CLOSE WINDOW

N2309: ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ
Wyliee-texts based on the ACIP/ALL Input

)་།རྒྱ་གར་སྐད་དུ། ས་མནྟ་མུ་ཁ་བྲ་བེ་ཤ་རསྨི་བི་མ་ལོཥཙཱི་ཥ་པྲ་བྷ་སརྦབ་ཏ་ཐཱ་ག་ཏཱ་ཧྲི་ད་ཡ་ས་མ་ཡ་བི་ལོ་ཀི་ཏེ་ནཱ་མ་དྷ་ར་ཎི་སཾ་བྲིཏྟི། བོད་སྐད་དུ། ཀུན་ནས སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ། རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དབུའི་གཙུག་ཏོར་འོད་ཟེར་གྱིས། །རྨོངས་པའི་དྲི་མ་སེལ་མཛད་རྒྱལ། །གཟུངས་ཀྱི་རྒྱན་དང་ལྡན་པའི་སྐུ། །ཐུགས་རྗེ་མངའ་ལ་ཕྱག་འཚལ་ནས།། ལུང་དང་བླ་མའི་མན་ངག་ལས། །གཟུངས་ལ་རྟོགས་པ་སྐྱེས་པས་འདིར། །ཤེས་རབ་གཟུངས་དང་བྲལ་རྣམས་ལ། བརྩེ་བས་གཟུངས་ཀྱི་རྣམ་འབྲེལ་བཤད། །ལོག་རྟོགས་ཅན་རྣམས་ཐ་དད་དུ། །རྩོད་པའི་དུས་སུ་རྩོད་ཡོད་ཀྱང། །རྩོད་མེད་ཐུབ པའི་བཀའ་སྡེ་རྣམས། །རྩོད་པ་བཅད་ཕྱིར་གཟིགས་མོ་འཚལ། །ཡང་དག་བཀའ་རྣམས་མ་མཐོང་ཞིང། ངེས་པའི་ལམ་ལ་མི་མོས་པའི། །ལམ་ལོག་ལམ་གོ་ལ་ཞུགས་པ་རྣམས། །ལམ་མཆོག་རྡོ་རྗེ་ཐེག་པའི་གཞུང། །སེང་གེའི་ང་རོ་གྲག པ་ལ་། སྨོད་ཅིང་ཐག་རིང་འཕྲོས་པར་འགྱུར། །དགྲོ་ལ་དཀའ་རྨོངས་པ་དེ་དག་ལ། །རྒྱུད་པ་ལས་བྱུང་གདམ་ངག་སྦ། །ཐུབ་པའི་བསྟན་རྩ་དགེ་སློང་ཡིན། །དམ་ཆོས་ཚུལ་བཞིན་སྦྱོང་བ་ཡི། །དགེ་སློང་དེ་ནི་ཤིན་ཏུ་དཀོན། །རྟགས་དང་ཆ་ལུགས ཙམ་གཟུང་ནས། །རྡོ་རྗེ་ཐེག་པ་སྨོད་བྱེད་པའི། །རྟོག་གེས་གཞུང་འདི་སྨད་མི་བྱ། །སྔགས་གཞུང་ལ་ལ་ཆུང་མོས་ཀྱང། །ལོགས་སྤྱོད་དམ་ཚིག་མི་བསྲུང་ལ། །སྔགས་གཞུང་གསང་པར་བྱ་དགོས་ན། །བྱིས་པ་གཞུང་ལྟ་སྨོས་ཅི་དགོས། དད་མེད་རྣམས་གཡེང་ལེ་ལོ་ཅན། །བག་མེད་སེམས་རྩུབ་སེར་སྣ་ཆེ། །གཡོ་རྒྱུ་འདོད་སེང་གཉིད་བརྐམ་ཆེ། །བྱས་གཟོ་སྙིང་རྗེ་ཤེས་རབ་ཆུང། །བར་ཆད་འདི་དག་དང་ལྡན་ན། །གཟུངས་འདི་འགྲུབ་པར་མི་འགྱུར་རོ། །དད་པ་ལ་བརྟན་བརྩོན འགྲུས་ཅན། །གཏོད་ཕོད་དག་འཇམ་དུལ་བག་ཆེ། །དྲང་ངེས་གསལ་ལ་ཆགས་པ་ཆུད། །བློ་ལྡན་དྲིན་གཟོ་འཚེ་བ་བྲལ། །ནད་དང་ང་རྒྱལ་ཐེ་ཚོམ་མེད། །དེས་ནི་མྱུར་དུ་འགྲུབ་པར་འགྱུར། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་གང ཟག་རྟོག་པ་འདིའི་དོན་བཤད་པར་བྱའོ། །དེའང་མདོ་དོན་སྨྲ་བར་འདོད་རྣམས་ཀྱིས། །བསྡུས་པ་དགོས་པའི་དོན་བཅས་དང། ཚིག་དོན་བཅས་དང་རྒལ་ལན་བཅས། །མཚམས་སྦྱར་བཅས་པས་བསྙད་པར་བྱ། ཞེས་པའི་ཚུལ་གྱིས རྟོག་པ་འདིའི་བསྡུས་པའི་དོན་རྣམ་པ་བདུན་ཏེ། གླེང་གཞི་དང། གླེང་བསླང་བ་དང། རྟེན་དང། ཤེས་པར་བྱ་བའི་ཡུལ་དང། ཉམས་སུ་བླང་བའི་ཐབས་དང། བསྒྲུབ་པར་བྱ་བའི་དངོས་པོ་དང། ཐོབ་པའི་འབྲས་བུའོ། །དེ་ལ་གླེང་གཞི ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་རོ། །དང་པོ་ནི་སྡུད་པ་པོ་རང་ལ་ཡིད་ཆེས་པར་བྱ་བའི་ཕྱིར་ཐམས་ཅད་དུ་སྨོས་སོ། །གཉིས་པ་ནི་གདོན་གྱི་སྐབས་བརྡ་སྤྲད་པའི་ཕྱིར་ཞུས་ལན་གྱི་ཚུལ་དུ་གསུངས་སོ། །དེ་གཉིས་ཅར་ཡང་རང་ལ ལྡོག་པ་གཅོད་ཅིངས་དོན་ལ་དྲན་པ་བསྐྱེད་པ་སྟེ། གཞུང་འབྱུང་བའི་རྒྱུའོ། །ལྟེང་བསླང་བ་ནི་དོན་ཉིད་གཞན་གྱི་སྤྱོད་ཡུལ་དུ་ཇི་ལྟར་འགྱུར་བ་ཞུས་ལན་གྱི་ཚུལ་གྱིས་བསྡུས་ནས་བཀོད་པ་སྟེ་གཞུང་འབྱུང་བའི་རྐྱེན་ནོ། །རྟེན་གྱི གང་ཟག་ནི་བསྒྲུབ་ཏུ་རུང་པ་དང། ངེས་པར་འགྲུབ་པའི་རིགས་སོ། །ཤེས་པར་བྱ་བའི་ཡུལ་ནི་དོན་དམ་དང་ཀུན་རྫོབ་པའོ། །ཀུན་རྫོབ་ལ་གཉིས་ཏེ། ཀུན་ན་སྙོན་མོངས་པ་དང། རྣམ་པར་བྱང་བའོ། །རྣམ་པར་བྱང་བ་ནི་གཉིས་ཏེ། བྱང་ཆུབ སེམས་དཔའ་རྣམས་ཀྱི་ཤེས་རབ་དང་སྙིང་རྗེའོ། །དེ་ནི་ཤེས་རབ་ཀྱིས་འཁོར་བར་མི་ལྟུང་བ་དང། སྙིང་རྗེས་མྱ་ངན་ལས་འདས་པར་མི་བཞུགས་པའོ། །དང་པོ་ནི་ལྷག་པར་ཤེས་རབ་སྟེ་དོན་གྱི་གཟུངས་སོ། །གཉིས་པ་ནི་འཇུག་ལྡོག་པ རྨོངས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འབྱུང་བའི་ཕྱིར་ཚིག་གི་གཟུངས་སོ། །བསྒྲུབ་པར་བྱ་བའི་དངོས་པོ་ནི་སྔགས་དང་རྒྱུད་དང་ཕྱག་རྒྱའི་ཚུལ་ལོ། །ཐོབ་པར་བྱ་བའི་འབྲས་བུ་ནི་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས གྲུབ་པོ། །དེ་དག་ནི་བསྡུས་པའི་དོན་ཏོ། །དགོས་པའི་དོན་ནི་ཡང་དག་པའི་ལམ་གྱི་གོལ་ས་བཅད་པའོ། །དྲན་པ་དང་ཤེས་རབ་ཀུན་ནས་སྒོ་དབྱིངས་རྣམ་པར་དག་པ་ལ་འཇུག་པ་དང། འོད་ཟེར་ཁྱད་པར་གྱི་དཔྱོད་པ་རྟོག་པའི་དྲ་བ་སེལ་བ་དེ་དག ཡང་དག་པའི་ལམ་མོ། །གོ་ལས་ནི་མ་རྟོགས་པ་དང། ལོག་པར་རྟོགས་པ་དང། ཐེ་ཚོམ་མོ། །དོན་འདི་ལ་ཞུགས་ན་སྐྱོན་གསུམ་པོ་དང་བྲལ་བར་འགྱུར་རོ། །དེ་ལྟར་དེ་ལ་རིམ་གྱིས་སྦྱངས་པའི་མཐུས་སྒྲིབ་པ་གཉིས་དང་བྲལ་ནས་དོན་ཡང་དག་པར་བདེ བླག་ཏུ་རྙེད་པ་ནི་དགོས་པའི་དགོས་པའོ། །ད་ནི་ཚིག་གི་དོན་བརྗོད་དེ། དེ་ལ་བརྒལ་ལ་ལན་མཚམས་སྦྱར་བ་ནི་ཤུགས་ཀྱིས་འོད་དོ། །དེ་ནས་ཞེས་པ་ནི་དབང་དུ་བྱ་བ་དང་མཚམས་སྦྱར་བ་དང་བཀྲ་ཤིས་པའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སྒྲིབ པ་རྣམ་སེལ་གྱི་རྒྱུད་དགའ་ལྡན་གྱི་གནས་སུ་གསུངས་པ་འདས་མ་ཐག་ཏུ་ཡང་སུམ་ཅུ་རྩ་གསུམ་པའི་ལྷའི་དོན་དུ་འདི་ཉིད་གསུངས་པ་ནི། དེ་ནས་ཏེ་དེ་དང་མཚམས་སྦྱར་བའོ། །ནི་བརྒལ་བ་འདི་ཁོ་ན་གསུངས་པའི་ཕྱིར་དབང་དུ་བྱའོ་དེ་ནས་སོ། །?་ཐ་ཁ་ལུ ཞེས་ཀྱེ་འམ་ལེགས་སོའི་སྦྲ་ཡོད་པས་བཀྲ་ཤིས་པའི་དེ་ནས་སོ། །བཅོམ་ལྡན་འདས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་སྐྱེས་པའི་མ་རིག་པ་བཅོམ་པས་ཉོན་མོངས་པ་གཏན་མི་སྐྱེ་སྟེ། ཉོན་མོངས་པའི་བདུད་བཅོམ་པའོ། །རྒྱུ་ཉོན་མོངས་བ མེད་ན་འབྲས་བུ་དངོས་པོ་ལ་མངོན་པར་ཞེན་པ་མེད་པས་ལྷའི་བུའི་བདུད་བཅོམ་མོ། །དངོས་པོའི་མངོན་ཞེན་མེད་པས་བག་ཆགས་ཀྱི་མཚམས་མི་སྦྱོར་ཏེ་དེས་ཕུང་པོའི་བདུད་བཅོམ་མོ། །སྡུག་བསྔལ་གྱི་ཕུང་པོ་ཟད་ན་རྣམ་རྟོག་གི་བར་མི་ལྟུང་བས སྐྱེ་ཤི་དང་བྲལ་བས་འཆི་བདག་གི་བདུད་བཅོམ་མོ། །ལྡན་པ་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང། །དཔལ་དང་གྲགས་དང་ཡེ་ཤེས་དང། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་ནི་སྐལ་དང་ལྡན་ཞེས་བཤད་ཅེས་ཏེ། འབར? ཕྱུག་ནི་སྒྲིབ་པ་ཐམས་ཅད་ཀྱི་དབང་དུ་མ་གྱུར་པའི་རང་དབང་ཆེན་པོ་དང་ལྡན་པའོ། །གཟུགས་བཟང་བ་ནི་མཚན་དང་དཔེ་བྱད་དོ། །དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ། གཞན་གྱིས་བསྟེན་བྱ་མིན་པས་སོ། །གྲགས་པ་ནི་ཚངས པ་ཨའི་འཇིག་རྟེན་ལ་ཐུག་གི་བར་དུ་བཅོམ་ལྡན་འདས་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་སོ་ཞེས་པ་ལ་སོགས་པ་དུ་མ་གྲགས་ཏེ་ཡོན་ཏན་ན ཡེ་ཤེས་ནི་ཤེས་བྱ་ཇི་སྙེད་པ་དང། ཇི་ལྟ་བ་ལག་མཐིལ་གྱི་སྐྱུ་རུར་ལྟར་མཁྱེན་པའོ། །བརྩོན་འགྲུས་ནི་སྐུ་གསུང་ཐུགས་ཀྱིས་མཛད་པ་རྒྱུན་མི་འཆད་པ་སྟེ། ཐུགས་རྗེའོ། དེ་ལ་དབང་ཕྱུག་དང་ཡེ་ཤེས་ཀྱི་ཆོས་ཀྱི་སྐུའོ། །གཟུགས་བཟང་ནི་ལོངས སྤྱོད་རྫོགས་པའི་སྐུའོ། །དཔལ་དང་གྲགས་པ་ནི་སྤྲུལ་པའི་སྐུའོ། །བརྩོན་འགྲུས་ནི་གསུམ་ཀའོ། །ཡང་ན་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ནམ་མཁའ་འདྲ་བའི་ཆོས་རྣམས་ནི། །ལུས་ཅན་དག་ལ་རབ་སྟོན་ཀྱང། །དེ་ལ་བསྙལ་བ་མི་མང་བས། །ད ཕྱིར་བཅོམ་ལྡན་འདས་ཞེས་བྱ། ཞེས་གསུངས་སོ། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་རྒྱུན་མི་འཆད་པར་ལྷའི་བུ་རྣམས་ལ་ཆོས་ཀྱི་རོ་མྱང་བར་མཛད་པས་དགའ་ལྡན་གྱི་ལྷའི་གནས་ཞེས་བྱ་སྟེ། གནས་ཕུན་སུམ་ཚོགས བའོ། །གནས་འདི་སྨོས་པ་ནི་རྟོག་པ་འདིའི་སྒོར་ཞུགས་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱང་ཇི་སྲིད་ཆོས་དགའ་བ་ཆེན་པོའི་རིགས་རྒྱུན་མི་འཆད་པར་མྱོང་བར་འགྱུར་བའི་དོན་ཏོ། །འཁོར་གསུངས་པ་བྱང་ཆུབ་ནི་རྣམ་པར་དཀར་བའི་ལམ རྒྱུ་དང་འབྲས་བུར་བཅས་བའོ། །དེ་ལ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་འོ། །དེ་ཉིད་ཉན་ཐོས་དང་རང་རྒྱལ་ལ་ཡང་ཡོད་པས་འདིར་ཆེན་པོ་གསུངས་སོ། །དེ་ལ་ཆེ་བ་ནི་བདུན་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེ་ལ་ཆོས་ཆེན་པོ་ནི རིག་པ་མཆོག་དང་དབང་བསྐུར་བའི་རྒྱུད་ཆེན་པོ་དང་ཏ་ཐཱ་སཾ་གྲ་ཧ་ལ་སོགས་པའི་གཞུང་རྒྱ་ཆེན་པོ་རྣམས་ལ་དབང་མཛད་པའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ནི་བདེ་བར་གཤེགས་པ་རིགས་ལྔ་དང་གོ་འཕང་མཉམ་པ་ལ་དབང་སྒྱུར་བ་ཐོབ པས་སོ། །མོས་པ་ཆེན་པོ་ནི་དོན་ཟད་པ་དང་རྒྱ་ཆེ་བ་ལ་མོས་པའོ། །བསམ་པ་རྒྱ་ཆེ་བ་ལ་མོས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བ་སྐྱེད་པའི་ཕྱིར་རོ། །ཚོགས་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུན་མི་འཆད་པས་སོ། །དུས་ཆེན་པོ་ནི འཁོར་ལོ་ཇི་སྲིད་པར་གཞན་དོན་ལ་འཇུག་པར་ཞལ་གྱིས་བཞེས་པས་སོ། །ཐོབ་པ་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་རྒྱ་ཆེན་པོའི་སྐུའོ། །ལྟ་བ་དང་རྟོག་པ་གཅིག་པས་མཆོག་ཅིག་པ་དང་བདུན་པ་གཅིག་པས་སྤང་བྱ་སྤྱོད་པ་ལ་བར་ཆད་མེད་པའི ཕྱིར་དགེ་འདུན་ནོ། །དེ་ནི་ཡོན་ཏན་ནོ། །གྲངས་ནི་རྩོད་པར་འགྱུར་བའི་ཕྱིར་མ་གསུངས་མོད་ཀྱི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་དུ་གསུངས་པ་དེ་ལྟ་བུ་ལ་སོགས་པ་མུ་མཛའ་ཡས་སོ། །ཞེས་གསུངས་སོ། ཞབས་འབྲིང་པ་ལྷའི་ཚོགས་ཞེས་པ ནི་ཆོས་ཆེ་བར་བྱེད་ཅིང་བསྟན་བ་རྒྱས་པར་བྱེད་པའི་སྟོན་པའི་ཞབས་སུ་འབྲང་བའོ། །དེ་ལ་ཆོས་ལ་མོས་པ་བསྐྱེད་པའི་འཁོར་ནི་ཚངས་བའོ། །རྒོལ་བ་ཚར་གཅོད་པར་བྱེད་པའི་འཁོར་ནི་ཁྱབ་འཇུག་གོ་།བསྟན་པ་འཛིན་པར་བྱེད་པའི་འཁོར་ནི་དབང་ཕྱུག་ཆེན་པོའོ། ། སོགས་ཀྱིས་ནི་ཕུལ་དུ་བྱུང་བའི་སྦྱིན་བདག་གི་འཁོར་བརྒྱ་བྱིན་དང། གདུལ་བྱ་བཟོད་པའི་འབྲས་བུ་ཚིམ་པར་བྱེད་པའི་འཁོར་ཚ་མའི་ལྷ་དང། རྫུ་འཕྲུལ་སྣ་ཚོགས་པ་ལ་དབང་སྒྱུར་པ་འཕྲུལ་དགའ་ཨི་ལྷ་དང། འདོད་པ་ལ་གཅིག་ཏུ ཞེན་པ་དང་བྲལ་བའི་འཁོར་གཞན་འཕྲུལ་དབང་བྱེད་ལྷ་དང། འཁོར་བ་ལ་ལྷག་པར་ཆགས་པ་དང་བྲལ་པ་གཟུགས་ཁམས་ཀྱི་ལྷ་རྣམས་དང། རིག་གནས་སྟོན་པར་བྱེད་པ་སུམ་ཅུ་རྩ་གསུམ་པའི་ལྷའི་འཁོར་དང། ཆོས་འཛིན་པའི་གང་ཟག་སྐྱོང་བར་བྱེད པའི་འཁོར་དང་བཅས་པའོ། །ཐབས་གཅིག་པ་ནི་གསུམ་སྟེ། སྡུད་པའི་འཁོར་ཕྱག་ན་རྡོ་རྗེ་དང་སྤོབས་པ་གཅིག་ཅུ་སྦྱར་བའི། ཉན་པའི་འཁོར་ནི་གུས་པ་དང་དབྱེར་མི་ཕྱེད་པའོ། །གདུལ་བྱའི་དུས་ལ་མི་ལྡོག་པས་ཐབས་གཅིག་པའོ། །བཞུགས་ཞེས་པ་ཡང གསུམ་སྟེ། སྐུའི་བཞུགས་པ་ནི་འཆག་པ་དང། བཞེངས་པ་དང་སེང་གེ་ལྟ་བུར་གཟིམས་པ་ཞེས་པའོ། །གསུང་གི་བཞུགས་པའོ། །གསུང་གཅིག་གིས་ནི་གསུངས་མོད་ཀྱང། དུ་མ་ཉིད་དུ་སོ་སོར་གོ་ཞེས་དབང་པོ་རབ་འབྲིང་ཐ་མ རྒྱུན་མི་འཆད་པའི་ཚུལ་གྱིས་གསུང་འབྱུང་ངོ། །ཐུགས་ཀྱི་བཞུགས་པ་མི་གཉིས་ཏེ། འཇིག་རྟེན་པ་དང་མཐུན་པར་ཐུགས་བསྐྱེད་ནས་ཏིང་ངེ་འཛིན་གང་ཞུགས་ན་གྲོག་སྡུར་ལ་སོགས་པ་ཡན་ཆད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་རིག་པར མཛད་བ་ནི་ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །སྙོམ་པར་འཇུག་པ་ལ་གསུམ་སྟེ། ལྷའི་ཚུལ་དང་མཐུན་པར་བསམ་གཏན་བཞིས་སྙོམས་པར་འཇུག་པ་དང། ཚད་མེད་པ་བཞིས་ཚངས་པའི་སྙོམས་པར་འཇུག་པ་དང། རྣམ ཐར་གསུམ་གྱིས་འཕགས་པའི་སྙོམས་པར་འཇུག་པའོ། །ཏོ་ཞེས་པས་བཞུགས་པའི་ཉིད་ན་འདས་པར་བསྟན་ཏོ། །འཁོར་མང་པོ་ཚོགས་པ་ནི་མི་མཐུན་བ་ཡོད་ན་གཉེན་པོ་འབྱུང་བའི་ཕྱིར་བར་དུ་གཅོད་པའི་འཁོར་ཏེ་བདུད་ཀྱང་ཤེས་པར་བྱའོ། དེས་ན་གདུལ་བྱའི་འཁོར་རོ། །དེ་ནས་བཅོམ་ལྡན་འདས་དགའ་ལྡན་གྱི་གནས་དེ་ན་ཆོས་གསུང་བའི་དུས་སུ་འདོད་པ་དང་གཟུགས་ཀྱི་ལྷའི་བུ་ཐམས་ཅད་ཚོགས་ཏེ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ལམ་གྱིས་བརླབས་པའོ། །དེས་ན་གཟུངས ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་ཇི་སྐད་གསུངས་པ་ལྟར་དགའ་ལྡན་གྱི་ལྷའི་གནས་ནོར་བུ་རིན་པོ་ཆེའི་ཁང་པ་སྒོམ་ཆེན་པོ་སྤྲུལ་ནས། ལྷའི་གནས་ཐམས་ཅད་ནས་རིན་པོ་ཆེའི་ཐེམས་སྐས་དུ་མ་བརྟེན་ཏེ། སྐུའི་འོད་ཟེར་རིགས་མི མཐུན་པ་བྱེ་བ་ཕྲག་བརྒྱད་ཅུ་རེ་རེ་མངོན་བར་འདུས་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པོ་རབ་འབྱམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་ཚོགས་རྣམས་འདིར་ལྷགས་པར་གྱུར་ཏོ། ཞེས་བྱ་བའི་བར་དུའོ། །དེར་གསུངས་པའི་ཆོས་ནི ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་གྱི་རྒྱས་པའི་གསང་སྔག་འདི་ཁོ་ནའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལས་སེ་དང་ངག་དང་ཡིད་ཀྱི་ལས་ཏེ་དེ་ལྟར་བྱས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་ནི་རིགས་ཀྱི་དང། སྨོན་ལམ་དང། བསམ་པ་དང། དངོས་པོ་དང། ངོ་བོ་ཉིད་ཀྱིས་བསྟན པར་རིག་པར་བྱའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ནི་རིགས་སོ། །བྱང་ཆུབ་ཀྱི་སེམས་ནི་སྨོན་ལམ་མོ། །སྙིང་རྗེ་སྔོན་དུ་གཏོང་བའི་སེམས་ནི་བསམ་མའོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་དངོས་པོའོ། །ལུས་དང་ངག་དང་ཡིད་ཀྱིས་ལས་ནི་ངོ བོ་ཉིད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ཡང་དེ་བཞིན་དུ་རིག་པར་བྱའོ། །འདི་ནི་བྱེ་བྲག་ཡིན་ཏེ། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི་སྡོམ་པ་ཐམས་ཅད་ཡང་དག་བར་ལེན་པ་དང་རྗེས་སུ བསྲུང་བ་དང། གནོད་པར་བྱེད་པ་དང་དུ་ལེན་པ་དང། སྡུག་བསྔལ་ལ་ཇི་མི་སྙམ་པར་འཛིན་པ་དང། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །ཞེས་སོ་རིམས་བཞིན་དུ་བརྗོད་བར་བྱའོ། །བསམ་གཏན་གྱི་ཕ རོལ་ཏུ་ཕྱིན་པ་ལ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པ་ཐམས་ཅད་དབང་འབྱོར་བ་དང་སེམས་ཀྱི་གནས་རྣམ་པ་ཐམས་ཅད་དང་ལྡན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ན་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པ་ཐམས་ཅད་དབང འབྱོར་བ་ལ་གང་རྣམ་པ་ཐམས་ཅད་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པའོ་ཞེས་བརྗོད་པར་བྱའོ། །ལྷག་མ་ཐམས་ཅད་ནི་སྦྱིན་པའི་རང་བཞིན་དུ་རིག་པར་བྱའོ། །གང་ཡིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་བརྩམ་པ་དང། ཐམས་ཅད མཁྱེན་པ་ཉིད་དུ་འགྱུར་བ་དང། ཐམས་ཅད་མཁྱེན་པ་ཉིད་དུ་འཛིན་པ་དང། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་བ་སྟེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ཉིད་ཅེས་བྱའོ། །ཚིག་བཞི་པོ་དེ་དག་ནི་གོ་རིམས་བཞིན་དུ་རྩོམ་པ་དང་བག ཆགས་དང་ལུས་དང་རྒྱུ་མཐུན་པར་རིག་པར་བྱའོ། །དེ་ལ་རྩོམ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་བརྩམས་ཏེ་འབྱུང་བ་དང། འབྱུང་བ་དེར་ཡོངས་སུ་བསྔོ་བའི་ཕྱིར་རོ། །སྦྱིན་པ་དེ་རྒྱུད་ལ་བག་ཆགས་སུ་བསྒོ་སྟེ་དེ་ཕྱི་མ་ལས་ཐམས་ཅད་མཁྱེན་པ་ཉིད དུ་འགྱུར་རོ། །གང་གི་ཚེ་དེ་ཉིད་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པའི་ཚུལ་གྱིས་ཐམས་ཅད་ཡོངས་སུ་འཛིན་ཏོ། །དེའི་འོག་ཏུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རུ་མཐུན་པའི་སྒོ་རྣམས་ཐམས་ཅད་མཁྱེན་པའི་བྱ བ་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གོ་རིམས་ནི་འོག་མ་ལ་བརྟེན་པའི་ཕྱིར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་གོམས་པས་ལུས་དང སྲོག་ལ་མི་ལྟ་བའི་བྱང་ཆུབ་ས་སེམས་དཔའ་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཡང་སྤངས་ནས་ཚུལ་ཁྲིམས་ཡང་དག་པར་འཛིན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་བསྲུང་བ་ནི་གཤེ་ཡང་སླར་གཤེ་བར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས བཟོད་པར་འགྱུར་རོ། །གྲང་བ་ལ་སོགས་པ་བཟོད་པ་ནི་དེའི་གཞི་ལ་སྦྱོར་བ་མི་ཉམས་པས་བརྩོན་འགྲུས་བརྩམས་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་ནི་སྦྱོར་པ་མཛའ་ཨི་འབྲས་བུ་ཐོབ་པས་བསམ་གཏན་སྒྲུབ་པའོ། །བསམ་གཏན་ཕུན་སུམ་ཚོགས ཏེ་སེམས་མཉམ་པར་བཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་འཐོབ་བོ། །ཡང་གོང་མ་གོང་མ་ནི་གཞི་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ནི་སྦྱིན་པའི་གཞི་ཡིན་ནོ། །དེ་བཞིན་དུ་ཤེས་རབ ནི་བསམ་གཏན་གྱི་གཞི་ཡིན་པའི་བར་དུའོ། །འདི་ལྟར་ཚུལ་ཁྲིམས་དང་ལྡན་པའི་སྦྱིན་པས་ཕན་བཏགས་པའི་ཚུལ་ཁྲིམས་ཀྱིས་གནོད་པ་མི་བྱེད་པའི་ཕྱིར་སྦྱིན་པ་རྣམ་པར་དག་པར་འགྱུར། དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་ལེན་པ་སོ་སོ་དེ རྣམ་པར་འཚེ་བ་དང་བྲལ་བར་ཡོ་བྱད་ཀྱིས་བདེ་བར་སྦྱོར་བས་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་སྦྱིན་པ་རྣམ་ཐར?་དག་པར་རིག་པར་བྱའོ། །དེ་ལྟར་བཟོད་པ་དང་ལྡན་པ་ནི་གཞན་གནོད་པ་བྱེད་པ་དག་གིས་བསླབ་པའི་གཞི་མི་འབྲལ་བ་ཚུལ་ཁྲིམས རྣམ་པར་དག་འོ། །བརྩོན་འགྲུས་བརྩམས་བས་སྤྲོ་བའི་སྟོབས་ཀྱིས་ཆེད་དུ་འཁོར་བ་ཁས་བླངས་པ་ནི་སེམས་ཅན་གྱི་ལོག་པར་སྒྲུབ་པའི་སྡུག་བསྔལ་བདེ་བླག་ཏུ་བཟོད་པས་བཟོད་པ་རྣམ་པར་དག་གོ། བསམ་གཏན་བདེ་བ་དང་བཅས་པ་དང ཡིད་བདེ་བ་དང་བཅས་པར་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བ་བརྩོན་འགྲུས་རྣམ་པར་དག་གོ་། ཤེས་རབ་དང་ལྡན་པའི་ཆོས་རྣམ་པ་མང་པོ་རྣམ་པར་བལྟས་ནས་ནང་དུ་ཞི་བར་བྱེད་པ་ནི་ཏིང་ངེ་འཛིན་རྣམ་པར་འཕེལ་བས་བསམ་གཏན་རྣམ་པར་བདག་སྟེ། ཤེས་རབ་མེད་ལ་བསམ་གཏན་མེད་ཅེས་པའི་ཚིག་སུ་བཅད་པ་ལས་གསུངས་པའི་ཕྱིར་རོ། །ཇི་ལྟར་རགས་པའི་རིམས་ཀྱིས་ཀྱང་གོ་རིམས་བཞིན་དུ་རིག་པར་བྱའོ། །སྦྱིན་པ་ནི་ཐམས་ཅད་ཀྱི་ནང་ན་རིགས་ཏེ་དེའི་ཕྱིར་ཐོག་མར་རྣམ་པར་བཞག་གོ། དེའི་འོག་ཏུ་བཟོད་པ་ལ་སོགས་པས་ཚུལ་ཁྲིམས་རགས་སོ། །དེ་བཞིན་དུ་ཤེས་རབ་པས་བསམ་གཏན་རགས་པའི་བར་དུའོ། །ཤེས་རབ་ནི་ཐམས་ཅད་ཀྱི་ནང་ན་ཕྲ་སྟེ་དེའི་ཕྱིར་ཐམས་ཅད་ཀྱི་ཐ་མར་བཞག་གོ། །ངེས་པའི་ཚིགས་ནི་སྦྱིན་པ་ལ་སོགས པ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། སྦྱིན་པ་ཆེན་པོ་དང། སྐྱོན་མེད་པ་དང། དྲི་མ་མེད་པ་ནི་སྦྱིན་པོའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་སྦྱིན་པ་ཆེན་པོ་ནི་ནང་དང་ཕྱིའི་དངོས་པོ་ཐམས་ཅད་སྦྱིན་པ་དང་ཡུན་རིང་དུ་སྦྱིན་པའི ཕྱིར་རོ། །སྐྱོན་མེད་པ་ནི་གནོད་པས་ཀུན་ཏུ་ཚོལ་བ་ལ་སོགས་པ་རྣམ་པར་སྤངས་པའི་ཕྱིར་རོ། །ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་སྦྱིན་པ་མི་ཟད་པ་ལས་བརྩམས་ཏེ་བསྟན་ལ། བཙུན་པ་ཤ་རདྭ་ཏིའི་བུ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར་རོ། །བཙུན་པ་ཤཱ་རདྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྤྱད་པ་ཡང་ཚད་མེད་པ་སྟེ། ཚེ་དང། སྤོབས་པ་དང། བདེ་བ་དང། སྟོབས་དང ཁ་དོག་ཉེ་བར་བརྟག་པའི་ཕྱིར་ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་ནོ། །ཉོན་མོངས་པའི་སྲིད་པ་བསལ་བའི་ཕྱིར་བཏུང་བ་འདོད་པ་རྣམས་ལ་ནི་བཏུང་བ་སྦྱིན་ནོ། །བདེ་བ་དང་འབྱོར་བའི་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་བཞོན་པ་འདོད་པ་རྣམས ལ་ནི་བཞོན་པ་སྦྱིན་ནོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང། མདོག་གསེར་གྱི་ཁ་དོག་ཡོངས་སུ་སྦྱང་བའི་ཕྱིར་གོས་འདོད་པ་རྣམས་ལ་ཡོངས་སུ་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མར་མེ འདོད་པ་རྣམས་ལ་ནི་མར་མེ་ཡོངས་སུ་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྙན་ཡོངས་སུ་དང་བར་བྱ་བའི་ཕྱིར་སིལ་སྙན་འདོད་པ་རྣམས་ལ་ནི་སིལ་སྙན་ཡོངས་སུ་སྦྱིན་པའོ། །ཚུལ་ཁྲིམས་དང་ཐོས་པ་དང་ཏིང་ངེ་འཛིན་གྱི་བྲིས་བྱུག་པ འདོད་པའི་ཕྱིར་སྤོས་དང་བྱུག་པ་འདོད་པ་རྣམས་ལ་ནི་སྤོས་དང་བྱུག་པ་སྦྱིན་པའོ། །གཟུངས་དང་སྤོབས་པ་དང་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར་ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ་སྦྱིན་པར་བྱའོ། །ལུས་ཀྱི་དྲི་ཡིད་དུ་འོང་བ ཐོབ་པར་བྱ་བའི་ཕྱིར་ཕྱེ་མེ་འདོད་པ་རྣམས་ལ་ཕྱེ་མ་སྦྱིན་པའོ། །སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བ་མཆོག་ཏུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་བྲོ་བ་ཐམས་ཅད་འདོད་པ་ལ་རོ་བྲོ་བ་ཐམས་ཅད་སྦྱིན་པའོ། །སེམས་ཅན་ཐམས་ཅད་ཀྱི་གནས་དང སྐྱབས་དང། མགོན་དང་དཔུང་གཉེན་བྱ་བའི་ཕྱིར་གནས་འདོད་པ་རྣམས་ལ་གནས་སྦྱིན་པར་བྱའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པ་དང་ཚངས་པའི་གནས་པ་དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པར་བྱ་བའི་ཕྱིར་མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པར བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་ས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་འདོད་པ་རྣམས་ལ་སྟན་སྦྱིན་པར་བྱེད་དོ། །བྱང་ཆུབ་ཀྱི་ཡོ་བྱད་ཐམས་ཅད་བཀང་བའི་ཕྱིར་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པའོ། །མི་རྒ་མི་འཆི་བའི བདུད་རྩི་ཡོངས་སུ་བཀང་བའི་ཕྱིར་སྨན་འདོད་པ་རྣམས་ནི་སྨན་སྦྱིན་པའོ། །རང་དབང་དང་རང་ཉམས་དང་རབ་བྱུང་གི་ཡེ་ཤེས་བཀང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་ཕོ་དང་བྲན་མོ་ཡོངས་སུ་བཏང་བའི་སྦྱིན་ཞེས་རྒྱ་ཆེར་འབྱུང་བ ལྟ་བུའོ། །དྲི་མ་མེད་པ་ནི་མི་མཐུན་པའི་ཕྱོགས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །དམ་པ་རྣམ་པ་འདི་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ཏེ། དམ་པ་རྣམ་གསུམ་ནི་འདྲིས་པ་དང་བཅས་པའི་ངོ་བོ་ཉིད་དམ་པ་དང ཐབས་དམ་པ་དང་འབྲས་བུ་དམ་པའོ། །འདྲིས་པ་དམ་པ་ནི་ཡུན་རིང་པོ་ནས་སྦྱིན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱོན་མེད་པ་ནི་བདག་ཏུ་སྒྲོ་འདོགས པ་རྣམ་པར་སྤངས་པའི་ཕྱིར་ཏེ་ཅི་རིགས་སུ་དེ་མི་ཟད་པར་ལྟ་བར་བྱའོ། །ཡང་དག་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དམ་པ་རྣམ་བཅུ་གཉིས་ལ་རྒྱ་ཆེ་བ་དམ་པ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས ཅད་མི་འདོད་པ་དང་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཡུན་རིང་པ་དམ་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒོམས་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ། །ཟད་མི་ཤེས་པ་དམ པ་ནི་བྱང་ཆུབ་ཆེན་པོ་ཡོངས་སུ་བསྔོས་པས་གདུང་བར་མི་འགྱུར་བའི་ཕྱིར་རོ། །རྒྱུན་མི་འཆད་པ་དམ་པ་ནི་བདག་དང་གཞན་མཉམ་པ་ཉིད་དུ་མོས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན པ་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །ཚོགས་མེད་པ་དམ་པ་ནི་གཞན་གྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །དབང་འབྱོར་པ་དམ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང ངེ་འཛིན་ལ་སོགས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཡོངས་སུ་གཟུང་བ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡོངས་སུ་གཟུང་བའི་ཕྱིར་རོ། །རྩོམ་པ་དམ་པ་ནི་མོས་པ་སྤྱོད་པའི་ས་ལ་བཟོད་པ་ཆེར་གྱུར་པ་ལའོ། །ཐོབ་པ་དམ་པ་ནི་ས དང་པོའི་འོ། །རྒྱུ་མཐུན་པ་དམ་པ་ནི་དེ་མ་ཡིན་པ་གཞན་བརྒྱད་པོ་དག་ལའོ། །འགྲུབ་པ་དམ་པ་ནི་ས་བཅུ་པ་དང། དེ་བཞིན་གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའ་འགྲུབ་པ་དང་སངས་རྒྱས་འགྲུབ་པའི་ཕྱིར་རོ། །ཡང་དམ་པ རྣམ་པ་སྤྱད་པ་དང་བགྲོད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱད་པ་དང་བགྲོད་ཅེས་པའི་ཐ་ཚིག་གོ་།ཡང་ཤེས་བྱའི་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་ཉིད་ལ་གནས་ཞེས་པའི་ཐ་ཚིག གོ། ཡང་བདག་དང་གཞན་མཆོག་ཏུ་གནོད་པ་ལས་སྒྲོལ་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། བདག་དང་གཞན་སྡུག་བསྔལ་གྱི་རྒྱ་མཚོ་ལས་བཟླ་བར་བྱེད་ཅེས་པའི་ཐ་ཚིག་གོ་།འདི་ནི་རེ་ཞིག་ཐུན་མོང་གི་ངེས་ཚིག་གོ་།སོ་སོར་ངེས པའི་ཚིག་ནི་སྦྱིན་བདག་གི་དབུལ་བ་སེལ་བ་དང། ལེན་པ་པོ་རྣམས་ཀྱི་གདུང་བ་སེལ་བའི་ཕྱིར་སྦྱིན་པའོ། །དབང་པོ་ཞི་བ་ཐོབ་པ་དང་འགྲོ་བ་བཟང་པོར་སྦྱོར་བ་དང། གསལ་བའི་གནས་ཡིན་པས་ཚུལ་ཁྲིམས་ཏེ། གོ་རིམས བཞིན་དུ་དབང་པོ་རྣམས་ཀྱི་སྒོ་བསྡམས་པར་བྱེད་པ་དང་བདེ་འགྲོར་འགྲོ་བའི་རྒྱུར་གྱུར་བ་དང་འགྱོད་བ་མེད་པ་ལ་སོགས་པའི་རིམ་གྱིས་མྱ་ངན་ལས་འདས་པའི་གནས་ཡིན་པའི་ཕྱིར་རོ། །ཁྲོ་བོའི་ན་ཚ་སེལ་བ་དང་རྨ་འབྱིན་པའི་སེམས་འོངས་པ་སེལ་བ་དང ཞ་བ་བརྗོད་པའི་བཟོད་པའོ། །རྨ་འབྱིན་པ་སེམས་པ་ནི་གང་གིས་གནོད་པ་བྱེད་པ་རྣམས་ལ་ལན་དུ་གནོད་པ་སྟེང་འོངས་པ་འདིས་འབྲལ་བྱེད་པ་ནི་སེལ་བར་རིག་པར་བྱའོ། །རྨ་འབྱིན་པ་འདི་དག་ལས་གཤར་གཉེར་བ་ཡོད་པས་རྨ་འབྱིན་པ་ཅན་ཏེ། དེ དག་བདག་ལ་མི་འཇིགས་པ་སྒྲོགས་པས་བདེ་བ་ནི་བདེ་བ་སྤྲོགས་པར་རིག་པར་བྱའོ། །སེལ་བ་འཕེལ་བར་སྤྱོད་པས་བརྩོན་འགྲུས་ཏེ་དེ་སེལ་བའི་ཕྱིར་སྤྱོད་པ་ནི་ཡང་དག་པར་སྤྱོད་པ་གཉིས་ཀྱི་མི་དགེ་བའི་ཆོས་དང་བྲལ་བར་བྱེད་པའོ། །འཕེལ་བའི ཕྱིར་སྤྱོད་པ་ནི་ཡང་དག་པར་སྤྱོད་པ་གཉིས་ཀྱིས་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའོ། །འཛིན་པ་དང་སྡོམ་པ་དང་འདུལ་བ་དང་ཐོབ་པར་བྱེད་པས་བསམ་གཏན་ཏེ། དེ་ལ་འཛིན་པ་ནི་དམིགས་པ་ལ་སེམས་འཛིན་པའོ། །སྡོམ་པ་ནི་རྣམ་པར གཡེང་བ་ལ་སེམས་ཡང་དག་པར་སྡོམ་པའོ། །འདུལ་བ་ནི་ཀུན་ནས་བཀྲིས་པ་རྣམས་རྣམ་པར་གནོན་པའོ། །ཐོབ་པར་བྱེད་པ་ནི་དབང་འབྱོར་པ་ཐོབ་པར་བྱེད་པར་རིག་པར་བྱའོ། །གཞན་གྱིས་སྨྲས་པ་ཤེས་པ་དང་སོ་སོ་རང་གིས་ཤེས་པ་དང རྣམ་པར་ཤེས་པ་དང། ཞི་བ་ཐོབ་པ་དང། རབ་ཏུ་ཞི་བ་ཐོབ་པ་དང། ཡོན་ཏན་མཆོག་ཏུ་སྦྱིན་པས་ཤེས་རབ་སྟེ་དེ་ལ་གཞན་གྱིས་སྨྲས་པ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ཤེས་རབ་བོ། །སོ་སོ་རང ཤེས་པ་ནི་འཇིག་རྟེན་ལས་འདས་པའོ། །རྣམ་པར་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའོ། །ཞི་བ་ཐོབ་པར་བྱ་བའི་ཕྱིར་ཡོན་ཏན་མཆོག་ཏུ་ཕྱིན་པར་རང་གིས་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པའོ། ཞི་བ་ཐོབ་པར་བྱ་བའི་ཤེས་པ་ནི་བསྒོམ་པའི་ལམ་ལ་གཉེན་པོར་གྱུར་པའོ། །ཡོན་ཏན་མཆོག་ཏུ་ཕྱིན་པར་བྱ་བའི་ཕྱིར་ཤེས་པ་ནི་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཤེས་རབ་ཏུ་རིག་པར་བྱའོ། །བསྒོམ པ་ནི་རྣམ་པ་ལྔ་སྟེ། ཕུང་པོ་ལ་གནས་པ་ནས་དབང་འབྱོར་པ་ལ་གནས་པའི་བར་དུའོ། །འདིར་ཚིགས་སུ་བཅད་ལ། ཕུང་པོ་གནས་པ་བསྒོམ་པ་སྟེ། ཡིད་ལ་བྱེད་པ་བསམ་པ་ཡིན། །ཐབས་དང་དབང་འབྱོར་དེ་བཞིན་ཏེ། །དེ་དག་ཐམས་ཅད བརྗོད་པ་ཡིན། །ཇི་སྐད་དུ་རྒྱུ་དང་སྨིན་དང་སྨོན་ལམ་དང། སོ་སོར་རྟོག་པ་ཕུང་པོ་འདྲ་ཞེས་བཤད་པ་ལྟ་བུའོ། །དེ་ལ་ཕུང་པོ་ལ་རྣམ་པ་བཞི་སྟེ། དེ་ལ་རྒྱུ་ལ་གནས་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན གྱིས་གོམས་པར་བྱེད་པའོ། །རྣམ་པར་སྨིན་པ་ལ་གནས་པ་ནི་གང་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་སོ། །སྨོན་ལམ་ལ་གནས་པ་ནི་གང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སོ། །སོ་སོར་རྟོག་པའི་སྟོབས་ཀྱིས་གནས་པ་ནི་ཤེས་རབ་ཀྱི་སྟོབས ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ། །ཡིད་ལ་བྱེད་པ་ལ་གནས་པ་ནི་བཞི་སྟེ། མོས་པ་ཡིད་ལ་བྱེད་པ་བསྒོམ་པ་ནི་གང་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་མདོ་སྡེ་ལ་མོས་པ་བསྒོམ་པའོ། །རོ་མྱང་པ ལ་ཡིད་ལ་བྱེད་པས་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པས་ཐོབ་པ་རྣམས་ལ་ཡོན་ཏན་མཐོང་བའི་ཚུལ་གྱིས་རོ་མྱང་བར་བྱེད་པའོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་བསྒོམ་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྦྱིན པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པས་བསྒོམ་པ་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་འོངས་?པའི་ཕྱིན་པའི་ཁྱད་པར་ལ་མངོན་པར་དགའ་བའོ། །བསམ་པ་ལ་གནས་པ་ནི་ཕ་རོལ་ཏུ ཕྱིན་པའི་བསྒོམ་པ་རྣམ་པ་དྲུག་སྟེ། མི་ངོམས་པའི་བསམ་པ་དང། ཡངས་པའི་བསམ་པ་དང། དགའ་བའི་བསམ་པ་དང། ཕན་འདོགས་པའི་བསམ་པ་དང། གོས་པ་མེད་པའི་བསམ་པ་དང། དགེ་བའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས དཔའ་སྦྱིན་པ་ལ་མི་ངོམས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་གཅིག་ཅིག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བ་དང་ལུས་གངྒཱའི་ཀླུང་གཅིག་ལ་སྦྱིན་པར་བྱེད་ཅེས་སོ། །དེ་བཞིན་དུ སྐད་ཅིག་རེ་རེ་ལ་གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་བར་སྦྱིན་པར་བྱེད་ཅིང་སེམས་ཅན་གཅིག་ལ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ཇི་སྙེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་པ་ལ། རྣམ་གྲངས འདིས་དེ་ལ་སྦྱིན་པས་མི་ངོམས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཉིད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་ཨི་བསམ་པ་མི་ངོམས་པ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག གི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་དེ་ལྟ་བུར་སྦྱིན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད་ཅིང་རྒྱུན་མི་གཅོད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་ནི་སྦྱིན་པ་ལ་བྱང་ཆུབ་སེམས པའི་ཡངས་པའི་བསམ་པའོ། །དེ་ལྟར་སྦྱིན་པས་སེམས་ཅན་དེ་དག་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་དགའ་བ་ཡིན་གྱི་སྦྱིན་པ་དེས་ཡོངས་སུ་གཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་ལྟ་བུའི་བསམ པ་གང་ཡིན་པ་འདི?་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་ཨི་དགའ་བའི་བསམ་པའོ། །གང་དག་ལ་དེ་ལྟར་སྦྱིན་པས་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཕན་འདོགས་པར་བྱང་ཆུབ་སེམས་དཔའ་མཐོང་གི་བདག་གིས་ནི། མ་ཡིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྟན་པའི་ཕྱིར་རོ། །རྣམ་པ་ལྟ་བུའི་བསམ་པ་གང་ཡིན་པ་དེ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་ཕན་འདོགས་པའི་བསམ་པའོ། ། བ་ཡང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་དེ་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཡངས་པ་མངོན་པར་འདུ་བྱས་ཀྱང་ལན་དུ་ཕན་འདོགས་པའི་རྣམ་པར་སྨིན་པ་མི་འདོད་དེ་རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་གོས་པ་མེད་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕུང་པོ་སྤངས་པའི་རྣམ་པར་སྨིན་པ་དེ་ལྟ་བུ་གང་སེམས་ཅན་ཐམས་ཅད་ཀྱི་ཡིན་པར་མངོན་པར་དགའ་ བར་བྱེད་ཀྱི་བདག་ལ་ནི་དེ་ལྟར་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ ཕྱིན་པ་བསྒོམ་པ་དང་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བསམ་པའོ། །དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་ལ་བྱང་ཆུབ་སེམས་དཔའ་མི་ངོམས་པའི་བསམ་པ་ནི ག་ཨང་བྱང་ཆུབ་སེམས་དཔའ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཞིང་ཚོའི་ཆེད?་བསྐལ་པ་གངྒཱའི་བྱེ་མ་སྙེད་དུ་གྱུར་ལ་རྒྱུན་དུ་ཡོ་བྱད་ཐམས་ཅད་ཀྱིས་འཕོངས་པར་གྱུར་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས མེས་རབ་ཏུ་གང་བ་ནི་སྤྱོད་ལམ་བཞི་བྱེད་ཀྱང། སྐད་ཅིག་གཅིག་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་སྐད་ཅིག་གཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསྒོམ་ཞིང་རྣམ་གྲངས་འདིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི སྙེད་པ་དང། ཤེས་རབ་ཀྱི་ཕུང་པོ་ཇི་སྙེད་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤེས་རབ་ཀྱིས་ཕུང་པོ་དེ་བསྒོམ་ཡང་བྱང་ཆུབ་སེམས་དཔའ་དེ་མི་ངོམས་པའོ། བྱང་ཆུབ སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དུ་སྒོམ་ལ་བྱང་ཆུབ་སེམས་དཔའ་ཡངས་པའི་བསམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེས་སེམས་ཅན་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་རབ་ཏུ་དགའ་བ་ཡིན་གྱི་རྗེས་སུ་བཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟར་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ནི་བྱང་ཆུབ་སེམས་དཔའ་དགའ་བའི་བསམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པས གང་དག་ལ་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔའ་མཐོང་གི་བདག་ནི་མ་ཡིན་སྟེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྟོན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང ཡང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཕན་འདོགས་པའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ ཕྱིན་པ་ལས་བྱུང་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བྱུང་བའི་བསོད་ནམས་མང་པོ་མངོན་པར་འདུག་བྱས་ཀྱང་དེ་ལ་ལན་དུ་ཕན་འདོགས་པ་འམ་རྣམ་པར་སྨིན་པ་གང་འདོད་པ་མེད་དེ། འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་གོས་པ་མེད་པའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་ལས་བྱུང་བ་ནས་ཤེས་རབ་ཀྱི་བར་གྱི་བསོད་ནམས་ཀྱི་ཕུང་པོའི་རྣམ་པར སྨིན་པའི་འབྲས་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །རྣམ་པ་འདི་ལྟ་བུའི་བསམ པ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བསམ་པའོ། །ཐབས་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་གང་ཞེ་ན། རྣམ་པ་གསུམ་སྟེ། སོ་སོར་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འཁོར་གསུམ་ཡོངས་སུ་དག་པ་སྟེ་ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་གྲུབ་པའི་ཕྱིར་རོ། །དབང་འབྱོར་པ་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་རྣམ་པ་གསུམ་སྟེ། ལུས་ལ་དབང འབྱོར་པ་དང། སྤྱོད་པ་ལ་དབང་འབྱོར་བ་དང། བཤད་པ་ལ་དབང་འབྱོར་པའོ། །ལུས་ལ་དབང་འབྱོར་བ་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་སུ་བལྟ་བར་བྱ་སྟེ། རང་བཞིན་དང་ལོངས་སྤྱོད་རྫོགས་པའོ། །དེ་ལ་སྤྱོད་པ་ལ་དབང་འབྱོར་པ་ནི་སྤྲུལ པའི་སྐུར་བལྟ་བར་བྱ་སྟེ། སེམས་ཅན་སེམས་དཔའ་ཐམས་ཅད་ལ་སྤྱོད་པ་རྣམ་པ་རྒྱུན་དུ་སྟོན་པའོ། །བཤད་པ་ལ་དབང་འབྱོར་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་པ་ཐམས་ཅད་དུ་བཤད་པ་ལ་ཐོགས་པ་མེད་པའོ། །རབ་ཏུ་དབྱེ་བ་ནི རྟོན་པ་བཅོ་བརྒྱད་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་དབྱེ་བར་བལྟའོ། །རྟོན་པ་བཅོ་བརྒྱད་ནི་ལུས་རྟོན་པ་དང་སེམས་རྟོན་པ་དང། དགེ་བ་རྟོན་པ་དང། བདེ་འགྲོ་རྟོན་པ་དང། བྱང་ཆུབ་རྟོན་པ་དང། སྙིང་རྗེ་རྟོན་པ་དང། སེམས ཡོངས་སུ་མི་གཏོང་བར་རྟོན་པ་དང། དམན་པའི་སེམས་སུ་འདར་བར་རྟེན་པ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་རྟོན་པ་དང། དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་རྟོན་པ་དང། དགེ་བའི་རྩ་བ་མི་ཟད་པར་རྟོན་པ་དང། དགེ་བའི་རྩ་བ་ལ་ཡོངས་སུ་མི་སྐྱོ་བར རྟོན་པ་དང། བསམ་པའི་དོན་ཐམས་ཅད་འབྱོར་པར་རྟོན་པ་དང། ཚིག་བསྡུད་པར་རྟོན་པོ་དང། ས་ལ་འཇུག་པ་རྟོན་པ་དང། སངས་རྒྱས་ཀྱི་ཆོས་ཡང་དག་སྒྲུབ་པ་རྟོན་པ་དང། སངས་རྒྱས་ཀྱི་སྒྲུབ་པ་རྟོན་པ་སྟེ་སྦྱིན་པ་ལ་སོགས་པ་རྣམ་པ་གསུམ་ཐ དད་པས་གསུམ་གསུམ་གྱི་གོ་རིམ་བཞིན་དུ་བསྡུས་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་རྣམ་པ་གསུམ་ནི་ཟང་ཟིང་གི་སྦྱིན་པ་དང། མི་འཇིགས་པའི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པའོ། །ཚུལ་ཁྲིམས་ལ་རྣམ་པ་གསུམ་སྟེ་སྡོམ་པའི་ཚུལ་ཁྲིམས་དང། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་སོ། །བཟོད་པ་གསུམ་ནི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །བརྩོན འགྲུས་རྣམ་པ་གསུམ་ནི་གོ་ཆའི་བརྩོན་འགྲུས་དང། སྦྱོར་བའི་བརྩོན་འགྲུས་དང། སེམས་ཅན་དོན་བྱ་བའི་བརྩོན་འགྲུས་སོ། །བསམ་གཏན་རྣམ་པ་གསུམ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའི་བསམ་གཏན་དང། མངོན པར་ཤེས་པ་མངོན་པར་གསལ་བའི་བསམ་གཏན་དང། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ཤེས་རབ་རྣམ་པ་གསུམ་ནི་ཀུན་རྫོབ་ལ་དམིགས་པ་དང། དོན་དམ་པ་ལ་དམིགས་པ་དང། སེམས་ཅན་གྱི་དོན་ལ་དམིགས་པའོ། །དེ ལ་ཟང་ཟིང་གི་སྦྱིན་པ་ནི་ལུས་མ་གཏོགས་ཏེ་བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་རྣམས་ཀྱིས་ལེན་པ་པོ་ལ་ཕན་འདོགས་པའི་ཕྱིར་རོ། །མི་འཇིགས་པ་སྦྱིན་པ་ནི་སེམས་ལ་རྟོན་པ་སྟེ། ཡིད་མི་བདེ་བའི་བྱེ་བྲག་དང བྲལ་བར་བྱས་པས་སེམས་ཀྱི་དབུགས་ཉེ་བར་བསྒྲུབ་པའི་ཕྱིར་རོ། །གཞན་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དམན་པའི་སེམས་ནི་བྱང་ཆུབ་སེམས་དཔའ་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བས་ཉན་ཐོས་དང་རང་སངས་རྒྱས ཀྱི་སེམས་ཏེ། དེ་ཡོངས་སུ་འདོར་བ་སྟོན་པ་ནི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པར་རིག་པར་བྱའོ། །དགེ་བའི་རྩ་བ་མི་ཟད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ལྷག་པར་བྱེད་པས་འཁོར་པ་ཇི་སྲིད་པ་དང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས སུ་ཡང་ཡོངས་སུ་མི་གཏེད་བས་ཏེ། དེ་རྟེན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སུ་རིག་པར་བྱའོ། །ཚོགས་སྡུད་པ་ནི་ཐོབ་པ་ལ་བརྟེན་ནས་གདུལ་བྱ་རྣམས་སེམས་མཉམ་པར་བཞག་པར་བྱ་བ་དང། སེམས་མཉམ་པར་བཞག་པར་བྱ་བའི ཕྱིར་བསྡམས་པ་དང། རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པ་སྟེ་དེ་སྟོན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ས་ལ་འཇུག་པ་ནི་ཆོས་ལ་མོས་པ་སྔོན་དུ་བཏང་བའི་བཤད་པ་གང་གིས་ཚོགས་སུ་རྫོགས་པར་བྱས་ནས་རབ་ཏུ་དགའ་བའི་ས ལ་འཇུག་པ་སྟེ་སྟོན་པར་ནི་ཀུན་རྫོབ་ལ་དམིགས་པའོ། །ལྷག་མ་ནི་ལེགས་པར་སྦྱོར་བའི་ཕྱིར་སྦྱར་པ་མ་བྱས་སོ། །རབ་ཏུ་དབྱེ་བ་ནི་སྦྱིན་པ་བདུན་ཏེ། རྩ་བའི་སྦྱིན་པ་ནི་རིགས་ཀྱི་གནས་སྐབས་པའི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ ཏུ་ཕྱིན་པ་སྟེང་གིས་ཙམ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ་། བླངས་པའི་སྦྱིན་པ་ནི་སེམས་བསྐྱེད་པའི་གནས་སྐབས་པ་སྟེ་སྨོན་ལམ་ཡང་དག་པར་བླངས་པ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ། །རྗེས་སུ་འཛིན་པའི་སྦྱིན་པ་ནི་བདག་དང་གཞན དོན་སྒྲུབ་པའི་གནས་སྐབས་པའོ། །འཛིན་པ་ངེས་པ་མེད་པའི་སྦྱིན་པ་ནི་དེ་ཁོ་ནའི་དོན་ལ་ཡོངས་སུ་རྟོགས་པ་གནས་སྐབས་པའི་སྟེ། སྦྱིན་བདག་ལ་གནས་པ་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་འཛིན་པ་མེད་པའི་ཕྱིར་རོ། ། ཡོངས་སུ་འཛིན་པ་མེད་པའི་སྦྱིན་པ་ནི་མཐུན་པའི་གནས་སྐབས་པ་ནི། ཕ་རོལ་གྱི་ཡོ་བྱད་ཡོངས་སུ་འཛིན་པ་མེད་པའི་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱི་ནམ་མཁའ་ལས་ལག་པ་བརྐྱང་ནས་ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེ་ལ་སོགས་ པའི་ཆར་འབེབས་པའི་ཕྱིར་རོ། །སོ་སོར་རིག་པའི་སྦྱིན་པ་ནི་ཡོངས་སུ་སྨིན་པའི་གནས་སྐབས་པ་སྟེ། འདུལ་རྫས་བ་བཞིན་དུ་མཐུན་པར་བྱ་བའི་ཕྱིར་རོ། །སྦྱིན་པ་ཆེན་པོའི་ཆེན་པོ་ནི་བྱང་ཆུབ་མཆོག་གི་གནས་སྐབས་པའི་སྟེ་བླ་ན་མེད་པའི་ཕྱིར་རོ།། དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་ཅི་རིགས་སྦྱར་བར་རིག་པར་བྱའོ། །བསྡུས་པ་ནི་སྦྱིན་པ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཨི་སས་བསྡུས་པའི་ཕྱིར་ཏེ་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་བསྡུས་པ་འདི་ནི་དཔེ་ཙམ་མོ། །སྦྱིན་པའི་ཕ་རོལ་ཏུ ཕྱིན་པ་ལ་སོགས་པ་ནི་རིགས་ཀྱིས་བསྡུས་པར་ཤེས་པར་བྱའོ། །སེམས་བསྐྱེད་པ་བསྡུས་པ་ནི་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པའི་བསྡུས་པའི་ཕྱིར་རོ། །སེམས་བསྐྱེད་པ་ནི་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང། ། ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི། ཀྱེ་མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ཤོག་ཅིག་སྙམ་པའོ། །བྱད་དུ་འཕགས་པ་ནི་དེ་ལྟར་སྦྱིན་པའི་ཕ རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཅིག་སྙམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྡུས་པར་རིག་པར་བྱ་སྟེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ།། བདག་དང་གཞན་གྱི་དོན་བསྡུས་པ་གང་སྦྱིན་པའི་ཕུངས་ཡོངས་སུ་རྫོགས་པ་འདི་དག་ནི་བདག་གི་དོན་ཏོ། གང་གཞན་ལ་ཡོ་བྱད་ཉེ་བར་བསྒྲུབས་པས་རྗེས་སུ་འཛིན་པ་འདི་ནི་གཞན་གྱི་དོན་ཏོ། །ལྷག་མ་རྣམས་ཀྱིས་བསྡུས་པ་ཡང་དེ བཞིན་དུ་རིག་པར་བྱའོ། །དོན་དམ་པ་ཆོས་ཀྱི་དབྱིངས་ལ་བརྩམས་པ་ནི་དེ་བཞིན་ཉིད་སྦྱིན་པ་ལ་སོགས་པ་སྦྱིན་པ་ལ་སོགས་པ་སྦྱིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་ཐམས་ཅད མཁྱེན་པའི་ཉིད་ཡོངས་སུ་བསྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཡོངས་སུ་འཛིན་པ་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རྗེས་སུ་འཛིན་པ་ལས་བརྩམས་པ་ནི་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ ཕྱིན་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་མཚན་ཉིད་ལ་བརྩམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ ཉིད་དེ་ནི་དམ་པ་ནི་སྦྱིན་པ་ལ་སོགས་པ་བསྡུས་པར་རིག་པར་བྱའོ། །དཔེ་བརྗོད་པ་འདིས་བསྡུས་པ་ལྷག་མ་རྣམས་བསྟན་པར་བྱའོ། །མི་མཐུན་པའི་ཕྱོགས་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་དང་ཁྲོ་བ་དང་ལེ་ལོ་དང་རྣམ་པར གཡེང་བ་དང་འཆལ་བའི་ཤེས་རབ་སྟེ། སྦྱིན་པ་ལ་སོགས་པའི་གོ་རིམས་བཞིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསྡུས་པའི་ཕྱིར་སྦྱིན་པའི་ཆོས་ཇི་སྙེད་པ་དེ་དག་གི་མི་མཐུན་པའི་ཕྱོགས་གང་ཡིན་པ་དང། ཤེས་བྱའི་སྒྲིབ་པ་དེ ཡང་དག་པའི་མི་མཐུན་པའི་ཕྱོགས་སུ་རིག་པར་བྱའོ། །ཕན་ཡོན་ནི་འབྲས་བུ་རྣམ་པ་ལྔའི་སྐབས་སུ་དཔག་ཏུ་མེད་པར་རིག་པར་བྱའོ། །དེ་ཡང་བསྡུས་ན་འདི་དག་གི་རང་གི་མི་མཐུན་པའི་ཕྱོགས་ཡོ་བྲལ་བའི་འབྲས་བུ་དང་ མཐོང་བའི་ཆོས་ལ་བདག་གཞན་རྗེས་སུ་འཛིན་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང། ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་འཕགས་པ་མཆོག་དམ་འཁྱུད་པའི་རྒྱུ་མཐུན་པའི་འབྲས་བུ་དང། བྱང་ཆུབ་ཆེན་པོ་དབང གི་འབྲས་བུ་དང། ལོངས་སྤྱོད་ཆེན་པོ་དང་བདེ་འགྲོར་འགྲོ་བ་དང་འཁོན་མེད་པ་དང། དབྱེ་བ་མེད་པ་དང་མི་བདེ་བ་མེད་པ་དང་ཡིད་བདེ་པ་མང་བ་དང། སེམས་ཅན་ལ་དབང་བ་དང་ལུས་ལ་གནོད་པ་མེད་པ་དང་དབང་ཆེ་བར་གྲགས་པ་ནི་གོ་རིམ་བཞིན་དུ སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པར་རིག་པར་བྱའོ། །གཅིག་ལ་གཅིག་རྣམ་པར་ངེས་པ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་ལས་གྱུར་པ་དང། དབྱེ་བ་ལས་གྱུར་པ་དང། རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པའོ། །དེ་ལ་སྦྱོར་བ་ལས་གྱུར་པ་ནི སྦྱིན་པ་ལ་སོགས་པ་ཐམས་ཅད་འདུས་པར་དམིགས་ཏེ་འདི་ལྟ་སྟེ་ནང་དང་ཕྱིའི་དངོས་པོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་སྦྱོར་པའོ། །དེ་ལ་གང་ཡོངས་སུ་གཏོང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱམས་པའི་སེམས་དང་ལྡན་པའི་གང གཞན་ལ་ཀུན་ནས་གནར་སེམས་དང་གནོད་པ་དང་རྣམ་པར་འཚེ་བ་སྡོམས་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་ཉེ་བར་བསྐོར་བ་དང་ཕོངས་པ་དང་སྐྱོ་བ་ལ་ཇི་མི་སྙམ་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད ལ་གང་ཕྱིར་སེམས་སྤྲོ་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་སེམས་རྩེ་གཅིག་པ་སྟེ་དགེ་བ་ཕྱི་རོལ་ཏུ་མི་འཕྲོ་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་རྒྱུ་དང་འབྲས་བུ་ཇི་ལྟ་བ་བཞིན་དུ་ལེགས་པར གཟུང་བ་དང་ལྟ་བ་མཆོག་ཏུ་འཛིན་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་ཅི་རིགས་སུ་སྦྱར་བར་བྱ་སྟེ། མི་འཇིགས་པ་སྦྱིན་པ་ནི་ཐམས་ཅད་དུ་སྦྱིན་པ་ཡིན་པའི་ཕྱིར་རོ།། དེ་རབ་ཏུ་དབྱེ་བ་ལས་གྱུར་པ་ནི་ངོ་བོ་ཉིད་ཀྱིས་རབ་ཏུ་དབྱེ་བ་དང། རྗེས་སུ་སྦྱོར་བས་རབ་ཏུ་དབྱེ་བ་དང། བསྐྱེད་པས་རབ་ཏུ་དབྱེ་བའོ། །དེ་ལ་སོགས་པའི་ངོ་བོ་ཉིད་ནི་རྣམ་པར་གཏོང་བ་དང་སྡོམ་པ་དང་ཇི་སྙམ་པ་དང་མངོན་པར་སྤྲོ་བ་དང་སེམས གནས་པ་དང་རབ་ཏུ་རྣམ་པར་དབྱེ་བ་སྟེ་གོ་རིམས་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ནི་དེ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་རྗེས་སུ་འཇུག་པ་སྟེ་སྔ་མ་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པའི་རྗེས་སུ་སྦྱོར་བ་ནི་འཛིན་དུ འཇུག་པ་དང། བསྔགས་པ་བརྗོད་པ་དང། རབ་ཏུ་དགའ་བའོ། །དེ་ལ་སྦྱིན་པ་ལ་སོགས་པ་བསྐྱེད་པ་ནི་གཞན་གྱི་རྒྱུ་ལ་འཇོག་པའོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ། །དེ་མ་ཡིན་པའི་གཞན་ལྔ་ནི་མི་འཇིགས་པའི་སྦྱིན་པའོ། ། ཐམས་ཅད་ནི་དམ་པའི་ཆོས་ཀྱི་སྦྱིན་པ་སྟེ་གཞན་གྱི་སེམས་རྒྱུད་ལ་བསྐྱེད་པའི་ཕྱིར་རོ། །དེ་ལས་རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པ་ནི་གཅིག་ནས་རྟོགས་པ་ལ་སོགས་པ་སྟེ། འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཚུལ་ཁྲིམས་ཀྱི ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དེ་ཡིན་ནམ་ཞེ་ན་ཚིག་འོག་མ་དང་སྦྱོར་བ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྦྱིན་པའི་ཕ་རོལ་ཏུ ཕྱིན་པ་ཡང་དེའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ཡོད་པ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚིག་འོག་མ་དང་སྦྱོར་བ་རྣམས་དང་སྦྱར་བར་བྱའོ། །སྦྱིན་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཕ་རོལ་ཏུ་ཕྱིན་པ་དེ་ཐམས་ཅད་སྦྱིན་པ་ཡིན་ནམ་ཞེ་ན། མུ་གསུམ་དུ འགྱུར་ཏོ་སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་མ་བསྔོས་པའི་སྦྱིན་པའོ། །སྦྱིན་པ་མ་ཡིན་པ་ལ་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཡང་ཡོད་དེ་བཤད་པ་མ་གཏོགས་པའི་ཆོས་རྣམས་སོ། །དེ་བཞིན་དུ་ཤེས་རབ་ཀྱི ཕ་རོལ་ཏུ་ཕྱིན་པའི་བར་ལ་བརྩམས་ཏེ་རེ་རེ་ལ་མུ་གསུམ་གསུམ་དུ་སྦྱར་བར་བྱའོ། །སྦྱིན་པ་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་དག་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུད་ལས་བྱུང་བའི་བསོད་ནམས་བསྐྱེད་དམ་ཞེ་ན་མུ་བཞིར་འགྱུར་ཏེ། མུ་དང་པོ་ནི བྱང་ཆུབ་ཆེན་པོ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྤྱོད་པའོ། །མུ་གཉིས་པ་ནི་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་འཛིན་དུ་འཇུག་པ་དང། བསྔགས་པ་བརྗོད་པ་དང། ཡིད་རབ་ཏུ་དགའ་བས་སོ། །མུ་གསུམ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ བསྔོས་པའི་སྦྱིན་པས་སོ། །མུ་བཞི་པ་ནི་རྣམ་པ་འདི་དག་མ་རྟོགས་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བརྩམས་ཏེ་དེ་རེ་ལ་ཡང་མུ་བཞི་བཞིར་སྦྱར་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་ཀྱང་བསྡུ་བའི་དངོས་པོ་བཞི་ཡིན་ཏེ་སྦྱིན་པ དེ་ཉིད་དོ། །ཚུལ་ཁྲིམས་དང་བཟོད་པ་ནི་དག་སྙན་པའོ། །བརྩོན་འགྲུས་དང་བསམ་གཏན་ནི་དོན་མཐུན་པའོ། །ཤེས་རབ་ནི་དོན་དཔྱོད་པའོ། །སྡོམ་པ་གསུམ་ཡང་ཡིན་ཏེ། དང་པོ་བཞི་སྡོམ་པའི་ཚུལ་ཁྲིམས་དང། བསམ་གཏན་ནི་སེམས་ཅན དོན་བྱེད་དོ། །ཤེས་རབ་ནི་དགེ་བའི་ཆོས་སྡུད་དོ། །བསླབ་པ་གསུམ་ཡང་དེ་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དེ་ཉིད་ཡིན་ཏེ་ལམ་གཉིས་ཀྱི་སྐབས་སུ་བཤད་དོ། །ལམ་གཉིས་ཀྱང་ཚོགས་ལམ་སྦྱོར་ལམ་ནི་འཇིག་རྟེན པའོ། །མཐོང་ལམ་སྒོམ་ལམ་ནི་འཇིག་རྟེན་ལས་འདས་པ་ཡིན་ཏེ། དེ་དག་རྒྱས་པར་ཕྱེ་སྟེ་བསྟན་པ་ནི་ཐབས་ཉམས་སུ་བླང་པའི་རིམ་པའོ། །དེ་ལྟར་ཐབས་ཀྱི་ཁྱད་པར་དང་ཐེག་པ་འོག་མ་ལས་ཁྱད་པར་དགུས་འཕགས་ཏེ་གང་ཞེས དམིགས་པའི་ཁྱད་པར་ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བ་ལ་དམིགས་པའོ། །ཉེ་བར་བསྟན་པའི་ཁྱད་པར་ནི་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པའོ། །རབ་ཏུ་རྟོགས་པའི་ཁྱད་པར་ནི་སོ་སོར་ རང་གིས་རིག་པའི་ཡེ་ཤེས་ཀྱིས་གང་ཟག་དང་ཆོས་བདག་མེད་པ་རྟོགས་པའོ། །ཁས་ལེན་པའི་ཁྱད་པར་ནི་བདག་དང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་ཁས་ལེན་པའོ། །ངེས་པར་འབྱུང་བའི་ཁྱད་པར་ནི་ས་བཅུ་དག་གིས་ངེས པར་འབྱུང་བའོ། །ཡོངས་སུ་འཛིན་པའི་ཁྱད་པར་ནི་མི་གནས་པའི་མྱ་ངན་ལས་འདས་པར་ཡོངས་སུ་འཛིན་པའོ། །གནས་དང་གཡོག་འཁོར་གྱི་ཁྱད་པར་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་གདུལ་བྱ་ཉེ་བར་སྡུད་པའོ། །བཙུན་པ སྐྱེས་པའི་ཁྱད་པར་ནི་སངས་རྒྱས་ཀྱི་གདུངས་རིས་སུ་སྐྱེས་པའོ། །སྐྱེ་བའི་ཁྱད་པར་ནི་སྨོན་ལམ་གྱི་དབང་གིས་སྲིད་པ་ཐམས་ཅད་དུ་སྐྱེ་བའོ། །དྲུག་པོ་དེ་དག་དང་ལྡན་པའི་ཆོས་ཀྱང་རྣམ་པ་གཉིས་སུ་བཤད་དེ། སྒྲུབ་པའི་ཆོས་དང། འབྲས བུའི་ཆོས་སོ། །སྒྲུབ་པའི་ཆོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་དེ་ཉིད་འདིར་ཡོངས་སུ་ཤེས་པའོ། །འདུས་བྱས་ཀྱང་འདུས་མ་བྱས་ཀྱི་བྱེ་བྲག་གིས་འབྲས་བུའི་ཆོས་ཀྱང་རྣམ་པ་གཉིས་སུའོ། །དེ་ལ་འདུས་བྱས་ནི་དགེ་སྦྱོང་གི་འབྲས་བུ་བཞི སྟེ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ནོ། །འདུས་མ་བྱས་མི་ཉོན་མོངས་པ་སྤངས་པའི་མཚན་ཉིད་མྱ་ངན་ལས་འདས་པའོ། །བསྟན་བཅོས་ལས་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་རང་བཞིན་དག་སྦྱོང་གི་འབྲས་བུ་རྣམ་པར་གཞག་མོད་ཀྱི་འོན་ཀྱང མྱ་ངན་ལས་འདས་པར་ལོགས་ཤིག་ཏུ་བཤད་པས་བ་ལང་དང། གླང་ཞེས་བྱ་བའི་ཚུལ་དུ་འདུས་བྱས་ཉིད་དུ་གཟུང་ངོ། །ཡང་ན་ཡོངས་སུ་དག་པའི་དེ་བཞིན་ཉིད་གང་ཡིན་པ་འདིར་མྱ་ངན་ལས་འདས་པར་འདོད་དེ་དེ་ལ་ཉོན་མོངས་པའི ཕྱིར་རོ། །འབྲས་བུ་འདི་བརྗོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལམ་འདི་ཉིད་ཀྱི་གང་ཟག་དང་ཆོས་ལ་བདག་མེད་པའི་ཚུལ་དུ་བསྒྲུབས་ནས་འབྲས་བུ་རྙེད་པར་འགྱུར་རོ་ཞེས་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་རོ། །དེ་ཡང་དེ ཁོ་ན་མ་ནོར་པའི་རང་བཞིན་རྟོགས་པ་ནི་ཡང་དག་པའི་བལྟ་བའོ། །དེ་ཉིད་ལ་ཚུལ་བཞིན་དུ་རྟོག་ཅིང་དཔྱོད་པ་ནི་ཡང་དག་པའི་རྟོག་པའོ། །དེ་ཡང་གཞན་དག་ལམ་ནོར་བའི་རང་བཞིན་དུ་འཆད་ཅིང་རྫུན་ལ་སོགས་པའི་ཉེས་པ་སྤངས་པའི་ཚིག་ནི་ཡང་དག་པའི་དོག། དེ་ནས་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་སྤངས་ཤིང་ལུས་ཀྱི་ལས་ཡོངས་སུ་དག་པ་ནི་ཡང་དག་པའི་ལས་ཀྱི་མཛའ་ཨོ། །དེ་ནས་ཚུལ་འཆོས་པ་དང་གཞོག་སློང་ལ་སོགས་པ་ལོག་པར་འཚོ་བའི་ཉེས་པ་སྤངས་ཤིང་ཡོངས་སུ་དག་པའི ལུས་དང་ངག་གི་ཡོངས་སུ་སྤྱོད་པ་ནི་ཡང་དག་པའི་འཚོ་བའོ། །ཉེས་པ་ལྷག་མ་རྣམས་སྤངས་པའི་ཕྱིར་མངོན་པར་སྤྲོ་བ་ནི་ཡང་དག་པའི་རྩོལ་བའོ། །དེ་ཁོ་ན་ཉིད་མི་བརྗོད་པ་ནི་ཡང་དག་པའི་དྲན་པའོ། །གོང་ནས་གོང་དུ་ཡོན་ཏན་གྱི་ཁྱད་པར་རྣམས མངོན་པར་བསྒྲུབ་པའི་ཕྱིར་རྟག་ཏུ་མཉམ་པར་བཞག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ། །ལམ་ལ་སྙོམས་པར་བཞུགས་པ་ལས་ཡང་དག་པའི་ལྟ་བ་ལ་སོགས་པ་ཇི་ལྟར་བྱུང་ན་རྒྱུ་གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པར་འགྱུར་ཞེ་ན། འདི་ལ་ངེས་པ་མེད་དེ་འཇིག་རྟེན་ལས་འདས་པའི་ལམ་གྱི་གནས་སྐབས་ན་རྣམ་པ་དེ་ལྟ་བུའི་སོ་སོར་རང་གིས་རིག་པའི་དེ་ཁོ་ན་མྱོང་བར་ཡང་འགྱུར་ཞིང་གནས་གྱུར་པར་ཡང་ཐོབ་པ་ལ་། དེ་ལས་ལངས་པའི་ཚེ་ན་ཡང་དག་པའི་དག་ལ་སོགས་པ་ལ འཇུག་སྟེ་ལོག་པའི་དག་ལ་སོགས་པ་ལ་ནི་མི་འཇུག་གོ་། དེས་ན་རྒྱུ་ལ་འབྲས་བུར་བཏགས་ཏེ་ཡང་དག་པའི་ལྟ་བ་ལ་སོགས་པ་ཡན་ལག་བརྒྱད་ནི་རྣམ་པར་དག་པའི་རྒྱུར་གྱུར་པས་དེ་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། དེའི་ཚེ་ན་དེའི་ཚིགས ཀྱང་མི་སྨྲ་ལ་གོས་ལ་སོགས་པ་ཡང་མི་ཚོལ་བས་དེའི་གནས་སྐབས་ན་ཡན་ལག་བརྒྱད་མི་འབྱུང་སྟེ། འགལ་བའི་ཕྱིར་རོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། དེས་ཇི་ལྟར་མྱོང་བའི་དེ་ཁོ་ན་ངེས་པར་འཛིན་པའི་ཕྱིར་རོ། ཡང་དག་པར་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། དེ་ཇི་ལྟར་རྟོགས་པའི་དེ་ཁོ་ན་རྣམ་པར་བཞག་ནས་ཚིག་ཏུ་འདོན་པའི་ཕྱིར་རོ། །ཡང་དག་པའི་དག་དང། ལས་ཀྱི་མཛའ་དང་འཚོ་བ་ནི་གཞན་ཡིད་ཆེས་པར བྱེད་པའི་ཡན་ལག་སྟེ། དེ་དག་གོ་རིམས་བཞིན་དུ་རྣལ་འབྱོར་གྱི་ལྟ་བ་དང། ཚུལ་ཁྲིམས་དང་ཡོ་བྱད་བསྙུངས་པ་རྣམ་པར་དག་པ་གཞན་ཡིད་ཆེས་པར་འགྱུར་ཏེ། འདྲི་བའི་ལན་ཡང་དག་པར་ལྔོན་པས་ཡང་དག་པའི་དག་གིས་ལྔ་བ་རྣམ པར་དག་པར་ཡིད་ཆེས་སོ། །ཡང་དག་པའི་ལས་ཀྱི་མཛའ་བྱ་བ་མ་ཡིན་པ་མི་བྱེད་པའི་ཚུལ་ཁྲིམས་རྣམ་པར་དག་པར་རོ། །ཡང་དག་པའི་འཚོ་པས་གོས་ལ་སོགས་པ་ཆོས་བཞིན་ཚོལ་བས་ཡོ་བྱད་བསྙུངས་པར་རྣམ་པར་དག་པར་རོ། །འདི་དག ནི་གོ་རིམས་བཞིན་ངག་དང་ལུས་དང། །གཉིས་ཀའི་ལས་ཀྱི་རང་བཞིན་ནོ། །ཡང་དག་པའི་རྩོལ་བ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉིས་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བས་སྒྲིབ་པ་རྣམ་པར་སྦྱར་བའི་ཡན་ལག་གོ། ཡང་དག་པའི དྲན་པ་ནི་བྱིང་བ་དང་རྒོད་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དྲན་པ་ཉེ་བར་བཞག་པས་ཡང་དག་པར་མཚན་མར་རྟོག་པས་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐབས་མེད་བའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ འཛིན་ནི་ཡོན་ཏན་གྱི་ཁྱད་པར་མངོན་པར་བསྒྲུབ་པ་ལ་སྒྲིབ་པ་རྣམ་པར་སྦྱོང་པའི་ཡན་ལག་སྟེ། ངས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་རོ། །སྟོན་པར་མཛད་དོ་ཞེས་པ་ནི་དབང་པོ་རྣོན་པོས་མགོ་སྨོས་པས་གོ་བ དང། རྟུལ་པོས་ཤིན་ཏུ་རྒྱས་པས་ཀྱང་རྟོགས་པར་བཀའ་ལ་འབྲིང་པོའི་དབང་དུ་བྱས་པའི་ཕྱིར་རོ། །ལྡེམ་པོར་དགོངས་པ་བཞི་དང་བཞིས་ཆོས་ཐམས་ཅད་སྟོན་ཏོ། །དེ་ནི་གཞུག་པ་ལ་ལྡེམ་པོར་དགོངས་པ་དང། མཚན་ཉིད་ལྡེམ་པོར དགོངས་པ་དང། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་དང། མཉམ་པ་ཉིད་ལ་དགོངས་པ་དང། དོན་གཞན་ལ་དགོངས་པ་དང། དུས་གཞན་ལ་དགོངས་བ་དང། གང་ཟག་གཞན་ལ་དགོངས་པའོ། །ད་ནི་མ་འོངས པའི་སློབ་དཔོན་དང་སློབ་མ་ཆོས་ལ་འཇུག་པའི་ཚུལ་སྦྱར་བའི་ཕྱིར་ཆོས་ལ་འཇུག་པའི་ཚུལ་གསུངས་པ། ཉིན་མཚན་དུ་བསམ་པ་ནི་ཐོས་པའི་དོན་བསམ་པ་ཉིད་དོ། །རྗེས་སུ་དཔྱད་པ་ནི་ཐོས་པའོ། །བསྒོམ་པ་ནི་བསམ་པའི་དོན་བསྒོམ་པ་ཉིད་དོ།། དགའ་བ་ཆེན་པོ་ནི་ཤེས་རབ་གསུམ་ལ་བར་ཆད་དང་བྲལ་བའོ། །ད་ནི་ཤེས་རབ་རྣམ་གསུམ་དང་བྲལ་བའི་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་མི་རྟག་ཅིང་བསླུ་བ་དང་བཅས་བར་གསུངས་པ། དེ་ནས་ལྷའི་འཁོར་དེ་ཉིད་ཀྱི་ནང་ནས་ཞེས་བྱ་བ་ལ་སོགས བའོ། །ཡང་དག་པའི་ལམ་ལ་འདྲེན་པ་པོ་དགོས་པར་བསྟན་པའི་ཕྱིར་རོ། །དེ་ནས་གནས་མཆོག་དེ་ན་ཞེས་པ་ལ་སོགས་པ་གསུངས་སོ། །ཉམ་ང་བ་མ་རྟོགས་ན་ཡང་དག་པ་ལ་ཡིད་མི་ཆེས་པར་བསྟན་པའི་ཕྱིར་དེ་ནས་ལྷའི་བུ་ལ་སོགས་པ གསུངས་སོ། །ལམ་ཐམས་ཅད་ཀྱི་གཞི་སྐྱབས་སུ་འགྲོ་བ་ཡིན་པར་བསྟན་པའི་ཕྱིར་དེ་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་བརྒྱལ་བ་སངས་ཏེ་ཞེས་པ་ལ་སོགས་པ་གསུངས་སོ། །སྐྱབས་སུ་སོང་བའི་སློབ་མ་ལ་དབུགས་དབྱུང་བའི ཕྱིར་ཕན་ཡོན་བཤད་པ་ནི་ལྷའི་དབང་པོ་ལ་སོགས་པས་གསུངས་སོ། །དེ་དག་ནི་དོན་གྱི་སྒོ་ནས་གླེང་བསླང་བའོ། །ད་ནི་ཚིག་གི་སྒོ་ནས་གླེང་བསླང་བའི་ཕྱིར་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དམན་པའི་ཚིག་གིས་ཞེས་བ་ལ་སོགས་པ གསུངས་སོ། །ལྷའི་དབང་པོ་ཞེས་པ་ལ་སོགས་པ་ནི་ལྷའི་བུ་ལ་སོགས་པའི་ལེ་ལོའི་འགྱོད་པ་བསལ་བའི་ཕྱིར་ལས་རྒྱུ་འབྲས་ཀྱི་འབྲེལ་པ་གསུངས་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པའི་གཏམ་ངན ཐོས་ནས་ཞེས་བྱ་བ་ལ་སོགས་པས་ནི་རྗེས་འཇུག་གི་ཉམས་སུ་བླང་བ་ཞུས་པ་ནས་ཀྱིས་བསྟན་ཏོ། །གུས་པའི་རྩོལ་བ་དང་བྲལ་ན་ཡང་དག་པའི་ལམ་རྙེད་པར་མི་འགྱུར་བའི་ཕྱིར་དེ་ནས་ལྷའི་དབང་པོ་ལ་སོགས་པས་ཆོས་ལ་གུས པ་བསྟན་ཏོ། །ཞུས་པའི་དོན་ནི་རྒྱས་པ་དང་བསྡུས་པའོ། །དང་པོ་ནི་དོན་ངེས་པར་ཐོབ་པ་དང། དོན་ལ་བར་ཆད་གསལ་བ་དང། ལུས་ཅན་ཐམས་ཅད་འཇུག་ཏུ་རུང་བར་བྱིན་གྱིས་བརླབ་ཏུ་གསོལ་བ་དང། ཁྱད་པར་གྱི་རྐྱེན་གསལ་བ་དང། ཤིན་ཏུ་བག་ཚ་བའི་འབྲས་བུ་གཉིས་དང་བྲལ་བར་མཛད་པ་དང། འཁོར་བ་ལས་བསྒྲལ་བ་དང། རང་གི་དོན་དང། གཞན་གྱི་དོན་དང། ཐུན་མོང་གི་དོན་ཡོད་པར་གསོལ་བ་གདབ་པ་སྟེ། རེ་བ་འཕེལ་བར་མཛད་དུ་གསོལ། ཞེས་པ་ལ་སོགས་པའི་ཚིག བཅུ་གཅིག་དང་རིམ་པ་སྦྱར་རོ། །བསྡུས་པ་ལ་གཉིས་ཏེ། མཐོབ་པའི་ཆོས་ཀྱི་དོན་དང། ལན་གྲངས་གཞན་གྱིའོ། །མ་འོངས་པའི་སྟོན་པ་ང་ལོ་བདེ་བ་ལ་སྦྱར་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚུལ་ནི། ཤཱཀྱ་ཐུབ་པ་སྔོན་དུ་མི བརྗོད་པར་བཅོམ་ལྡན་འདས་སྔོན་དུ་གསུངས་པ་ནི་བདུད་བཅོམ་པ་དང་དབང་ཕྱུག་གི་ཡོན་ཏན་དྲུག་དང་ལྡན་པ་དེ་ནི་མུ་སྟེགས་པ་ལ་སོགས་པ་གཞན་ལ་མེད་པ་དང། ཕྱི་རབས་ཀྱང་རང་གི་བླ་མའི་གནས་ལ་སོགས་པ་ཡོན་ཏན་སྔོན་དུ་བཏང་ནས བརྗོད་པ་ལ་བཞག་པའི་ཕྱིར་རོ། །ཤཱཀྱ་ནི་རིགས་ལ་མངོན་པར་ཞེན་པ་རྣམས་འཇུག་པའི་རིགས་སྨོས་ཏེ། རྒྱལ་རིགས་ཕྱོགས་གཅིག་གི་མིང་ངོ། །ཐུབ་པ་དང་རྒྱལ་བ་དང་འདྲེན་པ་ལ་སོགས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་མིང་གི་རྣམ་གྲངས་སོ། །ཐུགས སུ་ཆུད་པ་ནི་གཉིས་ཏེ། རང་དོན་དུ་དང། གཞན་དོན་དུ་བཤད་པར་གསོལ་བ་བཏབ་པར་རོ། །རྣམ་པ་ཀུན་ཏུ་ནི་ཡུལ་དང་དུས་དང་གནས་སྐབས་སོ། །རྣམ་པར་གཟིགས་པ་ནི་ཕན་པ་དང་བདེ་བའོ། །ཏིང་ངེ་འཛིན་གྱི་ཞི་གནས་དང་ལྷག་མཐོང་སྟེ། སྟོང་པ་དང་ཡེ ཤེས་སུ་མཉམ་པར་གྱུར་པའོ། །སྙོམས་པར་ཞུགས་པ་ནི་དེ་ཉིད་མངོན་སུམ་དུ་བྱས་པའོ། །མདོར་ན་དབྱིངས་དང་རིག་པ་དབྱེར་མེད་པ་ནི་ཏིང་ངེ་འཛིན་ཏེ་ཆོས་ཀྱི་སྐུ་ལ་ཡིན་ལ། སྙོམས་པར་ཞུགས་པ་ནི་དེ་ཉམས་སུ་མྱོང་བ་སྟེ་ལོངས་སྐུའོ། །གལ་ཏེ་སངས་རྒྱས་ནི རྟག་ཏུ་མཉམ་པར་བཞག་པ་མ་ཡིན་ནམ་ཅིའི་ཕྱིར་སྐབས་འདི་ཁོ་ན་མཉམ་པར་བཞག་ཅེས་སྨོས། །ཡང་ན་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་ཡིན་པས་རྟག་ཏུ་མཉམ་པར་བཞག་པ་མི་མངན་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གདུལ་བྱ་ཉིད་ལ་དེ་ལྟར་སྣད་བ་དང་མ་འོངས པ་ནི་འཆང་བ་པོ་བསམས་བཞིན་དུ་སྨྲ་བར་བྱའོ་ཞེས་གདམས་པའོ། །ཞུགས་མ་ཐག་པ་ནི་གཞན་ཅིས་ཀྱང་བར་མཆོད་པར་སྣོད་གཉིས་དང་མཚམ་པར་འབྱུང་བ་སྟེ་དེ་ཡང་ཟབ་པ་དང་རྒྱ་ཆེ་བ་ཐུགས་སུ་ཆུད་པ་ཕ་རོལ་ཕྱིན་པ་དྲུག་གི་མཚན་ཉིད་ལ་མོས་པ དང། གཏིང་དཔག་དཀའ་བ་ཐུགས་སུ་ཆུད་པ་རྡོ་རྗེ་ཐེག་པ་ལ་ཞུགས་པའོ། །དེ་རེ་རེ་ལའང་ཞུགས་པ་དང་ཞུགས་པ་བསྟན་པའོ། །དང་པོ་ནི་མོས་པ་སྤྱོད་པ་ལ་སོགས་པ་ལ་གསུང་གི་སྒོ་ནས་འབྱུང་ངོ། །གཉིས་པས་ཆེན་པོ་ལ་རབ་ཏུ་བཞུགས་པ་རྣམས་ལ་འོད ཟེར་གྱི་སྒོ་ནས་སོ། །རྣམ་པ་ཀུན་ཏུ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུ་ལ་བརྟེན་ནས་རིག་པའི་གནས་ལྔའི་སྣང་བ་རྒྱ་ཆེན་པོ་ཁྱབ་པས་གདུལ་བྱ་ཚམ་པར་བརྗོད་དོ། །དེ་ལ་སྒྲ་རིག་པ་ནི་བྱ་ཀ་ར་ཎ་སྟེ་དོན་གསལ་བར་བྱེད་དོ། །གཏན་ཚིགས་རིག་པ་ནི་ཚད་མ་སྟེ་རྒོལ་བ ཚད་གཅོད་དོ། །གསོ་བ་རིག་པས་ནི་ལུས་གནས་པར་བྱེད་དོ། །བཟོ་རིག་པས་ན་འཚོ་བ་མི་ཉམས་པ་དང་ཡིད་སྐྱོ་བ་མེད་པར་བྱེད་དེ། །རྟོགས་པར་རིག་པས་ལམ་གོམས་ན་ཉོན་མོངས་པ་བཅོམ་ཞིང་ཡེ་ཤེས་སྐྱེད་པར་བྱེད་དོ། །ལམ་དེ་ཡང་དབང་པོ་རབ འབྲིང་ཐ་མའི་བྱེ་བྲག་གིས་ཚར་བཅད་རྗེས་སུ་བཟུང་བའི་བྱེ་བྲག་གི་རྣམ་པ་ཐ་དད་དོ། །དབུའི་གཙུག་ཏོར་ནི་འབྱུང་གནས་སོ། །ལྷ་རྣམས་རྡོ་རྗེ་ཐེག་པ་ལ་གུས་པར་བཟུད་པའི་ཕྱིར་རོ། །ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱས་པ་ནི་གཉིས་ཏེ། ཀུན་རྫོབ་ཏུ་ཡེ ཤེས་སྟོང་པ་ཉིད་མི་རྟོག་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་གང་ཡང་མི་གསལ་བ་མེད་པར་བྱས་སོ། །དོན་དམ་པའི་སྔགས་ཀྱི་ཕྲེང་བས་ནི གདུལ་དཀའ་བ་གང་ཡང་མི་འདུལ་བ་མེད་པར་བྱས་སོ། །གདུགས་ལྟ་བུ་ནི་ཚར་དང་ཚད་པ་ལས་སྐྱོབ་པ་ལྟར་འཁོར་བའི་ཆུ་ལས་སྐྱོབ་པར་འགྱུར་བ་དང། ཕྱིན་ཅི་ལོག་གི་གདུང་བ་སེལ་བར་འགྱུར་བས་སྔགས་རྣམས་ཀྱང་གདུགས་ཀྱི་ཚུལ་དུ སྣང་བའོ། །འཛུམ་པ་མཛད་པ་ནི་འཁོར་སྤོབས་པ་བསྐྱེད་པ་དང་ཆོས་འདི་རྙེད་པར་དཀའ་བ་དང་ཐབས་ཆེན་པོ་ཐོབ་པ་ཉིད་ཀྱི་ཕྱིར་རོ། །གཟིགས་པ་ནི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོས་གདུལ་བྱ་ལ་གཟིགས་པའོ། །བཀའ་སྩལ་པ་ནི་ཐོག་མ དང་བར་དང་ཐ་མར་དགེ་བའི་ཚུལ་གྱིས་སོ། །ད་ནི་གདམ་ངག་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་སེམས་བསྐྱེད་པ་གསུངས་སོ། །དེ་ལ་སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་རྟོག་པ་འདིའི་མཚན་གསུངས་པ། ཀུན་ནས་སྒོར་འཇུག་པ་ནི་རྣམ་པར་སྣང་མཛད་ཆེན་པོའི ཞལ་ནས་གསུངས་བའི་སྔགས་དང་རྒྱུད་དང་ཕྱག་རྒྱའོ། །འཇུག་པ་ནི་ཐོས་པ་དང་སྒྲུབ་པའོ། །སྔགས་འདི་ཉིད་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ནས་འོད་ཟེར་གྱི་ཚུལ་དུ་བྱུང་སྟེ། གདུལ་བྱ་ཚིམ་པར་བྱ་བའི་ཕྱིར་རོ། །དྲི་མ་མེད པ་ནི་ཕྲིན་ལས་ཀྱི་མིང་སྟེ། འདིར་ཞུགས་པ་ཙམ་གྱི་བསྐལ་པ་དུ་མའི་སྒྲིབ་པ་ཐམས་ཅད་སེལ་བར་བྱེད་པས་སོ། །སྣང་བ་ནི་དབང་པོ་རབ་འབྲིང་ཐ་མ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་ལྔའོ དེ་བཞིན་ནི་ཞི་བ་འམ་མྱ་ངན་ལས་འདས་པ་སྟེ་མི་སླུ་བས་དེ་བཞིན་ཁོ་ནའོ། །དེ་ཁོང་དུ་ཆུད་པ་ནི་གཤེགས་པའོ། །དེ་ཁོང་དུ་ཆུད་ཅིང་རྟོགས་ན་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཞེས་ཀུན་ལ་སྦྱར་རོ། །ཡང་དེ་བཞིན་ནོ རྣམ་ཐར་སྒོ་གསུམ་མོ། །ཡང་ན་བདེན་པ་བཞིའོ། །ཡང་ན་བདེན་པ་དང་སྟོང་པ་དང་ཉེ་བར་ཞི་བ་དང་ཤེས་རབ་བེ། །ཡང་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །དེ་དག་ཐུགས་སུ་ཆུད་པས་ཞེས་ཀུན་ལ་སྦྱར་རོ། །ཡང་ན་དེ་བཞིན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། དེས སངས་རྒྱས་སུ་གཤེགས་བའོ། །ཡང་ན་ས་བཅུའོ། །ཡང་ན་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཡང་ན་ཚོགས་གཉིས་སོ། །ཡང་ན་བརྩོན་འགྲུས་ཆེན་པོའོ། །ཡང་ན་དེ་བཞིན་བསྐལ་བ་གྲངས་མེད་པ་གསུམ་དུ་རྟ་དང་གླང་པོ་ལ་སོགས་པ་དང། བུ་དང་བུ་མོ་ལ་སོགས་པ་དང། མགོ་དང་ཤ་རུས་རྐན་ལག་དུ་མ་བཏང་ཡང་གཏན་པ་མེད་པས་ནོར་ལྷ་དང་དབང་ཕྱུག་དང། ཚངས་པ་དང། སེར་སྐྱ་དང། གཟེགས་ཟན་དང། རྐང་མིག་དང། འཕེལ་བ་དང། རྒྱལ་དཔོག་གི་བུ་ལ་སོགས་པར མི་འོང་སྟེ་དེ་ཁོ་ན་ལྟར་སངས་རྒྱས་སུ་གཤེགས་པའོ། །ཡང་ན་ཐུགས་རྗེ་དང་བྱམས་པས་གཞན་དོན་གྱིས་སྨོན་ལམ་བཞིན་ནོ། །དེ་ལྟར་སངས་རྒྱས་པའོ། །ཡང་ན་བསམ་གཏན་བཞི་ལ་བརྟེན་ནས་སྐྱེས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྲིད་རྩེའི ཉོན་མོངས་པ་སྤངས་ནས་ཕྱིར་མི་ལོག་པ་སྟེ་མུ་སྟེགས་པས་སྤོང་མི་ཤེས་པས་འཁོར་བར་ཕྱིར་ལྡོག་པ་ལྟ་བུ་མ་ཡིན་པ་དེ་བཞིན་ནོ། །དེས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཤེགས་པའོ། །ཡང་ན་སྔ་རབས་འདས་པ་རྣམས་ཀྱང་སྐལ་བ་དང ལྡན་པ་རྣམས་མྱ་ངན་ལས་འདས་པ་ལམ་ཇི་ལྟ་བ་བཞིན་བཞག་ནས་རང་མྱ་ངན་ལས་འདས་པ་ལྟར་འདིར་ཡང་དེ་བཞིན་མཛད་དམ་གཤེགས་པས་སོ། །ཡང་ན་ལས་དང་ཉོན་མོངས་པ་དང། ཤེས་བྱའི་སྒྲིབས་པ་སྤོང་བ་ལ་མུ་སྟེགས་བྱེད་པ་དག་གིས ནི་ནུས་པའོ། །དེར་མྱ་ངན་ལས་འདས་པའོ། །ཡང་ན་གསུམ་པོ་དེ་སྤངས་ནས་ལས་དང་ཉོན་མོངས་པའི་དབང་གི་མི་སྐྱེ་སྟེ་ཐོགས་པ་མེད་པའི་ཡེ་ཤེས་ལ་དབང་ནས་མྱ་ངན་ལས་འདས་བའོ། །ཡང་ན་ཕུང་བོ་དེ་རྣམ་རྟོག་དང་སྤྲོས་པར་བཅས པ་སྤངས་ནས་དེ་དག་སླར་མི་འབྱུང་བའི་མྱ་ངན་ལས་འདས་པའོ། །ཡང་ན་དེ་བཞིན་ཉིད་ཐོབ་པ་མེད་པར་ཐོབ་པའོ། །ཡང་ན་དེ་བཞིན་ཉིད་རྟོགས་པའོ། །ཡང་ན་དེ་བཞིན་ཉིད་གསུང་བས་ཏེ་ས་སྟེངས་སྒྲོགས་ཞེས་པ་དང་འདྲའོ། ཡང་ན་འཁོར་བ་དང་མྱ་ངན་ལས་འདས་པ་བདེན་པ་གཉིས་སུ་བསྡུས་ནས་ཐུགས་སུ་ཆུད་པས་དམིགས་བཅས་དང་དམིགས་མེད་ཀྱི་ཚུལ་དུ་གནས་པས་དེ་གསུང་བའོ། །ཡང་ན་དེ་བཞིན་ཉིད་དང་འཛིན་པ་དང་བདག་འཛིན་པ་དང་སྒྲིབ་པ་དང་རྣམ རྟོག་དང་སྤྲོས་པ་སྟེ། འཁོར་བའི་སྡུག་བསྔལ་གྱི་རྒྱུ་དྲུངས་ཕྱུང་ནས་ཡོན་ཏན་རིན་ཆེན་མི་ཟད་པའི་སྟེར་བླ་ན་མེད་པ་བསམ་གྱིས་མི་ཁྱབ་པ་རྨད་དུ་བྱུང་བ་ལ་ལུས་ཉེ་བར་སྒྲུབ་པ་མཛད་ནས་གཞན་དོན་འདི་བྱ་ཞེས་རྟོག་ཚོམ་མེད་པར་འཁོར་བ ཇི་སྲིད་དུ་སྨོན་ལམ་གྱི་ཤུགས་ཀྱིས་དགའ་ལྡན་གྱི་གནས་ན་བཞུགས་པ་དང། ལྷུམས་སུ་འཕོ་འཇུག་གནས་པ་དང། བལྟམས་པ་དང། གཞོན་ནུ་རོལ་པ་དང། བཙུན་མོའི་འཁོར་དང། མངོན་པར་འབྱུང་བ་དང། དཀའ་བ་སྤྱོད་པ་དང། བྱང་ཆུབ སྙིང་པོར་གཤེགས་པ་དང། བདུད་འདུལ་བ་དང་མངོན་པར་བྱང་ཆུབ་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་མཛད་པ་གཞལ་དུ་མེད་པ་ལ་འཇུག་བཞིན་སྐྱེ་འགག་མེད་པའི་མྱ་ངན་ལས་འདས་པ་ཆོས ཀྱི་སྐུར་གཤོགས་པའོ། །ཡང་ན་ཕྱིར་མི་ལྡོགས་པའི་འཁོར་ལོ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་པ། །དེ་དག་བྱང་ཆུབ་མི་རྙེད་དེ། །ཆོས་ཀུན་བཙལ་ན་རྙེད་མེད་པ། རྟགས་པས་དེ་བཞིན་གཤེགས་ཞེས་བྱ་ཞེས་སོ། །སྙིང་པོ་ནི། ཨོཾ་དང་ཧཱུཾ བཞིའི་ཧཱུཾ་དང་པོ་གསུམ་ནི་དེ་དག་གི་སྐུ་བྱིན་གྱིས་བརླབ་པའི་སྔགས་སོ། །ཾ་བཾ་སཾ་ཛཾ་ཞེས་ཡི་གེ་བཞི་པོ་ནི་རིག་པའི་ལྷ་མོ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་པོའོ། །དམ་ཚིག་ལ་རྣམ་པར་བལྟ་བ་ནི་གོང་ནས་གོང་དུ་རྟོགས་པ་འཕེལ་བར་བྱེད་པ སྟེ་རིག་སྔགས་ཀྱི་ངོ་བོ་ཉིད་དོ། །དོན་གྱི་གཟུངས་ནི་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པ་ཡིན་ཏེ། ཚིག་གི་གཟུངས་ཀྱིས་ཀྱང་དེ་ལ་སྦྱོར་བར་བྱེད་དོ། །ཡང་དག་པའི་དོན་དེ་ཤེས་ཤིང་དེ་ལ་འཇུག་པའི་བར་དུ་གཅོད་པ་ལས་སྐྱོབ་པས་སོ། །འདི་ཡང་མན ཐཱ་ཏྲ་ནཱརྠ་མནྟྲའི་སྒྲས་རང་དོན་མ་ལུས་ཐོབ་ཅིང་གཞན་དོན་ཤུགས་ཀྱིས་འབྱུང་བ་དང། མཾ་ཛྙཱ་ན་མ་མ་ཏྲ་ན་ཡརྠ་མནྟྲ་དཀྱིལ་འཁོར་ལ་སོགས་པའི་ངོ་བོ་ཙམ་དུ་ཡོད་པ་དང། ཨ་ནུ་ཨ་བ་བྷོ་དྷ་ན་ཏྲན་ཨརྠ་མནྟྲ་ཏེ་ཐམས་ཅད་གཉིས་སུ་མེད་པར་རྟོགས པར་འགྱུར་བའོ། །དོན་གསུམ་པོ་གང་གིས་མཚོན་པ་ནི་ཕྱག་རྒྱ་སྟེ་གསང་སྔགས་སོ། །དེ་ལྟར་ན་རིག་སྔགས་དང་གཟུངས་སྔགས་དང་གསང་སྔགས་གསུམ་དང་ལྡན་པ་ནི་རྟོག་པ་འདིའི་ངོ་བོ་ཉིད་དོ། །གངྒཱའི་ཀླུང་ལ་སོགས་པས་ནི་སྔགས ལ་ཇི་ལྟར་ཡི་རང་བ་ལྟར་སྔགས་ལ་ཞུགས་པར་སེམས་བསྐྱེད་མ་ཐག་གི་བྱང་ཆུབ་སེམས་དཔའ་ལ་ཡང་ཡི་རང་ཞིང་སྔགས་པ་བརྗོད་དོ། །མཐོང་བ་ནི་སྔགས་བཞུགས་པའི་ས་ཆ་དང་སྐུ་གདུང་མཆོད་རྟེན་ལ་སོགས་པའོ། །ཐོས་པ་ནི་བརྗོད་པའོ།། སྡིག་པ་དང་སྒྲིབ་པ་ནི་རྒྱུ་སྟེ་དེའི་འབྲས་བུ་ནད་དང་གནོད་པ་བྱེད་པ་སྟེ། མཐོང་བའི་ཆོས་སོ། །ངན་སོང་གསུམ་སྤོང་སྟེ་མ་འོངས་པའི་དུས་སོ། །སྡིག་པ་དང་སྒྲིབ་པ་འཇིག་པ་དང། མཉམ་པར་མི་སྐྱེ་བར་བྱེད་པའི་གཞན་དོན་ཏེ་ཐོས་པ་དང་མ་ཐོས པས་སོ། །ད་ནི་ཕན་ཡོན་དཔེ་ལྔའི་སྒོ་ནས་འཇུག་པའི་གོ་རིམ་གྱི་ཁྱད་པར་གསུངས་པ་དད་པའི་མེས་ལས་ཀྱི་སྒྲིབ་པ་མཛའ་དག་སེལ་བ་དང། སྙིང་རྗེའི་ཆུ་རྒྱུན་གྱིས་ཉོན་མོངས་པའི་ནད་སེལ་བ་དང། ཐོས་པའི་ཤེས་རབ་ཀྱིས་ལྟ་བ་ངན་པའི་དྲི་མའི ཚོགས་སེལ་བ་དང། བསམས་པའི་ཉི་མས་མ་རིག་པའི་མུན་པ་མཛའ་དག་སེལ་བ་དང། བསྒོམ་པའི་ཤེས་རབ་ཀྱིས་ཡེ་ཤེས་ཀྱི་ཆུ་རྒྱུན་ཆེན་པོར་འཇུག་པ་སྟེ་དཔེར་ན་ལ་སོགས་པ་དང་རིམ་པ་བཞིན་སྦྱར་རོ། །མི་རྣམས་ཚེ་བཟློག་པ་ནི་ཁྱད་པ གྱི་ལས་སོ། །ཉོན་ཅིག་ཅེས་སྣོད་ཞབས་རྡོལ་བ་ལྟར་བརྗེད་ངེས་པ་དང། སྣོད་ཁ་བུ་བལྟར་དོན་མི་རྟོགས་པ་དང་སྣོད་མི་གཙང་བ་ལྟར་དོན་ལེགས་པར་མི་འཛིན་པ་སྤོང་ཞེས་གུས་པ་ལ་སྦྱོར་རོ། །དེ་ལ་སྔགས་ནི་ན་མཡ་ཧ་ར་ཎི་ཞེས་པ་ཡན་ཆད་རྩ་བ་སྟེ་ཐུན་མོང་གི་སྔགས་སོ། །ཧཱུཾ་ཧཱུཾ་ཧཱུཾ་མྲི་ཏྱུ་དཎྜ་དྷ་རེ་ཞེས་པ་ནས་གཟུངས་ཀྱི་སྔགས་སོ། །སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ལོ་ཀི་ཏེ་སྭཱ་ཧཱ། ཞེས་པ་ནས་རིག་པའི་སྔགས་སོ། །རྗེས་སུ་སྟོན་ཅིག་ཅེས་པ་ནི་བླ་མ་དང་སློབ་མའི་འབྲེལ པ་ལུང་གནོད་པའི་ཆོ་གའོ། །ཡུན་རིང་པོར་ལ་སོགས་པ་ནི་དེའི་ཕན་ཡོན་དེ་ཕན་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པ་མི་དང། རྒྱལ་ཆེན་བཞི་ནས་ཚངས་པའི་འཇིག་རྟེན་ལ་ཐུག་པའི་ལྷའོ། །བདེ་བ་ནི་བྱང་ཆུབ་ཆེན་པོའོ། །ཀུན ནས་ལ་སོགས་པས་ཚ་ཚ་གཅིག་པའི་ཆོ་ག་བཤད་དོ། །དེ་ནས་ཉི་མ་ཤར་བ་ལ་སོགས་པས་ནི་ལུང་ནོད་པ་དང་ཆོ་ག་ལ་འཇུག་པ་ཐམས་ཅད་ཀྱི་ཐུན་མོང་དངོས་གཞིའོ། །མཆོད་རྟེན་བརྒྱ་རྩ་བརྒྱད་ལ་སོགས་སཱཙྪ་བརྒྱ་པའི་ཆོ་གའོ། །ོཾ་ན མ་ཨའཚལ་ཞེས་གསུངས་པ་ནི་སྔགས་འདི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་སོ། །ོཾ་ནི་ཡི་གེའི་ཤུགས་ཀྱིས་དངར?་པོར་བཀྲ་ཤིས་དོན་ཕྱིར་ཕྱག་འཚལ་ཞེས་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས འདས་པའི་བཀྲ་ཤིས་པའི་མདའ་ཐམས་ཅད་ཀྱི་གཙོ་ཡིན་པའི་ཕྱིར་རོ། །དེས་ཡི་གེ་ཐམས་ཅད་བྱིན་གྱིས་བརླབས་ནས་སྔགས་སུ་གྱུར་པར་གདོན་མི་ཟ་བའི་ཕྱིར་རོ། །དང་པོར་དགགས་དགོས་པ་ཁོ་ནའོ། །དེ་ལ་སྔགས་འདིའི་ཡོན་ཏན་གྱི་ཆེ་བའི དཔེ་ནི། ཡི་གེའི་སྒོ་ནས་བརྗོད་པ་གཉིས་ཁོ་ན་སྟེ། མ་ཧཱ་ཙིནྟ་མ་ནི་ཛཝ་ལ་ན་ཡིད་བཞིན་གྱིས་ནོར་བུ་འབར་བའི་ཆེན་པོ་ཞེས་པ་སྟེ། དེ་ནི་རང་དང་གཞན་གྱི་དོན་རྒྱུན་མི་འཆད་པ་འབྱུང་བ་དང་ལྡན་པའི་དཔེའོ། །དེས་ནི་ཡེ་ཤེས་བསྟན་ཏོ། །སཱ་གང་གི་ཕྱིར་ཞེས་པས་རྒྱ་མཚོ ཟབ་མོ་ཞེས་པ་སྟེ་རིག་སྔགས་འདིར་འཇུག་པའི་གང་ཟག་གི་རིགས་ལ་གོ་རིམས་ལ་རིམ་མེད། ལུས་ཅན་ཐམས་ཅད་འཇུག་ཏུ་རུང་བ་དང་བསྐལ་པ་དུ་མའི་མི་དགེ་བའི་དྲི་མ་དག་པར་བྱེད་པ་དག་འདིར་ཞུགས་པ་ལ་བྱང་ཆུབ་ཀྱི་མྱུ་གུ་མྱུར་དུ་བསྐྱེད པའི་དོན་ནོ། །དེས་ནི་ཐུགས་རྗེའོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་སྔགས་ཀྱི་ལུགས་ལ་གསོལ་བ་གདབ་པ་ཡང་གཉིས་ཏེ། སྐྱེ་བ་འདི་དང་སྐྱེ་བ་དུ་མའི་དོན་དུའོ། དང་པོ་ལ་དགུ་སྟེ། ཨཱ་ཀརཥ་ཡ་ཨཱ་ཀརཥ་ཡ་ཞེས་པས་སྔགས་འདི་ཐོས་པ་དང། ། མཐོང་བ་ཙམ་གྱིས་ལམ་འདི་ལ་དྲོངས་ཤིག་དྲོངས་ཤིག་ཅེས་པ་དང་པོའོ། །གཉིས་པ་ནི། ཨཱ་ཡུནདྷ་ར་ཨཱ་ཡུནདྷ་ར་ཞེས་པ་སྟེ། ཞུགས་པའི་གང་ཟག་རྣམས་ཚེ་ཟུང་ཞིག་ཚེ་ཟུང་ཞིག་པའོ། །གསུམ་པ་ནི་ཡོན་ཏན་དང་ལོངས་སྤྱོད་དང་ལྡན་དགོས་པས་སནདྷ་ར་སནདྷ་ཞེས་ཏེ་ལུས དང་སེམས་ཀྱི་རྒྱན་ཤིན་ཏུ་ཟུང་ཞིག་ཤིན་ཏུ་ཟུང་ཞིག་ཅེས་པའོ། །བཞི་པ་ནི་ཚེ་རིང་ན་ཡང་ལུས་ཅན་གྱི་གནོད་པ་ཐམས་ཅད་བསལ་བའི་ཕྱིར། ཀྵ་ཎ་ཀྵ་ཎ། ཀྵི་ཎི་ཀྵི་ཎི། ཀྵུ་ཎུ་ཀྵུ་ཎུ། ཅེས་ཏེ་སྲུངས་ཤིག་སྲུངས་ཤིག། སྐྱོབས་ཤིག་སྐྱོབས་ཤིག། འཚོས་ཤིག་འཚོས་ཤིག། ཅེས་པའོ། །ལྔ་པ་ནི་གནོད་པ་མེད་པ་ཡང་ལམ་ལོག་པ་ལ་འཇུག་པ་བསལ་བའི་ཕྱིར། སརྦ་ཏ་ཐཱ་ག་ཏཱ་ས་མ་ཡེ་ཏིཥྛ་ཅེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་ཞོག་ཞག་ཅེས་པའོ། །དྲུག་པ་ནི བདག་གཞན་གྱི་བརྩོན་འགྲུས་བསྐྱེད་པའི་ཕྱིར། མ་ཧཱ་བྷུ་བ་ན་སཱ་ག་ར་སཾ་ཤོ་དྷ་ཡ་སཱཾ་སརྦ་སཏྭཾ་ཤཙ་ཞེས་ཏེ། བདག་དང་སེམས་ཅན་ཐམས་ཅད་ས་ཆེན་དང། རྒྱ་མཚོ་ལྟར་སྦྱོངས་ཞེས་པའོ། །འདིས་ནི་སྨོན་པའི་སེམས་གཞི་ཆེན་པོ་ལྟ་བུ་དང་འཇུག པའི་སེམས་རྒྱ་མཚོ་ལྟ་བུ་བསྐྱེད་ཅེས་སྐུལ་བའོ། །བདུན་པ་ནི་རང་དོན་ལ་དམིགས་པའི་སྐྱེད་པའི་ཕྱིར། བྷ་ག་ཝ་ཏེ་སརྦ་པཱ་པ་བི་མ་ལེ་ཛ་ཡ་ཛ་ཡ། ཛ་ཡ་ལ་བདྷེ་ཅེས་ཏེ། བཅོམ་ལྡན་འདས་མ་སྡིག་པའི་དྲི་མ་ཐམས་ཅད་ལས གྲོལ་ཞིང་རྒྱལ་བས་བདག་རྒྱལ་བ་མཛད་ཅེས་བྱ་བས་སེམས་བསྐྱེད་པའི་མཐུ་ལ་དེ་དམིགས་པའོ། །བརྒྱད་པ་གཞན་དོན་ལ་དམིགས་པ་ནི། སཕུ་ཊ་སཕུ་ཊ། སཕོ་ཊ་ཡ་སཕོ་ཊ་ཡ། ཞེས་པ་སྟེ་སོལ་སོལ། །ངེས་པར་སོལ་ངེས་པར་སོལ། ཞེས་བྱ བས་ཀུན་ནས་ལྔ་པ་དང་པག་ལ་ཉལ་ཐམས་ཅད་སོལ་ཞེས་བྱའོ། །དབུ་པ་ནི་རང་གཞན་གཉིས་ཀའི་སྟེ། པི་ག་སྟེ། ཨཱ་བ་ར་ཎེ་བྷ་ཡ་ཧ་རེ་ཎ་ཞེས་ཏེ་རྣམ་པར་འགལ་བའི་སྒྲིབ་པས་འཇིགས་པ་ཕྲོགས་ཅེས་བྱ་བས་བརྩོན་འགྲུས་ཀྱི་ཕན་ཡོན་བསྟན ཏོ། །ད་ནི་སྐྱེ་བ་དུ་མའི་དོན་དུ་གསོལ་བ་གདབ་པར་བྱ་བ་ནི་གཉིས་ཁོ་ན་སྟེ། དམིགས་པའི་གཞི་དང་དེ་ལ་བྱུང་བའི་ཕྲིན་ལས་སོ། །དམིགས་པའི་གཞི་ལ་དྲུག་ཁོ་ན་སྟེ། ས་བོན་ལ་དམིགས་པ་དང། སྐུ་ལ་དམིགས་པ་དང། ཕྱག་རྒྱ་ལ དམིགས་པ་དང། རྒྱན་ལ་དམིགས་པ་དང། ལྷ་ལ་དམིགས་པ་དང། སྔགས་ལ་དམིགས་པའོ། །དེ་ལ་ས་བོན་ལ་དམིགས་པ་ནི་ཧཱུཾ་སྟེ། དུས་གསུམ་གྱི་སངས་རྒྱས་ཀྱི་ས་བོན་ཡང་གསུམ་མོ། །ཧཱུཾ་ཡིག་གིས་འབྲས་བུ་ཡེ་ཤེས་ལྔ་མཚོན ནུས་པའི་ཕྱིར་རོ། །དེའི་ཕྲིན་ལས་ནི་མྲི་ཏྱུ་ད་ནར་དྷ་རེ་ཨ་བྷུ་ཡ་པྲ་ཏེ་ཅེས་པས་འཆི་བདག་གི་དབྱུག་པས་མི་འཇིགས་པ་སྩོལ་ཞེས་ཏེ་མཚན་མོ་ཉལ་བའམ་འགྲོ་བ་ལ་སོགས་པ་དང་ཐུན་དང་ཐུན་མཚམས་སུ་ལུས་ངག་ཡིད་གསུམ་གྱི གནས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་ཁ་དོག་གསུམ་ལ་དམིགས་པས་དུས་མ་ཡིན་པར་འཆི་བ་ལས་སྐྱོབ་པའོ། །སྐུ་ལ་དམིགས་པ་ནི་ཨཽཥྞཱི་ཥ་བྱཱ་བ་ལོ་ཀི་ཏེ། ས་མནྟ་མུ་ཁེ། ས་མནྟ་བྱཱ་བ་ལོ་ཀི་ཏེ། མཧཱ་མཱ་ཡེ། མ ཧཱ་པཱ་ཤ་དྷ་དེ། ཨ་མོ་གྷ་བི་མ་ལེ་ཞེས་པས་གཙུག་ཏོར་རྣམ་པར་གཟིགས་མ། ཀུན་ནས་སྒོར་འཇུག་མ། ཀུན་ནས་རྣམ་པར་གཟིགས་མ། སྒྱུ་མ་ཆེན་མོ་ཞགས་པ་ཆེན་མོ་འཆང་མ། དོན་ཡོད་མྲའི་དྲི་མ་བྲལ་མ་ཞེས་དང་པོ་ནི་འབྱུངས་ཁུངས་ཀྱི་མིང་ངོ། །གཉིས་པ་ནི ངོ་བོ་ཉིད་ཀྱི་མིང་ངོ། །གསུམ་པ་ནི་ཡོན་ཏན་གྱི་མིང་ངོ། །བཞི་པ་ནི་རང་བཞིན་གྱི་མིང་ངོ། །ལྔ་པ་ནི་རྟགས་ཀྱི་མིང་ངོ། །དྲུག་པོ་ཕྲིན་ལས་ཀྱི་མིང་ངོ། །གང་གིས་སྤྱི་བོའི་སྟེང་དུ་སྒྱུ་མ་ཆེན་མོ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་ན་རིན་པོ་ཆེ། གཡོན ན་ཞགས་པ། ལྷག་མ་མདའ་གཞུ་བཀང་བ་དམིགས་ཏེ་བཞིའོ། །དེའི་ཕྲིན་ལས་ནི། ཨཱ་ཀརཥ་ཡ་ཨཱ་ཀརཥ་ཡ། ཡང་དག་པའི་ཡེ་ཤེས་ཁུག་ཅིག་ཁུག་ཅིག་པའོ། །ཱ་ཀཌདྷ་ཡ་ཨཱཌཌཧ་ཡ། ཡོན་ཏན་དྲོངས་ཤིག་ཡོན་ཏན་དྲོངས་ཤིག་པའོ། །བྷ ར་བྷ་ར། བྱང་ཆུབ་སེམས་ཀྱིས་ཁོང་ཞིག་ཁོང་ཞིག་པའོ། །གང་གིས་བཀང་ན་སཾ་བྷ་ར་སཾ་བྷ་ར་ཞེས་པ་སྡོམས་བ་མཆོག་གི་སྡོམ་བ་སྟེ་དབང་པོ་རྒྱས་པ་དང་ཁམས་རྒྱས་པར་བྱེད་པའི་འཚད་མེད་པར་བྱེད་པའི་སྒོའོ། །ཕྱག་རྒྱ་ལ་དམིགས་པ་ནི་བྷུ་ཥི་ཏེ་བྷུ ཛེ་མ་ཧཱ་མུ་དྲ་མོ་ཀི་ཏེ་ཞེས་པ་ཕྱག་རྒྱ་ཆེན་པོས་ཕྱག་བརྒྱན་ནས་ཀུན་ཏུ་གཟིགས་མ་ཞེས་ཏེ། ཐབས་དང་ཤེས་རབ་མཚོན་པའི་མདའ་དང་གཞུ་རིན་ཆེན་རྡོ་རྗེ་ལས་བྱས་པ་བཀང་བའི་ཚུལ་དུ་བྱས་པ་ཐམས་ཅད་ཀྱི་རྣ་ལ་ཕྱོགས་ཐམས་ཅད་དམིགས སོ། །དེའི་ཕྲིན་ལས་ཇི་ཛ་ཡ་ཛ་ཡ་ཞེས་པ་རྒྱལ་ཞིང་རྒྱལ་བ་ཞེས་ཏེ་བདུད་ལས་སོ། །སིདྡྷི་སིདྡྷི། གྲུབ་ཅིང་གྲུབ་པ་ཞེས་པ་ཞི་བ་ལ་སོགས་པའི་ལས་སོ། །བོ་དྷ་ནི་བོ་དྷ་ནི་ཞེས་ཏེ་རྟོགས་ཤིང་རྟོགས་པ་ཞེས་པ་རིག་པའི་གནས་སོ། །སཾ་བོ དྷ་ནི་སཾ་བོ་དྷ་ནི། ཞེས་ཏེ་ལེགས་པ་རྟོགས་ཤིང་ལེགས་པར་རྟོགས་པ་ཞེས་པས་རལ་གྲིའི་རིག་པ་འཛིན་པ་ལ་སོགས་པ་ཉི་ཤུ་རྩ་བཞིའོ། །ཤོ་དྷ་ནི་ཤོ་དྷ་ནི་ཞེས་ཏེ་སྦྱོང་ཞིང་སྦྱོང་བ་ཞེས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ ཐོས་པའི་ཤེས་རབ་ཀྱིས་སྦྱོངས་ཤིག་པའོ། །སཾ་ཤོ་དྷ་ནི་སཾ་ཤོ་དྷ་ནི། ཞེས་པས་ལེགས་པར་སྦྱོངས་ལེགས་པར་སྦྱོངས་ཞེས་ཏེ་བསམ་པའི་ཤེས་རབ་ཀྱིས་མངོན་དུ་རྒྱུ་དང་བག་ལ་ཉལ་སེལ་ཅེས་པའོ། །བི་ཤོ་དྷ་ན་བི ཤོ་དྷ་ནི་ཞེས་རྣམ་པར་སྦྱོངས་པ་རྣམ་པར་སྦྱོངས་ཞེས་ཏེ་བསྒོམ་པའི་ཤེས་རབ་ཀྱིས་ལྟ་བའི་དྲི་མ་དང་ཏིང་ངེ་འཛིན་གྱི་དྲི་མ་གཏན་ཕྱུང་ཞེས་པའོ། །ཧ་ར་ཧ་ར་མ་མ་སརྦ་བཱ་པཾ་ཞེས་པས་བདག་གི་སྡིག་པ་ཐམས་ཅད་ཕྲོགས་ཤིག་ཕྲོགས་ཤིག ཅེས་ཏེ། རྒྱུ་ལ་ལོག་པར་སྤྱོད་པ་དང་འབྲས་བུ་ལ་ལོག་པར་སྤྱོད་པའི་གཞུང་དང་ཕྲོལ་ཞེས་པའོ། །རྒྱན་ལ་དམིགས་པ་ནི། སརྦ་ཏ་ཐཱ་ག་ཏཱ་ཀུ་ལ་བྷུ་ཛེ་ས་མ་ཡ་ནི་?་པྲ་ས་ར་ཏུ། ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ ལྟར་དམ་ཚིག་ལ་སོ་སོར་རྟོག་ཅིང་ཞེས་ཏེ་བཀྲ་ཤིས་ཀྱི་རྫས་ལ་སོགས་པ་འམ་སངས་རྒྱས་ཀྱི་རྒྱན་གང་ཡང་རུང་བ་ཞིག་ལ་དམིགས་པའི་གཞིའོ། །དེའི་ཕྲིན་ལས་ནི། མ་མ་པུཎྱཾ། ཞེས་པ་བསོད་ནམས་འཕེལ་བ་འདོད་པས་སྤྱི་བོའི སྟེང་དུ་རིན་པོ་ཆེའི་གདུགས་དཀར་པོ་ལ་སྔགས་ཀྱི་ཕྲེང་བས་བསྐོར་ལ་བཟློའོ། །བི་ནཱ་ཤ་དྲུ་པཱ་པཾ། ཞེས་པས་སྡིག་པ་བཅོམ་པར་འདོད་པས་ནང་གི་མཛོད་སྤུའི་ནང་དུ་ནོར་བུ་རིན་པོ་ཆེ་ལ་སྔགས་ཀྱི་ཕྲེང་བ་བཀོད་དེ་བཟླས་སོ། །སརྦ ?་ལ་བི་ཤ་ཧ་རི་ཞེས་ཉོན་མོངས་པའི་དུག་ཐམས་ཅད་འཕྲོག་འདོད་པས་རང་གི་སྨ་རྩེར་དཔལ་བེའུའི་རི་མོ་སྔོན་པོ་བཀོད་དེ་བཟླས་པ་བྱའོ། །མ་ནི་བི་ཤུདྡྷེ་ཤོདྡྷ་ཡ་བི་མ་ལེ། ཡིད་རྣམ་པར་དག་ཅིང་བྱབ་ནས་དྲི་མ་བྲལ་བར་འདོད ན་སྤྱི་བོར་ཟླ་བའི་སྟེང་དུ་བུམ་པ་གང་བ་ལས་ཆུ་རྒྱུན་བྱུང་བས་ལུས་ཚིམ་པར་གྱུར་པར་བསམ་ཏེ་བརྗོད་དོ། །བི་ཀ་སིཏྟ་པདྨ་ཀཱ་ཡ་བཱཀྩི་ཏྟ་བྷུ་ཛེ་ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། ཞེས་པར་ཕྱག་ན་པདྨ་རྒྱས་པ་ལྟར་ལུས ངག་ཡིད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གང་བར་འདོད་པས་ནི་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་དང་བདག་རྒྱང་རིང་བ་ཡང་མ་ཡིན་ཉེ་པ་ཡང་མ་ཡིན་པར་དམིགས་ཏེ་གསོལ་བ་འདེབས་པའི་ཚུལ་དུ་བརྗོད་དོ། །ད་ནི་ལྷ་ལ་དམིགས་པ་ནི་སངས རྒྱས་དང་བྱང་ཆུབ་སེམས་དཔའ་རིག་པས་ལྷམ་དང་ཁྲོ་བོ་ཐམས་ཅད་ཀྱང་འདིར་ནི་རིགས་པའི་ལྷ་མོ་ཉིད་དུ་བལྟའོ། །དེ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་བསྡུས་ན་བཅུ་བདུན་ཉིད་དུ་འགྱུར་བས་འདིར་ཡང་ལྷ་བཅུ་བདུན་ཁོ་ན་གསུངས། །རང་བཞིན སེམས་བཅུ་བདུན་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དང། འབྱུང་བ་བཞི་དང། ནམ་མཁའ་དང། གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དེ་དེས་ན་ལྷ་བཅུ་བདུན་ནོ། །ཕྱིས་ནི་རིགས་དུ་མ་ཉིད་དུ་འགྱུར་རོ། །ལྷ་དེ་དག་གི་མིང བཤད་པ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ལོ་ཀེ་ཏེ་སྭཱ་ཧཱ། ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་གཟིགས་མ་ཞེས་པས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །སརྦ་ཏ་ཐཱ་ག་ཏཱ་གུ་ཧཡ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། དེ་བཞིན གཤེགས་པ་ཐམས་ཅད་གསང་བའི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་?་རྡོ་རྗེ་འཆང་གི་རང་བཞིན་ནོ། །ཱ་ཡུརྡ་དེ་སྭཱ་ཧཱ། ཚེ་འཛིན་མ་སྤྱན་མའི་རང་བཞིན་ནོ། །པུ་ཎྱ་ད་དི་སྭཱ་ཧཱ། བསོད་ནམས་འཛིན་མ་མཱ་མ་ཀཱིའི་རང་བཞིན་ནོ། པུཎྱ? བི་ལོ་ཀི་ཏེ་སྭཱ་ཧཱ། བསོད་ནམས་རྣམ་པར་གཟིགས་མ་ན་བཟའ་དཀར་མོའི་རང་བཞིན་ནོ། །པུཎྱ་ཨ་བ་ལོ་ཀི་ཏི་སྭཱ་ཧཱ། ཞེས་པ་བསོད་ནམས་སྤྱན་རས་གཟིགས་མ་སྟེ་སྒྲོལ་མའི་རང་བཞིན་ནོ། །མྲི་ཏྱུ་དཎྜེ་སྭཱ་ཧཱ། འཆི་བདག་རྣམ་པར་འཇོམས་? སྒྲིབ་པ་རྣམ་སེལ་གྱི་རང་བཞིན་ནོ། །ཡ་མ་དཎྜེ་སྭཱཧཱ། གཤིན་རྗེ་འཇོམས་མ་སྟེ་འཇམ་དཔལ་གྱི་རང་བཞིན་ནོ། །ཡ་མ་དྲུ་ཏེ་སྭཱ་ཧཱ། གཤིན་རྗེ་དབྱུག་པ་མ་སྟེ་ཕྱག་ན་རྡོ་རྗེའི་རང་བཞིན་ནོ། །སི་ཧ་ར་ཎི་སྭཱ་ཧཱ། ཤིན་ཏུ་རོལ་མ་བྱམས་པའི་ རང་བཞིན་ནོ། །སཾ་པ་ར་ཎི་སྭཱ་ཧཱ། བདེ་མཆོག་མ་སྟེ་སྤྱན་རས་གཟིགས་དབང་ཕྱུག་གི་རང་བཞིན་ནོ། །སནྟ་ར་ཎི་སྭཱ་ཧཱ། བདེ་འཛིན་མ་སྟེ་ནམ་མཁའ་ཨི་སྙིང་པོའི་རང་བཞིན་ནོ། །པྲ་ཏི་ས་ར་ཏི་སྭཱ་ཧཱ། སོ་སོར་འབྲང་མ་སྟེ། ཀུན ཏུ་བཟང་པོའི་འང་བཞིན་ནོ། །ོཾ་ཏེ་ཛོ་བ་ཏི་སྭཱ་ཧཱ། མདངས་ལྡན་མ་སྟེ་སའི་སྙིང་པོའི་རང་བཞིན་ནོ། །ཏེ་ཛོ་བ་ཏི་སྭཱ་ཧཱ། གཟི་བརྗིད་ལྡན་མ་སྟེ་རིན་ཆེན་འབྱུང་གནས་ཀྱི་ངོ་བོ་ཟླ་བ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཛ་ཡ་བ་ཏི་སྭཱ་ཧཱ། རྒྱལ་ལྡན་མ་སྟེ་སྣང་བ་མཛའ་ཡས་ཀྱི་ངོ་བོ་ཉིད་མ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །སརྦ་ཏ་ཐཱ་ག་ཏཱ་མུ་དྲ་ཨ་དྷི་ཥཱ?་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་བྱིན་གྱིས་བརླབས་ཀྱིས་བརླབས་པ ཞེས་པ་སྟེ། མི་བསྐྱོད་པའི་རང་བཞིན་ནོ། །དེ་དག་ནི་དམིགས་པའི་བཞིའི་ལྷའོ། །དེ་དག་གིས་ཕྲིན་ལས་ནི་སྭཱཧཱ། ཞེས་པ་ཐམས་ཅད་ཀྱིས་ཀྱང་བསྲེག་པ་དང། ཞི་བ་དང། དག་པ་དང། རྟོགས་པ་དང། བྱང་བའི་སྒྲ་ཡོད་དེ། དང་པོ་ནི་སྡིག་པ་མི་དགེ་བའི་ཚོགས་ཀྱི་ནགས་ཚལ་ལོ། གཉིས་པ་ནི་ལས་ངན་པ་སྣ་ཚོགས་པའོ། །གསུམ་པ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའོ། །བཞི་པ་ནི་ཡང་དག་པའི་ལྟ་བ་ལ་སོགས་པའོ། །ལྔ་པ་ནི་མ་རིག་པའི བག་ལ་ཉལ་ཐམས་ཅད་དོ། །ད་ནི་དམིགས་པ་ནི། ཨོཾ་ན་མཧ་ར། ཞེས་སྙིང་པོ་འབར་ཞིང་འབར་བས་ཆོས་ཀྱི་དབྱིངས་ཀྱི་སྙིང་པོར་བསྐྱེད་ཅིག་ཅེས་པས་ཆོས་ཀྱི་སྐུ་མཚོན་ཏེ་དམ་པའི་སྔགས་སོ། །དེའི་ཕྲིན་ལས་ནི་མ་མ་ཨ་ཡུབཾ་སྐྱེ་བ་དུ་མར་བདག་གི་སྡིག་པ་ཐམས་ཅད་དག་པར་རོ། །རྒྱུ་ཆོས་ཀྱི་སྐུ་དེ་ལ་འཚམ་པའི་རྐྱེན་གསུམ་པ། སརྦ་ཏ་སྭཱ་ག་ཏོ་ཥྞཱི་བི་མ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དྲི་མ་མེད་པ་ཞེས་པས་དམིགས་པ་དང་བཅས་པའི་སྔགས་སོ།། དེའི་ཕྲིན་ལས་བི་ཤུདྡྷེ་ཞེས་པ་རྣམ་པར་དག་པ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པ་ནི་ཡེ་ཤེས་བཞིའི་ངོ་བོ་ཉིད་དོ། །ཾ་བཾ་སཾ་ཛ། ཞེས་པ་རིགས་བཞིའི་ངོ་བོ་ཉིད་དོ། །དེ་དག་ནི བརྡར་གྱུར་བའི་སྔགས་སོ། །སྔགས་དེ་དག་ཕྱིར་འགྲེལ་བ་ནི་བརྗོད་པ་དང་བཅས་པའི་སྔགས་སོ། །དེའི་ཕྲིན་ལས་ནི་ལྷག་པའི་ཤེས་རབ་འཕེལ་བ་དང། བར་དུ་གཅོད་པ་དང་བྲལ་བ་སྟེ་སྭཱ་ཧཱ་ཞེས་པའི་སྒྲས་གྲུབ་པོ། །ཀུན་ནས་སྒོར་འཇུག་པའི་ལ སོགས་པ་ནི་སྤྱིར་ཕན་ཡོན་ཐུན་མོང་པའོ། །དེ་ཡང་འོག་ནས་རྒྱས་པར་བཤད་དོ། །ལམ་གྱི་བྱེ་བྲག་བཤད་པ་ལ་གཉིས་ཏེ། དང་པོ་ལྷའི་འཇུག་ཚུལ་དང། མིའི་འཇུག་པའི་ཚུལ་ལ། །དེ་ནས་ལྷའི་དབང་པོ་ལ་སོགས་པས་ལྷའི་བྱས་མ་ཐག ལ་སོགས་པས་ཉམས་སུ་བླངས་པའི་ཕན་ཡོན་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕན་ཡོན་ནོ། །དེ་ནས་ལྷའི་བུ་ལ་སོགས་པས་ནི་རྗེས་སུ་ཡི་རང་བའི་བསྟོད་པ་དང་མཆེད་པའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པས་ནི་སྔོན་དུ་གསུངས་པའི ལས་རྒྱུ་འབྲས་ཀྱི་འབྲེལ་བ་དེ་ཉིད་དོ། །ཞུས་ལན་གྱི་ཚུལ་གྱིས་རྒྱས་པར་ཏེ་མ་འོངས་པའི་སྐྱེ་བོ་ལས་ལ་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །ཞུ་བ་པོ་དེ་དག་གི་ནང་ནས་ལག་ན་རྡོ་རྗེ་ལ་བོས་པ་ནི། ལག་ན་རྡོ་རྗེ་འདི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི བསྟན་པའི་མཛོད་འཛིན་པ་སྟེ། དཔལ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དཔལ་ཕྱག་ན་རྡོ་རྗེ་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་རྗེས་སུ་འབྲང་བ་དང་ཆོས་ཀྱི་སྐུ་བསྲུང་བ་པོ་ཞེས་ཏེ་ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས་དཔའ་ཨི་ཡུལ་ན ཡིན་པར་བསྟན་པའི་ཆོས་སོ། །རྒྱལ་པོ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས་ནི་དཔལ་ཕྱག་ན་རྡོ་རྗེ་ནི་ཐེག་པ་ཐམས་ཅད་ཀྱི་བདག་པོར་ཁས་བླངས་པར་གསུངས་སོ། །ཀུན་ཏུ་བཟང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས པ་ནི། མིང་གི་རྣམ་གྲངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ལས་བྱུང་བས་ཐ་མི་དད་པར་གསུངས་སོ། །དེ་ཉིད་འདུས་པ་ལས་ཀྱང་དེ་ཁོ་ན་ལྟར་གསུངས་སོ། །དེའི་ཕྱིར་བསྟན་པའི་བདག་པོ་ཡིན་པས་སོ། །དེའི་ཚེ དེའི་དུས་ན་ལ་སོགས་པས་ནི་ལས་རྒྱུ་འབྲས་ཐ་དད་དུ་མི་འགྱུར་བར་གསུངས་སོ། །དྲན་པ་ཉེ་བར་བཞག་པའི་མདོ་ལས་ཀྱང། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས བུ་ཉིད་དུ་སྨིན་པར་འགྱུར་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྡོམ་པ་གསུམ་གྱི་བསྡམས་ཞེས་པ་ནི་ལྷ་དང་མི་ཐུན་མོང་དུ་གསུངས་ཏེ་རྒྱ་ཆེ་བ་དང་གཏིང་དཔག་དཀའ་བའི་ཐེག་པ་གསུམ་མི་ཉམས་པའི་ཚུལ་གྱིས་བསླབ་བྱ གང་ཡང་མི་སྤོང་བས་རིམ་པ་བཞིན་བསྲུང་བའོ། །དེ་ནས་ལྷའི་འཁོར་ལ་སོགས་པས་ནི་བྱིན་གྱིས་བརླབས་ཀྱི་ཁྱད་པར་ལ་ཆེད་དུ་བརྗོད་པའོ། །ཕྱིར་མི་ལྡོག་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །ད་ནི་མི་རྣམས་ཀྱི་འཇུག་པའི་ཚུལ ཞུས་པ་དང། ལན་གྱིས་ཚུལ་གྱིས་གསུངས་སོ། །དེ་ནས་བཅོམ་ལྡན་ས་ལ་སོགས་པ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ཏེ། རྒྱལ་པོ་ཞེས་པས་ནི་སྔགས་འདི་རྒྱལ་བའི་སྲས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་གསུངས་སོ། །མཐུ ཆེན་པོ་ནི་སྤང་བྱ་སྤོང་བའི་ཕྱིར་རོ། །ཕན་ཡོན་ཆེ་བ་ནི་ཐོབ་བྱ་ཐམས་ཅད་ཐོབ་པའི་ཕྱིར་ཏེ། དེ་དག་གིས་ནི་ཐར་པ་ཐོབ་པའི་ཐབས་ཞུས་པའོ། །ཕན་པ་ནི་ནད་དང་གནོད་པ་བསལ་བའོ། །བདེ་བ་ནི་ཆེ་དང་ལོངས་སྤྱོད་དོ། །དམྱལ་བ་དང དུད་འགྲོ་ནི་སར?་སྤོང་བའི་ཁྱད་པར་རོ། །དེ་དག་གིས་ནི་མཐོ་རིས་ཐོབ་པའི་ཐབས་ཞུས་སོ། །ལན་གསུངས་པ་ལ། བཅོམ་ལྡན་འདས་ལ་སོགས་པ་ནི་ཉན་པར་གདམས་པའོ། །བཤད་པའི་དོན་འདོར་བསྟན་པ་ལ་རིག་སྔགས་ཀྱི་རྒྱལ་མོ་ནི་མནྟའོ།། རིང་བསྲིལ་གྱི་སྙིང་པོ་ནི་ཏན་ཏྲའོ། །མཆོད་རྟེན་ནི་ཡནྟྲའོ། །དེ་ནས་གངྒཱ་ལ་སོགས་པས་ལས་སྦྱོར་ཐམས་ཅད་ཕན་ཡོན་གྱི་ཚུལ་དུ་མདོར་བསྟན་པ་ལས་དགེ་བའི་རྩ་བ་བསྐྱེད་པ་ནི་མཎྜལ་ཟླུམ་པོ་བྱས་ནས་སྐུ་གདུང་དམ་རིང་བསྲེལ་བཞུགས། གནས་བདུན་དུ་བསྒྲུབ་བྱའི་མིང་ཙམ་བཅུག་ནས་བརྗོད་པ་སྟེ། གཞན་སྔགས་ཀྱི་སྦྱོར་བ་མེད་པའོ། །བསོད་ནམས་འཕེལ་བ་ནི་དཀྱིལ་འཁོར་དཔའ་?་ལྟ་བུ་བྱས་ནས་མ་མ་པུཥྚིཾ་ཀུ་རུ་ཞེས་སྦྱར་རོ། །ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱང་བ་ལ་ནི དཀྱིལ་འཁོར་ཆེ་བ་ལྟ་བུ་བྱས་ནས་སརྦ་བཱ་པི་རཀྵ་ཀུ་རུ་ཅེས་སྤེལ་ལོ། །ངན་སོང་གསུམ་གྱི་འཇིགས་པ་བསལ་བ་ལ་ནི་དཀྱིལ་འཁོར་པདྨ་རྒྱས་པ་ལྟ་བུ་བྱས་ནས་སརྦ་དུརྦ་ཏི་པ་རི་ཤོ་དྷ་ཡ་ཞེས་བྱ་བ་སྦྱར་བར་བྱའོ། །ཚེ་རིང་བར་འདོད་ན དཀྱིལ་འཁོར་ནོར་བུ་རིན་པོ་ཆེ་ལྟ་བུ་བྱས་ཏེ་མ་མ་ཨཱ་ཡུསྠ་ན་ཀུ་རུ་ཞེས་སྦྱར་རོ། །བདེ་བ་ཅན་དུ་སྐྱེ་བར་འདོད་ན་དཀྱིལ་འཁོར་གདུགས་ཀྱི་རྣམ་པ་ལྟར་བྱས་ཏེ། མ་མ་པུ་ལོ་ཀ་པྲ་ས་ཏ་ཀུ་རུ་ཞེས་སྦྱར་རོ། །བུ་བསླང་བའི་དཀྱིལ་འཁོར་བུམ་པ་ལྟ བུ་བྱས་ཏེ་མེ་བུ་ཏོ་བྷ་བནྟུ་ཤེས་སྦྱར་རོ། །ཤི་བ་ལ་ཕན་གདགས་པ་ཡང་རྫུས་ཏེ་སྐྱེ་བའི་ཕྱིར་དཀྱིལ་འཁོར་པདྨ་ཅན་དུ་བྱའོ། །དྲན་པ་ཉམས་པ་གསོ་བ་ལ་དཀྱིལ་འཁོར་ཟླ་བ་རྒྱས་པ་ལྟར་བྱས་ནས་དུར་བ་རྒྱ་ཨ་པ་ན་ཡ་ཞེས་སྦྱར་རོ།། འཇིགས་པ་བསལ་བར་འདོད་ན་མ་མ་ཨ་བྷ་ཡ་ཀ་རི་ཞེས་སྦྱར་ཞིང་དཀྱིལ་འཁོར་མཆོད་རྟེན་ལྟ་བུ་བྱའོ། །བསམ་པ་ཡོངས་སུ་རྫོགས་འཕྲལ་གྱི་རྐྱེན་དང་བྲལ་བ་སྟེ། རྨི་ལམ་ངན་པ་ལ་དུར་སྭ་པ་ནི་ཨ་བ་ན་ཡ་དང། ལྟས་ངན་པ ལྟས་ངན་པ་ལ་ནི་མི་ཏམ་ཨ་པ་ན་ཡ་ཞེས་པ་དང། ཨ་ཀཱ་ལ་མྲི་དྱུ་པྲ་ཤ་མ་ན་ཞེས་དུས་མ་ཡིན་པར་འཆི་བ་བཟློག་པ་དང། ཙི་ཏ་དྱ་ཀུ་ལ་ནི་སེམས་གཡེང་པའོ། །ཛཝ་ར་སམ་བྱཱ་དྷི་ཨ་བ་ན་ཡ་ནད་སོལ་ཅིག་པ་ལ་སོགས་པ་སྦྱོར་བ་དང་བཅས པ་བརྗོད་ཅེས་དཀྱིལ་འཁོར་གྲུ་བཞི་པར་བྱས་ནས་འདོད་པའི་ལས་དེ་དག་གྲུབ་པོ། །ད་ནི་ཆོ་གའི་ཚུལ་བརྗོད་དེ། ཁྲུས་བྱས་ལ་ཞེས་པ་ལ་སོགས་པ་ཆོག་ལ་འཇུག་པའི་སྔ་རོལ་དུ་ཆུ་གཙང་མ་འམ་སྨན་དང་སྦྱར་བའི་ཆུ་ལ་སྔགས་ཐུང་བ་བརྗོད་ཅིང གདོང་ལ་སོགས་པ་བཀྲུ་བར་བྱའོ། །དེའི་དུས་སུ་རིག་པའི་ལྷ་མོ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ཀྱི་སྔགས་ཀྱི་ཕྲེང་བ་བརྗོད་ཅིང་བདག་ལ་ཁྲུས་བྱེད་པར་ཡང་བསམ་མོ། །གཟུངས་ཀྱི་སྙིང་པོ་འདི་ཉིད་དམ་རྟེན་ཅིང་འབྲེལ་བར་འབྱུང པའི་སྔགས་ལ་སོགས་པས་བྱིན་གྱིས་བརླབས་པའི་གོས་སར་བ་གྱོན་པར་བྱ་འམ། ཨོཾ་ཨ་མི་ཀ་པ་རི་ཤུདྡྷེ་ཤོ་དྷ་ཡ་ས་མ་ཏེ་ནི་དྷ་རི་དྷ་རི། ཤུདྡྷེ་ཤོདྷ་ཡ། མ་ཧཱ་པདམེ་ཧཱུཾ་སྭཱ་ཧཱ། བའི་རྣམ་ལྔ་ལ་སྟོང་བཟླས་ཏེ་གོས་དང་སྣོད་སྤྱད་དང་ཟས་ཀྱི་རྒྱུ་ལ་གཏོར་གནས་ཁང་ལ་ཆག་ཆག་གདབ པོ། །བཟའ་ཉེས་དང་བགོ་ཉེས་ལ་སོགས་པ་ཀུན་སེལ་ཏོ། །ཡདྭ?་ཙན་དན་དང་གླ་བའི་ཆུ་ལ་སོགས་པ་ལ་ཨོཾ་ཤྲཱི་མ་ཧཱ་ཀུ་རུ་ཎ་པདྨ་ཨ་མོ་གྷ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་བཛྲ་ཨ་དྷི་ཤྲཱ?་ནུ་བྷུ་དུ་བྷ་ནཱཾ་བྷི་རི་སྭཱ་ཧཱ། ཞེས་པས་གནས་ཁང་ལ་སོགས་པ དང་ཕྱོགས་ཐམས་ཅད་དྲི་ཞིམ་པོར་བྱའོ། །སྲོས་ཀྱི་དཀྱིལ་འཁོར་གྲུ་བཞི་པར་བྱ་ཞེས་བྱ་བ་ནི་ཨོཾ་བཛྲ་བྷུ་མི་ཧཱུཾ་ཞེས་བརྐོ་བ་ལམ་འཆད་པར་འགྱུར་བའི་ཆོ་གས་ས་བརྐོ་བ་འམ། ཨོཾ་བཛྲཱ་ས་ན་ཡ་ཧཱུཾ་ཆུ་བླངས་ནས། ཨོཾ་བཛྲ་གོ་མ་ཡེ་ཧཱུཾ་ཞེས་གཅི བ་དང་བསྲེས་ནས་འཇིམ་པ་བྱ་བ་དང་དཀྱིལ་འཁོར་འདོམ་གང་པ་ལ་སོགས་པ་ཅི་འདོད་པར་བརྩིགས་ནས་ཨོཾ་བཛྲ་རེ་ཁ་ཧཱུཾ་ཞེས་བྱ་བའི་རྣམ་ལྔ་ཙན་དན་གྱི་ཆུ་དང་བསྲེས་ནས་གཡས་ལ་སྐོར་དུ་བྱུག་གོ་། ཨོཾ་སུ་རེ་བེ་སརྦ་ཏ་ཕཱ་ག་ཏཱ་ཨ་དྷཥཱ་ན དུ་སྭཱ་ཧཱ། ཞེས་ལག་པའི་རྒྱབ་དུ་མེ་ཏོག་ལ་ཨོཾ་སརྦ་བིགྷ་ནཾ་ཨཽཏྶ་ར་ཡ་ཧཱུཾ་ཞེས་མཎྜལ་གྱི་དབུས་སུ་དོར་ནས། ཨོཾ་སརྦ་སུ་བི་ཤུདྡྷ་དྷརྨཱ་ཎཱཾ་སྭཱ་ཧཱ། ཞེས་ལག་པ་བཀྲུས་ཏེ། ཨོཾ་ཨཱབའི་ཆོ་གས་ཐིག་གང་འདོད་པའི་ཚུལ་དུ་གདབ་བོ། །ཚོན་སྣམ་ལུས་པས་བྲི་བར་བྱའོ། །དེ་ཡང། ཨོཾ་ཨཾ་བཾ་སཾ་ཛལྡན་དང་སྣང་བ་མཛའ་ཡས་དང་དོན་ཡོད་གྲུབ་པ་དང་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པར་བསམས་ནས། ཡེ་ཤེས་ཀྱི་ལྷ་དང་གཉིས་སུ་མེད་པར་བྱས་ནས་མཆོད་པ་དང་བསྟོད་པ་ལ་སོགས་པས་མཉེས་པར་བྱས་ནས་སྙིང་པོ་འབའ་ཞིག་བརྒྱ་རྩ བརྒྱད་བརྗོད་དོ། །ཡང་དེ་དག་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་རྡོ་རྗེ་དག་གི་ཕྱག་རྒྱ་ར་གྱུར་པར་མོས་ལ་རིན་པོ་ཆེའི་ཕྱག་དེ་དག་ནི་བརྩེགས་པར་བསམ་ཞིང་བྲི་བར་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྔགས་བརྗོད་ཅིང་དབང ལྡན་ནས་གཡས་སྐོར་དུ་བྲི་བར་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་དེའི་ས་ཕྱོགས་སུ་བ་དན་ཉི་ཤུ་རྩ་བཞི་ཁ་དོག་ཐ་དད་བྲིའོ། །བཱ་རེ་ནི་སྔོན་པོའོ། །ཡོལ་བ་ནི་དམར་པོའོ། །གཡེར་ཁའི་ཕྲེང་བ་དང་སྲད་བུའི་ར་བ་དང་གདུགས་དང་རྒྱལ་མཚན་དང་སིལ སྙན་དང་མངའ་ཡབ་དང་རལ་གྲི་དང་མེ་ལོང་དང་རྨ་བྱའི་སྒྲོའི་ཆུན་པོ་སྦྱང་བར་བྱའོ། །སྙིང་པོའི་རིག་སྔགས་གྲོ་ག་ལ་བྲི་བར་བྱའོ་ཞེས་པ་ལ། གཟུངས་སྔགས་ཡི་གེའི་ཚུལ་དུ་བྲི་བ་ནི། རས་སམ་ཤིང་ཤུན་གྲོ་གའམ། ཏཱ་ལའི་ལོ་མ་སར་བའམ།། གུར་གུམ་གི་ཝང་གླ་རྩི་ལ། །གསེར་འདབ་གཙུག་གི་རྩ་བ་འམ། །གསེར་གྱི་སྡོང་པོ་སར་པ་ཡིས། །གཟུངས་སྔགས་ཕྲེང་བ་མཉམས་པ། །སྐར་མ་མགོ་རྒྱལ་ལྷ་མཚམས་ལ། །ཤར་དུ་བལྟས་ནས་བྲི་བར་བྱ། ཞེས་པའི་ཚུལ་གྱིས་ལག་པ་གཡས པ་ནི་འཕགས་པ་འཇམ་དཔལ་དུ་བསམ་མོ། །གཡོན་པ་ནི་ཀུན་ཏུ་བཟང་པོར་བསམ་མོ་བྲི་གཞི་ནི་ཕྱོགས་བཅུའི་ཞིང་ཁམས་སུ་བསམ་མོ་སྨྱུ་གུ་ནི་ཕྱག་ན་རྡོ་རྗེར་བསམ་མོ། །སྣག་ཚ་ནི་ཡི་གེ་ཨའི་རྣམ་པར་བསམ་མོ། །བྲི་བའི་དུས་སུ འ་ཇམ་དཔལ་དང་ཀུན་ཏུ་བཟང་པོས་དྲང་པའི་དོན་དང་ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་གསུངས་པ་དེ་ཕྱག་ན་རྡོ་རྗེས་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་ཡི་གེའི་ཚུལ་དུ་སྒྲོགས་ཤིང་བཀྲམ་པས་སྐད་ཐ་དད་ཡི་གེའི་དབྱིབས དང་ཁ་དོག་ཐ་དད་དུ་སྣང་བར་མོས་ཏེ་ཤར་རམ་བྱང་དུ་བལྟས་པས་དུས་ཚོད་བཟང་པོ་ལ་ལྷག་པའི་བསམ་པ་མ་འཁྲུགས་པས་བྲི་བར་བྱའོ། །འདོད་ཆགས་ཀྱི་སེམས་དང་བཅས་པས་མ་ཡིན་ནོ། །དེ་བཞིན་བུ་ཞེ་སྡང་དཔང་རྒྱལ་དང་ཕྲག་དོག་དང སེར་སྣ་དང་རྒྱགས་པ་དང་བག་མེད་པ་དང་རྣམ་པར་གཡེང་བར་བྱེད་པ་དང་ལྟ་བ་ངན་པ་དང་བཅས་པས་མ་ཡིན་ནོ། །དེ་ནི་ཡི་གེའི་ཚུལ་ལོ། །ཡང་ན་རིན་པོ་ཆེ་འམ་རྡོ་འམ་རྭ་འམ་ཤིང་གི་ཁམས་ལས་ཡི་གེ་ཕྲེང་པ་ཁོལ་དུ་བརྐོས་ནས་ས་འཇམ པའི་འཇིམ་པ་ཤིན་ཏུ་ལེགས་པ་ལ་སྤྲད་དེ་ཇི་ཙམ་འདོད་པའི་གྲངས་སུ་བྱེད་པ་འདི་སྐུ་ཕྱག་རྒྱའི་ཚུལ་དུ་བཀོད་པའོ། །ཡང་ན་རྡོ་བ་འམ་རིན་པོ་ཆེ་ལ་སོགས་པར་ཐུབ་པའི་སྐུའི་མཛའ་བསྐོར་དུ་སྔགས་ཀྱི་ཕྲེང་བ་ཟླུམ་པོའི་ཚུལ་དུ་བཀོད་དེ་? དུ་བརྐོས་ནས་འཇིམ་པ་དང་སྤྲོས་པར་བྱའོ། །དེའི་གྲངས་ཇི་ཙམ་འདོད་པ་བྱས་པ་ནི་སྐུའི་ཚུལ་དུའོ། །སྔགས་དེ་དག་གོས་དམར་པོས་དཀྲིས་ཏེ་མགོའི་ཕྱོགས་གསལ་བར་བྱ་སྟེ་ས་ཕྱོགས་གཙང་མར་བཞག་གོ་།ད་ནི་ཡི་གེ་བྲི་བའི་རིམ་པའོ།། མཆོད་རྟེན་ལྔ་གདབ་པར་བྱ་བ་ནི་མཚོན་པ་སྟེ་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་ལྔ་འམ་དགུ་འམ་ལྔ་འམ་གཅིག་ལ་སོགས་པའོ། །དེ་ལ་ཚ་ཚའི་ཆོ་ག་ནི། སྐྱོན་བྲལ་རབ་ཏུ་འཇམ་པའི་ས། །དྲི་བཟང་ཆུ་ཡིས་འཇིམ་པ་ལ། །རྒྱ་འབུར གསལ་བའི་ཚ་ཚ་ནི། །བདེ་བར་གཤེགས་པའི་མཆོད་རྟེན་ནོ། །ཞེས་པའི་ཚུལ་གྱིས་གྱོ་མོ་དང་སོལ་བ་དང་རྡོ་དང་གསེག་མ་ལ་སོགས་པའི་སྐྱོན་ཐམས་ཅད་དང་བྲལ་བ་བཀྲ་ཤིས་པའི་ཕྱོགས་ནས་བླངས་ཏེ་ཙན་དན་ལ་སོགས་པ་དྲི་ཞིམ་པོའི་ཆུས བླངས་ཏེ་ལེགས་པར་བརྡུང་ཞིང་འཐས་པ་དང་འདྲེས་པར་བྱའོ། །དེ་ཡང། ཨོཾ་ནམ་དྷིཥཐ་ན་རཏན་བྷུ་མི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་རིན་པོ་ཆེའི་ས་གཞིར་བསམ་མོ། །ོཾ་ཨ་མ་ལ་བི་མ་ལ་ནི་རྨ་ལེ་བི་ཤུདྡྷ་སྭཱ་ཧཱ། ཞེས་བྱང་ཆུབ་ཀྱི་ཆུ་ཙནདན་ལ་སོགས་དྲི་ཞིམ་པོ་བྲན་ནོ། །ོཾ་ན་མ་ཨོཾ་ན་མཔོ་ཆའི་རི་བོར་གྱུར་བར་བསམ་མོ། །ན་མས་ཨེལ་གྱི་རྒྱུད་ལས་སྔགས་འདི་བྱེ་མ་འམ་འཛིན་པའི་གོང་བུ་ལ་ཉི་ཤུ་རྩ་གཅིག་བཟླས་ནས་སཱཙྪ་བྱས་ན་མཆོད་རྟེན་དེའི་རྡུལ་ཕྲ་རབ་རེ་རེ་ལའང་མཆོད་རྟེན་རེ་རེར་འགྱུར་ལ་རྡུལ་ཕྲ་རབ་དེ་ཉིད་ཀྱི་གྲངས་ཙམ་གྱི་ལྷ་དང་མིའི་གོ་འཕང་ཐོབ་པར་ འགྱུར་རོ། །གང་དུ་སྐྱེས་པ་དེའི་སྐྱེ་བ་ཡང་དག་པར་འགྱུར་རོ། །མྱུར་དུ་སངས་རྒྱས་རྣམ་པར་སྣང་མཛད་དང་མཚུངས་པའི་སྐུ་ཐོབ་པར་འགྱུར་རོ་ཞེས་ཏེ། འཇིམ་པའི་གོང་བུ་དེ་ཉིད་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ལས་རྣམ པར་སྣང་མཛད་གངས་ཆེན་མཚོ་རི་རབ་བྱེ་བའི་ཚེད་ཀྱི་སྐུ་བ་སྤུའི་བསེ་བོ་ཐམས་ཅད་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་ཀྱི་རིགས་ཀྱི་སྐུས་གང་བར་བསམ་མོ། །ོཾ་བཛྲ་བྷེ་བཱ་དྷ་ཡེ་སྭཱ་ཧཱ། ཞེས་འཇིམ་པ་བཅད་པའི་ཚེ་རྣམ་པར་སྣང མཛད་ཆེན་པོའི་བ་སྤུའི་བསེབ་ནས་སྐུ་རེ་རེ་སྤྱན་དྲང་བར་བསམ་མོ། །ོཾ་རཏནོ་བྷ་བནྟེ་ཧཱུཾ་ཞེས་བའི?་འདི་བྱས་ལ་སྐུ་རིན་པོ་ཆེའི་ན་བཟའ་ཨི་ལྕེ་བསམས་བླངས་པར་བསམས་ཞིང། ཨོཾ་དྷརྨ་དྷ་ཏུ་གརྦྷེ་སྭཱ་ཧཱ། ཞེས་སྙིང་པོ་བཅུག་པས་ཐུགས བསྐྱེད་པར་བསམ་མོ། །ོཾ་ཨ་ར་ཛོ་བར་ཛོ་སྭཱ་ཧཱ། ཞེས་མར་གྱི་སྣུམ་གྱིས་ཕྱུག་པ་ནི་ལྷའི་ཚོགས་ཀྱིས་དྲིའི་ཆར་ཕབ་པར་བསམ་མོ། །ོཾ་བཛྲ་བྷེ་དྷེ་སྭཱ་ཧཱ། ཞེས་འཇིམ་པ་བཅད་པའོ། །ོཾ་དྷརྨ་ཏ་རིདབྷ་བེ་ཡེ་སྭཱ་ཧཱ། ཞེས་སྐོར་པོར་དུ་བཅུག པའི་ཚེ་ཆོས་འབྱུང་དུ་ཞུགས་པར་བསམ་མོ། །ོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཧཱུཾ་ཕཊ་ཅེས་བརྡུང་པའི་ཚེ་མིང་གི་ཡི་གེ་ཕྲེང་བ་དུ་མ་དང་བཅས་པར་བསམ་ཞིང་སྤྲུལ་པ་དུ་མའི་སྟེང་དུ་གྱུར་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་བྷོ་ཀ་? ཡ་སྭཱ་ཧཱ། ཞེས་སྐོར་ཕར་ནས་དྲངས་པའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནིརྨ་ཎ་ཀཱ་ཡ་སྭཱ་ཧཱ། ཕྱུང་མ་ཐག་ཏུ་སྤྲུལ་པའི་སྐུར་བསམ་མོ། །ོཾ་དྷརྨ་རཏན་རཏན་སཾ་བྷ་པེ་སྭཱ་ཧཱ། ཞེས་པས་སྐུ་དེའི་བ་སྤུའི་བསེབ་ཐིང སྐུས་གང་བར་བསམ་མོ། །དེ་ཡང་སྐུ་རེ་རེ་ཕོ་བྲང་ཡེ་ཤེས་ཀྱི་སྙིང་པོ་ཅན་མཐོང་ན་དགའ་བའི་མཆོད་རྟེན་དུ་བཞུགས་པར་བསམས་ནས། ཨོཾ་ཨཱ་ཡུལོ་བཞག་ནས། ཨོཾ་པ་ཏཾ་ཀ་ལམ་བ་སྭཱ་ཧཱ། ཞེས་ཅོད་པན་གང་གིས་སོ། །ོཾ་ས་རརྟ་སྭཱ་ཧཱ། ཞེས་པས་བ་དན་དབུལ་ལོ། །ོཾ་དུམྦིར་དུ་བཾ་སྭཱ་ཧཱ། ཞེས་ཆུ་སྲིན་རྒྱལ་མཚན་དབུལ་ལོ། །ོཾ་པྲ་མ་ཎ་ཡེ་སྭཱཧཱ། ཞེས་གདུགས་དབུལ་ལོ། ། ོཾ་རཏན་མཱ་ལ་ཏཾ་ཞེས་པས་ཕྲེང་བ་གདགས་ལ། ཨོཾ་ན་མ་ཤེ་ཡ་ད་བུ་ག་དྷ་པྲ་ཏི་ཤ་ག་ཏི་ཏ་བྷེ། ཏ་ཐཱ་ག་ཏོ་ཨརཧ་ཏེ་བྷེ་སམྱག་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུ་སུ་ཡེ་སྭཱ་ཧཱ། ཞེས་བླ་རེ་དབུལ་ལོ། །ོཾ་དྷརྨཱ་ད་མི་ལ་ཛ་ཡེ་སྭཱ་ཧཱ། ཞེས་གདན་ལ་བཞུགས་སོ། ། ོཾ་བཛྲ་དྷཱ་ཏུ་ཨ་དྷིཀྵ་དྷེ་ཧཱུཾ་ཞེས་བསྟན་པར་གསོལ་བ་གདབ་བོ། །དེའི་འོག་ཏུ་རྟེན་འདྲེལ་གྱི་སྔགས་བརྗོད་དྲི་བཟང་པོའི་ཆུས་བསངས་ཏེ་མེ་ཏོག་ལ་སོགས་པས་རྒྱས་པར་མཆོད་དོ། །དེ་ནས་གཟུངས་གང་དུ་བཞུགས་པ་དེ་བརྗོད་ཅིང་སྐོར་བ་གསུམ མམ་ཉི་ཤུ་རྩ་གཅིག་པ་སོགས་པ་བྱའོ། །ཚ་ཚ་བྱ་བའི་རིམ་པའོ། །བུམ་པ་གང་བ་ལྔ་བཞག་གོ་ཞེས་བྱ་བ་ཡང་མཚོན་པ་སྟེ། བུམ་པ་ཉི་ཤུ་རྩ་ལྔ་འམ་བཅུ་འམ་དྲུག་གམ་ཡང་ན་གཅིག་གོ་།དེ་ཡང་གསེར་དངུལ་ཟངས་སམ་ཤིང་དག་གམ། སརྦ ལས་བྱས་ལྟོ་བ་ཆེ། །ཞབས་ཕྲ་སྐྱེ་རིང་ཆུ་འཕྱང་བ། །གསེར་རམ་བཀྲུས་པའི་བུམ་པ་ནི། །ལྷའི་གྲངས་སམ་རིགས་བདག་གི་།ཚད་རྣམས་ཅི་འབྱོར་བཀོད་པར་བྱ། །ཡིད་འོང་གཙང་མའི་ཆུས་བཀང་ནས། བྱུ་རུ་གསེར་དངུལ་མུ་ཏིག་དང། །ནོར་བུ་མ མེད་རིན་ཆེན་ལྔ། །སི་གྲི་བྱ་གྲི་གར་ཀར་ནི། །པ་ཏོ་ཧ་ས་དེ་བ་སྨན། །གྲོ་ནས་འབྲས་ཀྱི་སོ་བ་ཏིལ། །མོན་སྲན་གྲེའུ་འབྲུ་ལྔའོ། །ཙནདན་ག་བུར་གུར་གུམ་དང། །ཛཱ་ཏི་ཨ་ཀ་རུ་བྲི་ལྔ། །ལན་ཚྭ་བུར་མ་སྤང་དང་མར། །བྲག་ཞུན་འབྱུང་བའི་སེར་པོ་ལ།། བུམ་པ་བཟང་པོའི་གཏེར་ཡིན་ཏེ། །མ་ཉམས་གོས་དང་པོ་མས་ནི། །མགྲིན་བ་དང་ནི་དབུ་བརྒྱན་བྱ། །འཇིག་རྟེན་འཇིག་རྟེན་འདས་ཕ་ཡི། །དཔལ་འབྱོར་འདོད་པས་འདི་མཆོད་དོ། །ཞེས་བྱང་ཆུབ་སེམས་དཔའ་སྒིང་བ་རྣམས་སེལ གྱི་རྟོག་པར་གསུངས་སོ། །དེ་ལ་ཐུགས་རྗེ་ཆེན་པོའི་བརླན་གྱི་ཕྱིར་ཆུ་དང་བའོ། །མྱ་ངན་ལས་འདས་པའི་ས་བོན་སོགས་པའི་ཕྱིར་འབྲུ་ལྔའོ། །ཆོས་ཀྱི་སྐུའི་གདུལ་རྒྱུན་མི་བཅད་པའི་ཕྱིར་རིན་པོ་ཆེ་ལྔའོ། །ཉོན་མོངས པའི་གདུང་བ་སེལ་བའི་ཕྱིར་སྨན་ལྔའོ། །གདུལ་བྱ་བྱང་ཆུབ་ཀྱི་ལམ་གྱི་བསྲུང་བ་བསྐྱེད་པའི་ཕྱིར་དྲི་ལྔའོ། །འཁོར་བ་མ་སྟོངས་ཀྱི་བར་དུ་གཟུགས་ཀྱི་སྐུ་རྒྱུན་མི་ཆད་པའི་ཕྱིར་འབྱུང་བའི་སྙིང་པོ་ལྔའོ། །ཆོས་ཀྱི་གསུང་ལ་ཉམས་པ མེད་པའི་ཕྱིར་མགྲིན་པ་གོས་བཟང་གིས་བཅིངས་པའོ། །འགྲོ་བའི་བསམ་པ་ཡིད་བཞིན་དུ་སྐོར་བའི་ཕྱིར་ཁ་རྒྱན་ནོ། །ལམ་དམ་པ་དམན་པའི་གང་ཟག་གིས་རྟོགས་དཀའ་བ་དང་དབང་པོ་རྣོན་པོ་ལ་རྒྱ་ཆེ་བ་དང། ཆོས་ཉིད་ཟབ་མོ་རྟོགས པར་རིགས་པའི་སྤྱོད་ཡུལ་མ་ཡིན་པ་དང་རྟོགས་ན་ཕྱི་ནང་གཉིས་སུ་མེད་པའི་རྟགས་སུ་བུམ་པ་ཞབས་ཕྲ་ཞིང་ལྟོ་ཆེ་བ་དང་སྐེ་ཕྲ་བ་དང་མཆུ་འཕྱང་བའོ། །གལ་ཏེ་བུམ་པ་ལྔ་ལ་སོགས་པ་ཡིན་ན་རིགས་ཀྱི་ཕྱག་རྒྱ་ཡང་དགོད་པར་བྱའོ། བུམ་པ་དེ་དག་ལ་ཡང་རྨ་བྱའི་གདུགས་དང་ཅོད་པན་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་རྒྱན་གྱིས་སྤྲས་ཏེ་བཀོད་དོ། །གྲཝ་བཞིར་ཕོག་ཕོར་བཞི་ཞེས་པ་ཡང་མ་ཆགས་པ་དང་མ་གས་པའི་སྣོད་དུ་ཏུ་རུ་ཀར་ནི་བྱང་ཤར་དུ་བསྲེག གོ་ཨ་ཀ་རུ་ནི་ཤར་ལྷོར་རོ། །ཙནདན་ནི་ལྷོ་ནུབ་ཏུའོ། །གུ་གུལ་ནི་ནུབ་བྱང་དུའོ། །སྣོད་བཞི་ནི་མཚོན་པ་ཙམ་སྟེ་སྤོས་དང་མེ་ཏོག་ཐ་དད་པ་དང་ཡོན་ཆབ་དང་མར་མེ་དང་བྱུག་པ་དང་ཞལ་ཟས་དང་སྐུ་གདུང་གི་གྲངས་དང་སྦྱར་ནས་དགོད དོ། དེ་ཡང་ཆོ་ག་རྒྱས་པ་དང་བསྡུས་པ་ཀུན་མཚོན་པར་ཤེས་པར་བྱའོ། །དེ་རེ་ཞིག་ཚ་ཚ་བརྒྱ་པའི་དབང་དུ་བྱས་ན་རང་ཉིད་ལྷག་པའི་བསམ་པ་དང་ལྡན་པས་ཐམས་ཅད་དུ་སྔོན་གྱི་ཉིན་པར་སྐྱབས་སུ་འགྲོ་བ་བྱས་ནས་སྡོམ་པ བཟུང་སྟེ་མཎྜལ་ཕུལ་ནས་མཆོད་དེ་མཆོད་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་དམིགས་ཏེ་དབང་པོར་བྱས་ནས་ཚིགས་བཅད་འདིས་གསོལ་བ་གདབ་པོ། །ོཾ་བཛྲ་རྡོ་རྗེ་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི རིགས། །བདེ་གཤེགས་རིགས་ཚོགས་མ་ལུས་པའམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ཉན་ཐོས་རང་རྒྱལ་རྫུ་འཕྲུལ་ཅན། །བརྗོད་མི་ལང་སོགས་ཚོགས་བཅས་དང། །དེད་དཔོན་འཇིག་རྟེན་སྐྱོང་བའི་ཚོགས། །ཀུན་ནས་བདག་ལ་དགོངས་སུ གསོལ། །བདག་ཀྱང་ཡོངས་སུ་དག་པ་དང། །འགྲོ་བ་ཉོན་མོངས་གནས་བསྒྲལ་ཕྱིར། །ཆོ་ག་བཟང་པོ་འདི་སྒོ་ནས། །ཡིད་བཞིན་ནོར་འདྲ་སྒྲུབ་བྱེད་ན། །བདག་ལ་ཡོངས་སུ་བསྐྱབ་པ་དང། །སེམས་ཅན་རྣམས་ལ་ཐུགས་བརྩེའི་ཕྱིར། །ཡེ་ཤེས་ཅན་གྱིས་གཟིགས ནས་ཀྱང། །ཉེ་བར་བྱིན་གྱིས་བརླབ་ཏུ་གསོལ། །སྭཱ་ཧཱ་ཞེས་ལན་གསུམ་ལ་སོགས་པ་བརྗོད་དེ་ཤར་ཕྱོགས་སུ་ཁ་བལྟས་ཏེ་གཟུངས་ཉི་ཤུ་རྩ་གཅིག་བརྗོད་ལ་ཉལ་ལོ། །གལ་ཏེ་རྨི་ལམ་དང་ལྟས་དམན་ན་རིག་པའི་ཁྲོ་བོ་གང་ཡང་རུང་བའི་སྔགས་མང་དུ བརྗོད་དེ་གཏོར་མ་དང་མཆོད་པ་དབུལ་ཞིང་ཚིམ་པར་བྱའོ། །ལྷག་པར་ཡང་ཡི་དགས་ལ་གཏོར་མ་མང་དུ་སྦྱིན་ནོ། །དེ་ནི་ཆོ་ག་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དང་པོའོ།། །དེ་ནས་ཚ་ཚ་བརྒྱ་བའི་དབང་དུ་བྱས་ན་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ དབུས་ཀྱི་ཕོ་བྲང་རེ་མིག་བརྒྱ་པར་བྱས་ཏེ་དེ་ཡང་ལོ་ཚེ་འམ་པདྨའི་ཁོར་གོར་ཡུག་གམ་སྐུ་གདུང་མཆོད་རྟེན་བཞི་བསྡུས་པའི་གཟུགས་སུ་བྱས་ལ་ཆོ་ག་དང་ལྡན་པའི་ཚ་ཚ་རེ་རེ་རྒྱན་དང་བཅས་པ་ལེ་ཚ་རེ་རེ་ལ་མེ་ཏོག་སྟེང་དུ་བཞག། སྒོའི་ནང་རོལ་ཏུ གྲུང?་ར་བཞག་གོ་། ལྷ་རྣམས་ཀྱི་ཟུར་བཞིར་བུམ་པ་གང་བ་བཞི་བཞག་གོ་།ཤར་དུ་དཀྱིལ་འཁོར་ཁྲུ་གང་བ་ཆུང་ངུན་གྱི་སྟེང་དུ་སྐུ་གདུང་རེད་བསྲེལ་དང་བཅས་པ་ཁྲིའུའི་སྟེང་དུ་བཞག་གོ་།དེའི་དྲུང་དུ་བུམ་པ་གང་བ་ཆོ་ག་དང་བཅས་པ་བཞག་གོ་། མེ་ཏོག་གི་སྣོད་དང་སྤོས་སྣོད་དང་བྱུག་པ་དང་མར་མེ་དང་ཞལ་ཟས་རྣམས་རེ་རེ་ལའང་བརྒྱ་རྩ་བརྒྱད་དཀྱིལ་འཁོར་གྱི་མཛའ་ནས་བསྐོར་རོ། །དགུ་པ་འམ་ལྔ་པ་ལ་སོགས་པ་ལ་ནི་རྡོ་རྗེ་རྒྱ་གྲམ་མམ་པདྨ་བྲིས་ཏེ་གཞལ་ཡས ཁང་ཡོད་དམ་མེད་ཀྱང་རུང་ངོ། །བུམ་པ་དང་ཚ་ཚ་དང་སྐུ་གདུང་ཐམས་ཅད་ཀྱང་ནང་དུ་ཆུད་པར་བྱའོ། །ཤར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་གོ་།ལྷོར་སྟོབས་པོ་ཆེ་བཀླག་གོ་།ནུབ་ཏུ་རྨ་བྱ་ཆེན་མོའོ། །བྱང་དུ་མདོ་སྡེའི་དབང་པོ གསེར་འོད་དམ་པའི་མདོ་བཀླག་གོ་། ཤར་ཕྱོགས་སུ་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་ནོ། །ལྷོ་ཕྱོགས་ནས་དད་པ་དང་ལྡན་པས་མ་མོ་རྣམས་ལ་གཏོར་མ་སྦྱིན་ནོ། །ནུབ་ཕྱོགས་ནས་?་སྦྱིན་ནོ། །བྱང་ཕྱོགས་ནས་འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་སྦྱིན་ནོ དེ་ལ་སྨོན་ལམ་གསོལ་པའི་ཚིགས་སུ་བཅད་པ་ནི་འདི་དག་ཡིན་ཏེ། ཤར་ཕྱོགས་སུ་སྙིང་པོའི་སྔགས་དང་བཅས་པ་བརྗོད་དེ། ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །ཁྱབ་འཇུག་ལྷ་ཀླུ་གནོད་སྦྱིན་སོགས། །དེད་དཔོན་བརྒྱད་པོ་འཁོར་བཅས་དང། ། འཕྲོག་མ་བུ་དང་བཅས་རྣམས་དང། །འབྱུང་པོའི་ཚོགས་རྣམས་ཀུན་ཉོན་ཅིག་།བདག་གི་ཁྲུས་དང་མེ་ཏོག་དང། །སྤོས་དང་མར་མེ་བྱུག་པ་དང། །ཞལ་ཟས་ཚོགས་རྣམས་ཁྱེད་ལ་འབུལ། །ཁྱེད་ཀྱི་དཔལ་དང་བརྩོན་འགྲུས་དང། །གཟི་བརྗིད་དབང ཕྱུག་སྟོབས་ཀྱིས་ནི། །ནད་དང་གནོད་པ་བསལ་ནས་ཀྱང། །ཆེ་གེ་འམ་བདག་ལ་བཀྲ་ཤིས་མཛོད། །ཤར་ཕྱོགས་སུ་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ལྷོ་ཕྱོགས་སུ་ཡང་དེ་བཞིན་དུ་བརྗོད་དེ། དེ་བཞིན་དུ་ནུབ་དང བྱང་དཱུང་བརྗོད་དོ། །དེ་དག་ནི་སྔོན་དུ་འགྲོ་བའི་ཆོ་ག་གཉིས་པའོ། །དེ་ནས་བསྒྲུབ་བྱ་དང་སྒྲུབ་པ་པོ་རྣམས་གོས་སར་པ་གྱོན་ཅིང་ཁྲུས་བྱས་ནས་ཁ་བྱང་དུ་བལྟས་ཏེ་ཡུངས་ཀར་དང་ནས་ལ་སོགས་པའི་འབྲུ་སྣ་ཚོགས་ཀྱི་བདག་གི ལག་པ་གཡོན་པས་བསྐོར་ཞིང་ཁམ་པོར་གྱི་ཙན་དན་གྱི་མེའི་ནང་དུ་དོར་རོ། །དེ་ནས་ཚིགས་སུ་བཅད་པ་འདི་བརྗོད་ལ་ཁམ་པོར་སྒོར་བསྐོར་རོ། །གང་དག་སངས་རྒྱས་རང་སངས་རྒྱས། །འཕགས་པ་ཉན་ཐོས་ཐམས་ཅད་དང། །ཚངས་པ་བརྒྱ་བྱིན་དབང ཕྱུག་ཆེ། །ཁྱབ་འཇུག་དབང་ཕྱུག་ཀླུ་དབང་པོ། །གཞན་ཡང་འཇིག་རྟེན་སྐྱོང་བ་རྣམས། །རང་རང་འཁོར་དང་བཅས་པ་དང། །འཕྲོག་མ་བུ་དང་བཅས་པ་དང། །གཞན་ཡང་འབྱུང་པོ་མཐུ་ཆེན་རྣམས། །དེ་དག་ཀུན་གྱི་མཐུ་དང་དཔལ། །བརྩོན འགྲུས་གཟི་བརྗིད་བྱིན་གྱིས་བརླབས། །རོ་ལངས་ལ་སོགས་གདོན་རྣམས་ཀྱིས། །ནད་དང་གནོད་པ་ཆར་གྱུར་ཅིག། རྡོ་རྗེ་རིན་ཆེན་ཕུག་པ་དང། །མེ་ཡིས་བུད་ཤིང་སྲེག་བྱེད་དང། །རླུང་གིས་སྤྲིན་རྣམས་འཐོར་བ་དང། །ཉི་མས་འདམ་སོགས་སྐོས པ་དང། །སེང་གེས་རི་དགས་ཀུན་སྐྲག་ལྟར། །སྔགས་དང་ཕྱག་རྒྱ་བདེན་པའི་མཐུས། །རོ་ལངས་འབྱུང་པོའི་ཚོགས་རྣམས་དང། །བྱང་སྟེམས་ཐམས་ཅད་ཚིག་པར་ཤོག་།དེ་ནས་སྒྲུབ་པ་པོ་དང་བསྒྲུབ་བྱ་ཐམས་ཅད་ཀྱི་མགོ་ལ་མེ་ཏོག་གདགས་ཤིང། ལུས་དྲི་ཞིམ་པོས་བྱུག་པར་བྱའོ། །དེ་དག་ནི་སྔོན་དུ་འགྲོ་བའི་ཆོ་ག་གསུམ་པའོ། །ཡིད་བཞིན་ནོར་བུ་འདི་གཉིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །སྙིང་པོའི་སྔགས་བརྗོད་ཅིང་དཀྱིལ་འཁོར་ལ་སྐོར་བ་བརྒྱ་རྩ་བརྒྱད་བྱའོ། །ཞེས་པ་ནི གོང་དུ་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་གཉིས་དུས་གཅིག་ཏུ་དྲན་པར་བྱའོ། །ཞེས་པ་ལ་སོགས་པ་ཚིག་གསུམ་དང་འབྲེལ་ཏེ་དྲན་པར་བྱའོ། །ཞེས་པའི་དོན་འདི་ལྟར་ཤེས་པར་བྱའོ། །ཚ་ཚ་ནི་ཐམས་ཅད་དུ་རྣམ་པར་སྣང་མཛད སངས་རྒྱས་ཀྱི་སྐུ་ལོ་ནར་བསམས་ཏེ། ཚ་ཚ་རེ་རེ་ཡང་རྣམ་པར་སྣང་མཛད་རེ་རེ་བསམས་ལ་དེའི་སྤུའི་བསེ་བ་ཐམས་ཅད་རྣམ་པར་སྣང་མཛད་ཀྱིས་གང་བའོ། །དེ་ནས་ཚ་ཚའི་གྲངས་ཀྱི་རྣམ་པར་སྣང་མཚང་བྱེ་བ་བརྒྱ་ཕྲག་གོ་།དེ་ལ་འདིར ག་ཟུངས་ཡི་གེའི་ཚུལ་དུ་ཀློག་ན་བུམ་པ་ནི་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བསམས་ནས་དེའི་སྟེང་དུ་ཨ་ལས་གཟུངས་ཀྱི་ཕྲེང་བ་དཀར་པོས་བསྐོར་བའམ་ཡང་ན་ཕྱོགས་བཞིར་ཨོཾ་བཾ་སཾ་ཛབ་ལ་སོགས་པའི་སྐྱོན་སྤངས་ནས་གཟུངས་རིང་ཐུང་གཉིས་སྦྲེལ་བ་བརྒྱ་རྩ་བརྒྱད་བརྗོད་དོ། །དེའི་ཚེ་སྔགས་དང་ཟླ་བའི་འོད་ཀྱིས་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་བསྡུས་ནས་ཟླ་བ་དང་ཡི་གེ་ཐམས་ཅད་ལ་ཐིམ པར་བསམ་མོ། །དེ་ནས་གཟུངས་ཐུང་འབའ་ཞིག་གདོན་ཞིང་སྐོར་བ་བརྒྱ་རྩ་བརྒྱད་བྱའོ། །?་ཚེ་སྔགས་དང་ཡི་གེའི་འོད་ཀྱི་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དག་པར་བསམ་མོ། །དེ་ནས་ཡི་གེ་དང་སྔགས་བདུད་རྩིར་ཞུ བར་བསམ་མོ། །སྐོར་བའི་དུས་སུ་ནི་སྐུ་གདུང་གི་ལྷའི་ལྷ་རྣམས་གྲངས་བཟོད་ཀྱིས་མི་ལང་བ་བུམ་པའི་ནང་དུ་ཡི་གེ་འམ་ཕྱག་རྒྱའམ་ལྷ་གཅིག་པུའི་སྐུ་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་སྒྲིབ་པ་གསལ་བ་དང་ནད་སྦྱར་བ་དང་དབང་བསྐུར་པར་བསམ་མོ ནད་ཀྱིས་བཏབ་པ་ལ་སོགས་པ་བརྒྱད་པོ་ནི་གོང་གི་ལས་སྦྱོར་གྱི་བྱེ་བྲག་སྟེ་སྔོན་དུ་བཤད་པའི་སྔགས་ཀྱི་སྦྱོར་བ་དང་བཅས་པའི་ཆུས་བཀྲུ་ཞིང་དབང་པོའི་སྒོ་ལྔ་རྨ་བྱའི་སྒོ་ལྔས་བྱབ་པའོ། །དེ་ཡང་ཁྲུས་བྱ་བའི་རིམ་པ་ནི འདི་ཡིན་དེ་བུམ་པ་བདུད་རྩིའི་ཆུར་བསམས་ཏེ། རོལ་མོ་སིལ་སྙན་དུ་མར་བཅས། །འདོད་པ་འཛུམ་ཞིང་ཡོན་བཅས་པ། །ཉམས་དགའ་ཨི་ཚུལ་དུ་གསོལ་བ་གདབ། །ོཾ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་སྩལ་བ ལྟར། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །སྔགས་ཀྱི་ཆུ་ཡིས་བྱིན་བརླབས་སྩོལ། །གསུམ་བརྗོད་ཕྱག་འཚལ་བསྐོར་བ་བྱ། ཡོན་མི་བསྲུང་ལ་རས་སོགས་ཁ་དོག་དཀར། །ཆེ་བསྲིང་སོགས་ལ་སེར་པོའི་རྫས། །ཤེ་བ་བསྲུ་བདུར སྨྲོག་མདོག། བུ་བསླང་སོགས་ལ་དམར་པོ་སྟེ། །གནོད་པ་བཟློག་པ་སྔོན་པོས་བྱ། །ལས་ཀུན་ལ་ནི་ལྗང་གུ་ཤིས། །སེར་སྣ་མེད་པར་ཡོན་ཕུལ་ནས། །བློ་ལྡན་སློབ་དཔོན་ཕྱག་?་ནི། །??་བླང་བར་བྱ། །འགྲོ་ན་ལྷག པའི་སེམས་བཏང་ནས། །འགྱིང་དང་བཅས་པས་ཁྲུས་གསོལ་ལོ། །ཅེས་པའི་ཚུལ་གྱིས་དང་པོར་བཀྲ་ཤིས་བརྗོད་ཅིང་སྨོན་ལམ་དུ་མ་ཡང་བསྔོས་ནས་བདེན་པའི་བྱིན་རླབས་འདི་བརྗོད་དོ། །སྟོབས་མཆོག་ལྡན་པ་ལྷ་མིས་མཆོད་འོས པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག་།ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག་།ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ ལེགས་ཤོག་། འཇིག་རྟེན་འདི་འམ་ཡང་ན་འདས་པ་ཡིས། །མཐོ་རིས་དག་ལ་རིན་ཆེན་མཆོག་ཡོད་ལ། །དེ་བཞིན་གཤེགས་པ་ལྷའི་ལྷར་གྱུར་ཏེ། །མི་མཆོག་འདི་དང་གང་ཡང་མཚུངས་པ་མེད། །དེ་ཕྱིར་སངས་རྒྱས་རིན་ཆེན་མཆོག་ཏུ་གསུང།། བདེན་པ་དེས་ནི། དེང་འདིར་བདེ་ལེགས་ཤོག་།ཟབ་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །མཁྱེན་ལྡན་ཤཱཀ་ཐུབ་ཀྱིས་ནི་རབ་དབྱེ་མཛད། །འཆི་མེད་དམ་ཆོས་ཞི་བ་འདུ་བྱེད་བྲལ། །ཆོས་འདི་དག་དང་མཚུངས་པ་གང་ཡང་མེད། །དེ་ཕྱིར དམ་ཆོས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག་།གང་འདོད་དེ་ལ་ཚུལ་བཞིན་མཆོག་སྟོན་པ། །སྟོན་པ་བླ་མེད་རྟག་བསྒྲུབ་རྣལ་འབྱོར་གཞི། །རྡོ་རྗེ་ལྟ་བུ་གཉིས་མེད་ལམ་གསལ་བས། །ཏིང་འཛིན འདི་དང་མཚུངས་པ་འགའ་ཡང་མེད། །དེ་ཕྱིར་དམ་ཚིག་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེའི་དེང་འདིར་བདེ་ལེགས་ཤོག་།གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང། གང་ཟག་ཟུང་བཞི་བརྗོད་པ་འདི་དག་ནི། །དྲང་སྲོང་ཆེན་ པོ་གང་ཟག་མཚུངས་པ་མེད། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཞེས་གསུངས། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེའི་དེང་འདིར་བདེ་ལེགས་ཤོག་།གང་དག་བརྟན་པའི་ཡིད་ཀྱི་རབ? བརྩོན་ཞིང། །གཽ་ཏ་མའི་བསྟན་ལ་རབ་ཞུགས་ནས། །དམ་ཆོས་ཐོས་མང་བདུད་རྩི་མཆོག་རྙེད་དེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག་། ལུས་སམ་ངག་གམ་དེ་བཞིན་ཡིད་ཀྱིས་ཀྱང། །འཇིགས་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག་།ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་པ་མཐོང། །དེ་ཕྱིར་དགེ་འདུན་རིན་ཆེན མཆོག་ཏུ་གསུངས། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག་།ལུས་སམ་དག་གམ་དེ་བཞིན་ཡིད་ཀྱིས་ཀྱང། །སྡིག་པ་རྣམ་བཅུ་རྣམ་ཡང་མི་བྱེད་ལ། །བློ་བུར་བྱས་ཀྱང་མི་འཆབ་མྱུར་དུ་བཤགས། །དེ་ལྟར་ལོག་ལྟ་དེ་དག་འཛིན་མི བྱེད། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག་།ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་བསྐྱོད་ལྟར། །འཕགས་པའི་ལམ་གྱི་དམ་པ་འཐོབ་པ ཡིས། །འཕགས་པའི་དགེ་འདུན་རྣམ་རྟོག་གིས་མི་གཡོ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག། ཤེས་རབ་ཤིན་ཏུ་ཟབ་ཅིང་བརྟན་པ་ཡིས། །འཕགས་པའི་བདེན་རྣམས་ཡང་དག རབ་བསྒོམས་ནས། །ལུས་ཀྱི་སྦྱིན་པ་ཡིད་ལ་བྱས་པས་ནི། །དེ་དག་འཇིགས་པ་བརྒྱད་དང་ཕྲད་མི་འགྱུར། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག་།ཇི་ལྟར་རླུང་གིས་མེས་ནི་རབ་གཏོར ན། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ལྟར། །སངས་རྒྱས་སྲས་རྣམས་ཀུན་ཏུ་སྦྱོར་བ་ཡིས། །རབ་བསྔགས་འཇིག་ཚོགས་བསྟན་དུ་མེད་པར་འགྲོ། དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག་།བླ་མ་མཁན པོ་ཕ་མ་གྲོགས་པོ་དང། །ཡོན་བདག་གཉེན་པ་ཤེས་ཆོས་ཀྱི་གྲོགས་པོ་དང། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག་།ཅེས་བརྗོད་ནས་བུམ་པའི་ཆུ་ལས་ཉུང་ཟད་བླངས་ཏེ་མདུན་དུ་སངས་རྒྱས་དང བྱང་ཆུབ་སེམས་དཔའ་ཨི་ཚོགས་བསམས་ལ་ཡོན་ཆབ་ཀྱི་ཚུལ་དུ་མཆོད་དོ། །ོཾ་ན་མབ་ཀ་བྷཡ་ཀཱ་ཡ་ཝཱ་ཀྩིཏྟ་སཾ་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་མཆོད་པ་བྱ་སྟེ། བདུད་རྩི་ཡེ་ཤེས་ཆུ་བོར་ནི། །བདེན་པའི་མཐུ་ཡིས་བྱིན་བརླབས་ལ། །རྣམ་དག་སྔགས་ཀྱི་ཆུ་རྒྱུན་གྱིས། །འཇིག་རྟེན་བག་ཆགས་དག་གྱུར་ཅིག་།ོཾ་སརྦ་ ས་དི་བ་ཡོ་ཀ་ཕྲ་ཥ་ཀ་སཾ་ཤོ་དྷ་ཡ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་དོ། །དེ་ནས་གང་ཞིག་ཁྲུས་བྱ་བ་དེ་གོས་དང་རྒྱན་སར་བས་བརྒྱན་ཏེ། སྡིག་པ་བཤགས་པ་དང་སྐྱབས་སུ་འགྲོ་བ་དང། སེམས་བསྐྱེད་པ་དང་སྡོམ་པ་འཛིན་དུ་བཅུག་ལ་ཁྲུས་བྱས་ནས་མེ ཏོག་ཕྲེང་བ་མགོ་ལ་གདགས་སོ། །དེ་བཞིན་དུ་དང་པོར་གཟུངས་འདི་གཉིས་བརྗོད་དེ་རྨ་བྱའི་སྒྲོ་འམ་ཀུ་ཤའི་ཆུན་པོས་ནད་དམ་སྡིག་པ་ལ་སོགས་བྱབ་པ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་ལ་སོགས་པ་བྱའོ། །དེའི་འོག་ཏུ་སྤྱན་མ་ལ་སོགས པ་རིགས་པའི་ལྷ་མོ་བཞིའི་སྔགས་ཀྱིས་མགོ་ནས་ཁྲུས་བྱའོ། །དེ་ནས་རིག་པའི་ལྷ་མོ་གཞན་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཨི་སྔགས་གང་དག་བརྗོད་ནུས་པས་ཡན་ལག་ཐམས་ཅད་ཁྲུས་བྱའོ། །དེ་ལ་འདི་ཡང་བརྗོད་པར་བྱའོ། །ཇི་ལྟར བལྟམ་པ་ཙམ་གྱི་ཚེ། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་རིང་འདིར་ཡང་སྐུ་ཁྲུས་གསོལ། །དེ་མ་ཐག་ཕྱག་འཚལ་ནས་ལྡང་བར་བྱའོ། །དེའི་ལྷག་མར་གྱུར་པའི་བུམ་པའི་ཆུས བྱུགས་ལྟས་དང་རྟ་དང་གླང་པོའི་བྲེས་དང། ཞིང་དང་གཙུག་ལག་ཁང་དང་མཁར་དང་ཁྱིམ་དང་རབ་དང་ལམ་སྲང་ལ་སོགས་པ་ཐམས་ཅད་དུ་གཏོར་རོ། །ཚ་ཚ་དང་སྐུ་གདུང་ལ་སོག་པ་ནི་དབེན་པའི་ས་ཕྱོགས་སུ་བཞུགས་སོ། །རྡུལ་ཚོན་ནི་ཅི་བདེ བར་ང་རོའོ། །བུམ་པའི་ཡོ་བྱད་དང་དཀྱིལ་འཁོར་གྱི་རྒྱན་ལ་སོགས་པ་ཐམས་ཅད་ནི་གང་རྡོ་རྗེ་སློབ་དཔོན་མཁས་པས་དགེ་བའི་ཆེད་དུ་ལོངས་སྤྱོད་ཀྱི་ཐ་མལ་པར་ནི་འགལ་ཚབས་ཆེའོ། །ཟས་ཀྱི་ལྷག་མས་ནི་ཡི་དགས་ལ་གཏོར་མ སྦྱིན་ནོ། །དེའི་རྗེས་སུ་ནི་ཀུན་ཏུ་བཟང་པོའི་སྨོན་ལམ་བདུན་ནམ་ཉི་ཤུ་རྩ་གཅིག་ནི་གཡེང་བ་མེད་པས་བཀླག་གོ་།དེ་དག་གིས་ནི་གཟུངས་ཡི་གེའི་ཚུལ་དུ་བཀླག་པ་དང་པོ་སྟེ། གཞན་རྒྱ་ཆེར་སྐབས་འདིར་ཤེས་པར་བྱའོ། །ཡང་ན་འདི་ལྟ བུ་བུམ་པ་དང་པདྨ་དང་ཟླ་བའི་སྟེང་དུ་ཨ་ཡིག་དཀར་པོ་དེའི་སྟེང་དུ་ཉི་མ་ལ་ཨོཾ་ཡིག་དེ་གཉིས་ཆར་ཧཱུཾ་བཞིས་བསྐོར་ཏེ། རེ་རེ་ལ་སོར་སོར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་འཁོར་བར་བསམས་ལ་དེའི་འོད་ཟེར་གྱིས་རང་བཞིན་གྱི་སྔགས་ཐམས་ཅད བཀུག་ཅིང་དེ་ཉིད་དུ་ཐིམ་པར་བསམས་ཏེ་བཟླས་པ་བྱའོ། །བསྐོར་བའི་དུས་སུ་ཡི་གེ་དང་སྔགས་ཀྱི་འོད་ཀྱིས་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་དེར་ཐིམ་ཞིང་དཾ་བའོ་ཟེར་གྱིས་བདག་དང་འགྲོ་བ་སེམས་ཅན་ཐམས་ཅད དང་འཚེ་བ་ཐམས་ཅད་སེལ་བར་བསམས་ལ་བྱའོ། །ལྷག་མ་ནི་སྔོན་ལྟར་ཤེས་པར་བྱའོ། །ཡང་ན་བུམ་པ་པདྨ་དཀར་པོའི་སྟེང་དུ་ཟླ་བ་དང་ཉི་མ་ཁ་སྦྱར་བའི་བར་དུ་ཨ་དང་ཨོཾ་ལས་ཕྱོགས་བཞིར་ཧཱུཾ་བཞི་དང་མཚམས་སུ་ཨཾ་བཾ་སཾ་ཛཾ: བ་སྐོར་ཏེ་དེ་ལ་ཡང་སོ་སོར་སྔགས་ཀྱིས་བསྐོར་བར་བསམས་ལ་སྔགས་བརྗོད་པས་ཡི་གེ་དང་སྔགས་ཀྱི་འོད་ཟེར་གྱིས་རང་བཞིན་གྱི་སྔགས་བཀུག་ཅིང་དེར་ཐིམ་པ་དང་བསྐོར་བའི་དུས་སུ་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་བསྡུས་ནས་དེར ཐིམ་སྟེ་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་ནད་དང་འཚེ་བ་དང་སྡིག་པ་ཐམས་ཅད་ཟད་པར་བསམ་མོ། །ལྷག་མ་ཆོ་ག་སྔོན་ལྟར་ཤེས་པར་བྱའོ། །ད་ནི་གཟུངས་ཕྱག་རྒྱ་ལ་དམིགས་ནས་བཀླག་པ་ནི་བུམ་པ་པདྨ་དང་ཟླ་བའི་སྟེང་དུ་ཨ་ལས ས་ཀྱེས་པ་རིན་པོ་ཆེ་ཆ་གཅིག་པ་ཨ་ཡིག་དཀར་པོ་ལ་སྔགས་ཀྱིས་བསྐོར་བ་ཁོ་ན་ལ་དམིགས་པ་གཏད་དེ་བརྗོད་ལ་ཕྱག་རྒྱ་དང་སྔགས་དེའི་འོད་ཀྱིས་རང་བཞིན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་དེར བསྡུས་པར་བསམ་མོ། །བསྐོར་བའི་དུས་སུ་ནི་དེ་དག་གི་འོད་ཟེར་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་དང་འཚེ་བ་དང་སྡིག་པ་ཟད་བར་བྱས་པར་བསམ་མོ། །ཡང་ན་པདྨ་དང་ཟླ་བའི་སྟེང་ཨ་ཡིག་ལས་རིན་པོ་ཆེ་ཆ་གསུམ་པ་ཡི་གེ ད་ཨང་སྔགས་བསམས་ལ་བརྗོད་པས་སྔགས་དང་ཕྱག་རྒྱའི་འོད་ཟེར་གྱིས་རང་བཞིན་གྱིས་སྔགས་དང་ཕྱག་རྒྱ་པ་སྟིམས་ཞིང་བརྗོད་དེ་བསྐོར་པའི་དུས་སུ་སྔགས་དང་ཕྱག་རྒྱའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས ཅད་བསྡུ་ཞིང་དེར་ཐིམ་པས་དེའི་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་ནད་དང་འཚོ་བ་དང་སྡིག་པའི་ཚོགས་ཐམས་ཅད་ཟད་པར་ཡང་བསམ་མོ། །ཆོ་ག་ལྷག་མ་ཐམས་ཅད་སྔོན་ལྟར་ཤེས་པར་བྱའོ། །ཡང་ན་བུམ་པ་དང་པདྨ་ཟླ་བའི་སྟེང དུ་ཨ་ཡིག་ལ་རིན་པོ་ཆེ་ཆ་བཞི་པ་འོད་ཀྱི་ཕྲེང་བ་དང་བཅས་པ་ཡི་གེ་དང་སྔགས་ཀྱི་ཕྱག་རྒྱས་བཏབ་པ་བསམས་ཏེ། སྔགས་དང་ཕྱག་རྒྱའི་འོད་ཟེར་གྱིས་རང་བཞིན་གྲུབ་པའི་ཡེ་ཤེས་བདུད་རྩི་བསྟིམ་ནས་བརྗོད་པས་བདག གི་ལུས་ངག་ཡིད་ཀྱི་སྒེ་གང་བར་བསམས་སྟེ་བསྐོར་བའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་ཀྱི་སྒོ་དག་པར་བསམ་མོ། །ལྷག་མཆོག་ཐམས་ཅད་སྔར་ལྟར་རོ། །སྐུལ་དམིགས་ནས་གཟུངས་བཀླག་པའི་ཚུལ དུ་ནི་བུམ་པ་དང་?་ཟླ་བའི་སྟེང་དུ་ཨ་ཡིག་སེར་པོ་ལས་བཅོམ་ལྡན་འདས་བྱང་ཆུབ་ཆེན་པོ་གསིལ་བྱེད་དང་པར་བུ་འཆད་པ་གསེར་གཙོ་མའི་མདོག་ཅན་འཇུམ་པའི་མདངས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞུགས་པ་བསམས་ཏེ། དེའི་སྙིང གར་ཟླ་བ་ལ་ཨ་ཡིག་སྔགས་ཀྱིས་བསྐོར་བ་བསམས་ཏེ་རང་བཞིན་གྱིས་བྱང་ཆུབ་ཆེན་པོ་དང། ཐ་མི་དད་པར་བྱས་ནས་སྔགས་བརྗོད་པའི་ཚེ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་ལྷ་མོ་བྱང་ཆུབ་སེམས་དཔས་བུམ་པ་དུ་མ་དུས་གསུམ་གྱི་ཡེ ཤེས་ཀྱི་ཆུས་གང་བ་དུ་མ་ཐོགས་ནས་དབང་བསྐུར་བས་དེའི་དབུ་ལ་སངས་རྒྱས་མི་བསྐྱོད་པ་བསམ་པ་དང་སྐུ་དུ་མ་ཡང་བཞུགས་བར་བྱའོ། །དེ་ནས་བསྐོར་བའི་དུས་སུ་སྐུ་དེ་ལས་བྱུང་བའི་ལྷ་མོའི་ཚོགས་ཀྱིས་བདག་ལ་དབང་བསྐུར ཏེ་བདག་གི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ཡོངས་སུ་དག་པར་བསམ་མོ། །དེ་ནས་རང་བཞིན་གྱི་ལྷ་ཐམས་ཅད་གཤེགས་ཏེ། སྐུད་འོད་དུ་ཞུ་བར་དམིགས་ཏེ་ཁྲུས་བྱའོ། །ལྷག་མཆོག་ཐམས་ཅད་སྔོན་ལྟར་རོ། །ཡང་ན་པདྨ དང་ཟླ་བའི་དབུས་སུ་བདུད་འདུལ་བའི་ཕྱག་རྒྱ་དང་ལྡན་པའི་བྱང་ཆུབ་ཆེན་པོ་བསམ་པ་འམ་ཡང་ན་ཆོས་འཆད་པའི་ཕྱག་རྒྱ་དང་ལྡན་པ་བསམ་ཏེ་ཆོག་ཐམས་ཅད་སྔོན་ལྟར་ཤེས་པར་བྱའོ། །སྐུ་དཀྱིལ་འཁོར་འཁོར་ལོ་ལ དམིགས་ནས་གཟུངས་བཀླག་པའི་ནི། ཨོཾ་སྭ་བྷ་བ་ཤུདྡྷཅད་ཀྱིས་བརྒྱན་ཅིང་ཏྭ་ར་ན་ཡ་སོགས་པའི་མཛེས་པ་དྲ་བ་དང་དྲ་བ་ཕྱེད་པ་དང། དར་དབྱངས་དང་དྲིལ་བུ་དང་ཟླ་ཕྱེད་རྡོ་རྗེ་དང་ཀྲ་མ་ཤིརཥ་དང་བཅུ་ཀན་ལ་སོགས་པ་ལས་ཁང་གི་རྒྱན་དུ་མས་ལེགས་པར་སྤྲས་པ་རྩེ་མོ་གཅིག་ཏུ་བསྡུས་པའོ པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ལྷ་ཐམས་ཅད་བསམ་པར་བྱའོ། །དེའང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས་ཇི་སྐད་གསུངས་པ་ལྟར་ཏེ། རིན་ཆེན་རབ་བཀོད་གཞལ་ཡས་ནི། སྤྲོས་ཀྱིས་བརྒྱན་པའི་ཁང པ་རུ། །རབ་ཞི་སྣ་ཚོགས་རྒྱན་ལྡན་པའི། །དཀྱིལ་འཁོར་ལྷའི་ཚོགས་རྣམས་བསྒོམ། །ཱཕྱག་རྒྱད་ཞབས་བཞི་པ། །སེམས་དཔའ་ཨི་སྐྱིལ་ཀྲུང་བཞུགས་ནས་ནི། །འགྲོ་ལ་ཐུགས་རྗེ་གཟིགས་པ་པོ། །དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ། །ང་ཡིན་དུན་དུ་གསང་སྒྲུབ་མོ། །གུར་སྐྱེས་དཀར་པོ་བསིལ་ཡབ་འཆད། །གཙོ་བོའི གཡས་སུ་ཨ་ཡིག་ལས། །ཆེ་འཛིན་མ་སྟེ་གསེར་མདོག་ཅན། །དཀར་མོ་བུམ་པ་འཆད་བ་ནི། །?་གྱིང་བའི་ཚུལ་དུ་བཞུགས་པའོ། །གཙོ་བོའི་གཡོན་དུ་པུཾ་?་ལས་བསོད་ནམས་ལྡན་པ་དཀར་མོ་ནི། །སྐྱབས་སྦྱིན་པདྨ་དཀར་པོ་འཆང།། སྒེག་པའི་སྤྱན་དང་ལྡན་པ་ཡི། །རྒྱབ་ཏུ་ཕྱག་རྒྱ་བསྟན་མ་ནི། །ཡུཾ་སྐྱེས་དམར་པོ་ཕྲེང་བ་འཆང། །ཤར་གྱི་འདབ་མར་སུཾ་ཡིག་ལས། །བསོད་ནམས་གཟིགས་མ་དཀར་གསལ་མ། །གཡས་ཀྱིས་?་གཡོན་པས་ནི། །མར་མེ་འོད རབ་གསལ་བ་འཆང། །ལྷོར་ནི་པུར་ཎ་རྣམ་གཟིགས་མ། །སེར་མོ་གླེགས་བམ་འཆད་བའོ། །ནུབ་ཏུ་ཤིན་ཏུ་གོ་ཆ་མོ། །སི་སྐྱེས་དམར་མེ་པདྨ་འཆང། །བྱང་དུ་ཡང་དག་འཆད་བྱེད་མོ། །ས་སྐྱེས་ལྗང་ཁུ་ཨཽ?་འཆང། །བྱང་ཤར་ལ ཡིག་ལས་སྐྱེས་པའི། །སོ་སོར་འབྲང་མ་ལྗང་སེར་མོ། །ལག་གཡས་སྐྱབས་ཀྱི་ཕྱག་རྒྱ་དང། །གཡོན་པ་ལྕགས་ཀྱུ་འཆང་བའོ། །ཤར་ལྷོ་ཨོཾ་ལས་མདངས་ལྡན་མོ། །ཀུ་མུ་ཏ་འཛིན་སེར་སྐྱ་མོ། །ལྷོ་ནུབ་པཾ་ལས་གཟི ལྡན་མོ། །དམར་སེར་མེ་ལོང་འཆང་བའོ། །ནུབ་བྱང་ཛཾ་ལས་རྒྱས་ལྡན་མ། །ལྗང་གུ་འབྲས་ཀྱི་སྙེ་མ་འཆང། །དེ་ཀུན་ཞི་བའི་ཆ་བྱད་ཅན། །ཞལ་གཅིག་ཕྱག་གཉིས་ལྡེམ་པ་ལ། །རིན་ཆེན་སྣ་ཚོགས་ཀྱིས་སྦྲས་པའོ། །བཞེངས་ཏེ མེ་ཏོག་འཐོར་བའོ། །ཤར་སྒོར་ལམ་ལས་སྐྱེས་པ་ཡི། །འཆི་འཇོམས་དཀར་མོ་ལྕགས་ཀྱུ་འཆང། །ལྷོ་སྒོར་གཤིན་རྗེ་འཇོམས་པ་ནི། །ཡཾ་སྐྱེས་སྔོ་ནག་དབྱུག་བ་འཆང། །ནུབ་སྒོར་གཤིན་རྗེ་སྡོམ་བྱེད་མ། །ཡཾ་སྐྱེས་དམར་མོ་ལྕགས སྒྲོག་འཆང། །བྱང་སྒོར་སོཾ་སྐྱེས་ལེགས་སྐྱོང་མ། །རྡོ་རྗེ་ཞགས་འཛིན་དུ་བའི་མདོག་།དེ་ཀུན་ཁྲོ་མོའི་ཆ་བྱད་ལ། །ཞལ་གཅིག་ཕྱག་གཉིས་བརྐྱང་བསྐུམ་ཅན། །རིན་ཆེན་རྒྱན་དང་སྤྲུལ་གྱིས་སྤྲས། །སྤྱན་གསུམ་སྐྲ་སེར་མཆེ་བ་གཙིགས། །དཀྱིལ འཁོར་དེ་ཡི་རྒྱབ་ཏུ་ནི། །ཕྱག་རྒྱ་ཁ་དོག་ཐ་དད་པའི། །སངས་རྒྱས་སྟོང་རྣམས་བསམས་བྱ་བ། །ཆོས་གོས་གསུམ་དང་ལྡན་པ་སྟེ། །ཀུན་ཀྱང་པདྨ་ཟླ་བ་ལ། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་གིས། །འགྲོ་ལ་ཐུགས་རྗེ་ཆེར་གཟིགས་ནས། །འཛུམ པའི་མདངས་ཀྱིས་བཞུགས་པའོ། །དཀྱིལ་འཁོར་དེ་ཡི་རྒྱབ་ཏུ་ནི། །བྱང་ཆུབ་སེམས་ཚོགས་ཉན་ཐོས་བཅས། །དེད་དཔོན་འཁོར་དང་བཅས་པ་རྣམས། །མདོག་དབྱིབས་གོས་རྒྱན་ཐ་དད་ཅན། །ཐལ་མོ་སྦྱར་བ་བྱས་ནས་ཀྱང། །དམ་ཆོས་གླེང་སྨོད རྒྱས་བྱེད་ཚུལ། །བུས་མོའི་ལྷ་ང་སར་བཙུགས་ནས། །པདྨའི་སྟན་ལ་བཞུགས་པའོ། །ཅེས་གསུངས་པའི་ཚུལ་དུ་བསྒོམས་ནས་བདག་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ནས་མཆོད་དེ། ཛཞེས་བསྲེས་ནས་ཐ་མི་དད་པར་བསམ་མོ། །ཡང་རྩ་བའི་དཀྱིལ་འཁོར་གྱི་དབུ་ལ་པདྨ་དང་ཟླ་བ་ལ་ཨོཾ་ཡིག་དཀར་པོའོ། །མགྲིན་པར་པདྨ་དམར་པོ་ལ་གནས་པའི་ཡི་གེ་ཨཱནས་གཟུངས་ཀྱི་ཕྲེང་བ་བཀླག་པའི་ཚེ་ལྷ་ཐམས་ཅད་སྙིང་གར་རང་གི་ས་བོན་དང་སྔགས་ཀྱི་ཕྲེང་བའི་འོད་ཟེར་གྱིས་རང་བཞིན་གྱི་འོད་ཟེར་དང་འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་བསྡུས་ཏེ་ལྷ་ཐམས་ཅད་ལོ་སོ་སོར་ཐིམ་པར་ཡང་བསམ་མོ། །ལྷག མ་ཐམས་ཅད་སྔོན་གྱིས་ཚོགས་ཤེས་པར་བྱའོ། །ཡང་ན་དཀྱིལ་འཁོར་དུ་ལྷ་མོ་བརྒྱད་བསམ་སྟེ། ཤར་དུ་ལཾ་ལས་ཆོ་འཛིན་མ། །དཀར་མོ་རྡོ་རྗེ་དྲིལ་བུ་འཆང། །ལྷོར་ནི་བཾ་ལས་རྣམ་རྒྱལ་མོ། །སེར་མོ་གོས་བརྡད?་རྔ་ཡབ་འཆང། །ནུབ་ཏུ་སཾ་ལས བདེ་སྦྱིན་མ། །དམར་མོ་ཨཽ་དུམྦ་ར་འཛིན། །བྱང་དུ་ཛམ་ལས་འབར་བྱེད་མ། །ལྗང་གུ་ཨཽཏཔལ་སྔོན་པོ་འཆང། །ཧཱུཾ་ལས་སྐྱེས་པའི་ཁྲོ་མོ་བཞི། །སྒོ་བཞིར་མཁས་པས་དགོད་པར་བྱ། །ཤར་དུ་གཤིན་རྗེ་འཇོམས་མ་ནི། །དཀར་མོ་ཐོ་བ་འཆང བའོ། །ལྷོར་ནི་གཤིན་རྗེ་དབྱུག་པ་མོ། །སེར་མོ་རིན་ཆེན་དབྱུག་ཐོ་འཛིན། །ནུབ་ཏུ་འཆི་བདག་འདུལ་བ་མོ། །དམར་མོ་པདྨའི་ཕྲེང་བ་ཅན། །བྱང་དུ་གཤིན་རྗེ་དྲག་སེལ་མོ། །སྔོན་མོ་ཆུ་སྲིན་འཛིན་པ་མོ། །ཞེས་པ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ གྱི། རྒྱུད་དུ་གསུངས་ཏེ། ལྷ་དགུར་བསྒོམ་པ་རྩ་བའི་འཁོར་ལོ་ཡིན་ཏེ་གཙོ་བོ་ནི་སྔོན་ལྟར་རོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་སྡེ་དབོན་ཐམས་ཅད་སྔོན་ལྟར་ཤེས་པར་བྱའོ། །ཡང་ན་འདི་ལྟར་སྔར་མོས ན། །ཤར་དུ་ཨོཾ་ལས་ལྕགས་ཀྱུ་མ། །དཀར་མོ་ལྕགས་ཀྱུ་གྲེང་བ་འཆང། །ལྷོར་ནི་བཾ་ལས་ཞགས་པ་མོ། །སེར་མོ་ཞགས་པ་རྔ་ཡབ་འཆང། །ནུབ་ཏུ་ཡཾ་ལས་ལྕགས་སྒྲོག་མ། །དམར་མོ་ལྕགས་སྒྲོག་རིལ་བ་འཆང། །བྱང་དུ་ཛམ་ལས་འབེབས བྱེད་པ། །ལྗང་གུ་དྲིལ་བུ་སིལ་ཕྲེང་འཆང། །ཅེས་རྒྱུད་དུ་གསུངས་པའི་ལྷ་མོ་བཞིས་གཙོ་བོ་ལ་བསྐོར་བའོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཚོགས་ལ་སོགས་པ་མི་དགོས་སོ། །དེ་ལྟར་རྒྱས་བསྡུས་གང བསྒོམ་ཡང་རང་བཞིན་གྱི་ལྷ་དང་ཐ་མི་དད་པར་བྱས་ནས་མཆོད་པར་བྱའོ། །དེ་ནས་བཟླས་པའི་དུས་སུ་ལྷ་སོ་སོའི་སྙིང་གར་སྔགས་ཀྱི། འོད་ཀྱིས་སངས་རྒྱས་ཐམས་ཅད་བསྡུས་ནས་དབང་བསྐུར་རིགས་ཐ་དད་ཀྱིས་དབུ་བརྒྱན་པར་བལྟའོ། །སྐོར་བའི་དུས་སུ་ཆོ ག་ལྷག་མ་སྔོན་ལྟར་ཤེས་པར་བྱའོ། །གཞན་ཡང་རིག་སྔགས་ཡི་གེའི་ཚུལ་དུ་བཀླག་པ་ནི་བུམ་པར་པདྨ་དཀར་པོའི་སྟེང་དུ་ཟླ་བ་ལ་གནས་པའི་ཧཱུཾ་སྔོན་པོ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བའམ་ཡང་ན་དབུས་ཀྱི་ཕྱོགས་སུ་ཧཱུཾ་ཁ་དོག་བཞིར བསམ། མཚམས་བཞིར་ཨོཾ་བཾ་སཾ་ཛརྒྱལ་དམིགས་ནས་བཀླག་པ་ནི་བུམ་པ་བུཾ་ལས་རིན་པོ་ཆེའི་མཆོད་རྟེན་སྒོ་གཅིག་པ་དཀར་པོའི་ནང་དུ་པདྨ་དང་ཟླ་བ་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སྔགས་ཀྱི་ཕྲེང་བ་དང་བཅས་པ་དམིགས་ལ་སྔོན་ལྟར་བརྗོད་དོ། །ཡང་ན་བུམ་པ་མཆོད རྟེན་གྱི་ནང་དེར་པདྨ་དང་ཟླ་བའི་སྟེང་དུ་འཁོར་ལོ་སེར་པོ་རྩིབས་བཞི་པའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམས་ཏེ་འཁོར་ལོའི་རྩིབས་ལ། ཨོཾ་བཾ་སཾ་ཛབཟློག་པར་བྱའོ། །ཡང་ན་དེ་ཉིད་ལྷར་བསམ་པ་ལས་རྡོ་རྗེའི་སྟེང་དུ་གདུགས་དཀར་པོ་སྔགས་ཀྱི་ཕྲེང་བ་དང་བཅས་པ་ལ་དམིགས་པ་གཏེད་དེ་བཀླག་གོ། ཆོ་ག་ལྷག་མ་སྔོན་ལྟར་རོ།། །།རིག་སྔགས་སྐུ་ལ་དམིགས ནས་བརྗོད་པ་ནི་བུམ་པ་ལ་མཆོད་རྟེན་སྔོན་ལྟར་དམིགས་པ་ལས་པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་དང་པོའི་སངས་རྒྱས་དཀར་པོ་དམིགས་ཏེ་བཀླག་པར་བྱའོ། །དེ་ཡང་ཆོས་འཆད་པའི་ཕྱག་རྒྱ་ཅན་ནམ་ཡང་ན་སྙིང་ཀར་ཐལ་མོ་སྦྱར་བ་འམ ཡང་ན་རྡོ་རྗེ་དྲིལ་བུ་འཛིན་པའོ། །དཀྱིལ་འཁོར་འཁོར་ལོར་མོས་ཀྱང་དང་པོར་སངས་རྒྱས་ལ་བསྐོར་བའི་ལྷའི་ཚོགས་གང་འདོད་པ་གོང་ལྟར་རོ། །གལ་ཏེ་བུམ་པ་ལ་བརྟེན་ཏེ་གསང་སྔགས་ཀྱི་ཚུལ་དུ་བཀློག་ན་ཡང་དེ་ལྟར་ཚུལ་ཁོ་ནའོ། ། གསང་སྔགས་ཡི་གེའི་ཚུལ་དུ་བཀླག་ན་བུམ་པ་དང་པདྨ་ཟླ་བ་ལ་ཨོཾ་ཡིག་དཀར་པོས་བསྐོར་བ་ལ་དམིགས་ནས་བཀླགས་པར་བྱའོ། །ཡང་ན་ཨོཾ་ཡིག་ལ་ཨཾ་བཾ་སཾ་ཛལྔ་འམ། ཡང་ན་ཨོཾ་ལ་སོགས་པ་ཡི་གེ་དགུ་ལ་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་ནས་གསལ་བའི་རྣམ་པ་ལ་དམིགས་ཏེ་བརྗོད་པའོ། །གསང་སྔགས་ཕྱག་རྒྱ་ལ་དམིགས་པ་ཡང་བུམ་པ་མཆོད་རྟེན་དུ་སྔར་ལྟར་བསམས་ནས་དེའི་ནང་དུ་པདྨ དང་ཟླ་བའི་སྟེང་དུ་འཁོར་ལོར་ཨོཾ་དང་བཅས་པ་ལ་ཡི་གེའི་ཚོགས་ཀྱིས་བསྐོར་བ་འམ། །ཡང་ན་རིགས་ལྔའི་ཕྱག་རྒྱ་ལ་དེ་ལྟར་བསམ་པ་ལ། ཡང་ན་ཡུམ་བཞིའི་ཕྱག་རྒྱ་དང་དགུ་ལ་བརྟེན་པའི་ས་བོན་དང་སྔགས་སུ་བཅས་པའི་དམིགས་པ གཏད་ནས་བརྗོད་པར་བྱའོ། །སང་སྔགས་ཀྱི་ཚུལ་སྐུ་ལ་བརྟེན་ནས་བརྗོད་པ་ནི་བུམ་པ་མཆོད་རྟེན་དུ་དམིགས་ཏེ་རྣམ་པར་སྣང་མཛད་དཀར་པོ་ཞལ་ཅིག་ཕྱག་གཉིས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ནམ། ཡང་ན་ཞལ་གཅིག་ཕྱག་བཞི་པ་ཕྱག གཉིས་བྱང་ཆུབ་ཀྱི་ཕྱག་རྒྱ་ཅན་ཕྱག་གཉིས་ཆོས་འཆད་པའི་ཕྱག་རྒྱ་ཅན་བྱའོ། །ཡང་ན་ཞལ་བཞི་ཕྱག་བརྒྱད་པ་ཞབས་ཀྱང་བརྒྱད་དེ་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན་ནོ། །དེ་ལྟར་སྐུ་སྔགས་དང བཅས་པ་ལ་དམིགས་ནས་བརྗོད་པ་ནི་སྐུ་དཔའ་བོ་གཅིག་པུ་ལ་དམིགས་པ་གསུམ་མོ། །གསང་སྔགས་ཀྱི་ཚུལ་དཀྱིལ་འཁོར་དམིགས་པ་ནི་བུམ་པ་ཁྲུམ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་པདྨ་དང་ཟླ་བས་བརྒྱན་པའི་སྟེང་དུ གོང་གི་ལྷ་ཚོགས་གང་འདོད་པ་རྣམ་པར་སྣང་མཛད་ལ་བསྐོར་བ་དམིགས་ཏེ། བརྗོད་པར་བྱའོ། །མཆོད་རྟེན་གྱི་དཀྱིལ་འཁོར་མཆོད་པར་བྱའོ། ཞེས་པ་ནི་བཀའ་དྲིན་རྗེས་སུ་དྲན་པའི་མཆོད་པ་སྟེ། དཀྱིལ་འཁོར་ཡང་མཆོད་ཅིང་དགེ་འདུན་གྱི་སྟོན་མོ་དང་ཐ ན་བྱིས་པ་དང་བདུད་འགྲོ་ཡན་ཆད་ལ་སྦྱིན་གཏོར་ཅི་འབྱོར་པ་བྱའོ། །ཆོ་ག་དེ་དག་གི་ཕན་ཡོན་གསུངས་པ་ཆོ་ག་འདི་ལན་ཅིག་བྱས་ན་ལ་སོགས་པ་སྟེ་གོ་སླའོ། །འདིར་བཟླས་བརྗོད་ཀྱི་ཆོ་ག་བཞིན་དུ་ལ་སོགས་པ་ནི་རྒྱུན་ཏུ་བཟླས་པ་ཕན་ཡོན་དང་བཅས པ་གསུངས་སོ། །དེ་ལ་རྒྱུན་ཏུ་བཟླས་པའི་ཆོ་ག་ནི་འདི་ཡིན་ཏེ། སྔོན་གྱི་དྲན་ཞེས་དང་སྦྱར་ནས་དྲན་ཞེས་བྱ་བ་ནི་གཉིས་ཏེ། བག་ཡོད་པའི་གནས་དྲན་པ་དང། ཏིང་ངེ་འཛིན་གྱི་གནས་དྲན་པའོ། །དེ་ལ་བག་ཡོད་པའི་གནས་ནི་གཟུངས་སྔགས་རིན་པོ་ཆེ་འདི་བརྗོད་པ ཡང་ལུས་མ་གུས་པ་དང་ངག་མ་གུས་པ་དང་སེམས་མ་གུས་པ་དང་བྲལ་བར་བྱ་སྟེ། ར་རོ་བ་དང་རྣམ་པར་གཡེང་བ་དང་བྱ་བ་གཞན་གྱི་གཡེང་བ་དང་ཆུ་དང་བཤང་བ་འདོར་བ་དང་ཟས་ཟ་བ་དང་འཆག་པ་དང་ཉལ་བ་དང་འཕྲེས་པ་དང་གཏམ་གྱིས པར་ཚོད་པ་ལ་སོགས་པ་གང་ཡང་མེད་པ་དལ་བ་དགའ་བ་དང་རེངས་པའི་ཚུལ་གྱིས་ཏིང་ངེ་འཛིན་གྱི་དོན་དྲན་པ་ནི་དང་པོར་ཁ་ལ་སོག་པ་ཁྲུས་བྱས་ལ་གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ནས་སྐྱིལ་རུང་ལེགས་པར་བསྟན་བདེ་བ་ལ་གནས་ཏེ། ཐལ་མོ་སྙིང་གར་སྦྱར་སྔགས་ཚར་ཅིག་བརྗོད་ནས་ཕྲེང་བ་བགྲང་ཞིང་བདུན་ལ་སོགས་པ་ཅི་ནུས་པའི་གྲངས་མ་ནོར་བར་སྔགས་ཡི་གེ་ལྷག་ཆད་མེད་པ་ལ་དམིགས་ཏེ། ཧ་ཅང་དལ་བ་དང་མྱུར་བ་སྤང་སྟེ་གསལ་ཞིང་ཕྱེད་པར་ཆད་ལྷག་མེད་པར གཞན་གྱི་གཏམ་ལ་སོགས་པས་བར་མ་ཆོད་པར་བཟླའོ། །དེའི་རྗེས་སུ་སྨོན་ལམ་ཤལོ་ཀ་གཅིག་ལ་སོགས་པས་དགེ་བ་བསྔོ་བར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ཉན་ཐོས་རང་རྒྱལ་འཇིག་རྟེན་སྐྱོང། །མཐུ་དང་བདེན་པའི་བྱིན རླབས་ཀྱིས། །འདོད་པ་ཐམས་ཅད་འགྲུབ་པར་ཤོག་ཅེས་སོ། །ཡང་ན་དང་པོར་སྐྱབས་སུ་འགྲོ་བ་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྡོམ་པ་བཟུང་བ་ནས་རྡོ་རྗེ་ཐལ་མོ་དང་པོ་ཁའི་ཐད་དུ་སྦྱར། དེ་ནས་སྙིང་གར་སྦྱར་ལ་སྙིང་གར་པདྨ་དང་ཟླ་བ ལ་ཨ་ཨ་ཡིག་དཀར་པོ་ལ་དམིགས་ཏེ་སྔགས་དེ་ལ་གྲགས་པས་འོད་ཟེར་གྱིས་བདག་གི་སྡིག་པ་དག་པར་བསམ་ཞིང་སྔགས་དལ་བ་དང་མྱུར་པ་དང་མི་གསལ་བའི་སྐྱོན་དང་བྲལ་བས་འཇིབས་ཤིང་གདངས་སྙན་པོ་ལྷག་ཆད་མེད་པར་བཀླག་ཅིང གཞན་གྱི་གཏམ་ལ་སོགས་པའི་བར་ཆད་སྤངས་ནས་བཟླས་པར་བྱའོ། །སྔགས་ཚར་གཉིས་པ་ནས་ནི་ཕྲེང་བ་བགྲང་ཞིང་གྲངས་མ་ནོར་བ་བྱས་ཏེ་ཉི་ཤུ་རྩ་གཅིག་ལ་སོགས་ཅི་ནུས་པ་བཀླག་པར་བྱའོ། །དེ་ནས་བདག་དང་གཞན་གྱི་དོན་དུ་ཤལོ་ཀ གཉིས་ལ་སོགས་པས་དགེ་བ་བསྔོ་བར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ཉན་ཐོས་རང་རྒྱལ་འཕགས་ཚོགས་དང། །འཇིག་རྟེན་སྐྱོང་བ་མཐུ་ཆེན་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །མཐུ་སྟོབས་བདེན་པའི བྱིན་རླབས་ཀྱིས། །འཇིག་རྟེན་པ་རྣམས་སྐྱིད་པ་དང། །འབྱུང་པོ་ཐམས་ཅད་བདེ་བ་དང། །ཆོས་རྣམས་དུས་སུ་སྟོན་པར་ཤོག་ཅེས་སོ། །ཡང་ན་ཁྲུས་བྱས་དྲི་ཞིམ་པོ་དང་ལྡན་པས། །དང་པོར་འགྲོ་བ་ལ་ཚང་པ་རྟེན་བཞི་བསྒོམས་ནས་སྐྱབས སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྡོམ་པ་བཟུང་བ་བྱས་ནས། སྤྱི་བོ་དང་མགྲིན་པ་དང་སྙིང་གར་རྡོ་རྗེ་ཐལ་མོ་སྦྱར་ཞིང་སྔགས་ལན་གསུམ་བརྗོད་ལ་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཨ་ཡིག་དཀར་པོ་སྔགས་ཕྲེང་དཀར་པོས བསྐོར་བ་ལ་དམིགས་ཏེ། དེ་ལ་སྒྲ་གྲགས་པར་བསམ་ཞིང་ཕྲེང་བ་བླངས་ནས་མྱུར་བ་དང་དལ་བ་དང་མི་གསལ་བ་དང་འདྲེས་པའི་སྐྱོན་དང་བྲལ་བས་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་མ་ནོར་བར་བཀླག པར་བྱའོ། །དེས་ནས་ནི་བདག་དང་གཞན་སྐྱེ་བ་འདིར་སྡུག་བསྔལ་མི་བསྐྱེད་པ་དང་སྐྱེ་བ་གཞན་དུ་བདེ་བ་དང་མྱུར་དུ་བྱང་ཆུབ་ཐོབ་པའི་སྨོན་ལམ་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་ལེགས་པར་བསྔོ་ཞིང་རྡོ་རྗེ་སེམས་དཔའ་ཨི ཡི་གེ་བརྒྱ་པ་ལ་ལན་གསུམ་ལ་སོགས་པ་བརྗོད་པར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །འཕགས་པ་ཉན་ཐོས་རང་རྒྱལ་དང། །འཇིག་རྟེན་སྐྱོང་བ་མཐུ་ཆེན་དང། །སྔགས་ཀྱི་བདེན་པའི་བྱིན་རླབས་ཀྱིས། །བདག་དང སེམས་ཅན་ཐམས་ཅད་ཀྱི། །ནད་མེད་ཚེ་རིང་དལ་འབྱོར་དང། །བདེ་སྐྱིད་ཉམས་དགའ་ཐོབ་པ་དང། །སེམས་ཀྱི་གཡེང་འབྲལ་ནས་ཀྱང། །ཟབ་མོའི་ཆོས་ལ་ལོངས་སྤྱོད་ཅིང། །གཞན་དོན་བྱེད་ལ་བརྩོན་པ་ཡི། །ཐུགས་རྗེའི་རྒྱུན་དང་མི འབྲལ་པར། །བདེ་བའི་ཞིང་མཆོག་རོལ་པར་ཤོག་།ཅེས་བྱ་བ་ཐུགས་རྗེ་མི་བཤོལ་བའི་རྒྱུད་དུ་གསུངས་པས་དེ་ལྟར་སྤྱད་པར་བྱའོ། །དེ་གསུམ་ནི་སྔགས་ལ་དམིགས་པ་ཁོ་ན་སྟེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད ལས། །ཁམས་དང་དབང་པོའི་བྱེ་བྲག་གིས། །སྔགས་བརྗོད་དམིགས་པ་ཐ་དད་དེ། །སྒྲ་གསལ་ཙམ་ལ་རྟོག་པ་དང། །སྙིང་པོ་ཡི་གེ་ལ་དམིགས་དང། །སྔགས་ཕྲེང་ལ་ནི་དམིགས་པ་རྣམས། །ཤེས་རབ་ཀྱིས་ནི་ཅི་བདེར་སྦྱར། །དམིགས་དང བཅས་པར་བརྗོད་པ་ནི། །ནད་སེལ་དུག་སེལ་ཤེས་རབ་འཕེལ། །ཚེ་རིང་དཔལ་འབྱོར་ཐོབ་པ་དང། །བྱང་ཆུབ་མྱུར་དུ་ཐོབ་པ་འགྱུར། །དེ་ཕྱིར་བརྩོན་པས་རྩེ་གཅིག་ཏུ། །བཀླས་ལ་ཤིན་ཏུ་བརྩོན་པར་བྱ། །ཅེས་བཅོམ་ལྡན་འདས་ཀྱིས གསུངས་སོ། །འདིར་སྨྲས་པ། མྱུར་དལ་མི་གསལ་འདྲེས་དང་འཁྲུགས། །ལྷག་ཆད་ང་རོ་ངན་སྤངས་ནས། །སེམས་གཡེང་རྨུགས་པར་མི་བྱ་ཞིང། །གཏམ་གཞན་སྦྱོར་བ་རབ་དོར་ཏེ། །ལྷ་འམ་ཡི་གེ་འམ་ཕྱག་རྒྱའམ། །མཆོད་རྟེན་བུམ་པ འམ་འོད་ཟེར་སོགས། །བསྒྲུབ་བྱ་ལ་སོགས་གང་ཡིན་ལ། །སེམས་རྩེ་གཅིག་པས་སྙན་པར་བརྗོད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་ཕྱག་རྒྱ་ལ་དམིགས་པ་གསུམ་བརྗོད་དེ། ཡང་ན་དང་པོར་གདོང་ལ་སོགས་པ ཁྲུས་བྱས་ནས་ཁ་དྲི་ཞིམ་པར་བྱས་ཏེ། ཚད་མེད་པ་བསྒོམ་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཐལ་མོ་སྙིང་གར་སྦྱར་ནས་སྔགས་ལན་ཅིག་བརྗོད་དོ། །དེ་ནས་ཕྲེང་བ་བླངས་ནས་བརྗོད་པའི་ཚེ་སྔགས་ཀྱི་མཐུས་མདུན་གྱི་ནམ་མཁའ་ལ་རིན་པོ ཆེ་ཆ་གསུམ་པ་ཞིག་བྱུང་ཞིང་ཡང་ནས་ཡང་དུ་བདག་གི་མཛོད་སྤུར་ཐིམ་པར་བསམ་པར་བྱའོ། །དེ་ལྟར་མྱུར་བ་དང་དལ་བ་དང། མི་གསལ་བ་འདྲེས་པ་དང་འཁྲུགས་པ་དང་ལྷག་པ་དང་ཆད་པ་དང་ང་རོ་ངན་པ་སྤངས་ནས་གཡེང་བ སྤངས་ལ་སེམས་རྩེ་གཅིག་པས་སྙན་པའི་སྒྲས་བརྗོད་པར་བྱའོ། །དེ་བཞིན་དུ་གཞན་གྱི་གཏམ་ལ་སོགས་པས་བར་མ་ཆོད་པར་བྱའོ། །དེ་ལྟར་བདེན་པའི་བྱིན་རླབས་ཀྱིས་བདག་ཉིད་ཀྱི་ལུས་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་འབར་བ ལྟར་འགྱུར་བར་ཡང་བསམ་པར་བྱའོ། །དེ་ནས་དགེ་བའི་སྨོན་ལམ་ཤལོ་ཀ་གཅིག་ལ་སོགས་པ་ཡང་བརྗོད་དོ། །ཡང་ན་དང་པོ་གདོང་ལ་སོགས་པ་དག་པར་བྱས་ནས་ཁ་དང་ལུས་སྨན་དྲི་ཞིམ་པོས་བྱུགས་ལ་འགྲོ་བ་ལ་སྙིང་རྗེ་ལྷག པའི་བསམ་པས་དམིགས་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་བྱས་ལ་ཁ་དང་སྙིང་གར་ཐལ་མོ་སྦྱར་ནས་སྔགས་ཚར་གཉིས་བཀླགས་ལ་ཕྲེང་བ་གཟུང་བས་འདི་བསམ། མདུན་དུ་ཡིད་བཞིན་གྱི་ནོར བུ་རིན་པོ་ཆེ་འབར་བ་སྔོན་པོ་འོད་དཀར་པོ་འཕྲོ་བ་ཆ་གསུམ་དང་ལྡན་པ་པདྨའི་སྟེང་ན་ཡོད་པར་བསམས་ལ། དེའི་འོད་ཟེར་གྱིས་བདག་གི་ལུས་དང་ངག་དང་ཡིད་ཀྱི་སྒོ་དག་པར་བསམ་ཞིང་མྱུར་བ་དང་དལ་པ་དང་མི་གསལ བ་དང་འདྲེས་པ་དང་འཁྲུག་པ་དང་ལྷག་པ་དང་ཆད་པ་དང་ང་རོ་ངན་པ་སྤངས་ན་གཞན་གྱི་གཏམ་ལ་སོགས་པ་བར་ཆད་ཐམས་ཅད་བྲལ་བར་བྱས་ལ། གཡེང་བ་དང་རྨུགས་པ་མེད་པར་སེམས་རྩེ་གཅིག་པའི་སེམས་དང་ལན་ཞིང་སྙན་པའི སྔགས་ཀྱི་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་ནུས་པ་བཀླག་པར་བྱའོ། །དེའི་དགེ་བའི་བྱིན་གྱིས་བརླབས་ཀྱིས་རང་གི་ལུས་ངག་གི་ཡིད་གསུམ་འགྲོ་བའི་དོན་བྱེད་པའི་མཐུ་ཁྱད་པར་ཅན་དང་ལྡན་པར་གྱུར་པར་ཡང་བསམ་པར་བྱའོ། །དེ་ནས་རང་དང གཞན་གོན་དུ་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གཉིས་ལ་སོགས་པ་ཅི་རིགས་པར་བཀླགས་ཏེ་རིན་པོ་ཆེ་པདྨ་དང་བཅས་པ་དག་གི་མགྲིན་པའི་ནང་དུ་ཐིམ་ནས་སྙིང་གར་བཞུགས་པར་བསམ་པར་བྱའོ། །ཡང་ན་དང་པོར་གདོང ལ་སོགས་པ་དག་པར་བྱས་ནས་ཁ་དང་ཡན་ལག་དྲི་ཞིམ་པོས་བྱུགས་ཏེ། སྤྱི་བོ་དང། མགྲིན་པ་དང། སྙིང་གར་ཐལ་མོ་སྦྱར་ཞིང་སྔགས་ཚར་གསུམ་བརྗོད་ལ། མདུང་ཡི་ནམ་མཁའ་ལ་པདྨའི་སྟེང་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ ཅ་ཧེ་ཆ་གསུམ་པོ་འོད་ཁ་དོག་སྣ་ཚོགས་དང་ལྡན་པ་རབ་ཏུ་འཕྲོ་བ་དེའི་ནང་ནས་པ་ཡིག་ལ་སྔག་དཀར་པོས་བསྐོར་བ་བསམས་ནས་ཕྲེང་བ་བླངས་ཏེ་སྔགས་བརྗོད་པའི་ཚེ་རིན་པོ་ཆེའི་འོད་དང་སྔགས་ཀྱི་འོད་ཟེར་གྱིས་བདག་གི་ལུས་ངག་ཡིད གསུམ་གྱི་སྒྲིབ་པ་ཡང་བསལ་བར་བསམ་པར་བྱའོ། །དེ་ལྟར་མྱུར་བ་དང་ངལ་བ་དང་མི་གསལ་བ་དང་འདས་པ་དང་འཁྲུགས་པ་དང་ལྷག་པ་དང་ཆད་པ་དང་ང་རོ་ངན་པ་སྤངས་ཏེ། གཞན་གྱི་གཏམ་ལ་སོགས་པས་བར་མ་ཆོད་པར་གཡེང་བ་དང་རྨུགས པ་མེད་ཅིང་སེམས་རྩེ་གཅིག་པ་དང་ལྡན་པས་བསྙེན་པ་བསྙེན་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པ་བཟླས་ཏེ། དེའི་དགེ་བའི་བྱིན་གྱིས་བརླབས་ཀྱིས་བདག་གི་ལུས་ངག་ཡིད་གསུམ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་ལྟར་གྱུར་ནས གཞན་གྱི་དོན་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པར་བསམ་ལ། མདུན་གྱི་པདྨ་དང་ནོར་བུ་རིན་པོ་ཆེ་ཡང་བདག་གི་སྤྱི་གཙུག་ཏུ་ཐིམ་ནས་ལུས་ཐམས་ཅད་དུ་ཁྱབ་སྟེ་སྙིང་གར་གནས་པར་བསམ་མོ། །དེ་ནས་བདག་དང་གཞན་སྐྱེ་བ་འདིར་སྡུག བསྔལ་མེད་པ་དང། སྐྱེ་བ་གཞན་དུ་བདེ་བ་དང། བྱང་ཆུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་དགེ་བའི་དོན་དུ་སྨོན་ལམ་གྱི་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་ལེགས་པར་བསྔོས་ལ། རྡོ་རྗེ་སེམས་དཔའ་ཨི་ཡི་གེ་བརྒྱ་པ་ཡང་ལན་གསུམ ལ་སོགས་པ་ཅི་ནུས་དལ་གྱིས་བཀླགས་ནས་ལྡང་བར་བྱའོ། །དེ་ལྟར་ཕྱག་རྒྱ་ལ་དམིགས་པ་ནི་གསུམ་ཁོ་ན་སྟེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ཆེན་པོ་ལས་ཀྱང། རགས་པ་ལ་འཇུག་གང་ཟག་དང། །བརྟེན་པ་དག ནི་གོམས་པ་ཡི། །ཁམས་དང་དབང་པོའི་བྱེ་བྲག་གིས། །ཕྱག་རྒྱ་ལ་ནི་དམིགས་པ་ཡང། །བརྗོད་པ་ཐ་དད་གསུམ་ཡིན་ནོ། །དོན་གྱིས་དག་པར་བྱེད་པ་དང། །སྙིང་པོའི་ཚུལ་དུ་སྦྱོར་བ་དང། །རང་བཞིན་ཉིད་དུ་བྱིན་རླབས་ནས། །གང གིས་ཡང་དང་ཡང་བརྗོད་ན། །ཕྱག་ན་རྟེན་གྱི་བྱིན་རླབས་དང། །སྔགས་ཀྱི་མཐུ་ནི་སྒྲུབ་པ་ལ། །ནད་དང་གདོན་དང་དུག་རྣམས་དང། །འཇིགས་པ་བརྒྱད་པོ་སེལ་བར་བྱེད། །བདག་ཉིད་ཚེ་རིང་དཔལ་འཕེལ་ཞིང། །ལོངས་སྤྱོད་རྒྱས་ཏེ དབང་པོ་རྒྱས། །འགྲོ་བ་རྣམས་ཀྱང་དད་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྐུ་ལ་དམིགས་པ་ནི་ཁ་དང་ཡན་ལག་ཁྲུས་བྱས་ཏེ་ཁ་དང་ཡན་ལག་དྲི་ཞིམ་པོས་བསྒོས་ནས་ཐལ་མོ་སྙིང་གར་སྦྱར་ནས་སྔགས ལན་ཅིག་བརྗོད་དེ། མདུན་དུ་བྱང་ཆུབ་ཆེན་པོའི་སྐུ་པདྨ་དང་ཟླ་བ་ལ་གནས་པ་གསེར་བཙོ་མའི་མདོག་ཅན་རིན་པོ་ཆེའི་ཁྲི་ལ་བཞུགས་པ། གསིལ་བྱེད་དང་བར་བུ་འཆད་བ། ཤིན་ཏུ་འཛུམ་བཞིན་པར་བཞུགས་པས བ་དག་གི་སྔགས་བརྗོད་པའི་དབང་པོ་བྱེད་པར་བསམས་ལ་ཕྲེང་བ་བླངས་ལ་མྱུར་བ་དང་ངལ་བ་དང་མི་གསལ་བ་དང་འདྲེས་བ་དང་འཁྲུགས་པ་དང་ལྷག་པ་དང་ཆད་པ་དང་ང་རོ་ངན་པ་དག་སྤངས་ནས་གཞན་གྱི་གཏམ་ལ་སོགས་པས་བར མཆོད་པར་གཡེང་བ་དང་རྨུགས་པ་མེད་ཅིང་སེམས་རྩེ་གཅིག་པ་དང་ལྡན་པས་སྙན་པའི་སྔགས་ཀྱིས་བདུན་ལ་སོགས་པ་ཅི་རིགས་པར་བཟླས་ཏེ། དེ་དགེ་བའི་བྱིན་བརླབས་ཀྱིས་བདག་གི་སྡིག་པ་ཐམས་ཅད་དག་པར་ཡང་དང་ཡང་དུ བསམ་པར་བྱའོ། །དེ་ནས་རང་གྲོལ་བ་དག་པའི་དོན་དུ་སྨོན་ལམ་ཤལོ་ཀ་གཅིག་ལ་སོགས་པ་བརྗོད་པར་བྱའོ། །ཡང་ན་དང་པོ་ཁྲུས་དང་གཙང་སྦྲ་དང་ལྡན་ཞིང་ཁ་དང་ཡན་ལག་ཐམས་ཅད་དྲི་ཞིམ་པོས་བྱུགས་ནས་རྡོ་རྗེ་ཐལ་མོ སྤྱི་བོ་དང་མགྲིན་པ་དང། སྙིང་གར་སྦྱར་ནས་སྔགས་ཚར་རེ་རེ་ལེགས་པར་བརྗོད་ནས་མདུན་དུ་པདྨ་དང་ཟླ་བ་ལ་དམིགས་པའི་བྱང་ཆུབ་ཆེན་པོ་གོང་གི་མཚན་ཉིད་ཅན་བདུད་འདུལ་བའི་ཕྱག་རྒྱ་མཛད་པ་དེས་བདག་ལ་ཆོས འཆད་པར་བསམ་ལ། ཕྲེང་བ་བླངས་ལ་མྱུར་བ་ལ་སོགས་པའི་སྐྱོན་སྤངས་ཏེ། སྔགས་སྙན་པ་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་པར་བརྗོད་ནས་བདེན་པ་དེའི་བྱིན་གྱིས་བརླབས་ཀྱིས་བདག་གི་སྡིག་པ་ཐམས་ཅད་དག་ཅིང ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཞན་གྱི་དོན་བྱེད་པ་ལ་ཐོགས་པ་མེད་པ་དང་ལྡན་པར་གྱུར་པར་ཡང་དང་ཡང་དུ་བསམ་པར་བྱའོ། །དེ་ནས་བདག་དང་གཞན་གྱིས་དོན་དུ་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གཉིས ལ་སོགས་པ་ཅི་རིགས་པར་བཀླགས་ཏེ། བཅོམ་ལྡན་འདས་གདན་དང་བཅས་པ་བདག་གི་མགྲིན་པའི་གནས་སུ་བཞུགས་ནས་སྙིང་གར་ཐིམ་སྟེ་སྐྱིལ་ཀྲུང་གིས་གནས་པར་བསམ་མོ། །ཡང་ན་གདོང་ལ་སོགས་པ་དག་པར་བྱས་ནས་ཁ་དང་ཡན་ལག་ཐམས་ཅད དྲི་ཞིམ་པོས་བྱུགས་ཏེ། སྤྱི་བོ་དང་མགྲིན་པ་དང་སྙིང་གར་ཐལ་མོ་སྦྱར་ཏེ། སྔགས་ཚར་རེ་རེ་བརྗོད་ནས་མདུན་དུ་པདྨ་དང་ཟླ་བ་ལ་བཞུགས་པའི་བྱང་ཆུབ་ཆེན་པོ་ཆོས་འཆད་པའི་ཕྱག་རྒྱ་ཙམ་མཚན་ཉིད་ཐམས་ཅད་གོང་ལྟར་བསམས་ནས ཕྲེང་བ་ལ་གནས་སྔགས་བརྗོད་པའི་ཚེ་སྐུའི་བ་སྤུའི་གསེབ་ཐམས་ཅད་དང། ཞབས་ལོང་བུ་ལ་སོགས་པ་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ལྔ་ལ་གྲངས་བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ནས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒོ་ཐམས་ཅད དག་པར་བྱས་པར་བསམ་མོ། །དེ་ལྟར་གཡེང་བ་དང་རྨུགས་པ་དང། གཞན་གྱི་གཏམ་ལ་སོགས་པའི་བར་ཆད་ཐམས་ཅད་དང་བྲལ་བ་དང་མྱུར་བ་དང་དལ་བ་དང་མི་གསལ་བ་དང་འདྲེས་པ་དང་འཁྲུགས་པ་དང་ལྷག་པ་དང་ཆད་པ་དང་ང་རོ ངན་པ་སྤངས་ཏེ། སྔགས་སྙན་པོས་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བརྗོད་པར་བྱའོ། །བདེན་པ་དེའི་བྱིན་རླབས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་དག་ཅིང་བདག་གི་ལུས་ཀྱིས་འོད་ཀྱིས་འགྲོ བ་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་གསལ་བར་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་གདན་དང་བཅས་པ་བདག་གི་སྤྱི་བོ་ནས་སྙིང་གར་ཞུགས་ཏེ་དགྱེས་ཤིང་འཛུམ་པའི་མདངས་དང་ལྡན་པས་སྐྱིལ་ཀྲུང་གི་བཞུགས་པར་བསམས ལ་དེའི་བདེན་བའི་བྱིན་རླབས་ཀྱིས་བདག་དང་འགྲོ་བ་ཐམས་ཅད་སྐྱེ་བའི་སྡུག་བསྔལ་མཛའ་དག་དང་བྲལ་བ་དང། སྐྱེ་བ་གཞན་དུ་བདེ་བ་ཁྱད་པར་ཅན་དང་ལྡན་པ་དང་བྱང་ཆུབ་མྱུར་དུ་ཐོབ་པར་བྱའི་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ གསུམ་ལ་སོགས་པས་ལེགས་པར་བསྔོས་ལ་རྡོ་རྗེ་སེམས་དཔའ་ཨི་ཡི་གེ་བརྒྱ་བ་ཡང་ལན་གསུམ་ལ་སོགས་པ་ཅི་རིགས་སུ་དལ་གྱིས་བཀླགས་ནས་ལྡང་བར་བྱའོ། །དེ་ལྟར་སྐུ་ལ་དམིགས་པ་གསུམ་ཁོ་ན སྟེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ཆེན་པོ་ལས། གཙོ་བོ་ཤཀྱ་སེངྒེའི་སྐུ། །འོད་ཟེར་འབུམ་ཕྲག་མཛའ་ཡས་ཅན། །མཚན་དང་དཔེ་བྱད་རབ་རྒྱས་ལ། །འདྲེན་པ་འགྲོ་བའི་མགོན་གཅིག་པུ། །ཁམས་དང དབང་པོའི་བྱེ་བྲག་གིས། །མཛད་པའི་རྣམ་པ་ཐ་དད་པར། །གདུལ་བྱའི་དོན་དུ་རབ་ཏུ་སྣང། །བདག་གིས་གང་མོས་དེ་དང་དེར། །དམིགས་ཏེ་སྔགས་བརྗོད་མཐུ་ཡིས་ནི། །འགྲོ་བའི་ནད་སེལ་སྨན་པ་ཆེ། །ཚེ་འཕེལ་ལོངས་སྤྱོད རབ་ཏུ་འཕེལ། །དབུལ་འཕོངས་མྱ་ངན་འཇིགས་པ་མེད། །ཞིང་ཁམས་ཐམས་ཅད་རབ་སྦྱོང་ཞིང། །འགྲོ་བའི་དོན་ལ་རབ་བརྩོན་པ། །དེད་དཔོན་ཆེན་པོ་སྐྱབས་ཀྱི་མཆོག་།རབ་གྲགས་སྐུ་ནི་ཐོབ་པར་འགྱུར་ཞེས་བཅོམ ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སྔགས་ཀྱི་སྦྱོར་བའི་གཟུངས་སྔགས་སུ་སྒྲུབ་པའི་ཕྱོགས་བརྗོད་ནས། ད་ནི་རིག་སྔགས་སུ་སྒྲུབ་པའི་ཕྱོགས་བརྗོད་པར་བྱའོ། །འདི་ཡང་སྔགས་དང་ཕྱག་རྒྱ་ཡང་སྐུ་ལ་དམིགས་པ་སྟེ། དེ་དག བདག་པོའི་བྱེ་བྲག་གིས་གསུམ་གསུམ་བརྗོད་པར་བྱའོ། །དེ་ཡང་སྔགས་ལ་དམིགས་པ་ནི་ཁྲུས་དང་གཙང་སྤྲ་དང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་སྔོན་ལྟར་བྱས་ནས་སྙིང་གར་ཐལ་མོ་སྦྱར་བར?་སྔགས ཚར་གཅིག་བརྗོད་ནས་བདག་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་སྔགས་ཀྱིས་བསྐོར་བ་བསམས་ལ། ཕྲེང་བ་བླངས་ལ་བདུན་ལ་སོགས་པ་བརྗོད་པའི་ཚེ་ཧཱུཾ་ཡིག་གིས་འོད་ཀྱིས་བདག་གི་ལུས ངག་ཡིད་ཀྱི་སྒྲིབ་པ་དག་པར་བསམ་མོ། །གཡེང་བ་ལ་སོགས་པའི་སྐྱོན་ནི་རྣམ་པ་བཙུ་གཅིག་དང་བྲལ་བས་སྙན་པའི་སྒྲས་བསླག་པར་བྱའོ། །བརྗོད་པ་དེའི་བདེན་པའི་བྱིན་རླབས་ཀྱིས་འགྲོ་བ་ཐམས་ཅད་གཟུངས་ཀྱི་ཕྲེང་བ་འདི་ཁོ་ན་དང་བདག་ལ་ཡང དག་པར་བསམས་ལ་དེ་བས་བྱུང་བའི་དགེ་བས་བདག་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱ་བའི་སྨོན་ལམ་ཤལོ་ཀ་གཅིག་ལ་སོགས་པས་བསྔོ་བར་བྱའོ། །ཡང་དང་ཡང་ཁྲུས་དང་གཙང་སྦྲ་ལ་སོགས་པ་དང་ལྡན་པ་དང་འགྲོ་བ་ཚད་མེད་པ་བསྒོམ པ་དང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་བྱས་ནས་སྙིང་ག་དང་མགྲིན་པར་ཐལ་མོ་སྦྱར་བར་བྱས་ནས་ཚར་རེ་རེ་བརྗོད་དེ། ཕྲེང་བ་བླངས་ནས་བདག་གི་སྙིང་ག་དང་མགྲིན་པར་པདྨ་དང་ཟླ་བ་ལ་ཧཱུཾ་ཡིག་དཀར་པོ་སྔགས་ཀྱི ཕྲེང་བ་དང་བཅས་པ་བསམས་ནས་བརྗོད་པའི་ཚེ་སྔགས་ཀྱི་འོད་ཀྱིས་བདག་དང་ཁམས་གསུམ་པའི་སྒྲིབ་པ་ཐམས་ཅད་དག་པར་བསམ་མོ། །དེ་ལྟར་གཡེང་བ་ལ་སོགས་པའི་སྐྱོན་བཅུ་གཅིག་དང་བྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ ཅི་རིགས་པར་བཀླགས་ནས་དེའི་བདེན་པའི་བྱིན་གྱིས་བརླབས་ཀྱིས་བདག་གི་བསམ་པའི་རྒྱུད་འགྲོ་བ་ཆིས་པའི་ཆོས་ཀྱི་ཆར་ཆེན་པོའི་གཞིར་གྱུར་པར་བསམས་ལ། བདག་དང་གཞན་གྱི་དོན་དུ་བསྔོ་བ་ཤལོ་ཀ་གཉིས་ལ་སོགས་པ་སྨོན་ལམ ཡང་བཏབ་ནས་ལྡང་བར་བྱའོ། །ཡང་ན་དང་པོ་ཁྲུས་དང་གཙང་སྤྲ་དང་ལྡན་པས་ཚད་མེད་པ་བཞིས་འགྲོ་བ་ལ་བལྟས་ནས་སྐྱབས་སུ་འགྲོ་བ་དང། སེམས་བསྐྱེད་པ་དང། སྡོམ་པ་གཟུང་ནས་གནས་གསུམ་དུ་ཐལ་མོ་སྦྱར་ཞིང་བརྗོད་ནས་བདག་གི གནས་གནས་གསུམ་དུ་པདྨ་དང་ཟླ་བ་ལ་ཧཱུཾ་ཡིག་དཀར་པོ་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ཏེ། གཡེང་བ་ལ་སོགས་པའི་སྐྱོན་བཅུ་གཅིག་དང་བྲལ་ཞིང་སྙན་པའི་སྔགས་ཀྱིས་བརྗོད་དེ། སྔགས་ཀྱི་འོད་ཟེར་ཁ་དོག་ལྔའི་ཚུལ དུ་འཕྲོ་བས་འགྲོ་བ་མ་ལུས་པའི་ནད་དང་གནོད་པ་དང་ཉོན་མོངས་པ་ལ་སོགས་པ་ཟད་པར་བྱས་པར་བསམ་ཞིང་རྒྱུན་མི་འཆད་པ་འམ་བརྒྱ་རྩ་བརྒྱད་ལ་སོགས་པ་བཀྲག་པར་བྱའོ། །དེའི་བྱིན་བརླབས་ཀྱིས་བདག་གི་ལུས་སྒྱུ མ་ལྟ་བུར་གྱུར་ནས་སྔགས་ཀྱི་རང་བཞིན་དུ་གྱུར་པར་བསམ་ལ། བདག་དང་སེམས་ཅན་ཐམས་ཅད་ནད་དང་གནོད་པ་ཐམས་ཅད་དང་བྲལ་བ་དང། སྐྱེ་བ་ཐམས་ཅད་དུ་གནོད་པ་མེད་ཅིང་བདེ་བ་དང་བྱང་ཆུབ་ཐོབ་པར་བྱ་བའི་དོན་དུ་དགེ བའི་སྨོན་ལམ་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་བསྔོ་བར་བྱའོ། །དེ་ལྟར་དེ་དག་ནི་རིག་སྔགས་ཡི་གེའི་ཚུལ་དུ་འདོན་པ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་རྒྱུད་ལས། རིག་སྔགས་ཡི་གེའི་ངོ་བོ་ཉིད། །ཁམས་དང དབང་པོའི་བྱེ་བྲག་གིས། །ཐ་དད་དུ་མར་གནས་མོད་ཀྱང། །དོན་ནི་སྔགས་ཀྱི་རང་བཞིན་དངོས། །གང་གིས་དེ་ཤེས་འདོན་པ་ལ། །ཚེ་འདིར་གནོད་པ་ཀུན་བྲལ་ནས། །བདེ་བའི་རྒྱུ་དང་མ་བྲལ་བར། །བདེ་བ་ཅན་དུ་མྱུར་དུ་སྐྱེ། །ཞེས་བྱ བ་ལ་སོགས་པ་རྒྱས་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཡང་ན་རིག་སྔགས་ཕྱག་རྒྱའི་ཚུལ་དུ་བརྗོད་ན་ཁྲུས་ལ་སོགས་པ་གཙང་སྦྲ་དང། ཚད་མེད་པ་བསྒོམ་པ་དང། སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ དང། སྡོམ་པ་གཟུང་བ་ལ་སོགས་པ་སྔོན་ལྟར་བྱས་སྙིང་གར་ཐལ་མོ་སྦྱར་ནས་སྔགས་བརྗོད་དེ། བདག་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཨས་མཚན་པ་སྔགས་ཀྱི་ཕྲེང་བ་དང་བཅས་པ་དམིགས ཏེ། གཡེང་བ་ལ་སོགས་པའི་སྐྱོན་བཅུ་གཅིག་དང་བྲལ་བས་མདུན་ལ་སོགས་པ་ཅི་རིགས་པར་བརྗོད་པའི་ཚེ་རྡོ་རྗེ་སྔགས་དང་བཅས་པ་དེའི་འོད་ཟེར་གྱིས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒོ་དག་པར་བྱས་ཤིང་དེའི་བྱིན བརླབས་ཀྱིས་བདག་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ་པར་བྱའོ། །དེ་ནས་དགེ་བའི་སྨོན་ལམ་ཤལོ་ཀ་གཅིག་ལ་སོགས་པ་བརྗོད་ནས་ཅི་རིགས་པར་ལྡང་བར་བྱའོ། །ཡང་ན་ཁྲུས་དང་གཙང་སྦྲ་དང་ཚད་མེད་པ་བསྒོམ་པ་དང་སྐྱབས་སུ་འགྲོ་བ དང་སེམས་བསྐྱེད་པ་དང་སྡོམ་པ་གཟུང་བ་སྔོན་ལྟར་བྱས་ནས། སྙིང་ག་དང་མགྲིན་པར་རྡོ་རྗེ་ཐལ་མོ་སྦྱར་ནས་སྔགས་བརྗོད་པས་བདག་གི་སྙིང་ག་དང་མགྲིན་པར་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཨཾ་ཡིག་ལ་སྔགས ཕྲེང་གིས་བསྐོར་བ་དང་བཅས་པ་དམིགས་ལ། གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་སུ་བརྗོད་པའི་ཚེ་རྡོ་རྗེ་དང་སྔགས་ཀྱི་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་སྡིག་པའི་ཚོགས་སྦྱངས་ཤིང་ཇི སྲིད་འཁོར་བའི་སྐྱེ་རྒ་ན་འཆིའི་ཆུ་བོ་འཇོམས་པར་བྱེད་ཅིང་རྡོ་རྗེའི་ལུས་སུ་གྱུར་ནས་བརྟན་པའི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་ནས་བདག་དང་འགྲོ་བ་ཐམས་ཅད་སྡིག་པ་ཐམས་ཅད་ཟད་པ་ལ་སོགས པའི་ཕྱིར་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གཉིས་ལ་སོགས་པ་ཅི་རིགས་པར་བསྔོས་ནས་ལྡང་བར་བྱའོ། །ཡང་ན་ཁྲུས་དང་གཙང་སྦྲ་དང་ཚད་མེད་པ་བསྒོམ་པ་དང་སྐྱབས་སུ་འགྲོ་བ་སྔོན་ལྟར་བྱས་ཏེ། སེམས་བསྐྱེད་པ་དང སྡོམ་པ་གཟུང་བ་སྔོན་ལྟར་བྱས་ནས་རྡོ་རྗེ་ཐལ་མོ་གནས་གསུམ་དུ་སྦྱར་ཏེ། སྔགས་ཚར་གསུམ་དུ་བརྗོད་ནས་གནས་གསུམ་དུ་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཨ་ཡིག་ལ་སྔགས་ཀྱིས་སྐོར་བར་བསམས་ནས། གཡེང་བ་ལ་སོགས་པའི་སྐྱོན་རྣམས་སྤངས་ནས། བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་བརྗོད་པའི་སྔགས་རྡོ་རྗེའི་འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ལ་རེག་པ་ཙམ་གྱིས་ནད་དང་གནོད་པ་ཐམས་ཅད་བསལ་ཞིང། སྡིག་པ་ཐམས ཅད་དག་པར་བྱས་ནས། བྱང་ཆུབ་ཀྱི་སེམས་རྒྱ་ཆེར་འཕེལ་བར་བསམ་བར་བྱའོ། །དེའི་བདེན་པའི་བྱིན་གྱིས་བརླབས་ཀྱིས་འགྲོ་བ་ཐམས་ཅད་ཆོས་སྤྱོད་པ་རྒྱུན་མི་འཆད་པར་བསམ་མོ། །དེ་ནས་བདག་དང་འགྲོ་བ ཐམས་ཅད་སྐྱེ་བ་ནས་སྐྱེ་བར་སྡུག་བསྔལ་ཐམས་ཅད་དང་བྲལ་བ་དང། བདེ་བ་ཁྱད་པར་ཅན་དང་ལྡན་པ་དང། བྱང་ཆུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། སྨོན་ལམ་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་དགེ་བ་བསྔོས་ཏེ། རྡོ་རྗེ་སེམས དཔའ་ཨི་ཡི་གེ་བརྒྱ་པ་ཡང་ལན་གསུམ་ལ་སོགས་པ་བརྗོད་དོ། །དེ་ལྟར་རིག་སྔགས་ཕྱག་རྒྱའི་ཚུལ་གསུམ་པོ་དེ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས་གསུངས་ཏེ། གང་ཞིག་ཡིད་མཉམ་འཇོག་པ་ནི། །རྡོ་རྗེའི མཚན་མ་སྔགས་བཅས་ལ། །སྒོ་གསུམ་གང་དང་གང་དུ་དམིགས། །དེ་དང་དེར་ནི་བློ་གཏད་ནས། །བརྗོད་པས་ནད་སེལ་ཚེ་རིང་ཞིང། །དཔའ་འཕེལ་ལོངས་སྤྱོད་ཆེན་པོར་འགྱུར། །བློ་འཕེལ་རིག་པ་ཆེན་པོའི་ས། །སྐྱེས་བུ་དེས་ནི མྱུར་ཐར་འགྱུར། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རིག་སྔགས་སྐུ་ལ་དམིགས་པ་ནི་ཁྲུས་དང་གཙང་སྤྲ་དང་སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་པ་གོང་ལྟར་བྱས་ནས་སྙིང་གར་ཐལ་མོ་སྦྱར་ཏེ་ཚར?་གཅིག བརྗོད་ནས་རང་གི་སྙིང་གར་པདྨ་ཟླ་བ་ལ་གནས་པའི་དང་པོ་སངས་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ་དཀར་པོ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། དེའི་འོད་ཟེར་དང་མཚན་དང་དཔེ་བྱད་ཀྱིས་རྒྱས་པ་ལ་བློ་གཏད ནས་གཡེང?་བ་ལ་སོགས་པའི་སྐྱོན་དང་བྲལ་བས་སྙན་ཅིང་གྲིམས་པའི་ཚུལ་གྱིས་ཚར་བདུན་ལ་སོགས་པ་བཀླག་ནས་བདེན་པ་དེའི་བྱིན་བརླབས་ཀྱིས་བདག་གིས་ལུས་དང་པོ་སངས་རྒྱས་བརྟན་པར་གྱུར་པར་བསམ་པར་བྱའོ། ། སྨོན་ལམ་ཤལོ་ཀ་གཅིག་ལ་སོགས་པ་ཡང་གདབ་པར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་སྔོན་ལྟར་བྱས་ལ་སྙིང་ག་དང་མགྲིན་པའི་གནས་སུ་ཐལ་མོ་སྦྱར་ཏེ་ཚར་རེ་བརྗོད་པས་དང་པོ་སངས་རྒྱས་བསམས་ཏེ། དེ་དག་གི་འོད་ཟེར་དང་གཟི་བརྗིད་ཀྱིས བདག་གི་ལུས་ངག་ཡིད་གསུམ་སྤྱོད་ཞིང་དང་པོར་སངས་རྒྱས་ཀྱི་སྐུར་བསྒྲུབས་ཏེ། གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ་བཀླག་གོ་།བདེན་པ་དེའི་མཐུས་བདག་གཞན་དོན་བྱེད་པའི་ནུས་པ་ཐོགས་པ་མེད་པར ཡང་བསམ་མོ། །དེ་ནས་ཤལོ་ཀ་གཉིས་ལ་སོགས་པས་སྨོན་ལམ་དགེ་བའི་ཕྱིར་བསྔོ་བར་བྱའོ། །ཡང་ན་གནས་གསུམ་དུ་ཐལ་མོ་སྦྱར་ཏེ་ཚར་རེ་བརྗོད་པས་བདག་གི་གནས་གསུམ་དུ་པདྨ་དང་ཟླ་བ་ལ་གནས་པའི་དང་པོ་སངས་རྒྱས་བསམས་ལ། དེ་དག་གི་མཚན་དང་དཔེ་བྱད་དང་གཟི་བརྗིད་ཀྱི་མཐུས་བདག་དང་འགྲོ་བ་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་དག་པར་བསམ་ཞིང་གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བཀླགས་ནས། དེའི་བདེན་པའི བྱིན་གྱིས་བརླབས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་སྡིག་པའི་ཚོགས་བདག་གི་ལུས་ཀྱི་འོད་ཀྱིས་བྱད་སེལ་བར་གྱུར་བར་བསམ་མོ། །དེ་ནས་བདག་གཞན་གྱི་དོན་དུ་ཚིགས་སུ་བཅད་པ་གསུམ་ལ་སོགས་པས་སྨོན་ལམ་གྱི་བསྔོ་བ་བརྗོད་པར་བྱས ལ། ཡི་གེ་བརྒྱ་པ་ཚར?་གསུམ་ལ་སོགས་པ་བརྗོད་ནས་ཅི་བདེ་བས་གནས་པར་བྱའོ། །དེ་ལྟར་རིག་སྔགས་ཀྱི་སྐུ་ལ་དམིགས་ནས་བརྗོད་པ་སྟེ། གསུམ་པོ་འདི་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ལས་གསུངས་ཏེ། ལུས་ངག་ཡིད་ཀྱི་སྒོ་རྣམས་སམ། །ཡང་ན་གཅིག་གམ་གཉིས་ཀྱང་རུང། །དང་པོ་སངས་རྒྱས་སྐུ་གསུམ་ལ། །བློ་གཏད་མ་གཡེངས་སེམས་ཀྱིས་བཀླག་།ནད་དང་གདོན་དང་འཇིགས་བརྒྱད་སོགས། །འཚེ་པ་རྣམས་དང་བྲལ་ནས་ཀྱང། ། ཚེ་རིང་ཤེས་རབ་ཆེན་པོ་སྟེ། །འཁོར་བའི་འཆིང་བ་ལས་གྲོལ་འགྱུར་ཞེས་གསུངས་སོ། །དེ་ལྟར་རིག་སྔགས་ཀྱི་ཚུལ་དུ་བཀླག་པ་བརྗོད་ནས། ད་ནི་གསང་སྔགས་ཀྱི་ཚུལ་དུ་བཀླག་པ་བཤད་པར་བྱ་སྟེ། དེ་ལ གསང་སྔགས་ཀྱི་ཚུལ་ཡི་གེ་ལ་དམིགས་ནས་བརྗོད་པ་ནི། ཁྲུས་ལ་སོགས་པ་ཐམས་ཅད་སྔོན་ལྟར་བྱས་ནས་སྙིང་གར་ཐལ་མོ་སྦྱར་ཏེ་ཚར་གཅིག་བརྗོད་པའི་མཐུས་བདག་གི་སྙིང་གར་པདྨ་དང་ཟླ་བ་ལ་ཨཾ་དཀར་པོ་སྔགས་ཕྲེང་འོད ཟེར་ལྔ་དང་ལྡན་པ་དམིགས་ལ། དེའི་འོད་ཀྱིས་བདག་སྔགས་ཀྱི་རང་བཞིན་དུ་སྒྲུབ་པར་བསམ་ཞིང་གཡེང་བ་ལ་སོགས་པའི་སྐྱོན་སྤངས་ནས་ཚར་བདུན་ལ་སོགས་པ་ཅི་རིགས་པར་བརྗོད་དེ། དེའི་བདེན་པའི་བྱིན་གྱིས་བརླབས་ཀྱིས བདག་སྔགས་བསྒྲུབ་པ་ལ་ནུས་པ་ཐོགས་པ་མེད་པར་གྱུར་པར་བསམ་ཏེ། དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ་གཅིག་ལ་སོགས་པ་ཅི་རིགས་པར་བརྗོད་པར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་སྔོན་ལྟར་བྱས་ལ། སྙིང་ག་དང་མགྲིན་པར ཐལ་མོ་སྦྱར་ཏེ་སྔགས་ཚར་རེ་རེ་བརྗོད་པས་བདག་གི་སྙིང་ག་དང་མགྲིན་པར་པདྨ་དང་ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོ་ལ་སྔགས་ཕྲེང་འོད་ཟེར་ཁ་དོག་སྣ་ཚོགས་པ་བསམས་ནས། དེའི་འོད་ཀྱིས་བདག་གི་སྡིག་པ་ཐམས་ཅད་དག་པར བསམ་ཞིང་གཡེང་བ་ལ་སོགས་པའི་རྟོག་པ་དང་དྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་པར་བརྗོད་ནས། དེའི་བདེན་པའི་བྱིན་གྱིས་བརླབས་ཀྱིས་བདག་གཞན་གྱི་དོན་བྱེད་པ་ལ་ནུས་པ་ཐོགས་པ་མེད་པ་དང་ལྡན་པར་གྱུར་པ་ཡང ཡང་བསམ་པར་བྱའོ། །རང་དང་གཞན་གྱི་དོན་དུ་ཤལོ་ཀ་གཉིས་ལ་སོགས་པའི་སྨོན་ལམ་གྱི་དགེ་བ་བསྔོ་བར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་ཡན་ལག་ཐམས་ཅད་སྔོན་ལྟར་བྱས་ནས་གནས་གསུམ་དུ་ཐར་ལོ་སྦྱར་ཏེ་ཚར་གསུམ བརྗོད་ནས་གནས་གསུམ་དུ་པདྨ་དང་ཟླ་བ་ལ་ཨོཾ་ཡིག་དཀར་པོ་སྔགས་ཀྱི་ཕྲེང་བ་སྣ་ཚོགས་པས་བསྐོར་བར་བསམ་ལ། ཕྲེང་བ་བླངས་ལ་གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་བརྒྱ་རྩ་བརྒྱད་ལ་སོགས་པ་བརྗོད་པས། བདག་གི་སྡིག་པ་ཐམས ཅད་ཟད་ཅིང་སྔགས་ཀྱི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་ཟེར་པར་ཡང་བསམས་ནས། དེའི་བདེན་པའི་བྱིན་བརླབས་ཀྱིས་འགྲོ་བ་ཐམས་ཅད་ཆོས་དོན་དུ་གཉེར་བ་མ་འཆད་པ་དང་ལྡན་པར་གྱུར་ནས་བསྟན་པ་ཤིན་ཏུ་རྒྱས པར་བསམ་མོ། །དེ་ནས་དགེ་བའི་སྨོན་ལམ་ཤལོ་ཀ་གསུམ་ལ་སོགས་པ་བརྗོད་ནས་ཡི་གེ་བརྒྱ་པ་བརྗོད་དེ་ལྡང་བར་བྱའོ། །དེ་ལྟར་གསང་སྔགས་ཡི་གེའི་ཚུལ་དུ་བཀླག་པ་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས། གསུང་གི དམ་ཚིག་ཕྱག་རྒྱ་ཅན། །གསང་བའི་ཡི་གེའི་ཚུལ་དུ་བརྗོད། །གནས་གསུམ་དག་ཏུ་རྒྱས་བཏབ་བསམ། །ཡང་ན་གཅིག་གམ་གཉིས་ཀྱང་རུང། །བསྟན་པར་དམིགས་ནས་བརྗོད་པ་ཡིས། །ནད་སེལ་སྡིག་སྤོང་ཚེ་རིང་ཞིང། །འཇིགས་མེད་བློ བརྟན་ལོངས་སྤྱོད་འཕེལ། །གསང་སྔགས་ལོངས་སྤྱོད་བདག་བོར་འགྱུར། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གསང་སྔགས་ཕྱག་རྒྱ་ལ་དམིགས་ནས་བཀླག་པ་ནི་ཁྲུས་ལ་སོགས་པ་ཐམས་ཅད་སྔོན་ལྟར་བྱས་ནས་སྙིང་གར་ཐལ་མོ་སྦྱར ནས་སྔགས་བརྗོད་པས་སྙིང་ག་ཉིད་དུ་པདྨ་དང་ཟླ་བ་ལ་གནས་པའི་འཁོར་ལོ་རྩིབས་བཞི་པ་ཨོཾ་ཡིག་སྔགས་དང་བཅས་པ་བསམ་སྟེ། ཕྲེང་བ་བླངས་ནས་གཡེང་བ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་ཏེ་བརྗོད་པས་བདག་ཆོས་ཀྱི་འཁོར་ལའི བདག་པོར་གྱུར་པར་བསམ་ལ་བདུན་ལ་སོགས་པ་ཅི་རིགས་བརྗོད་པར་བྱའོ། །དེའི་བྱིན་བརླབས་ཀྱིས་བདག་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་ལ་ཐོགས་པ་མེད་པར་གྱུར་པ་ཡང་བསམ་མོ། །དེ་ནས་དགེ་བའི་སྨོན་ལམ་ཚིགས་སུ་བཅད་པ གཅིག་ལ་སོགས་པ་ཅི་རིགས་པས་བསྔོ་བར་བྱས་ལ། རྡོ་རྗེ་སེམས་དཔའ་ཨི་ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པ་བརྗོད་ནས་ནི་བདེ་བར་སྤྱད་པར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་ཐམས་ཅད་སྔོན་ལྟར་བྱས་ནས་སྙིང་ག་དང མགྲིན་པར་ཐལ་མོ་སྦྱར་ཏེ། ཚར་རེ་རེ་བརྗོད་པས་པདྨ་དང་ཟླ་བ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་ཨོཾ་ཡིག་སེར་པོ་དང་བཅས་པ་སྔགས་ཀྱིས་བསྐོར་བ་བསམ་ལ། གཡེང་བ་ལ་སོགས་པའི་རྟོག་པ་སྤངས་ནས་འཕྲེང་བ་བླངས་ཏེ་ཉི་ཤུ་རྩ གཅིག་ལ་སོགས་པ་ཅི་རིགས་པ་བརྗོད་དེ་བདག་དང་འགྲོ་བ་ཐམས་ཅད་ཀྱི་སྡིག་པ་ཟད་པར་བྱས་པར་བསམས་ལ། འདིའི་བདེན་པའི་བྱིན་བརླབས་ཀྱིས་བདག་གིས་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་བསྐོར་བར་བསམ་མོ། །དེ་ནས་རང གཞན་གྱི་དོན་སྨོན་ལམ་ཚིགས་སུ་བཅད་པ་གཉིས་ལ་སོགས་པས་བསྔོ་བར་བྱའོ། །སེལ་སྡིག་སྤོང་ལ་སོགས་པ་ཐམས་ཅད་སྔོན་ལྟར་བྱས་ནས། །གནས་གསུམ་དུ་ཐལ་མོ་སྦྱར་ཏེ་ཚར་རེ་རེ་བརྗོད་དེ། གནས་གསུམ་དུ་པདྨ་དང་ཟླ བའི་སྟེང་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་དཀར་པོ་ཨོཾ་ཡིག་དང་སྔགས་ཕྲེང་དུ་བཅས་པ་བསམ་ནས་གཡེང་བ་ལ་སོགས་པ་ཐམས་ཅད་སྤངས་ཏེ། བརྒྱ་རྩ་བརྒྱད་ལ་སོགས་པ་བརྗོད་པའི་ཚེ། འཁོར་ལོ་དང་སྔགས་ཕྲེང་ལ་སོགས་པའི འོད་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཆོས་ཀྱི་འཁོར་ལོ་དང་ལྡན་པར་གྱུར་བར་བསམ་པར་བྱའོ། །བདེན་པའི་བྱིན་བརླབས་ཀྱིས་ཞིང་ཁམས་ཐམས་ཅད་དུ་ཆོས་ཀྱིས་འཁོར་ལོ་རྒྱུན་མ་འཆད་པར་གྱུར་པར་བསམ་མོ། །དེ་ནས་ཚིགས་སུ་བཅད པ་གསུམ་ལ་སོགས་པ་ཅི་རིགས་པར་བརྗོད་ནས་ཡི་གེ་བརྒྱ་པ་ཡང་བརྗོད་དེ་ལངས་ནས་ཅི་བདེ་བར་སྤྱད་དོ། །དེ་ལྟར་གསང་སྔགས་ཕྱག་རྒྱའི་ཚུལ་དུ་འདོན་པ་གསུམ་པ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད ལས་བསྐལ་པ་སྟོང་ཕྲག་བསགས་པ་ཡི། །སྡིག་དང་གང་ཞིག་ལྡན་པས་ཀྱང། །གནས་གསུམ་པ་འམ་གཉིས་སམ་གཅིག་།ཕྱག་རྒྱས་བཏབ་ནས་སྔགས་བརྗོད་ན། །ཆོས་ཀྱི་ཆར་ཆེན་བབས་པ་ནི། །སྡིག་པ་དྲི་མ་ཀུན་བཀྲུས་ཏེ། །ནད་མེད་ཚེ་རིང དཔལ་འབེལ་ཞིང། །ལྷ་མི་ཀུན་གྱི་མཆོད་ཆེན་འཐོབ། །གང་གིས་ཡིད་མཉམ་བཞག་ནས་ནི། །ཕྱག་རྒྱ་སྔགས་དང་བཅས་དྲན་ལ། །འཇིག་དང་འཚེ་བ་ཀུན་མེད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཞེས་གསུངས་སོ། །གསང་སྔགས་སྐུ ལ་དམིགས་པ་ནི་ཁྲུས་ལ་སོགས་པ་སྔོན་ལྟར་བྱས་ནས། རང་གི་སྙིང་གར་ཐལ་མོ་སྦྱར་ཏེ་ཚར་གཅིག་བརྗོད་པས་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་རྣམ་པར་སྣང་མཛད་ཞལ་གཅིག་ཕྱག་གཉིས་པ་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ ཅན་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ་བསམ་ལ། གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་འདུན་ལ་སོགས་པ་བརྗོད་པའི་ཚེ་སྐུ་དེའི་མཚན་དང་དཔེ་བྱད་དང་གཟི་བརྗིད་ཐམས་ཅད་རང་ལ་འབར་བར་བསམ་མོ། །དེའི བདེན་པའི་བྱིན་བརླབས་ཀྱིས་བདག་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབ་པར་མོས་ལ། ཚིགས་སུ་བཅད་པ་གཅིག་ལ་སོགས་པས་སྨོན་ལམ་དགེ་བའི་ཕྱིར་བསྔོ་བར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་སྔོན་ལྟར་རྒྱས་པར་བྱས་སྙིང་ག་དང མགྲིན་པར་ཐལ་མོ་སྦྱར་ཏེ། སྔགས་ཚར་རེ་རེ་བརྗོད་པས་སྙིང་ག་དང་མགྲིན་པར་པདྨ་དང་ཟླ་བ་ལ་གནས་པའི་རྣམ་པར་སྣང་མཛད་ཞལ་བཞི་ཕྱག་བཞི་ཞབས་གཉིས་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་དང་པོ་གཉིས་ཆོས་ཀྱི འཁོར་ལོ་དང་ཆོས་འཆད་པའི་ཕྱག་རྒྱ་ཅན་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གངས་ཀྱི་རི་འདྲ་བ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་ལ། སྐུ་དེ་ལ་དམིགས་པས་གཏད་ནས་གཡེང་བ་ལ་སོགས་པའི་རྟོགས་པ་ཐམས ཅད་དང་བྲལ་བས་ཉི་ཤུ་རྩ་གཅིག་ལ་སོགས་པ་བརྗོད་པས་སྐུ་དེའི་འོད་ཟེར་གྱིས་བདག་དང་གཞན་གྱི་སྡིག་པ་ཐམས་ཅད་ཟད་པར་ཡང་ཡང་བསམ་པར་བྱས་ནས། དེའི་བདེན་པའི་བྱིན་བརླབས་ཀྱིས་འགྲོ་བ་ཐམས་ཅད སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུ་ལ་ཤིན་ཏུ་དད་པར་གྱུར་པར་ཡང་བསམ་མོ། །དེ་ནས་ཚིགས་སུ་བཅད་པ་གཉིས་ལ་སོགས་པས་དགེ་བའི་སྨོན་ལམ་བསྔོ་བར་བྱའོ། །ཡང་ན་ཁྲུས་ལ་སོགས་པ་སྔར་ལྟར་རྒྱས་པར་བྱས་ནས་གནས་གསུམ་དུ་རྡོ་རྗེ ཐལ་མོ་སྦྱར་ནས་སྔགས་ཚར་རེ་བརྗོད་ནས་གནས་གསུམ་དུ་པདྨ་དང་ཟླ་བ་ལ་བཞུགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དཀར་པོ། ཞལ་བཞི་ཕྱག་བརྒྱད། བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས པ། རིན་པོ་ཆེའི་ན་བཟའ་དང་རྒྱན་དུ་མས་བརྒྱན་ཅིང་འཛུམ་པའི་མདངས་དང་ལྡན་པ་བསམས་ལ། གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བས་བརྒྱ་རྩ་བརྒྱད་ལ་སོགས་པ་བརྗོད་པའི་ཚེ་སྐུ་དེ་དག་ཀུན་གྱི་མཚན་དང་དཔེ་བྱད་ཀྱི་འོད་ཀྱིས བདག་དང་འགྲོ་བ་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་བྱད་དུ་བྱས་པར་བསམས། དེའི་བྱིན་བརླབས་ཀྱིས་འགྲོ་བ་ཐམས་ཅད་ལ་རྣམ་པ་སྣང་མཛད་ཀྱིས་སྐུ་མངོན་དུ་གྱུར་པར་བསམ་ལ་བདག་དང་གཞན་གྱི་དོན་དུ་སྨོན་ལམ་དགེ བའི་དོན་དུ་བསྔོ་བར་བྱའོ། །གསང་སྔགས་ཀྱི་ཚུལ་སྐུ་ལ་དམིགས་པ་འདི་གསུམ་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ལས་གསུངས་ཏེ། སངས་རྒྱས་ཐུབ་པ་རྣམ་སྣང་མཛད། །འོད་འཕྲོ་ཉི་མ་འབུམ་གཟི་ཅན།། མཚན་དཔེ་དུ་མས་སྤྲས་པའི་སྐུ། ཕྱག་གཉིས་པ་འམ་ཕྱག་བཞི་པ་འམ། །ཡང་ན་ཕྱག་བརྒྱན་པ་ཡང་རུང། །རང་གི་ལུས་ངག་ཡིད་གནས་ན། །བསམ་ནས་དེ་དང་དེ་དག་ཏུ། མིག?་པ་གཏད་ནས་སྔགས་བརྗོད་པས་བདེ་བ་དང་སྡུག་བསྔལ་ཚ་བ་དང། །འཇིགས་དང། འཕོངས་དང་དབུལ་བ་དང། །ཚེ་ལ་གནོད་བྱེད་ལ་སོགས་པའི། །གདོན་དང་བར་གཅོད་ཐམས་ཅད་སེལ། །ཡང་དང་ཡང་དུ་གོམས་པས་ནི། །གོ་འཕང་རིག་འཛིན་གནས་ཐོབ་འགྱུར། །རིག་སྔགས་བྱང་ཆུབ་སེམས་དཔའ་ཡང། །སྐྱེ་བ་དུ་མས་དཔག ནས་ཀྱང། །སངས་རྒྱས་ཞིང་ཁམས་རྣམ་སྤྱད་སྟེ། །དག་པའི་ཞིང་རྣམས་རྣམ་འཕྲུལ་གྱི། །སྐུ་ཡི་འདུ་བྱེད་དུ་མས་ནི། །གདུལ་བྱ་ཚིམ་པར་མཛད་པར་འགྱུར་ཞེས་སོ། །རྨི་ལམ་ལྟ་བུར་ཀུན་ཏུ་ཤེས་སོ་ཞེས་པར་ངོས་གྲུབ་ཀྱི་རྟགས་ཐ་མ་རྨི་ལམ་དུ འབྱུང་བ་ཡང་ཤེས་པར་བྱའོ། །ཚེས་བརྒྱད་ལ་སོགས་པ་ནི་དུས་ཁྱད་པར་ཅན་དུ་བསྒྲུབ་པ་ཕན་ཡོན་དང་བཅས་པའོ། །བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས་ལ་སོགས་པ་ནི་ཤི་བ་ལ་ཕན་གདགས་པའི་ཆོ་གའོ། །ང་ཡང་ཤི་བ་ལ གཉིས་ཏེ་རྙིང་པ་དང་སར་པའོ། །དང་པོ་ལ་རོ་མེད་པ་དང་རོ་ཡོད་པའོ། །དེ་ལ་རོ་མེད་པ་ནི་མིང་དང་བཅས་པའི་སྔགས་བརྗོད་ཅིང་བདེན་པ་དང་སྨོན་ལམ་གདབ་པའོ། །རོའི་རུས་པ་འམ་གོས་ལ་སོགས་པ་ཡོད་པ་ལ་ནི་ཡུངས་ཀར་དང་བྱེ་མ་ལ་སྔགས བརྗོད་ཅིང་གཏོར་བའོ། །སར་པ་ལ་ནི་བདུན་ཚིགས་སུ་བྱའོ། །བདུན་ཚིགས་སུ་བྱ་བ་ལ་འདི་ལྟར་རྟེན་རོ་ཡོད་པ་དང་མེད་པའོ། །གལ་ཏེ་རོ་མཆོག་ཚུལ་བཞིན་དུ་བྱས་པའི་བུམ་པའི་ཆུ་སྔ་ནས་ཡོད་དམ་འཕྲལ་དུ་བསྒྲུབ་པས་ཀྱང་རུང་སྟེ། སྤོས་ལྔ་དང བཅས་པས་སྙིང་པོའི་སྔགས་བརྗོད་ཅིང་རོ་ཁྲུས་བྱའོ། །དེ་ནས་གྲོ་ག་འམ་ངས་ལ་སོགས་པའི་གཞི་ལ་གུར་གུམ་དང་གི་ཝང་གིས་སྙིང་པོའི་སྔགས་བྲིས་ལ་རོའི་སྙིང་གར་གདགས་སོ། །སརྦ་ཏ་ཐཱ་ག་ཏ་སཱུརྱ་གུ་ཧཡ་ཨཱ་དྷིཥྛ་ན་ཨ་དྷིཥྛ་ཏི་སྭཱ་ཧཱ། ཞེས་གསང་གནས་སུའོ། ། ཡུ་ར་ད་ཏྟེ་སྭཱ་ཧཱ། རྐང་པོ་ལ་གཡས་ལའོ། །པུ་ཎྱཱུཾ་ནཎྟི་སྭཱཧཱ། རྐང་པོ་ལ་གཡོན་ལའོ། པུ་ཎྱུཾ་བི་ཤོ་ཀི་ཏེ་སྭཱ་ཧཱ། པུས་མོ་གཡས་སུའོ། །པུ་ཎྱུཾ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། པུས་མོ་གཡོན་ལའོ། །མྲི་ཏྱུར་ནི་སྭཱ་ཧཱ། དབྱི་གཡས་སུའོ། ཨ་མ་དིནྟི་སྭ་ཧཱ་དབྱི་གཡོན་པར་རོ། །ཡ་མུཾ་དཱུཾ་ཏེ་སྭཱ་ཧཱ། ལྟེ་བར་རོ། །སཾ་ག་ར་ནི་སྭཱ་ཧཱ། ནུ་མ་གཡས་སུའོ། །སཾ་བྷ་ར་ནི་སྭཱ་ཧཱ། ནུ་མ་གཡོན་དུའོ། །སཾ?་བྷ?་ར་ཎི་སྭཱཧཱ། མགྲིན་པར་རོ། །པྲ་ཏི་ས ར་ཎི་སྭཱ་ཧཱ། ལག་དར་གཡས་པར་རོ། །ོཾ་ཛ་བི་ཏ་སྭཱ་ཧཱ། ལག་དར་གཡོན་དུའོ། །ཏེ་ཛོ་བ་ཏི་སྭཱ་ཧཱ། དཔུང་པ་གཡས་སུའོ། །ཛ་ཡ་བ་ཏཾ་སྭཱ་ཧཱ། དཔུང་པ་གཡོན་ལའོ། །སརྦ་ཏ་ཐཱ་ག་ཏ་མུ་དྲ་ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ་སྭཱཧཱ། དཔྲལ་བར་རོ།། ཡང་སྔགས་རིང་ཐུང་གཉིས་ཀ་སྤྱི་བོར་གདགས་སོ། །མིག་གཡས་སུ་ཨོཾ་ཧཱུཾ། །གཡོན་པར་བཾ་ཧཱུཾ། རྣ་བ་གཡས་སུ་སོཾ་ཧཱུཾ། གཡོན་པར་ཛརོ་མེད་ན་ཡང་ཤིང་སྟག་པ་ལ་ཤི་བའི་གཟུགས་བྲིས་ནས་ཡི་གེ་ལྟར་དེ་དགོད་དོ། །དེ་ནས་རོ་ཡོད་ན་སྣོད་ཀྱི་ནང་དུ་བཞག་པར་བྱ་སྟེ། རྡོ་འམ་ས་འམ་ཤིང་དམ་འབྱོར་ན་ཟངས་སམ་དབུལ་ལམ་གསེར་ལས་བརྡུངས་ལ་བྱའོ། །དེ ཡང་རབ་ཏུ་བྱུང་བ་ལ་དཀར་པོ་མཆོད་རྟེན་གྱི་དབྱིབས་སོ། །དགེ་བ་སྙེན་ལ་ནི་པདྨ་དམར་པོ་ཁ་སྦྱར་གྱི་གཟུགས་སོ། །རྒྱལ་པོ་ལོ་ནི་སྔོན་པོ་གཙུག་ཏོར་ལྟ་བུའོ། །བློན་པོ་ལ་ནི་དམར་སྐྱ་ཟ་མ་ཏོག་ལྟ?་?་ཐ་མལ་པ་ཕོ་ལན་སེར་སྐྱ གདན་ཁྲི་ལྟ་བུའོ། །མོ་ལ་སྔོ་སྐྱ་བིལ་བའི་འབྲས་བུ་ལྟ་བུའོ། །བྱིས་པ་ལ་ནི་ལྷུང་བཟེད་ལྟར་དམར་སེར་བྱས་ནས་ཕྱོགས་ཐམས་ཅད་དུ་རླུང་མི་ཐར་བར་འཇམ་ཞིང་དབྱིབས་ལེགས་པར་བཟོ་བྱས་ནས་དེའི་ཁ་ནང་དུ་བཞག་སྟེ། དྲི་བཟང་པོ དུ་མ་བསྒོས་པའི་རས་དཀར་པོ་ཀྲིས་ནས་རོའི་ཁ་ནི་ལྷོར་བསྟན་མགོ་ནི་ནུབ་ཏུ་བསྟན་ནས་ཅུང་ཟད་བསླངས་ཏེ་རབ་ཏུ་དབེན་པའི་ས་ཕྱོགས་བཞག་གོ་། རོའི་སྤྱི་བོ་འམ་སྙིང་ག་ནས་གཟུངས་ཐག་སྲད་བུ་དམར་པོ་ཞིག་གཏགས སྒྲོམ་གྱི་ནུབ་ཕྱོགས་སུ་དྲང་བར་བྱའོ། །སྒྲོམ་དེའི་སྟེང་དུ་གདུགས་ཁྲ་བོ་ཞིག་དབུབ་པར་བྱའོ། །སྒྲོམ་གྱི་ཕྱོགས་བཞིར་རིན་པོ་ཆེ་སྣ་བདུན་ལ་སོགས་པ་མཁོ་བའི་ཡོ་བྱད་དུ་མ་འབག་ཏུ་བྱས་ནས་དགོད་པར་བྱའོ། །གཞན་ཡོལ་བ་ནི་དཀར་པོ་འམ་ཡང ན་དམར་པོས་བསྐོར་བར་བྱའོ། །གཞན་ཡང་བ་དན་དང་རྒྱལ་མཚན་དང་བླ་བྲེ་དང་ལྷབ་ལྷུབ་དང་ལྡ་ལྡི་དང་ཚུན་འཕྱང་དུ་མ་ཡང་ཅི་འབྱོར་བ་བྲེ་བར་བྱའོ། །གཞན་ཡང་འབྲས་ཆན་དང་ཐུག་པ་དང་ཁུར་བ་དང་ཟན་དྲོན་དང་འབྲས་དང་ཁྲེ་དང་ཅི་རྩེ་དང་གྲོ དང་མོན་སྲན་དང་རྒྱ་སྲན་དང་ནས་ལ་སོགས་པའི་འབྲས་བུ་ཐམས་ཅད་ལས་ཁ་ཟས་ལེགས་པར་བཤམས་ནས་སྔོན་མཛེས་པ་དུ་མའི་ནང་དུ་བཞག་གོ་། གཞན་ཡང་ཡོན་ཆབ་དང་བདུག་སྤོས་དང་མེ་ཏོག་ཕྲེང་བ་དང་མར་མེ་དང་བྱུག པ་དང་ཞལ་ཟས་དང་འཛམ་བུ་ཏི་དང་བུ་རམ་དང་ཀ་ར་ཤིང་ཐག་སྣ་ཚོགས་དང་ཤ་བཙོས་དང་ཉ་ཤ་དང་ཚོད་མ་དུ་མ་ཡང་ཕྱོགས་རེ་རེ་དགྲམ་མོ། །སིལ་སྙན་གྱི་ཕྲེང་བ་ཡང་བྲེ་བར་བྱའོ། །གལ་ཏེ་མ་འབྱོར་པ་ཐམས་ཅད་ནི་རྡོལ སོགས་པའི་སྣོད་རྒྱ་མེད་དོ། །འབྱོར་པ་འབྲིང་གིས་རྒྱན་ཡོད་པའོ། །རབ་ཀྱིས་ནི་རིན་པོ་ཆེ་ལ་བྱས་པའམ་རིན་པོ་ཆེའི་ཕྲེང་བར་པའོ། །ད་ནི་ཆོ་ག་ཡང་གང་ཟག་གཅིག་གིས་གཟུངས་སྔགས་ཙམ་བརྗོད་ཅིང་མནཌལ་ལ་མེ་ཏོག་བཀྲམ་ནས་བུམ་པ་གཅིག དང་སཱཙྪ་གཅིག་བྱས་ཏེ་འོག་ནས་འཆད་པའི་ཏིང་ངེ་འཛིན་དང་ལྡན་པར་བྱའོ། །འབྱོར་པ་འབྲིང་གིས་མནཌལ་ཁྲུ་གང་བར་མེ་ཏོག་བཀྲམ་ནས་སཱཙྪ་ལྔ་དང་བུ་པ་ལྔ་དང་གཟུགས་དང་ཕ་རོལ་ཏུ་ཕྱིན་པའི་མདོ་ཕྲན་གཅིག་བཀླག་ཅིང་འོག་ནས་འབྱུང བའི་ཏིང་ངེ་འཛིན་དང་བདེན་པ་བརྗོད་པ་དང་སྨོན་ལམ་གདབ་པར་བྱའོ། །ཐུན་མཚམས་ཞག་གྲངས་ནི་མཐུན་ནོ། །འབྱོར་བ་རབ་གྱི་ནོར་དང་རོའི་སྣོད་བརྒྱན་ཅིང་རོ་བཅུག་ནས། རོའི་ལྷོ་ཕྱོགས་སུ་ས་ལེགས་པར་བསྟར་བའི་དཀྱིལ་འཁོར གྲུ་བཞི་ནས་བཅུ་དྲུག་གི་བར་དུ་ཅི་རིགས་པར་བྱ་སྟེ། །བྲུ་བཞི་པ་མཐོ་གང་ནས་ཁྲུ་གང་གི་བར་དུ་བརྩིག་པར་བྱའོ། །དེ་ལ་མཁས་པས་ཐིགས་འདི་ལྟར་གདབ་པོ། །ཚངས་ཐིག་ཟུར་དངོས་ལེགས་བཏབ་ནས། །ཟུར བཞི་ལོ་མ་གདབ་པར་བྱ། །ཆ་ཆེན་བཞི་རུ་འགྱུར་བ་ཡིན། །དེ་ནས་གསུམ་གསུམ་བགོས་ནས་ནི། །ཆ་ཆེན་བཅུ་གཉིས་འགྱུར་བ་ཡིན། །དེ་ནས་གཉིས་སུ་བགོས་ནས་ནི། །ཆ་ཆེན་ཉི་ཤུ་བཞི་རུ་འགྱུར། །དེ་ནས་ཆ་ཕྲན་བགོས་ནས་ནི།། ཚང་པའི་ཐིགས་གི་ངོས་གཉིས་ཀྱི། །ཆ་ཆེན་དང་པོའི་ཕྱེད་དུ་བགོ། །ཕྱི་ཡི་ཆ་ཕྱེད་དེ་བཞིན་བགོ་།ཆ་ཆེན་གཉིས་པའང་ཕྱེད་དུ་མགོ། ནང་གི་ཆ་ཕྱེད་དེ་བཞིན་བགོ་།ཆ་ཆེན་གསུམ་པའི་མཛའ་ལ་གཅིག། ཆ་ཆེན་བཞི་པའི ཕྱི་ནང་གི་། ཆ་རེ་བཏབ་ཅིང་ལྔ་པ་ཕྱེད། །ཆ་ཆེན་དྲུག་པ་ལྷ་སྣམ་འགྱུར། །ཆ་ཆེན་བདུན་པ་ཕྱི་ནང་གི་།ཆ་རེ་གདབ་ཅིང་དབུས་གཉིས་བཞག་།ཆ་ཆེན་བརྒྱད་ཕྱེད་དེ་བཞིན་བགོ། ཆ་ཆེན་དགུ་པ་བཞི་རུ་བགོ་།ཆ་ཆེན་བཅུ་པ་ཕྱི་ནང གི་ཆ་རེ་གདབ་ཅིང་དབུས་གཉིས་བཞག་། ཆ་ཆེན་བཅུ་གཅིག་བྱེད་དུ་བགོ་།ཆ་ཆེན་བཅུ་གཉིས་ཁོར་ཡུག་འགྱུར། ཕྱོགས་གསུམ་དཱུང་དེ་བཞིན་ནོ། །སྒོ་གཅིག་བྱེད་ན་ཚངས་ཐིག་ཆ་དང། །ཕྱོགས་གཅིག་ཟུར་ཐིག་གདབ་བྱས ནས། །ཚངས་པའི་ཐིག་གི་ངོས་གཉིས་སུ། །ཆ་ཆེན་ལྔ་ལྔར་བགོ་བྱས་ནས། །ཆ་ཆེན་བཅུ་རུ་འགྱུར་བ་ཡིན། །དེ་ནས་གཉིས་སུ་བགོ་བྱས་ནས། །ཆ་ཆེན་ཉི་ཤུར་འགྱུར་བ་ཡིན། །དེ་ནས་ཆ་ཕྲན་བགོ་བར་བྱ། །ཚངས་པའི ཐིག་གིས་དེས་གཉིས་ཀྱི། །ཆ་ཆེན་དང་པོ་ཕྱེད་དུ་བགོ་།ཕྱིའི་ཆ་ཕྱེད་དེ་བཞིན་བགོ། །ཆ་ཆེན་གཉིས་ནི་ཕྱེད་དུ་བགོ་།ནང་གི་ཆ་བྱེད་དེ་བཞིན་བགོ་།ཆ་ཆེན་གསུམ་པའི་མཐར་ཆ་གཅིག་།ཆ་ཆེན་བཞི་པ་ལྷ་རྣམ་འགྱུར། ཆ་ཆེན་ལྔ་བ་ཕྱི་ནང་གྱི། །ཆ་དེ་གདབ་ཅིང་དབུས་གཉིས་བཞག་།ཆ་ཆེན་དྲུག་པ་ཕྱེད་དུ་བགོ་།ཆ་ཆེན་བདུན་པ་བཞི་རུ་བགོ་།ཆ་ཆེན་བརྒྱད་པ་ཕྱི་ནང་གི་།ཆ་རེ་གདབ་ཅིང་དབུས་གཉིས་བཞག་།ཆ་ཆེན་དགུ་པ་བྱེད་དུ་བགོ་།དེ་ལ་བསྐོར་བ རིམ་གཉིས་བྱ། །གསུམ་པ་མཛའ་ཨི་ཆ་ཕྲན་བསྐོར། །ཆ་ཆེན་བཅུ་པ་ཁོར་ཡུག་འགྱུར། །སྒོ་གསུམ་པ་སོགས་བྱེད་འདོད་ན། །ཕྱི་ནང་དཀྱིལ་འཁོར་གང་ཡིན་པའི། །ཚད་ཀྱི་རིམ་པས་བྱ་བ་ནི། །ཆ་ཕྲན་དབྲི་དང་བསྣན་པར་བྱ། །དེ་ནས་བློ་དང་ལྡན པས་ཚོན་སྣ་མ་ལུས་པས། །དཀྱིལ་འཁོར་གྲུ་བཞི་པ་རིམ་པ་གཉིས་སམ་ཡང་ན་རིམ་པ་གཅིག་ཁོ་ན་བྲིའོ། །དེར་སྔོན་དུ་བཤད་པའི་དཀྱིལ་འཁོར་ལྷ་གང་མོས་པ་དགོད་པར་བྱའོ། །གལ་ཏེ་རིམ་པ་གཉིས་བྲིས་ན་བར་ཁྱམས་ལ་འཇིག་རྟེན་སྐྱོང་བ བཅུ་དགོད་པར་བྱའོ། །དེ་ཡང་བརྒྱ་བྱིན་དཀར་པོ་རྡོ་རྗེ་འཆང། །མེ་ལྷ་དམར་པོ་མེ་ཐབ་འཆང། །གཤིན་རྗེ་སྔོན་པོ་པེ་ཅོན་འཆང། །བདེན་བྲལ་སྔོ་སྐྱ་རལ་གྲི་འཆང། །ཆུ་བདག་དཀར་པོ་ཞགས་པ་འཆང། །རླུང་ལྷ་ལྗང་སེར་བ་དན་འཛིན། །གནོད སྦྱིན་ལྗང་སྔོན་དབྱུག་པ་འཆང། །དབང་ཕྱུག་ལྗང་སྐྱ་རྩེ་གསུམ་འཛིན། །ས་བདག་མོ་ནི་བུམ་ལྗང་སེར། །ཉི་ཟླ་ཚངས་པ་དཀར་སེར་ནི། །འོད་འཕྲོ་འཁོར་ལོ་འཛིན་པའོ། །ལྷ་དེ་དག་གི་སྔགས་སམ་ཕྱག་རྒྱ་འམ་སྐུ་དགོད་པར་བྱའོ། །གཞན ཡང་གོང་དུ་བཤད་པའི་མཆོད་པའི་ཡོ་བྱད་ཐམས་ཅད་དཀྱིལ་འཁོར་གྱི་མཛའ་ནས་བསྐོར་བར་བྱའོ། །ཡོལ་བ་ནི་དམར་པོའོ། །བླ་རེ་ནི་སྔོན་པོའོ། །དེ་ནས་སྔོན་གྱི་ཚོགས་དཀྱིལ་འཁོར་བསྒོམ་པ་སྟེ། རང་བཞིན་གྱི་དཀྱིལ་འཁོར དང་གཉིས་སུ་མེད་པར་བྱས་ནས་མཆོད་བསྟོད་ནས་ཚིགས་འདིས་གསོལ་བ་གདབ་བོ། །དཀྱིལ་འཁོར་གཙོ་བོ་ལ་སོགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ ཡི། །ཚེ་འདས་འདི་ཞེས་བྱ་བ་ཡི། །དོན་དུ་དཀྱིལ་འཁོར་འདི་བཞེངས་ནས། །ཡོ་བྱད་ཅི་འབྱོར་པ་དག་གིས། །གུས་པས་ཁྱོད་ལ་མཆོད་བྱེད་ན། །སྙིང་བརྩེར་དགོངས་ནས་བཞེས་སུ་གསོལ། །དེ་ནས་འཇིག་རྟེན་སྐྱོང་བ མཆོད་ཅིང་གཏོར་མ་ཕུལ་ནས་ཚེ་འདས་པའི་དོན་དུ་ཆོ་ག་བྱེད་པ་ལ་བར་དུ་གཅོད་པ་སོལ་ཅིག་ཅེས་གསོལ་བ་གདབ་བོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ལ་སོགས་པའི་ཁྲོ་བོ་རྣམས་ལ་ཡང་མཆོད་པ་དང་གཏོར་མ་ཕུལ་ཏེ། དེ་བཞིན་དུ་གསོལ་བ་གདབ་པོ དཀྱིལ་འཁོར་དེ་དང་འབྲེལ་བ། །ལྷོ་ཕྱོགས་སུ་ནི་ཚ་ཚ་བརྒྱ་རྩ་བརྒྱད་བཀོད་པའི་དཀྱིལ་འཁོར་དང་འབྲེལ་བར་གཟུགས་ཀྱི་ཆོ་གས་སྔགས་བརྗོད་དོ། །ཤར་ཕྱོགས་སུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་གོ་།ནུབ་ཕྱོགས་སུ་ནི་ཐེག་པ ཆེན་པོའི་མདོ་སྣ་ཚོགས་ལ་ཇི་སྙེད་ཅི་ནུས་པ་བཀླག་གོ་། བྱང་ཕྱོགས་སུ་ནི་མྱ་ངན་ལས་འདས་པའི་མདོ་བཀླག་གོ་།དེའི་ཚེ་སློབ་དཔོན་ལ་སོགས་པ་ཐམས་ཅད་ཀྱིས་རང་གི་ལྷག་པའི་ལྷར་བསྒོམས་ནས་མདུན་དུ་གཙུག་ཏོར་དྲི་མ་མེད་པའི་ལྷའི་དཀྱིལ འ་ཁོར་དམིགས་ནས་བཀླག་པ་དང་སྔགས་བརྗོད་དེ་བདག་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་མདུན་གྱི་དཀྱིལ་འཁོར་གྱི་ལྷ་བསྐུལ་ནས་ལྷའི་ཐུགས་ཀའི་འོད་ཟེར་གྱིས་ཁམས་གསུམ་ཐམས་ཅད་ཁྱབ་ནས་ཁྱད་པར་དུ་བསྒྲུབ་བྱ་ལ་ཕོག་པས སྔོན་གྱི་རྣམ་པར་སྨིན་པའི་ལུས་གསལ་བར་བལྟས་ནས་བསྒྲུབ་བྱ་དེའི་བཤང་ལམ་དུ་ཡི་གེ་དུ་ནག་པོ་ཞིག་བསམ་མོ། །ཡི་གེ་དུ་དེའི་འོད་ཀྱི་ས་འོག་སྟོང་ཕྲག་ཉི་ཤུ་ཞབས་སུ་གསལ་བར་བྱས་ནས་བསྒྲུབ་བྱའི་དབང་པོའི་སྤྱོད་ཡུལ དུ་དམྱལ་ཁམས་བཅུ་དྲུག་གསལ་བར་བྱ་བར་བསམ་མོ། །དེ་ནས་བསྒྲུབ་བྱ་དེ་ཤིན་ཏུ་འགྱོད་ཅིང་འདར་ནས་མྱ་ངན་གྱིས་གདུངས་སྔོན་དུ་སྤྱད་པའི་སྡིག་པའི་ལས་ཐམས་ཅད་དྲན་ནས་འགྱོད་ཅིང་སྨྲེ་སྔགས་འདོན་ཅིང་བཤགས པར་བསམ་ལ། སྐབས་འདིར་ལས་ཀྱི་སློབ་དཔོན་གྱིས་རོ་དེ་ལ་ཁྲུས་བྱས་བདེན་པའི་ཚིགས་བཅད་ཀྱིས་དུག་གདབ་པར་བྱའོ། །དེ་ལ་ཚིགས་བཅད་འདི་ཡང་བརྗོད་དོ། །འཇིག་རྟེན་འདི་འམ་འཇིག་རྟེན་ལ་སོགས་པ་གོང་དུ་སྨོས་པའི་ཚིགས་སུ་བཅད་པ་རྣམས་ཅི་རིགས པར་བསྒྱུར་ཅིང་བརྗོད་པར་བྱའོ། །སྐབས་དེར་བསྒྲུབ་བྱ་ཐལ་མོ་སྦྱར་ནས་གསུམ་ལ་སྐྱབས་སུ་འགྲོ་ཞིང་གཉེན་ཞིག་གིས་ཚུལ་ཁོ་ན་ལྟར་བྱའོ། །སློབ་དཔོན་གྱི་ཀྱང་སྔགས་ཨཱ་མོ་གྷ་བི་མ་ལེ་ཨཱ་ཀརཥཱ་ཡ་ཞེས་པའི་སྐབས་སུ་ཨཱ་མོ་གྷའི་གནས་སུ་བསྒྲུབ བྱའི་མིང་བཅུག་ནས་བརྗོད་དོ། །དེས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་གྱི་བསྒྲུབ་བྱའི་བཤད་སྒོའི་ཡི་གེ་དུ་ནག་པོ་ལ་ཕོག་པས་རྐེད་པ་ཡན་ཆད་ནི་སྡིག་པའི་གཟུགས་རྐེད་པ་མན་ཆད་ན་མིའི་གཟུགས་ཤིག་? གཟུགས་དེ་ཉིད་དེ་འདྲ་བ་དུ་མར་གྱུར་ནས་དམྱལ་བ་བཅུ་དྲུག་གི་གནས་ཁང་ས་ཁེངས་པར་སོད་པར་བསམ་མོ། །ལུས་འདི་ནི་ལྷ་དང་སྔགས་ཀྱི་འོད་ཟེར་གྱིས་སྦྱངས་པས་སྔོན་གྱི་གཟུགས་བྱད་ལས་ཤིན་ཏུ་མདངས་བཟང་བར་བསམ་མོ། །ཾ་བཾ་སཾ་ཛགེ་མོ་ནར་ཀ་ས་ཡ་སརྦ་ཀརྨ་པ་རི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་རྒྱུན་ཏུ་བརྗོད་དོ། །ཐུན་མཚམས་སུ་ནི་སློབ་དཔོན་ཉིད་ཀྱིས་དཀྱིལ་འཁོར་ལ་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་སྔགས་ཚར་བརྒྱད་བཀླག་པའི་ཚེ་ནི་ཆེ་གེ་མོ་མོཀྵ་ཐ་ལ་པྲ་བྷ་ཀུརྦནྟུ་སྭཱ་ཧཱ། ཞེས བརྗོད་ནས་སྨོན་ལམ་འདི་ཡང་གདབ་པར་བྱའོ། །འདི་ཞེས་བྱ་བ་རིགས་ཀྱི་བུ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སངས་རྒྱས་དམ་ཆོས་དགེ་འདུན་དང། །རིག་སྔགས་གསང་སྔགས་གཟུང་སྔགས་དང། །སྙིང་པོ་ཕྱག་རྒྱའི་བདེན་པ་དང། ། གཞན་ཡང་བདེན་པའི་བྱིན་བརླབས་ཀྱིས། །དམྱལ་བའི་སྡུག་བསྔལ་མྱུར་ཞི་ནས། །བདེ་བའི་ཞིང་དུ་མྱུར་སྐྱེ་ཤོག་།ཅེས་ལན་གསུམ་བརྗོད་དོ། །གཞན་ཡང་སྨོན་ལམ་དུ་ཡང་བརྗོད་དོ། །དེ་ནས་ལྕགས་སྣོད་ཀྱི་ནང་དུ་དུ་བ་མེད་པའི མེ་ལ་ཏིལ་ནག་པོ་བསྲེག་ཅིང་ཨོཾ་ཆེ་གེ་མོ་སརྦ་པཱ་པཾ་ད་ཧ་ན་སརྦ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བསྲེག་གོ་། དེ་ནས་བུམ་པའི་ཆུས་ཁྲུས་བྱས་ཡུངས་ཀར་དང་བྱེ་མ་ལ་དྲི་མ་མེད་པའི་སྙིང་པོ་བརྒྱ་རྩ་བརྒྱད་བརྗོད་ནས་རོའི་མོ་སྣོད་བྲག་པར་བྱའོ་། དེའི་འོག་ཏུ་སིལ་སྙན་དུ་མ་དཀྲོལ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དུ་མ་བརྗོད་དོ། །དེ་ནས་དཀོན་མཆོག་གི་མཆོད་པ་དང་དགེ་སློང་དང་སྟོན་པ་དང་ནང་དུ་ཡང་དག་འཇོག་ལ་སྟོན་མོ་དྲང་ངོ། །དེའི་འོག་ཏུ་བྱིས་པ་དང་བདུད་འགྲོ་ལ་ཡང་ཅི་རིགས་པའི་ཟས་སྦྱིན་ཏེ་དེ་ཐམས་ཅད ལ། ན་མཔ་ཏིཥཐ། དྲི་བྷོ་མེ་བྷ་བ། སུ་ཏོ་ཤྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་བོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམམེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡད་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་:བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲ་བྷ་བ། མ་ཧ་ས་མ་ཡ། བཛྲ་སཏྭ་ཨ: དེ་ལྟར་སྔགས་འདོན་པ་དང་གསུང་རབ་བཀླག་པ་རྒྱུན་མ་ཆད་པར་བྱ་སྟེ། སྡོམ་པ་དང་ལྡན་པ་འམ་སྐབས་སུ་སྡོམ་པ་བླངས་ཀྱང་རུང་ལྡན་པར་བྱས་ནས་གསུམ་མམ་བཞི་ལ་སོགས་པའི་བར་དུ་མི་ཚིག་གིས་བར་མཆོད་པར་བྱའོ། །འདི་ནི་ཞག་བདུན ?་དང་པོ་དམྱལ་བའི་འཇིག་རྟེན་དག་པ་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ཞེས་བྱའོ། །ཚིགས་གཉིས་པ་ལ་ནི་བསྒྲུབ་བྱའི་ལྟེ་བར་ཡི་གེ་ཏྲཾ་སྔོན་པོ་བསམ་ལ་པ་རི་ཤོ་དྷ་ཡ་སྭཱ་ཧཱ་ཞེས་པ་དང་བཅས་པའི་སྔགས་བརྗོད་པའི་ཚེ་ལྷ་དང་སྔགས་ཀྱི འཁོར་གྱིས་བསྒྲུབ་བྱའི་ལུས་ལ་ཕོག་པས་བསྒྲུབ་བྱའི་ལྟེ་བའི་ཏྲཾ་ཡིག་ལས་དུད་འགྲོ་སྣ་ཚོགས་མགོ་ཡོད་པ་སྟེ། མགོ་བྱེ་བ་ཡན་ལག་བྱེ་བ་དང་ལྡན་པ་སྟེ། རྐེད་པ་མན་ཆད་ཐལ་བ་སྔོ་ནག་རྐེད་པ་མན་ཆད་མི་སྔོ་ནག་ཞིག་བུད་ནས་གཟུགས་དེ འདྲ་བ་དུ་མར་གྱུར་ཏེ་མཛའ་ཨི་རྒྱ་མཚོའི་ནང་དུ་སོང་བས་རྒྱ་མཚོ་ཁེངས་ཤིང་དེར་ཡང་འགྱོད་པ་དྲག་པོ་གནས་སོ། །ལུས་འདི་ནི་སྔོན་གྱི་བསེ་གཟུགས་བཟང་པོར་གྱུར་པར་བསམ་མོ། །བདེན་པ་བརྗོད་པ་དང་སྨོན་ལམ་གྱི་སྐབས་ཐམས་ཅད་དུ་དུད་འགྲོའི་འཇིགས པ་དང་བྲལ་བར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །ལྷག་མ་ཐམས་ཅད་སྔོན་ལྟར་རོ། །འདི་ནི་ཞག་བདུན་ཕྲག་གཉིས་ལ་བྱོལ་སོང་གི་འཇིག་རྟེན་དག་པ་འཕགས་པ་འཇམ་དཔལ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །ཚིག་གསུམ་པ་ལ་ནི་བསྒྲུབ་བྱའི་གསང་གནས་སུ ཡི་གེ་བྲི་སེར་པོ་བསམ་ལ། ལྷ་དང་སྔགས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་ལ་ཕོག་ནས་གནས་གསུམ་གྱི་སྒྲིབ་པ་ཐམས་ཅད་ཡི་གེ་པྲེ་ལ་བསྡུས་ནས་དེ་ལས་མིའི་གཟུགས་ཤིན་ཏུ་རིད་ཅིང་ཡན་ལག་དང་སྐེ་རབ་ཏུ་ཕྲི་བ། གསུམ་པས་ཆེ་བ། མདོག་སེར་སྐྱ། ཁ གདང་པ་བུད་ནས་ས་འོག་དཔག་ཚད་ལྔ་བརྒྱའི་ཞབས་སུ་གཟུགས་དུ་མར་གྱུར་ནས་ས་འོག་ས་སྟེང་ཐམས་ཅད་ཁྱབ་པར་གྱུར་ཅིང་སྔོན་གྱི་ལས་ལ་ཡང་འགྱོད་པར་བསམ་མོ། །པྲེ་ཏ་སརྦ་ཀརྨ་ཨ་བ་ར་ན་བ་རི་ཤོ་དྷ་ཡ་སྭཱ་ཧཱ་དང་བཅས་པ་བརྗོད་ཅིང བདེན་པ་བརྗོད་པ་དང་སྨོན་ལམ་གྱི་སྐབས་སུ་ཡང་མིང་འདི་ཞེས་བྱ་བ་ཡི་དགས་ཀྱི་འཇིག་རྟེན་ལས་ཐར་པར་གྱུར་ཅིག་ཅེས་བརྗོད་དེ། །ལྷག་མ་ཐམས་ཅད་སྔོན་ལྟར་རོ། །འདི་ནི་ཞག་བདུན་ཕྲག་གསུམ་པའི་ཡི་དགས་ཀྱི་འཇིག་རྟེན་དག་པ་འཕགས པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་ཞེས་བྱའོ། །ཚིགས་བཞི་པ་ལ་བསྒྲུབ་བྱའི་ཁའི་ནང་དུ་སུམ་ཡིག་ལྗང་གུ་བསམ་མོ། །ལྷ་དང་སྔགས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་ལ་ཕོག་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་སུཾ་ཡིག་ལ བསྡུས་ནས་ལྷ་མ་ཡིན་གྱིས་གཟུགས་ནི་ལྗང་སྔོན་སྐྲ་སེར་མཆེ་བ་བཞི་པོ་མིག་དམར་སེར་ཟུར་གསུམ་པ་སཱུ་མང་ཞིང་རྩུབ་པ། སེན་མོ་རིང་ཞིང་ལྕེ་འདྲིལ་བ་བུད་ནས་ལུས་དུ་མར་གྱུར་ཏེ། རི་རབ་ཀྱི་རྩ་དང་རི་བདུན་གྱི་ངོས་དང་འཛམྦུའི་གླིང་ཁྱད པར་རྒྱུ་ཞིང་སྔོན་གྱི་ལས་ངན་ཐམས་ཅད་ལ་འགྱོད་པར་བསམ་མོ། །དེའི་ཚེ་རྣམ་སྨིན་གྱི་ལུས་འདི་ཉིད་སྐྲག་ནས་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་གྱི་སྡོམ་པ་གཟུང་ནས་སྔོན་གྱི་གཟུགས་བྱད་བཟང་པོ་གྱུར་པར་བསམ་མོ། །ཆེ་གེ་མོ་ཨཱ ཡ་ཨུདག་པ་སའི་སྙིང་པོའི་ཏིང་ངེ་འཛིན་ཞེས་བྱའོ། །ཚིགས་ལྔ་པ་ལ་བསྒྲུབ་བྱའི་སྙིང་གར་ཎི་ཡིག་སེར་སྐྱ་བསམ་མོ། །ལྷ་དང་སྔགས་ཀྱི་འོད་ཟེར་གྱིས་ལུས་ངག་ཡིད་གསུམ་གྱི་སྒྲུབ་པ་ནི་ལ་བསྡུས་པས་མིའི་གཟུགས་སེར་སྐྱ་བུད་དེ་ལུས་སྔ་མ་ལས མར་མེ་ལས་མར་མེ་ཆད་པ་ལྟར་རོ། ལུས་དེ་སྔོན་གྱི་ལས་ལ་འགྱོད་ཅིང་འཛམྦུའི་གླིང་ཁྱད་པར་ཉུལ་བར་བསམ་མོ། རྣམ་སྨིན་གྱི་ལུས་སྔ་མ་ནི་གཟུགས་བྱད་བཟང་བར་གྱུར་ནས་འོད་ཟེར་གྱི་རེག་པའི་མཐུས་གསུམ་ལ་སྐྱབས་སུ་འགྲོ་བ་དང། སོ་སོ་ཐར་པའི་སྡོམ་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བསམ་ནས་གང་ཉེ་དུས་ལན་བརྗོད་ཅིང་སྡོམ་པ་གསུམ་གཟུང་བར་བྱའོ། །ཆེ་གེ་མོ་སརྦ་མ་ནུ་ཥྱ་ཨཱ་བ་ར་ན་པ་རི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་སྨོན་ལམ་གྱི་སྐབས་སུ་མིའི་གནས ཀྱི་སྡུག་བསྔལ་ཟད་པར་གྱུར་ཅིག་ཅིས་བརྗོད་པར་བྱའོ། །འདི་ནི་ཞག་བདུན་ཕྲག་ལྔར་མིའི་འཇིག་རྟེན་དག་པ་ནམ་མཁའ་ཨི་སྙིང་པོའི་ཏིང་ངེ་འཛིན་ཞེས་བྱའོ། །ཚིག་དྲུག་པ་ལ་བསྒྲུབ་བྱའི་སྤྱི་བོར་ཡི་གེ་ཨ་དཀར་པོ་བསམས་ནས་ལྷ་དང་སྔགས ཀྱི་འོད་ཟེར་གྱིས་ལུས་དང་ངག་དང་ཡིད་ཀྱི་སྒྲིབ་པ་སྦྱངས་ནས་ཡི་གེ་ཨ་ལ་བསྡུས་པས་པདྨ་དང་ཟླ་བ་ལ་གནས་པའི་ལྷའི་བུ་ཤིན་ཏུ་དཀར་ཞིལ་དལ་བར་གྱུར་ཏེ། མགོན་པོ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ པ་སྩལ་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུང་པར་བསམ་མོ། །རྣམ་པར་སྨིན་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང། གསང་སྔགས་ཀྱི་དམ་ཚིག་ནོར་པར་བསམ་མོ། །བདེན་པ་བརྗོད་པ་དང་སྨོན་ལམ་གྱི་སྐབས་སུ་ཡང་འདོད་པའི་ལྷ་རྣ པར་གཡེང་བའི་འཇིགས་པ་ལས་ཐར་པར་གྱུར་ཅིག་ཅེས་བརྗོད་དོ། །ཆེ་གེ་མོ་སརྦ་དེ་པ་ཨཱ་བ་ར་ཎ་པ་རི་ཤོ་དྷ་ཡ་སྭཱ་ཧཱ་ཞེས་པ་ལ་སོགས་པ་ལྷག་མ་སྔར་ལྟར་རོ། །འདི་ནི་ཞག་བདུན་ཕྲག་དྲུག་པ་ལྷའི་འཇིག་རྟེན་པ་འཕགས་པ་བྱམས་པའི་ཏིང་ངེ་འཛིན་བྱའོ། ཚིགས་བདུན་པ་ལས་བསྒྲུབ་བྱའི་མཛོད་སྤུར་ཡི་གེ་ཨོཾ་དཀར་པོ་བསམ་མོ། །ལྷ་དང་སྔགས་ཀྱི་འོད་ཟེར་གྱི་རྩེ་མོར་ལྷའི་བུ་དང་ལྷའི་བུ་མོ་བུམ་པ་ཐོགས་པ་དུ་མ་བྱུང་བས་བསྒྲུབ་བྱའི་སྤྱི་བོ་ནས་དབང་བསྐུར་ནས་སྒྲིབ་པ་དག་པས་སྤྱི་བོར་སངས་རྒྱས་རྣམ པ་ཨར་སྣང་མཛད་བཞུགས་པར་བསམ་ཞིང་འོག་མིན་གྱི་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་སྐུའི་འོད་ཟེར་གྱིས་བསྒྲུབ་བྱ་རྣམ་པར་སྣང་མཛད་དང་བཅས་པ་ལ་ཕོག་པ་ཙམ་གྱིས་བསྒྲུབ་བྱའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གདུགས ལྟ་བུའི་རྣམ་པར་གྱུར་ནས། ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་དཀར་པོ་གསལ་བར་དམིགས་སོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཙིཏྟ་པྲ་ཏི་བྱ་དྷཾ་ནཱཾ་ཀ་རོ་ཡ་མི། ཞེས་ཕྱོགས་བཅུ་ན་བསྒྲགས་པའི་དེ་མ་ཐག་ཏུ་ཟླ་བའི དཀྱིལ་འཁོར་གང་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོའི་འོད་ཀྱི་སྤྲུལ་ཤུན་པ་བརྗེས་པ་ལྟར་ཁོག་པ་འདིར་བཞག་ནས། ཁོག་པའི་ནང་ནས་རྣམ་སྨིན་གྱི་ལུས་དང་འདྲ་བ་ཞིག་འོད་ཟེར་ཁྲིད་ནས་པདྨའི་གནས་ཆེན་པོའི་དྲུང་དུ་འཁོད་པའི་ཆེ་ཕྱོགས བཅུའི་སངས་རྒྱས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་སྠཱ་ཨ་ཧ་ཞེས་གསུངས་པ་ཙམ་གྱིས་སྙིང་གའི་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་སྣང་ངོ། །དེའི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དུ་མ་ནས་བྱོན་པའི་སངས་རྒྱས་ཐམས་ཅད བྱོན་ནས། ཀྱེ་རྡོ་རྗེ་དབྱིངས་ཞེས་བརྗོད་ཅིང་རིན་པོ་ཆེའི་བདུད་རྩིའི་ཆུ་དུ་མས་དབང་བསྐུར་བར་བསམ་མོ། །ལྷོ་ཕྱོགས་པ་ཐམས་ཅད་ཀྱིས་རིན་པོ་ཆེའི་དབུ་རྒྱན་བཞག་པར་བསམ་མོ། །ནུབ་ཕྱོགས་བ་ཐམས་ཅད་ཀྱིས་ལག་ཏུ་རྡོ་རྗེ་གཏད་པ དང། བྱང་ཕྱོགས་ལས་དྲིལ་བུ་གཏད་པ་དང། ཞིང་འདི་ཉིད་ཀྱིས་རྣམ་པར་སྣང་མཛད་ཆེན་པོས་མེ་ཏོག་ཕྲེང་བ་དབུ་ལ་བཞག་པའི་དེ་མ་ཐག་ཏུ་སྐུ་མདོག་དཀར་པོ། །ཞལ་བཞི་ཕྱག་བརྒྱད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཞབས་བཞི་སེམས་དཔའ་ཨི་སྐྱིལ ཀྲུང་དུ་བཞུགས་པར་གྱུར་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་སྣང་མཛད་ཆེན་པོ་ཞེས་བརྗོད་པར་བསམ་མོ། །བདེན་པ་དང་སྨོན་ལམ་བརྗོད་པ་ཐམས་ཅད་ཀྱི་མཛའ་ཡང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས། གྲོལ་བར་གྱུར་ཅིག་ཅེས་བརྗོད་ཅིང སྔགས་ཀྱི་མཐར་ཡང་སརྦ་ས་ཀཱ་ད་པ་རི་ཤུདྡྷ་སྭཱཧཱ། ཞེས་བརྗོད་དོ། །འདི་ཐུན་མཚམས་ཐམས་ཅད་དུ་རིག་པའི་དབང་བསྐུར་ཞིང་ཞག་བདུན་གྱི་མཐར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ནས་སངས་རྒྱས་ཀྱི་ཞིང་དུ་ཡང་དང་པོ་སངས་རྒྱས་ཞེས མཚན་བཏགས་པར་བསམ་མོ། །ཚིག་ཐ་མ་གསུམ་པ་འདི་བདག་གི་ཚེ་ལམ་སྤྱད་པ་དང་ལམ་བསྟན་པ་ཐུན་མཚམས་ཐམས་ཅད་དུ་བྱའོ། །དེ་ལྟར་ཚིགས་བདུན་ཕྲག་གི་རྗེས་སུ་སྦྱིན་སྲེག་བྱ་སྟེ། དེ་ཡན་ལྷའི་གྲོང་ཁྱེར་དུ་བསམ་ནས། བསྲེག་རྫས ཀྱི་མཆོད་པ་འམ། ཡང་ན་ཐབ་ཏུ་ལྷའི་དཀྱིལ་འཁོར་བསམ་ནས་རོ་ཞལ་ཟས་སུ་བྱིན་གྱིས་བརླབས་ནས་བསྲེགས་ཏེ་ཐལ་བར་གྱུར་པ་དང་དུས་པའི་ཐལ་བ་དེ་བརྡུངས་ནས་སྔོན་ལྟར་ཚ་ཚའི་ཆོ་ག་?་ནང་དུ་བཅུག་ནས་ཚ་ཚ་བྱའོ། །ཚ་ཚ་དེ་དག་ཀྱང་སྔོན་གྱི་ཚོགས བྱས་པའི་མཆོད་རྟེན་གྱི་ནང་དུ་འམ་ཡང་ན་ཆུ་བོ་ཆེན་པོའི་དགྲམ་དུ་བཞག་གོ་། རོ་བསྲེག་པའི་ཆོ་ག་ཡང་གཞན་དུ་ཤེས་པར་བྱའོ། །འདི་ལྟར་ཆོ་ག་འདིའི་དཀྱིལ་འཁོར་གྱི་རྡུལ་ཚོན་གྱིས་ར་བར?་གཏོར་ན་ཕྱུགས་ནད་མེད་པར་བྱེད་དོ། །ཡང་ཐོག་དང ཚང་མང་དང་ཉལ་སར་གཏོར་ན་མིག་ནད་ལ་སོགས་པ་སེལ་ཏེ། །ཞིང་ལ་གཏོར་ན་འབུ་དང་རྩ་དང་སད་དང་སེར་བ་དང་མྱགས་པ་དང་བསྐམས་པ་ཐམས་ཅད་མེད་པར་བྱེད་དོ། །འདི་ན་ཞག་བདུན་ཕྲག་བདུན་པ་འཇིག་རྟེན་དང་འཇིག་ལས་འདས་པ་དག་པ་སྒྲིབ་པ་རྣམས སེལ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལྟར་བདུན་ཚིག་ཀྱི་ཚུལ་དེ་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས་གསུངས་ཏེ། དགེ་བས་ངན་འགྲོ་ལས་གྲོལ་ཞིང། །ཤེས་རབ་ཀྱི་བྱང་ཆུབ་ཐོབ། །ཕུན་སུམ་ཚོགས་གང་སྔོན་བྱས་ནས། །དེ་བཞིན་ཉིད་རྟོག སངས་རྒྱས་འགྱུར་ལམ་རྒྱུ་བཟང་ཞིང་གསོན་ཚེལ། །དགེ་སྤྱོད་ཤིན་ཏུ་དྲག་པ་ནི། །མཐོ་རིས་སམ་ནི་ཐར་པར་དེས། །དེ་ལ་བར་དོ་མ་མཆིས་སོ། །ལམ་རྒྱུད་དམན་ཤིང་ཚེ་འདི་ཡང། །ངན་སྤྱོད་ཤིན་ཏུ་མང་པོ་རྣམས། །ལྷ་མི་དམན་དང་ངན་འགྲོ་དེས། །དེ་ཉིད་ནམ ཡང་བར་དོ་མེད། །ལས་རྒྱུ་སྣ་ཚོགས་སྣང་མོད་ཀྱང། །དགེ་ལ་སྤྲོ་ཞིང་མི་དགེ་སྤང། །ཅུང་ཟད་སྤྱོད་པའི་མི་གང་དེ། །བར་དོ་དེ་ལ་ཡོད་མིན་ཀྱང། །བདུན་ཕྲག་གཅིག་སོགས་བདུན་གྱི་མཛའ་། །དེ་ལས་ལྷག་པར་མི་གནས་ལགས། །མིའི་ཞག་བདུན་བར་དོའི་ཚེ། ། དེའི་བར་དོ་ཡུད་ཙམ་བདུན། །ཤི་བའི་རྗེས་སུ་དགེ་སྤྱོད་ན། །བར་དོ་བདེ་ཞིང་སྐྱེ་བ་ཡང། །བཟང་པོ་དེ་མ་ཐག་ཏུ་འགྲོ་།སྐྱེ་བ་གཞན་དུ་བདེ་སྤྱོད་འགྱུར། །ཤི་བའི་རྗེས་སུ་ངན་སྤྱོད་ན། །བར་དོ་སྡུག་བསྔལ་སྐྱེ་གཞན་དུ། །དམན་པར་སྐྱེ་ཞིང་ངན་སྤྱོད་འགྱུར། །བརྩེ བ་ཅན་གྱིས་ཤིན་ཏུ་སྤང། །ཞེས་གསུངས་པ་དང། ཡང་དེ་ཉིད་ལས་ཡིད་བཞིན་ནོར་འདྲའི་གཟུངས་འདི་ནི། །དཔལ་དང་འབྱོར་པ་ཀུན་བྱེད་དེ། །ཤི་བའི་དོན་དུ་བརྗོད་པ་འམ། ཡང་ན་ཞག་གངས་བདུན་ཕྲག་བདུན། །དཀྱིལ་འཁོར་ཆེན་པོའི་ལྷ་མཆོད ཕྱིར། བུམ་པ་སཱཙྪ་དང་འབྲེལ་ཅིང། །འགྲོ་གནས་སྡིག་པ་ཀུན་གསལ་བྱ། །སྔགས་དང་ལྷའི་གཟི་བརྗིད་ཀྱིས། །མི་དགེའི་ལས་རྣམས་འགྲོ་གཟུགས་སུ། །རྣམ་སྨིན་ལུས་འབྱུང་ནས་ཀྱང། །རང་རིག་གནས་སུ་སོང་བར་དམིགས། །འགྲོ་བ་དྲུག གི་དུག་བསལ་ནས། །མཐར་ནི་ཐར་བའི་ལམ་བཞག་ཕྱིར། །འདྲེན་པའི་འོད་ཀྱིས་རབ་བསྐུལ་ཏེ། །སངས་རྒྱས་ཞིང་དུ་བཞག་ནས་ཀྱང། །ཐུབ་རྣམས་དེ་ལ་དབང་བསྐུར་མཛད། །རྣམ་དག་སངས་རྒྱས་སྐུ་གྱུར་ནས། །མཚན ཡང་ཆེ་གེ་རྣམ་སྣང་མཛད་ཅེས་ཁ་ལ་སོགས་པ་རྒྱ་ཆེར་གསུངས་སོ། གཞན་ཡང་མཆོད་རྟེན་རྨངས་ཞབས་སུ་ཤི་བ་པོའི་བར་དུ་གཅོད་པ་ཐམས་ཅད་ཀྱི་མིང་བྲིས་ནས་རྫ་སར་བའི་བུམ་པར་བཅུག་ལ་བཞག་གོ། མཆོད་རྟེན་དང་སཱཙྪའི་ཆུ་སྲིད་པ ནི་ཤི་བ་པོའི་རོ་འམ་རུས་པ་འམ་གོས་བཀྲུས་པའི་ཆུས་བྱའོ། །བུམ་པའི་ནང་གི་སྟེང་གི་ཁྲི་ལ་ཡང་ཤི་བ་པོའི་རྟེན་བཞག་གོ་།ཡང་ན་སཱཙྪའི་དུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཀླག་པའི་རུས་པ་གཟུངས་སྔགས་ཀྱི ཆུས་ཁྲུས་བྱས་ནས་སྙིང་པོ་བྲིས་པ་དཀྲིས་ཏེ་སཱཙྪའི་ནང་དུ་གཞུག་གོ་། དེ་ནས་སཱཙྪ་བརྒྱ་རྩ་བརྒྱད་རེ་རེ་ཞིང་དཀྱིལ་འཁོར་བྲིས་ནས་བུམ་པ་གང་བ་དང་བཅས་པ་མཆོད་ཅིང་གཟུངས་སྔགས་བརྗོད་དོ། །དེའི་ཆེ་དཀྱིལ་འཁོར་པའི་ལྷ་ཐམས་ཅད ཀྱིས་བསྒྲུབ་བ་དེ་དབང་བསྐུར་བར་བསམ་མོ། །གཟུངས་ཀྱི་ཆོ་ག་ཚར་བ་དང་བསྒྲུབ་བྱའི་རྟེན་དེ་ལ་ཁྲུས་བྱའོ། །རུས་པ་འམ། གོས་སམ། གཟུགས་བརྙན་སྟོང་ཁྲུས་ཀྱིས་དག་པར་བྱས་པར་འགྱུར་རོ། །ཆོ་གའི་ཚུལ་དེ་དང་ལྡན པའི་སཱཙྪ་སྟོང་གི་ནི་བསྒྲུབ་བྱ་དེ་ལྷའི་དབང་པོར་འགྱུར་རོ། །ཁྲིས་ནི་འཐབ་བྲལ་གྱི་བདག་པོར་འགྱུར་རོ། །འབུམ་གྱིས་མི་དགའ་ལྡན་གྱི་བདག་པོར་འགྱུར་རོ། །ས་ཡས་ནི་འཕྲུལ་དགའ་ཨི་བདག་པོར་འགྱུར་རོ། །བྱེ་བས་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག པོར་འགྱུར་རོ། །དེའི་འོག་ཏུ་གཟུངས་ཀྱི་སྒོ་འབུམ་ཕྲག་ལ་མངའ་རྙེས་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཐོབ་པར་འགྱུར་རོ། །ཞིང་འབུམ་ཕྲག་མཛའ་ཡ་པ་སྦྱོང་བར་འགྱུར་རོ། །ཆོ་ག་ལྷག་མིན་སྔར་ལྟར་བྱའོ། །ཤི་བ་ལ་ཕན གདགས་པའི་རིམ་པའོ། ། །།གཅན་གཟན་དང་ལ་སོགས་པ་ནི་རྒྱུ་དེ་ཕན་གདགས་པའོ། །ཀུན་ནས་སྒོར་འཇུག་པ་ལ་སོགས་པས་ནི་བཟླས་པའི་གྲངས་གསུངས་ཏེ། ལན་སྟོང་ནི་ཤི་བ་ལ་ཕན་གདགས་པའི་བཟླས་བརྗོད་ཀྱི་གྲངས་སོ། །ཁྲི་ནི འཆི་བ་བླུ་བའི་ཚེས་བརྒྱད་ནས་ཉའི་བར་དུ་དགེ་སློང་ལ་སོགས་པ་གང་ཟག་བཙུས་བྱེད་པའི་གྲངས་སོ། །འབུམ་ནི་བསྙེན་པའི་བཟླས་བརྗོད་ཀྱི་གྲངས་སོ། །འབུམ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ཅེས་པ་ནི་སྙིང་པོ་འབའ་ཞིག་བུར་གུམ་དང་གི་ཝང་དང་ཙནདན་ལ སོགས་པས་སྔོན་བཞིན་བྲིས་ནས་ཚ་ཚའི་ནང་དུ་བཅུག་པའོ། །འབུམ་ཐང་ནས་མཆོད་རྟེན་ཆེན་པོ་གཅིག་གི་ནང་དུ་བཅུག་སྟེ། ཤིང་བུ་བསྒྲེང་ཞིང་བརྒྱན་གཏགས་ནས་མཆོད་དོ་ཞེས་པ་ནི་འབུམ་གཏེར་ཆེན་པོའི་རིང་བསྲེལ་ལོ། །དེ་ལ་མཆོད་རྟེན་རིམ་པ་ནི རི་འམ་ཐང་དམ་ལྗོངས་གང་དག། དུར་ཁྲོད་ལ་སོགས་ཡངས་མ་མེད། །ཡིད་འོང་གནས་སུ་རྒྱལ་བ་ཡི། །སྐུ་གདུང་མཆོད་རྟེན་བརྩིག་པར་བྱ། །ཡང་ན་ས་འམ་རྡོ་དག་ལ། །མཁས་པས་ཚུལ་བཞིན་བརྐོ་བར་བྱ། །ས་འམ་རྡོ་འམ་ཤིང་དག་གམ། ། ཡང་ན་ཚོགས་པས་བརྩིག་པར་བྱ། །དེ་ལས་སངས་རྒྱས་ཀྱི་མཆོད་རྟེན་གྱི་ཁྲིས་འཕང་བཅུ་གསུམ་ཡན་ཆད། །སུམ་ཅུ་རྩ་གཉིས་མན་ཆད་དོ། །རང་སངས་རྒྱས་ཀྱི་དགོ་ཡན་ཆད་བཅུ་གཅིག་མན་ཆད་དེ་ཆད་ཁབ་དང་ཏོག་ཀྱང་མེད་དོ། །དགྲ་བཅོམ་པའི་ཁྲི འཕང་བཞི་ཡན་ཆད་དོ། །འཁོར་ལོ་ལྔ་པའོ། །རྒྱུན་ཏུ་ཞུགས་པ་ནས་ཕྱིར་མི་འོང་བའི་བར་གྱི་ཁྲི་འཕང་གསུམ་ཁོ་ནའོ། །འཁོར་ལོ་བདུན་པའོ། །སོ་སོའི་སྐྱེ་བོའི་ཁྲི་འཕང་གཉིས་འཁོར་ལོ་བཞིའོ། །དེ་ལས་སངས་རྒྱས་སྐུ་གདུང་ཆ་བརྒྱད་དུ བགོས་པའི་མཆོད་རྟེན་ཆེན་པོ་བརྒྱད་ནི་གྲོང་ཁྱེར་སེར་སྐྱར་རྒྱལ་པོ་ཟས་གཙང་གིས་ཡོན་བདག་བྱས་ནས་དཔལ་ལྷ་ལས་བབས་པའི་མཆོད་རྟེན་བརྩིགས་སོ། །ཡུལ་མ་ག་བྷ་དབུས་འགྱུར་ཚུལ་དུ་རྒྱལ་པོ་མ་སྐྱེས་དགྲ་ཡོན་བདག་བྱས་ནས་བྱང ཆུབ་ཆེན་པོའི་མཆོད་རྟེན་བརྩིགས་སོ། །གྲོང་ཁྱེར་རྩཝ་མཆོག་ཏུ་གྱད་རྣམས་ཀྱི་ཡོན་བདག་བྱས་ནས་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་བརྩིགས་སོ། །ཡུལ་བ་ར་ཎཱ་སེ་རུ་སེར་སྐྱའི་རྒྱལ་པོ་ཚངས་བྱིན་གྱིས་ཡོན་བདག་བྱས་ནས་དཔལ ཆོས་ཀྱི་འཁོར་ལོའི་མཆོད་རྟེན་བརྩིགས་སོ། །ཡུལ་ཡངས་པ་ཅན་དུ་རྒྱལ་པོ་ལི་ཙ་བཱི་གཞོན་ནུས་ཡོན་བདག་བྱས་ནས་དཔལ་ཀ་ནི་ཀའི་མཆོད་རྟེན་བརྩིགས་སོ། །ཡུལ་གཉན་ཡོད་དུ་རྒྱལ་པོ་གསལ་རྒྱལ་གྱིས་ཡོན་བདག་བྱས་ནས་དཔལ བཀྲ་ཤིས་སྒོ་མངས་བརྩིགས་སོ། །ཡུལ་ཆ་དགེར་རྒྱལ་པོ་འདུན་འཛིན་ཏ་ལས་ཡོན་བདག་བྱས་ནས་དཔལ་འོད་ཅན་གྱི་མཆོད་རྟེན་བརྩིགས་སོ། །ཡུལ་ཏིཀ་ཙ་ཤིར་རྒྱལ་པོ་ཨཻནྡྲ་བི་མས་ཡོན་བདག་བྱས་ནས་མཆོད་རྟེན་པདྨ་ཅན་བརྩིགས་སོ། ། སླན་ཆད་ཀྱང་དེ་དག་གི་རྗེས་སུ་འབྲང་སྟེ་བརྩིགས་པར་བྱའོ། །དེ་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཚུལ་དུ་བརྩིག་ན། སྐུ་གདུང་གི་རྨད་ཡོད་ན་རྨད་རྟེན་ཇི་ལྟར་མཐོ་བ་བཟང་པོ་རྟེན་མེད་ན་བང་རིམ་དང་པོའི་སུམ་ཚའི་ཆད་དོ། །དེའི་སྟེང དུ་དགེ་བཅུ་ནི་ཕྱིར་བསྐྱེད་པ་དང་རྔམས་པར་རིམ་པ་དང་པོ་རྔམས་བྱེད་དོ། །གནམ་འཕང་རི་ལ་བང་རིམ་དང་པོའི་ངོས་ཚད་དོ། །དེ་ཡན་ཆད་སྲོག་ཤིང་སྟེ་བར་རིམ་པ་དང་པོའི་བཞི་གསུམ་གྱི་ཚད་དོ། །བང་རིམ་བཞི་འཕང་མཉམ་མོ། །བང་རིམ རྔམས་ཀྱི་ཕྱིར་ཚད་ཁྲི་འཕང་ངོ། །བུམ་རྟེན་ཁྲི་འཕང་གི་ཕྱེད་ཚད་དོ། །བུམ་པ་ནི་བང་རིམ་དང་པོའི་སུམ་གཉིས་ཀྱི་ཚད་དོ། །སྟོད་ཀྱི་སྐེད་ནི་བང་རིམ་གསུམ་པ་དང་མཉམ་མོ། །བྲེ་རྟེན་གྱི་རྒྱ་ནི་བང་རིམ་བཞི་པའི་ལྔ་ཆ་གཅིག་གོ་།བྲེ་ནི་བང རིམ་བཞི་པའི་བཞི་ཆ་གཅིག་གོ་། དེ་གཉིས་ཀའི་འཕང་ནི་བང་རིམ་གྱི་གསུམ་གཉིས་དང་བང་རིམ་གྱི་ཕྱེད་དོ། །བང་རིམ་བཞི་པའི་ཤར་དང་ལྷོར་གསལ་ཁུང་བར་རིམ་ཉིད་ཀྱི་བརྒྱད་ཆའོ། །སྲོག་ཤིང་གི་རྩ་བ་བང་རིམ་བཞི་པ་ལ་རག་གོ། འཁོར་ལོ་བཅུ་གསུམ་གྱི་འཕང་དུ་བང་རིམ་དང་པོའི་བཞི་གསུམ་གྱི་ཚད་དོ། །འཁོར་ལོ་དང་པོ་ནི་བྲེའུ་ཟུར་བཞི་ལ་སླེབས་སོ། །དེ་བཞི་ཆས་འཁོར་བའི་ཚང་ནི་འཁོར་ལོ་བཅུ་གསུམ་པ་རོ། །བཅུ་གཅིག་པོ་ཡང་དེའི་རིམ་གྱིས་གཞོལ་བའོ། །རྩེགས པར་ཐམས་ཅད་ནི་ཅི་མཛེས་སུ་བྱའོ། །ཐུགས་རྗེས་མདོ་གཟུངས་འཕང་ལོ་ཆུང་བ་དང་མཉམ་མོ། །དེའི་སླད་དུ་རྔམས་ཀྱི་བཞི་གསུམ་ནི་འཇམ་པ་ཉིད་སྟོང་དུ་བཞི་ཆ་གཅིག་ནི་ཕྲེང་བའི་སུལ་བཅུ་དྲུག་པའོ། །དེའི་སྟེང་དུ་འཁོར་ལོ་བཅུ་གསུམ པ་ཉིད་ཀྱི་ཤིང་ཕྱེད་ཆད་ཡང་རྩེ་པྲ་བ་བང་རིམ་ཉིད་ཀྱི་འཕང་ཕྱེད་དོ། །ཡང་སྲོག་ཤིང་འཕང་དུ་ཕྲེ་ཕྱེད་ཙམ་སྟེང་དུ་ཟླ་བའི་རྩེ་མོ་གདུགས་མཉམ་སྲོག་ཤིང་ལ་བསྐོར་ཏེ་རྩེ་མོ་དགད་དོ། །གདུགས་ནི་འཁོར་ལོ་བདུན་པ་དང་མཉམ་མོ། །གདུགས ཁབས་འཁོར་ལོ་དྲུག་པ་དང་མཉམ་མོ། །ཟ་ར་ཚགས་ནི་བྲེའི་འཕང་དང་མཉམ་མོ། །ཡང་སྲོག་ཤིང་འཕང་དུ་བྲེའི་སུམ་ཆའི་ཚད་ཀྱི་སྟེང་དུ་ཉི་མ་ཟླ་བ་ལས་ཁྱད་གཡུང་ཙམ་མོ། །ཉི་མའི་སྟེང་དུ་ཏོག་གི་ཨཽཏཔ་ལ་གསང་པའི་ཏོག་བུ་འདྲ་སྟེ་ཅི་མཛེས ཉི་མ་དང་ཟླ་བ་དང་ཏོག་ཐམས་ཅད་ཀྱི་ཟུར་ལ་བྱ་མི་འཆགས་པར་བྱ་བའི་ཕྱིར་ལྕགས་ཀྱི་ཐུར་མ་རྣོན་པོ་གཟེར་བར་བྱའོ། །ཏོག་ནི་སེར་པོ། །ཉི་མ་ནི་དམར་པོ། །ཟླ་བ་ནི་དཀར་པོ། །གདུགས་ཁབས་ནི་དཀར་པོའོ། །གདུགས་ནི་སྔོན་པོ་གདུགས་ཀྱི་ཕྱོགས བཞིས་རིགས་བཞི་ཕྱག་རྒྱ་བྲིའོ། །ཐུགས་རྗེའི་ཕུལ་ནི་དམར་པོའོ། །ཐུགས་རྗེ་ཉིས་དང་ཤེས་བཅུ་ནི་སེར་པོའོ། །སྲོག་ཤིང་ནི་དམར་པོའོ། །མཆོད་རྟེན་ཀྱང་དབར་པོའོ། །དགེ་བཅུ་ཡང་སེར་པོའོ། །རྨངས་དང་རྨད་རྟེན་ལྗང་གུའོ། །མཆོད་རྟེན་རྩིག་པའི རིམ་པའོ། །ད་ནི་མཆོད་རྟེན་གྱི་བུམ་རྟེན་གྱི་སྟེང་དུ་གདུང་མ་བཞི་རྒྱ་འགྲམ་དུ་ཟི་བར་བྱའོ། །དེ་ཇི་ལྟར་འཚམ་པའི་དཀྱིལ་འཁོར་བཞེངས་པར་བྱ་སྟེ། དཀྱིལ་འཁོར་གྱི་ཚད་དང་མཉམ་པའི་ཞེང་གི་བཞི་བྲིའོ། །དེའི་སྟེང་དུ་རྡོ་ལེབ་ལམ སོ་བཏང་བའི་སོ་པག་ལེགས་པར་བཞིབ་པའོ། །དེའི་སྟེང་དུ་བཀྲ་ཤིས་པའི་སཱཙྪ་མུནད་བཏུབ་པ་དང། བསྲེག་པའི་དྲི་བཟང་པོའི་ཆུས་སྦྲུས་ནས་གྲོ་ཕྱེ་དང་ཤིང་བལ་བཀལ་བས་བསྲེག་པར་བྱའོ། །རྒྱ་ཇི་ཙམ་ཡོད་པའི་བཅུ་དྲུག གམ་བརྒྱད་ཀྱི་ཆ་ནི་འཕངས་སུ་བྱའོ། །གཉེར་མ་དང་སྒོ་འབུར་མེད་པའི་གྲུ་བཞི་པར་བྱའོ། །དེ་ནས་ཐོགས་གདབ་པ་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ལས། སྐྱོན་མེད་རས་བལ་འཇམ་པོ་ནི། ཤིན་ཏུ་གཙང་བའི་བུ་མོས་ནི། །ཤར་དུ་བལྟས་ནས དགུ་བསྒྲིལ་དུ། །སྔགས་འདི་བརྗོད་ཅིང་བཀལ་བར་བྱ། །ོཾ་ཨཱ་ནྱོ་ནྱ་ཨཱ་ནུ་ག་ཏ། སརྦ་དྷརྨཱ་སྤ་ར་སྤ་ར་སརྦ་དྷརྨ་ཨ་ནུ་བྲ་བིཥྚ་སརྦ་དྷརྨ་ཧཱུཾ། ཤར་ནུབ་ལྷོ་བྱང་ཚངས་ཐིག་གདབ། །ཚངས་པ་དང་ངེས་དང་གྲུ་ཆད་གདབ། །ནང་གི་ཕྱེད་ཀྱང ཕྱེད་ཚད་གདབ། །རྒྱབ་ཏུ་ཕྱེད་ཕྱེད་ཚད་བཏབ་ནས། །ལྔ་པ་ཕྱི་ནང་ཆ་རེ་གདབ། །དྲུག་པ་དབུས་དཀར་རྒྱབ་མ་བཀས། །བཞི་བརྒྱབ་ཕྱོགས་བཞིར་དབུས་ཆ་བཞི། །རེ་རེ་ཡང་ནི་བཞི་བཞིར་བགོ། །དེས་ནི་སྒོའི་དཀྱིལ་འཁོར་རོ། །ཕོ་བྲང་ཅི་བདེར་སྒྲུབ པར་བྱའོ། །དེའི་རྒྱབ་ཏུ་ཆ་གཉིས་ཀྱང། །ཕྱེད་ཆ་རེ་རེར་བསྐོར་པ་ནི། །པདྨ་རྡོ་རྗེ་འོད་ཕྲེང་དང། །མཆོད་པ་དགོད་པའི་ས་གཞི་སྟེ་ཞེས་པའི་ཚུལ་གྱིས་ཐིག་བཏབ་ནས་ས་ཚོན་བཀྱེ་བས་གྲུ་བཞི་སྒོ་བཞི་རྟ་བབས་དང་དྲ་ཤར་དང་ཟླ་མཛེས དང་བ་དན་ལ་སོགས་པའི་དཀྱིལ་འཁོར་གྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་བྲིའོ། །ཕྱི་རོལ་ཏུ་ར་བ་རིམ་པ་གསུམ་ནི་སྣ་ཚོགས་པདྨ་དང་རྡོ་རྗེ་སྔོན་པོའི་ཕྲེང་བ་དང་དམར་སེར་མེ་འོད་འབར་བ་ཐམས་ཅད་དུ་ཟླུམ་པོ་དྲང་པའོ། །དཀྱིལ འཁོར་དེ་ལ་ལྷའི་རྟེན་དགོད་པར་བྱ་སྟེ། སྐུ་འམ་ཙ་ག་ལི་འམ་ཕྱག་རྒྱ་འམ་མིང་ཡིག་ཀྱང་རུང་སྟེ། ཚོན་མ་ལུས་བ་བྲིས་ནས་དགོད་པར་བྱའོ། །དེའང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ལས། ཕུང་པོ་ལྔ་དང་བཅོ བརྒྱད་ཁམས། །འབྱུང་བཞིར་བཅས་པའི་ལུས་ཀྱིས་ནི། །དཀྱིལ་འཁོར་ཆེན་པོ་འདི་བལྟས་ན། །མི་དེ་མྱུར་དུ་གྲོལ་བར་འགྱུར་ཞེས་སོ། །དེ་ནས་ལུས་དཀྱིལ་འཁོར་ཅི་ལྟ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་ལའང་ལྷ་ཉི་ཤུ་རྩ་བདུན་དུ་ངེས་སོ། །དེའང་གཟུགས ཀྱི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ལ་སོས་གཙོ་བོ་ཡབ་ཡུམ་ལ་ལྷ་མོ་ཉི་ཤུ་རྩ་དྲུག་གི་བསྐོར་བའོ། །རིག་སྔགས་ཀྱི་དཀྱིལ་འཁོར་ལྷ་མོ་དང་བྱང་ཆུབ་སེམས་དཔའ་ཨོ། །གསང་སྔགས་ཀྱི་དཀྱིལ་འཁོར་ལ་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང ཁྲོ་བོའོ། །འོན་ཀྱང་ཉི་ཤུ་རྩ་བདུན་དེ་དག་ཀྱང་ཕྱོགས་དང་ཁ་དོག་གི་བྱེ་བྲག་གི་ལྷ་རེ་རེ་ཡང་བཞི་བཞིར་འགྱུར་ལ་དེ་ལྟར་ན་རིགས་འདུས་པའི་ལྷ་བརྒྱ་རྩ་བརྒྱད་དོ། །དེ་ཉི་ཤུ་རྩ་ལྔར་འདུ་ཞིང་དགུ་དང་ལྔ་དང་གཅིག་ཁོ་ནར་ཡང་ངེས་སོ། །དེ་བརྒྱ་རྩ་བརྒྱད་ཀྱི་དབང་དུ བྱས་ནས་དབུས་སུ་རྣམ་པར་སྣང་མཛད་ཆེན་པོ་ཞལ་བཞི་ཕྱག་བརྒྱད་ཞབས་བརྒྱད་པ་ཡུམ་དང་བཅས་པའོ། །གཡས་སུ་ཉི་མ་རྣམ་པར་སྣང་མཛད་དོ། །གཡོན་དུ་ཟླ་བ་རྣམ་པར་སྣང་མཛད་དོ། །ཤར་དུ་མི་སྐྱོད་པ་ལ་རིགས་བཞི་དང་སྤྱན་མ་ལ་སོགས་ པ་བཞི་དང། གཟུགས་རྡོ་རྗེ་མ་ལ་སོགས་པ་བཞི་དང། ལཱ་སེ་ལ་སོགས་པ་བཞིས་བསྐོར་བའོ། །དེ་ཁོ་ན་བཞིན་དུ་ལྷོ་དང་ནུབ་དང་བྱང་དུ་ཡང་ཤེས་པར་བྱའོ། །དེ་ནི་དབུས་ཀྱི་ཕོ་བྲང་ངོ། །དེ་ཡང་སྒྲིབ་པ་རྣམ་པ་སེལ་བའི་རྒྱུད་ལས། །ཐབས་དང ཤེས་རབ་རང་བཞིན་གྱི། །དཀྱིལ་འཁོར་གཙོ་བོ་རྣམ་སྣང་མཛད། །མདོག་སྐྱ་བྱང་ཆུབ་མཆོག་གི་རྒྱ། །ཞལ་བཞི་པ་ལ་ཕྱག་བརྒྱད་དོ། །རིག་བ་ཀུན་གྱི་འབྱུང་གནས་མཆོག། ཟླ་བ་ཉི་མ་རྣམ་སྣང་མཛད། །ཉི་མ་ཟླ་བ་འཆང་བའོ། །ཕྱོགས་བཞི་ཕོ་བྲང དབུས་སུ་ནི། །རྡོ་རྗེ་རིན་ཆེན་པདྨའི་རིགས། །ལས་ཀྱི་རིགས་རྣམས་སོ་སོར་ཡང། །རང་རིགས་སངས་རྒྱས་སྲས་པོ་དང། །སྤྱན་མ་བདག་མོ་གོས་དཀར་སྒྲོལ། །གཟུགས་སྒྲ་དྲི་རོ་ལྷ་མོ་དང། །སྒེག་མོ་གར་ཕྲེང་གླུ་མ་རྣམས། །ཕྱོགས མདོག་རིགས་ཀྱི་ཕྱག་རྒྱ་ཅན། །གཡོན་པ་དང་རྟགས་ཕྱག་རྒྱ་འཆད། །ལྡེམ་བག་ཞི་བའི་ཚུལ་དུ་བསམ་ཞེས་པ་དང། ཡང་བྱང་ཆུབ་སེམས་དཔའ་སུམ་བཅུ་གཉིས། །ལྷ་ཡི་སྣམ་བུར་དགོད་པར་བྱ། །རིག་པའི་ལྷ་མོ་ཁྲོ་མོ་ཆེ། །མོས་པས་སྒོ་ལ དགོད་པར་བྱ། ཞེས་གསུངས་སོ། །དེའི་རྒྱབ་ཏུ་ལྷ་སྣམ་ལ། །བསྐལ་བཟང་སེམས་དཔའ་བཅུ་དྲུག་གོ་།སྒོ་བཞིར་ལྷ་མོ་བཞིའི་ཁྲོ་བོ་བཞི་དབུས་ཀྱི་གཙོ་བོ་ལ་ཡང་གཟུངས་ཀྱི་ཚུལ་དུ་བསྒྲུབ་པ་ལ་ལྷ་མོ་བཞིའོ། །རིག་སྔགས་དང་གསང་སྔགས་ཀྱི་ཚུལ་དུ་སྒྲུབ་པ་ལ རིགས་བཞི་ཉིད་དོ། །ཡང་དབུས་སུ་རིགས་ལྔ་མཚམས་སུ། །སྤྱན་མ་ལ་སོགས་པ་བཞི་དང་ཕོ་བྲང་གི་དབུས་སུ་གཟུགས་རྡོ་རྗེ་ལ་སོགས་པ་བཞི་དང། སྒོ་བཞིར་ལྕགས་གྱུ་མ་ལ་སོགས་པ་འམ་ཡང་ན་ཁྲོ་མོ་བཞིའོ། །སྒོའི་ནང་གི་ལྷ་རྣམས་ལ་བྱང་ཆུབ་སེམས དཔའ་ཟུང་རེ་སྟེ་བརྒྱད་དོ། །རྟེན་དེ་དག་བཀོད་ནས་དཀྱིལ་འཁོར་ཡོལ་བ་དམར་པོ་དང་བླ་རེ་སྔོན་པོས་བྱའོ། །ཅོད་པན་དང་བ་དན་དང་རྒྱལ་མཚན་དང་གཟུགས་ལ་སོགས་པ་ངོས་རེ་རེ་ཡང་བརྒྱད་བརྒྱད་མངོན་པར་འདུ་བྱ་སྟེ་ལེགས་པར་དགོད། དེའི སྟེང་དུ་ཁྲི་བཅས་ནས་ཡོན་གྱི་བདག་པོ་གང་དེའི་གོས་ལ་སོགས་པ་དང་གཟུགས་བརྙན་བཞག་པར་བྱའོ། །དེ་ནི་དཀྱིལ་འཁོར་གྱི་རིམ་པའོ། །ད་ནི་དཀྱིལ་འཁོར་དེ་ལ་མཆོད་པར་བྱ་སྟེ། ལྷའི་གྲངས་ཀྱི་མཆོད་པས་དཀྱིལ་འཁོར་དེ་ཡོངས་སུ་སྐོར་ནས སྒྲུབ་པ་པ་ཕྱོགས་བཞིར་བཞུགས་ཏེ། ཇི་ལྟར་བཀོད་པའི་དཀྱིལ་འཁོར་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་པར་ལྷའི་ཚོགས་དང་བཅས་པ་སྐད་ཅིག་གིས་དམིགས་ནས་རང་བཞིན་གྱིས་ལྷ་བཅུག་སྟེ། ནམ་མཁར་ཟླ་བའི་དཀྱིལ འཁོར་ལ་གནས་པའི་ཨོཾ་ཡིག་ལས་འཕྲུལ་བའི་ལྷ་མོའི་ཚོགས་ཀྱིས་མཆོད་པར་བསམ་ཞིང། གཞུང་གཞན་དུ་གསུངས་པའི་ཚིགས་བཅད་དང་སྔགས་དུ་མས་མཆོད་ཅིང་བསྟོད་པར་བྱའོ། །སིལ་སྙན་དུ་མའི་ཚོགས་དཀྲོལ ཞིང་བཀྲ་ཤིས་ཀྱི་གླུ་དུ་མ་དང་སྨོན་ལམ་དུ་བརྗོད་པར་བྱའོ། །དེ་ལ་བཀྲ་ཤིས་ནི། །རྨི་ངན་འཇིགས་དང་སྡིག་པ་ཐམས་ཅད་འཇིགས་བྱེད་པ། །ཚེ་དང་འབྱོར་དང་སྟོབས་དང་བདེ་བ་རྣམས་འཕེལ་བ། །ཁྱེད་ཀྱི་བཀྲ་ཤིས་ཐམས་ཅད་འགྲུབ་པར་བྱེད། འདི་དག་རབ ཏུ་བརྗོད་ཀྱིས་དེ་ཕྱིར་མི་རྣམས་བསྒྲིམས་ཏེ་ཉོན། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། །དགོངས་པ་མཛའ་དག་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང འདིར་ཞི་བྱེད་ལེགས་གྱུར་ཅིག་། མི་ཁྲུག་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་གང་ཡིན་དང། །དགེ་བ་ཉམས་སེམས་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད ལེགས་གྱུར་ཅིག་། སངས་རྒྱས་ཡོན་ཏན་ཀུན་གྱིས་རྒྱན་གྱིས་བརྒྱན་མཛད་ཅིང། །ཡང་དག་སྦྱིན་མཛད་འགྲོ་བའི་དོན་ལ་མི་བསླུ་བའི། །རིན་ཆེན་འབྱུང་ཞེས་བྱའི་བཀྲ་ཤིས་གང་ལེགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག། བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་པ། །ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག་། སེམས་ཅན་རྣམས་ཀྱི་དོན་ལ་ཐུགས་ནི་རབ་ཏུ་དགོངས་མཛད་དེ། །འགྲོ་བ་མཛའ་དག་འཆིང་བས་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག་། སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །གསེར་གྱི་མདོག་ཅན་འགྲོ་བའི་རྩ་ལག་གཅིག་པུ་དང། །ཆོས་དང་དགེ་འདུན་ལྷ་དང་ལྷ་མིན་གྱིས་བསྟོད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བདུད་སྟོབས་རབ་ཏུ འཇོམས་པའི་བཀྲ་ཤིས་གང་ཡིན་དང། །རྣམ་སྣང་མཛད་དང་ཐམས་ཅད་སྐྱོབས་དང་རྣམ་པར་གཟིགས། །ཀུན་ཏུ་མཆོད་ཅིང་རྒྱས་པར་གྱུར་པ་གཟིགས་ཆེན་མཆོག་།བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨའི་བླ་དང ཤཱཀྱ་ཐུབ་པ་ཐུབ་དབང་ཐུབ་ཆེན་དང། །ཡེ་ཤེས་དབང་ཕྱུག་སྤྱན་ལེགས་པ་དང་ཟླ་ཞལ་དང། །འབྲུག་གི་སྒྲ་དང་རྔ་སྒྲ་ལྟ་བུར་དབྱངས་སྙན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འོད་ཟེར་རྒྱལ་མཚན་དང་ནི་གསེར་ཐུབ་འོད་ གསུངས་དང། །མར་མེ་མཛད་དང་ཤིན་ཏུ་བརྗིད་པར་གཤེགས་པ་དང། །འདྲེན་པ་གཙུག་ཏོར་ཅན་དང་འོད་ཏོག་དཔག་མེད་འོད། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨ་མཛེས་དང་ཡེ་ཤེས་སྟོབས་དང་ཟླ་འོད་དང། །ཉི་མའི་ཞལ དང་དགྲ་ལས་རྒྱལ་དང་རྒྱལ་བལྟམ་དང། །ཡོན་ཏན་འབྱུང་གནས་དཔལ་གྱི་གཟི་བརྗིད་འཇིག་རྟེན་གཙོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །མི་འཁྲུགས་པ་ནི་རྡོ་རྗེའི་གདན་ལ་བཞུགས་པ་དང། །འདྲེན་པ་མཆོག་སྦྱིན་རིན་ཆེན ཏོག་ཏུ་བྱས་པ་དང། །རྣམ་པར་སོལ་དང་ལག་ན་རིན་ཆེན་རྒྱལ་པོ་མཆོག་།བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇིག་རྟེན་དབང་ཕྱུག་རྟག་ཏུ་རྒྱལ་དབང་གཙུག་ཏོར་ཅན། སྟོན་ཟླ་དྲི་མེད་ལྟ་བུར་ཞལ་རས་མཛེས་པ་དང།། ནམ་མཁའ་སྙིང་པོ་དང་ནི་སའི་སྙིང་པོ་དག་། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བྱམས་པ་ཤིན་ཏུ་རྨད་དུ་བྱུང་བའི་གཟུགས་མངའ་བ། །ལྕང་ལོ་ཁྲི་མདའ་མཆོད་རྟེན་གཙུག་ཏོར་གནས་པ་དང། །ཀུན་ཏུ་བཟང་དང་ནོར་བཟང དང་ནི་སྒྲ་གཅན་འཛིན། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །སྐུལ་བྱེད་མ་དང་སྒྲོལ་མ་ཁྲོ་གཉེར་འགྲོ་ཕན་དང། །དེ་བཞིན་ཤེས་རབ་ལ་སོགས་ཕ་རོལ་ཕྱིན་དྲུག་དང། །རྨ་བྱ་དང་ནི་འཕགས་མ་གཞན་གྱིས མི་ཐུབ་དག། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། གཙུག་ཏོར་ལས་བྱུང་གསང་སྔགས་རྗེས་འཛིན་བཅས་པ་ཨདང། །ཕྱིར་བཟློག་མ་དང་བསིལ་བའི་ཚལ་ནི་རྒྱ་ལས་འཁྲུངས། །ལྷ་མོ་རི་ཁྲོད་ལོ་མ་ཅན་དང་བཅས་པ་རྣམས། །བཀྲིས རྣམ་པར་སྤལ་ཕྱིར་རྟག་ཏུ་དྲན་པར་བྱེད། །དོན་ཡོད་གྲུབ་དང་སྟོང་ཆེན་རབ་ཏུ་འཇོམས་མ་དང། །གྲོང་ཁྱེར་བ་ར་ཎཱ་སེ་ཞེས་བྱར་གྲགས་པ་དང། །པདྨའི་སྙིང་པོ་གཅིག་དང་ཀུ་ཤའི་གྱད་ལྡན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད།། རྡོ་རྗེ་ལྕགས་ཀྱུ་དང་ནི་གཙུག་འཕྱང་འདོད་པོ་ཆེ། །དེ་བཞིན་བགེགས་འཇོམས་འཕགས་པ་བདུད་རྩི་ཐབས་སྦྱོར་དང། །ཟླ་འོད་དེ་ཡང་གཞོན་ནུའི་གཟུགས་དང་ལྡན་པ་ནི། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །གཤིན་རྗེ་གཤེད་པོ་འཇིག རྟེན་ཀུན་ཏུ་འཇོམས་མཛད་དང། །པདྨ་མཐར་བྱེད་གནོད་མཛེས་དེ་བཞིན་འཁོར་ལོ་ཅན། །གཞན་གྱིས་མི་ཐུབ་དབྱུག་སྔོན་བསྣམས་པར་མཛད་པ་དག། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕགས་པ་མི་གཡོ་བགེགས་རིགས་རབ ཏུ་འཇོམས་པ་དང། །ཕུན་སུམ་ཚོགས་བྱེད་རྨུགས་འཛིན་ཨཽཏཔལ་མདོག་ཅན་དང། །གླང་ཆེན་ཀོ་རློན་སྟགས་ལྤགས་དག་གིས་བརྒྱན་གྱུར་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕགས་པ་ཤཱ་རིའི་བུ་དང་མོ་གལ་འོད་སྲུང དང། །ནོར་བུ་འཛིན་དང་མ་འགགས་ཉེ་བ་འཁོར་དང་བཅས། །རབ་འབྱོར་དང་ནི་ལུས་འཕགས་རི་བོ་ཀུན་དགའ་བོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །སྟོབས་ཆེན་བགེགས་ཀྱིས་རིགས་ནི་རབ་ཏུ་འཇོམས་པ་དང། །འོད ཟེར་དང་ལྡན་དང་ཆ་བྱད་རབ་ཏུ་འཚར་བ་དང། །དུག་སེལ་སྤྲུལ་གདུགས་རབ་ཏུ་རྒྱགས་པ་འཇིག་རྟེན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕྲོག་མ་རྣ་ཆ་རྣམ་པ་སྣ་ཚོགས་གཡོ་འགུལ་བ། །བུ་ཕོ་ལྔ་བརྒྱད དག་གིས་བརྒྱན་པར་གྱུར་དེ་དང། །གནོད་སྦྱིན་བདག་པོ་ལྔ་རྩེན་དང་ནི་པདྨའི་མིག་།བཀྲ་ཤིས་རྣམ་པར་སྤེ་བ་ཕྱིར་རྟག་ཏུ་དྲན་པར་བྱེད། །ཧ་ལ་ཧ་ལ་སེམས་ཅན་ཀུན་ལ་ཕན་མཛད་དང། །རིན་ཆེན་སྒྲོན་མར་གྲགས་དང་ནོར་གྱི་རྒྱུན་མཆོག དང། །གནོད་སྦྱིན་བདག་པོ་རྣམ་ཐོས་སྲས་པོའི་དཔལ་ཐོབ་བ། །བཀྲ་ཤིས་ཐམས་ཅད་སྒྲོལ་བ་སྦྱིན་ཕོང་དམ་པ་གཟིགས་ཆེན་དང། །བྱམས་པའི་སྟོབས་ནི་སྟོང་པའི་སྟོབས་ཆེན་ལྡན་པ་དག་།སྤྲིན་གྱི་ཏོག་དང་ལྡན་པའི་བུ་ནི་གང་ཡིན་པ། །བཀྲ་ཤིས་རྣམ་པར སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །རབ་ཏུ་དགའ་བ་ལ་སོགས་ས་བཅུ་རེ་དག་དང། །དཔའ་བས་བྱིན་པ་དེ་དང་གཙུག་ན་ནོར་བུ་དང། །རྒྱལ་པོ་དམ་པ་ཟས་གཙང་ཀ་བ་ནི། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལུམ་པའི་ཚལ་ནི བུང་བ་ལང་ལོང་འཕུར་ལྡིང་ཞིང། །མེ་ཏོག་འབྲས་བུ་རྣམ་པ་སྣ་ཚོགས་རྣམས་ཀྱིས་བརྒྱན། །རྨ་བྱ་དང་ནི་ཁུ་བྱུག་མང་པོའི་སྒྲ་འབྱིན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བཙུན་མོ་སྒྱུ་འཕྲུལ་དང་ནི་དེ་བཞིན་གཽ་ཏ་མི།། ཤཱཀྱའི་བུ་མོ་རྫུ་འཕྲུལ་ཆེན་མོ་གྲགས་འཛིན་དང། །ནཻ་རཉྫ་ན་བསོད་ནམས་ལྡན་པ་འབབ་ཆུར་བཅས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇིག་རྟེན་དབང་ཕྱུག་པདྨ་བུང་བའི་ཁྱུ་ལྡིང་དང། །འཇམ་དཔལ་ཨཽཏཔལ་སྔོན་པོ་ཡིད་དུ་འོང་བ དང། །མགོན་པོ་བྱམས་པ་ཡི་ནི་ཀླུ་ཤིང་མེ་ཏོག་བསྣམས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །དོན་ཡོད་གྲུབ་པའི་ལས་བསྣམས་རལ་གྲི་མཆོག་དང་ནི། །མི་བསྐྱོད་རྡོ་རྗེ་རྡོ་རྗེའི་ཉིད་དང་གཞན་ཡང་ནི། །སྐྱོབ་པ་ཐམས ཅད་ཀྱི་ནི་ཕྱག་མཚན་མ་ལུས་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ཡིད་བཞིན་ནོར་བུ་འདོད་འཇོའི་བ་དང་བཅས་པ་དང། །དཔག་བསམ་གྱིས་ནི་ཤིང་དང་བུམ་པ་བཟང་པོ་དང། །རྒྱལ་བ་ཀུན་གྱིས་ངེས པར་བསྟེན་པའི་བྱང་ཆུབ་ཤིང། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལམ་འཇུག་དུས་དང་ནོར་དང་འབྲུ་རྣམས་སྡུད་པ་དང། །ནང་པར་དུས་སམ་ཡང་ན་ཞི་བའི་ལས་བྱེད་ཚེ། །དགའ་སྟོན་ཀུན་ན་འཇུག་དང་དགོས་པ་སྒྲུབ་པ་དང། །མིང་མཚན་འདི་དག མི་ཡིས་རབ་ཏུ་བསྒྲེམས་ཏེ་ཉོན། །རྒྱལ་བ་དག་དང་རྒྱལ་བའི་སྲས་ཀྱི་མཚན་འདི་མ་ལུས་པར། །ལྷ་ལ་གུས་བཞིན་ཉིན་ཅིག་བཞིན་དུ་ནང་པར་སུ་བརྗོད་པ། །དེ་ནི་དམྱལ་བ་ཡི་དགས་གནས་སུ་མི་སྐྱེ་ནད་མེད་ཅིང། །དཔལ་དང་བསོད་ནམས་ནོར་དང་བཀྲ་ཤིས་རྣམ པར་འཕེལ། །ཆེ་བའི་ཆེ་མཆོག་དཀོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་བརླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་ལྡན་ཉིན་མཚན་བཀྲ་ཤིས་ཤོག། འབྱུང་པོ་གང་དག་དེང་འདིར་ལྷག་གྱུར་ཏེ། །སའམ་འོན ཏེ་བར་སྣང་འཁོར་བ་དང། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག་།རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་བརླབས་ཀྱིས། །བདེན་པ་འདི་གསུངས་དེ་ལ་སྡིག་མེད་ཅིང། །ལྷར་བཅས་ལྷ་མིན་གྱིས་རྟགས་མཆོད འོས་བའི། །བདེན་པ་འདིས་ནི་དེང་འདིར་བདེ་ལེགས་ཤོག་།ཕྱོགས་བཞི་ནས་སྙན་པ་བརྗོད་པར་བྱའོ། །སྨོན་ལམ་ནི། ཨོཾ་བདེ་གཤེགས་རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨ་སྣ་ཚོགས་རིགས་ཀྱི་རྒྱལ་བ་དང། །གསང་སྔགས་འདིའི་བྱིན་བརླབས་ཀྱི། །ཟག་མེད་ཡེ ཤེས་སྣང་བའི་བརྒྱན། །ནམ་མཁའ་ཨི་མཛའ་དང་མཉམ་པ་སྟེ། །མྱུར་བ་ཉིད་དུ་སྐྱེ་བར་ཤོག་།མིག་དང་རྣ་བའི་མངོན་ཤེས་དང། །གཞན་གྱི་སེམས་དོན་ཤེས་པ་དང། །སྔ་ཕྱི་སྐྱེ་གནས་ཤེས་པ་དང། །རྫུ་འཕྲུལ་དུ་མ་བསྒྱུར་བ་ཡང། །ད་ལྟ་ཉིད་དུ་ཐོབ་པར་ཤོག་།ཆུ སྟེང་འགྲོ་དང་རིགས་མྱུར་ཕྱིན། །མིག་སྨན་བུམ་པ་གཏེར་དང་ནི། །རལ་གྲི་གཟུངས་ནས་མཁའ་ལ་འགྲོ། མི་སྣང་བསྒྱུར་ལུས་ཐོབ་པར་ཤོག་།ས་འོག་འགྲོ་དང་གཏར་མཐོང་དང། །བཅུད་རྣམ་རྙེད་ཅིང་རིང་འཚོང་ངོ། །གཞན་ལུས་དང་པོ་བསྒྱུར་བ་དང།། མདོག་བཟང་ན་རྒ་མེད་ཐོབ་ཤོག་། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །འགྲོ་དོན་སྣ་ཚོགས་ཅི་འདོད་པ། །རང་དང་སྐལ་བ་ཇི་བཞིན་དུ། །ཐོགས་པ་མེད་པར་བྱེད་པར་ཤོག་།གལ་ཏེ་ལེ་ལོའི་རྐྱེན་གྱིས་གོལ་གྱུར་ནས། །འབྲས་བུ་དམ་པ་མྱུར་དུ མ་རྙེད་ཀྱང། །བདེ་འགྲོ་མཐོ་རིས་ལྷ་དབང་དམ་པ་དང། །ཆོས་ལྡན་ཡུལ་དབུས་མི་ལུས་ཐོབ་པར་ཤོག། དེ་ནས་བླ་མེད་བྱང་ཆུབ་མ་ཐོབ་པར། །ལས་ཀྱིས་འཁོར་ལོས་སྲིད་གསུམ་གར་སྐྱེས་ཀྱང། །ལུས་དང་སྲོག་ནི་ཡལ་བར་གྱུར་ཀྱང་རུང། །བླ་མེད བྱང་ཆུབ་སེམས་ནི་མི་གཏོང་ཤོག་། བླ་མེད་བྱང་ཆུབ་མ་ཐོབ་པར་དུ་ནི། །ལུས་དང་སྲོག་ལ་ཆགས་པ་མེད་པར་ཡང། །བག་ཡོད་མགོ་ལ་མེ་འབར་ཇི་བཞིན་དུ། །བརྩོན་འགྲུས་ཆེན་པོ་རྒྱུན་མི་འཆད་པར་ཤོག་།བདག་དང་གཞན་དོན་བྱང་ཆུབ་བསྒྲུབ་པ ལ། །བར་ཆད་མེད་ཅིང་བརྩོན་པ་མ་གཏོགས་པ། །འཇིག་རྟེན་དག་ན་སེམས་ནི་སྐད་ཅིག་ཀྱང། །བདག་གིས་དོན་མེད་གཡེང་བར་མ་གྱུར་ཅིག་།ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པ་ལ། །མི་དགེ་གཞན་གྱི་དབང་དུ་མ་གྱུར་ཅིག་།ཆོ་ལ་ནད་ཀྱི་བར་ཆད མེད་པ་དང། །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་པར་ཤོག་།དགེ་བཤེས་དམ་པ་རྣམས་དང་མི་འབྲལ་ཞིང། །རྣལ་འབྱོར་བརྩོན་པའི་གྲོགས་དང་འགྲོགས་པ་དང། །སྐྱོན་བྲལ་སེམས་དང་སྤྱོད་པ་མཐུན་པ་ཡིས། །འཇིག་རྟེན་དམན་པའི་གནས ལ་ཆགས་མ་གྱུར། །བྱང་ཆུབ་རང་བཞིན་བྱང་ཆུབ་ཐོབ་པའི་རྒྱུ། །ཤེས་རབ་ཆེ་དང་སྙིང་རྗེ་ཆེ་ལ་སོགས། །བདག་ཅག་ཚེ་རབས་ཀུན་ཏུ་མི་འབྲལ་ཞིང། །རྣམ་མཐར་མངའ་བའི་སྒོར་ནི་འཇུག་པར་ཤོག་།རྒྱལ་སྲིད་མཐོ་རིས་སྡུག་དང་གཉེན བཤེས་དང། །འདོད་པའི་ཡོན་ཏན་ལྔ་པོ་ཐམས་ཅད་དང། ཐབས་ལ་མཁས་པའི་སྤྱོད་ཡུལ་མ་གཏོགས་པ། །ཤེས་རབ་མཆོག་གིས་གང་ལའང་ཆགས་མ་གྱུར། །གཞན་དོན་འཁོར་བར་རྣམས་སུ་སྤྱོད་པ་ན། །སྡུ་བའི་དངོས་དང་ཕ རོལ་ཕྱིན་ལ་སོགས། །ཐབས་ལ་མཁས་པའི་སྤྱོད་པ་སྣ་ཚོགས་ཀྱིས། །འགྲོ་བ་རྣམས་སུ་བྱང་ཆུབ་སྤྱོད་པར་ཤོག། དེ་བཞིན་དུ་གཞན་ཡང་སྨོན་ལམ་གཏབ་པར་བྱའོ། །དེ་ནི་དཀྱིལ་འཁོར་མཆོད་པའི་རིམ་པའོ། །དེ་ནས་མཆོད་རྟེན་ཡང་དང་ཡང་དུ་དྲི་ཞིམ་པོའི་ཆུ བའི་ལྕི་བ་དང། བཅས་པར་བྱུགས་ཏེ། སྔོན་ལྟར་ཐིགས་བཏབ་ལ་ལྷའི་ཕོ་བྲང་ཐམས་ཅད་དང་སྒོ་ལ་སོགས་པ་ཐམས་ཅད་ཀྱི་རིས་སུ་བྲིས་ནས་པདྨ་དང་ཟླ་བའི་སྟེང་དུ་མེ་ཏོག་ཚོམ་བུ་ལྷ་གྲངས་སུ་བཞག་ནས། ཞིང་ཁམས་བྱེ་བ་ཕྲག་བརྒྱ་དཀྱིལ་འཁོར་གྱི ཁང་པ་བརྗོད་ཀྱིས་མི་ལང་པར་ཁེངས་པར་བསམས་ནས་ཚ་ཚ་རེ་རེ་ཞིང་དཀྱིལ་འཁོར་རེ་རེ་རུ་བསམས་ནས། ཚོམ་བུ་ལྷ་གྲངས་སུ་བཞག་ནས་བརྒྱ་འམ་སྟོང་དམ་ཁྲི་འམ་འབུམ་མམ་ས་ཡའི་བར་བཞུགས་པར་བྱའོ། །མཆོད་རྟེན་གཅིག་གི་ནང་དུ་བྱེ་བ་ལས ལྷག་པ་བཞུགས་པར་མི་བྱའོ། །དེ་ནས་སྐུ་གདུང་གི་ནང་གི་ཁྲི་འམ་ཐམས་ཅད་དུ་བྱུང་སྟེ། །སྒོ་བཅད་ནས་ལེགས་པར་ཞལ་བྱུག་བྱའོ། །འདི་ནི་སཱཙྪ་བཞུགས་པའི་རིམ་པའོ། །དེའི་འོག་ཏུ་མཆོད་རྟེན་གྱི་དངོས་ཐམས་ཅད་དུ་ཐུར་མ་མང་དུ་བཙུགས་ནས་དེ ལ་མེ་ཏོག་ཕྲེང་བ་དང་བར་ན་སོགས་པས་ཕྲེང་བའི་ཚུལ་དུ་བརྒྱན་པར་བྱའོ། །མཆོད་རྟེན་གྱི་ཕྱོགས་བཞིར་མཆོད་པའི་དཀྱིལ་འཁོར་བཞི་བྱས་ཏེ། ཡོན་ཆབ་ལ་སོགས་པའི་མཆོད་པའི་བྱེ་བྲག་དངོས་སུ་བཤམས་པ་དང། འདོད་པའི་ཡོན་ཏན་གྱི་ཚོགས དང། ནོར་བུ་དང། འཁོར་ལོ་དང། རྟ་དང། གླང་པོ་ཆེ་དང། བཙུན་མོ་དང། བློན་པོ་དང། དམག་མི་ལ་སོགས་པ་ནི་བཅོད་པའི་ཚུལ་དུ་བྱས་ནས་ཚིགས་སུ་བཅད་པའི་དབྱངས་དང་བཅས་པའི་དབུལ་བར་བྱའོ། །ཕྱོགས་བཞིར་མདོ་བཞི་བཀླག བར་བྱའོ། །དེའི་འོག་ཏུ་སྙིང་པོ་ཉི་ཚིག་རྫོང་ཅིང་བསྐོར་བ་བརྒྱ་རྩ་བརྒྱད་བྱ་སྟེ། བཀྲ་ཤིས་བརྗོད་ལ་སྨོན་ལམ་གདབ་པར་བྱའོ། །དེ་ཡང་མཆོད་རྟེན་ནི་མཆོད་རྟེན་ཆེན་པོ་རིན་པོ་ཆེའི་སྙིང་པོ་ནམ་མཁའ་མ་ལུས་བ་ཁྱབ་པ་ཁ་དོག་སྣ་ཚོགས་པ་གྲུ་བཞི་སྒོ བཞི་པ་རིན་པོ་ཆེ་དུ་མ་ལས་གྲུབ་པ་འོད་ཀྱི་སྣང་བ་དང་ལྡན་པ་བསམ་མོ། །སཱཙྪ་རེ་རེ་ཡང་གཞལ་ཡས་ཁང་རེ་རེར་བསམས་ཏེ་བུམ་པའི་ནང་དུ་ཇི་ལྟར་བཀོད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་དང་གྲངས་མཉམ་པར་བསམས་ནས ཁྲུས་བྱས་ནས་རང་བཞིན་གྱི་ལྷ་དང་གཉིས་སུ་མེད་པར་བྱས་ནས་བཟའ་དང་རྒྱན་ཕྲེང་ལ་སོགས་པ་ཐམས་ཅད་དབུལ་བར་བྱའོ། །དེ་ནི་མཆོད་རྟེན་མཆོད་པར་བྱའོ། །མཆོད་རྟེན་ཐམས་ཅད་འབར་བར་འགྱུར་རོ། །བདག་ཀྱང་འབར་བར་འགྱུར་རོ།། ཞེས་པའི་ཚིགས་འདི་ནི་སྔོན་དུ་གསུངས་པའི་རྨི་ལམ་ལྟ་བུར་ཀུན་ཏུ་ཤེས་སོ། །ཞེས་བྱ་བའི་ཚིག་དང་འབྲེལ་ཏེ་རྨི་ལམ་དུ་བྱུང་བ་ནི་རྗེས་སུ་སྦྱོར་བའི་རྟགས་ཏེ། ལས་དང་པོ་བས་མང་དུ་བརྗོད་ན་སྔགས་ཀྱི་མཐུ་བྱ་བ་མ་ཡིན་པ་རྨི་ལམ་དུ་ཤེས པར་བྱའོ། །ཚིགས་གཉིས་པ་འདི་མངོན་དུ་གྱུར་པའི་རྟགས་སོ། །དེ་ལ་མཆོད་རྟེན་འབར་ནི་སྔགས་དང་རྫས་ཀྱི་མཐུས་དྲེད་ཐོབ་པའོ། །བདག་འབར་བ་ནི་ཏིང་ངེ་འཛིན་གྱི་མཐུས། །རྫུ་འཕྲུལ་དང་མངོན་པར་ཤེས་པ་ཐོབ་པའོ། །དེ་ལ་རྟགས་ཀྱི་རིམ་པ་ནི་གང་ཡང གཟུངས་ཀྱི་ཆོ་ག་ལ་འཇུག་པ་བཞུགས་པའི་ཚེ་རྨི་ལམ་དུ་ཡིད་དུ་འོང་བའི་ཚལ་དང། ཁང་བཟང་དང། ཁྱེའུ་དང། བུ་མོ་འམ། དགེ་སློང་འམ། དགེ་འདུན་ལ་སོགས་པ་ལྷན་ཅིག་དགའ་བ་འམ། ཆོས་ཉན་པ་འམ། ཁྲི་ལ་སོགས་པའི་སྟེང་དུ་གནས བ་འམ། གྲུ་འམ་ཟམ་གཟིངས་ལ་སོགས་པ་བསྒྲལ་པར་རྨི་ན་འདོད་པ་འགྲུབ་པོ། །སྐྱུགས་པ་འམ་ཁྲག་འབྱུང་བ་འམ། ཁྲུས་བྱས་པ་ལ་སོགས་པ་རྨིན་སྡིག་བ་ཟད་དོ། །མཆོད་རྟེན་ནམ་སཱཙྪ་ལ་དྲི་ཞིམ་པོ་བྲོ་ན་ལྷ་གནས་དྲུང་དུ་སྐྱེ་བར་ངེས་སོ། །གལ ཏེ་དྲི་ཅུང་ཟད་བྲོ་བ་ཡང་ལོངས་སྤྱོད་དང་ལྡན་པའི་མིར་སྐྱེའོ། །སྒྲ་གྲག་ན་གཟུགས་ཁམས་ཀྱི་ལྷར་སྐྱེའོ། །འོད་འབྱུང་ན་རིག་འཛིན་མཆོག་ཐོབ་པར་འགྱུར་རོ། །དེ་དང་དེ་ལ་སོགས་པ་ཡོན་ཏན་མཛའ་ཡས་ཏེ་སྒྲིབ་པ་རྣམ་པར་སེལ་བའི རྒྱུ་དང་ཤེས་པར་བྱའོ། །གང་འཇིག་རྟེན་འདིར་ཐོབ་པའི་ཡོན་ཏན་རྣམས་ནི་རྫས་དང་པོ་ཡོ་བྱད་ཚང་བཞིར?་མ་ཉམས་པ་དང། དུས་ཚོད་བཟང་པོ་དང། སྦྱོར་བ་བཟང་པོ་དང་ཚུལ་གཏམས་པས་ཐོབ་པར་འགྱུར་རོ། །མ་འོངས་པའི་དུས་ཀྱི་འབྲས་བུ་བཟང་པོ་ཇི སྙིང་པ་ནི་དད་པ་དང། །སྙིང་རྗེ་མཆོག་དང་ལྡན་པ་དང། ལྷག་པའི་ཤེས་རབ་ཀྱིས་ཐོབ་པར་འགྱུར་རོ། །དེ་ནི་ལྟས་ཀྱིས་རིམ་པའོ། །ངེས་པར་འཕྲལ་དུ་ལ་སོགས་པ་ནི་ཕན་པར་གསུངས་སོ། །ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པ་ནི་ཞིབ་ལ་སོགས་པའི་ལས གྲུབ་ན་གཞན་གྱི་དོན་སྤྱོད་པ་ལ་ཐོགས་པ་མེད་པའོ། །ས་བཅུ་ལ་གནས་པ་ནི་རལ་གྲི་ལ་སོགས་པ་རིག་པ་འཛིན་པའི་གནས་བརྒྱད་ཐོབ་པའོ། །ལུང་བསྟན་པས་ཐོབ་པ་ནི་མངོན་པར་ཤེས་པ་དྲུག་ཐོབ་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པའོ། །ད་ནི་སྔོན་འབྱུང་རྗེས་འཇུག་གཉིས་པོས་མཚམས་སྦྱར་བས་གཞུང་བསྡུ་བ་ནི་དེ་ནས་ལ་སོགས་པ་གསུངས་ཏེ། མཐུ་ཆེན་པོ་ནི་གོང་དུ་གསུངས་པའི་ཕན་ཡོན་ཐམས་ཅད་བསྐྱེད་པ ལ་གདོན་མི་ཟ་བའོ། །ཡོན་ཏན་གྲངས་མེད་པའི་འབྱུང་ཁུངས་ཡིན་པའི་ཕྱིར་དཔེ་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཉན་ཐོས་ལ་སོགས་པས་མཐོང་བར་དཀའ་བ་འདིའི་དོན་གྱི་སྒྲ་དང་ཚད་མའི་སྤྱོད་ཡུལ་མ་ཡིན་པས་ཐོབ་པར་བཀའ་བའ་ཨོ། །གཟུང་བར་བགྱིའོ།། ཞེས་པ་ནི་བསྟན་པའི་དོན་ལ་ནུས་པ་མེད་པའོ། །རྒྱས་པར་བགྱིའོ། །ཞེས་པར་སྔགས་ཀྱི་ངོ་བོ་བཟུང་སྟེ་སྐྱེ་བ་མེད་ན་འགག་པ་གཏན་མེད་མ་འགགས་པའི་ཆོས་ལ་དབང་པོ་རབ་འབྲིང་ཐམས་ཅད་རྒྱུན་མི་འཆད་པར་ལོངས་སྤྱོད་པར་འགྱུར་པའོ། །སེམས་ཅན ཐམས་ཅད་ལ་བསྒྲག་པར་བགྱིའོ་ཞེས་པ་ནི། སྣོད་དུ་མ་གྱུར་པ་གང་ཡང་མེད་ཅེས་བྱའོ། །དཔེར་ན་བླ་རྩི་བཅུག་པའི་སྣོད་དྲི་ཞིམ་པོར་འགྱུར་བ་ལྟར་སྔགས་འཆད་པ་པོ་ཡང་བྱིན་གྱིས་བརླབས་ཀྱིས་སྒོ་དུ་མ་དང་ལྡན་པར་འགྱུར་བས་སེམས་ཅན་ཆེན་པོ ཞེས་བྱའོ། །ཕྱི་བཞིན་འབྲང་ཞེས་པ་ནི་དཔེར་ན་མིའི་མིག་གང་གིས་སྤྱོད་ཡུལ་ལ་སྲིན་བུ་ལ་སོགས་པ་ལ་རྒྱང་རིང་ངོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་དུ་ཁམས་གསུམ་ཐམས་ཅད་ལ་ཉེ་བ་དང་རིང་བ་མི་མངའ་ཨོ། །བསྲུང བ་དང་ནི་གནས་དང་ལུས་དང་ལོངས་སྤྱོད་དོ། །བསྐྱབ་པ་ནི་འཁོར་བ་རྒྱ་མཚོ་ལས་སོ། །སྦ་པ་ནི་འདི་བདུད་ཀྱི་འཆིང་བ་ལས་སོ། །བསྐྱང་བ་ནི་ལམ་ལོག་པ་ལས་སོ། །བུ་བཞིན་ཞེས་པ་ནི་ཚད་མེད་པ་གཟིགས་པ་རྒྱུན་མི་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་སོགས པ་ནི་དམ་བཅའ་རྗེས་སུ་གདམས་པ་གསུངས་ཏེ། ཕྱག་ན་རྡོ་རྗེ་ཡང་བདག་ལྟར་འགྲོ་བ་ལ་དགོངས་པའི་ཕྱིར་གྲོགས་པོ་ཞེས་པོས་སོ། །ལེགས་སོ་དང་པོས་ནི་ཀུན་རྫོབ་ཏུ་ཐ་དད་པར་མཁྱེན་པ་སྟེ་ཆོས་འཛིན་པ་ནི་བསྐྱང་བ་ལེགས་སོ། །ལེགས་སོ་གཉིས་པ་ནི་དོན དམ་པར་ཐ་མི་དད་པར་མཁྱེན་པ་སྟེ་ཆོས་བསྐྱང་བ་ལེགས་སོའོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག་ཅེས་པ་ནི་རང་དོན་རྫོགས་པར་མཛད་ཅེས་པའོ། །ངས་ཁྱེད་ལ་གཏད་དོ་ཞེས་པས་གཞན་དོན་ཡང་རྫོགས་པར་གྱིས་ཤིག་ཅེས་པའོ། །དཔེར་ན ཕས་བུ་ལ་ནོར་གཏད་པ་ཡང་ཚ་བོ་ལ་སོགས་པ་ཕྱིས་འབྱུང་བའི་གཞི་ཤུགས་ཀྱི་འབྱུང་བ་དང་འདྲ་བར་གང་ཟག་སྣོད་ལྡན་རྣམས་བྱིན་གྱིས་རློབས་ལ་བརྒྱུད་པ་རྒྱུན་མ་ཆད་པར་མཛོད་ཅེས་པའི་དོན་ཏོ། །ཕན་ཡོན་ལ་སོགས་པ གང་བརྡ་ཕྲད་པར་སླ་བ་ནི་མི་བཀྲལ་ལོ། །སྒྲིབ་པ་རྣམ་སེལ་ལ་སོགས་པ། །སེམས་དཔའ་བཅུ་དྲུག་རྟོག་པ་དང། །སོ་སོར་འབྲང་དང་སྟོང་འཇོམ་སོགས། །རིག་པའི་ལྷ་མོའི་རྒྱུད་རྣམས་དང། །ཀྲི་ཡི་རིགས་བསྡུས་ལ་སོགས དང། །རྣལ་འབྱོར་པ་མཆོག་ལ་སོགས་དང། །དང་པོ་སངས་རྒྱས་ལ་སོགས་པ་དང། །གཟུངས་འདིའི་ཆོ་ག་རྒྱས་གསུངས་ཀྱང། །ལེ་ལོ་ཅན་རྣམས་སྤྲོ་བསྐྱེད་ཕྱིར། །ཤིན་ཏུ་བསྡུས་ནས་བཤད་པ་ལ། །ཚུལ་བཞིན་གཞུང་ནས གསུངས་པ་ལྟར། །ཕན་ཡོན་ཐམས་ཅད་ཐོབ་པར་འགྱུར། །གང་གི་ལྕགས་ཀྱུ་བཟུང་ནས་ཉ་ར་ཡི། །ཀླུའི་ཕྱུགས་རྣམས་འབུམ་ཕྲག་གཏོན་པ་ལྟར། །བདག་དགེ་ཀུན་སློང་འགྲོ་རྣམས་བྱང་ཆུབ་ཀྱི། །རིན་ཆེན་གླིང་ཐོབ་མཛད་ཕྱིར་བྲིས་པ་ལས། །སྐྱེ་གྱུར དགེ་བས་གཟུངས་དོན་ལ་འཇུག་ཅིང། །འགྲོ་ཀུན་དྲི་མེད་ཡིད་བཞིན་ནོར་ཐོབ་ཤོག་།ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ། སློབ་དཔོན་དངོས་གྲུབ་ཐོབ་པ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། །།གསང་སྔགས་རིག་འཛིན་སྡེ་སྣོད་ལ། །མཁའ་ལྟར་ཤེས་རབ་དང་བ་ནི། །ཉི་མ་ལྟ བུར་མ་རྨོངས་པའི། །མཁས་པ་ཛ་ཡ་དེ་བ་ལ། །ལང་ས་བནདེ་ཚུ་བརྩེགས་ཀྱིས། །གུས་བཅས་མང་དུ་གསོལ་བ་བཏབ་ནས། །སྤུ་རྒྱལ་བོད་ལས་ཁྱད་པར་དུ། །ནད་མེད་ས་གསང་མདོ་ཁམས་སུ། །ཡིད་བཞིན་ནོར་འདྲའི་གཟུངས་མཆོག་གི་། འབྲེལ་ཕ་དཔག་བསམ་ཤིང་འདྲ་འདི། །བསྒྱུར་བའི་དགེ་བས་དད་ལྡན་རྣམས། །གཟུངས་འདི་རྒྱ་ཆེར་སྤྱོད་པར་ཤོག། །།པཎྜི་ཏ་ཛ་ཡ་དེ་བ་དང། ལོ་ཙ་བ་ལང་ས་བནདེ་ཚུལ་ཁྲིམས་བརྩེགས་ཀྱིས་བསྒྱུར་བའོ།། །། !།

CLOSE WINDOW