་བཀའ་ལས་འདའ་བར་གྱུར་ན། མགོ་བོ་ཨ་ཛེ་ག་བཞིན་དུ་ཚལ་པ་ཚལ་པ་བརྒྱར གས་ཏེ། ལྟོག་པ་དང་ཤ་བཀྲ་དང། འབྲས་རྣམས་ཀྱི་ནད་ཀྱིས་བཏབ་ཅིང། རིག་སྔགས་ཀྱི་དམོད་མོས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །རིག་སྔགས་ཀྱི་ཚིག་ནི་ཡང་ནས་ཡང་དུ་ཀླག་ཅིང། ཕྱིར་རྦད་པར་བྱའོ། །དེ་ཡང་བི་ས་ར་ཏ་ལ་སོགས་པ་སྨྲས པའོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱི་བཀའ་སྩལ་པ་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་ཞལ་ནས་སྤྲུལ་ཏེ། དེ་ཡང་ཞལ་ཅིག་ཕྱག་གཉིས་པ། སྐུ་མདོག་དམར་མོ། །ཁྲོ་མོ་སྤྱན་གསུམ་པ། དབུ་བཀྲ་སེར་པོ་གྱེན་དུ་འབར་བ། ཁ་གདངས་པ། མཆེ་བ་གཙིགས་པ། ཡན་ལག་སྤྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་བ། །གཡས་བསྐུམ་པས། ཀླུ་གཏུམ་པོའི་རིགས་མནན་པ། ཕྱག་གཡས་པ་ན་པདྨ་དབྱུག་ཐོ་ཅན་བསྣམས་པ། །གཡོན་ན་ཞགས་པ་དང་སྡིགས་མཛུབ རྣམས་ཏེ། བདུག་པ་ཐམ་ཅད་རླག་པར་བྱེད་ཅིང། སོ་སོར་རྟོགས་པའི་ཡེ་ཤེས་མཚན་ཅིང། མཚོན་བྱེད་ནི་རིག་སྔགས་སོ། །མེའི་ཁམས་ཀྱི་ངོ་བོ་ཉིད་དང་ལྡན་ཞིང། དབང་ནི་ལྕེ་ལ་བྱས་པའོ། །ཡེ་ཤེས་ལྔའི་ངོ་བོ་ཉིད་དང་ལྡན་ཞིང། ནམ་མཁའ་ བཞིན་དུ་ཐམས་ཅད་ལ་ཁྱབ་པའོ། །རིག་སྔགས་ཀྱི་ཚིག་ནི་མུཾ་ཙ་ཏ་ལ་སོགས་པའོ། །ཡམས་ཀྱི་ནད་ཕྱིར་སོང་ཞིག་ཅེས་བྱ་བ་ནི། མ་རུངས་པར་བྱེད་པའི་གདོན་དང། འབྱུང་པོ་རྣམས་དང། གོང་དུ་བཤད་པའི་ནད་རྣམས་ཕྱིར་བསྐྲད་ཅིང། རིག་སྔགས་ཀྱི་དམོད་མོས་འདུག་པར་མི་ཚུགས་ཤིང་གནོད་བྱེད་རྣམས་ཕྱིར་འབྱུང་བའོ། །ཕྱིར་བསྐྲད་པའི་ཚིགས་སུ་བཅད་པ་ནི། །ནིརྒ་ཏ་ལ་སོགས་པའོ། །སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ་ལྷའི་བླ་མ་གཤེགས་ཤིང་ཞེས་བྱ་བ་ནི། སངས་རྒྱས་ལྷ་ཆེན་ནི་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ། ཡམས་ཀྱི་ནད་དང། རིམས་ཀྱི་ནད་ལ་སོགས་པས་མི་ཚུགས་ཏེ། གཞན་ཡང་མ་རུངས་པར་བྱེད་པ། སྡིག་པའི་སེམས དང་ལྡན་པ་སྡང་བའི་སེམས་དང་ལྡན་པ་དང། དྲག་ཤུལ་གྱི་སེམས་དང་ལྡན་པ་དང། གཞན་གྱི་སྲོག་འཕྲོག་པ་རྣམས་དང། འཚེ་བར་བྱེད་པའི་འབྱུང་པོ་དང། ནད་ཐམས་ཅད་འཇོམས་པར་བྱེད་པའོ། །ལྷ་ཆེན་པོའི་ཚོགས ནི་འབྱུང་པོའི་ཚོགས་ཡིན་ཏེ། དེ་ཡང་ཕན་གནོད་བྱེད་པའི་ཕྱིར་ན། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་ཕྱིན་ཏེ། གནོད་བྱེད་ནི་གང་ཞེ་ན། ལྷ་ཆེན་པོའི་འཁོར་བགེགས་རྣམས་ཀྱི་བདག་པོ་འབྱུང་པོའི་རྒྱལ་པོ་དབང་ལྡན་གྱི་མཚམས ན་གནས་པའོ། །སྐྱེར་མི་སྟེར་ཞིང་མའི་མངལ་གནོད་པར་བྱེད་པ་ནི། འདི་རྣམས་ཡིན་ནོ། །རི་དགས་རྒྱལ་དང་སྐྱེམ་བྱེད་དང། བརྗེད་བྱེད་དང་ནི་གུ་ཚུར་ཅན། ནམ་གྲུ་སྲུལ་པོ། ཇེ་མི་ཀ། འདོད་པ་ཅན་དང་མར་དགའ་བྱེད། བཞིན་རྒྱལ་ཅན་དང གཉའ་ལག་ཅན། །བྱ་གཟུགས་མི་འཆད་འཇོམས་པ་མོ། །མ་མ་དང། དེ་རྣམས་འབྱུང་པོ་གནོད་བྱེད་པ། །ལོ་གྲངས་བཅུ་གཉིས་བར་དུ་ནི། བྱིས་པ་རྣམས་ལ་འཇིགས་པར་བྱེད། །གཞན་ཡང་གང་གིས་མི་མཐོང་བ། དེ་རྣམས་། འབྱུང་པོ་ས་ལ་རྒྱུ། །ལྷའི་ལྷ་ནི་གཉིས་ཡོད་དོ། །འཇིག་རྟེན་དང་ནི་འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་ལས་འདས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འཇིག་རྟེན་པ་ནི་ལྷའི་དབང་པོ་བརྒྱ་བྱིན་ནོ། །དེ་ཡང་ཤར་གྱི་ཕྱོགས ན་གནས་ཏེ། ཕན་པ་དང། གནོད་པ་བྱེད་ཅིང་གནས་པའོ། །གནོད་བྱེད་ནི་དབང་ཕྱུག་ཆེན་པ་བིཥྞུ་དང། བྷྲིཾ་གི་རི་ཏི་དགའ་བྱེད་དབང། གཞོན་ནུ་སྨིན་དྲུག་ཚོགས་ཀྱི་བདག། སྟོབས་དབྱངས་ལེགས་ལྡན་དེ་བཞིན་ནོ། །དེ་རྣམས་ཤར་ཕྱོགས ཕན་པར་བྱེད་པ་དང། འཚེ་བར་བྱེད་པ་རྣམས་ཡིན་ནོ། །ལྷའི་བླ་མ་ནི་གཉིས་ཏེ། ཡང་དག་པར་རྫོགས་སངས་རྒྱས་དང། དཔའ་བ་བཟང་ཡིན་ནོ། །དེ་ཡང་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་བླ་མའོ། །གནོད་པར་བྱེད་པ་དང ཕན་པར་བྱེད་པ་དང། ལོ་ལེགས་པར་བྱེད་པ་དང། ལོ་ཉེས་པར་བྱེད་པ་རྣམས་ནི། ཉི་མ་དང་ཟླ་བ་དང། ཕུར་བུ་དང་ནི་པ་བ་སངས། སྤེན་པ་དང་ནི་ལག་དང་ནི། སྒྲ་གཅན་འཛིན་དང་འཇུག་རིངས་དང། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་ཀྱི་དེ་བཞིན་དུ། བཟང་བ དང། ངན་པ་དང། ཚེས་གྲངས་འཛིན་ཅིང། བཀྲ་ཤིས་པ་དང། མི་ཤིས་པར་བྱེད་པའོ། །དབང་པོ་དང་བཅས་པའི་ལྷ་རྣམས་དང་ཞེས་བྱ་བ་ནི། རྒྱལ་པོ་བཞི་འཁོར་དང་བཅས་པ་ཡིན་ཏེ། དེ་ཡང་ཤར་ཕྱོགས་དང། ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང ཕྱོགས་སུ་ཁོད་ཅིང་གནོད་པར་བྱེད་པ་རྣམས་ནི་ཕྱིར་ཁྱེད་ཅིག་ཅེས་པའོ། །རྒྱལ་པོ་བཞི་ཕགས་སྐྱེས་བོ་དང། ཡུལ་འཁོར་སྲུང་དང། མིག་མི་བཟང་དང། ལུས་ངན་པོ་རྣམས་ཡིན་ཏེ། དེའི་འཁོར་ནི། དྲི་ཟ་ནོར་བུ་བཟང་དང། དྲི་ཟ་གདབ་བཟང་དང དྲི་ཟ་མེ་ཏོག་དང། འདོར་རུ་རྣམས་ཡིན་ཏེ། གྲུལ་བུམ་གཏུམ་མོ་དང། ཉེས་གཏུམ་མོ་དང། གྲུལ་བུམ་རྒན་མོ་དང། ཁྱབ་འཇུག་ལེན་དང། གྲུལ་བུམ་ཞེས་རྒན་མོ་རྣམས་ཡིན་ནོ། །ཀླུའི་རྒྱ་མཚོ་དང། རྒྱ་མཚོའི་བུ་དང། དུག་མེད་དང་མཚོ ཆེན་རྣམས་སོ། །གནོད་སྦྱིན་གྱི་དབང་པོ་ལ་བ་དང། ཆུ་ལྷ་དང་ནི་སྐྱེ་དགུའི་བདག། བར་དྷཱ་ཛ་དབང་ལྡན་དང། ཙན་དན་འདོད་པའི་གཙོ་བོ་དང། མགྲིན་ངན་དང་ནི་འགུལ་ཉེས་དང། པ་ཌི་དང་ནི་ནོར་བུ་སྤྱོད། གྲ་རབ་ཉེར་ལྔར་རི་མཉམ་དང། གསེར་ཅན་གང་པོ་སེན་ཏེ་བ། གཡོན་ཅན་ནོར་འཛིན་བ་ལང་སྤྱོད། འབྲོག་གནས་མ་ཡིན་རྒྱལ་པོ་དང། །རྒྱལ་བ་ཁྱུ་མཆོག་ཚོགས་ལྔ་སེར། །མགྲིན་བཟང་རིན་ཆེན་འཁོར་བཅས་དང། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །འབྲས་བུ་གསུམ་པ་མགུ གསུམ་པ། །ལྕགས་མདུང་རིན་པོ་མ་ལྡན་དང། །གནོད་སྦྱིན་དེད་དཔོན་དེ་རྣམས་ཀྱིས། །བྱང་ཕྱོགས་ན་ནི་གནས་པའོ། །དབང་ལྡན་དང་བཅས་པ་རྣམས་ཞེས་བྱ་བ་ནི། མི་མཛད་ཀྱི་བདག་པོ་ཚངས་པ་ནས། ཚངས་རིས་ཀྱི་ལྷ་དང། ཚངས་ཆེན དང། ཚངས་པའི་འཁོར་རྣམས་ཡིན་ཏེ། དེ་དག་ཀྱང་སྟེང་ན་གནས་པའོ། །དབང་བདག་དང་བཅས་པ་རྣམས་དང་ཞེས་བྱ་བ་ནི། གནས་གཙང་མའི་ལྷ་རྣམས་ཡིན་ཏེ། ལྷའི་བུ་དབང་ལྡན་དང། དབང་ཆེན་དང། དབང་གྲགས རྣམས་ཡིན་ནོ། །བྱང་ཤར་མཚམས་ན་གནས་པའོ། །སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་ཞེས་བྱ་བ་ནི། །འགྲོ་བ་དང་འདུག་པ་དང། བྱེད་པའི་བདག་པོ་ཡིན་ཏེ། ལྷ་དང་ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ དང། གནོད་སྦྱིན་དང། སྲིན་པོ་དང། མི་དང། དུད་འགྲོའི་འགྲོ་བ་མཐོ་རིས་དང། དམྱལ་བ་དང། བཟང་བ་དང། ངན་པའི་ཕྱོགས་ཤེས་ཤིང། ཁམས་གསུམ་གྱི་བྱ་བ་ཤེས་པའོ། །སྐྱེ་དགུའི་བདག་པོ་ཚངས་པ་དང། ཨ་ཏྲེ་ཡ་དང། མེ་དང་ཉི་མ དང། མི་དང། བཟང་པོ་ལ་སོགས་པ་ཡིན་ཏེ། དེ་དག་གིས་ཀྱང་མངོན་པ་ཤེས་པའོ། །འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་ངོ་ཞེས་བྱ་བ་ནི། མེ་དང། བདེན་བྲལ་དང། རླུང་དང། གཤིན་རྗེ་དང། མེའི་འཁོར་རྣམས་ནི། མེ་ཞི་དང་ནི ནག་པ་དང། ཡང་དག་ཤེས་དང་མདུན་བདར་དང། གྱ་གྱུ་གྱུར་མིང་ཨ་གུར་དང། གཡོ་འདོད་དང་ནི་ཤར་ལྷོ་གནས། ལཾ་ག་མགྲིན་བཅུ་མེ་དང། བུམ་པ་མགྲིན་སྣ་བུམ་སྣ་དང། གཟིགས་ཤིང་གསོད་བྱེད་ལ་སོགས་ལྷོ་ནུབ་མཚམས་ན གནས་སུམ་རྩེ་དང་ནི་རབ་ཤིམ་དང། ལྷ་མིན་ཧེ་རུཾ་ཀེ་རུ་དང། ཀུན་ཏུ་སྣ་ཚོགས་ལ་སོགས་ནུབ་བྱང་མཚམས་ན་གནས་རྡོ་རྗེ་གཞོན་ནུ་མ་དང་ནི། །ནམ་གྲུ་དང་ནི་ནག་པོ་དང། རྡོ་རྗེ་ལུ་གུ་རྒྱུད་སོགས་དང། །ལྷོའི་ཕྱོགས་ན་གནས པའོ། །ལྷ་འབུམ་ཕྲག་དུ་མ་དག་དང། ལྷ་མ་ཡིན་གྱི་དབང་པོ་རྣམས་དང། ལྷ་མ་ཡིན་འབུམ་ཕྲག་དུ་མ་རྣམས་ཀྱང་འོད་ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་ལྷ་རིས་དྲུག་དང། གཟུགས་ཁམས་ཀྱི་ལྷ་རིས་བཅོ་བརྒྱད་ཀྱང། །དད་པ སྐྱེས་ནས་བྱུང་སྟེ། གནོད་སྦྱིན་རྣམས་སོང་ཅིག་ཅེས་པའོ། །བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་འབུམ་ཕྲག་ཀྱང། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོད་སྟེ་ཞེས་བྱ་བ་ནི། ལྷ་དང། ཀླུ་དང། ལྷ་མ་ཡིན་དང། ནམ་མཁའ་ཨི་ལྡིང་དང། རླུང་ལྷ དང། དྲི་ཟ་དང། མི་འམ་ཅི་དང། ལྟོ་འཕྱེ་དང། གནོད་སྦྱིན་དང། སྲིན་པོ་དང། འབྱུང་པོ་རྣམས་དང། ཡི་དགས་དང། ཤ་ཟ་དང། གྲུལ་བུམ་དང། སྲུལ་པོ་དང། ལུས་སྲུལ་པོ་དང། བརྗེད་བྱེད་དང། སྨྱོ་བྱེད་དང། གྲིབ་གནོན་དང། གནོད་བྱེད་དང། གནོན་པ་རྣམས ཡིན་ཏེ། གཞན་ཡང་མདངས་འཕྲོག་པ་དང། ལོ་ཐོག་ཟ་བ་རྣམས་ཡོད་དེ། ལ་སོགས་པ་འབྱུང་པོའི་རིགས་མི་ཅིག་པ་སྟོང་ཕྲག་ཉི་ཤུ་ཡོད་དེ། དེ་རྣམས་ཀྱང་དད་པ་སྐྱེས་ནས་འོད་བར་འགྱུར་རོ། །དེ་དག་ཁྱེད་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་དུ་འོད གིས་ཞེས་བྱ་བ་ནི། དེ་ལྟ་བུའི་རིགས་ཀྱིས་ཀྱང་གནོད་པ་བྱས་ཏེ། དེས་མི་ཚུགས་པར་བྱ་བའི་ཕྱིར་རིག་སྔགས་ཀྱི་ཚིགས་སུ་བཅད་པ་འདོན་པར་བྱའོ། །རིག་སྔགས་ནི་ནི་རྒ་ཙྪ་ཏ་ལ་སོགས་པའོ། །མྱུར་དུ་བྱེར་ཞིག་ཅེས་བྱ་བ་ནི་སྙིང་རྗེའི་སེམས་དང ལྡན་པ་དང། སྣ་བའི་སེམས་དང་ལྡན་པ་རྣམས་སོ་སོར་སོང་ཞིག། བཟང་བ་དང། ངན་པ་མ་འགྲོགས་ཤིང། རིག་སྔགས་ཀྱི་དམོད་མོས་ངན་བྱེད་རྣམས་མགོ་ཚལ་པ་ཚལ་བར་འགས་ཤིང། སེམས་ཅན་དམྱལ་བར་འགྲོ་བའོ། །ཁྱེད་ཅག་ལ གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག་ཅེས་བྱ་བ་ནི། གཞན་ཡང་སྲོག་འཕྲོག་པར་འདོད་པ་དང། སྡིག་པའི་སེམས་དང་ལྡན་ཞིང། དྲག་ཤུལ་བྱེད་འདོད་པ་སྟེ། རིག་སྔགས་ཀྱི་དམོད་མོའི་མཚན་ཉིད། དུམ བུ་དུམ་བུར་བརླག་ཅིང། རིག་སྔགས་ཀྱི་མེས་ཐལ་བར་བཏང་བའོ། །གང་དག་བྱམས་པའི་སེམས་དང་ལྡན་ཞིང། ཉེས་པར་མི་འདོད་ལ། སྲུང་བར་འཇུག་པར་འདོད་པ་དེ་དག་ཁྱེད་ཅག་ཅེས་བྱ་བ་ནི། འཇིག་རྟེན་སྐྱོང་བ་དང། ཆོས་སྐྱོང བ་རྣམས་ཡིན་ཏེ། ལྷ་དང་མི་དང། ལྷ་མ་ཡིན་དང། གནོད་སྦྱིན་དེད་དཔོན་ཆེན་པོ་ལ་སོགས་པས་ཀྱང་རིག་སྔགས་ཀྱི་རྒྱལ་པོ་གསང་སྔགས་རྗེས་སུ་འཛིན་མའི་གཟི་བརྗིད་དང། སྟོབས་ཀྱིས་སྲུང་ཞིང་སྐྱོབ་པའོ། །ལུས་ལ ཡང་འཇུག་པར་གྱིས་ཤིག་ཅེས་བྱ་བ་ནི། སྐུ་དང་གསུངས་དང། ཐུགས་རྣམས་སྲུང་སྟེ། སྐུ་སྲུང་བ་ནི། ཚོན་སྐུད་སྣ་ཚོགས་ལ་མདུད་པ་བརྒྱ་རྩ་བརྒྱད་པོར་ཞིང་ལུས་ལ་བཏགས་པའོ། །ཡང་ན་ངར་རམ། ཤིང་ཤུན་ནམ། གྲོག་ལ་འགི་ཧང ངམ་གུར་ཀུམ་ལ་སོགས་པས་བྲིས་ན། གཞན་ངན་བྱེད་ཐམས་ཅད་དང། གློ་བུར་གྱི་སྡིག་པས་མི་ཚུགས་པའོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱི་བཀའ་སྩལ་པ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས རྒྱས་ཤཱཀྱ་ཐུབ་པའི་ཐུགས་ཀ་ནས་སྤྲུལ་ཏེ། གཟི་བརྗིད་དང་ལྡན་ཞིང། སྟོབས་ཆེ་བ། ནམ་མཁས་ཁྱབ་པ་བཞིན་དུ། གྲགས་པ་ཡང་དེ་བཞིན་ནོ། །ཡེ་ཤེས་ལྔའི་རང་བཞིན་སངས་རྒྱས་ལྔའི་དབུ་རྒྱན་ཅན། ཅུང་ཟད་ཁྲོ་བོ། ཞལ གཅིག་ཕྱག་གཉིས་པ། སྐུ་མདོག་ནག་མོ། སྤྱན་གསུམ་པ། ཞབས་ཕྱེད་ཁྱིལ་དུ་བཞུགས་པ། ཕྱག་གཡས་ན་རྡོ་རྗེ། གཡོན་སྡིག་མཛུབ་དང་ཞགས་པ་བསྣམས་པའོ། །ཟླ་བའི་གདན་ལ་ཉི་མའི་འོད་དང་བཅས་པ། རྒྱན་ཐམས ཅད་ཀྱིས་བརྒྱན་པ། སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པའི་རིག་སྔགས་ཀྱི་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། སུ་མུ་སུ་མུ་ལ་སོགས་པའོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་ཞེས་བྱ་བ་ནི། ཡང་དག་པར རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། སྤྱི་བོ་གཙུག་ནས་སྤྲུལ་ཏེ། རིག་སྔགས་སྐུའི་རང་བཞིན་ཞལ་གཅིག་པ། ཕྱག་གཉིས་པ། སྐུ་མདོག་དཀར་པོ། ཞི་བའི་ཚུལ་དུ་བཞུགས་པ། ཡེ་ཤེས་ལྔའི་རང་བཞིན། སངས་རྒྱས་ལྔས་དབུ་ལ་བརྒྱན་པ། སྤྱན གསུམ་པ་ཕྱག་གཡས་ན་འཁོར་ལོ། གཡོན་པ་ན་ཞགས་པ་བསྣམས་པའོ། །ཟླ་བའི་གདན་ལ་ཟླ་བའི་འོད་དང་བཅས་ཤིང། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པ། དགོངས་པ་དང་ལྡན་པ་ཞེས་བྱ་བ་ནི། འགྲོ་བ་རིས དྲུག་གི་སེམས་ཅན་ལ་དགོངས་ཏེ། རིག་སྔགས་འདིའི་གཟི་བརྗིད་ཀྱིས། དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པ་གསོད་པ་དང། སྲེག་པ་དང། རྡེག་པ་དང། དུམ་བུར་བཏུབ་པ་དང། ཚིག་པ་དང། རེངས་པའི་སྡུག་བསྔལ་ལས། ཡོངས་སུ་ཐར པའོ། །དུད་འགྲོའི་སྡུག་བསྔལ་ནི། བྱ་དང་ལྕེ་སྦྱང་ལ་སོགས་པ་རྣམས་ཀྱིས་གཅིག་ལ་གཅིག་ཟའོ། །རིག་སྔགས་ཀྱི་རྒྱལ་མོ་འདིས། དེ་ལྟ་བུའི་འགྲོ་བ་ལས་ཐར་བར་བྱས་ཤིང། གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་དང་བྲལ་བའོ། །ཡི་དགས ཀྱི་སྡུག་བསྔལ་ནི་བཏུང་བ་དང་བཟང་བ་མེད་པའི་སྡུག་བསྔལ་ཡིན་ཏེ། མཐོང་མ་ཐག་ཏུ་ཞེ་སྡང་གིས་གཅིག་ལ་གཅིག་ཕྲག་དོག་བྱེད་ཅིང་འཐབ་རྩོད་བྱེད་པའོ། །དེ་ཡང་རིག་སྔགས་ཀྱི་རྒྱལ་མོ་འདིའི་གཟི་བརྗིད་ཀྱིས་བཏུང་བ་དང་བཟའ་བ མེད་པའི་སྡུག་བསྔལ་འཇོམས་པའོ། །ལྷ་མ་ཡིན་གྱི་སྡུག་བསྔལ་ནི། ཕྲག་དོག་གིས་སྤྱོད་པ་ཞེ་སྡང་གི་སེམས་སྐྱེས་ཏེ་སེར་སྣའི་རང་བཞིན་གྱིས་འདོད་པ་ལ་མ་མཐུན་ནས། དེ་ཡང་གཡུལ་འགྱེད་པའི་སྡུག་བསྔལ་ལོ། །དེའི སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ་ནི། རིག་སྔགས་ཀྱི་རྒྱལ་མོའི་སྤུང་གིས་འཇོམས་པའོ། །ལྷའི་སྡུག་བསྔལ་ནི། འཆི་འཕོའི་སྡུག་བསྔལ་ཡིན་ཏེ། བྱས་པའི་དགེ་བའི་རྩ་བ་རྣམས་བཟད་པ་དང། ལྷའི་བུ་རྣམས་ཀྱིས་ཀྱང་དེའི འཆི་བའི་ཕོ་བ་ཚོར་ཏེ། དཔེར་ན་སྔོན་གྱི་དུས་སུ་ལྷའི་བུ་དགའ་བྱེད་ཅེས་བྱ་བ། སུམ་ཅུ་རྩ་གསུམ་ནས་མར་ལ་ལྟུང་བ་ཚོར་ཏེ། གར་འཕོ་བ་ཚོར་ཞེས་ན་ཡུལ་བ་ར་ཎ་སིར་ཕག་པའི་ཕྲུག་གུར་སྐྱེ་བར་ཚོར་རོ། །དེ་ཚོར་བའི་སྡུག་བསྔལ་གྱི ལྷའི་བུ་དེ་ཡང་དུ་ཞིང། ལྷའི་མེ་ཏོག་གཾ་ལྷའི་རྫས་ལ་སོགས་པ་ལ་ལྟ་ཞིང་ཡང་ནས་ཡང་དུ་སྡུག་བསྔལ་སྐྱེའོ། །ལུས་ལས་ཀྱང་བྲི་མ་འབྱུང་སྟེ། མེ་ཏོག་དེ་ཀུན་ཡང་སྐམས་སོ། །ལྷའི་གྲོག་པོ་རྣམས་ཀྱིས་བོར་ཏེ། འོད་ཀྱང་མེད་དོ ཞག་བདུན་བར་དུ་ལྷའི་ལོངས་སྤྱོད་བོར་ནས། མི་གཙང་བ་ཟའོ་སྙམ་ནས་ཡང་དུ་སྡུག་བསྔལ་དྲན་ཞིང་དུའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སྐྱེད་མོས་ཚལ་དུ་རྩེ་མོ་ལ་འོངས་པས། སྐད་མི་ཉན་པ་ཐོས་ཏེ། དེ་ནས་དེའི་རྩར་ཕྱིན་ནས་དེ་དག་ལྷའི་བུ དེ་ལ་དྲིས་པ་དང། ལྷའི་བུས་སྨྲས་པ། ལྷའི་ལྷ་ཞག་བདུན་པ་འཛམ་བུའི་གླིང་གི་དབུས་སུ། གྲོང་ཁྱེར་བ་ར་ཎཱ་སིར་བདག་ཞག་བདུན་ན་ཕག་པའི་ཕྲུག་གུར་སྐྱེའོ་ཞེས་སྨྲས་སོ། །བརྒྱ་བྱིན་གྱིས་སྨྲས་པ། ལྷའི་བུ་དགའ་བ་ཁྱོད་ཀྱིས། སངས རྒྱས་དང། ཆོས་དང། དགེ་འདུན་ལ་སྐྱབས་སུ་འགྲོ་བ་གྱིས་ཤིག། དེས་ཕན་པར་འོང་སྟེ། གཞན་གྱི་ཐབས་ནི་མེད་དོ་ཞེས་གསུངས་སོ། །ལྷའི་བུ་དེས་དེའི་གདམ་ངག་ཐོས་པ་དང། སྐྱབས་སུ་འགྲོ་བ་ཉིན་མཚན་མེད་དུ་བྱས་པ་དང། ཞག བདུན་གྱི་ནང་པར་གནས་གཙང་མའི་ལྷར་སྐྱེས་སོ། །ལྷའི་ལོངས་སྤྱོད་དང་ལྡན་ཞིང་ལྷའི་བུ་གསེར་འོད་ཅེས་བྱ་བར་སྐྱེས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སྐྱེས་མོས་ཚལ་དུ་ལྷའི་ལོངས་སྤྱོད་ལ་འོངས་ཏེ། ལྷའི་བུ་དེ་དྲན་ནས་ལྷའི་སྤྱན? གྱིས་འཛམྦུའི་གླིང་དུ་བལྟས་པས། དེར་ཡང་མ་མཐོང་ངོ། །དམྱལ་བ་དང། བྱོལ་སོང་དང། ཡི་དགས་དང། གཞན་ཡང་མིའི་ཡུལ་ཤར་ལུས་འཕགས་པོ་དང། བ་ལང་སྤྱོད་དང། སྒྲ་མི་སྙན་དུ་བལྟས་པ་དང། དེ་རྣམས་སུ་ཡང་མ མཐོང་ངོ། །དེ་ནས་རང་གི་ཡུལ་དང་ལྷ་མ་ཡིན་དང། རྒྱལ་ཆེན་རིགས་བཞིའི་ལྷའི་ཡུལ་དང། རི་བདུན་གྱི་ལྷ་ལ་སོགས་པ་རྣམས་སུ་བལྟས་ཏེ། དེ་རྣམས་ན་ཡང་མ་མཐོང་ངོ། །དེ་ནས་དེ་རྣམས་སུ་ཡང་ནས་ཡང་དུ་བལྟས་ཀྱང་མ མཐོང་སྟེ། དེ་ངོ་མཚར་ཆེ་བས། ལྷོའི་འཛམ་བུ་གླིང་གིས་དབུས་སུ། །གྲོང་ཁྱེར་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ་བཞུགས་ཏེ། དེའི་ཚེ་ལྷའི་དབང པོ་བརྒྱ་བྱིན་གྱིས། ལྷའི་མེ་ཏོག་དང། ལྷའི་སྤོས་དང། ལྷ་རྫས་ཀྱི་མཆོད་པ་ཁྱད་པར་འཕགས་པ་ཁྱེར་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། བཅོམ་ལྡན་འདས་ལྷའི་བུ་དགའ་ བ་ཞེས་བྱ་བ་འཆི་འཕོ་ནས་ཕག་པའི་ཕྲུག་གུར་སྐྱེར་འགྲོ་བའི་དུས་སུ། ངས་གསུམ་ལ་སྐྱབས་སུ་འགྲོ་བ་བྱིན་ཏེ། དེའི་བྱིན་བརླབས་ཀྱིས་གར་སྐྱེས་ཆ་མེད་པས། བདག་གིས་དབང་ཚད་ལ་བལྟས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ཁྱོད་ཀྱིས་མཐོང་བར་མི་འགྱུར་ཏེ། ཁྱོད་ཀྱིས་ལོངས་སྤྱོད་པའི་མཐོ་བའི་གནས་གཙང་མའི་ལྷའི་བུ་གསེར་འོད་ཅེས་བྱ་བར་སྐྱེས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ། ལྷ་རྫས་ཀྱི་མཆོད་པ་ཡང་ནས་ཡང་དུ་བྱས ནས། ཡིད་ཆེས་ཤིང་ངོ་མཚར་ཆེ་བར་ཡང་ནས་ཡང་དུ་སྐྱབས་སུ་འགྲོ་བར་བྱས་སོ། །དེ་བཞིན་དུ་རིག་སྔགས་ཀྱི་རྒྱལ་མོས་ལྷའི་འཆི་འཕོ་བའི་སྡུག་བསྔལ་ཡང་འཇོམས་པའོ། །མིའི་སྡུག་བསྔལ་ནི། སྐྱེ་བ་དང། རྒས་པ་དང། ན་བ དང། འཆི་བ་ལ་སོགས་པའི་སྡུག་བསྔལ་ཡིན་ཏེ། དེ་ཡང་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མའི་གཟི་བརྗིད་དང། སྟོབས་ཀྱིས། འདི་འཆང་བ་ཙམ་གྱིས་སྡུག་བསྔལ་ཐམས་ཅད་ལས་བྲལ་བར་འགྱུར་རོ། འགྲོ་བ་རིག་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་འཇོམས་པའི་ཕྱིར་ན། ཐུགས་རྗེས་བསྐྱབ་པ་ཞེས་བྱའོ། །བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ་ཞེས་བྱ་བ་ནི། འགྲོ་བ་རིས་དྲུག་གི་སེམས་ཅན་ལ་བུ་གཅིག་པ་ལྟ་བུར་བྱས་ནས། དེ ལ་བསྙེན་བཀུར་བྱེད་ཅིང། འཚེ་བའི་སེམས་མི་སྐྱེ་ཞིང། ཁམས་གསུམ་གྱི་སེམས་ཅན་ལ་དེ་ལྟ་བུའི་སེམས་བཞག་ཅིང་བྱམས་པ་སྟེ། དེ་བཞིན་དུ་འཁོར་བ་ལ་གནས་པའི་སེམས་ཅན་ལ་སྙིང་རྗེས་ཁྱབ་སྟེ། དེའི་འདོད པའི་སེམས་ཉེ་བར་བཞག་པ་སྙིང་རྗེའོ། །དགའ་བ་ལ་གནས་པ། གཏང་སྙོམས་ལ་གནས་པའོ། །གཤེགས་ཀྱིས་ཞེས་བྱ་བ་ནི། དགེ་བའི་རྩ་བ་ལ་དགའ་བ་སྟེ། འགྲོ་བ་རིས་དྲུག་གི་སེམས་ཅན་ཡར་ལ་ཐུན་པ་དང། མུན་པ་མུན་ནག་བཅོམ་པས་དགའ་ སྟེ། དེ་བཞིན་དུ་མཉམ་པ་ཉིད་དང། བསྒོམ་ཞིང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མེད་པས་ན། བཏང་སྙོམས་སོ། །ཡེ་ཤེས་ཀྱི་མཆོག་དང། ཆོས་ཉིད་ཀྱི་ལྷ་ཐམས་ཅད་དང་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པ་ཡང་དག་པའི་ཏིང་ངེ འཛིན་རྡོ་རྗེ་ལྟ་བུ་ཡིན་ཏེ། གང་ལ་ཡོད་ཅེས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལྟ་བུའོ། །དེའི་ཡེ་ཤེས་ནི་རིག་པའི་ལྷ་རྣམས་ཡིན་ཏེ། རིག་པའི་ལྷ་རྣམས་ནི་གང་ཞེ་ན། སྟོང་ཆེན་མོ་རབ་ཏུ་འཇོམས་མ་དང། རྨ་བྱ་ཆེན་མོ་དང། བསིལ བའི་ཚལ་དང། སོ་སོར་འབྲང་མ་དང། གསང་སྔགས་ཀྱི་རྗེས་སུ་འཛིན་མ་རྣམས་ཡིན་ནོ། །མཚོན་པ་ནི་ཡེ་ཤེས་རྣམས་ཡིན་ནོ། །མཚོན་བྱེད་ནི་རིགས་པའི་ལྷ་མོ་རྣམས་སོ། །སོ་སོའི་ཡེ་ཤེས་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ པ་ཉིད་ཀྱི་ཡེ་ཤེས་དང། བྱ་བ་ནན་ཏན་གྱི་ཡེ་ཤེས་དང། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང། སོ་སོར་རྟོགས་པའི་ཡེ་ཤེས་དང་ལྔའོ། །རིགས་ནི་རྡོ་རྗེའི་དང། རིན་པོ་ཆེ་དང། ལས་དང། དེ་བཞིན་གཤེགས པ་དང། པདྨའི་རིགས་སོ། །ཕུང་པོའི་རྣམས་ཤེས་དང། ཚོར་པ་དང། འདུ་བྱེད་དང། གཟུགས་དང། འདུ་ཤེས་སོ། །ཁམས་ནི་ནམ་མཁའ་དང། ཆུ་དང། རླུང་དང། ས་དང། མེའོ། །སྐྱེ་མཆེད་ནི། རྣ་བ་དང། སྣ་དང། ལུས་དང་མིག དང། ལྕེའི་རང་བཞིན་ཏེ། ཡིད་ཀྱི་རང་བཞིན་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །ཞལ་གསུམ་གསུམ། ཕྱག་དྲུག་དྲུག། སངས་རྒྱས་ལྔའི་དབུ་རྒྱན་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་རྒྱན་པ། ཞབས་གཡས བསྐུམ་པ། གཡོས་བརྐྱང་བ། པདྨའི་སྟེང་ན་ཟླ་བའི་སྟན་ལ་ཉི་མའི་འོད་ཟེར་དང་བཅས་པའོ། །ཞལ་རྣམས་ནི་ཁྲོ་བ་དང་སྒེག་པ་དང། འཛུམ་པ་དང། ཞི་བ་དང། ཅུང་ཟད་ཁྲོ་བའོ། །སྐུ་མདོག་ནི་ནག་པོ་དང། སེར་པོ་དང། ལྗང་གུ་དང། དཀར་པོ་དང། དམར་པོའོ། །གཡས་པའི་ཞལ་རྣམས་ནི། དཀར་པོ་དང། མཐིང་ཀ་དང། དཀར་བའོ། །གཡོན་པའི་ཞལ་རྣམས་ནི། དམར་པོ་དང། ལྗང་གུ་དང། སེར་པོ་དང། དམར་པོ་དང། མཐིང་གའོ། །དང་པོའི་ཕྱག་གཉིས་ན། རྡོ་རྗེ་འཛིན་ཅིང། གཡོན པ་ན་དྲིལ་བུ་དཀུར་བརྟེན་པའོ། །གཡས་པ་གཉིས་ན་རལ་གྲི་སྟེ་གསུམ་པ་ན་མདའ་བསྣམས་པའོ། །གཡོན་པ་གཉིས་ན། སྡིགས་མཛུབ་ཞགས་པ་སྟེ། གསུམ་པ་ན་གཞུ་བསྣམས་པའོ། །ལྷ་མོ་རྣམས་ནི་ཡེ་ཤེས་ལྔའི་རང་བཞིན་དུ ལྡན་པ་སྟེ། ཚེས་ཉིད་ནི་སྟོང་པ་ཉིད་དོ། །ལྷ་མོ་ནི་དངོས་པོའི་རང་བཞིན་ཐབས་སོ། །འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ འཛིན་མ་འདི། འབྱུང་པོ་ཐམས་ཅད་ཀྱི་བདག་མོ། །གསང་སྔགས་ཀྱི་ཚིག་གིས་ཁམས་གསུམ་ཙམ་ཡང་འདར་བར་བྱེད་དེ། འབྱུང་པོ་རྣམས་ཀྱི་མི་ཚུགས་སོ། །འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་བྱ་བ་གྲུབ་སྟེ། གསང སྔགས་ཀྱི་ཚིག་འདི་གྲུབ་ན་ཡང་དག་པའི་ཡེ་ཤེས་ཐོབ་པའོ། །ཚིགས་སུ་བཅས་པ་འདི་དག་ནི་གྲུབ་པའོ་ཞེས་བྱ་བ་ནི། ཚེ་འདི་ལ་ཡང་བཀྲ་ཤིས་ཏེ། ཕྱི་མ་ཡང་དེ་བཞིན་ནོ། །དེ་བཞིན་གང་བསྒྲུབ་པར་འདོད་པ་ཡང་འགྲུབ་སྟེ། རྒྱལ་བ་རྣམས་ཀྱིས་གསུངས་ཏེ་ཐེ་ཚོམ་མེད་དོ། །གང་ལ་སེར་སྣ་རྣམས་ཆགས་པ། །རྣམ་ཅོམ་དྲི་མ་སེལ་མཛད་ཅིང་ཞེས་བྱ་བ་ནི། ང་རྒྱལ་སྤང་ཤིང་འཚེ་བར་མི་བྱེད་པ་སྟེ། ཡང་དག་པའི་ཡེ་ཤེས་ཤར་ནས་དྲི་མ་དེ ཡང་སྤོང་བྱེད་པ། གང་ཡང་གྲུབ་སྟེ་ཐེ་ཚོམ་མེད། ཐུགས་བཞི་གནོད་པ་མི་མངའ་སྟེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར་ཞེས་བྱ་བ་ནི། ང་རྒྱལ་སྤངས་ཤིང་འཆེ་བར་མི་བྱེད་པ་སྟེ། དེའི་སེམས་ཉེ་བར་བཞག་ན། རིག་སྔགས་འདི་ནི་འགྲུབ་སྟེ། གཉིས་པའི་སེམས་མེད་པས་ན། ཕུན་སུམ་ཚོགས་ཤིང་བཀྲ་ཤིས་འདི་འགྲུབ་བོ། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་བྱེད་ཅིང། ཞེས་བྱ་བ་ནི། ཐེག་པ་ཡང་དག་པར་བསྟན་པ་སྟེ། མུན་པ་མུན་ནག་ལ་ཡེ་ཤེས་ཀྱི་མར མེ་བསྟན་པའོ། མཐོ་རིས་ཐར་པའི་ལམ་འདི་ནི་རྒྱལ་བ་རྣམས་ཀྱིས་བསྲུངས་པ་འདི་ལ་སེར་སྣ་ལ་སོགས་པ་གང་ཡང་མེད་དོ། །ཆོས་རྣམས་ཐམས་ཅད་སྟོན་པ་སྟེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར་ཞེས་བྱ་བ་ནི། རིག་སྔགས་འདི་ནི་བསྟན་པས་ན། གྲུབ་པར འགྱུར་ཏེ། གཉིས་པའི་སེམས་སྤངས་ཤིང་གཞི་དད་པའི་སེམས་ཀྱིས་འདིར་ནི་བཀྲ་ཤིས་ཏེ། ཐེ་ཚོམ་མེད་དོ། །སྟོན་པ་འགྲོ་བ་རྣམས་ཀྱིས་བསྟེན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་ཞེས་བྱ་བ་ནི། གང་ཡང་སངས་རྒྱས་ཀྱི་ཆོས་ལ་མོས པ་སྐྱེས་ན། བྱམས་པ་དང། སྙིང་རྗེ་སེམས་ནི་རྟག་ཏུ་བཞག་པ་སྟེ། རིག་སྔགས་འདི་ལ་གཞི་དད་པ་བསྐྱེད་ན། འཁོར་བའི་དྲ་བ་གཅོད་པའོ། །གང་གིས་བདེ་བ་མངའ་མཛད་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར་ཞེས་བྱ་བ་ནི། འཁོར བའི་སྡུག་བསྔལ་འདི་བོར་ལ་དགེ་བའི་སེམས་ནི་ཡོངས་སུ་བཟུང་ལ། བདེ་བ་ཡང་དག་ཐོབ་སྟེ། གཉིས་པའི་སེམས་ནི་མི་འཛིན་པ། བཀྲ་ཤིས་འདི་ནི་ཡང་དག་པར་ཐོབ་པའོ། །སྐྱོབ་པ་གང་ཞིག་བྱམས་པ་ཡི། ཐུགས་ཀྱི་འགྲོ་བ་འདི དག་ཀུན་ཞེས་བྱ་བ་ནི། འཁོར་བའི་སེམས་ཅན་ལ། དེའི་སེམས་ཉེ་བར་བཞག་སྟེ། སྙིང་རྗེས་ནི་ཐམས་ཅད་ལ་ཁྱབ་སྟེ། མུན་པའི་མུན་ནག་བཅོམ་པའོ། །བུ་གཅིག་བཞིན་དུ་རྟག་བསྐྱངས་ངེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར་ཞེས་བྱ་བ་ནི། འགྲོ་བ རིགས་དྲུག་ནི་མཉམ་པར་བཞག་སྟེ། བྱམས་པའི་སྟོབས་ཀྱི་སྐྱོབ་པའི་སེམས་གཞག་ནས། རྟག་ཏུ་སེམས་ཅན་ལ་སྙིང་རྗེའི་སེམས་དང་ལྡན་ན། ཚེ་འདི་ལ་བཀྲ་ཤིས་པར་འགྱུར་རོ། །གང་ཞིག་འཁོར་བར་འཁོར་བ་ཡིས། །སེམས་ཅན་ཀུན་གྱི་རྟེན གྱུར་ཅིང། ཞེས་བྱ་བ་ནི། འཁོར་བ་ནི་མ་རིག་པ་སྟེ། འཁོར་བར་བྱེད་པ་ནི་གཏི་མུག་གིས་འཁོར་ཏེ། གཏི་མུག་གི་སྟེང་དུ་སེར་སྣས་བཅིངས་ཏེ། སེར་སྣའི་སྟེང་དུ་ཞེ་སྡང་བྱུང་ངོ། །ཞེ་སྡང་ལ་འདོད་ཆགས་འཁོར་རོ། །དེའི་གཏིང་ལ་མ་རིག་པའི་སྙིང་རྗེ་སྐྱེ སྟེ། དེས་ན་འཁོར་བར་འཁོར་བ་ཞེས་བཏགས་པའོ། །དེ་རྟེན་པ་གཅོད་པར་བྱེད་པ་ནི། རིག་པ་སྟེ། རིག་པ་ནི་ཡང་དག་པའི་ཡེ་ཤེས་སོ། །ཡེ་ཤེས་དེ་ནི་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་ངོ་བོ་ཉིད་ཡིན་ཏེ། དེས་འཁོར་བ་རྣམས འཇོམས་པའོ། །གླིང་དང་དཔུང་གཉེན་གྱུར་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། དེ་བཞིན་དུ་དེ་ལ་མཉེན་ཞིང་གྲུབ་པ་སྟེ། གཞན་ལ་སྙིང་རྗེ་ཡང་དག་པ་སྐྱེ་སྟེ། ཚེ་འདི་ལ་བཀྲ་ཤིས་པར་འགྱུར་ཏེ། ཡང་དག་པར གྲུབ་པའོ། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། གཙང་ཞིང་སླུ་བ་མི་མངའ་ལ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པར་སངས་རྒྱས་རྣམས་ཀྱི་བདེ་བ་འདི་ལ། ཆོས་ལ་ཐེ་ཚོམ་མེད་དེ། ལུས་དང་ངག་དང། ཡིད་ཀྱི་ཐེ་ཚོམ་མེད་པའི་སེམས ནི་བཞག་པར་གྱུར་ན། ཆོས་ཀྱི་རྩ་བ་ཡང་དག་པར་ཐོབ་པའོ། །གསུམ་གཙང་གཙང་བར་མཛད་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར་ཞེས་བྱ་བ་ནི། བརྫུན་དང། ཕྲ་མ་དང། ངག་འཁྱལ་པ་དང། ཚིག་ཙུབ་པ་དང། གཞན་གྱི རྣ་བར་མི་སྙན་པའི་ངག་མི་སྨྲ་བའོ། །ཡང་ན་ངག་འཁྱལ་པ་སྤངས་ཤིང། གཞན་ལ་དགའ་བའི་གཏམ་བྱིན་ཏེ། མི་དགེ་བ་སྤངས་ཤིང་དགེ་བ་འདི་བྱས་ན། ཚེ་འདི་ལ་ཡང་བཀྲ་ཤིས་པར་འགྱུར། དཔའ་བོ་ཆེན་པོ་གང་སྐྱེས པས། ཕུན་སུམ་ཚོགས་དོན་འབྱོར་འགྱུར་ཅིང་ཞེས་བྱ་བ་ནི། བདུད་དང། བདུད་ཀྱིས་རིས་བཅོམས་པ་ལ། ཆོས་སྐྱོང་བ་ལ་ནི་དཔའ་བའ་ཨི་སེམས་དང། བརྩོན་འགྲུས་ནི་ཡང་དག་པར་སྐྱེ་སྟེ། དེ་བཞིན་དུ། སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བསམ་གཏན་དང། ཤེས་རབ་ཀྱི་ཕུན་སུམ་ཚོགས་པའོ། །དོན་གྲུབ་ཚོགས་ཀྱང་གྲུབ་པ་སྟེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར་ཞེས་བྱ་བ་ནི། དེ་ལ་དེ་བཞིན་དུ་བྱས་པར་གྱུར་ན། རིག་པ་འདི་ཡང་འགྲུབ་སྟེ། དོན་འགྲུབ་ཅིང་འདི་ལ་ཐེ་ཙོམ་མེད དེ། གང་ཡང་བཀྲ་ཤིས་འདི་ལས་འབྱུང་ངོ། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་འཚལ་བཅས་པར་རབ་གཡོས་ཤིང་ཞེས་བྱ་བ་ནི། འདིའི་ཆོས་ཀྱིས་ཉམས་སུ་མྱོང་བ་ཐོབ་པས་ན། ས་རྣམས་ཐམས་ཅད་གཡོ་ཞིང་འདར་ཏེ། དེའི་གཟི་བརྗིད ཀྱིས་སེམས་ཅན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། ། །།སེམས་ཅན་ཐམས་ཅད་དགའ་བ་སྟེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས ཀྱི་རྗེས་སུ་འཛིན་མ་འདི་སྒྲུབས་ན། དགའ་བ་སྨོས་ཅི་དགོས་ཏེ། ཡང་དག་པའི་བྱང་ཆུབ་ཐོབ་པའོ། །བཀྲ་ཤིས་ཤིང་ཆོས་གྲུབ་པར་འགྱུར་བ་སྟེ། ཚེ་འདི་དང། ཕྱི་མ་ལ་ཡང་དེ་བཞིན་ནོ། །བྱང་ཆུབ་སྙིང་པོར། གང་དག་གིས། མ་དག རྣམས་དྲུག་གཡོས་གྱུར་ཅིང་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་འདར་བ་སྟེ། དེ་ཡང་འདི་གྲུབ་པས། བླ་ན་མེད་པའི་བྱང་ཆུབ་ཐོབ་པས་ན། ས་ནི་དེ་བཞིན་དུ་གཡོ་བའི་ཕྱིར་རོ། །བདུད་ཡིད་མི་བདེར གྱུར་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་ས་གཞི་ལ་བཞུགས་པའི་དུས་སུ། །གཏི་མུག་དང། འཁོར་བར་འཁོར་བ་རྣམས་ཡིད་མི་དགའ་སྟེ། དེ་ཡང་དེའི་ནུས་པས། མི་དགའ་བ་རྣམས གཅོད་པའོ། །རིག་སྔགས་ཀྱི་གཟི་བརྗིད་ཀྱི་བཀྲ་ཤིས་ཤིང་བདེ་བར་གནས་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། འཕགས་པའི་བདེན་པ་རྣམས་གསུངས་པ་ཞེས་བྱ་བ་ནི་ཡང་དག་པའི་བདེན་པ་བདར་ཏེ། ཆོས་ཀྱི་འཁོར་ལོ་ལན་བདུན་བསྐོར ཞིང། དེ་ཡང་གསུམ་དུ་འདུས་ཏེ། སྐུའི་བདེན་པ་དང། གསུང་གི་བདེན་པ་དང། ཐུགས་ཀྱི་བདེན་པ་དང། དེ་བཞིན་དུ་འདུས་པའི་ང་བོ་ལ་ཡིན་ཏེ། དེ་ཡང་འཕགས་པ་རྣམས་ཀྱི་ལམ་ཡིན་ནོ། །དེ་ཡང་བདེན་པས་ན་བཀྲ་ཤིས་པར་འགྱུར་ཏེ། ཐེ ཚོམ་མེད་དོ། །འདི་ལ་གང་ཡང་གྲུབ་བའོ། །ཐུབ་པའི་མཉན་པ་གང་བྱུང་དེས། ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར་ཞེས་བྱ་བ་ནི། ཡང་དག་པའི་ཆོས་ཡིན་ཏེ། ཆོས་ནི་རིག་སྔགས་ཀྱི་རྒྱལ་མོ་དེའི་ཕྱག་རྒྱས་རྒྱས་བཏབ་སྟེ། འདི་ཡིས་གཟི བརྗིད་གང་བྱེད་པ་ནི། བཀྲ་ཤིས་ཕྱག་རྒྱས་རྒྱས་བཏབ་པའོ། །ཡིས་འཕྲོག་གང་གིས་མུ་སྟེགས་བྱེད། ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང། ཞེས་བྱ་བ་ནི། ལྟ་བ་མི་ཅིག་པ་བསམ་གྱིས་མི་ཁྱབ་པ་ཡོད་དེ། དེ་རྣམས་ཀྱང། རྟག་པར ལྟ་བ་དང། ཆད་པར་ལྟ་བ་ལ་བ་སྡུའོ། །དེ་རྣམས་གང་དུ་ཡང་མི་གནས་ཤིང། ཆོས་ཀྱི་རང་བཞིན་གསལ་ལ་བཞག་པའོ། །དེ་ཡིས་དེ་འདུལ་བར་བྱེད་པས་ན། མུ་སྟེགས་ཀྱི་ཆོས་ཀྱང་ཕམ་པར་འགྱུར་རོ། །ཚོགས་ཀུན་?་དུ མཛད་པ་དེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར་ཞེས་བྱ་བ་ནི། འདིའི་ནུས་པ་དང། གཟི་བརྗིད་ཀྱི་ཆོས་ཀྱི་ཉམས་མྱོང་ཡང་དག་པར་སྐྱེས་ཏེ། དེ་ཡིས་དེ་ཀུན་འདུལ་བའི་ཕྱིར་རོ། །དེའི་གཟི་བརྗིད་ཀྱིས་འདིར་ནི། བཀྲིས ཤིས་ཤིང་ཕུན་སུམ་ཚོགས་པའོ། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྟར་བཅས་བདེ་ལེགས་དང་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལ། འཁོར་བའི སྡུག་བསྔལ་ལས་ཐར་བར་བྱེད་པའི་བདེ་བ་ཆེན་པོ་སྐྱེ་བར་བྱེད་པ་སྟེ། ཡང་དག་པའི་ཡེ་ཤེས་ཀྱི་མར་མེ་ཕྱེ་ཞིང་བཀྲ་ཤིས་པར་བྱེད་དེ། ཡང་དག་པའི་བྱང་ཆུབ་ལ་དགོད་པའོ། །དེ་བཞིན་དུ་ལྷའི་སེམས་ཅན་རྣམས་ཀྱང་བཀྲ་ཤིས བར་འགྱུར་ཏེ། ལྷ་རྣམས་ཀྱིས་ལྟུང་བའི་སྡུག་བསྔལ་དང་བྲལ་བའོ། །འབྱུང་པོ་ཀུན་ཀྱང་བདེ་ལེགས་ནི། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག་ཅེས་བྱ་བ་ནི། ལྟུང་བ་མེད་པས་སེམས་ཅན་ལ་འཚེ་བ་མེད་དེ། འདིའི་ནུས་པས་འཚེ་བར་མི བྱེད་ཅིང། རྟག་ཏུ་བཟའ་བ་དང། བཏུང་བ་རྙེད་པར་འགྱུར་རོ། །བཟའ་བ་ལ་ལྕགས་ཀྱི་ཐུ་ལུམ་དུ་མཐོང་བ་རྣམས་དང། བཏུང་བ་ལ་ཟངས་ཀྱི་ཁུ་བར་མཐོང་བ་རྣམས་དང། དེ་དག་གིས་ཀྱང་རྟག་ཏུ་མཆོད་པ་ཆེན་པོ་ཐོབ་པར་འགྱུར་རོ།། སངས་རྒྱས་བསོད་ནམས་མཐུ་དག་དང། ལྷ་རྣམས་ཀྱིས་ནི་བསམ་པ་ཡིས། ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་གཉིས་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ནི་ཤཱཀྱ་ཐུབ་པ་བཞིན་དུ། སྔོན་གྱི་སྨོན ལམ་གྱི་སྟོབས་ཀྱི་ཡང་དག་པའི་ཡེ་ཤེས་ཐོབ་པའོ། །ཡེ་ཤེས་ཀྱི་ཚོགས་ནི་ངོ་བོ་དང་བྲལ་ཞིང། ངག་གི་བརྗོད་དུ་མེད་པའོ། །དེ་གཉིས་གཟི་བརྗིད་ཀྱིས་ཀྱང། བཀྲ་ཤིས་ཤིང་བདེ་བ་སྟེ། འཇིག་རྟེན་དང། འཇིག་རྟེན་ལས་འདས པ་རྣམས་ཀྱིས་ཀྱང་དེ་བཞིན་ནོ། །ཁྱེད་རྣམས་འདོད་དོན་གང་ཡིན་པ། དོན་དེ་དེ་རིང་གྲུབ་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མ་འདིས། དངོས་གྲུབ་ཐམས་ཅད་གྲུབ་སྟེ། ལྷ་དང། མི དང་འབྱུང་བའི་ཚོགས་རྣམས་ཀྱང་འདི་ལས་དོན་གྲུབ་པའོ། །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག་ཅེས་བྱ་བ་ནི། མི་དང་བྱ་དང་ལྷ་དང་འབྱུང་པོ་རྐང་གཉིས་པ་ལ་སོགས་པ་སྟེ། འདིར་ནི་བཀྲ་ཤིས་ཤིང་སྡུག བསྔལ་དང་དབྲལ་བའོ། །རྐང་བཞི་ནི། བྱོལ་སོང་གི་རིགས་ལས་གྱུར་པ་དང། ཡི་དགས་དང་འབྱུང་པོ་དང། ལྷ་རྣམས་ཡིན་ཏེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། དེ་བཞིན་དུ་བཀྲ་ཤིས་པའོ། །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག། ཕྱིར་འདི དག་ཀྱང་བདེ་ལེགས་ཤོག་། ཅེས་བྱ་བ་ནི། གང་ཡང་ལྷ་དང་མི་དང། འབྱུང་པོ་ལ་སོགས་པ་འགྲོ་བའི། དུས་སུ་ཡང་བཀྲ་ཤིས་ཏེ། ཕྱིར་ལྡོག་པའི་དུས་སུ་ཡང་བཀྲ་ཤིས་པའི་ཕྱིར་རོ། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། ཉི་མའི གུང་ལ་བདེ་ལེགས་ཤོག་ཅེས་བྱ་བ་ནི། ནད་རྣམས་མེད་ཅིང་སྡུག་བསྔལ་དང་བྲལ་བ་སྟེ། རྨི་ལམ་ངན་པ་སྟེ། ལྟས་ངན་པ་དང་རྣམས་མིན་མཐོང་ཞིང། སྲོག་དང་མི་འབྲལ་བར་བདེ་ཞིང་བཀྲ་ཤིས་ཏེ། ཚེ་ཕྱི་མ་ཡང་དེ་བཞིན་ནོ། །ཁྱེད་ཆག ཀུན་ཏུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། ཅེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱང་བཀྲ་ཤིས་ཤིང་བདེ་བ་སྟེ། རིག་སྔགས་འདི་ཡང་གྲུབ་པའོ། །སྡིག་པ ཐམས་ཅད་དང་བྲལ་ཞིང། སྔོན་གྱི་དུས་དང། ད་ལྟར་དང། ཤེས་པ་དང། མི་ཤེས་པ་འཇོམས་པའོ། །སེམས་ཅན་ཀུན་དང་སྲོག་ཆགས་ཀུན་ཅེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དང། སྲོག་ཆགས་བདེ་བར་འགྱུར་ཞིང། ཡང་དག་པའི་བྱང་ཆུབ་ཐོབ་པ་སྟེ། འཇིག་རྟེན་གྱི་ཁམས་གཞན་གྱི་སེམས་ཅན་ཡང་དེ་བཞིན་ནོ། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། བདེ་བ་འབའ་ཞིག་ལྡན་གྱུར་ཅིག་།ཅེས་བྱ་བ་ནི། འབྱུང པོ་ནི་སྔོན་གྱི་ལས་ཀྱིས་དེབ་ཅུང་ཟད་ཀྱང་མེད་པ་དང། བདེ་བ་བག་ཙམ་ཡོད་པ་དང། མཆོད་པར་འོས་པ་སྟེ། དེ་བཞིན་དུ་ཁྱེད་ཅག་ཀུན་ཀྱང། སེམས་ཅན་མི་གཏོགས་ཏེ། དེ་བཞིན་དུ་རབ་འབྲིང་ཐ་མ་གསུམ་གནས་ཏེ། དེ་ཀུན ཀྱང་བཀྲིས་ཤིང་བདེ་བར་གནས་ཏེ། ཡང་དག་པའི་བདེ་བ་ཐོབ་པའོ། །ཐམས་ཅད་ནད་རྣམས་མེད་པར་ཤོག་།ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག་།ཅེས་བྱ་བ་ནི། འདི་ལ་ནད་རྣམས་ཀྱིས་མི་ཚུགས་ཏེ། ནད་རྣམས་ཐམས་ཅད བཅོམ་ཞིང། བདེ་བ་འབའ་ཞིག་ལ་གནས་ཏེ། ཡང་ན་བདེ་བ་ཡང་དང་ཡང་དུ་ཐོབ་པའོ། །གང་ཡང་སྡིག་པར་མ་གྱུར་ཅིག་།ཅེས་བྱ་བ་ནི། སྔོན་དུ་བྱས་པ་དང། ད་ལྟར་བྱས་པའི་སྡིག་པ་ཅི་བྱས་ཀྱང། འདིར་ནི་མཐོལ་ལོ བཤགས་སོ། །ཞེས་བྱ་བ་ནི་འགྱུར་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང། ས་དང་བར་སྣང་དག་ན་གནས་པ་རྣམས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་ཆོས་འདི་ལ་ཡང་བྱོན་ཞིང། སེམས་ཅན་ལ་འཚེ་བར་མི་བྱེད དོ། དེ་བཞིན་དུ་གང་དང་གང་ལ་གནས་པའི་འབྱུང་པོ་རྣམས་ཀྱང་སངས་རྒྱས་ཀྱི་བཀའ་ལས་མི་འདའ་བའ་ཨོ། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག་།ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག་ཅེས་བྱ་བ་ནི། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ལ་འགོད་པ་སྟེ། གཞན་དང་བྱང་ཆུབ་ཀྱི་སྙིང་པོ་དང། ཡང་དག་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། དེ་བཞིན་དུ། ཤེལ་བཞིན་དུ་གསལ་བ་སྟེ། བག་ཆགས་དང་ཤེས་བྱའི་དྲི་མས་མ་གོས་པ། ཡང དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདིས་གསུངས་པ། གང་དང་གང་དུ་ཡང་འཇིག་རྟེན་གྱི་ཁམས་ལ་སྤྱོད་ཅིང་དར་བར་ཤོག་ཅིག་ཅེས་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའོ། །གྲོང་ཁྱེར་ཡངས་པ་ཅན་ལ། འཇུག་པའི་གནས་སྐབས་ཏེ། གཉིས་པའོ།། །།དེ་ནས་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་ལ་འཇུག་པའི་དེ་ནས་སོ། །མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་པ་ཞེས་བྱ་བ་ནི། བསམ་གཏན་དང་པོའི་ལྷ་རྣམས་དང་བཅས པ་རྣམས་བྱུང་སྟེ། ཚངས་རིས་དང། ཚངས་པ་མདུན་ནའང་ན་དང། ཚངས་ལ་ཉེ་ཕན་དང། ཚངས་པ་ཆེན་པོ་དང་བཞིའོ། །དེ་ནི་བསམ་གཏན་དང་པོའོ། །བསམ་གཏན་གཉིས་པའི་ལྷ་རྣམས་བྱུང་སྟེ། འོད་ཆུང་དང། ཚད་མེད་འོད་དང། འོད་གསལ་དང གསུམ་མོ། །དེ་ནི་བསམ་གཏན་གཉིས་པའོ། །བསམ་གཏན་གསུམ་པའི་ལྷ་རྣམས་ཀྱང་བྱུང་སྟེ། དགེ་ཆུང་དང། ཚད་མེད་དགེ་དང། དགེ་རྒྱས་སོ། །དེ་ནི་བསམ་གཏན་གསུམ་པའོ། །བསམ་གཏན་བཞི་པའི་ལྷ་རྣམས་ཀྱང་གནས་ཏེ། སྤྲིན་མེད་དང། བསོད་ནམས་སྐྱེས་དང། འབྲས་བུ་ཆེ་བའོ། །དེ་གསུམ་ནི་བསམ་གཏན་བཞི་པའོ། །དེ་ཡང་དེའི་གནས་སུ་འདུ་ཤེས་མེད་པའི་ལྷ་གནས་སོ། །གནས་གཙང་མའི་ལྷ་རྣམས་ཀྱང་བྱུང་སྟེ། དེ་ཡང་མི་མཆི་བ་དང། མི་གདུང་བ་དང། གྱ་ནོམ་སྣང་བ་དང། ཤིན་ཏུ མཐོང་བ་དང། འོག་མིན་དང་ལྔའོ། །དེ་ཡང་བསམ་གཏན་བཞི་པ་ལ་གཏོགས་ཏེ། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱང། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ནས། བསྐོར་བ་ལན་གསུམ་བྱས་ཏེ། མི་མཇེད་ཀྱི་བདག་པོ་ཚངས པས་དབུ་བྱས་ཤིང་ཕྱོགས་གཅིག་ཏུ་བསྡད་པའོ། །ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བཅས་པ་དང་ཞེས་བྱ་བ་ནི། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དང། སུམ་ཅུ རྩ་གསུམ་གྱི་ལྷ་རྣམས་དང། བརྒྱ་བྱིན་ལ་སོགས་པ་དང་ཐབས་གཅིག་ཏུའོ། །རྒྱལ་པོ་ཆེན་པོ་བཞི་རྒྱལ་ཆེན་བཞིའི་ལྷ་རྣམས་དང་བཅས་པ་དང་ཞེས་བྱ་བ་ནི། གཤོལ་མངའ་འཛིན་དང། གཉའ་ཤིང་འཛིན་དང། ཕྲེང་ཐོགས་ཀྱི་ལྷ་རྣམས དང། ལྷ་མ་ཡིན་ལ་སོགས་པ། རྒྱལ་ཆེན་རིས་བཞིའི་ལྷ་དང། །ཤར་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང། ལྷོ་ཕྱོགས་ཀྱི་རྒྱལ་པོ་འཕགས་སྐྱེས་པོ་དང། ནུབ་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་མིག་མི་བཟང་དང། བྱང ཕྱོགས་ཀྱི་རྒྱལ་པོ་ལུས་ངན་པོ་ལ་སོགས་པས་དབུ་མཛད་པ་དང། ཐབས་གཅིག་ཏུའོ། །གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་ཞེས་བྱ་བ་ནི། དབང་པོ་དང། ཟླ་བ་དང། ཆུ་ལྷ་ལ་སོགས་པའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང། ཐབས གཅིག་ཅུའོ། །འཕྲོག་མ་བུ་དང་བཅས་གཡོག་འཁོར་དང་བཅས་པ་རྣམས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷགས་ནས། ཞེས་བྱ་བ་ནི། རྔ་རྩེན་དང། འཕྲོག་མའི་བུ་དགའ་བྱེད་ལ་སོགས་པ་བརྒྱ་དང་ངོ། །འཕྲོག་མའི་མཛའ་རྟག དབང་ཕྱུག་ལ་སོགས་པ་བརྒྱ་དང་ངོ། །འཕྲོག་མའི་དབུ་དབུ་མ། ཁྱབ་འཇུག་ལེན་ལ་སོགས་པ་བརྒྱ་དང་ངོ། །འཕྲོག་མའི་བུ་གང་བ་དང་འོག་ལ་སོགས་པ་བརྒྱ་དང་ངོ། །འཕྲོག་མའི་བུ་སྐྱེ་དགུ་དག་ལ་སོགས་པ་བརྒྱ་སྟེ་ལྔ་བརྒྱ་དང བཅས་པ་ཐབས་གཅིག་གོ་། ནག་པོ་དང། ནག་མོ་དང། གྲུལ་བུམ་དང། དུང་ལ་སོགས་པ་སོ་སོའི་འཁོར་དང་བཅས་ཏེ། གྲོང་ཁྱེར་ཡངས་པ་ཅན་གྱི་ཨ་འབྲས་ཀྱི་ཚལ་ན་སོ་སོའི་ཁ་དོག་བསྟན་ཅིང་རྫུ་འཕྲུལ་ཡང་དེ་བཞིན་ནོ། །བཅོམ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། ལན་གསུམ་དུ་བསྐོར་བ་བྱ་བ་ནས། ལྷ་སོ་སོའི་མཆོད་རྫས་བླ་ན་མེད་པ་བཅོམ་ལྡན་འདས་ལ་མཆོད་པར་བྱས་ཏེ། བཅོམ་ལྡན་འདས་དང་འཁོར་ཕུན་སུམ་ཚོགས་པའི་མདུན དུ་ཐབས་གཅིག་ཏུ་བཞུགས་པའོ། །ཕྱོགས་གཅིག་ལ་བོད?་སྟེ་ཞེས་བྱ་བ་ནི། སོ་སོར་མི་སྨྲ་ཞིང་མགྲིན་པ་གཅིག་གིས་སྨས་པའོ། །ཕྱོགས་གཅིག་ཏུ་འཁོད་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཡིན ཏེ། སྟོང་སྤྱི་ཕུད་ཀྱི་བདག་པོ་འཁོར་དེ་རྣམས་ཀྱི་དབུ་བྱས་ཤིང་བཅོམ་ལྡན་འདས་ལ་ཞུ་བ་ཕུལ་བའོ། །བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པས་གུས་པར་བྱས་ཤིང། །བཅོམ་ལྡན་འདས གྱི་མདུན་དུའོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཕྱོགས་གཅིག་ཏུ་སྨོས་ཏེ། ཕྱོགས་གཅིག་ཏུ་སྐད་ཅིག་ཏུ་ཚངས་པས་སྨྲས་པའོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་ཞེས་བྱ་བ་ནི། གཟུགས་ཀྱི ཁམས་དང། འདོད་པའི་ཁམས་དང། བགེགས་ཀྱི་བདག་པོ་རྣམས་ཡིན་ཏེ། དེ་བཞིན་བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་སོ་ཞེས་པའོ། །སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་ཞེས་བྱ་བ་ནི། བསམ་གཏན་བཞི་པ་སྟོང། བསམ གཏན་གསུམ་པ་སྟོང། བསམ་གཏན་གཉིས་པ་སྟོང། བསམ་གཏན་དང་པོ་སྟོང། དེ་བཞིན་དུ་སོ་སོར་བསྒྲང་བ་སྟོང་སྟོང་བརྩི་སྟེ། དེ་ནི་གཟུགས་ཀྱི་ཁམས་ཀྱི་རྩི་ལུགས་སོ། །གཞན་འཕྲུལ་དབང་བྱེད་སྟོང། འཐབ་བྲལ་སྟོང། སུམ་ཅུ་རྩ་གསུམ སྟོང། རྒྱལ་ཆེན་རིགས་བཞི་སྟོང་རིམ་པ་བཞིན་དུ་ལྷའི་རིས་དྲུག་ནི་འདོད་པའི་ཁམས་ལ་དེ་བཞིན་དུ་སྟོང་སྟོང་བརྩི་བར་བྱའོ། །དེ་བཞིན་དུ་རི་རབ་ཀྱང་ཡིན་ཏེ། ཉི་མ་དང། ཟླ་བ་དང། སྐར་མ་ལ་སོགས་པའོ། །ཤར་གྱི་ལུས་འཕགས་སྟོང། ལྷོའི་འཛམ་བུ་གླིང་སྟོང། ནུབ་ཀྱི་བ་ལང་སྤྱོད་སྟོང། བྱང་གི་སྒྲ་མི་སྙན་སྟོང། དེ་བཞིན་དུ་ཚ་བའི་དམྱལ་བ་དང། གྲངས་པའི་དམྱལ་བ་དང། དུང་འགྲོ་དང། ཡི་དགས་རྣམས་ཡིན་ཏེ། དེ་ནི་འདོད་པའི་ཁམས་ཀྱི་སྟོང་རྩི་ལུགས་སོ། །གཟུགས་མེད ཀྱི་ཁམས་ཀྱང་དེ་བཞིན་དུ་ཡིན་ནོ། །དབང་ཕྱུག་ཆེན་པོ་ལ་དབང་བགྱིད་པ་ལགས་ཏེ་ཞེས་བྱ་བ་ནི། སྟོང་སྤྱི་ཕུད་ཀྱི་ཁམས་ལ་དབང་མཛད་པའོ། །ཡང་ན་དེ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཡིན་ཏེ། མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན པོ་དབང་སྡུད་མཛད་པའོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་འཚལ་ན། སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་སྲུང་བར་བགྱིད་ཅེས་བྱ་བ་ནི། ཚངས་པས་དབུ་མཛད་ཅིང་ལྷ་དང། འབྱུང་པོ་རྣམས་ཀྱིས་ཀྱང་ཕན་པར་བྱེད་པ་དང། གནོད་པར བྱེད་པའི་དེས་ཚིགས་བཅོམ་ལྡན་འདས་ཀྱི་སྤྱན་སྡང་ཚིག་ཞུས་པའོ། །སྲུང་བར་བགྱིད་ཅེས་པ་ནི། བཅོམ་ལྡན་འདས་ཀྱི་དཀའ་ལས་མི་འདའ་བའ་ཨོ། །ཡོངས་སུ་སྐྱོབ་པར་བགྱིད། ཡོངས་སུ་གཟུང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བར་བགྱིད་ལགས་སོ་ཞེས བྱ་བ་ནི་བཀྲ་ཤིས་ཤིང། སེམས་ཅན་ཐམས་ཅད་ལ་བདེ་བར་གནས་པར་བྱས་པའོ། །བཙུན་པ་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་སྤངས་ཤིང། ཚུལ་ཁྲིམས་ལ་སོགས་པ་སྲུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྤྲུལ་པའི་སྐུས་ཁྱབ་པའོ། བདེ་བར་གཤེགས་པ་ཆོས་ཀྱི་མངའ་བདག་ཅེས་བྱ་བ་ནི། བག་ཆགས་ཀྱི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པས་མ་གོས་ཏེ། འཁོར་བའི་སྡུག་བསྔལ་གྱིས་མི་གོས་ཤིང། ལུས་དང་ངག་དང། ཡིད་བདེ་བ་སྟེ། དེ་བཞིན་དུ་གཏི་མུག་དང། ཞེ སྡང་དང། འདོད་ཆགས་དང། སེར་སྣ་དང། ཕྲག་དོག་རྣམས་ཀྱིས་མི་ཚུགས་ཤིང་བདེ་བར་གཤེགས་ཏེ། ལུས་པ་མེད་པས་ན་བདེ་བར་གཤེགས་པ་སྟེ། ཆོས་རང་བཞིན་ནི་དངོས་པོ་མེད་ཅིང་རྙེག་པ་མེད་པ་སྟེ། རང་བཞིན་མེད་ཅིང། རྟག་ཆད་གཉིས་དང་བྲལ་ཏེ། བརྗོད་པས་ཀྱང་མི་ཁྱབ་པ་སྟེ། ནམ་མཁའ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཁྱབ་པས་ན། དབང་ཕྱུག་ཅེས་བྱའོ། །བཅོམ་ལྡན་འདས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས དབང་ཕྱུག་ལ་མངའ་མཛད་པ་ལགས་ཏེ་ཞེས་བྱ་བ་ནི། བཞི་བཅོམ་བསྐལ་པ་དང་ལྡན་པ་སྟེ། རི་རབ་ལ་སོགས་པ་འཇིག་རྟེན་གྱི་ཁམས་འདི་སྟོང་སྟོང་བརྩེ་སྟེ། དེ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཡིན་ནོ། །དེ་བཞིན་དུ་ཉིས འགྱུར་དུ་རྩིས་པ་ནི་སྟོང་བར་མའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི། དེ་དེའི་སུམ་འགྱུར་དུ་བརྩིས་པ་ནི་སྟོང་གསུམ་མོ། །ཆེན་པོ་ནི་སེམས་ཅན་ཐམས་ཅད་བསམ་གྱི་མི་ཁྱབ་པའོ། །འཇིག་རྟེན་གྱི་ཁམས་ནི། མཉམ་པོར གཟིགས་ཤིང་མཉམ་པོར་བརྟེན་ཏེ། དགེ་སྡིག་ལ་སོགས་པ་གནས་ཤིང་སེམས་ཅན་གནས་པའོ། །དེ་ལ་སྤྲུལ་པའི་སྐུས་ཁྱབ་སྟེ། སེམས་ཅན་རིས་མི་གཅིག་པའི་ཕྱིར་ན་རྫུ་འཕྲུལ་སྣ་ཚོགས་བསྟན་པའོ། །ཡང་ན་སེམས་ཅན་གྱི་དོན་ལ དེར་དབང་མཛད་དེ། ཐེག་པ་སྣ་ཚོགས་བསྟན་ཅིང་ཡང་དག་པའི་བྱང་ཆུབ་ཀྱི་ལམ་བསྟན་པའོ། །དེ་ནི་ཚངས་པའི་ཚིགས་གོ་།བཅོམ་ལྡན་འདས་ཀྱང་བཞེད་ན། ཞེས་བྱ་བ་ནི་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་བསྒོམ་ཞིང སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཞེས་བྱ་བ་ནི། སྤྲུལ་པའི་སྐུས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་ཀྱང། སེམས་ཅན་གྱི་དོན་མཛད་པའོ། །བསྲུང་བ་དང། ཡོངས་སུ་བསྐྱབ་པ དང། ཡོངས་སུ་བཟུང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བར་མཛད་པ་ལགས་ན་ཞེས་བྱ་བ་ནི། མི་དགེ་བ་བཅུ་ལ་ཡང་འགྲོ་བ་ཡང་སྲུང་སྟེ། མཐོ་རིས་ཀྱི་ལམ་བསྟན་པའོ། །འཁོར་བའི་འཇིགས་པ་དང། འཇིག་རྟེན་དང་ད་ལྟར་བྱུང་བ་རྣམས་ཀྱི འཆི་བ་དང། ངན་སོང་གསུམ་ལས་ཐན་པར་བྱེད་པའོ། །མི་དགེ་བ་བཅུ་ལ་འགྲོ་བ་ཡང་བཟུང་སྟེ། དེ་ལས་བཟློག་ནས་དགེ་བ་བཅུ་ལས་འཇུག་པའོ། །དཔེར་ན་ཤིང་སྐམ་པོ་འགུགས་ཏེ། ཁེངས་པའི་རང་བཞིན་ཐབས་ཀྱིས་འགུགས་པ་བཞིན་དུ ཁེངས་པ་ཁྲོ་བོའི་རིགས་ཀྱང་བཅོམ་ལྡན་འདས་ཀྱི་གཟི་བརྗིད་ཀྱིས་ཀྱང་འདུལ་བར་བྱེད་པའོ། །ཡང་ན་ཞི་བ་ནི་བཅོམ་ལྡན་འདས་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བྱིན་བརླབས་ཀྱིས་ཞི་བར་བྱེད་པའོ། །སྡུག་བསྔལ་དང་བྲལ་ཞིང། བདེ་བ་ལ བཀོད་དེ། ཡང་དག་པའི་ཡེ་ཤེས་ཐོབ་པར་བྱེད་པའོ། །ཡང་ན་འཇིག་རྟེན་གྱི་ཁམས་ལུས་དང། ངག་དང། ཡིད་བདེ་ཞིང་ཕུན་སུམ་ཚོགས་ཏེ། ཡི་དགས་རྣམས་ཀྱིས་ཀྱང་འཚེ་བར་མི་བྱེད་པའོ། །མཛད་ལགས་ན་ཞེས་བྱ་བ་ནི། བཅོམ་ལྡན འདས་ལ་ཚངས་པས་ཡང་ནས་ཡང་དུ་ཞུས་པའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། ལན་གཅིག་སྔོན་དུ་ཞུགས་ཏེ། ལན་གཉིས་པ་ནི། ད་ལྟར་ཞུས་ཏེ། ཕྱི་མ་ཡང་ཞུས་པའོ། །ལན་གཅིག་ལན་གཉིས་ལན་གསུམ་དུ། ཚངས་པ་རྣམས ཀྱི་ཡང་དང་ཡང་དུ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ཅང་མི་གསུང་བར་གནང་ངོ་ཞེས་བྱ་བ་ནི། དེ་ནས་ནི་ཚངས་པས་སྨྲས་པའི་དེ་ནས་སོ། །སེམས་ཅན་རྣམས་ལ་དམིགས་ནས་རིག་སྔགས་ཀྱི་རྒྱལ་མོ གསང་སྔགས་རྗེས་སུ་འཛིན་མ་ཞལ་ནས་བྱུང་ལྟེ། མཾ་གི་ཡི་གེའི་རང་བཞིན་ལས་ནམ་མཁའ་བཞིན་དུ་ཁྱབ་པ། འོད་ཟེར་སྣ་ཚོགས་པ་འཕྲོས་པས། །འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་བྲལ་བ་དང། སྟོང་པ་ཉིད་ཀྱི་རང་བཞིན། ཐབས་དང་ཤེས་རབ་གཉིས་སུ་མེད་པ། ངོ་བོ་དང་བྲལ་ཞིང་གང་གིས་བརྗོད་དུ་མེད་པ་དེ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་ནས་བྱུང་ངོ། །ཞལ་བཞི་པ། ཕྱག་བརྒྱད་པ། སྐུ་མདོག་དམར་མོ།། གཞོན་ནུའི་ཆ་བྱད་ཅན། སངས་རྒྱས་ལྔའི་དབུ་ཅན་དང་བཅས་པ། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱི་བརྒྱན་པ། ཞལ་གཡས་དཀར་པོ། གཡོན་མཐིང་བ། རྒྱབ་སེར་པོའོ། །ཕྱག་དང་པོའཾ་གཡས་གཡོན་གཉིས་ན་ཆོས་ཀྱི་རྒྱལ་པོའི ཕྱག་རྒྱ་མཛད་པ། དེའི་འོག་མ་གཉིས་ཀྱི་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། དེའི་འོག་མ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ་གཡས་པའི་ཐ་མས་མཆོད་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་སྐྱབས་སྦྱིན་གྱི་ཕྱག རྒྱའོ། །ཞབས་པདྨར་སྐྱིལ་ཀྲུང་དུ་བཞུགས་པ། ཡེ་ཤེས་ལྔའི་རང་བཞིན། ཤེས་རབ་ཀྱི་ངོ་བོ་ནི་སོ་སོར་ཏོག་པའི་ཡེ་ཤེས་ཐབས་ཀྱི་ངོ་བོ་ཡང་རིག་སྔགས་ཀྱི་རྒྱལ་མོའོ། །འདུ་ཤེས་ཀྱི་ཕུང་པོར་པདྨ་གསུང་གི་རིགས་མེའི་ཁམས་རོའི་སྐྱེ་མཆེད་དོ། །པདྨ་དང། ཟླ་བའི གདན་ལ་བཞུགས་པ་འདི?་ཉི་མའི་འོད་ཟེར་དང་ལྡན་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་དང་བཅས་ཤིང། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དང་བཅས་ནས་བྱུང་བའོ། །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་ཞིང་སེམས་ཅན་གྱི དོན་ལ་ཚངས་པ་ལ་སོགས་པས་ཞུས་པ་ལ་ཏིང་ངེ་འཛིན་གནང་པའོ། །དེ་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱིས་གནང་བ་དེ་ནས་སོ། །མི་མཇེད་ཀྱི་བདག་པ་ཚངས་པས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་པས་གནས་པ་རིག་ནས། དེ་ཉིད དུ་མི་སྣང་བར་?་ཏོ་ཞེས་བྱ་བ་ནི། སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་པས་མངོན་པར་ཤེས་པས་ཏིང་ངེ་འཛིན་གྱིས་གནད་པར་ཤེས་སོ། །དེ་ནས་ཞེས་བྱ་བ་ནི་ཚངས་པས་མངོན་པར་ཤེས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་?་ཞེས བྱ་བ་ནི། ཏིང་ངེ་འཛིན་ལས་བཞེངས་ནས། བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དགྲ་བཅོམ་པ་དང། གཞན་ཡང་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་པ་དང། དགེ་བསྙེན་མ་དང། དེ་ལ་སོགས་པ་མི་དང། ལྷ་དང་ལྷ་མ་ཡིན་དང། འབྱུང་པོ་མང་པོ འདུལ་བའི་འཁོར་གྱི་ནང་དུ་བཅོམ་ལྡན་འདས་ཤཱཀྱ་སེང་གེས་བཀའ་སྩལ་ཏོ། །དགེ་སློང་དག་སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་ལྷ་གནས་རིགས་བཅུ་བདུན་དང་ངོ། །ལྷའི་? དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བཅས་པ་དང། ཞེས་བྱ་བ་ནི་འདོད་པའི་ཁམས་སུམ་ཅུ་རྩ་གསུམ་ནས་ཡང་ལ་བསྒྲངས་པ་ལྔ་དང་བཅས་པའོ། །རྒྱལ་པོ་ཆེན་པོ་བཞི་རྒྱལ་ཆེན་བཞི་པའི་རིས་ཀྱི་ལྷ་རྣམ་དང་བཅས་པ། དང་ཞེས་བྱ་བ་ནི། རྒྱལ་ཆེན་བཞིའི་རིས་ནས་མར་ལ་བསྒྲངས་བ་དང་ལྷ་མ་ཡིན་དང། གསེར་གྱི་རི་བདུན་ཕྲེང་ཐོགས་ཀྱི་ལྷ་རྣམས་ལ་སོགས་པའི་འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་དང་ཐབས་གཅིག་གོ། རྒྱལ་པོ་བཞི་ནི་རི་རབ་ཀྱི་ལྕོག་ལ་གནས་པའོ། །གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ཉི ཤུ་རྩ་བརྒྱད་དང། འབྲོག་མ་བུ་དང་བཅས། གཡོག་འཁོར་དང་བཅས་པ་རྣམས་ཞེས་བྱ་བ་ནི། གདོན་གྱི་རིགས་ཉི་ཤུ་རྩ་དྲུག་དཔོན་རེ་རེ་དང་བཅས་པ་སྟོང་ཕྲག་བརྒྱད་ཅུ་ལྷའི་གདོན་ལ་སོགས་པ་རེ་རེ་ཡང་སྟོང་ཕྲག་བརྒྱད་ཅུ་བརྒྱད་ཅུའོ། །དེ་རྣམས་དང ཐབས་གཅིག་ཏུའོ། །དག་ལ་བ་དེར་འོངས་ནས། མི་མཇེད་ཀྱི་བདག་པོས་ང་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ལ་རིག་སྔགས་ཀྱི་ཚིག་སྨྲས་སོ་ཞེས་པའོ། །བཙུན་པ་བཅོམ་ལྡན་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ ཚངས་པས་བཅོམ་ལྡན་འདས་ལ་ལན་གཅིག་ལན་གཉིས། ལན་གསུམ་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཤད་པའོ། །མངའ་མཛད་པ་ལགས་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གྱིས་སྟོང་གསུམ་གྱི་སྟོང་ཆེན པོའི་འཇིག་རྟེན་གྱི་ཁམས་སྤྲུལ་པའི་སྐུས་ཁྱབ་པའོ། །བཅོམ་ལྡན་འདས་ཀྱང་བཞེང་ནས་ཞེས་བྱ་བ་ནི། ཚངས་པས་ཡང་ནས་ཡང་དུ་ཞུས་པའི་ཚིག་དགེ་སློང་རྣམས་ལ་སྨྲས་པ། ལན་གསུམ་ཞུས་པའོ་ཞེས་སྨྲས་པའོ། །བདེ་ལེགས་སུ གྱུར་པར་མཛད་དུ་གསོལ། །ཞེས་གསོལ་ཏོ། །ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་སྤྲུལ་པ་དང། བདེ་ལེགས་སུ་གྱུར་ཅིག་ཅེས་པའོ། །དགེ་སློང་ངག་ངས་ཀྱང་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ཅང་མི་གསུངས་པས་གནང་ངོ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྱི་སེམས་ཅན་དོན་ལ། སྐད་ཅིག་མའི་ཏིང་ངེ་འཛིན་གྱི་རིག་སྔགས་འབྲོས་པས་འགྲོ་བ་རིགས་དྲུག་གི་དོན་མཛད་པའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ཅང་མི་གསུང་བས གནང་བར་རིག་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་དེ་ནས་ཏེ། དེ་མངོན་པར་ཤེས་ནས་ཚངས་པ་ལ་སོགས་པས་ཀྱང། དེ་རིག་པར་ཤེས་པའོ། །དགེ་སློང་དག་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་མོ་རྗེས་སུ འཛིན་པ་འདི་ཞེས་བྱ་བ་ནི། བཅོམ་ལྡན་འདས་རིག་སྔགས་ཀྱི་ངེས་ཚིག་སྨྲས་ཏེ། རིགས་ནི་ཤེས་རབ་སྟེ། སྔགས་ནི་ཐབས་སོ། །རྒྱལ་མོ་ནི་བདུད་རྣམས་ཀྱིས་མི་ཚུགས་ཏེ། འཁོར་བ་རྣམས་འཇོམས་པའོ་གསང་བ་ནི་སྟོང་པ་ཉིད་ཡིན་ཏེ། ཁྱབ་ཆེ་བ མི་དམིགས་པ་རྡོ་རྗེའི་རང་བཞིན་ཡིན་ཏེ། གང་གིས་ཀྱང་སྨྲ་བར་མི་ནུས་ཏེ། ངོ་བོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་དམིགས་པ་སྟེ་གསང་བའོ། །སྔགས་ནི་སྐྱོབ་པ། སྲུང་བ། མ་མནྟྲའི་རང་བཞིན། སྒྱུ་མ་ལྟ་བུ། ཆོས་ཐམས་ཅད་ཀྱང་སྒྱུ་མ ལྟ་བུའོ། །སངས་རྒྱས་རྣམས་ཀྱང་སྒྱུ་མ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སྒྱུ་མ་ལྟ་བུ་སྟེ། གཟུགས་དང། ཚོར་བ་དང། འདུ་ཤེས དང་འདུ་བྱེད་དང། རྣམ་པར་ཤེས་པ་རྣམས་ཀྱང་རྨི་ལམ་ལྟ་བུའོ། །སྒྱུ་མ་ལྟ་བུ་སྟེ། སངས་རྒྱས་དང། ཆོས་དང། དགེ་འདུན་དང། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་གསུངས་སོ། །ཡང་སྔགས་ནི་ཐམས་ཅད་ལ་ཁྱབ་སྟེ་སྤྲུལ་པའི་སྐུའི་རང་བཞིན གྱིས་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། རྗེས་སུ་འཛིན་པ་ནི་རིག་སྔགས་ཀྱི་རྒྱས་བཏབ་སྟེ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། དགྲ་བཅོམ་པ་དང། ལྷ་དང། མི་ལ་སོགས་པ་རྗེས་སུ་འཛིན་ཏེ། དེའི་ཡེ་ཤེས་ཀྱི་ལམ་གྱིས། ཐུན མོང་དང། ཐུན་མོང་མ་ཡིན་པའི་འབྲས་བུ་ཐོབ་པའོ། །རིག་སྔགས་འདི་ནི་ཡང་དག་པའི་ཡེ་ཤེས་ཡིན་ནོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ། །ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པ། གཾ་གཱ་གླུང་གི་བྱེ་མ་སྙེད་ཀྱི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མར་མེ་མཛད་ལ་སོགས་པ་སངས་རྒྱས་རྣམས་ཀྱིས་གསུངས་པའོ། །རྗེས་སུ་ཡི་རང་སྟེ་འདིའི་ལམ་ནས་སངས་རྒྱས་པའོ། །མ་འོངས་པའི་དེ་བཞིན་གཤེགས པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་གསུངས་པར་འགྱུར་རོ་ཞེས་བྱ་བ་ནི། མ་འོངས་པ་རྣམས་ནི་བཅོམ་ལྡན་འདས་བྱམས་པ་ལ་སོགས་པ་ཡིན་ཏེ། དེ་བཞིན་དུ་དེའི་ལམ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་ པའོ། །ད་ལྟར་བྱུང་ན་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ཉིད་ལ་ཕན་པར་བྱ་བའི་ཕྱིར་ད་ལྟར་རང་ཉིད་ཀྱིས་བཤད་དོ་ཞེས་བྱ་བ་ནི། སྨོན་ལམ་གྱི་སྟོབས་ཀྱིས་འདིའི་ཚེ་འདི་ལ་སེམས་ཅན་གྱི་དོན་ལ། ཤཱཀྱ་སེང་གེས་ཀྱང་གསུངས་ཤིང རྗེས་སུ་ཡི་རང་སྟེ། འདིའི་ལམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་ཚངས་པ་ལ་སོགས་པས་རིག་སྔགས་ཞུ་བའི་གནས་སྐབས་ཏེ་གསུམ་པའོ། །རིག་སྔགས ཀྱི་ངེས་ཚིག་གི་རྟགས་དང་པོ་རྫོགས་སོ། ། །།དེ་ནས་ཞེས་བྱ་བ་ནི་འདས་པ་དང། མ་འོངས་པ་དང་ད་ལྟར་ཞུགས་པས་གསུངས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཞེས བྱ་བ་ནི་གསང་སྔགས་ཀྱི་ཚིག་འདི་ཟུང་ཞིག་ཅེས་གསུངས་ནས། ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གཏང་པའོ། །ཀུན་དགའ་བོ་ཁྱོད་ཀྱི་རིག་སྔགས་ཀྱི་རྒྱལ་མོ། །གསང་སྔགས་རྗེས་སུ་འཛིན་པ་འདི ཟུང་ཞིག་ཅེས་བྱ་བ་ནི་སྐུ་གསུམ་གྱི་རང་བཞིན་ལ་སེམས་ཅན་རྣམས་ཀྱི་དོན་མཛད་པ་གསང་སྔགས་ཀྱི་ཚིག་གིས། མ་རིག་པའི་མུན་པ་གསལ་ཏེ། སྲིད་པ་གསུམ་ཡང་འཇོམས་པ། སྐུ་གསུང་ཐུག་ཀྱིས་བཟུང་ནས། །སེམས་ཅན ཐམས་ཅད་ཀྱི་དོན་མཛད་དོ་ཞེས་པའོ། །ཆོངས་ཤིག་ལྷོགས་ཤིག། ཤོད་ཅིག་།ཀུན་ཆུབ་པར་གྱིས་ཤིག་ཅེས་བྱ་བ་ནི། ངའི་བཀའ་ལས་མ་འདས་པར་བྱས་ཤིང། སེམས་ཅན་གྱི་དོན་ལ་ང་མྱ་ངན་ལས་འདས་ནས་ཀྱང། གསུངས་ཤིག་རྗེས་སུ་ཡི་རང ཞིང་སེམས་ཅན་ཐམས་ཅད་ལ་སྟོན་ཅིག་ཅེས་བྱ་བའོ། །ཡང་ན་ད་ལྟར་ཁྱོད་ཀྱིས་དེ་ལྟར་བཟུང་ནས་སེམས་ཅན་གྱི་དོན་ལ་ཚིག་བཟུང་བར་གྱིས་ཤིག་ཅེས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཡང་དང་ཡང་དུ་གསུང པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་འདི་ནི་ཞེས་བྱ་བ་ནི། གཞན་གྱིས་མི་ཐུབ་པ། ངན་སོང་གསུམ་འཇོམས་པ། བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པ། འཁོར་བ་ནས་ལོག་པ་དང། སྡུག བསྔལ་ཐམས་ཅད་དང་བྲལ་བའོ། །འཁོར་བཞི་པོ་རྣམས་ཀྱི་དོན་དང། ཕན་པ་དང། བདེ་བ་དང། བདེ་བར་རེག་པར་གནས་པར་འགྱུར་རོ་ཞེས་བྱ་བ་ནི། མེད་པ་ཡོད་པར་བྱེད་དེ། ཡོད་པ་རྣམས་ཀྱང་མེད་པར་བྱེད་པའོ། །བཀྲ་མི་ཤིས་པ་བཀྲ་ཤིས པར་ཏེ། བརྗེད་པ་རྣམས་ཀྱང་དྲན་པ་རྙེད་དེ། ཤེས་རབ་ཆུང་བ་རྣམས་ཀྱང་ཤེས་རབ་དང་ལྡན་པ། འཇིགས་པ་རྣམས་ཀྱང་མི་འཇིགས་པའོ། །ཚེ་ཐུང་བ་རྣམས་ཀྱང་ཚེ་རིང་བར་བྱེད་དེ། ནད་ཐམས་ཅད་འཇོམས་ཤིང། མི་བདེ་བ་ཡང་བདེ་བར་བྱེད དེ། མ་རུངས་པའི་གདོན་རྣམས་ཀྱིས། དགེ་བ་དང། ཆོས་བྱེད་དུ་མི་གཏེར་བའི་གདོན་རྣམས་འཇོམས་ཤིང། ཚིག་ཏུ་བརྗོད་པ་ཙམ་གྱིས་ཀྱང། ལྷ་དང། ལྷ་ཁང་དང། ཁྱིམ་དང། པོ་ཏི་དང། གླེགས་བམ་དང། ལུགས་སྐུ་ལ་སོགས་པ་རབ་ཏུ་གནས པར་འགྱུར་རོ། །ཡང་ན་འཁོར་བཞི་ལ་སོགས་པ་ལ་བར་ཆོད་མེད་ཅིང་བདེ་བར་བགྱིད་དོ། །རིག་སྔགས་འདིའི་ཚིག་ནི། པདྨའི་རིགས་ཀྱིས་དེ་བཞིན་གཤེགས་པའི་རིགས་ཏེ། མཚོན་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མཚོན་བྱེད་མི་རིག་སྔགས ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའོ། །ཕུང་པོ་ནི་གཟུགས་ཀྱི་ཕུང་པོའོ། །སའི་ཁམས་ནི་མིག་གི་སྐྱེ་མཆེད། ཡེ་ཤེས་ལྔའི་ངོ་བོ་ཉིད། །སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ། སྐུ་མདོག་དཀར་པོ། ཞལ་གསུམ པ། ཕྱག་དྲུག་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གཡས་མཐིང་ཀ་གཡོན་དམར་བ། ཕྱག་གཡས་པ་གསུམ་ན། རལ་གྲི་དང། བེ་ཅོན་དང། འཁོར་ལོ་རྣམས་སོ། །གཡོན་པ་གསུམ་ན་རིན་པོ་ཆེ་དང། ཞགས་པ་དང། ལྕགས་ཀྱུ་རྣམས་སོ།། གཡས་བརྐྱང་བ། གཡོན་བསྐུམ་པས་པདྨའི་སྟེང་ན། ཟླ་བའི་མཚན་ཉིད་ཉི་མེའི་འོད་དང་ལྡན་པ་སྟེ། ཞི་བའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་ཚིག་འདི་ལྟ་སྟེ། ཨཽ་བུ་དྷེ། ནི་བུ་དྷེ་ཞེས་བྱ་བ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ འདས་ཤཱཀྱ་ཐུབ་པས་བཀའ་སྩལ་ཏོ། །ཡུན་རིང་པོ་ནས་སྤྱད་པའི་གསང་སྔགས་སྟོབས་དང། མཐུ་རྩལ་དང་ལྡན་པ་འདི་ནི་ཞེས་བྱ་བ་ནི། དཔག་ཚད་ལྔ་བརྒྱར་གནས་པས་ཀྱང། འདི་ནས་བསྲུངས་ན། བསྐྱབ་པ་དང། ཞི་བ་དང། བདེ་ལེགས་སུ་འགྱུར རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་བཞན་དུ་ཡང་དག་པར་གསུང་བར་བྱའོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ། ཞེས་བྱ་བ་ནི། རྣམ་པར གཟིགས་དང། གཙུག་ཏོར་ཅན་དང། ཀུན་སྐྱོབ་དང། ལོག་པར་དང་སེལ་དང་གསེར་ཐུབ་དང། འོད་སྲུངས་རྣམས་ཡིན་ཏེ། དེ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྒྱ་ཕྲག་གི་གཱ་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའོ། མ་འོངས་པའི དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་གསུང་བར་འགྱུར་རོ། །ཞེས་བྱ་བ་ནི། རིན་ཆེན་ཟླ་བ་དང། རིན་ཆེན་འབྱུང་ལྡན་དང། ཀུན་ཏུ་བཟང་པོ་དང། ཆོས་འབྱུང་བ་དང། རྣམ་པར་སྣང་མཛད་དང། ཞལ རྣམ་པར་གཟིགས་པའི་ཨཽཏཔ་ལ་དང། དེ་བཞིན་གཤེགས་པ་བྱམས་པ་ལ་སོགས་པས་དབུ་མཛད་པ་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཏེ། དེ་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་བྱུང་བ་ན་ཡང། འདི་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ འདི་ཉིད་ལ་ཕན་པར་བྱ་བའི་ཕྱིར་ད་ལྟར་ང་ཉིད་ཀྱིས་བཤད་དོ་ཞེས་བྱ་བ་ནི་འགྲོ་བ་རིས་དྲུག་གི་དོན་ལ་སྤྲུལ་པའི་སྐུས་ཁྱབ་སྟེ། མི་བདེ་བདེ་བར་བྱེད་པའི་ཕྱིར་ད་ལྟར་བྱང་ཆུབ་སྒྲུབ་པའི་ཕྱིར་རིག་སྔགས་ཀྱི་རྒྱལ་མོ་བསམ་གྱིས་མི་ཁྱབ་པ་གསུངས་པའོ། །དེས ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སེམས་ཅན་རྣམས་བསྲུང་བར་བྱས་བའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདིས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་དང། བདག་ཅེས་བྱ་བ་སྲུང་བར བྱེད་དོ། །རིག་སྔགས་འདི་འཆང་ཞིང་གུས་པར་བྱེད་པ་གང་ཡིན་པ་ལ། ཚེ་འདི་ལ་ཡང་སྲུང་སྟེ། དེ་བཞིན་དུ་ཚེ་ཕྱི་མ་ལ་ཡང་ཡིན་ནོ། །མཚམས་གཅད་དོ་ཞེས་བྱ་བ་ནི། མི་ནད་དང། ཕྱུགས་ནད་དང། མ་རུངས་པའི་ནད་བྱུང་ན། ཡུལ་འཁོར་མཚམས་གཅད་པར་བྱ་སྟེ། རྩ་བའི་སྔགས་ཀྱིས་སེང་ལྡེང་གི་ཕུར་པ་ལ་བྲིས་ནས། ཕྱོགས་མཚམས་སུ་བཏགས་ཏེ། དབུས་སུ་གཅིག་གདབ་པོ། །ཚོན་སྐུད་སྣ་ཚོགས་ཀྱིས་བསྐོར་ཞིང། རྒྱལ་བས་གསུངས་པ་བཞིན་དུ་དཀྱིལ་འཁོར་ཡང་དག་པར་བཞེས་ཏེ། དེ་བཞིན་དུ་ཕྱོགས་མཚམས སུ་གང་བའི་བུམ་པ་བཞག་ནས། ཆུ་དེ་ཡང་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་ལ་སོགས་པས་གཏོར་བར་བྱའོ། །དེ་བཞིན་དུ་བྱས་ནས། ཕྱུགས་ནད་དང། མི་ནད་དང། མ་རུངས་པའི་ནད་ཐམས་ཅད་ཞི་བར་འགྱུར་རོ། །སྔོན་དུ་བྱུང་བ་རྣམས་ཀྱང ཕྱིར་འབྱུང་སྟེ། ཕྱི་ནས་འོང་བ་རྣམས་ཀྱིས་མི་ཚུགས་སོ། །ཤར་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཅན་མཚམས་བཅད་དོ་ཞེས་བྱ་བ་ནི། རིང་ན་རྒྱང་གྲགས་གཅིག་ཚུན་ཆད་དུ་མཚམས་བཅད་དོ། །གལ་ཏེ་ཕྱེད་ཚུན་ཆད་དོ། །ཐ་མ་ལ་རང་གི་ཡུལ འཁོར་ཙམ་མོ། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི་བར་དུ་ཡང་རྒྱང་གྲགས་གཅིག་མཚམས་བཅད་དོ་ཞེས་བྱ་བ་ནི། སྔར་བཤད་པའི་རྫས་དང། སྔགས་ཀྱིས་ཀྱང་མཚམས་གཅད་པར་བྱ་སྟེ། དེ་བཞིན་དུ་ཕྱོགས་དང་མཚམས ཀྱང་ཤེས་པར་བྱའོ། །དེ་བཞིན་དུ་བྱས་པར་གྱུར་ན། ཡུལ་དེ་བཀྲ་ཤིས་པར་འགྱུར་ཏེ། ནད་རྣམས་ཀྱིས་མི་ཚུགས་ཤིང། ལོ་ལེགས་ཏེ་སེར་བ་ལ་སོགས་པས་ཀྱང་མི་ཚུགས་སོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་པདྨའི་རིགས་ཀྱི རིན་པོ་ཆེའི་རིགས་མ། མཚོན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོའོ། །ཕུང་པོ་ནི་ཚོར་བའི་ཕུང་པོ། །ཆུའི་ཁམས་སྣའི་སྐྱེ་མཆེད་དོ། །ཡེ་ཤེས་ལྔའི་ངོ་བོ་ཉིད་སངས་རྒྱས་ལྔའི་དབུ་བརྒྱན་ཅན། སྤྱན་གསུམ་པ། སྐུ མདོག་སེར་མོ། །ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་པོ་གཡོན་དམར་པོ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་དང་པོ་གཡས་གཡོན་གཉིས་ཀྱི་མདའ་གཞུ་འགེངས་པ། བར་མ་ན་རིན་པོ་ཆེ། ཐ་མ་ན་བེ་ཅོན་ནོ། །གཡོན་པའི་བར་མ་ན། དགྲ་སྟ། ཐ་མན་ཞགས་པའོ། ཞབས་གཡས་བརྐྱང་བ། གཡོན་བསྐུམ་པ། པདྨའི་སྟེང་ན་ཟླ་བའི་གདན་ལ་ཉི་མའི་འོད་དང་བཅས་པ། གཞོན་ནུའི་ཆ་བྱད་ཅན་ལ། སྒེག་མོའི་ཚུལ་དང་ལྡན་པའོ། །རིག་སྔགས་ཀྱི་ཚིག་ནི་འདི་ལྟ་སྟེ། ས་མུ་ཙ། པི་ནུ?་? སོགས་པའོ། །ཀུན་དགའ་པོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཡང་དང་ཡང་དུ་བཀའ་སྩལ་པའོ། །ཡུན་རིང་པོ་ནས་སྤྱད་པའི་གསང་སྔགས་ཀྱི་སྟོབས་དང། མཐུ་རྩལ་དང་ལྡན་པ་འདི་དག་ནི་ཞེས་བྱ་བ་ནི། ཡུལ་འཁོར་མཚམས་གཅོད་པ་དང། ནད་རྣམས་བཅོམ་པ་དང། འདི་ནས་དཔག་ཚད་ལྔ་བརྒྱའི་བར་དུ་ཡང། ཡོངས་སུ་ཁྱབ་པ་དང། ཡོངས་སུ་བཟུང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་རོ། །རིག་སྔགས་འདི་འཛིན་པ་གང་ཡང། ཚེ་འདི་དང་ཚེ་ཕྱི་མ་ཡང་བདེ་བ་ཐོབས་ཅིང་ཡང་དག པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བསྟན་པ་ཉི་མ་ཕྱག་མཚན་དང། ཚེ་དཔག་མེད་དང། མི་བསྐྱོད་པ་དང། རྒྱ མཚོ་རྡོ་རྗེ་འཛིན་པ་ལ་སོགས་པ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱའི་གཾ་གཱ་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་གསུངས་པའོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང གསུང་བར་འགྱུར་རོ། ཞེས་བྱ་བ་ནི། དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་དང། འཇམ་དཔལ་དང། རྡོ་རྗེ་སྙིང་པོ་ལ་སོགས་པ་བསམ་གྱི་མི་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་གསུངས་པའོ། །ད་ལྟར་བྱུང་བ་ན་ཡང་ངས་བཤད དོ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ལ་སྤྲུལ་པའི་སྐུས་ཁྱབ་པ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སེམས་ཅན་གྱི་དོན་ལ་རྗེས་སུ་ཡི་རང་ཞིང་ཡང་དག་པར་གསུངས་པའོ། །མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང་བཤད་དོ་ཞེས་བྱ་བ་ནི། རིག་སྔགས་འདིའི་ལམ ནས་ཚངས་པའི་ངོ་བོ་ཐོབ་ཅིང། གུས་པས་མཆོད་པར་བྱ་སྟེ། ཚངས་པས་ཀྱང་རྗེས་སུ་ཡི་རང་ཞིང་གསུངས་པའོ། །ཀུན་དགའ་བོ། །དགེ་སློང་ངམ། དགེ་སློང་མ་འམ། དགེ་སྙེན་ནམ། དགེ་བསྙེན་མ་གང་ལ་ལ་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས ཆེན་མོ་རྗེས་སུ་འཛིན་པ་འདི་བཟུང་ནས་ཞེས་བྱ་བ་ནི། རིག་སྔགས་འདི་བཟུང་ན་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་སྟེ། སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང། ཐབས་དང། སྟོབས་དང། སྨོན་ལམ་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བཞིན་དུ་འདི་ཡི་ལམ་ནས་ས་བཅུའི་བྱང་ཆུབ་ཐོབ་པའོ། །ཇི་ལྟར་བསྟན་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པ་བཞིན་དུ་ཤེས་སམ། ཞེས་བྱ་བ་ནི། མི་འགྱུར་བ་རྡོ་རྗེ་བཞིན་དུ་བསྟན་ཏེ། བསམ་གྱི་མི་ཁྱབ་ཅིང། མཉམ་པ་ཉིད་ཀྱི་ཡེ་ཤེས་བཞིན་དུ་སེམས་ཅན་ལ་ཁྱབ་པའོ། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཡང་མ་ལུས་པར་ཆོས་ཀྱི་ཁྱབ་པའོ། །ཡེ་ཤེས་ཀྱི་སྤྱན་གྱི་རྣམ་པར་གཟིགས ཏེ། དེ་ལྟས་པའི་ཕྱིར་ན་ཤེས་པར་གྲགས་པའོ། །མཐོང་ངམ་ལས་བྱེད་པའི་དེ་ལ་ནི་ཇི་སྲིད་འཚོའི་བར། སྲུང་བ་དང། ཡོངས་སུ་བསྐྱབ་པ་དང། ཡོངས་སུ་བཟུང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བར་བྱས་པར་འགྱུར་རོ་ཞེས་བྱ་བ་ནི། ཡེ་ཤེས་མེད པར་ཡེ་ཤེས་ཐོབ་ཅིང། དཔེར་ན་མུན་པའི་ནང་མེ་མར་བཏང་བ་བཞིན་དུ་བསྟན་ཏེ། ཡང་དག་པའི་ཡེ་ཤེས་ཐོབ་ཅིང་འཇིག་རྟེན་འདི་ལ་ཡང་བསྲུང་ཞིང་སྐྱོབ་སྟེ། ཤིང་ལྗོན་པ་ལ་ཉི་མ་ཤར་བའི་དུས་སུ་སེམས་ཅན་དེར་སོང་བ་རྣམས་བསིལ་བར་བྱེད་དེ། ཇི་སྲིད་མ་ཤིའི་བར་དུ། ནད་དང་འབྲལ་ཞིང་དཔལ་དང་ལྡན་ཏེ། མྱ་ངན་ལ་སོགས་པ་བོར་ཞིང་བདེ་བ་ལ་གནས་པའོ། །དེ་བཞིན་དུ་ཚེ་ཕྱི་མ་ལ་ཡང་ཆོས་འདི་དྲན་ཞིང་བདེ་བར་འགྱུར་རོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་བའོ། །འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནི། མར་མེ་མཛད་དང། བྱམས་པ་དང། ཤཱཀྱ་ཐུབ་པ་ལ་སོགས་པས་ཀྱང་གསུངས་ཏེ། རྗེས་སུ་ཡི་རང་ཞིང་རིག སྔགས་ཀྱིས་རྒྱས་བཏབ་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་འདིས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཞེས་བྱ་བ་ནི། གང་ཟག་དང། སེམས་ཅན་ཐམས་ཅད་དང། འདི་འཛིན་པར་བྱེད་པ་གང་ཡང རུང་བ་ལ། སྲུང་ཞིང་ཡོངས་སུ་བསྐྱབ་པ་དང། ཡོངས་སུ་གཟུང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་རོ། །ཤི་འཕོས་ནས་ཡང་དེ་བཞིན་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཡོངས་སུ་བསྐྱབ་པ་དང། ཞེས་བྱ་བ་ནི་གོང་དུ བཤད་པ་བཞིན་དུ། ཞི་བ་དང། བདེ་ལེགས་ཡིན་ཏེ། སེམས་ཅན་དེ་ཡང་མ་ཤིའི་བར་དུ་བདེ་ཞིང། ཚེ་ཕྱི་མ་ཡང་དེ་བཞིན་ནོ། །མཚམས་བཅད་དོ་ཞེས་བྱ་བ་ནི། མ་རུངས་བའི་གདོན་རྣམས་ཡི་གེ་ལ་བྲིས་ལ་མནན་པར་བྱ་སྟེ། དེའི་སྟེང་དུ་ཡང་རིག་སྔགས་ཀྱི་རྒྱལ་མོའི གཟུགས་འདི་བྲིས་ལ་བུམ་པ་ཆེན་པོ་བྱས་ཏེ། རབ་ཏུ་གནས་པ་བྱས་ནས། རིག་སྔགས་ཀྱི་གསང་སྔགས་བྲིས་ནས། མཆོད་རྟེན་གྱི་རྩེ་མོ་ལ་བཏགས་ཏེ། དེ་མཐོང་བ་ཙམ་གྱིས་ཀྱང་གདེན་ས་དུག་པ་ཅན་རྣམས་ཀྱིས་འོད་མི་ནུས་སོ། །རིང་ན་རྒྱང་གྲགས གཅིག་སྟེ། བར་མ་ལ་རྒྱང་གྲགས་ཕྱེད། ཐུང་བ་ལ་ཡུལ་འཁོར་ཙམ་མོ། །ཤར་ཕྱོགས་མཚམས་གཅད་དོ། །ཞེས་བྱ་བ་ལ་སོགས་པ་ནི། གོང་དུ་བཤད་པ་བཞིན་དུ་ཕྱོགས་མཚམས་ལ་རིག་སྔགས་བྲིས་པ་མཆོད་རྟེན་གྱི་རྩེ་མོར་གདགས་པར་བྱའོ།། དེ་ལྟར་བྱས་ན་འཇིགས་པ་ཐམས་ཅད་དང་འབྲལ་བར་འགྱུར་རོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡང་ནས་ཡང་དུ་བཀའ་སྩལ་པའོ། །རྒྱལ་པོ་ཆེན་པོ་བཞི་ལམ་དང། ལམ་མ་ཡིན་པ་ན་གནས་པ་བཞི་ཡོད་དེ་ཞེས བྱ་བ་ནི། རྒྱལ་པོ་བཞིའི་ལམ་ནི་ཡུལ་འཁོར་སྲུང་གིས་ལམ་ནས་གནས་པ་དང། འཕགས་སྐྱེས་པོའི་ལམ་ནས་གནས་པ་དང། སྤྱན་མི་བཟང་གི་ལམ་ནས་གནས་པ་དང། ལུས་ངན་པོའི་ལམ་ནས་གནས་པ་དང། དེ་བཞི་ཡང། སྐུ་མདོག་དཀར པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་སྟེ། དེ་བཞིན་དུ་ཕྱག་མཚན་ནི། འཁོར་ལོ་དང། དབྱུག་ཐོད་དང། སྦྲུལ་གྱི་ཞགས་པ་དང། རལ་གྲི་སྟེ། དེ་ཡང་ཕྱག་གཡས་པ་རྣམས་ན་རིམ་པ་བཞིན་དུའོ། །པི་ཝང་དང་རིན་པོ་ཆེ་སྟེ། པདྨ་དང་བུམ པ་རྣམས་ནི། ཕྱག་གཡོན་པ་རྣམས་ན་བསྣམས་པའོ། །གླང་པོ་ཆེ་དང། རུས་སྦལ་དང། ཆུ་སྲིན་དང། སེང་གེ་རྣམས་ཡིན་ཏེ། དེ་རྣམས་ཀྱི་དོན་ཞེས་བྱའོ། །ཡང་ན་རྒྱལ་པོ་བཞིའི་ལམ་ནི། རྒྱལ་པོ་བཞི་པོ་རྣམས་ཀྱིས་སྲུང་བའོ། །ལམ མ་ཡིན་པ་ནི། རྒྱལ་པོ་ཆེན་པོ་རྣམས་ཀྱི་བུ་ཡིན་ཏེ། དེ་བཞིས་ཀྱང་རྒྱལ་བྲན་དང། འཁོར་བ་ལ་སོགས་པ་བསྐུལ་ཞིང། སེམས་ཅན་རྣམས་ལ་འཚེ་བར་བྱས་སོ། །དེ་དག་གང་ཞེ་ན་ཞེས་བྱ་བ་ནི། ཤར་དང། ལྷོ་དང། ནུབ་དང། བྱང་དང་རྣམས་གནོད་པ་སྐྱེལ་ཏེ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང་དེ་བཞི་ལ་འདུས་པའོ། །དེ་ནི་འདི་ལྟ་སྟེ། བཀྲ་ཤིས་ལྡན་དང། ཀུན་ཤེས་དང། གང་པོ་དང། དགའ་བའི་དཔལ་རྣམས་ཏེ། ཞེས་བྱ་བ་ནི། ནག་པོ་དང། ལྗང་ནག་དང། དམར་ནག་དང། ཐལ་བའི་མདོག་རྣམས་ཡིན་ཏེ། དེའི་གཟུགས་ཀྱང་རིམ་པ་བཞིན་དུ་བཤད་དེ། སེང་གེ་དང། སྟག་དང། སྤྲེའུ་དང། བྱི་ལའོ། །ཕྱག་མཚན་ཡང། གཏུན་ཤིང་དང། འབྱུག་ཐོ་དང། མདུང་དང། རལ་གྲིའོ། །དེ་ནི་གཡས པ་རྣམས་ཡིན་ཏེ། གཡོན་པ་ན་ཞགས་པ་བསྣམས་པའོ། །གཞོན་པ་དེ་ཡང་གཟུགས་ཇི་བཞིན་དུ་ཞོན་པ་ཡང་དེ་བཞིན་ནོ། །གང་དེ་དག་གི་མི་ཤེས་པ་དང། ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་སྔགས འདོན་ཅིང། དེ་ངོ་བོས་འཛིན་པར་ཤེས་ན། རྒྱལ་པོ་རྣམས་ཀྱི་འཇིགས་པ་དང་བྲལ་བར་འགྱུར་རོ། །རུས་ཤེས་པ་དེ་ལ་ནི་ཞེས་བྱ་བ་ནི། རྒྱལ་པོ་བཞིའི་འཁོར་གྱིས་ནད་བཏབ་པ་བཞིན་དུ། དེ་རྣམས་ཀྱིས་ཀྱང་ནད་ཕ་ལ་ནད་ཀྱིས་བཏབ་པའོ། །རྒྱལ པོ་བཞིའི་འཇིགས་པ་མི་འབྱུང་ངོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱི་འཁོར་དང། གཡོག་རྣམས་ཀྱིས་ཀྱང་མི་ནུས་པའོ། །ཆོམ་རྐུན་གྱི་འཇིགས་པ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱི་ཆོམ་རྐུན་རྣམས་ཀྱང་མི་འབྱུང་སྟེ། གལ ཏེ་འོད་བར་གྱུར་ན། ནོར་མི་རྙེད་ཅིང་ལོང་པར་འགྱུར་རོ། །མེའི་འཇིགས་པ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་བསྲུང་བའི་གཟི་བརྗིད་ཀྱིས་གྲོང་ཙམ་ལ་ཡང་མི་ཚུགས་སོ། །ཆུའི་འཇིགས་པ་དང་ཞེས་བྱ་བ་ནི། ཆུའི་ནང་ན་རྫིངས་ཆེན་པོ་ལ ཡོད་པར་གྱུར་ན། ག་ར་བཏང་ན་ཡང་ལྡོག་པར་མི་འགྱུར་རོ། །མིའི་འཇིགས་པ་དང་ཞེས་བྱ་བ་ནི། རྒྱལ་པོ་དང། མི་རྒོད་ལ་སོགས་པ་ཡིན་ཏེ། དེའི་ཉེས་པས་ཀྱང་འཇིགས་པ་དེ་མི་འབྱུང་སྟེ། མི་རྒོད་ཀྱི་ནང་དུ་འགྲོ་ཡང་མི་ཆོམས་སོ། །ཡ་ན་དེ་ཀུན་དང་ཕྲད་པར མི་འགྱུར་རོ། །མི་མ་ཡིན་པའི་འཇིགས་པ་མི་འབྱུང་ངོ་ཞེས་བྱ་བ་ནི་ལྷའི་གདོན་རྣམས་ཡིན་ཏེ། དེ་ལ་སོགས་པ་གདོན་ཕྲན་ཚེགས་ངན་བྱེད་ལ་སོགས་པ་ཡོད་དེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་འཇིགས་པ་དེ་མི་འབྱུང་བའོ། །ཀུན་དགའ་བོ་ཞེས་བྱ་བ ནི། བཅོམ་ལྡན་འདས་ཀྱིས་ཡང་དང་ཡང་དུ་གསུངས་པའོ། །ལག་ན་རྡོ་རྗེའི་བུ་ཕོ་ལག་མྱུར་ཞེས་བྱ་བ། གྲོང་ཁྱེར་ཁོར་ཡུག་ཏུ་ཅེས་བྱ་བ་ན་གནས་པ་ཡོད་དེ་ཞེས་བྱ་བ་ནི། སྟོབས་ཆེ་ཞིང་གཟི་བརྗིད་ཆེ་བ། གནོད་སྦྱིན་ཐམས་ཅད་ཀྱི་དེད་དཔོན། སེམས ཅན་རྣམས་ལ་འཚེ་བར་མི་བྱེད་པ། སྐུ་མདོག་མཐིང་ནག་།ཞལ་གཅིག་པ། ཕྱག་གཉིས་པ་སྟེ། ཕྱག་གཡས་ན་རྡོ་རྗེ་བེ་ཅོན་འཛིན་ཅིང། གཡོན་པ་ན་སྡིག་མཛུབ་དང། ཞགས་པ་བསྣམས་པའོ། །དེ་བཞིན་དུ་གྲོང་ཁྱེར་ཡང་རིན་པོ་ཆེ་སྣ་བདུན་ལས གྲུབ་པ། གནོད་སྦྱིན་ཕོ་མོ་མང་པོ་འདུ་ཞིང་ངེས་སྡེ་དཔོན་མཛད་པའོ། གང་དེའི་མིང་ཤེས་པ་དང། རུས་ཤེས་པ་དེ་ལ་ནི་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས། གནོད་སྦྱིན་དེ་རྣམས་འཁོར་དང་བཅས་པ་དེ་རྣམས་ཀྱིས་ཀྱང་དེ་ལ བསྲུང་བར་བྱས་སོ། །དེ་སྲུང་བར་བྱེད་ཅེས་བྱ་བ་ནི། རིག་སྔགས་དང། རྡོ་རྗེ་སློབ་དཔོན་ལ་སོགས་པའི་དམ་ལས་མ་འདས་ན། གྲོགས་བྱེད་ཅིང། དཔལ་དང་ལྡན་པར་བྱེད་དོ། །ཡོངས་སུ་སྐྱོབ་པར་བྱེད། ཡོངས་སུ་འཛིན་པར་བྱེད། ཆད་པ་བཟློག་པར བྱེད། ཞི་བ་དང། བདེ་ལེགས་སུ་འགྱུར་བར་བྱེད་ཅེས་བྱ་བ་ནི། ཕུན་སུམ་ཚོགས་པར་བྱེད་དེ། དེའི་བྱིན་བརླབས་ཀྱིས། ཞི་བ་དང། རྒྱས་པའི་ལས་ཐོབ་ཅིང། ནད་ཐམས་ཅད་ལས་ཐར་ཞིང། བཀྲ་ཤིས་པར་གནས་བའོ། །མིང་འདི་ཞེས་བྱ བའི་ཕྱིར། ལག་ན་རྡོ་རྗེའི་བུ་པོ་ལག་མྱུར་ལས་ལོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་ཆོ་ག་བཞིན་དུ་བྱས་ཏེ། བུ་དེ་ཡང་གནོད་སྦྱིན་ལ་བཅོལ་བར་གྱུར་ན། བྱིས་པའི་གདོན་རྣམས་ཀྱིས་ཀྱང་མི་ཚུགས་ཏེ། གཞན་རྣམས ཀྱིས་ཅི་སྨོས་ཏེ། ཚེ་རིང་ཞིང་ནད་མེད་པ་དང། དུས་མ་ཡིན་པ་འཆི་བའི་འཇིགས་པ་དང་བྲལ་ཞིང། འཇིག་རྟེན་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསོལ་བ་འདེབས་སོ། །ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་གཏོར་མ་དང། སྤོས་དང། ཞལ ཟས་ལ་སོགས་པ། མངར་གསུམ་དཀར་གསུམ་ལ་སོགས་པ་བྱིན་ནས་གསོལ་བ་ཡང་ནས་ཡང་དུ་གསོལ་ལོ། །དེ་བཞིན་བྱས་ནས་མངོན་སུམ་དུ་སྐད་ཅིག་མས་འཁོད་པར་འགྱུར་རོ། །འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་སངས རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀས། གང་མིང་འདི་ཞེས་བྱ་བ་སྐབས་ཚོལ་བ་དང་ཞེས་བྱ་བ་ནི། འདས་པ་རྣམས་ནི་སངས་རྒྱས་མར་མེ་མཛད་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ། མ་འོངས པ་ནི་བྱམས་པ་ལ་སོགས་པ་ཡང་བསམ་གྱིས་མི་ཁྱབ་པའོ་ད་ལྟར་ཡོད་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཏེ། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་འདི་ལ་སུས་གུས་པར་བྱས་ན། འདི་འཆ? བ་དང། ཀློག་པ་དང། བསྒོམ་པ་དང། རྗེས་སུ་ཡི་རང་བ་ལ་སོགས་པ་བྱས་ན། སངས་རྒྱས་དེ་རྣམས་ཀྱིས་ཀྱང་བྱིན་གྱིས་རླབས་ཤིང། ནད་རྣམས་མེད་ཅིང་བདེ་བར་འགྱུར་ཏེ། གཞན་གྱིས་ཀྱང་གླགས་ཚོལ་བར་མི་འགྱུར་རོ། །མིང་འདི་ཞེས བྱ་བ་ནི། སེམས་ཅན་ཐམས་ཅད་དང། གང་ཟག་བདག་རྣམས་ཡིན་ཏེ། གླགས་ལྟ་བའི་གནོད་སྦྱིན་ནམ། སྲིན་པོ་འམ་ཡི་དགས་སམ། ཤ་ཟ་འམ། གྲུལ་བུམ་འམ། སྲུལ་པོ་འམ། ལུས་སྲུལ་པོ་རྣམས་ཀྱིས་བདག་ལ་གླགས་རྙེད པར་མ་གྱུར་ཅིག་ཅེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་གནོད་པར་བྱེད་འདོད་པའི་ཡི་དགས་རྣམས་ཀྱིས་ཀྱང་རིག་སྔགས་འདི་སྲུང་བས་མི་ཚུགས་ཏེ། གནོད་སྦྱིན་གྱི་གདོན་བཞིན་མི་སྡུག་པ། བསམ་གྱིས་མི་བྱབ་པ། བསམ་པ་ངན་པ་དེ་རྣམས་ཀྱིས་ཀྱང མི་ཚུགས་ཤིང་སེམས་ཅན་ཐམས་ཅད་དང། གང་ཟག་དེ་ལ་གནོད་པར་མི་བྱེད་དེ། དེ་བཞིན་དུ་སྲིན་པོ་དང། ཡི་དགས་དང། ཤ་ཟ་དང། གྲུལ་བུམ་དང། སྲུལ་པོ་དང། ལུས་སྲུལ་པོ་རྣམས་ཀྱིས་ཀྱང་གནོད་པར་མི་བྱེད་དོ། །གླགས་ཚོལ་བས་ཀྱང་གླགས་མི རྙེད་དོ། །བདག་དང་ཀླན་ཀ་རྙེད་པར་མ་གྱུར་ཅིག་ཅེས་བྱ་བ་ནི། གང་ཟག་དང། སེམས་ཅན་ཐམས་ཅད་ལ་ཀླན་ཀ་ཅི་སྨོས་ཏེ། རྩར་ཉེ་བར་ཡང་མི་ནུས་སོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། སེམས་ཅན་གྱི་དོན ལ་ཡང་ནས་ཡང་དུ་བཀའ་སྩལ་པའོ། །སྲིན་མོ་ཆེན་མོ་བཅུ་བཞི་ཡོད་དོ་ཞེས་བྱ་བ་ནི། གཟི་བརྗིད་ཆེ་ཞིང་སྟོབས་དང་ལྡན་པ། དབྱིབས་དང། ཁ་དོག་དང་ལྡན་པ་སྟེ། ལྷ་དང། ལྷ་མ་ཡིན་གྱི་འཐབ་རྩོད་ལ་རྩོད་པར་ནུས་པ་ཤ་སྟག་གོ་།དེ་དག་ནི་བྱང ཆུབ་སེམས་དཔའ་ཡུམ་གྱིས་ལྷུམས་ན་བཞུགས་པ་ན་ཡང་སྲུང་ཞེས་བྱ་བ་ནི། རྒྱུའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། རྒྱུའི་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་ཡིན་ཞེ་ན། རིག་སྔགས་འདིའི་ལམ་ནས་ཡང་དག་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། བསླབ པ་དང། སློབ་པ་ཡོད་པ་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཡིན་ཏེ། དང་པོ་མ་རིག་པའི་མུན་པས་བཀབ་ནས་མི་སྣང་བར་འགྱུར་ཏེ། དེ་ཡང་དེ་བསལ་ནས། རིན་པོ་ཆེ་ཤེལ་བཞིན་དུ་ཕྱི་ནང་མེད་བར་གསལ་བར་འགྱུར་རོ། །སེམས་ཅན་དང། སངས་རྒྱས ལ་ཡང་གཉིས་སུ་མེད་ཅིང་སོ་སོ་མ་ཡིན་ཏེ། སེམས་ཅན་གྱིས་སངས་རྒྱས་གྲུབ་པ་ཡང་བྱང་ཆུབ་ཀྱི་སེམས་ཡོད་པས་འགྲུབ་སྟེ། སེམས་ཅན་ལ་ཡང་བྱང་ཆུབ་སེམས་དཔའ་ཞེས་གྲགས་སོ། །འོ་ན་སེམས་མེད་པའི་བེམ་པོ་རྣམས་སངས་རྒྱས་ཏེ། དེའི ཕྱི་ངན་སེམས་ཅན་དང། སངས་རྒྱས་གཉིས་སུ་མེད་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མའི་ལྷུམས་ན་བཞུགས་པ་ལ་སྲུང་བ་ཞེས་བྱའོ། །བལྟམས་པའི་ཚེ་ཡང་སྲུང། བལྟམས་ཟིན་པའི་འོག་ཏུ་ཡང་སྲུང་ཞེས བྱ་བ་ནི། སྐྱེ་བའི་བར་ཡང་བདེ་བ་སྟེ། སྐྱེས་ནས་ཀྱང་བདེ་བའོ། །རིག་སྔགས་ཀྱི་རྒྱལ་མོ་འདི་ལ་གུས་པར་བྱེད་ན། ཚེ་རིང་ཞིང་གཟི་བརྗིད་དང་ལྡན་པར་འགྱུར་རོ། །སྐུ་འཁྲུངས་ན་ཡང་སྲུང་སྟེ་ཞེས་བྱ་བ་ནི། ཚེ་ལ་བར་ཆོད་མེད་ཅིང། འཆིབ ལ་མ་ཐུག་གི་བར་དུ་བདེ་བྱས་ཤིང་སྲུང་བར་འགྱུར་རོ། །བཅུ་བཞི་གང་ཞེ་ན། ཞེས་བྱ་བ་ནི་དེའི་སྐུ་མདོག་དང། ཕྱག་མཚན་ནི་ནག་མོ་དང། སེར་མོ་དང། དཀར་མོ་དང། དམར་མོ་དང། ལྗང་གུ་དང། སྔོ་བསངས་དང། དམར་སེར་དང། དཀར སེར་དང། ལྗང་ནག་དང། མཐིང་ནག་དང། ཐལ་བའི་མདོག་དང། དཀར་པོ། དམར་པོ། སེར་པོའོ། །ཕྱག་མཚན་ནི་འཁོར་ལོ་དང། གཤོལ་དང། །ཏུན་ཤིང་དང། མདུང་དང། མདའ་གཞུ་དང། ཤཀྟི་དང། ཏོ་མ་ར་དང། ཞགས་པ་དང། དགྲ་སྟ་དང། རྩེ་གསུམ་དང། རྡོ་རྗེ་དང། ཁ?་ཊཝཱཾ་ག་དང། རལ་གྲི་བསྣམས་པའོ། །བཅུ་བཞི་ནི་འདི་ཤ་སྟག་གོ་།འདི་ལྟ་སྟེ། ཞེས་བྱ་བ་ནི། སྟོབས་ལྡན་མ་ལ་སོགས་པའོ། །གང་དེ་དག་གི་མིང་ཤེས་པ་དང། ཞེས་བྱ་བ་ནི། མིང་གོང་དུ་བསྟན་ཏེ། རུས་ཤེས་པ་དེ་ལ ནི་དེ་དག་སྲུང་བར་བྱེད་ཅེས་བྱ་བ་ནི། སྐུ་མདོག་དང། ཕྱག་མཚན་དང། མཚན་ཉིད་ཤེས་པའོ། །ཡོངས་སུ་སྐྱོབ་པར་བྱེད་ལ་སོགས་པ་ཞེས་བྱ་བ་ནི། ནད་མེད་ཅིང་བདེ་བ་སྟེ། །བར་ཆོད་ཀྱིས་མི་ཚུགས་པར་འགྱུར་རོ། །ཀུན་དགའ་བོ་ཞེས་བྱ་བ ནི། རིག་སྔགས་ཀྱི་ཚིག་བཅོམ་ལྡན་འདས་ཀྱིས་ཡང་དང་ཡང་དུ་གསུངས་པའོ། །སྲིན་སོ་ཆེན་མོ་བརྒྱད་ཡོད་དོ་ཞེས་བྱ་བ་ནི། གཟི་བརྗིད་ཆེ་ཞིང་སྟོབས་དང་ལྡན་པ་སྟེ། ལོངས་སྤྱོད་དང་ལྡན་ཞིང། ལྷ་དང། ལྷ་མ་ཡིན་གྱི་འཁྲུག་པ་ལ་ཡང རྩོད་པར་ནུས་པའོ། །དེ་དག་ནི། སྐྱེས་པ་དང། བུད་མེད་གཉིད་ལོག་ཀྱང་རུང། གཉིད་མ་ལོག་ཀྱང་རུང་སྟེ། གཟི་བརྗིད་འཕྲོག་པར་བྱེད་དོ། །ཞེས་བྱ་བ་ནི། སེམས་ཅན་ལ་འཚོ་བར་བྱེད་ཅིང། ཀླགས་ཚོལ་ཏེ། སྡང་བའི་སེམས་དང། དྲག་ཤུལ་གྱི་སེམས་དང། སྡིག པའི་སེམས་དང་ལྡན་ཞིང། སྲོག་གཅོད་པར་བྱེད་པའི་སེམས་དང་ལྡན་པའོ། །དེ་དག་ཀྱང་གང་ཞེ་ན། ཞེས་བྱ་བ་ནི། ཁ་དོག་དང། དབྱིབས་བསྟན་པ་དང། ཁ་དོག་ནི། ལྗང་ནག་དང། སྔོན་པོ་དང། ནག་ཁྲ་དང། སྟག་རིས་དང། མཐིང་ཀ་དང། ནག་པོ་དང། དམར་ནག་དང། ཐལ་བའི་མདོག་དང། དབྱིབས་ནི། ཁྱི་དང། ཝ་དང། སྤྱང་གུ་དང། སྟག་དང། ཕག་དང། འུག་པ་དང། ཕོ་རོག་དང། ར་དང་ངོ། །ཕྱག་མཚན་ནི། རོ་དང། ཐལ་བ་དང། ཞགས་པ་དང། སྤྲུལ་གྱི་ཞགས་པ་དང། མེ་འགལ་དང། ཧོམ་ཁུད དང། སྙིང་དང། ཐོད་པའོ། །འདི་དག་ནི་མི་སྲུན་ཞིང་སེམས་ཅན་རྣམས་ལ་འཚེ་བར་བྱེད་པའོ། །འདི་ལྟ་སྟེ། ཞེས་བྱ་བ་ནི། བརྒྱད་པའི་གྲངས་དང། མི་བསྟན་ཏེ། དེ་ནི་ར་ལ་སོགས་པའོ། །གང་དེ་དག་གི་མིང་ཤེས་པ་དང། རུས་ཤེས་པ་དེ་ལ ནི་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་སྟོབས་དང། གཟི་བརྗིད་དང། མཐུ་རྣམས་ཀྱིས་ཀྱང་སྲུངས་ཏེ། རིག་སྔགས་ཀྱི་བཀའ་ལས་མི་འདའ་ཞིང་སྲུངས་ཏེ། འོན་ཀྱང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་མིང་རུས་ཤེས པར་བྱེད་པའོ། །དེ་དག་སྲུང་བར་བྱེད་ཅེས་བྱ་བ་ལ་སོགས་པས་ནི། གནོད་པར་མི་ནུས་ཤིང། བདེ་བ་ལ་བཀོད་དེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་སེམས་ཅན་རྣམས་ལ། སྡིག་ཅན་རྣམས་ཀྱིས་ཀྱང་འཚེ་བར་མི་བྱེད་ཅིང། ནད་ཐམས་ཅད་དང འབྲལ་བར་བྱེད་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཀུན་དགའ་བོ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་དང་ཡང་དུ་བསྟན་པའོ། །སྲིན་མོ་ཆེན་མོ་བདུན་ཡོད་དེ་ཞེས་བྱ་བ་ནི། གཟི་བརྗིད་ཆེ་ཞིང་ཁ་དོག་དང་ལྡན་པ། རྫུ་འཕྲུལ་ཆེ་ཞིང། སྟོབས་དང་ལྡན་ཏེ། ལྷ་དང་ལྷ་མ་ཡིན་གྱི་འཐབ་རྩོད་ལ་ཡང་རྩོད་པར་ནུས་པའོ། །དེ་དག་ནི་ཁྲག་གི་དྲི་མ་ནམ་ན་དཔག་ཚད་ལྔ་བརྒྱད་རྒྱུག་གོ་ཞེས་བྱ་བ་ནི། སྐད་ཅིག་མས་གང་ན་ཡོད་པའི་ཤ་ཁྲག་ཚོང་ག་དེ་བཞིན་དུ་སྐད་ཅིག མས་ལེན་ནུས་ཏེ། སེམས་ཅན་རྣམས་ལ་འཚེ་བར་བྱེད་པའོ། །དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བ་ནི། ཁ་དོག་དང། དབྱིབས་བསྟན་ཏེ། དེའི་ཁ་དོག་ནི། སེར་མོ་དང། དམར་མོ་དང། སྔོན་མོ་དང། ལྗང་གུ་དང། སྔོ་བསངས་དང། ནག་མོ་དང། མཐིང་ཀ་སྟེ། གཟུགས་ནི་ཁྲོ་བོ་དང་ལྡན་པ་སྟེ། སྐྲ་སེར་པོ་གྱེན་དུ་འབར་ཞིང། དྲག་པོའི་ཚུལ་དུ་ཡོད་དེ། ཞགས་པ་འཛིན་པ་ཤ་སྟག་གོ་།འདི་ལྟ་སྟེ་ཞེས་བྱ་བ་ནི། བདུན་པའི་གྲངས་དང། མིང་བསྟན་པ་སྟེ། གཟི་བརྗིད་མཆོག་དང་ཞེས་བྱ་བ ལ་སོགས་པའོ། ། །།གང་དེ་དག་གི་མིང་ཤེས་པ་དང། རུས་ཤེས་པ་དེ་ལ་ནི་ཞེས་བྱ་བ་ནི། སྲིང་མོ་བདུན་གྱི་མིང་དང། རུས་ནི་རིག་སྔགས་ཀྱི་གཟི་བརྗིད་ཀྱི་ཤེས་པར་འགྱུར་ཏེ། དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱིས་དཀའ་ ལས་མི་འདའ་ཨོ། །ཞེས་སྲུང་བར་བྱེད་ཞེས་བྱ་བ་ལ་སོགས་པ་ནི་རིག་སྔགས་སྟོབས་ཀྱིས། ནོར་དང། འབྲུ་དང། ཕྱུགས་རྣམས་ཀྱང་འཕེལ་ཏེ། དེ་བཞིན་དུ་བུམ་པ་རྣམས་ཀྱང་ཡིན་ནོ། །ནད་མེད་ཅིང་འབྱུང་པོ་རྣམས་ཀྱི་འཚེ་བ་ཡང མི་འབྱུང་ངོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པའོ། །སྲིང་མོ་ཆེན་མོ་ནག་མོ་ཞེས་བྱ་བ་ནི། གཟི་བརྗིད་ཆེ་ཞིང་སྟོབས་ཆེ་བ་སྟེ། རི་རབ་ཀྱི་རྩེ་མོ་ཡང་སྒུལ་ནུས་པ་སྟེ། དེའི དབྱིབས་དང། ཁ་དོག་ལ་སོགས་པ་ནི། མིང་དང་མཐུན་ཏེ། ཕྱག་མཚན་ནི། གྲི་གུག་དང། ཐོད་པ་བསྣམས་ཤིང། རལ་པ་རིང་པོ་གཅིག་ཏུ་འཁྱིལ་བ་ཡོད་དོ། །མི་སྲུང་ཞིང་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །བུ་སྟོང ཡོད་པ་རྒྱ་མཚོའི་འགྲམ་ན་གནས་པ་ཞེས་བྱ་བ་ནི། མ་བཞིན་དུ་བུ་རྣམས་ཀྱང་ཡིན་ཏེ། སེམས་ཅན་ལ་འཚེ་བར་བྱེད་ཅིང་ཟས་འཚེ་བར་བྱེད་པ་སྟེ། ལཾ་ཀའི་ལྷོ་ཕྱོགས་ན་རྒྱ་མཚོའི་འགྲམ་ན་ཚལ་ཞིག་ན་གནས་པའོ། །མཚན་གཅིག་གིས་དཔག ཚད་བརྒྱད་ཁྲིར་ཕྱིན་པ་ཞིག་ཡོད་དོ། །ཞེས་བྱ་བ་ནི། ཤ་དང། ཁྲག་ཡོད་པའི་སར་གནས་ནས་ཀྱང་ཚོར་ནས། བསླངས་ནས་ཁྱེར་ནུས་པ་སྟེ། དེ་བཞིན་དུ་ཤ་དང། ཁྲག་གི་ཕྱིར་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །ཤ་ཁྲག་འཐུང་ཤིང་སྲོག འཕྲོག་པའོ། །གང་དེའི་མིང་ཤེས་པ་དང། རུས་ཤེས་པ་དེ་ལ་ནི། ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་གཟི་བརྗིད་ཀྱིས། མིང་དང་རུས་ཤེས་པར་འགྱུར་ཏེ། དེའི་གཟི་བརྗིད་ཀྱིས་ཀྱང་དེ་རྣམས་ཀྱིས ཀྱང་གནོད་མི་ནུས་ཤིང། འཐབ་རྩོད་ཡོད་ན་ནམ་ཡང་རྒྱལ་བར་བྱེད་ཅིང་གྲོགས་ཀྱང་བྱེད་པའོ། །དེ་བསྲུང་བར་བྱེད་ཅེས་བྱ་བ་ལ་སོགས་པ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། འཚེ་བར་མི་ནུས་ཤིང་སྙིང་རྗེ་དང་ལྡན་ཏེ། གང གི་ཡང་སྡུག་བསྔལ་དང་འབྲལ་ཞིང་བདེ་བར་བྱེད་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དང་ཡང་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །སྲིན་མོ་ཆེན་མོ་ལྔ་ཞེས་བྱ་བ་ནི། སྟོབས་དང་ལྡན་ཞིང་གཟི་བརྗིད་ཆེ་སྟེ། ཁ་དོག་དང ལྡན་ཞིང་གྲགས་པ་ཆེ་བ། རྫུ་འཕྲུལ་དང་ལྡན་ཞིང། སྙིང་རྗེ་ཆེ་བ་སྟེ། སྐད་ཅིག་མས་འཛམ་བུའི་གླིང་དུ། སེམས་ཅན་གྱི་དོན་ལ་སྐོར་ནུས་པའོ། །གནོད་སྦྱིན་འབུམ་ཕྲག་བདུན་ཅུ་རྩ་བདུན་དང། ལྷན་ཅིག་འཛམྦུའི་གླིང་གི་མི་རྣམས་སྲུང ཞིང་སྐྱོབ་པ་ཡོད་དེ་ཞེས་བྱ་བ་ནི། རྣམ་ཐོས་སྲས་ཀྱི་ཆོས་རྣམས་ཡིན་ཏེ། དེ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ལ་སྲུང་བ་དང། སྐྱོབ་པར་བྱེད་དེ། སེམས་ཅན་གྱི་དོན་ལ་གནས་ཤིང། གཞན་སྡིག་པ་མི་དགེ་བའི་ལས་ལ་མི འཇུག་ཅིང། སེམས་ཅན་གྱི་དོན་འབའ་ཞིག་ལ་གནས་པའོ། །དེ་དག་ཀྱང་གང་ཞེ་ན། ཞེས་བྱ་བ་ནི། གཙོ་བོར་གྱུར་པ་ལྔ་ཡིན་ཏེ། དེ་དག་གི་ཁ་དོག་དང། དབྱིབས་ནི། ཁ་དོག་ལེགས་ཤིང་འཛུམ་བསྟན་པ་སྟེ། རྟག་ཏུ ཞི་བར་གནས་པའོ། །དེའི་སྐུ་མདོག་ནི། སེར་པོ་དང། དཀར་པོ་དང། སྔོ་བསངས་དང། དམར་པོ་དང། ལྗང་གུའོ། །ཕྱག་མཚན་ནི། འཁོར་ལོ་དང། དུང་དང། དགྲ་སྟ་དང། རྩེ་གསུམ་དང། རལ་གྲི་དང། ཞགས་པ་བསྣམས་པའོ། །འདི་ལྟ་སྟེ། ཞེས བྱ་བ་ནི། ལྔ་པོ་འདི་དག་ལ་སོགས་པ་ཐམས་ཅད་དེ་བཞིན་ཡིན་ཏེ། རྟག་ཏུ་མྱོས་དང་ཞེས་བྱ་བ་ལ་སོགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་གྱི་ཇོ་བོ་ནི་དེ་རྣམས་ཡིན་ནོ། །གང་དེ་དག་གི་མིང་ཤེས་པ་དང། རུས་ཤེས་པ་དེ་ལ་ནི་ཞེས བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས། མིང་དང། རུས་ཀྱང་ཤེས་ཏེ། རིག་སྔགས་ཀྱི་མཐུས། རིག་སྔགས་ཀྱི་བཀའ་ལས་མི་འདའ་ཨོ། །དེ་དག་སྲུང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི། སེམས་ཅན་དེ་ཡང་བདེ་བར་གནས ཏེ། ནད་མེད་ཅིང། དེ་རྣམས་ཀྱིས་རྟག་ཏུ་སྐྱོང་བར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་གཞན་གཞིན་དུ་ལོ་མི་རྟག་པ་མ་ཡིན་ཏེ། དེ་ལ་བཅོལ་བར་འགྱུར་ན་ཚེ་རིང་ཞིང་ནད་མེད་དེ། གཞན་རྣམས་ཀྱིས་ཀྱང་མཆོད་པར་འོས་པའོ། །བདག་གི མིང་འདི་ཞེས་བྱ་བའི་ཕྱིར་སྲིན་མོ། །ལྔ་པོ་གནོད་སྦྱིན་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་བཅས་པ་དེ་དག་ལ་གསོལ་ལོ་ཞེས་བྱ་བ་ནི། གང་ཟག་དང། སེམས་ཅན་ཐམས་ཅད་འདི་ལ་བཅོལ་བར་བྱས་ན། གང་ཡང་སྡུག་བསྔལ་དང བྲལ་ཞིང་བདེ་བར་གནས་སོ། །གསོལ་བ་འདེབས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་སེམས་ཅན་རྣམས་ཀྱིས་ཀྱང། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་དང། སྲིན་མོ་དེ་དག་དང། གནོད་སྦྱིན་དེ་རྣམས་ལ་གུས་པར་བྱས ཤིང་མཆོད་པར་བྱའོ། །འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀས། མིང་འདི་ཞེས་བྱ་བ་ནི། འདས་པ་ནི་མར་མེ་མཛད་ལ་སོགས་པའོ། །མ་འོངས་པ་ལ་སོགས་པ་རྣམས་ཡིན་ཏེ། ད་ལྟར་བཞུགས་པ་ནི ཤཱཀྱ་ཐུབ་པས་རིག་སྔགས་ཀྱི་བཀའ་འདི་གསུངས་ཤིང། སེམས་ཅན་གང་ཟག་རྣམས་ལ་བསྲུང་ཤིང་སྐྱོབ་པའོ། །བསྲུང་བ་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ནི། སངས་རྒྱས་ཀྱི་བཀའ་དང། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། འཁོར་བ་བཅོམ་ཞིང བདེ་བ་ལ་གནས་ཏེ། ཡང་དག་པའི་བྱང་ཆུབ་ཀྱི་ལམ་ལ་འགོད་པའོ། །རིག་སྔགས་འདི་ནི་པདྨའི་རིགས་ཡིན་ཏེ། མཚོན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་ཉིད་དོ། །ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོ། ཁམས་ནི་མེའི ཁམས། སྐྱེ་མཆེད་ནི་རོ། སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱི་བརྒྱན་པ། ཞལ་གསུམ་པ། ཕྱག་དྲུག་པ། སྐུ་མདོག་དམར་མོ། །ཞལ་གཡས་དཀར་བ་གཡོན་མཐིང་ཀ། ཕྱག་གཡས་པ་གསུམ་ན་བསྣམས པ་ནི། རལ་གྲི་དང། པདྨ་དང། དུང་བསྣམས་པའོ། །གཡོན་པ་གསུམ་ན་ཞགས་པ་དང། ལྕག་ཀྱུ་དང། རྡོ་རྗེ་བསྣམས་པའོ། །ཞབས་གཡས་བརྐྱང་པ། གཡོན་བསྐུམ་པ། པདྨའི་སྟེང་ན་ཟླ་བའི་གདན་ཉི་མའི་འོད་དང་བཅས་ཤིང། ཅུང་ཟད་ཁྲོ་བོའི ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་ཚིག་ནི་འདི་ལྟ་སྟེ། པི་མུ་ཀུ་ཏེ། བི་མུ་ཀུ་ཏ། བ་ཏེ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་སེམས་ཅན་གྱི་དོན་ལ། བཅོམ་ལྡན་ཀྱིས་བཀའ་སྩལ་ཏོ། །རིག་སྔགས་ཀྱི་རྒྱལ་མོ་གསང སྔགས་ཆེན་མོ་རྗེས་སུ་འཛིན་མ་འདིས། ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པ། ཡེ་ཤེས་ཀྱི་རང་བཞིན་ཏེ། རྡོ་རྗེ་ལྟ་བུས་ཁྱབ་ཅིང། སྲུང་བ་དང། སྐྱོབ་པ་ཡང་ཡིན་ནོ། །འདི་ལྟ་བུའི་རིག་སྔགས་ཀྱིས་ཀྱང་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པའོ། གང་ལ་སྲུང་བ་དང་ཞེས་བྱ་བ་ནི། གང་ཡང་འཇིག་རྟེན་གྱི་ཁམས་མཉམ་པ་ཉིད་དུ་ལྟས་ཤིང་སྲུང་བའོ། །སྦ་བ་བྱས་པ་དང་ཞེས་བྱ་བ་ནི་གསང་སྔགས་ཆོ་ག་དུ་གསང་བ་སྟེ། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་གསང བཞིན་དུ་བསྲུང་སྟེ། སེམས་ཅན་ཐམས་ཅད་ཀྱི་གཞན་གྱིས་མི་ཚོར་ཞིང་སངས་རྒྱས་པའོ། །ཡོངས་སུ་བསྐྱབ་པ་བྱས་པ་དང། ཡོངས་སུ་བཟུང་བ་བྱས་པ་དང་ཞེས་བྱ་བ་ནི། ངན་སོང་གསུམ་ནས་བཏོན་ནས་མཐོ་རིགས་སུ་བཏང་སྟེ། ངན་སོང་གསུམ་གྱི་སྡུག བསྔལ་ལས་བསྐྱབ་པའི་ཕྱིར་ན། བསྐྱབས་པ་ཞེས་བྱ་སྟེ། མཐོ་རིས་སུ་བཏང་ནས་ན་བཟུང་བའོ། །ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི། ཆོས་འདིའི་ཉམས་མྱོང་གིས་ཞི་བ་སྟེ། ཇི་ལྟར་ཟླ་བ་བཞིན་དུ་སེམས་ཅན་རྣམས་ཞི་བར་བྱས ཏེ། ཆོས་འདིའི་དོན་རྟོགས་པས་སེམས་ཅན་ལུས་ངག་ཞི་བའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་བདེ་བར་གནས་པའོ། །ཆད་པར་བཟློག་པར་བྱས་པ་དེ་ལ་ནི་ཞེས་བྱ་བ་ནི། འཇིག་རྟེན་འདིའི་ཆད་པ་དང། བདུད་བཞི རྣམས་ཀྱི་ཆད་པ་སྟེ། རིག་སྔགས་ཀྱི་གཟི་བརྗིད་འདིས་གང་གི་ཆད་པ་ཡང་འོང་བར་མི་ནུས་སོ། །ལྷ་དང་བཅས་པའི་འཇིག་རྟེན་དང་ཞེས་བྱ་བ་ལ་སོགས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་ཀྱི ཁམས་དང། འདོད་པའི་ཁམས་ཀྱི་ལྷ་དང་བཅས་པ། རྣམས་ཀྱི་འབྱུང་པོ་རྣམས་དང། འཇིག་རྟེན་གྱི་ཁམས་སུ་སྐད་ཅིག་མས་རྒྱུ་བ་སྟོང་ཕྲག་བཅུ་བརྒྱ་ཕྲག་ཉི་ཤུ་རྩ་དྲུག་།དེའི་གཡོག་དང་བཅས་པ་ཡང་དེ་བཞིན་ཏེ། དེ་དག་ཀྱང སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བའོ། །གླགས་ལྟ་བ་དང། གླགས་ཚོལ་བ་རྣམས་ཀྱིས་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་བར་ཆོད་ནས། དགེ་བ་བྱེད་པ་ཡང་མི་བྱེད་པའི་གླགས་དང། མི་འཇིགས པ་ཡོད་པ་འཇིགས་པར་བྱས་ཏེ། ཕྱུག་པོ་དེ་ཡང་ལྟོགས་པོར་བཏང་བ། མི་ན་བ་ན་བའི་གླགས་དང། དགའ་བ་མི་དགའ་བར་བྱེད་པའི་གླགས་དང། མཐུན་པ་རྣམས་པར་དུ་བཅད་ནས་སོ་སོར་བྱས་ཏེ། སྡོམ་པ་སྲུང་བ་མི་སྲུང་བར་བྱེད་པའི་སེམས་དང་ལྡན་པར་བྱེད པ། གཏི་མུག་ལ་སོགས་པའི་འདོད་པ་རྣམས་ཁོང་དུ་ཞུགས་ཤིང། སྲེད་པ་དང། འདོད་ཆགས་ལ་དགའ་ཞིང། ཞེ་སྡང་ལ་གནས་ཏེ། འཐབ་རྩོད་ལ་དགའ་བར་བྱེད་པའི་གླགས་དང། ཚེ་རིང་བ་ཐུང་བར་བྱས་ཏེ། དགེ་བ་བྱེད་པ་ལ་རྟག་ཏུ་བར་ཆོད་བྱེད པ། རྣམས་འདི་ཡིན་ཏེ། ཀླན་ཀ་ཀོ་བ་དང། གླགས་ཚོལ་བས་ཀྱང་གླགས་མི་རྙེད་དེ། རིག་སྔགས་ཀྱི་གཟི་བརྗིད་ཀྱི་གླགས་ཚོལ་བའི་སྐབས་ཀྱང་མི་རྙེད་པའོ། །ཡང་ན་གླགས་ཚོལ་བ་རྣམས་ཀྱིས་རྙེད་པ་འམ། བགེགས་ཀྱིས་རིགས་ལྟ་བུ་འམ། མ འམ། སྲིན་མོ་འམ། བུ་འམ། ཉེ་བ་ལ་སོགས་པར་སྐྱེས་ནས་གླགས་ཚོལ་ཏེ། དེའི་གླགས་ཀྱིས་ཀྱང་མི་ཚུགས་སོ། །གླགས་རྙེད་པའམ། །ཀླན་ཀ་རྙེད་པའི་སེམས་ཅན་གང་ནས་ཡང་མེད་ལ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ འཛིན་མའི་ངོ་བོ་ཉིད་རྟོགས་ན་གླགས་མི་རྙེད་དོ་ཞེས་བྱ་བའོ། །ངོ་བོ་ཉིད་གང་ཞེ་ན། ཐབས་དང་ཤེས་རབ་གཉིས་སུ་མེད་ཅིང་བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྒོམས་ཏེ། ཨ་ལས་གནས་ཤིང་ངོ་བོ་ཉིད་བྲལ་བའོ།། མ་འཇིག་རྟེན་གྱི་ཁམས་རྒྱུ་བ་ལྟ་བུར་བསྒོམས་ཏེ། དེ་བཞིན་དུ་མས་ཁྱབ་པའོ། །ཏྲ་སྤྲུལ་སྐུ་སྟེ། སེམས་ཅན་གྱི་དོན་ལ་གནས་པའོ། །དེ་ལྟ་བུར་སེམས་ཀྱིས་རྟོགས་ན་གླགས་ཀྱང་ག་ལ་རྙེད་དེ། རྙེད་པར་ཡང་མི་འགྱུར་རོ། །ངས་ཡང དག་པར་མ་མཐོང་སྟེ། དེ་ནི་གནས་མེད་དོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་ལྟ་བ་འདི་རྟོགས་ན་དེ་རྣམས་ཀྱིས་གླགས་ཀྱང་མི་རྙེད་ཅིང། གནོད་པ་ཡང་གང་ཡང་སྐྱེལ་བ་མེད་དོ། །རིག་སྔགས་ཀྱི་གཟི་བརྗིད་ཀྱིས་དེ་གང་ཡང་མ་གྲུབ་པའོ། །ཡང་ན དེ་རྣམས་ཀྱི་གཟི་བརྗིད་འཕྲོག་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་འབྱུང་པོ་རྣམས་ཀྱི་མཚན་ཉིད་བཤད་པའི་གནས་སྐབས་ཏེ་བཞི་པའོ།། །།ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་ཏེ་ཞེས་བྱ་བ་ནི། སྔོན་བསགས་པའི་ལས་དང། སྔོན་དུ་མཚམས་མེད་པ་ལྔ་བྱས་ན། སྔོན་དུ་བཤགས་དགོས་ཏེ། སྔོན་དུ་བཤགས་པར་མ་གྱུར་ན། ལས་ཀྱི་རྣམ་པར་སྨིན་པ་དེ་ཡང་ཤིང་ཏོག་བཞིན་དུ་སྨིན་པར་འགྱུར་རོ། །སྨིན་པའི་འབྲས་བུ་ནི་གང་ཞེ་ན། ཁྱི་དུང་དཀར་པོ བཞིན་དུ་བྲམ་ཟེའི་རིགས་སུ་སྐྱེས་ནས་ཀྱང་ང་རྒྱལ་ཆེན་པོའི་ལས་ཀྱི་རྣམ་པར་སྨིན་པས་བྱོལ་སོང་གི་ནང་ན་ཁྱི་དུང་དཀར་པོར་སྐྱེ་པའོ། །མཆོད་སྦྱིན་བྱས་པའི་ཕྱིར་ན། འབྲས་ཀྱི་ཐུག་པ་ཁར་སྡེར་དུ་བླུགས་ནས་ཟ་ཞིང། ང་རྒྱལ་ཆེ་ཞིང་ཁྲི་ལ་བསྡད་པའོ། །དུང གི་མདོག་ཏུ་གྱུར་པ་ནི་སྔོན་བྲམ་ཟེ་ལུས་བསྲུངས་ཤིང། ཁྲིམས་བསྲུངས་པའི་ཕྱིར་རོ། །འདིའི་ངེས་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ཤམས་ཐབས་བསྣམས། །ལྷུང་བཟེད་བསྣམས་ཏེ། མཉན་ཡོད་དུ བསོད་སྙོམས་ཀྱི་ཕྱིར་གཤེགས་ནས་ཐར་ཆགས་སུ་མཉན་ཡོད་དུ་བསོད་སྙོམས་བཞེས་ཏེ། ཏོའུ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོའི་ཁྱིམ་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ཏོའུ་དེ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོའི་ཁྱིམ་ན་རས་གོས་ནི་ཀ་བཏིང་བའི་ཁྲིའི་སྟོང ན། ཁྱེ་དུང་ཞེས་བྱ་བ་འདུག་སྟེ། ཁར་གཞོང་རྡོ་བའི་ཁར་བླངས་པ་ལ་འབྲས་ཅན་དང། ཤ་བསྲེས་པའི་ཁྲུས་མ་འཐུང་བ་ལས། ཁྱེ་དུང་གིས་བཅོམ་ལྡན་འདས་སྒོ་དྲུང་ན་བཞུགས་པ་མཐོང་སྟེ། མཐོང་ནས་ཀྱང་འ་འུ་ཞེས་ཟུག་གོ་།དེ་ནས་བཅོམ ལྡན་འདས་ཀྱི་ཁྱེ་དུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱི་དུང་ཁྱོད་ཀྱི་ཞེས་བྱ་བ་ལས། འ་འུ་ཞེས་ཟུག་པར་གྱུར་ན། དེས་ཀྱང་མ་དུལ་ལམ། དེ་སྐད་ཅེས་བཀའ་སྩལ་པ་དང། ཁྱེ་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ། ཡིད་མ་རངས་ནས། རས་ནས། རས་གོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན་སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ་།དེའི་ཚེ་ཏོའུ་དེ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་བྱ་བ་ཞིག་གི་ཕྱི་རོལ་ཏུ་བྱུང་བ་ལས། དེ་ནས་ཏོའུ་དེ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་སླར་ལོགས་པ་དང། ཏོའུ་དེའི་བུ་བྲམ ཟེའི་ཁྱེའུ་བྲམ་ཟེའི་ཁྱེའུ་ནེ་ཙོས། ཁྱི་དུང་འོག་ན་སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་ནང་མི་ལ་སྨྲས་པ། ཁྱེད་ཀྱིས་ཁྱེ་དུང་འདི་ལ་ཅི་ཞིག་སྨྲས། ཇོ་བོ་བདག་ཅག་གིས་ཀྱང། ཁྱི་དུང་ལ་ཅི་ཡང་མ་སྨྲས་སོ། །དེ་ལྟར་ལགས་མོ ཀྱི་དགེ་སྦྱོང་གཽ་ཏ་མ་མ་བྱོན་པར་གྱུར་ཏེ། །ཁྱེ་དུང་གི་དགེ་སྦྱོང་གཽ་ཏ་མ་སྒོ་དྲུང་ན་ཞུགས་པར་མཐོང་ངོ། །མཐོང་ནས་ཀྱང་འ་འུ་ཞེས་ཟུག་པ་དང། དགེ་སྦྱོང་གཽ་ཏ་མས། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱི་དུང་ཁྱོད་ཀྱེ་ཞེས་བྱ་བ་ལས། འ་འུ་ཞེས་ཟུག བར་གྱུར་ན། དེས་ཀྱང་མ་དུལ་ལམ། དེ་སྐད་ཅེས་བཀའ་སྩལ་པ་དང། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ། ཡི་དམ་རངས་ནས། རས་གོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན་ཏོར་ཁུང་གི་ཤིང་གི་ཝལ་འདུག་གོ་།དེ་ནས་བྲམ་ཟེའི་བུ ནེ་ཙོ་ཁྲོས་འཁྲུགས་ཚིག་བཟོས་ཏེ། ཡིད་མ་རངས་ནས། མཉན་ཡོད་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱིས་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་དུ་མེའི་འཁོར གྱི་མདུན་ན་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཏོའུ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཏོའུ་དེ་ཡི་བུ་བྲམ་ཟེའི ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ་དེ་ལྟ་ལེགས་སོ། །གལ་ཏེ་ཏེའུ་དེ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་འདིའི་འཆི་བའི་དུས་བྱས་པར་གྱུར་ན་ནི། ལུས་ཞིག་ནས་ཤི་བའི་འོག་ཏུ། དཔེར་ན་མདའ་སྡེའུ་ཀ་མ་འཕངས་པ་བཞིན དུ། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། འདི་ལྟར་འདི་ང་ལ་སེམས་རབ་ཏུ་ཁྲོས་པའི་ཕྱིར་རོ། །སེམས་རབ་ཏུ་ཁྲོས་པའི་རྒྱུས། དེ་ལྟར་ན་འདི་ནས་སེམས་ཅན་ཁ་ཅིག། ལུས་ཞིག་ནས ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། འདི་ན་གང་ཟག་ཁ་ཅིག་ནི། །རབ་ཏུ་སེམས་ཁྲོས་གྱུར་གཟིགས་ནས། །སྟོན་པ དགེ་སློང་ཚོགས་རྣམས་ལ། དོན་དེ་ཉིད་ནི་ལུང་བསྟན་ཏོ། །ཀྱེ་མ་གོ་བ་མི་འདི་ནི། །ད་ནི་འཆི་བའི་དུས་བྱེད་ན། །དེ་ཡི་སེམས་ནི་ཁྲོས་པའི་ཕྱིར། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །དེ་བཞིན་གཤེགས་ལ་སེམས་ཁྲོས་པ། །དེ་ཡི་རྒྱུས་ནི་སེམས་ཅན རྣམས། །དཔེར་ན་མདའ་ནི་འཕངས་པ་བཞིན། །དེ་ལྟར་ངན་འགྲོར་འགོར་བར་འགྱུར། དེ་ནས་ཏོའུ་དེ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ། མངོན་དུ་ཀུན་དགའ་བར་བྱ་བ་དང། ཡང་དག་པར་དགའ་བར་བྱ་བའི་གཏམ། རྣམ་པ་མང་པོར་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ། ཏོའུ་དེ་ཡི་བུ་བྲམ་ཟེའུ་ཁྱེའུ་ནེ་ཙོ་ཕྱོགས་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཁྱོད་བདག་གི ཁྱིམ་དུ་བྱོན་ཏམ་བྲམ་ཟེའི་བུ་ཕྱིན་ཏོ། །གཽ་ཏ་མ་ཁྱོད་ཀྱིས་བདག་གི་ཁྱི་དུང་ལ། ཅི་ཞིག་མ་གསུངས་སམ། བྲམ་ཟེའི་ཁྱེའུ་ང་འདིར་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས་ཏེ། ལྷུང་བཟེད་ཐོགས་ནས། མཉན་ཡོད་དུ་བསོད་སྙོམས ཀྱི་ཕྱིར་ཞུགས་ཏེ། །མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་བླངས་ནས། ཁྱོད་ཀྱིས་ཁྱིམ་ག་ལ་བ་དེར་སོང་ཏེ་ཕྱིན་པ་ནས། །སྒོ་དྲུང་ན་འདུག་པ་དང། དེའི་ཚེ་ཁྱི་དུང་རས་གོ་ནི་ཀ་བ བཏང་བའི་ཁྲིའི་སྟེང་ན་འདུག་ཅིང། ཁར་ཞོང་རྡོ་བའི་ཁར་བླངས་པ་ལ་འབྲས་ཅན་དང། ཤ་བསྲེས་པའི་ཁྲུས་མ་འཐུང་བ་ལས། ཁྱི་དུང་གིས་ང་སྒོ་དྲུང་ན་འདུག་པ་མཐོང་སྟེ་མཐོང་ནས་ཀྱང་ཟུག་པ་དང། ངས་དེ་ལ་སྨྲས་པ་དང། ཁྱི་དུང་ཁྱོད་ཀྱིས་ཞེས་བྱ་བ་ལས་ལེའུ ཞེས་ཟུག་པར་གྱུར་ན། དེས་ཀྱང་མ་དུལ་ལམ་ཞེས་སྐད་སྨྲས་པ་དང། ཁྱི་དུང་ཁྲོད་ཁྲུགས་ཚིག་པ་ཟོས་ཏེ། ཡི་མ་རངས་ནས། རས་གོ་ནི་ཀ་བཏིང་བའི་ཁྲིས་ལས་བབས་ཏེ། ཁྲིའི་འོག་ཏུ་ཏོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ། གཽ་ཏ་མ་ཁྱོད་ཀྱིས་ཁྱི་དུང་ཚེ་སྔ་མ ལ་བདག་གི་ཅིར་མཆི་མཁྱེན་ཏམ། བྲམ་ཟེའི་ཁྱེའུ་ལ་རོག་འདུག་ལ་ང་ལ་དོན་འདི་མ་འདྲི་ཤིག། ཁྱོད་ཀུན་ཏུ་གནོད་སེམས་སུ་གྱུར་པ་དང། མི་བཟོད་པ་དང། སེམས་མི་བདེ་བར་འགྱུར་དུ་འོང་ངོ། །ལན་གཉིས་ལན་གསུམ་དུ་ཏོའུ་དེ་ཡི་བུ་བྲམ ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཁྱོད་ཀྱིས་ཁྱི་དུང་ཚེ་སྔ་མ་ལ་བདག་གི་ཅིར་མཆི་མཁྱེན་ཏམ། བཅོམ་ལྡན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་དུ། ཏོའུ་དེ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་འདི སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་ཁ་དོག་ལ། ང་ལ་དོན་འདི་མ་དྲི་ཤིག། ཁྱོད་ཀུན་ཏུ་གནོད་སེམས་སུ་འགྱུར་བ་དང། མི་བཟོད་པ་དང། སེམས་མི་བདེ་བར་འགྱུར་དུ་འོང་ངོ། །བྲམ་ཟེའི་ཁྱེའུ་ཁྱོད་ལན་གསུམ་གྱི་བར་དུ་དོན་འདི ལ་ངེས་པར་མ་མཐོང་བས། དེའི་ཕྱིར་བྲམ་ཟེའི་ཁྱེའུ་ལེགས་པར་ཉོན་ལ་ཡིད་ལ་བཟུང་ཤིག་དང་བཤད་དོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་ཕ་ཏོའུ་དེ་ཡ་གང་ཡིན་པ་དེ་ལུས་ཞིག་ནས། དམན་པའི་ཁྱིའུ་སྐྱེ་གནས་སུ་སྐྱེས་སོ། །ཀྱེ་གཽ་ཏ མ་བདག་གི་ཕ་ཏོའུ་དེ་ཡང་ནི། མཆོད་སྦྱིན་བགྱིས་པ། སྦྱིན་སྲེག་བགྱིས་ག་མཆོད་སྡོང་སྒྲེང་བ་ལགས་ན། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་འགྱུར། དེ་ནི་ལུས་ཞིག་ནས། ངེས་པར་ཚངས་པའི་འཇིག་རྟེན་བཟང་པོར་སྐྱེས་བར་འགྱུར་རོ།། བྲམ་ཟེའི་ཁྱིའུ་ཁྱོད་ཀྱི་ཕ་ཏོའུ་དེ་ཡང་ནི། ང་རྒྱལ་ལས་ཀྱང་ང་རྒྱལ་དེ་ཉིད་ཀྱིས་དམན་པ་ཁྱེའུ་སྐྱེ་གནས་སུ་སྐྱེས་སོ། །བྲམ་ཟེའི་ཁྱེའུ་གལ་ཏེ། དུས་སྨྲས་པ་ཡིད་མི་ཆེས་ན། བྲམ་ཟེའི་ཁྱེའུ་ཁྱོད་དེའི་ཕྱིར་རང་གི་ཁྱིམ་དུ་སོང་ལ་ཕྱིན་པ་དང ཁྱི་དུང་ལ་འདི་སྐད་དུ། གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ང་ཡི་ཕ་ཏོའུ་དེ་གྱུར་པ་ལྟ་ན། རས་གོ་ནི་ཀ་བའི་ཁྲི་ལ་འདུག་ཤིག་ཅེས་སྨྲོས་ཤིག་།ཁྲི་ལ་འདུག་པ་དང། ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད། ཚེ་སྔ་མ་ལ་ངའི་ཕ་ཏོའུ་དེ་ཡར་གྱུར་པ་ལྟ་ན། ཁར གཞོང་རྡོ་བའི་ཁར་བླངས་པ་ལ། འབྲས་ཆན་དང། ཤ་བསྲེས་པའི་ཁྲུད་མ་འཐུང་ཤིག་ཅེས་སྨྲོས་ཤིག། འཐུང་ན་དེ་ལ་ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་དེ་ཡང་གྱུར་པ་ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ་བདག་དབང་བ་གང་ཡོད པ་ངལ་མ་བསྟན་པ་དེའི་སྟོན་ཅིག་ཅེས་སྨྲོས་ཤིག་དང་སྟོན་པར་འགྱུར་རོ། །དེ་ནས་ཏོའུ་དེ་ཡེ་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ཀྱིས་གསུངས་པ་བཟུང་སྟེ། ཀུན་ཆུབ་པར་བྱས་ནས། རང་གི་ཁྱིམ་ག་ལ་བདེར་སོང་སྟེ། ཕྱིན་པ་དང། ཁྱི་དང ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་དེ་ཡར་གྱུར་པ་ལྟ་ན། རས་གོ་ནི་ཀ་བཏིང་པའི་ཁྲི་ལའང་འདུག་ཅིག་།ཁྲི་ལ་འདུག་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱི་དུར་ཁྱོད་ཚེ་སྔ་མ་ལ་དེའི་ཕ་ཏོའུ་དེ་? གྱུར་པ་ལྟ་མཁར་གཞོང་རྡོ་བའི་ཁར་བླངས་པ་ལ། འབྲས་ཆན་དང། ཤ་བསྲེས་པའི་ཁྲུད་མ་འཐུང་ཤིག། འཐུངས་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་དེ་ཡར་གྱུར་པ་ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ། བདག་དབང་བགང་ཡོད་པ་ང་ལ་མ་བསྟན་པ་དེ་སྟོན་ཅིང། །དེ་ནས་ཁྱི་དུང་རས་བོ་ནི་ཀ་པི་ཏང་བའི་ཁྲི་ལ་བབས་ཏེ། གནས་ཁྱིམ་རྙིང་པ་ཞིག་ཡོད་པ་ག་ལ་བདེར་སོང་སྟེ་ཕྱིན་པ་དང། ཁྲིའི་རྐང་པ་བཞིའི་གནས་སུ་རྐང་ལག་གི་སྡེར་མོས་བྲུས་སོ། དབུས་ན་སྣས་སྣོམ་མོ། །ཏོའུ་དེ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། དེ་ནས་གསེར་དངུལ་བརྡུངས་མེ་དང། སིལ་ལྕགས་ཟངས་བཞི་དང། དབུས་ན་གསེར་གྱི་ཁར་བ་དང། རིལ་བརྙེད་དོ། །དེ་ནས་ཏོའུ་དེ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་གསེར་དེ་སྦས་ནས། དགའ་མགུ་ཞིང་དབུ ཏུ་དགའ་སྟེ། རངས་ནས་དགའ་བ་དང། ཡིད་བདེ་བ་སྐྱེས་ཏེ། མཉན་ཡོད་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བདེར་སོང་ངོ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་ཀྱིས ཏོའུ་དོའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་གཟིགས་སོ། །གཟིགས་ནད་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱི་ཏོའུ་དེ་ཡི་བྱ། བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ་དེ་ལྟར་ལགས སོ། །གལ་ཏེ་ཏོའུ་ཡི་བུ་བྲམ་ཟེའི་ཁྱིའུ་ནེ་ཙོ་དེའི་ཚེ་འཆི་བའི་དུས་བྱས་པར་གྱུར་ན་ནི། དཔེར་ན་མངའ་ཏོའུ་ཀུ་མ་འཕངས་པ་བཞིན་དུ་དེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ། ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ལྟར་དེ་ང་ལ་སེམས དད་པར་བྱས་པའི་ཕྱིར་རོ། །དགེ་སློང་དག་སེམས་དང་པའི་རྒྱུས་དེ་ལྟར་འདི་ནི་སེམས་ཅན་ཁ་ཅིག། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱིས་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ ཚིགས་སུ་བཅད་དེ་སྨྲས་པ། འཛིན་གང་ཟག་ཁ་ཅིག་ན། །རབ་ཏུ་སེམས་དང་གྱུར་གཟིག་ནས། སྟོན་པར་དགེ་སློང་ཚོགས་རྣམས་ལ། །དོན་དེ་ཉིད་ནི་ལུང་སྟན་ཏོ། །ཀྱེ་མ་བསོ་བ་མི་འདི་ནི། ང་ནི་འཆི་བའི་དུས་བྱེད་ན། །དེ་ཡི སེམས་ནི་དད་པའི་ཕྱིར། ལྷ་རྣམས་ནང་དུ་སྐྱེ་བར་འགྱུར། །དེ་བཞིན་གཤེགས་ལ་སེམས་དད་པ། །དེ་ཡི་རྒྱུས་ནི་སེམས་ཅན་རྣམས། །དཔེར་ན་མདའ་ནི་འཕངས་པ་བཞིན། །དེ་ལྟར་བཟང་འགྲོར་འགྲོ་བར་འགྱུར། དེ་ནས་ཏོའུ དེ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ། །སངས་རྒྱས་བཅོམ་ལྡན་འདས་གལ་བདེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་ཏུ་ཀུན་དགའ་བར་བྱ་བ་དང། ཡང་དག་པར་དགའ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ། ཏོའུ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ཕྱོགས་གཅིག་ཏུ་འདུག་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་ཅི། ངས་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་གྱུར་ཏམ། ཀྱེ་གཽ་ཏ་མ་མེད་དེ། ཇི་ལྟར གོ་ཏམ་ཁྱོད་ཀྱིས། ཁྱི་དུར་ལུང་བསྟན་པ་དེ་དེ་བཞིན་ནོ། །སློབ་དཔོན་ལས་ཀྱི་རྡོ་རྗེས་ཀྱང་གསུངས་པ། རྣམ་པར་སྨིན་པའི་ལས་དེ་ཡང། ལུས་དང་ངག་དང་ཡིད་ཀྱི་ལས། ངན་སོང་དང་ནི་མཐོའི་ས་དང། འཇིག་རྟེན་རང་གི་སྤྱོད་པ་སྟེ། དཔེར་ན་? ཆུ་སྐྱེས་པ། ནགས་ལ་མེ་ཡི་འཇིགས་པ་ན། དེ་བོར་སྡོང་བུ་ཆུ་ལས་སྐྱེས། །དེར་སྐྱེས་རྒྱུན་གྱི་ལྷགས་པས་ཚིག། །།མི་འགུལ་ལས་ཀྱི་རྣམ་སྨིན་ནོ། །གང་གིས་ཀྱང་ནི་ཐུབ་མི་འགྱུར། དེ་ཡང་གསུངས་པའོ། རིག་སྔགས་ཀྱི རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི། ལས་ཀྱི་རྣམ་པར་སྨིན་པ་བཤད་པའི་གནས་སྐབས་ཏེ་ལྔ་པའོ།། །།དེ་ནས་ཞེས་བྱ་བ་ནི་ལས་ཀྱི་རྣམ་པར་སྨིན་པ་བཤད་པའི་དེ་ནས་སོ། །འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའོ་སངས རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་ཞེས་བྱ་བ་ནི། འདས་པའི་སངས་རྒྱས་མར་མེ་མཛད་ལ་སོགས་པ་སྟེ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའོ། །མ་འོངས་པའི་སངས་རྒྱས་བྱམས་པ་ལ་སོགས་པ་ཡིན་ཏེ། དེ་ཡང བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་གསུང་ངོ། །ད་ལྟར་ཡོད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྟེ། སེམས་ཅན་གྱི་དོན་ལ་རིག་སྔགས་འདི་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་པ འདི་ཞེས་བྱ་བ་ནི། རིག་སྔགས་འདིས་ཀྱང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་ཅིང་མི་མ་ཡིན་གྱིས་འཚེ་བར་ཡང་མི་ནུས་ཏེ། མཐོ་རིས་ཀྱིས་ལམ་བསྟན་ཅིང་ལྔ་དག་པའི་བྱང་ཆུབ་བསྒྲུབ་པའི་རྒྱུ་ཞེས་བྱའོ། །མིའམ་མི་མ་ཡིན་པའམ་ཞེས་བྱ་བ་ལ་སོགས་པ ནི་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་སྲུང་བར་བྱེད་དེ། དེ་རྣམས་ཀྱང་གཟི་བརྗིད་ཆེ་བ། སྟོབས་ཆེ་བ། ཁ་དོག་དང་ལྡན་ཞིང་རྫུ་འཕྲུལ་ཆེ་བ་སྟེ་ལྷ་དང་ལྷ་མ་ཡིན་གྱི་འཐབ་རྩོད་ལ་ཡང་རྩོད་པར་གནས་པའོ དེ་བཞིན་དུ་དེ་རྣམས་ཀྱིས་ཀྱང་སྲུང་བར་བྱེད་དོ། །མིང་འདི་ཞེས་བྱ་བ་སྲུང་བར་བྱའོ། ཞེས་བྱ་བ་ནི། གང་ཟག་དང། སེམས་ཅན་ཐམས་ཅད་ལ་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་གདོན་དེ་རྣམས་ཀྱིས་སྙིང་རྗེ་ཆེ་ཞིང་སྲུང་བར་འགྱུར་རོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ བ་ལ་སོགས་པ་ནི། བདེ་བར་གནས་ཤིང་ནད་རྣམས་ཐམས་ཅད་འཇོམས་ཏེ། ཞི་བ་དང་རྒྱས་པའི་ལས་ལ་འགྲུབ་ཅིང། ཕུན་སུམ་ཚོགས་ཤིང་རིགས་ཀྱང་བྱེད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་འདིས་ཞེས་བྱ་བ ནི། ངན་སེམས་ཡོད་པ་རྣམས་ཀྱང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས། དགེ་བའི་སེམས་དང་ལྡན་ཞིང། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པའོ། །སྡང་བར་སེམས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རིག་སྔགས་འདིའི་སྟོབས་ཀྱིས་སྔགས བའི་མིང་ཞེས་བྱ་བ་ཡང་མེད་དེ། དེ་རྣམས་ཀྱང་སྙིང་རྗེ་སྐྱེ་ཞིང་སེམས་ཅན་ལ་གནོད་པར་མི་བྱེད་པའོ། །མྱོས་པར་བྱེད་པའོ། །ཞེས་བྱ་བ་ནི། གལ་ཏེ་སྡང་བའི་སེམས་དང། གནོད་པའི་སེམས་དང། སེམས་ཅན་ལ་འཚེ་བར་བྱེད་པའི་སེམས་དང་ལྡན པར་གྱུར་ན། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་དེ་རྣམས་ཀྱིས་གཏོར་ཞིང། རང་སེམས་མི་གནས་ཤིང་མྱོས་པར་འགྱུར་རོ། །རབ་ཏུ་མྱོས་པར་འགྱུར་རོ་ཞེས་བྱ་བའོ། །རེངས་པ་དང་ཞེས་བྱ་བ་ནི། གཞན་གྱི་སྔགས བཏང་བ་དང། རང་གི་མ་རུངས་པར་བྱེད་པ་རྣམས་རེངས་པར་ཕྱེད་པའོ། །གཞན་གྱི་སྔགས་ཟློག་པར་བྱེད་པ་ནི། ལི?་ག་བྲིས་ལ་ནི་གཙྪ་ཏ་ལ་སོགས་པའི་སྔགས་བྲིས་ལ་མནན་པར་བྱའོ། །གཞན་མ་རུངས་པ་འདུལ་བར་ཡང དེ་བཞིན་ནོ། །ལི་ཀའི་བྱེ་བྲག་གིས་དབྱེ་བར་བྱའོ། །རྨུགས་པ་དང། ལག་པ་དང། རྐང་པ་དང། སེམས་དང། ལྕེ་བཟུང་བར་བྱའོ་ཞེས་བྱ་བ་ནི། སྔ་མ་བཞིན་བྱས་ཏེ། ཐ་མ་ལ་པི་ས་ར་ཏ། པི་ས་ར་ཏ་ལ་སོགས་པས་བསྐོར་ཞིང་ལམ་རྒྱ་གྲམ་ལ་གནས པར་བྱ་སྟེ། གཞན་གྱི་རྦོད་གཏོང་དང། སྔགས་དང། རོ་ལངས་དང། དུག་དང། དུག་སྦྱར་མ་དང། གཞན་གྱིས་བསམ་པ་ངན་པ་བཏང་བ་ཐམས་ཅད་ལས་ཐར་པར་འགྱུར་རོ། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདིས་ནི་ཞེས བྱ་བ་ནི། གཞན་གྱིས་མི་ཐུབ་པའི་རིག་པའི་དམ་པ་རྡོ་རྗེ་ལྟ་བུ་སྟེ། གཞན་རྣམས་ཀྱིས་ཀྱང་ཐུབ་པར་མི་འགྱུར་རོ། །གང་དང་གང་དུ་ཡང་ཐར་བར་འགྱུར་རོ་ཞེས་བྱ་བ་ནི། འཇིག་རྟེན་འདིའི་སྡུག་བསྔལ་དང། འཇིག་རྟེན་གྱི་ཆོས་བརྒྱད་ཀྱང་དེ བཞིན་ཏེ། མ་རིག་པའི་མུན་པ་དང། འཁོར་བ་ནས་ཀྱང་ཐར་པར་འགྱུར་རོ། །ཀྱེ་མ་བྲམ་ཟེ་མྱ་ངན་འདས། འཇིག་རྟེན་དག་ན་སྲེད་ལས་རྒལ། ཞེས་བྱ་བ་ནི། ཚངས་པ་ཁྱོད་ཀྱིས་ཀྱང་ཐབ་མོའི་དོན་འདི་ལ་གནས་པ། མ་རིག་པའི་མུན་པ བོར་ཞི་མྱ་ངན་ལས་འདས་པའོ། །གཟུགས་དང་བསྒྲ་དང། དྲི་དང། རོ་དང། རེག་བྱ་རྣམས་བོར་ཏེ། དེ་བཞིན་དུ་མ་རིག་པ་ལ་སོགས་པའི་འདུ་བྱེད་རྣམས་སྤངས་ཏེ། འཁོར་བའི་སྡུག་བསྔལ་རྒྱ་མཚོ་འདྲ་བ་བསྒྲལ་ནས། མྱ་ངན་འདས་ཏེ། དེ་བས་ན་སྲེད་ལས་བརྒལ་ཞེས་བྱའོ། །ཁོན་དང་འཇིགས་པ་ཀུན་སྤངས་པ། རིང་མོ་ཞིག་ནས་བཟོད་མཐོང་ངོ་ཞེས་བྱ་བ་ནི། དགེ་བ་དང་སྡིག་པ་རྣམས་ཀྱིས་མི་གོས་ཏེ། བདུད་བཞིའི་འཇིག་པ་དང། འཁོར་བ་ལྟུང་བའི་འཇིགས་པ་དང། གཞན་ཡང་འཇིགས་པ་ཐམས་ཅད་དང་བྲ་ཏེ། འཁོར་བའི་གྲོང་ཁྱེར་ཞིག་ནས་ཡང་དག་པའི་ཡེ་ཤེས་མཐོང་ངོ། དེའི་ངོ་བོ་གང་ཞེ་ན། སྲིད་པ་མ་ཡིན་འདས་པ་དེ་བཞིན་ནོ། ད་ལྟར་ཡོད་པ་ལ་དེ་བཞིན་མ་ཡིན་ཏེ། སྡུན་ན་ནི་ཕྱིའམ་དབུས མ་ཡིན། དེ་བཞིན་ཡང་དག་དོན་དེ་ཡིན། །དེ་བས་ན་རིང་མོ་ཞིག་ནས་བཟོད་མཐོང་ངོ། །ཞེས་བྱའོ། །བཟོད་པ་དཀའ་ཐུབ་མཆོག་སྟེ་བཟོད་པ་ན། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད པ་བཟོད་པ་བསྒོམ་ཞིང་མཉམ་པ་ཉིད་དུ་བསྒོམ་པ་སྟེ། སྡུག་བསྔལ་བོར་ཞིང། ཤེས་བྱའི་སྒྲིབ་པ་དང། བག་ཆགས་ཀྱི་སྒྲིབ་པ་དང། བོར་ནས་ཡང་དག་པའི་ཡེ་ཤེས་ཐོབ་ཅིང་ངོ་བོ་ཉིད་དང་བྲལ་བའོ། །རབ་ཏུ་བྱུང་བ་གཞན་ལ་གནོད པ་ནི། གཞན་ལ་འཚེ་བ་དགེ་སྤྱོད་མ་ཡིན་ནོ་ཞེས་བྱ་བ་ནི། །དེ་བཞིན་གཤེགས་པའམ། བླ་མའམ། ཕ་མ་འམ། གཞན་ཡང་དེ་ལ་སོགས་པ་ལ་འཚེ་བ་ནི། དགེ་བ་གང་བྱས་ཀྱང་ཐར་པར་མི་འགྱུར་རོ། །མིག་དང་ལྡན་པས་ཡང བཞིན། བཙལ་བར་བྱས་པ་ཡོད་པས་ན། ཞེས་བྱ་བ་ནི་རང་གིས་སྤུན་ནས་མཐོང་སྟེ། འཇིག་རྟེན་པས་དེ་མཐོང་སྟེ། མ་རིག་པའི་མུན་པས་དེ་ཡང་མི་མཐོང་བའོ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང། ཞེས བྱ་བ་ནི། ཡང་དག་པའི་ཡེ་ཤེས་ཀྱི་མར་མེ་བལྟམ་སྟེ། འཁོར་བའི་མུན་པ་བསལ་ནས། འཁོར་བའི་སྡུག་བསྔལ་མཐོང་སྟེ། དེ་མཐོང་བའི་དྲན་པས་ན། མཁས་པས་འཁོར་བ་སྤངས་པའོ། །ད་ལྟར་བྱུང་དང་འདས་པ་དང། མ་འོངས་སངས་རྒྱས གང་ཡིན་པ་ཞེས་བྱ་བ་ནི། འདས་པའི་འོད་སྲུངས་ནས་སངས་རྒྱས་ར་བས་བདུན་ལ་སོགས་པ་སྟེ། ད་ལྟར་ཡོད་པ་ཤཱཀྱ་སེང་གེའོ། །མ་འོངས་པ་ཡང་དེ་བཞིན་དུ་བྱམས་པ་ལ་སོགས་པའོ། །ཐམས་ཅད་ལ་ཡང་བདག་ཕྱག་འཚལ དེ་དག་ཀུན་ལ་སྐྱབས་སུ་མཆི། ཞེས་བྱ་བ་ནི། དེ་ལྟ་བུའི་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བསམ་གྱིས་མི་ཁྱབ་པ། བདག་དང་སེམས་ཅན་རྣམས་ཀྱིས་ཀྱང་སྡིག་པ་བཤད་པའི་ཕྱིར་ཕྱག་འཚལ་ཏེ། འཇིགས་པ་ཐམས་ཅད་སྒྲོལ་བའི་ཕྱིར ན་སྐྱབས་སུ་མཆིའོ། །འཇིག་རྟེན་དགྲ་བཅོམ་བདེར་གཤེགས་པ་ལ། །ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས་ཞེས་བྱ་བ་ནི། འཇིག་རྟེན་འདིའི་སྡུག་བསྔལ་འཇོམས་ཤིང། །མུན་པ་མུན་ནག་གསལ་བར་བྱ་སྟེ། ཆོས་ཀྱི་ཉམས་མྱོང་གི་བདུད་རྩིས། སེམས་ཅན་རྣམས ལ་འཚེ་བར་བྱེད་པ་སྟེ། ཐུགས་རྗེ་ཆེ་ཞིང་བདུད་རྩི་སྣང་བ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས། ཟླ་བ་ཐར་མཛེད་སྒྲ་གཅན་ལས་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་སྤྲུལ པའི་སྐུས་ཁྱབ་སྟེ། རིག་སྔགས་འདིའི་ཆོས་ཉིད་ཀྱི་ཉམས་མྱོང་གིས་མ་རིག་བའི་མུན་པ། ཟླ་བས་བསལ་བ་བཞིན་དུ་བསལ་ཏེ། དེ་ཡང་ཆོས་ཀྱི་རང་བཞིན་ནམ་མཁའ་བཞིན་དུ་ཁྱབ་པའོ། །སྒྲ་གཅན་ཟླ་བ་མུན་སེལ་བ། །ནམ་མཁའ་དག ལ་འོད་བྱེད་ཅིང་ཞེས་བྱ་བ་ནི། འཇིག་རྟེན་ཁམས་ལ་གྲགས་པ་དང་ལྡན་པ་ཟླ་བ་ཡིན་ཏེ། ཟླ་བ་དེས་ཀྱང་མུན་པ་བསལ་ཅིང་བསལ་བར་བྱས་སོ། །དེ་བཞིན་དུ་རིག་སྔགས་ཀྱི་ཆོས་ཀྱི་ཉམས་མྱོང་གིས་མ་རིག་པའི་མུན་པ་བསལ་ཏེ འཁོར་བ་འཇོམས་སོ་ཞེས་བྱ་བ་སྒྲ་གཅན་ཞེས་བྱ་བའོ། །ལམ་མེར་འདུག་ལ་དཀར་བ་དང། རྣམ་པར་དག་པའི་འོད་དང་ལྡན་པ་ཞེས་བྱ་བ་ནི། ཆོས་ཉིད་གཞན་གྱིས་མི་གོས་ཏེ། གཞན་གྱིས་མ་བྱས་པ་རང་གིས་རང བསལ་ཏེ། རྣམ་པར་དག་ཅིང་དངོས་པོ་མེད་དེ། དངོས་པོས་ཀྱང་ངོ་བོ་ཉིད་དང་འབྲལ་ལོ། །དེ་ལྟ་བུའི་འོད་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་ལ་ཁྱབ་པའོ། །བར་སྣང་དག་ལ་མ་བཟུང་བར། སྐྱེ་དགུའི་སྒྲོན་མེ་མྱུར་དུ་ཐོང་ཞེས་བྱ་བ་ནི། སྡིག་པ་དགེ་བ་སྐྱེ་ཞིང་མི་བྱ་སྟེ། གང་ཡང་དགེ་བ་དག་ལ་གནས་བ་སྟེ། དེ་བཞིན་དུ་བྱས་པར་གྱུར་ན་མཐོ་རིས་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ནས་རིངས་བཞིན་སྒྲ་གཅན་དེ། །ལུས་ཀྱང་རྡུལ་ཞིང་སྐྲག་གྱུར་ལ་ཞེས་བྱ་བ་ནི་སྡིག་པ་བྱེད་པར་འགྱུར་ན་དམྱལ བའི་སེམས་ནི་སྲེགས་པར་འགྱུར་རོ། །དེ་བས་ན་སྡིག་པ་སྤང་པར་བྱ་སྟེ། སྡིག་པའི་མིང་ཡང་མི་བྱའོ། །ནད་པ་བཞིན་དུ་བསྟན་པ་ཡིན། །ཟླ་བ་རྣམ་པར་གཏོང་བར་བྱེད་ཅེས་བྱ་བ་ནི། དཔེར་ན་སྒྲ་གཅན་ཟིན་གྱིས་ཟླ་བ་འཛིན་པ་བཞིན་དུ། མ་རིག་པའི མུན་པས་སེམས་ཅན་འཛིན་པའོ། །ཟླ་བ་སྒྲ་གཅན་གྱིས་གཏེར་པ་བཞིན་དུ། རིག་སྔགས་ཀྱི་ཆོས་ཀྱི་ཉམས་མྱོངས། མ་རིག་པའི་མུན་པས་ཀྱང་བཏང་བའོ། །ཅིའི་ཕྱིར་ན་སྒྲ་གཅན་ཁྱོད་ལུས་ཀྱང་རྡུལ་ཞིང་སྐྲག་གྱུར་ལ་ཞེས་བྱ་བ་ནི། རྣམ་པར་སྲིད པའི་ལས་ཀྱིས་སྐྲག་པར་འགྱུར་ཏེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཀྱང་ཐར་བར་བྱང་བའོ། །ནད་པ་བཞིན་དུ་བརྟད་པ་ཡིས། །རིངས་བར་ཟླ་བ་གཏོང་བར་བྱེད་ཅེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་དེས། ཟླ་བ་སྒྲ་གཅན་གྱིས་བཟུང་བ་བཏང་བ་སྟེ།། ནད་པ་དེ་ཡང་སྨན་བཟང་པོ་སོས་པར་བྱས་ཏེ། དེ་བཞིན་དུ་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་སེམས་ཅན་ཐམས་ཅད་བདེ་བར་གནས་པའོ། །སངས་རྒྱས་ཚིགས་གཅད་འདི་བརྗོད་པས། །གལ་ཏེ་ཟླ་བ་མ་བཏང་ན་ཞེས་བྱ་བ་ནི། སྒྲ་གཅན་ཟིན་གྱིས་ཟླ་བ་བཟུང་བ བཞིན་དུ་མྱུར་དུ་མ་བཏང་ན་གཟའ་དེ་ཡང་ཉེས་པར་འགྱུར་རོ། །དེ་བཞིན་བུམ་རུངས་པའི་དོན་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་འདས་ན་མགོ་ཚལ་པ་ཚལ་པར་འགས་པར་འགྱུར་རོ། །བདག་གི་མགོ་ནི་ཚལ་པ་བདུན་དུ་འགས། གསོན ཀྱང་བདེ་བར་མི་འགྱུར་རོ། །ཞེས་བྱ་བ་ནི། ལྷ་དང། མི་དང། འབྱུར་པོ་ལ་སོགས་པ་རྣམས་ཀྱང། རིག་སྔགས་ཀྱི་དམ་ཚིག་ལས་འདས་པར་གྱུར་ན། ནད་རྣམས་ཐམས་ཅད་འབྱུང་ཞིང་འཆི་བའི་དུས་སུ་མགོ་ཚལ་པར་འགས་ཏེ། ཤི་ནས་ཀྱང དམྱལ་བ་མནར་མེད་དུ་སྐྱེའོ། །རིག་སྔགས་ཀྱི་དམོད་མོ་ཡིན་པས་གང་གིས་ཀྱང། མི་ཕན་པར་འགྱུར་རོ། །ཀྱེ་མ་བདེ་བ་གཟིགས་པ་ཡི། །སངས་རྒྱས་རྣམས་ནི་འབྱུང་བ་རྨད་ཅེས་བྱ་བ་ནི། སྨིག་རྒྱུ་དང། སྒྱུ་མ དང། རྨི་ལམ་དང། ཆུ་བུར་དང། སྦུ་བ་དང། ཆུ་ཤིང་དང། དྲི་ཟའི་གྲོང་ཁྱེར་དང་བརྒྱད་དོ། །དེ་བཞིན་དུ་སངས་རྒྱས་རྣམས་དང། འཇིག་རྟེན་གྱི་ཁམས་ཀྱང་ཡིན་ཏེ། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་ཡང་དེ བཞིན་ནོ། །དེ་ཀུན་ཡང་ཡོད་པར་ཤེས་སམ། མེད་པར་ཤེས་པ་འང་མ་ཡིན་ཏེ། མེད་བ་ཡང་མ་ཡིན། གཉིས་ཀ་ཡང་མ་ཡིན་ནོ། །སྒྱུ་མ་ཙམ་དུ་གནས་ཏེ། དེ་ཡང་སེམས་ཅན་གྱི་དོན་ལ་གནས་པའོ། །དེ་བས་ན་སངས་རྒྱས་ཀྱི ཆོས་རྨད་དུ་མེད་པ་སྟེ། སྐྱོན་རྣམས་ཀྱིས་ཀྱང་མི་གོས་པའོ། །དེ་དག་གིས་ཚིག་ནི་ཚིགས་སུ་བཅད། །བརྗོད་ན་སྒྲ་གཅན་ཟླ་བ་གང་ཞེས་བྱ་བ་ནི། དེ་ལྟ་བུའི་ཆོས་ཀྱི་རང་བཞིན་གྱིས་ནི། སྒྲ་གཅན་ཟིན་གྱིས་ཟླ་བ་སྟོང་པ་བཞིན་དུ། ནད ཀྱིས་ཀྱང་བཏང་བ་སྟེ། བདེན་པའི་ཚིག་འདིས་ཀྱང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་རོ། །བདེན་པ་དང་བདེན་པའི་ཚིག་གང་གིས། འཇིག་རྟེན་དུ་སེམས་ཅན་བརྗེད་ངས་པ་མེད་པའི་ཆོས་ཅན་འབྱུང་བ་ནི་ཞེས བྱ་བ་ནི། འཇིག་རྟེན་གྱི་ཆོས་བརྒྱད་ཀྱང་བརྗེད་ངས་པ་ཡིན་ཏེ། དང་པོ་མ་རིག་པར་བྱུང་བ་མ་རིག་པ་ལས་འདུ་བྱེད་བྱུང་སྟེ། འདུ་བྱེད་ཀྱིས་རྣམ་པར་ཤེས་པ་བྱུང་ངོ། །རྣམ་པར་ཤེས་པས་མིང་དང་གཟུགས། ། མིང་དང་གཟུགས་ཀྱི་སྐྱེ་མཆེད་དྲུག་། སྐྱེ་མཆེད་དྲུག་གིས་སྲིད་པ། སྲིད་པས་རེག་པ། རེག་པས་སྲེད་པ། སྲེད་པས་སྐྱེ་བ། སྐྱེ་བས་ལེན་པ། ལེན་པས་རྒ་ཤི་དེ་ནི་འཇིག་རྟེན་གྱི་ཆོས་ཅན་བརྗེད་ངས་པ་སྟེ། དེ་ལས་དེ འཁོར་བར་ཉོན་མོངས་སྐྱེ་བར་བྱེད་པའོ། །རྗེད་པར་མི་འགྱུར་བའི་ཆོས་ཅན་ནི། མ་རིག་པས་རྒ་ཤི་འགག་པའོ། །རྒ་ཤིས་ལེན་པ་འགག་གོ་།ལེན་པས་སྐྱེ་བ་འགག་གོ་།སྐྱེས་པས་སྲེད་པ་འགག་གོ་།སྲེད་པས་རག་པ་འགག་གོ། །རག་པས་སྲིད་པ འགག་གོ་། སྲིད་པས་སྐྱེ་མཆེན་དུག་འགག་གོ་།སྐྱེས་མཆེད་དྲུག་གི་མིང་དང་གཟུགས་འགག་གོ་།མིང་དང་གཟུགས་ཀྱིས་རྣམ་པར་ཤེས་པ་འགག་གོ་།འདུ་བྱེད་ཀྱིས་མ་རིག་པ་འགག་གོ་།དེ་འགག་པས་ན་སྐྱེ་བ་སྟེ། རིག་པ་ཤར་པ་དེ་ནི་བརྗེད ངས་པ་མེད་པའོ། །དེ་བཞིན་གཤེགས་པའོ། །ཞེས་ཡང་དག་པར་སྨྲ་བས་སྨྲ་བ་ནི་ཚིག་ཀྱང་མི་མངའ་སྟེ། དེ་བཞིན་གཤེགས་པའི་མིག་གིས་ཡང་དག་པའི་ཡེ་ཤེས་ཐོབ་ཅིང། །རིག་སྔགས་འདི་ཡང་འགྲུབ་པར་འགྱུར་རོ། །དུས་སུ་ཡང་དག་པར སྨྲ་བས་སྨྲ་བ་ཡིན་ནོ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་རྐྱེན་མེད་པར་ང་མི་སྨྲ་སྟེ། སེམས་ཅན་གྱི་དོན་ལ་རིག་སྔགས་འདི་ཡང་དག་པར་བསྟན་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས སྨྲས་པའོ། །གཞན་ཡང་ཚངས་པར་སྤྱོད་པ་ལ། ཕན་པའི་ཕྱིར་ཞེས་བྱ་བ་ནི། ཚུལ་ཁྲིམས་མ་དག་པར་བྱེད་པ་དང། སྡོམ་པ་མེད་པར་སྡོམ་པ་ལ་འཇུག་པ་དང། བདེན་པའི་ཚིག་འདི་དག་གིས་སྡོམ་པ་ལ་གནས་པར་འགྱུར་རོ། །ཡང་ན་རིག་སྔགས འདིས་སྡོམ་པ་སྲུང་བར་བྱེད་པའོ། །དེ་བཞིན་གཤེགས་པའི་ཚིག་གསུངས་པ་གང་ཡིན་པ་དེ་དག་དང། ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའོ། །བདེན་པའི་ཚིག་བདེན་པ་སྟེ། དེ་བཞིན་གཤེགས་པ་རྣམས ཀྱིས་ཡང་དག་པར་གསུངས་པའི། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཡང་དང་ཡང་དུ་བཀའ་སྩལ་པའོ། །གཞན་ཡང་ཚིག་དེ་དག་གིས་བྱ་བ་བྱེད་པའི་དོན་དང་ཞེས་བྱ་བ་ནི། རིག་སྔགས ཀྱི་རྒྱལ་མོའི་ཚིག་འདིས་གང་ཡང་འགྲུབ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱང་འགྲུབ་པའོ། །ཕན་པ་དང། བདེ་བ་ཡང་འདིས་བྱེད་པར་འགྱུར་ཞེས་བྱ་བ་ནི། རིག་སྔགས་འདིས་ཀྱང། གང་ཡང གང་གི་སྡུག་བསྔལ་ཡང་འདིས་འཇོམས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་མཐོ་རིས་འདྲེན་པ་ལ་མཐུ་ཆེ་བར་རིག་པའི་དམ་པའོ། །པདྨའི་རིགས་ཀྱི་རྡོ་རྗེའི་རིགས་ནི། མཚན་མ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས ཀྱི་རྒྱལ་མོ་བདག་ཉིད་དོ། །ཕུང་པོ་རྣམ་པར་ཤེས་པའི་ཕུང་པོ་སྟེ། ཁམས་ནི་ནམ་མཁའ་ཨི་ཁམས་སོ། །སྐྱེ་མཆེད་ནི་ཡིད་ཀྱི་སྐྱེ་མཆེད་དོ། །དེ་ཡང་ཡེ་ཤེས་ལྔའི་རང་བཞིན། སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། ཞལ གསུམ་པ། ཕྱག་དྲུག་པ། སྐུ་མདོག་མཐིང་ཀ། ཞལ་གཡས་དཀར་བ། གཡོན་དམར་བ། རྒྱན་ཐམས་ཅད་ཀྱིས་རྒྱན་པ། ཕྱག་གཡས་པ་གསུམ་ན། རྡོ་རྗེ་དང། རལ་གྲི་དང། འཁོར་ལོའོ། །གཡོན་པ་གསུམ་ན། པདྨ་དང། ཞགས་པ་དང། དགྲ སྟ་ཞབས་གཡས་བརྐྱང་བ། གཡོན་བསྐུམ་པ། པདྨའི་སྟེང་ན། ཟླ་བའི་གདན་ལ་ཉི་མའི་འོད་ཟེར་དང་ལྡན་པ། ཁྲོ་བོའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། ས་ཏི་མ་ཏི་ལ་སོགས་པའོ། །རིག་སྔགས ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་བདེན་པའི་ཚིགས་སུ་བཅད་པའི་གནས་སྐབས་ཏེ་དྲུག་པའོ། ། །།ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ཡང། བཀའ་སྩལ་པའོ། །ས བོན་གྱི་རྩ་བ་བཅུ་དང་ཞེས་བྱ་བ་ནི། ས་བོན་གྱི་རྩ་བ་བཅུ་ནི། སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང་བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང། ཐབས་དང། སྟོབས་དང། སྨོན་ལམ་དང། ཡེ་ཤེས་ཀྱི་ཕ་རོལ ཏུ་ཕྱིན་པ་དང་བཅུའོ། །དེ་ནི་ས་བོན་བཅུ་ཞེས་བྱའོ། །ས་བོན་གྱི་རྩ་བའི་ཚིག་བཅུ་དེ་བཞིན་གཤེགས་པས་གསུངས་པ་ཡོད་དོ་ཞེས་བྱ་བ་ནི། རིམ་པ་བཞིན་དུ་ས་བཅུའི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། དེ་ཡང་རབ་ཏུ་དགའ་བ་དང། དྲི་མ་མེད་པ་དང་འོད་བྱེད་པ་དང། འོད འཕྲོ་བ་དང། ཤིན་ཏུ་སྦྱང་དཀའ་བ་དང། མངོན་དུ་གྱུར་པ་དང། རིང་དུ་སོང་བ་དང། མི་གཡོ་བ་དང། ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྲིན་དང་བཅུའོ། །དེ་བས་ན་ས་བོན་གྱི་རྩ་བའི་ཚིག་བཅུ་ཞེས་བྱའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས ཀྱིས་སྨྲས་པ་ཡི། །ཚིག་དེ་དག་དེ་བཞིན་གཤེགས་པས་གསུངས་པར་འགྱུར་བ་དང། ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་བཅུའི་འབྲས་བུ་དང། ས་བཅུའི་བྱང་ཆུབ་སེམས་དཔའ་ཨི་ལམ་རྣམས་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ འཛིན་མ་ལ་བརྟེན་ཅིང། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའོ། །སྟོན་པར་འགྱུར་བ་ཡང་ཡོད་དེ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་ཅིང། ས་བཅུ་དང། དེའི་ལམ་གྱིས་བཅུ་གཅིག་ཐོབ་པའོ། །དེ་དག་བསྟན པ་འདི་ལ་ཞུགས་པའི་མི་རྣམས་ཀྱི་ཁར་བརྗོད་ན་ཞེས་བྱ་བ་ནི། བསྟན་པ་ནི་རིག་སྔགས་ཀྱི་རྒྱལ་མོའི་བསྟན་པ་སྟེ། དེ་ལ་ཞུགས་པར་གྱུར་ན་གང་ཡང་འགྲུབ་པར་འགྱུར་རོ། །གནོད་སྦྱིན་དང། སྲིན་པོ་རྣམས་ཀྱང་བྲན་བཞིན་དུ་ལས་བྱེད པར་འགྱུར་རོ་ཞེས་བྱ་བ་ནི། ?་ལམ་ནས་བྱང་ཆུབ་ཐོབ་སྟེ། ཁམས་གསུམ་གྱི་གཙོ་བོར་འགྱུར་ཞིང། དེ་རྣམས་ཀྱང་དབང་དུ་འདུས་པར་འགྱུར་རོ། །བདེན་པ་དང་བདེན་པའི་ཚིག་གང་གིས་ཕྱིར་མི་ལྡོག་པའི་སའི་ཚིག་བདེན་པ་རྣམས ལ་འཇིག་རྟེན་གྱི་མིང་གིས་མཆོག་དང་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱང་གཞན་མེད་དེ། སའི་འབྲས་བུ་ཐོབ་པ་ཡང་རང་བཞིན་དུ་གནས་ཤིང། རིག་སྔགས་ཉིད་ཀྱང་ལོགས་ན་མེད་དོ། །དེ་བཞིན་དུ་ཕྱིར་མི་ལྡོག་པའི་འབྲས་བུ་ཡང ཡིན་ཏེ། འཇིག་རྟེན་པ་དང། སངས་རྒྱས་གཉིས་སུ་མེད་ཅིང། གཉིས་སུ་ཡང་བྱར་མེད་དོ། །དེ་པས་བདེན་པའི་ཚིག་དགེ་སྦྱོང་རྣམས་ཀྱི་ནང་དགེ་སྦྱོང་སྐྱེད་དེ་བ་ཞེས་བྱ་བ་དང། ཞེས་བྱ་བ་ནི། དགེ་བའི་རྩ་བ་འདི་ལ་གཏོགས ན་བདེ་བ་ཆེན་པོ་ཐོབ་སྟེ། བདེ་བའི་ནང་ན་ཡང་དག་པར་རྫོགས་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིགས་པ་མི་མངའ་བ་ཞེས་བྱ་བ་ནི། རིག་སྔགས་འདིའི་ལམ་སྤྱོད་ཅིང། དེ་བཞིན གཤེགས་པའི་ཡང་དག་པའི་འབྲས་བུ་ཐོབ་སྟེ། བདུད་བཞི་རྣམས་ཀྱི་མི་ཐུབ་ཅིང་དྲི་མ་ཐམས་ཅད་དང་བྲལ་བའོ། །བག་ཚ་བ་མི་མངའ་བ་སྟེ། ཞེས་བྱ་བ་ནི། མཉམ་པ་ཉིད་བསྒོམ་ཞིང། ཉོན་མོངས་པའི་དྲི་མ་དང་འབྲལ་ཞིང། ཡང དག་པའི་ཡེ་ཤེས་ཐོབ་པའོ། །མི་སྐྲག་མི་འབྲོས་པའི་འཇིགས་པ་མེད་ཅིང་ཞེས་བྱ་བ་ནི། དངོས་པོ་ཡང་མེད་ཅིང། ངོ་བོ་ཡང་གང་ན་གནས་པ་མེད་དོ། །དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ལ་མི་གནས་ཏེ་དེ་བཞིན་དུ་འཇིགས པ་ཡང་སྤངས་ཤིང། སྡིག་པ་དང་དགེ་བ་ལ་ཡང་མི་གནས་པའོ། །འཇིག་པ་དང་འཇིགས་པར་བྱེད་པ་དང་བྲལ་བ་ཞེས་བྱ་བ་ནི། འཇིགས་པ་ནི་སེམས་ཡིན་ཏེ། འཇིགས་པར་བྱེད་པ་ནི། རྣམ་པར་རྟོག་པའོ། །འཇིགས་པ་སྤངས པ་ནི་རང་གི་སེམས་ཀྱི་རྟོགས་པ་ཡང་དག་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་སེམས་ཀྱི་རང་བཞིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་བསམ་ཏེ་བསམ་གྱིས་མི་ཁྱབ་པ་བསམ་གྱིས་མི་ཁྱབ་བསྒོམ་བྱས་ན། བསམ་པའི འབྲས་བུ་དེ་ཐོབ་ཅིང། སེམས་ཉིད་ཀྱིས་ནི་གང་ཡང་འགྲུབ། །འཇིགས་པ་དང་འཇིགས་པར་སྤངས་པར་བྱེད་པ་ཞེས་བྱ་བ་ནི། འཇིགས་པ་ནི་སེམས་ཀྱི་རང་བཞིན་ནོ། །འཇིགས་པར་བྱེད་པ་ནི་མ་རིག་པའི་རང་བཞིན་ཉོན་མོངས ལ་ཡིན་ཏེ། སྤངས་པ་ནི་སེམས་ཀྱི་རང་བཞིན་རྟོགས་ཤིང། གཉུག་མའི་རང་བཞིན་ཤེས་པའོ། །སྐྱི་བུང་ཞེས་བྱེད་པ་མེད་པའོ། །ཞེས་ཡང་དག་པར་སྨྲ་བར་སྨྲས་པའོ། །ཞེས་བྱ་བ་ནི། འཁོར་བ་ལ་འཇིགས་པའི་བདུད་བཞིའི་རང་བཞིན་ཉོན མོངས་པ་ཤས་ཆེ་ཞིང། དེ་ལ་ཞལ་ལྟ་བྱེད་པར་འགྱུར་བ་ནི་རིག་སྔགས་ཀྱི་རྒྱལ་མོ་ཡིན་ཏེ། དེ་རྣམས་འཇོམས་ཤིང་ཡང་ནས་ཡང་དུ་འཇོམས་པར་བྱེད་པའོ། །དུས་སུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ཏེ་ཞེས་བྱ་བ་ནི། དེ་ཡང་བདུད་རྣམས ནི་དགེ་བ་བྱེད་པའི་དུས་སུ་བར་དུ་གཅོད་དེ། དེའི་དུས་སུ་ཡང་མིང་བར་བྱེད་པ་ནི། རིག་སྔགས་ཀྱི་རྒྱལ་མོའོ། །བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་དང། རིག་སྔགས་ཀྱི་རྒྱལ་མོའི་ཆོས་ཀྱང་ལྡན་པས། གང་ཟག་དང། སེམས་ཅན་ཐམས་ཅད་འཇིགས་པ་མེད་ཅིང་བདེ་བ་སྟེ། ཡང་དག་པའི་བྱང་ཆུབ་ཐོབ་པའོ། །བདེན་པ་དང། བདེན་པའི་ཚིག་གང གིས། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཞེས་བྱ་བ་ནི། བདེ་བར་གཤེགས་པ་ཤཱཀྱ་ཐུབ་པའི་བཀའ་དང། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་ཆོས་ཀྱི་བདེན་པས། ཚུལ་ཁྲིམས་བསྲུང་བ་དང། ཚུལ་ཁྲིམས མེད་པ་རྣམས་ཚུལ་ཁྲིམས་ཐོབ་སྟེ། སྐུས་འདུལ་གསུང་གིས་འདུལ་ཏེ། དེ་འདུལ་པའི་ཕྱིར་ན་བརྟུལ་ཞུགས་ཞེས་བྱའོ། །དཀའ་ཐུབ་དང། ཚངས་བར་སྤྱོད་པ་ལ་གང་ཅི་ཡང་རུང་བ་དེ་དག་གིས་ནང་ན་ནི་ཞེས་བྱ་བ་ནི། བཀའ་དེས་ཀྱང ཚངས་པར་མི་སྤྱོད་པ་ཚངས་པར་སྤྱོད་དེ། སེམས་ཅན་ཉོན་མོངས་པ་རྣམས་ལ་སྡོམ་པར་མི་གནས་པ་སྡོམ་པར་གནས་ཤིང། རིག་སྔགས་ཀྱི་བདེན་པ་འདིས་ཀྱང་སེམས་ཅན་ཐམས་ཅད་བདེ་བར་གནས་ཤིང། སྡིག་པ་ཐམས་ཅད་ ཀྱང་སྤོང?་བར་བྱེད་པའོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཅེས་བྱ་བ་ནི། དེ་བཞིན་དུ་རིག་སྔགས་ཀྱི་བདེན་པ་འདིས་ཀྱང་འཕགས་པའི་ཚུལ་ཁྲིམས་མི་ཐོབ་པ་ཐོབ་པར་བྱས་ཏེ། སྡིག་པ་ཐམས་ཅད་ཀྱིས་མི་ཚུགས ཤིང་ཚུལ་ཁྲིམས་ལ་གནས་ཏེ། སེམས་ཅན་ཐམས་ཅད་ལ་འཕགས་པས་ན་འཕགས་པ་ཞེས་བྱའོ། །བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ནི་ལ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། བདེ་བར་གཤེགས་པའི་བཀའ་དང། རིག་སྔགས ཀྱི་བདེན་པས། གང་ཟག་དད་པ་ཅན་དང། སེམས་ཅན་ཐམས་ཅད་ལས་ཚེ་འདི་ལ་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་ཤིང། ཕྱི་མ་ལ་ཡང་དེ་བཞིན་ཏེ། ཕྱིན་ཅི་མ་ལོག་པའི་རིག་སྔགས་ཀྱི་ཕྱག་རྒྱ་ཐོབ་ཅིང། ཡང་དག་པའི་ཡེ་ཤེས་ཀྱི་ལམ ལ་འཇུག་པའོ། །གནས་བརྟན་རྒྱལ་པོའི་འུ་ཐུ་བོ་དང། འདྲ་བར་རབ་ཏུ་བྱུང་ནས་རིང་དུ་ལོན་པ་ཞེས་བྱ་བ་ནི། གནས་ལ་དབང་བྱས་ཤིང་གཞན་དགེ་སློང་རྣམས་ལ་དབང་མེད་དོ། །དེ་བཞིན་དུ་བྱས་པའི་ཕྱིར་ན་ཐུ་བོ་ཞེས་བྱའོ། །ཚངས་པར སྤྱོད་པ། མངོན་པར་སྤྱད་པ་རྣམས་ཀྱི་མཆོག། འདི་ལྟ་སྟེ་ཞེས་བྱ་བ་ནི། ཟག་པ་ཟད་པ། ཚུལ་ཁྲིམས་ལ་གནས་ནས་སེམས་ཅན་གྱི་དོན་བྱེད་པ། སྐད་ཅིག་མས་ཀྱང་མངོན་པར་ཤེས་པ། རྫུ་འཕྲུལ་དང་ལྡན་པ་ཤ་སྟག་གོ་།དགེ སློང་ཀུན་ཤེས་ཀཽ་དི་ནྱ་དང་ཞེས་བྱ་བ་ནི། སྔོན་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔར་སྐྱེས་ཙམ་ན། སྲིན་པོ་ཀཽ་དི་ནྱ་ལྔ་ཡོད་དེ། དེའི་དུས་སུ་ཡང་ཆུ་མེད་ཅིང། སྒོམས་ནད་ཡོད་པ་ལ་བྱང་ཆུབ་སེམས་དཔའ་དེས་ཀྱང་ཐ་ཆུང གཉིས་བཏང་ནས། ཀཽ་དི་ནྱ་ལྔ་ལ་བྱིན་ནས་འཐུང་ངུ་བཅུག་སྟེ། ད་ལྟར་ཡང་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཉམས་མྱོང་གིས་ཁམས་གསུམ་ཙམ་ཡང་ཀུན་ཏུ་ཤེས་ནས་དགེ་སློང་དགྲ་བཅོམ་ཐོབ་པའོ། །འདོད་པ་ཉུང་བ་སྦྱངས་པའི་བ ཡོན་ཏན་ལ་གནས་པ་དང། ཆོས་ཤེས་པ་རྣམས་ཀྱི་མཆོག་འོད་སྲུངས་ཆེན་པོ་དང་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་གྱིས་ཞིང། སྙིང་རྗེ་ཆེན་པོ་དང། བྱམས་པ་ལ་སོགས་པ་དང་ལྡན་པ་སྟེ། ཐེག་པ་ཆུང་ངུ་ན་གྱེ་སྒོ་ནས་འོད་སྲུངས་ཆེན་པོ་ཡིན་ཏེ། འདིར་དགྲ བཅོམ་པ་ཐོབ་ཅིང། སེམས་ཅན་གྱི་དོན་བྱེད་པའོ། །ཤེས་རབ་ཆེ་བ་དང། སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཤཱ་ར་དྭ་ཏིའི་བུ་དང་ཞེས་བྱ་བ་ནི། ཕྱིའི་རིགས་པ་སྦྱངས་ཤིང། བློ་དང་ལྡན་ཏེ་ཉོན་མོངས་པ་བཅོམ་ཞིང་ཉན་ཐོས་ཀྱི་གཙོ་བོར་གྱུར་ཅིང། སེམས ཅན་གྱི་དོན་བྱས་པའོ། །མིའི་མིང་ནས་ཀྱང་བོས་པའི་ཕྱིར་ན་ཤཱ་རདྭ་ཏིའི་བུ་ཞེས་བྱའོ། །རྫུ་འཕྲུལ་ཆེ་བ་རྣམས་ཀྱི་མཆོག། ཤཱ་རིའི་བུ་དང། རྫུ་འཕྲུལ་ཆེ་བ་དང། མཐུ་ཆེ་བ་རྣམས་ཀྱི་མཆོག། མཽངྒལ་གྱི་བུ་ཆེན་པོ་དང་ཞེས་བྱ་བ་ནི། རི་རབ་རེ་རེ་ལ རྐང་པ་བཞག་ཅིང། བདུན་བདུན་ལ་འགོང་ནུས་ཏེ་དེ་བཞིན་དུ་ཡང་མཐུ་དང་ལྡན་པ། བྲམ་ཟེའི་རིགས་སུ་སྐྱེས་ནས་ཆོས་ཀྱི་ང་ཊརྒྱལ་དང་ལྡན་པའོ། དེ་ཡང་མའི་མིང་ནས་བཏགས་པའོ། །ལྷའི་མིག་དང་ལྡན་པ་རྣམས་ཀྱི་མ་འགགས་པ་དང། ཞེས བྱ་བ་ནི། མཐོང་བ་ལ་ནི་མ་འགགས་པ་ཡིན་ཏེ། ཁམས་གསུམ་གྱི་བྱ་བ་ཐམས་ཅད་དུས་གཅིག་ཏུ་མཐོང་བའོ། །མཐོང་བ་ལ་འགགས་པ་མེད་པའི་ཕྱིར་ན་མ་འགགས་པའོ། མང་དུ་ཐོས་པ་རྣམས་ཀྱིས་མཆོག་ཀུན་དགའ་བོ་དང་ཞེས་བྱ་བ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་མ་ལུས་པར་ཐོས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཆོས་ལ་སོགས་པ་ནི། ཀུན་དགའ་བོ་ལ་གཏང་བའོ། །སེམས་ཅན་ཐམས་ཅད་དགའ་བའི་ཕྱིར་ནི་ཀུན་དགའ་བོ་ཞེས་བྱའོ། །འདུལ་བ་འཛིན་པ་རྣམས་ཀྱི མཆོག་ཉེ་བར་འཁོར་དང་ཞེས་བྱ་བ་ནི། སྐུ་དང་གསུངས་དང། ཐུགས་ཐུལ་བས་འདུལ་བ་འཛིན་པ་སྟེ། དེ་འདུལ་བའི་ཕྱིར་ན་ཉེ་བར་འཁོར་ཞེས་བྱའོ། །ཆོས་སྨྲ་བ་རྣམས་ཀྱི་མཆོག་བྱམས་པའི་བུ་གང་པོ་དང་ཞེས་བྱ་བ་ནི། སེམས་ཅན ལ་མི་འཛིན་ངག་ནས་སྨྲ་བ་ཐོགས་པ་མེད་དེ། མའི་མིང་ནས་བོས་པའི་ཕྱིར་ན་བྱམས་པའི་བུ་གང་པོ་ཞེས་པའོ། །བསླབ་པ་ལ་གུས་པ་རྣམས་ཀྱི་མཆོག་སྒྲ་གཅན་ཟིན་དང་ཞེས་བྱ་བ་ནི། ལྷའི་གདོན་ལ་སོགས་པ་བཅོམ་པ་ཐོབ་སྟེ། ཉི་མ་གཟས་ཟིན་པའི་དུས་སུ་སྐྱེས་པའི་ཕྱིར་སྒྲ་གཅན་ཟིན་ཞེས་བྱའོ། །མལ་ཅ་དང་སྟན་སྐོ་བ་རྣམས་ཀྱི་མཆོག་གྱད་ནོར་བུ་དང་ཞེས་བྱ་བ་ནི། བཅོམ་ལྡན་འདས་དང་དགྲ་བཅོམ་པ་རྣམས་ལ་གུས་བར་བྱས་ན་ཚོགས་གསོག་པར་བྱའོ། །སེང་གེ་སྒྲ་སྒྲོགས པ་རྣམས་ཀྱི་མཆོག་བ་ར་དྷཝ?་ཛ་བསོད་སྙོམས་ལན་དང་ཞེས་བྱ་བ་ནི། འཇིགས་མེད་ཅིང་ཁམས་གསུམ་ཙམ་ལ་ཡང་སྒྲ་སྒྲོགས་ཏེ། སེམས་ཅན་གྱི་དགེ་བའི་རྩ་བ་བསོད་སྙོམས་བསླངས་པས་འཕེལ་བའི་ཕྱིར་ན། བསོད་སྙོམས་ལེན་ཞེས བྱའོ། །ཁྱིམ་པ་དད་པ་སྐྱེམ་པ་རྣམས་ཀྱི་མཆོག། ནག་པོ་འཆར་ཀ་དང་ཞེས་བྱ་བ་ནི། མ་རིག་རྣམས་རིག་པར་འཇུག་སྟེ། ཁམས་གསུམ་གྱི་སེམས་ཅན་རྣམས་མ་ལུས་པར། མ་དད་པ་དད་པའི་ཕྱིར་ན་ནག་པོ་འཆར་ཀ་ཞེས་བྱའོ། །ལྷ་དང མིས་མཆོད་པ་རྣམས་ཀྱི་མཆོག་ལེགས་མཐོང་བདེན་པ་དང་ཞེས་བྱ་བ་ནི། རྫུ་འཕྲུལ་གྱིས་ཀྱང་ཁམས་གསུམ་ཙམ་ཡང་དད་པར་བྱ་སྟེ། དད་པ་དེས་ཀྱང་ཡང་དག་བར་མཆོད་པར་འོས་པ། དེ་རྣམས་ཀྱིས་མཆོད་པའི་ཕྱིར་ན་ལེགས་མཐོང གི་བདེན་པ་ཞེས་བྱའོ། །བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་དང། རིག་སྔགས་ཀྱི་བདེན་པ་དང། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱི་ཡོན་ཏན གྱི་ངེས་ཚིག་དང། གང་ཟག་དང། སེམས་ཅན་ཐམས་ཅད་བདེ་བར་གནས་ཤིང། ནད་ཐམས་ཅད་དང་འབྲལ་བའོ། །ཡོངས་སུ་བསྐྱབས་པ་དང་ཞེས་བྱ་བ་ལ་སོགས་པ་ནི། དེ་རྣམས་ཀྱི་བདེན་པ་དང། སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང། རིག སྔགས་ཀྱི་ཕྱག་རྒྱས་བཏབ་པའོ། །རྒྱལ་པོ་འམ་ཞེས་བྱ་བ་ལ་སོགས་པ་ནི། བདེན་པ་དང་བདེན་པའི་ཚིག་གིས་དེ་རྣམས་ཀྱི་འཇིགས་པ་མེད་ཅིང། བདེ་བ་ལ་གནས་ཏེ་ཀུན་ཀྱང་བདེ་བའོ། །བདེན་པ་དང། བདེན་པའི་ཚིག་གང་གིས་སེམས་ཅན་ཞེས བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེས་ཐུགས་རྗེ་ཅན་གྱི་བཀའ་དང། རིག་སྔགས་ཀྱི་རྒྱལ་མོའི་གསང་སྔགས་རྗེས་སུ་འཛིན་པའི་བདེན་པ་དང། ཆོས་ཀྱི་བདེན་པ་དང། ཉན་ཐོས་རྣམས་ཀྱི་རྫུ་འཕྲུལ་རྣམས་ཀྱིས བདེ་ལེགས་སུ་འགྱུར་རོ། །རྐང་པ་མེད་པ་འམ་ཞེས་བྱ་བ་ལ་སོགས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རིགས་མི་གཅིག་རྣམས་ལ་བདེན་པ་དེས་བདེ་བར་བྱས་ཤིང། སྡུག བསྔལ་ཐམས་ཅད་དང་བྲལ་ཏེ། སེམས་ཅན་དེ་རྣམས་ཀྱང་བྱང་ཆུབ་ཀྱི་ལམ་ལ་དགོད་པའོ། །དེ་བཞིན་གཤེགས་པ་མཆོག་ཅེས་བྱ་སྟེ་ཞེས་བྱ་བ་ནི། བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་གམ་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་པ་འོད་སྲུང་ནས་འདས པའི་སངས་རྒྱས་རབས་བདུན་ལ་སོགས་པ་དང། མ་འོངས་པའི་སངས་རྒྱས་བྱམས་པ་ལ་སོགས་པ་ཡང་དེ་བཞིན་ནོ། །ད་ལྟར་ཡོད་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཀྱང་རིག་སྔགས་ཀྱི་ཕྱག་རྒྱས་བཏབ་ཅིང་བདེན་པ་བཀའ་སྩལ པའོ། །བདེན་པ་དང། བདེན་པའི་ཚིག་ངེས་མིང་འདི་ཞེས་བྱ་བསྲུང་བར་བྱའོ། །སངས་རྒྱས་དེ་རྣམས་ཀྱི་བདེན་པ་དང། རིག་སྔགས་ཀྱི་རྒྱལ་མོའི་ཆོས་ཀྱི་བདེན་པ་དང། བདེན་པ་དེ་དག་གིས་ཀྱང་སེམས་ཅན་རྣམས་ལ་བདེ་བར བྱས་ཏེ། སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང། ཡང་དག་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ལ་སོགས་པ་ནི། སེམས་ཅན་ཐམས་ཅད་ཀྱང་བདེ་བ་ལ་བཀོད་དེ། ནམས་ཀྱེ་བའི་དུས་སུ་ཕུན་སུམ་ཚོགས་པར་སྐྱེ ཆོས་འདི་དང་ཡང་མི་འབྲལ་བར་འགྱུར་རོ། །བདེན་པ་དང། བདེན་བའི་ཚིག་གང་གིས་ཤེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་ཐུགས་རྗེ་ཆེ་ཞིང་སེམས་ཅན་རྣམས་ཀྱི་དོན་མཛད་པ་སྟེ། དེ་རྣམས་ཀྱི ཡང་གང་དང་གང་འདོད་པ་འགྲུབ་པའོ། །འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་ཇི་སྙེད་ཡོད་པ་དེ་དག་གང་གི་ནང་ན། འདོད་ཆགས་དང་བྲལ་བ་མཆོག་ཅེས་བྱ་སྟེ། ཞེས་བྱ་བ་ནི། འདུ་བྱེད་ཀྱི་མ་རིག་པ་བཀག་སྟེ་མ་རིག་པས་རྒ་བའི ལ་སོགས་པ་བཀག་ནས། འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་མིང་ཡང་མེད་དེ། དེས་ན་ཉོན་མོངས་པ་ལ་སོགས་པ་དང་བྲལ་ཞིང། ཤེས་བྱའི་སྒྲིབ་པ་དང། བག་ཆགས་ཀྱི་སྒྲིབས་པས་མ་གོས་པའོ། །བདེན་པ་དང། བདེ་བའི ཚིག་དེས་མིང་འདི་ཞེས་བྱ་བ་སྲུང་བར་བྱའོ། །ཞེས་བྱ་བ་ནི། དེ་ལྟ་བུའི་རིག་སྔགས་དང། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡིན་ཏེ། བདེན་པ་ནི་སངས་རྒྱས་རྣམས་ཀྱི་བཀའ་ཨོ། །བདེན་པའི་ཚིག་ནི་རིག་སྔགས་ཀྱི རྒྱལ་མོ་ཉིད་དོ། །གང་ཟག་དང་སེམས་ཅན་རྣམས་ལ་རིག་སྔགས་ཀྱི་རྒྱལ་མོའི་བདེན་པའི་ཚིག་གིས་ཡང་དག་པར་བསྲུང་བར་བྱས་པའོ། །ཡོངས་སུ་བསྐྱབ་བ་དན་ཞེས་བྱ་བ་ལ་སོགས་བ་ནི། བདེ་བ་ལ་གནས་ཤིང་?? དང། ཚེ་ཕྱི་མ་རྣམས་ཀྱང་སྡུག་བསྔལ་དང་བྲལ་ཞིང། ཡང་དག་པའི་བྱང་ཆུབ་ཐོབ་པའོ། །བདེན་པ་དང། བདེན་པའི་ཚིག་གང་གིས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་བདེན་པའི་ཚིག་གིས་གང་འགྲུབ་ཅིང། རིག་སྔགས ཀྱི་ངོ་བོ་ཐོབ་པའོ། །ཚོགས་སམ། འདུས་པ་འམ། མང་པོ་འམ། འཁོར་ཇི་སྙེད་ཅིག་ཡོད་པ་དེ་དག་གི་ནང་ན་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཅེས་བྱ་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དང། ཉན་ཐོས དགྲ་བཅོམ་པ་དང། ལྷ་དང་བྲམ་ཟེ་དང། རྒྱལ་པོ་ལ་སོགས་པའི་མི་རྣམས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚོགས་པའི་བདེན་པས་ཀྱང་བདེ་བར་གནས་པའོ། །བདེན་པ་དང་བདེན་པའི་ཚིག་དེས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི བདེན་པའི་ཚིག་སྨྲས་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀའ་ཚོགས་འདུས་པ་དང། དེའི་བདེན་པས་བདེ་ལེགས་ཀྱི་བཀྲ་ཤིས་སྟེ། དགྲའི་ཚོགས་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །རྒྱལ་ཁམས་དང། ཡུལ འཁོར་རམ་ཞེས་བྱ་བ་ལ་སོགས་པ་ནི་བདེན་པའི་ཚིག་དེ་དག་གིས་ཀྱང་ཡུལ་འཁོར་རྣམས་ལ་སྲུང་སྟེ། མི་ནད་དང། ཕྱུགས་ནད་དང། ནད་དུ་མ་རུང་བ་འདྲེ་གདོན་ཞུགས་པ་དང། དེ་ལ་སོགས་པ་ནད་ཐམས་ཅད་འབྱུང་བ་དེ་མེད ཅིང་བརླག་པར་འགྱུར་ཏེ། དེ་བཞིན་དུ་ཞིང་ལ་གནོད་པ་དང་སད་པ་དང་སེར་བ་དང། འབྲུ་དང། འབྲུམ་བུ་དང། བཙའ་དང། ནེ་ཙོ་དང། རི་བོང་དང། རི་དགས་དང། བྱི་བ་ལ་སོགས་པ་ཞིང་ལ་གནོད་པའི་སེམས་ཅན་རྣམས་ཀྱིས་ཀྱང མི་ཚུགས་ཤིང་སེམས་ཅན་རྣམས་ལ་བདེ་བར་བྱས་པའོ། །ནད་པ་འདི་ལ་བསྲུང་བར་བྱའོ་ཞེས་བྱ་བ་ནི། ཆོ་ག་དང། བསྲུང་བ་གཉིས་ཀྱི་སྲུང་སྟེ། སྲུང་བ་ནི་གང་ཞེ་ན། བསྲུང་བའི་འཁོར་ལོ་དང། དལ་གྱི་ཆོ་གས་བསྲུང་བའོ། བདག་གིས་འདིར་བཤད་པའོ། །དཀྱིལ་འཁོར་བཟང་པོ་ས་གཞི་ལ། བ་ཡི་རྣམ་ལྔ་བྱུགས་པ་སྟེ། ཆུ་དང་ལྕི་བ་སར་བསྲེས་པ། །ལྕི་བ་དང་ནི་ས་ཡི་སྔགས་ཆུ་དང་རི་མོའི་སྔགས་ཀྱིས་ནི། མཎྜལ་ལེགས་པར་ཕྱུག་པར བྱ། །ཚོན་ནི་སྣ་ཚོགས་ལེགས་བྲིས་ལ། །དཀྱིལ་འཁོར་མཉམ་པ་ཉིད་དུ་བྲི། །གྲུ་བཞི་སྒོ་བཞི་ཏྭ་ར་བཞི་དྲ་བ་ཕྱེད་ཀྱིས་མཛེས་པ་ལ། །མུ་ཏིག་ཕྲེང་བཅས་རྣམས་པར་བརྒྱན། རིན་ཆེན་ལྔ་ཡི་གཞལ་ཡས་ཁང། མཛེས་པ དེ་ནི་མཁས་པས་བྲི། །དང་པོ་ནམ་མཁའ་རླུང་ཆགས་པ། །མེ་དང་ཆུ་དང་ས་ཆགས་ཏེ། །དེ་བཞིན་རི་རབ་རྩེ་མོ་ལ། །པདྨའི་སྟེང་དུ་རྒྱ་གྲམ་སྟེ། འོག་དང་སྟེང་དང་ལོགས་རྣམས་སུ། །སྣ་ཚོགས་རྡོ་རྗེའི་གུར་དུ་བསམ། །དེ་ཕྱིར་རྡོ་རྗེའི དྲ་བ་ལ། །རླུང་དང་མེ་སའི་ཡུལ་དུ་འཁྱམ། །ཕྱི་རྒྱ་ཁོ་ར་ཁོར་ཡུག་དང། །དེ་རྩར་མདའི་དྲ་བ་འབར། །དེ་ཕྱིར་འོག་དང་སྟེང་དང་ནི། །ཕྱོགས་བཞི་མཚམས་སུ་མེ་ཡིས་བསྐོར། །འོག་ནི་རྡོ་རྗེ་ས་གཞི་སྟེ། དེ་སྟེང་རྡོ་རྗེ་བླ་རེས་བརྒྱན། དེ་འོག་རྡོ་རྗེ ས་གཞི་ལ། གཞལ་ཡས་ཁང་གིས་དབུས་སུ་ཤེས། །དབུས་སུ་སྣ་ཚོགས་པདྨ་སྟེ། །ཕྱིར་ནི་འཁོར་རྩིབས་བརྒྱད་དོ། །དེ་ཕྱིར་ལྷ་རྣམས་ཟླུམ་བུ་སྟེ། གཟའ་དང་རྒྱུ་སྐར་གནས་པའོ། །ཕྱི་རོལ་ལྷ་རྣམས་གླུ་བཞི་ལ། །ཕྱོགས་སྐྱོང ཡང་ནི་དེར་གནས་སོ། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་གི་སྒོ་བཞི་དང་པོ་ལ། །རྒྱལ་པོ་བཞི་ཡང་དེར་བཞུགས་སོ། །དབུས་སུ་སྣ་ཚོགས་པདྨ་ལ། །ཡེ་ཤེས་ལྷ་མོ་ལྔ་ཡང་བཞུགས། །མཚམས་བཞི་པདྨ་སྟོང་པ་ལ། །མཆོད པའི་ལྷ་མོ་བཞི་གནས་སོ། །དབུས་སུ་ལྟེ་བ་ཟླ་བའི་གདན། །གསང་སྔགས་འཛིན་མ་དེར་བཞུགས་སོ། །དཀྱིལ་འཁོར་གྱི་བྱ་ཐབས་སོ། །རིག་སྔགས་བུམ་པ་ལྔ་བོ་སྟེ། མཚམས་མ་ལྡན་ཞིང་ནག་པོ་མེད། རྩ་བ་ཡངས་པ་མཆུ འཆང་བ། །དབྱིབས་ནི་ལེགས་ཤིང་ལྟོ་བ་ཆེ། །དེ་ལྟ་བུའི་མཚན་ལྡན་ལ། ། ཀ་རུ་འམ་གུ་གུལ་བདུག་པར་བྱ། །རིན་ཆེན་ལྔ་དང་འབྲུ་ལྔ་དང། དྲི་ལྔ་སྨན་ལྔ་དེ་བཞིན་ཏེ། འབྲས་བུ་ཅན་གྱི་ཤིང་ལྔ་ཡི། །ལོ་མས་ཁ་ལ རྣམ་པར་བརྒྱན། །བདུད་རྩི་ལྔ་དང་སྙིང་པོ་ལྔ། །དེ་བཞིན་མགུལ་ཆིངས་གདུགས་ཀྱིས་བརྒྱན། །རིམ་བཞིན་དཀྱིལ་འཁོར་དགོད་པར་བྱ། །ཡན་ལག་དང་ནི་གཏོར་མ་དང། བདག་གིས་འདིར་ནི་མ་བཤད་དེ། །གཞན་ལ་ལྟོས་ལ་ཤེས པར་གྱིས། །རྡོ་རྗེ་སློབ་དཔོན་དགེ་སློང་གིས། །ཁ་ཟས་དཀར་པོ་བརྟེན་ནས་སུ། །ཆོ་ག་ཡང་དག་བསམ་པར་གྱིས། །ཁེངས་པ་མེད་ཅིང་ང་རྒྱལ་སྤངས། །ཉོན་མོངས་ཤས་ནི་མི་ཆེ་ཞིང། །བྱམས་པ་སྙིང་རྗེ་དགའ་བ་དང། བཏང་སྙོམས་ལ་ནི་ཡང་དག་འཇུག། ཡི གེ་བཞི་པའི་སྔགས་ཀྱིས་ནི། །དགུག་པ་བཞུགས་བཅིང་བ་དང། །ཡེ་ཤེས་ལྟ་ནི་དགྱེས་པར་འགྱུར། །སྲོ་མ་མཁན་ལ་སོགས་བསངས་གཏོར་བྱ། བསྙེན་པ་ཆོ་ག་ཡང་དག་བཟུང། །མཆོད་སྟོད་ལ་སོགས་བྱས་ནས་སུ། ཐུན་གཏོར་ལ་སོགས་གཏང་བར་བྱ། །ཕྱོགས སྐྱོང་བཅུ་དང་རྒྱལ་པོ་དང། གཟའ་དང་སྐར་མ་འབྱུང་པོ་རྣམས། །རྗེས་མཐུན་གཏོར་མ་བྱིན་ནས་སུ། །དེ་ལ་མཆོད་པ་བསྟོད་པ་བྱ། །རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས། །ནད་པ་ཡུལ་འཁོར་ཡང་དག་བསྲུང། །སེམས་ཅན་ལ་ནི་སྙིང་རྗེའི་ཕྱིར། །རིམ གྲོའི་ཆོ་ག་ཡང་དག་བཤད། །དེ་ནི་དཀྱིལ་འཁོར་བྱེད་པའི་བྱ་ཐབས་སོ། །འཁོར་ལོ་རིམ་པ་བཅུ་བྲིས་ལ། །སྔར་བཤད་ལས་ཀྱི་སྙིང་པོ་དགོད། །ཕྱི་རོལ་འཁོར་ལོའི་ར་བ་ལ། །ཕྱག་མཚན་ཕྱག་རྒྱ་དགོད་པ་ནི། །མཉམ་གཞག་བྱང་ཆུབ མཆོག་དང་ནི། །ཆོས་འཆད་སྐྱབས་སྦྱིན་མཆོག་སྦྱིན་དང། ས་གནོན་ཆོས་སྦྱིན་ཕྱག་སྐོར་བ། །བུམ་རྟེན་རྡོ་རྗེ་རིན་ཆེན་དང། །རལ་གྲིའི་སྟེང་ན་རྡོ་རྗེ་དང། །དེ་བཞིན་པདྨ་དེ་བཞིན་ནོ། །འཁོར་ལོ་ལྕགས་ཀྱུ་རྡོ་རྗེ་དང། །དེ་བཞིན་འཁོར་ལོའི་ཕྱག་རྒྱས བསྐོར། །པདྨའི་སྟེང་ན་ཕྱག་མཚན་གནས། སྡོང་བུ་དར་གྱིས་བཅིངས་པ་ལ། །རྒྱས་པར་ཡང་ནི་བྲི་བར་བྱ། །འཁོར་ལོ་གཉིས་པ་ཟླུམ་པོ་ལ། །པདྨ་རྡོ་རྗེ་ཡང་དག་བྲི། །བདེ་བར་གསང་སྔགས་ཡི་གེ་དགོད་པར་བྱ། །དེ་ནད་གསུམ་པོ་མུ་ཁྱུད་ལ། །སྔར བཤད་སྔགས་ཀྱིས་བསྐོར་བ་བྱ། དེ་ནད་མུ་ཁྱུད་གཅིག་བུ་ལ། །འཁོར་ལོའི་རིམ་པ་དེ་བཞིན་ཤེས། །འཁོར་ལོའི་ནང་དུ་མུ་ཁྱུད་དེ། །སྔར་བཤད་སྔགས་ནི་བྲི་བར་བྱ། །དེ་ཡི་ནང་ན་འཁོར་ལོ་ལ་པདྨའི་ར་བ་ཤེས་པའོ། །འཁོར་ལོ་ལྟེ བར་མུ་ཁྱུད་དང། །སྙིང་པོ་ཡི་ནི་སྔགས་བཞིན་ནོ། ལྟེ་སྔགས་ཡི་གེ་བྲི་བ་སྟེ། བློ་དང་ལྡན་པས་བྲི་བར་བྱ། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མའི་དཀྱིལ་འཁོར་དང། །སྲུང་པའི་འཁོར་ལོ་བཤད་པའི་གནས སྐབས་ཏེ་བདུན་པའོ། །ཡོངས་སུ་བསྐྱབ་པ་དང། ཞེས་བྱ་བ་ལ་སོགས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང། རིག་སྔགས་ཀྱི་བདེན་པ་དང། སྲུང་བ་དེ་རྣམས་ཀྱིས་ཀྱང། །སྡུག་བསྔལ་ཐམས་ཅད་དང་བྲལ ཞིང། བདེ་བར་གནས་ཏེ། སྲུང་བ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའོ། འབྱུང་པོ་ཐམས་ཅད་བཟློག་པར་བྱའོ། །ཞེས་བྱ་བ་ནི། བདེན་པ་འདིས་ལྷའི་གདོན་ལ་སོགས་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང། བདེན་པར གནས་ཤིང་འཇིགས་པ་མེད་པར་གནས་པའོ། གཟི་བརྗིད་འཕྲོག་པ་རྣམས་བཟློག་པར་བྱའོ་ཞེས་བྱ་བ་ནི་མ་རུངས་པའི་བྱིས་པའི་གདོན་རྣམས་ཡིན་ཏེ། མའི་མངལ་ནས་འཛིན་ཅིང། སྐྱེས་ནས་ལོ་བཅུ་གཉིས་བར་དུ་འཛིན་པའོ། དེའི་ཕྱིར ན་སེམས་ཅན་ལ་གཟི་སྦྱིན་འཕྲོག་པ་ཡིན་ཏེ། བདེན་པ་དེ་ཡིས་བདེ་བར་གནས་ཤིང། མངལ་ན་ཡང་འདི་ལྟ་སྟེ། སྐྱེས་ནས་ཀྱང་བདེ་པའོ། ལོ་བཅུ་གཉིས་ནས་ཀྱང་བདེ་བར་འགྱུར་རོ། བདེན་པའི་ཚིག་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི སངས་རྒྱས་ཀྱི་བཀའ་དང། རིག་སྔགས་ཀྱི་བདེན་པས་བདེ་བར་གནས་ཏེ་ཐེ་ཚོམ་མེད་དོ། །གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི། འདས་པ་དང། མ་འོངས་པ དང། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཡིན་ཏེ། འདས་པ་རྣམས་ནི་མར་མེ་མཛད་ལ་སོགས་པ་བསམ་གྱིས་མི་ཁྱབ་སྟེ། མི་འོངས་པ་རྣམས་ཀྱང་དེ་བཞིན་དུ་བྱམས་པ་ལ་སོགས་པའོ། ད་ལྟར་ཡོད་པའི་ཤཱཀྱ་ཐུབ་པས་ཀྱང་བདུད་བཞི བཅོམ་པས་སྟོན་པར་བྱས་པའོ། ངས་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཟད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། འདོད་ཆགས་ནི་ཕུང་པོའི་བདུད་དེ། ཞེ་སྡང་ནི་ཉོན་མོངས་པའི་བདུད་དོ། །གཏི་མུག་ནི་འཆི་བདག་གི་བདུད་ཡིན་ཏེ། དེ་འཇོམས་པ་ནི ལྷའི་བུའི་བདུད་དོ། སངས་རྒྱས་རྣམས་ཀྱིས་བདུད་བཞི་བཅོམ་ཞིང། འཁོར་བ་མ་ལུས་པར་བཅོམ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་དང། ཞེས་བྱ་བ་ནི་བདུད་བཞི་བཅོམ་ནས། སེམས ཅན་གྱི་དོན་ལ། སྤྲུལ་པའི་སྐུས་ཁྱབ་ནས་ཆོས་སྟོན་པའོ། །བཤད་པ་དང། བརྗོད་པའི་ཞེས་བྱ་བ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་ནས། སྐུ་མྱ་ངན་ལས་འདས་པའོ། དེ་ཡང་སེམས་ཅན་གྱི་དོན་ལ་ཡིན་ནོ། བདེན་པ་དང། བདེན་པའི ཚིག་དེས་མིང་འདི་ཞེས་བྱ་བའི་ནད་བཞི་བརྒྱ་རྩ་བཞི་ཟད་པར་གྱུར་ཅིག་ཅེས་བྱ་བ་ནི། དེ་བཞིན་དུ་དེའི་བདེན་པས། བདག་དང་སེམས་ཅན་ཐམས་ཅད་བདེ་བར་འགྱུར་ཞིང། ནད་ཐམས་ཅད་ཞི་བར་འགྱུར་རོ། ནད་མེད་པར་གྱུར་ཅིག་།ཞི་བར་གྱུར་ཅིག། རབ་ཏུ་ཞི་བར་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདིས། ནད་ཐམས་ཅད་བཅོམ་པར་བྱས་ཏེ། གདོན་ཐམས་ཅད་བརླག་བར་བྱས་ནས། རླུང་དང། བད་ཀན་དང། མཁྲིས་པ་དང། འདུས་པ་དང། ལྡན་པ ལ་སོགས་པའི་ནད་རིགས་མི་གཅིག་པ་བཞི་བརྒྱ་རྩ་བཞི་བཅོམ་ནས། ནད་པ་རྣམས་བདེ་བར་གནས་བར་བྱེད་པའོ། །བདེན་པ་ནི་འདི་ཡིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འབྲས་བུ་ཐུབ་པའོ། །རིག་སྔགས་ཀྱི་རྒྱལ མོ་གསང་སྔགས་རྗེས་སུ་འཛིན་མའི། བདེན་པའི་ཚིག་གིས་ནད་པ་གསོ་བའི་གནས་སྐབས་ཏེ་བརྒྱད་པའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་པོ་གསང་སྔགས་རྗེས་སུ་འཛིན་མའི་ཚིག་འདི་བཀའ་སྩལ པའོ། །ཚེ་དང་ལྡན་པ་ཀུན་དགའ་བོས། །བཙུན་པ་དེ་བཞིན་བགྱིའོ། །ཞེས་བྱ་བ་གསོལ་ཏོ། །ཞེས་བྱ་བ་ནི། ཀུན་དགའ་བོས་ཐུགས་སུ་ཆུད་ནས། གྲོ་ག་འམ། ཤིང་ཤུན་ནམ། རས་ལ་བྲིས་ནས། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས ཏེ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཡངས་པའི་གྲོང་ཁྱེར་དུ་སོང་སྟེ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཀུན་དགའ་བོས་སེམས་ཅན་ཐམས་ཅད་དང། ཡངས་པ་ཅན་གྱི་སེམས་ཅན་རྣམས་ཀྱི། མི་ནད་དང། ཕྱུགས་ནད་དང། མུ་གེ་དང། ཆོས་རྣམས་ཀྱང་བཤད་དུ་མིང་བཏུབ་ཅིང། མ་རུངས་པ་འབྱུང་པོ་རྣམས་ཀྱིས་ཁྱེར་བའི་ཕྱིར་རོ། །སྒོའི་ཐེམ་པ་ལ་རྐང་པ་བཞག་ནས་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུ་ཡུལ་ལྷའི་ཐེམ་པ་ལ་མནན་ནས རིག་སྔགས་ཀྱི་ང་རྒྱལ་བྱས་ནས། རྒྱལ་མཚན་ལག་ན་ཐོགས་ནས། སེང་གེའི་སྒྲ་སྒྲགས་སོ། །གསང་སྔགས་ཀྱི་གཞི་འདི་དག་དང། ཚིགས་སུ་གཅད་པ་འདི་དག་ཀྱང་སྨྲས་སོ། །ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཀུན་དགའ་བོའི་ཞལ་ནས། ཉི་མའི་སྟོང ཕྲག་བརྒྱ་ཤར་བ་བཞིན་དུ། འོད་གཟེར་རེ་རེས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་ཁྲོ་བའི་ཚུལ་གྱིས་བསམ་མི་ཁྱབ་པ་འཕྲོས་ཏེ། གྲོང་ཁྱེར་ཡངས་པ་ཅན་དུ་ཞུགས་པའི་ལྷ་འདྲ་རྣམས་དེའི་འོད་ཟེར་གྱི་ཁྲོ བོས་ལྷ་འདྲེ་རྣམས་ཕྱིར་ཕྱུང་སྟེ། །རིག་སྔགས་ཀྱི་དམོད་མོས་མི་ཐེགས་པས་གཟུགས་སྣ་ཚོགས་སྟོན་ཅིང་བྲོས་སོ། །རིགས་སྔགས་ཀྱི་ཚིག་ནི་བི་ས་ར་ཏ། བི་ས་ར་ཏ་ཞེས་པ་ལ་སོགས་པའོ། །དེའི་སྔགས་ཡུངས་ཀར་བསྲེས་པ་ཕྱོགས་བཞིར། གཏོར་བས་ལྷ་འདྲེ་ཐམས་ཅད་ཀྱིས་མི་ཚུགས་སོ། །མི་རྒཙྪ་ཏ་ནི་རྒཙྪ་ཏ་ལ་སོགས་པའི་སྔགས་ཀྱིས། སེང་ལྡེང་གི་མེ་ཕྱོགས་བཞི་མཚམས་བཞིར་སྦར་ལ་མཚམས་བཞི་ནས་བླངས་ལ། །ཡུངས་ཀར་དང། སྐྱེ་ཚེ་དང། ཤིང་ཚེར་མ། ཅན་བསྲེས?་པ། མེའི་ནང་དུ་གཏོར་རོ། །ཕྱོགས་བཞི་མཚམས་བཞི་ནས་ཆུ་གཏོར། །དེ་ན་བཞུགས་པའི་འགྱུར་པོ་རྣམས་ཀྱི་མི་ཚུགས་ཤིང། ཕྱིར་འབྱུང་ངོ། སུ་མ་སུ་ལ་སོགས་པའི་སྔགས་ཀྱིས་སྲུང་སྐུད་སྣ་ལྔ་བསྔགས་ཤིང་མདུད་པ་བོར་ཏེ་དེ་བསྲུང བར་བྱས་ན་ནད་ཐམས་ཅད་ཀྱིས་མི་ཚུགས་ཤིང། འབྱུང་པོ་རྣམས་ཀྱང་འཕྲོས་སོ། །སུ་མུ་རུ་སུ་མུ་རུ། ཞེས་བྱ་བའི་སྔགས་ནི་རིག་སྔགས་ཀྱི་སྙིང་པོ་བསྟན་ནོ། །དེ་ཡང་པདྨའི་རིགས་ཀྱི་ལམ་མོ་རིགས་སོ། །མཚོན་པ་ན་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་བདག་ཉིད་དོ། །ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། ཁམས་ནི་དྲུང་གི་ཁམས་སོ། །སྐྱེ་མཆེད་ནི་ལུས་ཀྱི་སྐྱེ་མཆེད་དོ། །ཡེ་ཤེས་ལྔའི་རང་བཞིན། སངས་རྒྱས་ལྔའི། བུ་རྒྱན་ཅན། །སྤྱན་གསུམ་པ་སྐུ་མདོག་ལྗང་གུ། ཞལ་གསུམ་པ། ཕྱག་དྲུག་པ། ཞལ་གཡས་དཀར་བ། གཡོན་དམར་བའོ། །ཕྱག་གཡས་པ་གསུམ་ན། རལ་གྲི་དང། རྡོ་རྗེ་རྒྱ་གྲམ་དང། སྐྱབས་སྦྱིན་ནོ། །གཡོན་གསུམ་ན་བསྣམས་པ་ནི། འཁོར་ལོ་དང། ཞགས་པ་དང། རྡོ་རྗེའོ། །ཞབས་གཡས བརྐྱང་བ་གཡོན་བསྐུམ་པ། པདྨའི་སྟེང་ན་ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པ། འཛུམ་པའི་ཞལ་དང་ལྡན་པར་བཞུགས་སོ། །རིག་སྔགས་ཀྱི་རིགས་ནི་གང་ཞེ་ན། འདི་ལྟ་སྟེ། སུ་མུ་རུ་སུ་མུ་རུ་ལ་སོགས་པའོ། །དེ་དག་སྔགས་རྣམས་གྲུབ པར་འགྱུར་ཞེས་བྱ་བ་ནི། གསང་སྔགས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པའོ། །སངས་རྒྱས་རྣམས་ཀྱི་བྱིན་བརླབས་དང། རིག་སྔགས་གསང་སྔགས་རྣམས་ཀྱི་བྱིན་བརླབས་དང། རྣམ་པར་དག་པ་འདི་འདས་པ་དང། མ་འོངས པ་དང། ད་ལྟར་ཡོད་པ་རྣམས་ཀྱི་བཀའ་དང། རིག་སྔགས་ཀྱི་ཆོས་ཀྱིས་བདེན་པས། གྲོང་ཁྱེར་ཡངས་པ་ཅན་སྲུང་ཞིང་སྐྱོབ་པ་དང། སྦ་བ་དང་ཞི་བ་དང། བདེ་ལེགས་སུ་འགྱུར་རོ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ ནས་ཞེས་བྱ་བ་ནི། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་བཀའ་སྩལ་ལོ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་སོགས པ། བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་དང་ངོ། །ཉན་ཐོས་ཀྱང་དེ་བཞིན་ནོ་ཤཱ་རིའི་བུ་ལ་སོགས་པ་ཉིས་བརྒྱ་ལྔ་བཅུ་དང་ངོ། །གཞན་ཡང་དགེ་སློང་ཕ་འམ། དགེ་སློང་མ་འམ། དགེ་སྙེན་ཕ་འམ། དགེ་སྙེན་མ་ལ་སོགས་པ་མང་པོ་དང་ཐབས གཅིག་ཏུའོ། །མི་མཇེད་ཀྱི་བདག་པོ་ཚངས་པ་དང་ཞེས་བྱ་བ་ནི། ཚངས་རིས་ཀྱི་ལྷ་རྣམས་དང། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱང་ཐབས་གཅིག་གོ་།ལྷ་དང་ཞེས་བྱ་བ་ནི། ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང། རྒྱལ་པོ་ཆེན་པོ་བཞི་དང། རྒྱལ་ཆེན་བཞིའི་ལྷ་རྣམས་དང་ཞེས་བྱ་བ་ནི། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས་ལ་སོགས་པ་ལྷ་མ་ཡིན་མང་པོ་དང། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་ངོ། །དྲི་ཟར་བཅས་པའི་ཞེས་བྱ་བ་ནི། དྲི་ཟའི རྒྱལ་པོ་ཟུར་ཕུང་ལྔ་པ་གཡོག་དུ་མ་དང་བཅས་པ་དང། འཕྲོག་མ་བུ་དང་བཅས་པ། གཡོག་འཁོར་དང་བཅས་པ་རྣམས་དང་པོ། འཇིག་རྟེན་ཡི་རངས་ཏེ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིའོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང། དགེ་སློང་ཕ་དང། དགེ་སློང་མ་དང། དགེ་བསྙེན་ཕ་དང། དགེ་བསྙེན་མ་དང། ལྷ་དང། མི་དང། ལྷ་མ་ཡིན་ལ་སོགས པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའོ། །གྲོང་ཁྱེར་ཡངས་པ་ཅན་ན་ཞུགས་པའི་འབྱུང་པོ་རྣམས་ཕྱིར་བཏང་བའི་གནས་སྐབས་ཏེ་དགུ་པའོ།། །།པདྨའི་རིགས་ལྔ་བསྟན་པའི་བརྟག་པ་སྟེ། གཉིས་པ་རྫོགས་སོ།། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་མདོའི་འབུམ་འབྲེལ། །སློབ་དཔོན་ཆེན་པོ་ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ།། །།རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་མདོའི་འབུམ འགྲེལ། །པཎྜི་ཏ་མཁས་པ་ཆེན་པོ་མི་མཉམ་རྡོ་རྗེའི་སྲས། པཎྜི་ཏ་དོན་ཡོད་རྡོ་རྗེས། ཇོ་མོ་སྒྲོལ་མས་ཞབས་ཀྱིས་བཅགས་པ། །ཚངས་པའི་འབྱུང་གནས། རྡོ་ལུང་དགོན་པར་རབ་འགྱུར་རོ། །འདི་བསྐྱུར་བསོད་ནམས་གང་ཐོབ་པས། །དེ་ཡིས་མཁས སྲིད་གསུམ་དུ་ནི། །གསང་སྔགས་རྗེས་སུ་འཛིན་མ་ཡིས། དངོས་གྲུབ་གོ་འཕང་མྱུར་དུ་ཤོག། །།རྒྱ་གར་སྐད་དུ། མ་ཧཱ་ཤཱི་ཏ་བ་ཏི་བི་དྱ་རཱ་ཛ་སུ་ཏྲཾ་ཏ་ས་ཧ་ར་ཥ་ཊཱི་ཀཱ་ནཱ་མེ། བོད་སྐད་དུ། རིགས་སྔགས་ཀྱི་རྒྱལ་མོ་། བསིལ་བའི་ཚལ་གྱི་མདོའི་འབུམ་འབྲེལ་ཞེས་བྱ་བ།

CLOSE WINDOW