CLOSE WINDOW

N2258: ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་དཀྱིལ་འཁོར་གྱི་ཆོ་ག
Wyliee-texts based on the ACIP/ALL Input

མཉྫུ་ཤཱི?་བརྨ་དང། བྲན་ཀ་མུ་ཏིས་བསྒྱུར་ཅོད་ཞུས་ཏེ་གཏན་ལ་ཕབ་པའོ།། །།ངན་སོང་ཐམས་ཅད་ཡོང་སུ་སྦྱོང་བའི་རོའི་སྦྱིན་སྲེག་དཀྱིལ་འཁོར་གྱི་ཆོག་ཆོས་ཀྱི གྲགས་བསམ་མཛད་པ་བཞུགས་སོ། ། *། །རྒྱ་གར་སྐད་དུ། སརྦ་དུ་རྒ་ཏི་པ་རི་ཤོ་དྷ་ན་མ་ར་ཙོ?་མཎྜ་ལོ་པ་ཡི་ཀ་།བོད?་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་དཀྱིལ་འཁོར་གྱི་ཆོ་ག། །དེ་བཞིན་གཤེགས པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདེར་གཤེགས་གཙོ་དང་སྲས་པོ་དང་པོ་དང། །རྒྱལ་སྲས་ལྷག་མ་དང་མི་རིགས་ཀྱི་ཡུལ་རྣམས དང། །ཕྱི་ནང་ལྷ་མོ་སྒོ་སྐྱེད་བཅས་པ་ལ། །དངོས་པོ་ཀུན་གྱིས་དང་པས་ཕྱག་འཚལ་འདུད་རྩ་བའི་རྒྱུད་ལས་བཏུས་ནས་སུ། །ངན་སོང་སེམས?་ཅད་སྦྱོང་མཛད་བའི། །ཤི་བའི་དོན་དུ་རོ་བསྲག་ཐབས། །སངས་རྒྱས་གསང་པའི་རིམ་པ་ལ བརྟེན་དེ་བདག་གིས་བཤད་པར་བྱ། །དང་པོ་བླ་མ་རིན་པོ་ཆེ་མཉེས་པར་བྱས་ནས། ངེས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་དམ་ཚིག་ཕོག་ནས། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པས་སྔར་རང་གི་སྒྲུབ་ཐབས་ཀྱི་རིམ་པས་བསྙེན པ་བྱས་པ་དང། བཟླས་བརྗོད་བྱས་པས་མཚན་མ་མཐོང་བས། བདག་དང་གཞན་འཁོར་བའི་རྒྱ་མཆེ་ལས་བསྒྲལ་བར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་བྱ་པ་ལ་འཇུག་པར་བྱའོ། །དཀྱིལ་འཁོར་ཡོ་བྱད་ཐམས་ཅད་ཀྱི་རིམ་བས་བསྙེན གྲངས་བཟང་དང་རྒྱུ་སྐར་བཟང་པོ་ལ། །དཀྱིལ་འཁོར་ས་གཞི་མཚན་མ་ལྟ་ཕྱིར་གྲོགས་དང་བཅས་པས་དེ་ཉིད་བརྟག་བྱ་སྟེ། །ལྷ་ཁང་ཆོད?་འདུས་ཡུལ་དང་གྲོང་ཁྱེར་ཁྱམས་ཀྱི་ཤར་དང་བྱང་དུ་བརྩམ་པར་བྱ། །ཡང་ན་བཟང་སྣུམ་དང ལྡན་ཆུག་རྡུ་ལ་སོགས་ཉེས་མེད་ཤར་དང་བྱང་དུ་གཞོལ། །མེ་ཏོག་ཆུང་ལྡན་རང་བཞིན་དག་པར་བྱའོ། །ཡང་ན་སྔགས་པ་ཡིད་གང་དུ་དགའ་བར་བྱའོ། །དེ་ནས་གཙོ་བོའི་ཏིང་ངེ་འཛིན་དུ་ཞུགས་ལ་ལྕི་བསེལ་མ་ལྷུང་བས་མཎྜལ་བྱ།། དངོས?་མཆོག་གསུམ་ལ་ཕྱི་ནང་མཆོད་པ་བྱ་ཞིང་འཇིག་རྟན་སྐྱོང་བ་རྣམས་ལ་གཏོར་མ་སྦྱིན། །དེ་ནས་ས་གཞི་གྲུ་བཞིར་བསམ་ལས་བདག་བསམས་ཏེ་བརྐོ?། །སྟོན་ཟླ་གསུམ་ལ་བྱང་དུ་བལྟས་ལ་བརྐོ། །དགུ་ན་ཟླ་གསུམ་ལ་ཤར དུ་བ་ལས་ལ་བརྐོ། །དབྱིང་ཟླ་གསུམ་ལ་ལྷོ་རུ་བལྟས་ལ་བར་ཀོ། །དབྱར་ཟླ་གསུམ་ལ་ནུབ་ཏུ་བལྟས་ལ་བརྐོ། །མགོ་དང་རྒྱབ་དང་འཕོངས་བོར་བའོ། །སའི་རོ་ལྔ་ལ་སོགས་པ་བསལ་ཞིང་ཡང་ངོ། །དྲི་ཞིམ་པོ་དང་ས་བསྲས་པ་འམ། དྲི་ཞིམ་པ་དང་ཆུ བསྲེས་པ་ལ་ཧཱུཾ་བཟླས་པས་བཀང་ལ་འཐས་པར་བཅགས་ལ། །ལག་མཐིལ་མཉམ་པའི་སྟེང་དུ་གཞལ་ཡས་ཁར་རྒྱན་དང་བཅས་པ་བསམ། །མེ་ཏོག་ཕྲེང་བ་ལ་སོགས་པའི་རྒྱན་མང་པོ་དགེད། །གཙོ་བོའི་བཟླས་བ་བྱས་པའི་སྨན?་དང།། འདྲུ་དང་རིན་པོ་ཆེ་དབུས་སུ་བཞད་དེ?་ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་མ་།ལག་བས་བརྡབ་སྟེ་སྔགས་འདི་བཟླས། །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཁང་ཆེན་བྲག་ཕུབ་བ་ལང་ལྷས། །ལྷ་ཁང་ལ་སོགས འབབ་ཆུ་འགྲམ་སྔར?་སྦྱང་མི་དངོས། །རང་གཙོ་བོར་བསྒོམ་ཞིང་ཁྲོ་བོའི་སྔགས་ཀྱིས་བགེགས་སྐྲད@་ཆུ་དང་ཡུངས་ཀར་ཐལ་པ་ལ་བཟླས་?་བའི་རྣམ་ལྔས་བྱུག་ཅིང་དིའི་ཆབ་ཀྱིས་གཏོར། །ཁྲོ་བོའི་གསང་སྔགས་ལན་བདུན་བཟླས པའི་སྨན་དང་རིན་ཆེན་དབུས་སུ་བཞུག། ས་དག་པར་བྱེད་པའི་ཆོ་གའོ།། །།དེ་ནས་རྣམ་དག་མེས་པ་ཡིས། གནང་གི་ཁྲུས་གྱིས་དག་པར་བྱའོ། །དང་པོ་སྔགས་པ་བདག་གི་དག། དག་པར་འདོད་པས འདི་ལྟར་བསམ། །ལྕེ་ལ་པི་ལས་སྐྱེས་པ་ཡི། །པདྨ་འདབ་གཅིག་བསྐྱེད་བྱ་སྟེ། །དེ་སྟེང་ཡི་གེ་ཨ་ལས་ནི། །བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དུ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྡང་བསྐྱེད། །རྡོ་རྗེ་ལྕེ་སྟེ་ཐིམ་བྱས་ནས། །རྡོ་རྗེ་ལྕེ་ཞེས་བྱ་བ་སྟེ། །སྔགས བཟླས་མཐུ་དང་ལྡན་པར་འགྱུར། །ལག་གཉིས་མཐིལ་དུ་ཟླ་གཉིས་བསམ། །དེ་ཡང་ཡི་གེ་ཨ་ལས་སོ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་བསྐྱེད། །ཤིན་ཏུ་དཀར་བ་ལག་པ་ལ། །ཐིམ་བས་རྡོ་རྗེ་ལག་པར་བཤད། །ཕྱག་རྒྱ་གང་ཡིན་བཅིང་བར བྱ། །རྡོང་དྲིལ་གཡོན་བླངས་ལག་བཞག་སྟེ། །རྡོ་རྗེ་སྙིང་རྗེ་བྱང་ཆུབ་སེམས། །དྲིལ་བུ་སྟོང་པའི་བདག་ཏུ་བརྟག། དེ་ལྟར་བདག་གིས་བསྒོམ་བྱས་ལ། །སྤྱི་པོར་དཀྲེལ་ཏེ་?་སྐུ?་?་ལ་ཕྱོགས བཅུར་བསྒྲག་། དེ་ནས་ལན་གསུམ་གྱེན་ཕྱང་དགྲོལ། །དེ་གཉིས་གཅིག་གིས་གཅིག་འཁྱུད་དེ། །རྡོ་རྗེ་ལན་གསུམ་གསེར་བྱས་ཏེ། །ཐུགས་ཀར་བརྟན་པ་སྤྱན་དྲང་པ། །དྲིལ་བུའི་སྒྲས་ནི་དགྱེས་པ་བསྐྱོད། །དེ་ལྟར་བྱས་ན་ནུས་པ སྐྱེད། །གཟའ་སྐར་སོགས་དུས་གཟུང་བྱ་སྟེ། །སློབ་དཔོན་རང་ལྷའི་རྣལ་འབྱོར་བྱས། །དཀྱིལ་འཁོར་དབུས་སུ་འདུ་གནས་སུ། །བསྒྲུབ་པའི་རིམ་པས་བགེགས་བསྐྲད་དེ། །བསྲུང་བའི་འཁོར་ལོ་རྫོགས་པར་བྱ། །སྙིང་གནས་བྱུང དཀྱིལ་འཁོར་སྤྲུལ། །འཁོར་ལས་འཕྲོས་སྤྲུལ་པ་ཡིས། །ནམ་མཁའ་ཨི་ཁམས་སུ་ཁྱབ་བསམས་ཏེ། །དེ་ལ་འདི་སྐད་གསོལ་བ་གདབ། །ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་དང། །དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང། གསང་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང། བཅོམ་ལྡན་རངས་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར དུ་བཅས་པ། །ཁྱད་རྣམས་བདག་དང་སློབ་མར་བཅས་པ་ལ་བྱིན་གྱི་བརླབ་ཅིང་སྲུང་བའི་ཕྱིར་བཞུགས་སུ་གསོལ། །ཞེས་བསྐུལ་ཏེ། །སྙིང་གའི་ཟླ་བའི་དཀྱིལ་འཁོར་རྡོ་རྗེའི་དབུས་སུ་བསྡུས་ནས་གཅིག་ཏུ་གྱུར་པར་བསམ། །དེ་ནས་? ལུས་ལྔའི་ང་རྒྱལ་བྱས་ལ་ལངས་མིག་གསོན་ཊ་ལས་ཟླ་བའི་དཀྱིལ་འཁོར། །གཉིས་པ་མ་ལས་ཉི་མའི་དཀྱིལ་འཁོར། འབྲས་བུ་གཉིས་ལ་ཡི་གེ་ཧཱུཾ། འབར་བའི་ལྟ་བས་མེ་ལྟར་འབར་བས་རྡོ་རྗེའི་མིག་། ལས་སྣ་ཚོགས་རྡོ་རྗེ རྐང་པའི་འོག་ཏུ་བསམ། །རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། །རྒྱན་ཆ་དང་ལྡན་གཙོ་བོའི་ང་རྒྱལ་བསྐྱེད། །རྡོ་རྗེ་འགྲོས་ཀྱིས་བསྐོར་བ་བྱ་ཞིང་དྲིལ་བསིལ་རྡོ་རྗེ་བསྐོར། །བགེགས་རྣམས་བསྐྲད་པའི་ཕྱིར་ནི་མགོ་མིག་བཏུད?་ལ། འདི་བརྗོད་སློབ་དཔོན མིང་འདི་ཞེས་བྱ་བས། སློབ་མ་ཆེ་གེ་ཅོ་བཞིག་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བའི་ཕྱིར་དང། མཛའ་ཡས་བའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་རོས བསྲེགས་ཧོཾ་ཀྱི་དཀྱིལ་འཁོར་ཞེས་བྱ་བ་འབྲི་ཡིས། །ལྷ་དང་ལྷ་མ་ཡིན་དང། གནོད་སྦྱིན་དང། སྲིན་པོ་དང། ཡི་དགས་དང། ཤ་ཟ་དང། རྗེད་བྱེད་དང། འབྱུང་པོ་དང། ?་གྲོ་མདག་རྣོན་པོ་དང་ནམ་མཁའ་ལྡིང་དང། མི་འམ་ཅི་དང། རིག་སྔགས འཆང་གྲུབ་པ་རྒན་པོ་དང། རྒན་མོ་དང། འཁོར་དང་གཡོག་ཏུ་བཅས་པ་གང་དག་འཁོད་པ་རྣམས་དངས་ཤིང། དེ་ལྟར་ཕྱག་ན་རྡོ་རྗེའོ་བཀའ་ཐོས་ནས་མྱུར་དུ་དེངས་ཤིག། གང་དག་མི་འབྲོ་བར་སེམས་པ་དེ་དག་ནི། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱི་ཡ་ཤེས་འབར་བ་རབ་ཏུ་རྡོ་རྗེ་ཆེན་པོ་འབར་བས་མགོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཧཱུཾ་ཤེས་ལན་མང་དུ་བརྗོད། །རང་ལས་སྤྲལ་བའི་ཁྲོ་བོ་གྲངས་མེད་པ་ཤིན་ཏུ་འཇིགས་པ་བྱུང་སྟེ། བགེགས ཆང་བཅད་ནས་ནམ་མཁའ་ཁྱབ་པར་འཁྱིལ་ཅིང་བཞུགས་སོ། །གཡས་བརྐྱང་བ་ལ་སོགས་པའི་སྟང་སྟབས་སྐབས་འདིར་བྱའོ། །གོམ་པ་བརྒྱད་པ་ཡང་བྱའོ། །ཧཱུཾ་རྒྱུན་མ་ཆད་པར་བྱའོ། །རྡོ་རྗེ་དྲིལ་བུ་བསྐོར་རོ། །སྟང་སྟབས་བྱའོ། །དེ ནས་དབང་ལྡན་ནས་བརྩམས་ཏེ། སྐོར་ཕྱོགས་སུ་ཕུར་པ་རྣམས་ལ་བཟླས་ཤིང་གསེར་གྱེ་ས་བཞི་ལ་ཐུག་པའི་བར་དུ་བཏབ་པར་བསམ། །ོཾ་བཻ་རོ་ཙ་ཎ་ཧཱུཾ། སརྦ་བིགྷཱན་ཨཽ་ཙ་ཡ་ཧཱུཾ་ཕཊ། དེ་ནས་རྣམ་པར་སྣང་མཛོད་ཀྱི་ཕྱགས་ རྒྱ་བཅས་ལ། ཧཱུཾ་བརྗོད་ཅིང་ང་རྒྱལ་བསྐྱིད་སྔགས་ཀྱང་བརྗོད། །དེའི་རྣལ་འབྱོར་བྱ་སྟེ། ནམ་མཁའ་ལ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གང་བར་ང་རྒྱལ་བསྐྱེད་ལ། །གྲོགས་པོ་རྣམས་ཀྱིས དཀྱིལ་འཁོར་བྲི་བའི་ཕྱིར། བདག་ཉིད་ལ་གསོལ་བ་བཏབ་པར་བསམ་མོ། །དེ་བཞིན་གཤེགས་བ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་བོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་མཆོག་མི་ཆོས་ལས་བྱུང། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ། དེ་ནས་ལངས་ལ་ནམ་མཁའ་ཁྱབ་བའི་དེ་བཞིན་གཤེགས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ད་ཡ་བནད་ནཾ་ཀ་རོ་མི་། ཞེས་པས་ཞབས་ལ་ཕྱག་བྱའོ། །དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་བས་བསྟོང་ལ། །ལངས་ལ་ད རྒྱལ་བསྐྱེད་པ་འདི་བརྗོད་དོ། །བདག་ཉིད་རང་བཞིན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག། ཕྱག་ན་རྡོ་རྗེ་སྟོན་པས སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག། བྱིན་གྱིས་བརླབ་པ་མི་འདོར་རོ། །དེ་ནས་རྡོ་རྗེ་དྲིལ་བུ་བླངས་ལ། ཨོཾ་བཛྲ་ཨཽཏྟིཥྛ། ཞེས་པས་ཇི་ལྟར་སྤྲུལ་པའི་ལྷའི་དཀྱིལ་འཁོར་ནམ་མཁའ་ལ་བཞུགས་སུ་གསོལ། །ཡང་སྟང་སྟབས་གཡས བརྒྱད?་ལ་སོགས་པ་བྱའོ། །ས་གཞིར་རྡོ་རྗེ་གྱུར་པར་བསམ་མོ་།གཞལ་ཡས་ཁང་ཡང་ནམ་མཁའ་ལ་དམིགས་ལ་རྡོ་རྗེ་མིག་གིས་བགེགས་མེད་པར་མཐོང་ནས་།སྒོ་དབྱེ་བའི་ཕྱག་རྒྱས་སྒོ་དབྱེ་སྟེ། སྔགས་པ་ལ་རྡོ་རྗེ་རྒྱའི་གཟུགས་ལྟོ བར་ཆེ་བ་དབུ་བཞི་པ་ཕྱག་བཞི་པ། རྡོ་རྗེ་དང་འཁོར་ལོ་དང། པདྨ་དང་རལ་གྲི་བསྣམས་པ། །སྐུ་མདོག་སེར་པོར་བསྒོམས་ཏེ། དེ་ལ་འཁོར་ལོ་བཙུད?་ལ། ལྕགས་ཀྱུའི་ཕྱག་རྒྱས་བཀུབ་ལ། །ོཾ་བཛྲ་མཎྜ་ལ་ཧཱུཾ་ཕཊ་ཅེས?་པས་རྒྱུ་ཉིད བསྒྱུར་བས་ས་གཞི་གྲུབ་བར་འགྱུར་ཏེ། དེ་ནས་འདིས་བྱིན་གྱིས་བརླབ་པར་བྱས། ཨོཾ་མཧཱ་བཛྲི་ཙིཀྲ་ཨཽཊཊི་ཥྛ་བིདྷ་ཧཱུཾ། །དེ་ནས་ཁུ་ཚུར་གཉིས་བཙངས་ཏེ། །འཁོར་ལོ་བཞིན་དུ་བསྐོར་བར་བྱ། །འཁོར་ལོ་བྱིན་གྱིས་བརླབ་བའོ། །དེ་ནས་ཙན་དན དམར་པོ་མེ་ཏོག་དམར་པོ། །དར་དམར་པའི་རྒྱན་དང་བཅས་པའི་བུར་པ་།ལག་བ་གཡོན་པའི་ཁུ་ཚུར་གྱིས་གཟུང་ལ་གཡས་པ་ཐོབ་རྒྱན་དང་བཅས་པས་བརྡུད་དོ། །དབང་ལྡན་ནས་བརྡམས?་ཏེ། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཨ་སརྦ བིགྷན་ཧཱུཾ་ཕཊ། ཕུར་པ་གདབ་པའི་སྔགས་སོ། །ོཾ་བཛྲ་སུང་ག་ར་ཨཱ་ཀོ་ཊ་ཡ་ཧཱུཾ། ཐོ་བའི་སྔགས་སོ། །དེ་ནས་རྩེ་གསུམ་པའི་ཕྱག་རྒྱས་བགེགས་བསྡད། ཨོཾ་ཨཱར་བ་དང། ས་གཞི་ཡང་རྡོ་རྗེར་བསམ། འབུར་བའི་ཕྲེང་བ་འོད་དང་བཅས་པར་བསྒོམ། བགེགས་བསྐྲད་ཅིང་གཙོ་བོའི་སྔགས་དང་རྡོ་རྗེ་བུ་ཚུར་གྱིས་སྒོ་བཅད་བར་བསམ་མོ། །དེ་ནས་ཡི་གེ་ལཾ་ལས་བྱུང་བའི་སའི་ལྷ་སྐུ་མདོག་སེར་མོ་དུམ པ་ལག་ན་ཐོགས་པ། རྒྱན་ཐམས་ཅད་དང་ལྡན་པ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ནས། མཆོད་པ་བྱ་ཞིང་ཚོགས་སུ་བཅད་པ་འདིས་སྟ་གོན་དུ་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་བའི་ཚུལ་དང ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་བྱོད་ནི་དབང་དུ་གྱུར། །སྐྱོབ་བ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །སའི་ལྷ མོ་དགའ་བའི་མདངས་ཀྱིས་དེ་བཞིན་དུ་གྱིས་ཤིག་ཟེར་ནས་འོག་ཏུ་ཐིམ་མོ། །དེ་ནས་རྡོ་རྗེ་བསྡམས་པ་དང་སྔགས་འདིས་གཟུང་བར་བྱའི། །ོཾ་བཛྲ་བྷ་བ་ཧཱུཾ་ཞེས་བརྗོད། །ོཾ་བཛྲ་དྷི་ད་ཨཽཊ་ཊིཥྛི་ཞེས་པས་བྱིན་གྱིས་བརླབ་པའི་ཚོག?་པ དེ་ནས་དྲི་བཟང་པོ་ལ་སོགས་པས་བྱུགས་ལ། མེ་ཏོག་སྣ་ཚོགས་པ་ཆལ་བར་དགྲམ་མོ། །དཀྱིལ་འཁོར་དུ་ལྷ་རྣམས་ཇི་ལྟར་གནས་པའི་མིང་བརྗོད་མཎྜལ་རེ་རེར་བྱའོ། །རབ་དང་དྲ་བ་ལ་སོགས་པས་མཚམས་བཅད་ནས། རྣམ་པར་སྣང མཛད་འཁོར་དང་བཅས་པ་སྤྱན་དྲངས་ལ། ཞབས་བསིལ་དང། ཞལ་བསོལ་དང། ཡོན་ཆབ་དང། མཆོད་པ་བརྒྱད་དང་གཞན་གྱིས་ཀྱང་མཆོད། བསྟོད་པ་བྱ་སྟེ་ནམ་མཁའ་ཨོ། །བདག་རང་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་སྒྲུབ་ཐབས འབྱུང་བ་བཞིན་དུ་བགེགས་བསལ་ནས། །སེམས་དཔའ་ཨི་སྐྱིལ་མོ་དཀྲུང་དུ་འདུག་ལ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ་ང་རྒྱལ་བསྐྱེད་དེ་སེམས་དག་པར་བྱ་ཞིང། འདི་བརྗོད་ལ། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག གི་གསོན་པའི་འབྲས་བུར་བཅས། །ལྷ་དང་དམ་ཚིག་གོས་མཉམ་པར། །འགྱུར་བར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་གཙིག་པས། །མི་ལྡེག་པར་ནི་བདག་འགྱུར་ཏེ། དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག སྐྱེ་བར་ཐེ་ཚོམ་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཚེ་འདས་འདི་ཡིས་དོན་དུ་ནི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་དེ་ནི་སྩལ་དུ སྩོལ་ཞེས་ལན་གསུམ་བརྗོད་པ་སྔ་མ་བཞིན་བསམས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། །དེའི་སྟེང་དུ་ཨོཾ་ལ་སོགས་པ་རང་རང་གི་ཡི་གེ་བཀོད་ལ། །ལྷ་འཁོར་དང་བཅས་པ་སོ་སོའི་གནས་སུ་བཞུགས་པར བསམ་མོ། །དེའི་འོག་ཏུ་ནམ་མཁའ་ཨི་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་དགུག་པ་དང་གཞུག་པ་དང་བཅིང་བ་དབང་དུ་བྱས་ཏེ། དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱའོ། །དེ་ནས་ཞབས་བསིལ་ཞལ་བསིལ་མཆོད་ཡོན ལྷ་སོ་སོའི་འཁོར་བཅས་བཞུགས་སུ་གསོལ་ཏེ་དབུལ་སོ་སོའི་སྔགས་ལ། །ོཾ་བཻ་རོ་ཙ་ན་ཨརྦྷཾ་པྲ་ཏཱིཙྪ་སྭཱཧཱ། །མཆོད་ཡོན་གྱི་སྔགས་སོ། །དེ་ལ་སོགས་པའི་མཆོད་པ་ལྔ་ཕུལ་ལ་བསྟོད་པ་དང་ཕྱག་བྱའོ། །དེ་ནས་གསེར་རམ་དངུལ་ལམ་ཟད ལ་རྣམ་པར་རྒྱལ་བའི་བུམ་པ་བྱའོ། །མ་འབྱོར་ན་ཁམས་པ་ལ་བྱའོ། །དེ་ཉིད་དངོས་པོ་མེད་པར་བསམས་ལ། ཡི་གེ་ཁམས་ལས་བྱུང་བ་ནག་པོ་ར་རི་མེད་པ་མགྲིན་པ་རིང་བ། །ལྟོ་བ་ཆེ་བ་མཆུ་འཕྱང་བ་བསྒོས་ལ། དེའི་ནང་དུ་ཧྲི་ལས་པདྨ་།དེའི་སྟེང་དུ ་ལས་ཟླ་?་དཀྱིལ་འཁོར་དེའི་སྟེང་དུ་མ་ལས་ཉེ་མའི་དཀྱིལ་འཁོར་སྔ་མ་བཞིན་དུ་ལྷའི་འཁོར་ལོ་བསམས་ལ། དེ་རྣམ་པར་དག་པར་གྱུར་པ་ལས་བདུད་རྩིའི་ཆུས་གང་བར་བསམས་ཏེ། དེ་ནས་དྲི་ཆུ་བླུགས་ལ་།མར་དང་འོ་མ་ལ་སོགས པ་སྩལ། སྨན་ལྔ་དང་འབྲུ་ལྔ་དང་རིན་པོ་ཆེ་སྩལ། དེ་ཡང་ལུང་ལས། བྱ་གྷི་སཾ་ཏྲི་ཀར་ཎི་ཀ། ཧ་ས་ཧ་ས་དེ་བ་སྟེ། །སྨན་སྣ་ལྔ་ཞེས་བྱ་བ་སྟེ། །ལས་རྣམས་ཀུན་ལ་འདི་དག་བཟུང། །འབྲས་ཀྱི་སོ་བ་མོན་སྲན་བྲེའུ། །ནཱ་དང་གྲོ་དང་ཏིི་དང ལྔ། །ལས་ཀུན་ལ་ནི་འདི་དག་ཤིས། །ཤེལ་དང་དངུལ་དུང་བྱ་རུ་མུ་ཏིག་སྟེ། །རིན་ཆེན་ལྔ་ཞེས་བྱ་བ་ཡིན། །སྨན་ལྔ་བྱང་ཆུབ་སེམས་ཀྱི་རྟགས། །འབྲུ་ལྔ་ཐུགས་ཀྱི་རང་བཞིན་ཏེ། །རིན་ཆེན་བདེར་གཤེགས་སྐུ་མདོག་རྟགས། ཞེས་པའོ། །བུམ་པ་ལ་འཁོར་ལོའི་བདག་པོ་ལྔའི་མཚན་མ་ལ་སོགས་ལྔ་དང་ལྡན་བར་བྱ་ཞིང། དཀར་པོ་དམར་པོ་སེར་པོ་ལྗང་གུ་སྔོན་པོའི་ཁ་དོག་དང་ལྡན་པའི་རས?་མགུལ་བ་བཅིང་བར་བྱའོ། །མ་འབྱོར་ན་སར་བ་ཞིག་གིས་སྦྱིར་བཅིང བར་བྱའོ། །ཤིང་འོ་མ་ཅན་འབྲས་བུ་ཅན་གྱིས་ཁ་བརྒྱན་བྱའོ། །གཙོ་བོའི་ཕྱག་རྒྱ་བསྟན། །ཡང་ན་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་བསྟན། །གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་བཟླས་སོ། །ཡང་ན་ཨོཾ་བཛྲ་ཨཽ་ད་ཀ་ཋ ཧཱུཾ་ཞེས་བཟླས་ལ་བཞག་གོ་། མེ་ཏོག་དཀར་པོ་ཆལ་བར་བཀྲམ་བ་རས་བཏིང་བའི་སྟེང་དུ་བཞག་གོ་།དེ་ནས་མཆོད་ཡོན་ཆུ་དང་བཅས་བ་ལ་སོགས་པ་བཤམས་ལ། མཆོད་པ་ཆེན་པོའི་ཞག་པར་དུ། །ཉིན་རེ་ལ་ལན་གསུམ་དུ་ཏིང་ངེ འཛིན་དང་མཆོད་པ་དང་བཟླས་པ་བྱའོ། །བཟླས་པ་ནི་བསྐྱེད་བ་ལའོ། །དེ་ནས་ཞུ་བར་བྱའོ། །དེ་ནས་མཆོད་བའི་དུས་སུ་དཀྱིལ་འཁོར་བསྐོར་ལ། དང་པོར་དབུས་སུ། །དེ་ནས་སོ་སོའི་གནས་སུ་བཞག་གོ་།བུམ་པའི་གྲངས་ལྷ་གྲངས་ཇི་ཙམ་ཡོད་པ་དེ ཙམ་མོ། །མ་འབྱོར་ན་བཅུ་དྲུག་ལས་ཉུང་བར་མི་བྱའོ། །དེ་ནས་ལས་ཐམས་ཅད་བའི་བུམ་པ་ལ་བགེགས་བསྐྲད་པའི་སྔགས་བཟླས་ཏེ། སྣ་ཚོགས་རྡོ་རྗེས་མཚན་པ་ལ་མཆོད་པ་བྱས་ཏེ། ཕྱི་རོལ་དུ་བྱང་ཤར་མཚམས་སུ་བཞག་པར་བྱའོ འདི་སྐད་དུ་གསོལ་བ་གདབ་པར་བྱ་སྟེ། ཁྱེད་ཀྱིས་དཀྱིལ་འཁོར་མ་རྫོགས་བར་དུ་བགེགས་མི་རུངས་པ་རྣམས་བསྲུང་དུ་གསོལ་ལོ། །བུམ་པ་སྟ་གོན་གྱི་ཆོ་གའོ།། །།དེ་ནས་ཕྱི་རོལ་དུ་སོང་ལ་རྣམ་པར་སྣང་མཛད ཀྱི་རྣལ་འབྱོར་དུ་གནས་ལ། །ཕྱོགས་སྐྱོང་གི་གཏོར་མ་གཏད་དོ། །གྲུབ་ན་ཞི་བའི་སྦྱིན་སྲིག་བྱའོ། །དེ་ནས་སླར་དཀྱིལ་འཁོར་གྱི་སར་ཞུགས་ནས། སྔ་མའི་ཏིང་ངེ་འཛིན་ལ་གནས་ནས། ལྕེ་བྱིན་གྱིས་བརླབ་སྟེ། ཨོཾ་པདྨས་?་སྟི་ཨ་པ་ར ཧ་ཡ་ཤོ་དྷཱ་ཡ་ཧཱུཾ་ར་དྷི། དེས་ལྕེ་བྱིན་གྱིས་བརླབས་ནས། ལག་ཏུ་བདུག་སྤོས་ཐོགས་ལ་བུས་མོ་ས་ལ་བཙུག་ནས། །འདི་སྐད་གསོལ་བ་གདབ་བོ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། བདག་ལ་རྩེ་བར་གྱུར་ནས་སུ། །ཚེ་འདས་འདི་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་བའི་ཕྱིར། །སད་མི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པར་རིགས། །སངས་རྒྱས་འཇིག་རྟེན མགོན་བརྩེ་དང། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང། །གསང་བའི་ལྷ་གཞན་གང་ལྷགས་དང། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །གང་ཡང་འབྱུང་པོ་མཐུ་ཆེན་དང། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་ བརྩེམས། ?་།བདག་མིང་འདི་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང། །འདི་ཞེས་བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲིས་ལགས་ན། །བདག་དང་སློབ་མར་བཅས་པ་ལ། ། ཆོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཡེ་ཤེས་འབར་བའི་བསྲེག་ཁང་འདིར། །ཚེ་འདས་སྡིག་པ་སྦྱང་བའི་ཕྱིར། །འབྲས་བུ་རྫོགས་པའི་སངས་རྒྱས་རྣམས། །དམ་ཚིག་རྫོགས་པར་མཛད་འཆལ? གྱིག་སྟ་དོན་ལ་ནི་གནས་པར་མཛོད། །སེམས་དཔའ་ཆེན་པོ་ཕལ་རྣམས་ཀྱང། །གཙོ་བོའི་དམ་ཚིག་རྗེས་དགོངས་ཏེ། །ཡེ་ཤེས་འབར་བའི་བསྲག་ཁང་འདིར། །ཚུལ་བཞིན་དུ་ནི་སྤྱན་འདྲེན་གྱིས། །སྟ་གོན་ལ་ནི་གནས་པར་མཛོད། །སྡེར་བཅས ལྷ་ཀླུ་མཐུ་ཆེན་རྣམས། །སྔོན་གྱི་རྒྱལ་བའི་བཀའ་བཞིན་དུ། །ཕྱོགས་དང་མཚམས་སུ་སྤྱན་འདྲེན་གྱིས། །སྟ་གོན་ལ་ནི་གནས་སར་མཛོད། །རྒྱ་དྲུག་འཁོ་བའི་སེམས་ཅན་རྣམས། །ཡེ་ཤེས་འབར་བའི་བསྲེག་ཁང་? སྦྱིན་པ་རྒྱ་ཆེན་གཏོད་ལགས་ཀྱིས། །སྟ་གོན་ལ་ནི་གནས་པར་མཛོད། །སྔགས་མཁན་དམ་ཚིག་རྫོགས་པ་དང། །རྫས་དང་ཆོ་ག་མ་ཉམས་པར། །ཚུལ་བཞིན་དུ་ནི་བསགས་ལགས་ཀྱིས། །སྟ་གོན་ལ་ནི་གནས་པར་མཛོད། ། ཅེས་པ་ལན་གསུམ་གུས་པ་དང་བཅས་པར་བརྗོད། །དེ་ནས་སེམས་དག་པ་ནས་བསྟོད་པ་དང་ཕྱག་བྱ་སྟེ། ཕྱི་རོལ་ཏུ་བྱུང་ནས་སློབ་མ་སྟེ་གོན་ལ་གནས་པར་བྱ་སྟེ། དམ?་པོར་ལུས་བཀྲུ་བ་དག་པ་དང། གཙང་མ་འགོས་ལ་སྙིམ་པ་མེ ཏོག་གིས་བཀང་ནས། སློབ་དཔོན་ལ་ཕྱག་བྱས་ལ། གསོལ་བ་གདབ་བར་བྱའོ། །དགའ་ཆེན་ཁྱོ་ནི་བདག་སྟོན་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། ། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་བར་བགྱིང། །དེ་སྐད་ལན་གསུམ་བརྗོད་དོ། །དེ་ནས་སློབ དཔོན་གྱིས། །སློབ་མཚན་ཉིད་དང་དན་པ་ལ་འདི་སྐད་ཅེས་བརྗོད་དོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །བུ་ཚྲ་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྦྱོར་ཚུལ་ཆོ་ག་ནི། །ཁྱེད་ལ་ཡང་དག་བསྟན་བར་བྱ་བ་རྫོགས་བའི་སངས་རྒྱས་གང འདས་དང། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུད་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དང་དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཀྱེན་དས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད མཁྱེད་པ་བླ་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་བ། །དཔུང་ཆེན་དག་ཀྱང་དེ་ཡི་བཅོམ། །དེ་བས་ཀུན་མཁྱན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཞིག་རྟོགས བ་མང་པོ་ལེགས་པར་བསྡུད་ནས་སུ། །ཤིན་ཏུ་བསམ་པ་བཟང་པོས་མཉན་པའི་བྱས། །བརྗེད་དས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ནས་སྡིག་བཤགས་པ་ལ་སོགས་པ་བྱེད་དུ གཞུག་སྟ། །བདག་གིས་སྡིག་པ་བགྱིས་པ་དང། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་བར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །རང་རྒྱལ་དགྲ་བཅོམ་འགྲོ རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ། །སེམས་བསྐྱེད་མངོན་པར་སངས་རྒྱས་དང། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །བྱང་ཆུབ་སེམས་དཔའ་ཨི་ཚོགས་སྤྱོད་ལ། །དེ་ལ་བདག་ནི་སྐྱབས སུ་མཆི?། །སངས་རྒྱས་རང་བྱུང་ཇི་ལྟ་པར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས རྣམས། །དུས་འཛིན་མ་ནི་སངས་རྒྱའི་བར། །བླ་མེད་བདག་ལ་གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེ་ཉིད་བདག་ལ་དགོངས་སུ་གསོལ། །སངས་རྒྱས་རྣལ་འབྱོར་སྡོམ་པ ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །ཡང་དག་ཉིད་དུ་གཟུང་བར་གྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། བླ་ན་མེད་པའི་དཀོན་མཆོག་གསུམ། །ནམ ?་ཡང་ནི་མི་གཏོང་ངོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང་བར་དགྱེ། །སློབ་དཔོན་ངག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། ཉིན་རེ་ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང། །ལས་ཀྱི་རིགས་མཆོག ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་བར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་བའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང། །མགྲོལ་བ་ནི་དགྲོལ་བར་དགྱི། །མ་རྒལ བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་ཕྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། །སེམས་ཅན་འཁོར་བའི་རྒྱ མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི། །དེ་ནས་གསོན་པོ་ལ་བྱེད་ན་སོ་ཤིང་སྦྱིན་བ་འམ། མཆོད་པ་བྱ་བ་དང། སོ་ཤིང་བོར་ལ་པྲ་བརྟག་པ་དང། དྲི་ཆུས་ཁ་ལག་བཀྲུ་ཞིང་འཐོར་འཐུང་བྱ་བ་དང། སློབ་མ རྣམས་དགའ་བའི་ཕྱིར་ཆོས་བསྟན་པར་བྱའོ། །དེ་ནས་རྩ་བའི་སྔགས་བཟླས་པའི་ཀུ་ཤ་སྟན་དང་སྔས་བྱེད་དུ་གཞུག། དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱ་བའི་བསྲུང་སྐུང་དཔུང་པ་གཡོན་བར་གདགས་།དེ་ནས་བཞིན་བཟང་ལངས་ཤིག སང་གཉིན་མོ་ཁྱེད་རྣམས་ཀྱིས། །བར་པ་ཆེན་པོའི་རང་བཞིན་གྱི། །གྲོང་ཁྱེར་ཆེན་པོ་མཐོང་འགྱུར་གྱིས། །ཡང་མཆོད་པ་ལྔ་བྱས་ཏེ་གཏོར་མ་བཏང། །ཡང་ན་ནི་དཀྱིལ་འཁོར་ལ་ཕྱི་ནང་གི་མཆོད་པ་རྒྱས་པར་བྱའོ། །གནས་དེ ཉིད་དུ་ཀུ་ཤ་སྟམ་པ་སེང་གེའི་ཉལ་སྟབས་སུ་རྨི་ལམ་བལྟ་བའི་ཕྱིར་མི་སྨྲ་བར་བསམ་གཏན་གྱིས་ཉལ་བར་བྱའོ། །ནང་པར་གབ་སྦས་མེད་པར་རྨི་ལམ་བསྟན་པར་བྱའོ། །བཟང་ན་རྗེས་སུ་ཡི་རང་བར་བྱའོ། །དངོས་གྲུབ་འོས་བ་སྟན་པར་བྱའོ དན་ན་བའི་རྣམ་ལྔ་ལ་ཁྲོ་བོའི་སྔགས་བཟླས་ལ་ཐུང་དུ་གཞུག་བསྲུང་བར་བྱའོ། །གྲུབ་ན་དགྲ་པོའི་སྦྱིན་སྲེག་བྱའོ། །དེ་ནས་སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ། །ཕུར་བུ་དང་ར་བ་དང་འདྲ་བ་དང་ཕྱོགས་བཅིང་བར བྱའོ། །དེ་ནས་ཡི་གེ་གསུམ་ལས་རི་རབ་བསྐྱེད། །དེའི་སྟེང་དུ་བདག་ཉིད་རྣམ་པར་སྣ་མཛད་ཆེན་པོ་བསྒོམས་ཏེ། དེ་ནས་སྤྲུལ་པ་བྱུང་བས་སྲད་བུ་འཛིན་བར་བསམས་ལ། །དེ་ཡང་ལུང་ལས་ངེས་པར་དཀྱིལ་འཁོར་བྱ་བ་ནི། སུ་ཞིག་གིས་ནི བྱ་བར་ནི་ལྷའི་རྣལ་འབྱོར་རང་གནས་ན། དཀྱིལ་འཁོར་འགྲུབ་པར་འགྱུར་ཞིང་ཞེས་འབྱུང་ངོ། །དེ་ནས་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །ལས་ཐམས་ཅད་པའི་བུམ་པས་བསང་གཏོར་བྱའོ། །གླུ་ལ་སོགས་པ་མཆོད་བ་རྒྱས་པར་བྱའོ། །ནམ་མཁའ་ཨི དཀྱིལ་འཁོར་དུ་བྱའོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱིས་དབུས་སུ་འདུག་ལ། སྲད་བུ་སོ་སོར་ཕྱོགས་བཞིར་སློབ་མ་བཞིས་ཐེན་ལ། དཀར་པོ་སྔོན་པོ་སེར་པོ་དམར་པོ་ལྗང་གུ་རྣམས་ལ། ཨོཾ་ཧཱུཾ་ཏྲཾ་ཧྲི། བཾ་ཞེས་པའི་ཡི་གེ་བསམས པས། རྣམ་པར་སྣང་མཛད་ལ་སོགས་པར་གྱུར་བར་བསྒོམ། །མིག་གཡས་གཡོན་གཉིས་ལ་ཉི་མ་དང་ཟླ་བ་བསམས་ཏེ། ཨོཾ་དཱིབྷྲི་དྲིཥྚ་ཨཾ་ཀུ་ཤི་ཛམཛད་པ་འགགས་བ་?་ཏེ། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་གནས་པའི། །འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ། །ལྷ་ཚོགས་མ་ལུས་པ་ལ་གསོལ་བ་བཏབ་ལ། །ཞབས་ལ་ཀྱི་བཅོམ་ལྡན་འདས་རྣམས་དཀྱིལ་འཁོར་ཐིག གདབ་རྡོ་རྗེ་སྲང་བུ་སྩལ་དུ་གསོལ། དེ་ནས་ཡེ་ཤེས་སྤྱན་གྱིས་གཟིགས་ནས། རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀ་ནས་བྱུང་སྟེ། ལྕགས་ཀྱུ་འདྲ་བའི་ཚུལ་གྱིས་རང་གི་ལག་ཏུ་འོངས་པར་བསམ་མོ། །རྣམ པར་སྣང་མཛད་མདུན་དུ་དམིགས་ལ། ཨ་ཛ་ན་ཇི་ཀ་སྭཱཧཱ་ཞེས་བརྗོད་ལ་བསྒྲིལ་བར་བྱའོ། །དེ་ནས་ཙནདན་བཟང་པོ་ལ་སོགས་པས་ལེགས་པར་བསྐུས་བའི་གསེར་གྱི་སྣང་ལ་སོགས་པར་ལེགས་པར་བཞག་ལ། མེ་ཏོག་ལ་སོགས བས་ཡང་དག་པར་མཆོད་དེ། རྡོ་རྗེ་མིག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་གཟུང་ལ་འདི་སྐད་ཅེས་གསོལ་བ་གདབ་བོ། །སངས་རྒྱས་ཀྱི་ཞིང་མཛའ་ཡས་པ་ན་བཞུགས་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སེམས་ཅན་རྣམས་ཀྱི དོན་མཛད་ཅིང་། སེམས་ཅན་རྣམས་ལ་ལན?་པ་དང་བདེ་བ་མཛད་པ་། ཞལ་ཟླ་བ་འདྲ་བས་བསིལ་བར་མཛད་པ་རྣམས་དགོངས་སུ་གསོལ་ལོ། །དེང་སེམས་ཅན་གྱི་དོན་ལ་བབས་ཀྱིས་བདག་ལ་མཐུ་བཏང་བ་དང་བྱིན་གྱིས་བརླབ་ཏུ་གསོལ་ལོ དགངས་ཤིག་རྒྱལ་བ་ཐུབ་དབང་ཇི་སྙེད་ཅིག་། དཔག་མེད་ཞིང་ན་བཞུགས་པ་ཐམས་ཅད་ཀྱིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་བརླབ་པ་དང་།དེ་རིང་བདག་ལ་བཏང་བའི་དུས་ལ་བབ། །དེ་ནས་ཨོཾ་བཛྲ་ས་མུ་ཏྲཾ་མཱ་ཏཾ་ཀྲམ?་ཧཱུཾ་ཞེས བརྒྱ་?་བརྒྱད་བཟླས་པར་བྱའོ། །ཡང་ན་ཨོཾ་ཨཱམཆོད་པ་དང། །སྒེག་མོ་ལ་སོགས་པ་ཕྱི་ནང་གི་མཆོད་པ་དང། གླུ་དང་རོལ་མོ་ལ་སོགས་པ་ཅི་ནུས་པས་མཆོད་ནས་ཐིག་གདབ་པར་བྱའོ། །དེ་ལ་རིམ་པ་ནི་འདི་སྟེ། བདག་ཉིད་རྣམ་པར་སྣང་མཛད་ཀྱིས་རྣལ་འབྱོར་དུ་བྱས་ཏེ། ཛི་ན ཛིཀ་ཞེས་བྱ་བ་ཅི་ནུས་སུ་བརྗོད་ནས་རྣམ་པར་སྣང་མཛད་དུ་གྱུར་པའི་སྙིང་གནས་གྲོགས་པོ་སྤྲུལ་ནས། བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་བྱས་ཏེ། བདུན་དུ་ལྟ་བ་བྱས་ནས་ཕན་ཚུན་རྡོ་རྗེ་གཉིས་བཅིངས་ལ། མཚོན་སྣ་ལྔའི་སྐུར་པ་དང་པོ དཀྱིལ་འཁོར་ཉིས་འགྱུར?་གྱི་ཚག་སྒོམས་སུ་སྣོའི་ཉི་ཤུའི་ཚར། །རྡོ་རྗེ་ཁུ་ཚུར་གཡོན་པས་བླངས་ལ་གཟུང་ལ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ལ། ཛཔོའི་ལག་ཏུ་གཏོང་ངོ། །གྲགས་པོ་རྐང་པ་མདུན་བསྣུར་ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། ཛགདབ?་པར་བྱའོ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཧ་ཀྲ་མ་ཧཱུཾ་ཞེས་གཉིས་ཀས་བརྗོད་པར་བྱའོ། །དེ་ནས་ཐིག་གཉིས་པ་སྔ་མ་ཇི་ལྟ་བ་བཞིན་དུ་གདབ་པར་བྱའོ། །སློབ་དཔོན་གཉིས་ཀ་གཡས་སུ་བསྐོར་བར་བྱའོ། །དེ་ནས་མེའི་ཕྱོགས་སུ་འདུག་ལ་བྱང་དུ བལྟས་ལ་ཤར་གྱི་ཐིག་གདབ་པོ་རླུང་གི་ཕྱོགས་སུ་འདུག་ལ་ལྷོར་བལྟས་ཏེ་ནུབ་ངོས་གདབ་བོ། །དེ་ཉིད་ལས་ཤར་དུ་བལྟས་ཏོ་བྱང་ངོས་གདབ་བོ། །ཡང་མེའི་ཕྱོགས་སུ་འདུག་ལ་ནུབ་ཏུ་བལྟས་ཏེ་ལྷོ་ངོས་གདབ་པོ། །དེ་བཞིན་དུ་འཇུག་ལ་རླུང་ཕྱོགས སུ་བྲི་བར་བྱའོ། །ཡང་བདེ་མ་བྲལ་དུ་འདུག་ལ་དབང་ལྡན་དུ་པྲེ་བར་བྱའོ། །ཆ་བཞིར་བགོས་ནས་གཉིས་ལ་བརྒྱད། །ནང་གི་དཀྱིལ་འཁོར་བྱ་བར་གསུངས། །ལྷག་མ་བཞི་ལ་བརྒྱད་བྱས་པ། །ཕྱི་ཡི་དཀྱིལ་འཁོར་ས་ཡིན་ནོ། །བརྒྱད་དྲུག་པོའི? བཞི་བཞིར་བསྒོ། །དེ་ལྟར་ཐིག་ནི་བཏབ་ནས་ནི། །ཕྱོགས་སུ་བལྟས་ཏེ་ལྷག་ཆད་བསྐང།། ཐིག་བསྐུད་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ནན་བར་འགྱུར། །ཕྱོགས་འཕྲུལ་སློབ་མ་མྱོས་པར་འགྱུར། །དེ་བས་ཐམས་ཅད་ནན་ཏན་དུ། །ཐིག བསྐུད་ལ་ནི་འབང་པར་བྱའོ། །དེ་ནས་ནང་དུ་ཞུགས་ནས་སུ། །ནང་གི་རིམ་པ་དབྱེ་བར་བྱ་སྟེ། །དེ་ཡང་རྒྱུད་ལས་ཧོ་མ་ཁུབ་ཟ་མ་པར་མ་མཆོག། ཁྲུ་གང་ཁྲུ་ངོ་ཁྲུ་བཞི་བ། །ཟླུམ་པོ་ཉིད་དུ་བྱས་ནས་སུ། །དེ་ཡི ཤ་དང་རུས་པ་དང། །སྐུ་དང་སེན་མོ་ལ་སོགས་པ། །སྦྱིན་སྲེག་བྱས་ན་ངན་པའི་ལས། །ཀུན་ལས་རྣམ་པར་ཐར་པར་འགྱུར། །ཞེས་པ་ནི་ཞི་བའི་དབང་དུ་ཕྱག་བའོ།། །།སྤྱིའི་དབར?་དུ? བྱས་ཏེ་གསུངས་པ། །ཆུད་དུ་བར་མ་བརྒྱད་ཅུ་གཉིས། །མཆོག་ལ་བཅུ་དྲུག་ཉི་ཤུ་བཞིར། །ཞི་ལ་སོགས་བའི་སྟེགས་བུའོ། །དེ་ལ་ཐབ་ཁུད་བརྐོ་བ་ཡང་རྒྱུད་ཡས། །དེ་ཡི་དབུས་སུ་བརྐོ་བ་ནི། །ལེགས་པར་བརྟགས་ཏེ་བྱེད་ཀྱི་ཚད། །མུ་ཁྱད སེར་བཞི་སོར་བརྒྱད་དམ། །བཅུ་དྲུག་དག་ཏུ་བྱ་བ་ཡིན། །འབྱུང་བ་ལྟར་བརྟག་པ་དེ་ནི་སྦྱིར་རོ། །རོའི་ཧོ་མ་གྱི་དབང་དུ་བྱས་ནས་རྩ་བའི་རྒྱུད་ལས། ཁྲུ་བཞི་པ་ཡི་ཚང་དུ་ནི། །ཆོ་ག་བཞིན་དུ་ཁུད་?་ཏེ། །རྡོ་རྗེ་མཛའ་མ་བསྐོར བ་ཡིས། །ཞེས་གསུངས་ཏེ། དེའི?་དགོངས་པ་འདི་ཡིན་ཏེ། སྟེགས་བུ་ཁྲུ་རབ་འབྲིང་ཐམས་དབྱེ་སྟེ། ཁྲུ་བཅུ་གཉིས་པ་ལ་མེ་ཐབ་ཁོར་?་ཡུག་ཏུ་ཁྲུ་ངོ་ཟླུམ་པོ་ཟབས་སུ་ཁྲུ་དེ་བ་ཅིག་བྱས་ཏེ། མུ་རན་འཕང་དང་ཞེང་དུ་སོར་བཞི་པས་བསྐོར ལྕིབས་བརྐྱང་?་ལེགས་པར་བྱས། ས་ཀར་པོས་བསྐུ་ཞིང་དྲིས་བྱུར། །དེ་ཡང་དང་པོ་ཁྲུ་ངོ་པ་ཚངས་ཐིག་གཡས་གཡོན་ནས་ཁྲུས་ཏེ་ལ་བསྐོར། །དེ་ནས་ཡང་སོར་བཞི་ལས་བསྐོར། །དེ་ནས་སོར་བཅུ་བཞི་ལས་བསྐོར། །དེ་ནས་སྣམ བུ་ལས་ནང་དུ་ཆ་རླུང་དུ་བསྐོར། དེ་ནས་སྣམ་བུ་གཉིས་སུ་བྱ། དེ་ནས་སྒོ་རྒྱན་དང་བཅས་པ་ཕྱི་རོལ་ནས་བླངས་ལ། མཚན་བཞི་ཆ་དང་བཅས་པ་ལས་བསྐོར། དེ་ནས་ཕུར་བ་གདོན། དེ་ནས་ཡེ་ཤེས་ཀྱི་ཐིག་སྐུད་ཀྱང་སྔ་མ བཞིན་དུ་མཆོད་ལ་གཤེགས་སུ་གསོལ་བ་བྱའོ། །དེ་ནས་ཤིང་རྩིག་པ་ཡང་མཆོད་རྟོན་དང་འདྲ་བར་བརྩིག་སྟེ། ས་དཀར་པོ་ལས་བྱས་པའི་ཕག་དྲི་ཞིམ་པོས་བསྒོས་བ། ཆུར་མཐོ་ངོ་བ་ཞེང་དུ་སོར་བཅུ་བཞི་པས། །རིམ་པ་བརྒྱད་སྐར་ཁུད་བརྒྱད བ་བརྩིགས། རང་གི་སྔགས་བཏབ་པའི་བ་ལྕིས་ཞལ་ཞལ་བྱ་།ས་དཀར་པོས་བྱུག། ཀ་བ་བཞིས་མཛས་པར་བད་བདེག་།དེའི་སྟེང་དུ་བསྲེག་ཤིང་ཁྲུ་དྲུག་པ་ལྷའི་ཕྲངས་དང་འཐུན་པ་ལ་རྩ་བའི་སྔགས་དང། རང་གི་སྔགས་བཟླས་པ འམ། བྲིས་ལ་རྩིག་པ་རམ་པ་གསུམ་དང་ལུས་ཁང་བཞིར་བྱའོ། །ཤིང་དྲི་བཟང་པོ་ལས་བྱའོ། །དྲིས་བྱུག་གོ། རོའི་དུམ་པ་དྲག་ནོན་དུ་བརྩིག་གོ་།དེ་ཡང་རྡོ་རྗེ་གཙུག་ཏོ་རི་གྱ་རྒྱུད་ལས། །རོ་བསྲེག་དཀྱིལ་འཁོར་ཁྲུ་བཅུ་གཉིས། །ཐབ་ལུ ཁྲུ་རོ་ཁྲུ་རོ་ཟབས། །ཟླུམ་པོ་སོར་བཞིས་སོར་བཞིས་བསྐོར། །འཕང་དང་ཞེད་ཡང་དེ་དར་འདྲ། །དེ་ཡི་ཕྱི་རོལ་སོང་བཅུ་བཞི། །ས་དཀར་དྲིས་བསྒོས་ཕག་པས་བརྩིག་།འཁོར་ལོ་རྡོ་རྗེ་རང་གླུ་བཞི། །བར་ཁྱམས་གཉིས་ལ་སྒོ་ནད་བཅས། ། རྟ་བ་དས?་ཐེམ་སྐལ་མཛེད་ལས་བརྒྱད། །སྔགས་བཏབ་ཤིང་ནི་རིམ་པ་གསུམ། །བརྩིགས་ཏེ་མཆོར་རྟེན་ཚུལ་ཏུ་བརྩིག་།བཤད་པའི་རྒྱུད་ལས་འབྱུང་ངོ། །གང་དག་སྣམ་བུ་ལྡར་འདོད་པ་ཡང། །དང་པོ་སྒོ་སྣམ་གཉིས་པ་བྱང་ཆུབ སེམས་དཔའ་དང། ཉན་ཐོས་རང་རྒྱལ་གསུམ་པ་ལས། །ཁྲོ་བོ་བརྒྱར་ནི་བཞི་པ་ལས། །ཕྱི་ཡི་རྡོ་རྗེ་རིགས་རྣམས་ཀྱིས། །ཕྱག་རྒྱ་རྣམས་ནི་ཕྱི་རོལ་བྲི། །གཟའ་དང་སྐར་མའི་མཚན་མ་དང། །དེ་ལྟར་འཇིག་རྟེན་སྐྱོང་བ་རྣམས། །སྣམ་བུ་ལྔ བ་བདག་པོ་བཞི་པོ་དགོད། །ཅེས་ཟེར་བ་ཡང་མ་བཀག་སྟེ། །བཤད་པའི་རྒྱུད་ན་མི་འདུག་གོ་།དེ་ནས་ཤིང་ལ་ངན་སོང་སྤྱོད་བའི་སྔགས་ཀྱིས་བཏབ་སྟེ་བཙིག། །རོ་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་མང་དུ་བཏབ་ཏེ་བྱེ་མ་འམ། ཡུངས་ཀར ལ་བཟླས་ཤིང་གཏོར་ནས་བུམ་པའི་ཞུས་ཚུལ་བཞིན་དུ་བཀྲུས་ཏེ། ག་བུར་དང་གུས་ལ་སོགས་པའི་དྲི་རྣམས་ལ་ངན་སོང་སྤྱོད་པའི་སྔགས་ཀྱིས་བཏབ་སྟེ་རོལ་བྱུག་།གུར་གུམ་གྱིས་སྔགས་བཅོ་བརྒྱད་རིམས་གྱིས་བྲིས ནས་བདགས་ཏེ། ཨོཾ་སརྦ་བད་ཨ་བར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ། གཙུག་ཕུང་ལའོ། །ོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་ཕཊ། ཨོཾ་སརྦ་བིད་ཨ། ཨོཾ་སརྦ་བིད་ཏྲཊ། ཨོཾ་སརྦ་བིད་སྭ། ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བའི ཏ་ཊ། ཨོཾ་ཤ། ཨོཾ་བྷ། དཔྲལ་བ་མཛོད་སྡུ་རྣ་བ་གཉིས། དབུང་པ་གཉིས་དང་རྐེད་པ་དང། །དུས་གཉིས་པོ་ལ་གཉིས་ལོང་བྷ་གཉིས། །མིག་གཉིས་གསང་བའི་དབང་པོར་གདགས། །ཡང་ན་དེ་བཞིན་དུ་ཡིས་ཀྱིས་སྔགས་དགོད་དོ། ། དེ་དག་གི་འོད་ཟེར་གྱིས་སྒྲིབ་བ་སྦྱང་བར་བསམ་མོ། །ངན་སོང་སྦྱོང་བའི་ཕྱག་རྒྱ་བཅིངས་ལ་སརྦ་བིད་ཀྱི་སྔགས་བཟླས་ཏེ། སྙིང་ག་དང་ལྐོག་མ་དང་སྤྱི་བོར་གཏུགས་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་པར་བསམ་མོ། ། དེ་ནས་རོ་ལ་ངན་སོར་སྦྱོར་པ་བཏབ་པའི་གོས་ཀྱིས་གཡོགས་ནས། རྒྱན་རྣམས་ཀྱིས་ཀླུབས་ཏེ། མེ་ཏོག་གི་ཕྲེང་བ་གདགས་ཤིང་སྔགས་ཀྱིས་བཏབ་པའི་བདུག་པས་བདུགས་པས་ཐབས་ཀྱི་དབུས་སུ་སྟན་དང་བཅས་བས་བཞག་སྟེ།། ཁ་ནུབ་ཏུ་བསྟན་ཏེ་བདག་གཉིས་ལ་ཤར་ཕྱོགས་སུ་བལྟས་བལྟས་ཏེ་ལས་བྱའོ། །དེ་ཡང་རྒྱད་ལས། རན་གི་སྔགས་ཀྱིས་བཏབ་པའི་ཤིང། །ཁུད་བུའི་ནང་དུ་གཞུག་པར་བྱའོ། །རོལ་སྔགས་ཀྱིས་བཏབ་ནས་ཀྱང། །ཆུ་མཆོག་དག་གིས་བཀྲུས ནས་ནི། །བཟླས་པའོ་དྲི་ཡི་བྱུག་པར་དྲ། །གོས་དང་རྒྱན་ཕྱིས་ཀླུབས་ནས་ཀྱང། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག། མེ་ཏོག་ཕྲེང་ལ་སོགས་པས་མཆོད་།སྙིང་ག་ལོག་མ་ཁ་ཕྱོགས་སུ། །སརྦ་འདི་ཀྱིས་བྱིན་གྱིས་བརླབ། །དེ་ལྟར་གཞན་དུ ཡེ་ཤེས་སྔགས། །མཆོག་ཏུ་ཡི་གེ་རྣམས་བཞག་གོ། དེ་ནས་ངན་སོང་སྦྱོང་བའི་ཕྱིར། སྟན་དང་བཅས་པ་དེ་དབུས་སུ། །བཞག་པ་ཉིད་དུ་བྱ་བ་ཡིན། །ཞེས་འབྱུང་ངོ། །དེ་ནས་མཆོད་པ་ཡང་སྔ་མ་ཡེ་ཤེས་ཀྱིས་?་ཡིག་འདས? ཇི་ལྟར་བཀོད་པ་དེ་བཞིན་དུ་འདིར་ས་ཚོན་ལ་ཡང་བསམ་པར་བྱ་སྟེ། ས་ཚོན་ལ་བྱེ་བྲག་ཏུ་ཆོ་གའི་རིམ་པ་བསྟན་པ་འདིའོ། །སོཾ་བཛྲ་ས་ཏྲ་ས་མ་ཡ་ཧཱུཾ། སྔགས་འདི་ལན་བདུན་བཟླས་ཏེ། དེ་ནས་ས་ཚོན་ལོ་འབར་བའི་ལྟ་བས བལྟའོ། །མཐར་ཡི་གེ་ཧྲིབ་རེས། ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བྱའོ། །དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏ། དེའི་འོག་ཏུ་རྡོ་རྗེ་དྲིལ་བུ་བླངས་ཏེ། དཀྲོལ་ཞིང་བཀྲ་ཤིས་པའི་དབྱངས་བརྗོད། །དེ་ནས་མྱ་ངན་ལས་འདས་པའི་བསམ་པ་བཏང འགྲོ་བའི་དོན་ལ་དམིགས་ལ་ཨོཾ་བཛྲ་ཙི་ཏྲ་ཞེས་བྱ་བའི་སྔགས་བརྗོད་ཅིང། རྡོ་རྗེ་ཁུ་ཆུར་གཡོན་བས་ཚོན་བླངས་ལ། དབང་ལྡན་གྱི་ཕྱོགས་སུ་བཀོད་དེ། ཚོན་དཀྱེ་བ་བྱའོ། །དེ་ནས་ཕྱིས་ཅི་བདེ་བར་བྱའོ། །ཚོན་དབྱེ་བ་ཡང།། མཉམ་ལམ་འདྲེས་པའི་མ་ཡོ་བར། །བར་མཆད་དང་གཡོན་མ་བསྐོར། །སྦོམས་སུ་སྒོ་ཡི་ཉི་ཤུའི་ཚད། །རེ་ཁཱ་རྣམས་ཀྱང་དེ་ཙམ་བྱ། །སྡོམས་ན་ནད་རྣམས་འབྱུང་པར་འགྱུར། །བྲས་ན་ཡང་ནི་ནོར་ཟད་འགྱུར། །ཡོ་བར་གྱུར་ནས མཛའ་བ་ཤེས་འབྲལ། །བར་དུ་ཆད་ནམ་མཁན་སློབ་འཆི། །དེ་བས་ཚོན་རྩི་ནན་ཏན་བྱ། །ར་བའི་རིམ་པ་ཡང་རྒྱུད་ལས། །དཀར་དམར་སེར་ལྗང་རིམ་པ་སྟེ། །ཀུན་གྱི་ཕྱི་རོལ་ནག་པོར་གཏད། །བཤད་བའི་རྒྱུད་ལས་འབྱུང་ངོ། །ལྷ་དང དཀྱིལ་འཁོར་གྱི་ཁ་དོག་རྐྱང་རྡོ་རྗེ་རྩེ་མོའི་རྐྱང་ལས། ཤར་སྔོ་ལྷོ?་སེར་ནུབ?་ཏུ་དམར། །བྱང་ལྗང་དབུས་ནི་ཤེལ་ལྟར་དཀར་?་བྱ་བ་བཞིན་དུ་བྱ། ཡང་ན་རྩ་པའི་རྒྱུད་ལས། ཁ་དོག་དང་རྒྱན་ནི་ངེས་བ་མེའི་སྔགས་ལ་ཇི་ལྟར འདོད་པ་ལྟར་བྱའོ། །ཇི་ལྟར་འབྲི་ཡང་རུང་བས། རྡོ་རྗེ་དྲིལ་བུ་?་འཆང་ཞིང། ཤིན་ཏུ་མཉམ་བཞག་ལེགས་བར་དྲི། །གསང་སྔགས་དེ་ཉིད་ཡོངས་བཟླས་ཤིང། ཚོན་གྱི་ཐིག་ནི་ཡོངས་སུ་དག་གསུངས་སོ། །དཀྱིལ་འཁོར་གྱི་སྒོ་གཉིད པ་འམ་གསུམ་བ་བྱེད་ན། སྔགས་བཛྲ་བ་ག་ཧཱུཾ་ཞེས་པའམ། ཨོཾ་བཛྲ་ཞེས་པ་བཟླས་ཤིང་དཀྱིལ་འཁོར་ནམ་མཁའ་ལ་བསམས་ལ་འཇུག་ཅིང་འབྱུང་བ་བྱའོ། །དེ་ལྟར་བྲིས་ཟིན་ནས་བགེགས་ཞི་བར་བྱ་བའི་ཕྱིར། ཁྲོ་བོའི་སྦྱོར བ་ལས་བགེགས་བསྲུང་བ་བྱའོ། །ཕྱག་རྒྱ་དགོད་པ་ཡང་རྒྱུད་ལས། །འཁོར་ལོ་དབུས་སུ་གྲ་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་སེམས་དཔའ་རྣམས་ནི། །འཇིག་རྟེན་གཙོ་ལ་སོགས་པ་?། །ཞེས་གསུངས། །དེ་ལ མེ་ཐབ་ཀྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྱ། །དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་བ་བྲི་བ་ནི་ཕྲིན་ལས་གཞན་གྱི་དབང་དུ་བྱས་བ་ཡིན། ཤར་དུ་རྡོ་རྗེ་ལྷོར་རིན་པོ་ཆེ་ནུབ་ཏུ་པདྨ་བྱང་དུ་སྣ་ཚོགས་རྡོ་རྗེ་ཚུལ་བཞིན་དུ་དགོས་མུ་རན་རྡོ་རྗེ རྒྱད་པ་རྩེ་ལྔ་པ་འམ་རྩེ་ཀ་སུམ་བསྐོར། ལོག་ལ་མེ་འོད་བྲི་ནང་དུ་ལེ་ཙོ་དགུ་མུར་ན་དང་བཅས་པ་བྲི། ཕྱིའི་རྩིག་པའི་ཕྱི་རོལ་གྱི་འཁོར་ལོ་རྩིབས་བཅུ་དྲུག་འབུར་རམ་ཐིག་གིས་ཕྱེ་བ་ལ་ཤར་གྱི་འཁོར་ལོ་རྩིབས་བཞི་པ་ལ་རྡོ་རྗེ ལྕགས་ཀྱུ་མདའ?་བ་རྣམས་དགོད། ལྷོའི་འཁོར་ལོའི་རྩིབས་བཞི་ལ་ནོར་བུ་རིན་པོ་ཆེ་ཉི་མ་རྒྱལ་མཚན་སོའི་ཕྲེང་བ་རྣམས་དགོང། ནུབ་ཀྱི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་པདྨ་རལ་གྲི་འཁོར་ལོ་དུང་དམ་ལྕེ་རྣམས་དགོང། །བྱང གི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་ཁ་བཞི་པ་དང་། གོ་ཆ་མཆེ་བ་ཁུ་ཚུར་བཅངས་པ་རྣམས་དགོད། དེའི་ཕྱི་རིམ་གྱི་གྲུ་ཆད་ཤར་ལྷོར་སྨིན་མ་འདེགས་པའི་ཚུལ་ལམ། རྡོ་རྗེ་དང་བོག་ཕོར་དགོད། ལྷོ་ནུབ་ཏུ་བྱེད་པ་དང་མེ་ཏོག་དགོད། ནུབ བྱང་དུ་པི་ཝང་དང་མར་མེ་དགོད། བྱང་ཤར་དུ་གར་བྱེད་པའི་ལག་པ་དང་། ཡང་ན་རྡོ་རྗེ་དང་དུད་པོར་དགོད། དེའི་ཕྱི་རིམ་གྱི་སྣམ་བུ་ལ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང། རྡོ་རྗེ་ཁ་བཞི་པ་བཞི་བཞི་འམ་གཏམས་པར་ཤར་ནས བརྩམས་ལ་དགོད་། དེའི་ཕྱི་རིམ་གྱི་སྣམ་བུ་ལ་ཤར་དུ་རྡོ་རྗེ་གདེད་པོ་ཟླ་བ་ཤར་ལྷོ། མེ་ཐབ་ལྷོད་དབྱུག་པ་ལྷོ་ནུབ་རལ་གྲི། ནུབ་ཏུ་ཞུ?་བ་དང་བུཾ་པ་དང་ཉི་མ། ནུ་བྱང་དུ་བདན་བྱང་དུ་བེ་ཅོན་རྣཾས་དགོད། བཀྲ་ཤིས་ཀྱི་ལྷ་མོ་བར་བར་དུ་སྦེལ་ལ་དགོད། ཡེང་ན་མ་བཀོ ཀྱང་མི་འགལ་སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་བགོད། གཞན་ཡང་སང་གི་གླང་ཆེན་ལྭ་ལྡི་དོ་ཤལ་དྲིལ་བུ་ཕྲེང་བ་རྣམས་ཅི་རིགས་དགོད་དོ། །རྒྱན་ཡང་རྒྱུད་ལས། བྱ་དང་བུམ་པ་གང་བ་དང། །གཏོར མ?་སྣོད་རྣམས་བཀང་བ་དང། །བརྒྱ་སྙེད་ཅམ་དུ་བཞག་བྱའམ་། ཡང་ན་བཅུ་དྲུག་སྙེད་དུ་བཞག་།བཟའ་བ་དང་ནི་བཅའ་པའི་བཤོས། །མེ་ཏོག་ཕྲེང་སོགས་དེ་བཞིན་ཏེ། །བླ་རེ་རྒྱན་མཚོན་པར་ལ་སོགས། །གདུགས་མཆོག་རྣམS ཀྱིས་ལེགས་པར་བརྒྱན་ཅེས་འབྱུང། །དེ་ཡང་དཀྱིལ་འཁོར་དུ། བུམ་པ་བྱ་ཆུས་བཀང་བ་སྨན་དང་འབྲུ་དང་རིན་པོ་ཆེ་དང། མགུལ་ཆིངས་དང་ལྡུམ་བུས་བརྒྱན་པ། གཞུང་དང་འཐུན་པར་བྱས་ལ་བཅུ་ཡན་ཆོད་དགད་པ་དང་། གཏོར་མས?་བྱམ་པ་ལྷ་བཤོས་སྣོད་གཙང་མ་བཀང་བ་བརྒྱད་དམ། བཅུ་དྲུག་སྙེད་ཀྱི་བཟའ་བ་དང་བཅས་པ་དང། མེ་ཏོག་བདུག་བ་མར་མེ་བྱུག་པ་བརྒྱ་འམ། སྟོང་དམ། དེ་ལས་ལྷག་པའི་མཆོད་པ་ལ་སོགས་པ་མེ་ཏོག་གི་ཕྲེང ?་དང་རྒྱལ་མཚན་དང་བློ་དེ་དང་གདུགས?་དང། བ་ངན་དང་འཕན་ལ་སོགས་པས་བརྒྱན་པ་དང། དམྱལ་བས་བེར་མཛའ་མཛའ་མ་མེ་ཏོག་སིལ་མས་དཀྲམ་ཞིང་ཀྲུ་ཤེས་བསྐོར། མཆོད་ཡོན་གྱི་བུམ་པ་འམ། །གཏོར་མ་? པ་གཉིས་བཤམ་། བགེགས་བསྐྲད་པའི་ཕྲིན་ལས་བཅོལ་པ་སྦྱང?་ཤད་དུ་བཞག། སྦྱིན་སྲེག་གི་རྫས་ཀྱང་ནུབ་ཏུ་བཞག་།ལྷ་དགོང་ཙམ་ན་སོ་སོའི་སྙིང་པོ་བཟླས། བུམ་པ་ལ་སོགས་པ་སོ་སོའི་གནས་སུ་དགོད། །རྣམ་པ་ང་རྒྱལ་བའི་བུམ པ་ཤར་སྒོར་བཞག་། ཕྱོགས་བཞི་པའི་བ་འམ་ཡུན་ཐུད་པ་མ་ཡིན་པར་ཁྲི་ལ་ཀློག་མཁན་བཞག་ལ་སངས་རྒྱས་བཞིན་དུ་མཆོད། མདོ་བཞི་གདོན་ནོ། །ཚོན་ལྷག་མ་བསྡུས་ལ་བཤགས་པ་བྱས་?་གཏང། དེ་ནས་?་ཕྱོག། །སློབ དཔོན་གྱི་རྡོ་རྗེ་དྲིལ་བུ་དེ་ཉིད་དྲེན་པར་བྱས་ལ་། དཀྲོལ་གསོར་། ལྕེ་དང་ལག་པ་བྱིན་གྱིས་བརླབ། བདག་མེད་པར་བསྒོམས་ཏེ། དེ་ནས་ཁྲོ་བོར་བསྒོམས་ཏེ། དབབ་བསྐུར་གོ་བགོ་།རྐང་པ་དང་མིག་བྱེན་གྱིས་བརླབས་ཏེ། རྐང?་བའི་འོག ཏུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་དུ་བསམ། མིག་གཡོན་པར་མ་ལས་ཉི་མའི་དཀྱིལ་འཁོར། གཡས་པར་ཊ་ལ་བཟླ་བའི་དཀྱིལ་འཁོར་དབུས་སུ་ཧཱུཾ་མཐིང་ག་བསམ། དེ་ནས་ང་རྒྱལ་བསྐྱེད་ལ་བསྟོང། དེ་ནས་བསྐྲད་པ་དང་སྤྱད?་ཆ་བྱིན་གྱིས་? ལ། གདོན་ལ་བདེན་པ་བསྒོམ། དེ་ནས་བྱང་ཤར་ནས་བརྩམས་ནས་རྩེ་གསུམ་འགྲོས་དང་རྒྱ་གམ་འགྲོས། གཡས་བརྐྱང་དང་གཡོན་བརྐྱང་ལ་སོགས་པ་བྱའོ། །ཁྲོ་བོའི་ལྟ་བ་ལ་སོགས་པ་བྱ། རྡོ་རྗེ་འགྲོས་ཀྱིས་?་ཚུལ་གར སྟབས་དང་འཇོ་ཚུལ་དང་བརྡག་པ་དང། རྒྱ་གྲམ་དང་སྟེག་བ་དང། འཕེན་ཚུལ་དང། དབང་བསྐུར་བ་དང་གོ་བགོ་བ་དང་།ལས་ཀྱི་ཕྱག་རྒྱ་ལ་སོགས་པ་མ་ལུས་བར་བྱའོ། །ཧཱུཾ་རྒྱུན་མཆད་པ་གདོན་ནོ། །ཕྱོགས་ཕྱོགས་སུ་བསྟོད་པ་དབེན པ་བསྒྲང་བར་བྱའོ། རབ་དང་དྲ་བ་བསམ། །རྒྱན་དང་བཅས་པ་ལྷོ་ཤར་དུ་བཞག་།དེ་ནས་སེམས་དཔའ་འམ་མཉམ་པའི་སྐྱིལ་ཀྲུང་དུ་འཇུག་ལ་ཡང་དག་མེད་པར་མོས་པ་བྱ། ཁ་ལག་བྱིན་གྱིས་བརླབ། ཧཱུཾ་ལས་ཁྲོ་བོར་བསྒོམ། ? བསྐུར་བ་བླང་གོ་གོན། དེ་ནས་རྡོ་རྗེ་འཇིགས་བྱེད་ནས་རྡོ་རྗེ་རི་བོའི་བར་དང། ར་བ་དང་དྲ་བ་དང་བླ་རེ་དང་ས་གཞིའི་བར་དུ་བྱའོ། །དེའི་སྤྱད་སྔར་སྡོམ་པ་བླང་དོ། །དེ་ཡན་ཆ་དུ་?་པ་དང་པོའི་བྱ་བ་རྫོགས་སོ།། །། འདི་ནས་མར་ནི་སློབ་དཔོན་གང་དག་ཏིང་ངེ་འཛིན་གསུམ་དུ་འདོད་དོ། །ད་ཡང་མི་འགལ་བམ་། དང་པོར་གཟུགས་བརྙན་གྱི་སྦྱོར་བར་ཐལ་མོ་སྦྱར་ལ། ཨོཾ་སྭ་བྷཱ་བ་ཤུདྡྷདེ་ནས་དཀྱིལ་འཁོར་རྒྱ་ཡོངས་སུ་མཆད་པ། །རི་རབ་གཟི་མདངས་དང་ལྡན་པའི་དབུས་སུ་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་འཁོར་ལོ་ལྟ་བུ་ཆ་བརྒྱད་དུ་ལེགས་པར་ཕྱེ་བ། དེའི་མཛའ་ཀ་བ་ཆེན་པོ་བརྒྱད་ཀྱིས་བརྟན་པ་རིན་པོ་ཆེ་སྣ་ཚོགས་འོད འབར་བའི་ཁད་པ་མཐོན་པོར་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཆེན་པོ་ངོ་མཚར་བ་རྣམ་པ་སྣ་ཚོགས་པའི་གཞིར་གྱུར་པ་ཅིག་བསམས་ལ། ཇི་ལྟར་བསམས་པའི་འཁོར་ལོའི་ནོར་དུ། སེང་གེ་དང་གླང་པོ་ཆེ་དང་རྟ་དང་རྨ་བྱ་དང བཞད?་ཤང། ཟླ་པ་དང་?་ནི་གཙོ་བོ་རྣམས་ཀྱིའོ། །ཡང་ན་སེར་གེ་འབའ་ཞིག་ཏུ་བཤད་པའི་རྒྱུད་ལས་འབྱུང་བ་ལྟར་བྱའོ། །འཁོར་ལོ་སོ་སོའི་གནས་སུ་ཟླ་བ་དང་པདྨའོ། །དེར་ལྷ་མོ་མཆོད་བ་བྱ་བ་ནི། རྡུལ་ཚོན་དུ་ཇི་ལྟར་བཀོད་པ་དེ་དེ་ལྟར་བསམ་མོ དེ་བཞིན་གཤེགས་པ་ལ་སོགས་པ་ལྷའི་དཀྱིལ་འཁོར་འདི་དག་གི་ཁ་དོག་རྣམ་པར་དབྱེ་བ་བརྟག་པ་ཡང་འདི་ལྟ་སྟེ་། རྩ་བའི་རྒྱུད་ཀྱི་དབང་དུ་བྱས་པ་ནི་སློབ་དཔོན་དང་སློབ་མལ་གདོང་གཡོགས་དང་སྣོད་གཡོགས་སྨད་དཀྲིས་ཀྱི་ཁ་དོག ལས་ཤེས་པར་བྱ་སྟེ། དེ་ཡང་རྩ་བའི་རྒྱུད་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་རིགས་བཞི་ཆར་གྱི་ཁ་དོག་གསུངས་པ། དམར་པོ་དེ་བཞིན་གཤེགས་པའི་རིགས། །སྔོན་པོ་རྡོ་རྗེའི་རིགས་སུ་བཤད། །དཀར་པོ་བསྐྱེད? ལས་བྱུང་ཡིན། །ཁ་དོག་ཐམས་ཅད་རིན་ཆེན་འབྱུང་ཞེས་གསུངས་སོ། །དེའི་རྗེས་སུ་བསྙགས?་ན་རིགས་ཀྱི་བདག་པོ་ཡང་ཁ་དགོད་དང་འདྲ་བ་ཉིད་དུ་རིགས་པར་བྱའོ། །ཡང་ན་ཁ་དོག་རྒྱན་སྔགས་པ་ཇི་ལྟར་འདོད་པ་བཞིན་དུ་འདིར་བསམ་པར བྱའོ། །ཇི་སྲིད་དུ་བ་དོག་རྒྱན་རྣམས་ཇི་ལྟར་འདོད་པ་བཞིན་དུ་བྲིའོ། །ཞེས་རྩ་རྒྱུད་ལས་གསུངས་པའི་ཁྱིར་རོ། །འདིར་ནི་རྡོ་རྗེ་རྩེ་མོའི་དབང་དུ་བྱས་ཏེ། དེ་ལས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཁ་དོག་རྣམ་པར་ཕྱེ་སྟེ། ཇི་སྐད་དུ་སྔོན པ་ནོར?་བོ་ཞིན་དམར། །སྟོབས་པས་དེ་དག་རིགས་སུ་བཤད། །དེ་བཞིན་རྒྱལ་བའི་རིགས་བཟང་པོ། །ཁ་དོག་དཀར་པོར་རབ་ཏུ་གྲགས་ཞེས་གསུངས་སོ། །ཡང་ན་གཞུ་ཆེན་པོ་ལས་རྒྱལ་བ་འདའ་ཞིག་གི་ཁ་དོག་རྣམ་པར་དབྱེ་བ་བཤད པ་ལྟར་བྱའོ། །དེ་ཡང་ཇི་སྐད་དུ་རྟག་པའི་འཁོར་ལོ་སེར་པོ་སྟེ་།མི་འཁྲུགས་འཁོར་ལོ་དཀར་པོ་ཡིན། །རིན་ཆེན་དབང་གི་རབ་ཏུ་བསྔོ། །ཚེ་དཔག་མེད་པོ་དམར་པོར་བྱ། །ཁ་དོག་སྣ་ཚོགས་རྒྱ་ཆེན་མཆོག། ཅེས་གསུངས་སོ། །དེ་བསན པ་ལྟར་ཕུལ་བའི་སྐྱེ་བོའི་དབང་གིས། དེ་དག་གི་ཁ་དོག་དང་དབྱིབས་དུ་མར་སྣང་བར་འགྱུར་པས་། དེ་དག་གིས། བདག་ཁང་པར་ན་སོ་སོར་ངེས་པ་མེད་པར་རིག་པར་བྱའོ། །སྣམ་བུ་བདག་པོ་དང་འཁོར་ཡང་དེ་བཞིན་དུ་ཤེས་པར་བྱའོ། ། དེ་ཉིད་ཡོན་ཏན་ཐམས་ཅད་ལྡན་པར་བསམ་པ་ནི་རྡུལ་ཚོན་གྱི་དབང་དུ་བྱས་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་རྫོགས། ། །ལྷ་སོ་སོའི་ལས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ བསོར་བ་བྱང་ཆུབ་སེམས་བསྐྱེད་པ་ལ་སོགས་པའི་ལས་ལ་སྒྱུར་བར་བྱའོ། །ལས་རྒྱལ་མཆོག་གི་ཏིང་འཛིན་རྫོགས?་སོ། །།དེ་ལྟར་བསམ་བ་བྱས་ནས་སྤྱན་དྲང་བར་བྱ་སྟེ་། དེ་ལ་རིམ་ལ་?། །དང་པོ་རེ་ཞིག ལྷའི་རྣལ་འབྱོར་ཇི་ལྟར་བྱས་བ་མངོན་དུ་བྱས་ཏེ། རང་གི་སྙིང་ཁར་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྡོ་རྗེ་བསྡུ་གའི་སྙིང་པོ་རྡོ་རྗེ་ཚིག་གིས་བརྗོད་ཅང། རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་ཏེ། དཔུང་མགོར་བཞག་ལ་མཛུབ་མོ་གཉིས་ལྕགS? ཀྱུ་ལྟར་བྱས་ལ་རང་གི་གུང་མོ་དང་མཐེ་བོང་གཉིས་ཀྱི་སེ་གོལ་བརྡབ་ཅིང་། ཇི་ལྟར་བསམས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་བསྡུ་པར་བྱའོ། །དེ་ལ་འདི་ནི་རྡོ་རྗེ་བསྡུ་པའི་སྙིང་པོའོ་།ོཾ བ་ཨཛྲ་ས་མ་ཡ་ཛལྟར་བསམས་པའི་གནས་ཀྱི་ཤར་སྒོར་བལྟས་ཏེ། རྡོ་རྗེ་ལྕགས་ཀྱུ་སྒོ་སྲུབས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེར་ཡང་ལྕགས་ཀྱུ་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ:ཞེས་བྱ་བའི་རྡོ་རྗེ་ལྕགས་ཀྱུའི་སྙིང་པོ་བརྗོད་ཅིང་དགུག་པའི་ཚུལ གྱིས། བདེ་བར་གཤེགས་པ་ལ་སོགས་པ་གང་རང་གི་སྒོར་མངོན་པར་ཕྱོགས་པར་བལྟའོ། །དེ་ནས་ཕྱག་རྒྱ་དེ་རང་གི་གནས་སུ་བཀྲོལ་ཏེ། ལྕགས་ཀྱུ་དེ་སྒོ་མ་དེ་ཉིད་ལ་གཏད་དོ། །ལྷོ་ཕྱོགས་ཀྱི་སྒོར་བལྟས་ལ། རྡོ་རྗེ་ཞགས་པའི ལས་ཀྱི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཞགས་པ་བསམས་ལ་འགུགས་པའི་ཚུལ་གྱིས་བདེ་བར་གཤེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་ཐམས་ཅད་རང་རང་གི་སྒོར་ཞུགས་པར་བརྟགས་ཏེ། དེའི་སྙིང་པོ་སོཾ་བཛྲ་པཱ་ཤ་ཧཱུཾ་ཞེས པའོ། །ཕྱག་རྒྱ་ཡང་རང་གི་གནས་ཉིད་དུ་དགྲོལ་ལོ། །དེའི་འོག་ཏུ་ནུབ་ཕྱོགས་སུ་སྒོར་བལྔས?་ཏེ། རྡོ་རྗེ་ལྕགས་སྒྲོག་ཕོ་ཉ་མའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། དེར་ལྕགས་?་བསམ་ལ། ཨོཾ་བཛྲ་སཕོ་ཊ་བ ཞེས་བྱ་བ་ཡང་བརྗོད་ཅིང་དེ་དག་ཇི་སྲིང་འདོད་བར་བཞུགས་པར་བྱ་པའི་ཕྱིར་སྟོན་པའི་བཀའ་མཚན་ཉིད་རྡོ་རྗེ་ལྕགས་སྒྲོལ་གི་སྒྲོག་ཏུ་གཞུག་། དེ་ཡང་རང་གནས་སུ་དགྲོལ་བར་བྱའོ། །བྱང་ཕྱོགས་ཀྱི་སྒོར་བལྟས་ཏེ་རྡོ་རྗེ་དབབ་པ་དྲན་གྱི ཕྱག་རྒྱ་བཅིངས་ནས་དེར་ཡང་ཤེས་རབ་ཀྱི་མཚན་མ་རྡོ་རྗེ་དྲིལ་བུ་བསམས་ཏེ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཔའི་ཚོག་ཀྱང་བརྗོད་དོ། །དེ་ཡང་རྒྱུད་ལས། སྒོ་རྣམས་ཀྱང་ནི་ཐམས་ཅད་དུ། ལྕགས་ཀྱུ་ལ་སོགས་ལས་བྱས་ནས་ཞེས་གསུངས་སོ། །དེ་སྔོན་དུ་སྒོ་དབྱེ་བ་ཡང་ལ་ལ་འདོད་དོ། །བདག་ཉིད་ཆེན་པོ་གང་དང་གང་གིས། །ཕྱག་རྒྱས་གང་དང་གང བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ན། དེར་ནི་བདག་ཉིད་བསྒོམ་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ལ་རྒྱལ་བ་ལ་ས་མ་ཡ་སྟཝཾ་ཞེས་བརྗོད་དོ། །དེ་ནི་ཕྱག་རྒྱ་བཅིང་བའི་སྙིང་པོ་ཡིན་བས་ཕྱག་རྒྱ་བཅའ་པའི་རིགས་ཀུན་ལ ཡང་མི་འགལ་ལོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ལྷ་ཐམས་ཅད་ཀྱིས་གསོལ་ཀས་བཞུགས་པའི་ས་ནས་སོ་སོའི་གནས་སུ་བཞུགས་པ་བསྟིམ་པ་སྟེ། གཉིས་སུ་མེད་པར་བྱའོ། །དེ་ཡང་སྔགས་ཀྱི་རྒྱུད་ལས། ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །དམ་ཚིག རྣམས་ནི་བཞག་པར་བགྱི་ཞེས་གསུངས་སོ། །དེ་ཅི་དོན་ནི་ལྷ་སོ་སོའི་ལས་ཀྱི་ཕྱག་རྒྱ་བཅས་ཏེ་སོ་སོའི་སྙིང་པོ་བརྗོད་ལ་གནས་སུ་བསྟིམ་མོ། །སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་སྦྱར་བར་བྱའོ། །དེ་ནས་དམ་ཚིག་གིས་ཕྱག་རྒྱས་གཉིས་སུ་མེད་པ དེ་ལ་ཡུན་རིང་དུ་བསམ་གཏན་བྱའོ། །སྔགས་ཀྱི་རྒྱུད་ལས། དམ་ཚིག་མཆོག་གི་ཕྱག་རྒྱ་རྣམས། །སེམས་མ་རྡོ་རྗེ་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཞེས་གསུངས་སོ། །དེའི་དོན་སྙིང་གར་སེམས་མ་རྡོ་རྗེ་བསམས་? སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅས་པ་སོ་སོའི་སྔགས་ཀྱི་མཇུག་ལ་ས་མ་ཡ་སྟཝཾ་། ས་མ་ཡ་སྟཝཾ་ཨ་ཧཾ་ཞེས་བརྗོད་ལ་རྡོ་རྗེ་ལྟ་བས་ཡུན་རིང་དུ་བསམ་གཏན་བྱའོ། །སྔགས་ཤིན་ཏུ་གསལ་བ་དེ་ལ་ལྷ་སོ་སོའི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པའི་དབུས སུ་ཆོས་ཀྱི་ཕྱག་རྒྱ་བཅས་ལ། སོ་སོའི་ཆོས་ཀྱི་ཕྱག་རྒྱ་བརྗོད་དོ། །ཕྱག་རྒྱ་ཆེན་པོ་གོང་དུ་བསམ་པའོ། །དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ནས་བདེ་བར་གཤེགས་པ་བདག་བྱིན་གྱིས་བརླབ་པའོ། །ོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་?་པ་ཨཱ་ན ཡ་ཧཱུཾ། ངན་སོང་འདྲེན་བའི་སྔགས་སོ། །ོཾ་སརྦ་བིད་སརྦ་བླ་པཾ་བི་ཤོ་དྷ་ནེ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་ཡང་དག་པར་བྱེད་པའི་སྔགས་སོ། །ོཾ་སརྦ་བིད་ཏྭ་ཊ་ཧཱུཾ་ཕཊ། ངན་སོང་ཐམས་ཅད་དག་པར་བྱེད་པའོ། །ོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛ་ཛ། ོཾ་རག་ཧོ་ཨོཾ་བཛྲ་དྷཱ་དྷ་ས?་། ཨོཾ་བཛྲ་རཏན་ཨོཾ། །ོཾ་བཛྲ་ཏེ་ཛ་ཨཾ། ཨོཾ་བཛྲ་ཀེ་ཏུ་ཏཾ། ཨོཾ་བཛྲ་ཧ་ས་ཏ། ཨོཾ་བཛྲ་དྷརྨཱ་ཧྲཱ། ཨོཾ་བཛྲ་ཏཱིཀྵ་དྷཾ་། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་དྷ་ཥ་བཾ། ཨོཾ་བཛྲ་ཀརྨ་ཏྲཾ། ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ ོཾ་བཛྲ་?་བཾ་། ཨོཾ་བཛྲ་?་སྱེ་ཧཱུཾ། ཨོཾ་བཛྲ་མ་ལེ་ཧྲི། ཨོཾ་བཛྲ་གི་ཏི་ཧྲི། ཨོཾ་བཛྲ་ནིར་ཏེ་ཨ་། ཨོཾ་བཛྲ་དྷུ་བཻ་ཧཱུཾ། ཨོཾ་བཛྲ་པུཥྡེ་ཏྲཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲི། ཨོཾ་བཛྲ་གནདྷེ་ཨ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ:ོཾ་བཛྲ་བཱ་ཤ་ཧཱུཾ། ཨོཾ་བཛྲ་སཕོ་ཊ་གཾ ོཾ་བཛྲ་?་བེ་ཤ་ཨ་། ཨོཾ་བཛྲ་སརྦ་སཾ་?་ར་པ་རི་ཤོ་དྷ་ཡ་མཧཱ་ཡ་ན་པ་པཱ་རེ་སྭཱ་ཧཱ། །དེ་ནི་སྔགས་རྣམས་སོ། །བྱམས་པ་ལ་སོགས་པ་ནས་ཀུན་ཏུ་བཟང་པོ་མཐར་ཐུག་པ་ནི་རིག་པ་ངེས་བྱའོ། །ཡང་ན་བཤད་པའི་རྒྱུད་ལས་འབྱུང་བ་སོ་ སོའི་སྔགས་ཀྱིས་བྱའོ། །བཤད་པའི་རྒྱུད་ལས་འབྱུང་བའི་ཚིག་འདི་དག་བརྗོད། མཉམ་ཉིད་ཆོས་སྐུ་ཆེན་པོ་ལས། །སེམས་ཅན་དོན་ཕྱིར་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྦུལ་སྐུར་གཤེགས་ནས་ཀྱང། །སེམས་ཅན དགོས་པ་བསྒྲུབ་པའི་ཕྱིར། །སོ་སོའི་གནས་སུ་ཕྱག་རྒྱས་བཞུགས། །ཕྱག་རྒྱ་དང་ནི་སྙིང་པོ་བརྗོད་དང། །དེ་ནས་ཡང་སེམས་ཅན་དོན་ཕྱིར་གཙོ་བོའི་གཟུགས། །རྒྱལ་བ་སྲས་དང་བཅས་པ་རྣམས་སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། དགོས་བ་བསྒྲུབ་ཕྱིར་བརྟན་པར་བཞུགས། །ཞེས་བརྗོད་ལ། ཕྱག་རྒྱ་བཅའ་སྙིང་པོ་བརྗོད། །སེམས་ཅན་དོན་ཕྱིར་སྐུ་སྤྲུལ་པ། །རྒྱལ་སྲས་འཁོར་དང་བཅས་པ་རྣམས། །རྒྱལ་པོ་གྲངས་རྣམས་གསུངས་བའོ། །གསུངས་པའི་དོན རྣམས་བཤད་དུ་གསོལ་། ཞེས་བརྗོད་དོ། །བྱམས་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི། །སྐུ་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་དང་ལྡན་པ་ནི་ཕྱག་རྒྱའོ། །ལས་ཀྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་ནི རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང། རྡོ་རྗེ་རྩེ་ཉི་ཤུ་པའོ། །ཡང་ན་དེ་བཞིན་གཤེགས་པའི་ཁུ་ཚུར་གཡས་བའི་མཐེབ་མཛུབ་ཀྱིས་ཕྱེ་བའོ། །ཆོས་ཀྱི་ཕྱག་རྒྱ་ནི་གོང་གིས་རིག་པའོ། །བརྗོད་པ་ཆོས་ཀྱི་ཕྱག་རྒྱ་དང་བསམས་པ་ཆོས་ཀྱི་ཕྱག རྒྱའོ། །བསམས་པ་དང་བཅས་པ་ལས་ཕྱག་རྒྱའོ། །བསམས་པ་དང་བཅིང་བ་དང་གཟུང་བའི་དམ་ཚིག་གི་ཕྱག་རྒྱའོ། །ཀུན་ལ་སྦྱོར་ན་དངོས་གྲུབ་ཏུ་འགྱུར་རོ། །ཕྱག་རྒྱ་བཞི་དང་བྲལ་བ་ནི། །ལྡན་ན་དགོས་པ་ཐམས་ཅད་འགྲུབ། །རྣལ འབྱོར་པ་ལ་དངོས་གྲུབ་མེར། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གསུངས། །དེ་བས་ནི་འཇིག་རྟེན་པ་ལ་ཡང་སྐུ་དང་གསུང་དང་ཐུགས་དང་ལS་དང་རིམ་པས་སྦྱར་རོ། །ཀུན་ཀྱང་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །སྐུ་ཕྱག་རྒྱ་ཆེན་པོ་དེ་ནས མཆོད་པ་བྱ་སྟེ་། དེ་ཡང་དིང་གི་མདུན་དུ་སྡོམ་པ་བླངས་ཏེ། དེ་ཡང་ཇི་ལྟར་དུས་གསུམ་མགོན་པོ་རྣམས་ཞེས་པ་ནས་སེམས་ཅན་མྱ་ངན་ལས་འདས་ལ་དགོད་ཅེས་བྱ་བའི་བར་དུ་བརྗོད། །དེ་ནས་རང་གི་ལྷའི་ཏིང་ངེ་འཛིན་དང་ལྡན་པས་མཆོད་པ་བྱིན གྱིས་བརླབ་སྟེ་། གཙོ་བོའི་སྔགས་དང། སརྦ་ཀ་རི་གང་ཡང་རུང་བར་གདགས་པར་བྱའོ། །དེ་ནས་ལྟ་སོ་སོའི་ལས་མུ་དྲ་ཕྱག་རྒྱ་དང་ལྡན་པས་། སོ་སོའི་སྔགས་བཟླས་སོ། །དེ་ནས་རྡོ་རྗེ་སེམས་དཔའ་ཨི་སྔགས་མང་དུ་བཟླས་ཏེ། བསང དག་པར་བྱའོ། །དེ་ནས་མཆོད་པ་ཡང་དྲིའི་ཆུས་ཞབས་བསིལ་དབུལ། །འོ་མ་དང་མངར་བསྲེས་པས་ཞལ་བསིལ། །ཆུ་གཙང་མ་འབའ་ཞིག་གི་འཐེར་འཐུང་བྱ། །དེ་ནས་མེ་ཏོག་དཀར་པོ་གཡས་པའི་མཐེ་བོང་མཛུབ་མོས་བླངས་པ་གཞན བརྐྱང་ལ་དབུལ། ཨོཾ་ནི་རི་ཏི་ཁཾ་སྟཝཱ་ཧཱ། །ཞེས་པ་གོང་མའི་སྔགས་སོ། །ོཾ་སརྦ་སཾ་ཤོ་དྷ་ནེ་ཧཱུཾ་གསུམ་གྱི་སྔགས་སོ། །དེ་ནས་མཆོད་ཡོན་གྱི་སྣོད་ནས་བཻ་རོ་ཙ་ན་ཨརྒྷཾ་པྲ་ཏཱིཙྪ་ཧོ་ཞེས་པས་དབུལ་ལོ། །དེ་ནས་སྤོས་ལ་སོགས་བཞི་ཞེས་བསྐྱེད་དེ་། རྒྱལ་བ་སྲས་དང་བཅས་པ་ལ་སོ་སོ་འམ་སྤྱིར་དབུལ་ལོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་དྷུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བ་དང་སྤོས་ཀྱིས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་བུཥཱ་བཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་།ཞེས་བྱ་བ་དང་མེ ཏོག་གིས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎས་མ་ཡེ་ཧཱུཾ་ཞེས་བྱ་བ་དང། མར་མེས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་གནདྷ་དྷུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་དང་དྲིས་སོ། །བདག་གི་སློབ་དཔོན་རྩ་བའི་རྒྱུད ལྟར་བྱ་བར་གསུངས་སོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱདའཡ་ནུཏཔནནྟཝ་ཞེས་བྱ་བ་དང་བཤོས་སོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དོ། །ཡང་ན་ལྷ་ཐམས་ཅད་ལ་བསྟོད་དོ། །ཡང་ན་ལྷ་ཐམས་ཅད་ལ་བསྟོད་པ་སོ་སོར་བསྟོད་དོ། ། ནུས་ན་མཆོད་པ་བཅུ་དྲུག་པོས་མཆོད། །དེ་ནས་ཕྱག་རྒྱ་བཞི་བྱ་སྟེ། འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་བརྐྱང་ལ། ལུས་ཐམས་ཅད་ཕབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་?་ཨ་ནེ་ཨ་ཨཱ་?་མ་ནཾ་ནི་?་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨཾ་དྷི་ཏིཥྛས་?་མཾ་། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་ཇི་སྐད་བཤད་པའི་རྡོ་རྗེ་ཐལ་མོ་སྙིང་བར་སྦྱར་ཏེ། དཔྲལ་བས་ལ་རོག་པར་བྱས་ལ་། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ ནཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏན་ཨ་བྷི་ཥཱིཉྩ་མཾ་ཞེས་པས་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་ནས་ཇི་སྐད་བཤད་པའི་རྡོ་རྗེ་ཐལ་མོ་སྦྱི་བོར་བཞག་སྟེ་། ཁས་ལ་རེག་པ་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟན་ཡ་ཨཱཏྨ? ནཾ་ནིརྱ་ཏ་ཡཱ་མི་། སརྦ་ཏ་ཐཱ་ག་ཏྟ་བཛྲ་དྷརྨ་པྲ་བརྟ་ཡ་མི། ཞེས་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ། སྙིང་གར་སྦྱར་ལ་སྤྱི་བོ་ས་ལ་རེག་པར་བྱ་སྟེ། ཨོཾ་སརྦ ཏ་ཐཱ་ག་ཏ་པཱུ་ཛ་ཀ་ར་མ་ཎེ་ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི་། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་ནཱཾ། །ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་གསང་བའི་མཆོད་པ་བྱ་སྟེ། དེ་ཡང་སྒེག་མོའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨཱ་སྱེསྟཝ་སུཾ? གྲ་ཧ་ཞེས་བརྗོད་པས། ལྷ་མོ་གཟུགས་མཛེས་མས་མཆོད་པར་བྱའོ། །ཡང་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པས་བསྤུ་ལྡང་བ་ལ་སོགས་པས་མཆོད། །ཡང་མཱ་ལེའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་མཱ་ལེ་བཛྲ་རཏན་མ ནུཐ་རཾ། ཞེས་པས་ལྷ་མོ་ཕྲེང་བ་དགུ་དང་སྐུ་ལ་བཅིང་བར་བྱའོ། །ཡང་དེ་བཞིན་གཤེགས་པའི་ཡོན་ཏན་མི་ཏོག་གི་ཕྲེང་བ་བདག་ངང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག་།གཱི་ཏི་མའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ོཾ་བཛྲ་ཀཱི་ཏི་བཛྲ་དྷརྨ་ཀ་རོང་བྷ་བ་ཞེས་པས་ལྷ་མོ་ཉིད་ཀྱིས་པི་ཝི་བརྡུངས་པས་མཆོད་པར་བསམ་མོ། །ཡང་དེ་བཞིན་གཤེགས་པས་བཤད་པའི་ཆོས་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་?་ག་།ནིར་ཏིའི་ལས་ཀྱི་ཕྱག་རྒྱ བཅིངས་ལ། ཨོཾ་བཛྲ་ནི་རྟི་བཛྲ་ཀརྨ་ཀ་རོད་བྷ་བ། ལྷ་མོ་ཉིད་ཀྱི་གར་བསྒྱུར་བས་མཆོད་པར་བསམ་མོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག ཅེས་བས། མཆོད་པ་ཀུན་ཀྱང་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་བྱའོ། །རྡོ་རྗེ་སེམས་དཔའ་བསྡུས་པས་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་བླུ་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། ཞེས་གསུངས་སོ། །ནུས་ན་བསྒྲུབ་པའི་མཆོད པ་བྱའོ། །ལས་ཀྱི་ཕྱག་རྒྱ་དང་ལྡན་པར་བྱའོ། །རྩ་བའི་རྒྱུད་དུ་ཤེས་པར་བྱའོ། །དེ་ནས་རས་ཟུང་བ་རྒྱལ་སོགས་པ་དང། རྡོ་རྗེ་རྣམ་པ་སྣ་ཚོགས་དང་བ་དན་དང་གདུགས་དང་རྒྱལ་མཚན་དང། མེ་ཏོག་གི་ཤིང་དང། དྲི་དང། བདག་སྤོས དང། ལྷ་བཤོས་དང། བཟའ་པ་དང། བཅའ་བ་དང། བཏུང་བ་དང་།རོལ་མོའི་ཆ་བྱད་བར་མཁན་དང། དར?་དབྱངས་དང། ཕྲེང་བ་དང། སེམས་ཅན་གླང་པོ་ཆེ་ལ་སོགས་པ་བརྒྱ་འམ་སྟོང་དམ་ཁྲི་དབུལ་བར་བྱའོ། །དེ་ཐམས་ཅད ལ་ཡི་གེ་ཨཾ་མཾ། རྡོ་རྗེ་སེམས་དཔའ་ཨི་སྔགས་སཾ། །མེ་ཏོག་ལ་སོགས་པ་རང་རང་གི་སྔགས་ཀྱིས་དབུལ་ལོ། །དངོས་གྲུབ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། རྒྱལ་བ་སྲས་དང་བཅས་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་། ཅེས་གསོལ་བ་གདང་?་། དེ་ནས་ཕྱི་རོལ་ཏུ་གཏོར་མ་སྦྱིན་པར་བྱ་སྟེ། དེ་ཡང་རྒྱུད་ལས། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །འབྲས་ཅན་མེ་ཏོག་ཆུ་དང་བཅས། །སྲན་ཆན་བཅོས་ཤིང་?་དང་བཅས། །སྣུམ་ཁུར་ལ་སོགས་བཟའ་ བ་རྣམས། །དེ་ཡང་གཏོར་མ་ལ། ཨོཾ་ཨ་ཀཱ་རེ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱཱ་ནུཏྟན?་ཏྭཏ་ཞེས་པ་བཟླས་ལ་ཤར་ཕྱོགས་ནས་བརྩམས་ནས་གསུམ་གསུམ་བུ་གཏོར། དྲི་དང་སྤོས་དང་བདུག་པ་མཆོད་པ་ཐོག་མ་དང་ཐ་མ་མེད་པར སྦྱར་བར་བྱའོ། །དེ་ནས་ཡང་དང་བོར་སྤྱན་དྲང། ད་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་ལ། མཆོད་ཡིན་དབུལ་དེ་ན་དྲི་ལ་སོགས་པས་ལེགས་པར་མཆོད། དེ་ནས་གཏོར་མ་དབུལ་ལ། །དེ་ནས་གཤེགས་སུ་གསོལ་བར་བྱའོ། །ཕྱག་རྒྱ་དང་སྔགས བཤད་པའི་རྒྱུད་དུ་ཤེས་པར་བྱའོ། །ཡང་ན་དཔུང་བཟང་གིས་ཞུས་པ་ལས་འབྱུང་བའི་ཚིགས་སུ་བཅད་པ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ་ཞེས་བྱ་བ་ལ་སོགས་པས་གཏོར་མ་སྦྱིན་ནོ། །དེ་ནས་རང་གི་ལྷ་བཞིན་དུ་ང་རྒྱལ བྱའོ། །ཡི་གེ་བརྒྱ་པ་གདོན་ནོ། །དེ་ནི་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ?་བོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱིའོ། །དེ་ནས་སློབ་མ་དགེ་བསྙེན་ནམ་དགེ་སློང་དམ། ཐེག་པ་འོག་མ་ལ་སྡོམ་པ་བླངས་ལ་དབང་བསྐུར་བ་འམ། རོ་ཉིད་དེ་ལྟ་བུས་འདི་སྐད་བརྗོད་དོ། །དགའ་ཆེན་ཁྱོད་ནི་བ་? སྟོན་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དམ་ཚིག་དེ་ནི་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། ། དེ་ནས་སློབ་མ་ལ་རྡོ་རྗེ་བསྲུང་བ་བཟླས་པའི་སྟོད་གཡོགས་དང། རྡོ་རྗེ་གནོད་སྦྱིན་ལ་སོགས་པའི་ལྕགས་ཀྱུ་ལ་སོགས་པ་བཟླས་ལ་གདོང་གཡོགས་བཅིངས་ལ། ཕྱག་བཞི་བྱེད་དུ་གཞུག་གོ། དེ་ནས་སློབ་དཔོན་གྱིས་ཆོས་བཤད་གོ བགོ་བསྡམས་བཤགས་རྗེས་སུ་ཡི་རང། སྐྱབས་ཕྱེད་གསོལ་བ་ཡང་བྱས་ལ། ཡང?་འདི་སྐད་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ཀྱང་བདག་ལ་དགོངས། །བདག་མིང་འདི་ཞེ་བགྱི་བ ཡི། །སློབ་དཔོན་དབང་དུ་གནས་པ་ལས། །སངས་རྒྱས་རོལ་མོ་ལས་བྱུང་བའི། མི་ལྡོག་པ་ཡི་འཁོར་ལོ་འབྱོར། །ཐར་བའི་རང་བཞིན་གྲོང་ཁྱེར་ཆེ། །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུབ་པར་ནི། །སློབ དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་པ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱི་བ་རྒྱས་བཏབ་ཅིང། །དཔེ་བྱང་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀུན་གྱི་ཡིད་འོང་བ། །སློབ་དཔོན ཆེན་པོ་བདག་ལ་སྩོལ། །དབང་བསྐུར་ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས། རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ སྟེ། ཆེ་གོ་མོས་བྱ་བ་འདི་ཉིད་ནི་བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་ཏུ་གསང་བ་ལ། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། གསང་བ་ཆེན་པོ རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །སངས་རྒྱས་ཆོས་རང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབS སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་འདའ་བར་དཀཱ་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག་།བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང གཟུང་བར་བྱའོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས མཆོག་ཆེན་པོ་ལས། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་བའི་ལས་ཀྱང་ཅི་ནུས་བགྱི། །གཞན་ཡང་བཅུ་བཞི་འདི་དག་ནི། །པས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། ། རྩ་བའི་ལྟུང་བར་ཤེས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་བོར་འགྱུར། །ཁྱོད་ཀྱི་ས་སྲོག་ཆགས་བསང་མི་བྱ། །མ་བྱིན་པ་ཡང་མི་བླང་ངོ།། འདོད་པ་ལོག་པར་མི་སྦྱར་དོ། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་གྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་པར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན བྱ་ཞིང། །རྣལ་འབྱོར་བ་རྣམས་བསྟན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །དག་གི་རྣམ་པ་བཞི་རྣམས་དང། །ཡིད་ཀྱི་རྣམ་པ་བཞི་རྣམས་ནི། །ཅི་ནུས་པར་ནི་རྗེས་སུ་སྦྱོངས། །ཐེག་པ་དམན་ལ་འདོད་མི་བྱ།། སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོང་མི་སྤང། །རྟག་ཏུ་མྱ་ངན་འདའ་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས?་པར་མི་བྱ་ཞིང། །ཕྱག་རྒྱ་མཚོན་ཆ་བཞོན་པ་དང། །མཚན མ་གོམ?་པར་མི་བྱའོ་། འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། །སློབ་དཔོན་འདིར་ནི་གནས་པ་ལས། །གཙོ་བོས་ཇི་སྐད་བཀའ་སྩལ་བ། །དེ་ལྟར་བདག་ནི་? པར་འཚལ། །ཇི་ལྔར་དུས་གསུམ་མགོན་པོ་རྣམས། །ཞེས་བྱ་བ་ནས་སེམས་ཅན་མྱ་ངན་འདས་ལ་འགོང་ཅེས་པའི་པར་དུ་བརྗོད། །གང་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི། །དང་ཁྱོད་ཅེས་པ་ལ་སོགས་པ་བརྗོད་པར་མི་བྱའོ། །དབང་མི བསྐུར་གནང་བ་མི་སྦྱིན། །འཇུག་པ་ཙམ་བྱའོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨཽཏཔ་ད་ཨཱ་མོ། །ཞེས་པ་འདིས་རྡོ་རྗེ་སྙིང་གར་བཞག་ལ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ བཞག་པར་བྱ། །སུ་ར་ཏ་ས་མ་ཡ་སྟཝཾ་ཧོ་བཛྲ་སིདྷ་ཡ་ཐཱ་སུ་ཁཾ། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དོ། །མེ་ཏོག་གི་ཕྲེང་བ་གདགས། །གདོང་དྲིས་བྱུགས་ལ། ཡོན་གྱི་མཆོད་བླང དོ། །དེ་ནས་ཕྱིན་གནས་པའི་བུམ་པའི་ཆུས་དབང་བསྐུར་བ། །ས་མ་ཡ་སྟྲ་ཞེས་བྱ་བ་འདིས་། རྡོ་རྗེ་སེམས་མའི་ཕྱག་རྒྱ་འཆིང་དུ་བཅུག་ལ། གུང་མོ་གཉིས་མེ་ཏོག་གི་ཕྲེང་བ་ཐོགས་ལས་མ་ཡ་ཧཱུཾ་ཞེས་པས་གཞུགས་པར་བྱ་ཞིང། ར་དོ་རྗེ་ལྕགས་?་སོགས་པས་ཀྱང་རང་གི་སྒོ་ནས་བཛྲ་ཨོཾ?་ཀུ་ཤ་ཛལ་འདི་སྐད་བརྗོད་པར་བྱའོ། །དེར་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱེད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་བ་ཡང་ཐོབ་ལ་། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ བུའི་ཡེ་ཤེས་བསྐྱེད་པར་བྱས་ལ། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་ལ་སྨྲ་བར་མ་བྱེད་ཅིག་།ཁྱོད་དམ་ཚིག་ཉམས་པར་གྱུར་ཏེའོ?། དེ་ནས་རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱིས་རྡོ་རྗེ་སེམས་མའི་ཕྱག་རྒྱ་ལ་? དུ་བསྟན་པ་བཅིངས་ལ་། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ་། འདི་སྐད་ཅེས་བརྗོད་བར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིན་གྱིས་། གལ་ཏེ་འགལ་ཞིག་ལ་སྨྲས་ན། ཀླད་པ་འགས་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་དེ་ཉིད་དང་? སྙིང་པོ་འདི་ལན་ཅིག་བཟླས་ཏེ་སློབ་མ་དེ་འཐུང་དུ་བཅུག་ལ་། འདི་སྐད་ཅེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས?་ན་ནི། དེ་མ་ཐག་ཏུ་བཀས་ནས་གཤེགས། ། བཛོད་ཀ་?་ཞེས་བྱའོ། །དེ་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་དེ་ཡིན་གྱིས། །ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་པ་ལ་བརྙས་པར་མ་བྱེད་ཅིག་།མི་བདེ་པ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་? བར་གྱུར་ཏ་རེ། དེ་ནས་ཡི་གེ་ཨ་ཞེས་བྱ་བས་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་བསམ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཡི་གེ་ཨ་ལས་རྡོ་རྗེ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་བསམ་པར་བྱའོ། །ཡི་གེ་ཧཱུཾ་གིས་སློབ མ་རྡོ་རྗེ་སེམས་དཔའ་རྡུལ་དང་བྲལ་ཞིང་ཤིན་ཏུ་དང་བར་བསམས་ལ། ཧཱུཾ་ཏྲཱཾ་ཧྲི་ཀཾ་ལས་རྡོ་རྗེ་དང་རིན་པོ་ཆེ་དང་།པདྨ་དང་སྣ་ཚོགས་རྡོ་རྗེ་སྙིང་ག་དང་དཔྲལ་བ་དང་། ལྕེ་དང་། སྤྱི་བོར་བསམ་མོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས རང་དང་སློབ་མའི་སྙིང་ག་དབྱེ་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ཨ་ཞེས་བྱ་བས་ཕྱུང་ལ་སློབ་མའི་སྙིང་གའི་རྡོ་རྗེ་དབུས་སུ་བཅུག་སྟེ་།ལུས་ཐམས་ཅད་དུ་གང་བར་བསམས་ལ། འདི་སྐད་བརྗོད་པར་བྱའོ། །དེ་བཞིན གཤེགས་པ་ཐམས་ཅད་བྱིས་བྱིན་གྱིས་བརློབ་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲར་གཞུག་གོ་།དེ་ནས་སློབ་དཔོན་གྱི་མྱུར་དུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞག་སྟེ། འདི་སྐད་བརྗོད་དུ གཞུག་གོ་། རྡོ་རྗེ་སེམས་དཔའ་ཡིན་པར་གྲག་།རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་རིང་ཉིད་དུ་?་པར་ཤོག་།བཛྲ་ཨ་བེ་ཤ་ཨ་ཞེས་པ་ལན་བཅུ་ནས་བརྒྱའི་བར་དུ་བཟླས་ནས་འབབ་པར་འགྱུར་རོ། །གལ་ཏེ་མ་བབས་ན་ཡང་ཁྲོ་བོའི་ཁུ་ཚུར བཅིངས་པ་། རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་དལ་བར་བྱ་ཞིང། བཛྲ་ཨོཾ་ཏྭ་ཨ་ཨ་ཞེས་བྱ་བ་འདི་བརྗོད་ལ། རྡོ་རྗེ་སེམས་དཔའ་འོད་ཟེར་དམར་པོ་འབབ་པས་ཀུན་ཏུ་ཁྱབ་བར་ཀུན་ཏུ་བབ?་བར་བསམས་ལ། ལན་བརྒྱའི་བར་དུ་པདྨ་བར བྱའོ། །མ་བབས་ན་མི་བསྐུར་མི་གནང་།གསིན་པོ་ལ་ནི་སྦྱིན་སྲེག་བྱ་བ་དང། གང་དང་ཉེ་བའི་གར་དར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དང་ཀྱེ་རྡོ་རྗེ་རིན་ཆེན་ཞེས་པའོ། །ཀྱེ་རྡོ་རྗེ་ལས་རྡོ་རྗེ་ཆོས་ལན་དང་ཉེ་བའི་ལན་ནོ། །ཕྱག་རྒྱ་མཆིང དུ་གཞུག་གོ་། དེ་གང་དང་པོར་རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུག་གོ་།ཡང་ནི་རྱ་བཛྲ་ཞེས་པས་གར་བསྒྱུར་རོ། །དེ་ནས་གང་དང་ཉེ་བའི་གར་ལ་སོགས་པ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་ནས་རྡོ་རྗེ་ཆོས་ཀྱི་བར་དུ བྱ། །སློབ་མས་རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་བཞད་པའི་པར་དུ་བྱའོ། །དེ་ལྟ་བུས་རྒྱལ་བ་སྲས་དང་བཅས་པ་མཛད་པར་གྱུར?་རོ། །དེ་ནས་བབས་པའི་ལྕེ་ལ་རྡོ་རྗེ་བསམ་ལ་ཧཱུཾ་ཏིཥྛ་བཛྲ་ཞེས་བརྗོད་པས་ཐམས་ཅད་སྨྲ་བར་འགྱུར རོ། །དེ་ནས་པྲ་ཏིཥྛ?་བཛྲ་ཏོ་ཞེས་པས་ཕྲེང་བ་དཀྱིལ་འཁོར་དུ་བོར་བར་བྱའོ། །བབས་པའི་ལྷ་དེ་འདི་ལ་འགྲུབ་པར་འགྱུར་རོ། །དེ་ནས་ཨོཾ་པྲ་ཏི་གྲིཧྞ་སྟཝཾ་ཨཻ་མཾ་སཏྭ་མཧཱ་བ་ལ་ཞེས་པ་ངེས་ཕྲེང་བ་དེ་མགོ་ལ་བཅིང་བར་བྱའོ། ། དེ་ནས་གདོང་གཡོགས་བསལ་ཏེ་། རྡོ་རྗེ་སེམས་དཔའ་དེར་ཁྱོད་ཀྱིས། །མིག་དབྱེ་བར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་རབ་འབྱེད་ལ། །རྡོ་རྗེ་མིག་ནི་བླ་མེད་པའོ། །ཧེ་བཛྲ་པཱ་ཤྱ་ཞེས་བྱ་བ་? གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། རྣམ་བར་སྣང་མཛད་ལ་ཐུགས་ཀྱི་བར་དུ་དཀྱིལ་འཁོར་བསྟན་པར་བྱའོ། །ཏིཥྛ་བཛྲ་ཞེས་དབབ་པའི་ཕྱག་རྒྱས་སློབ་མའི་སྙིང་གར་དགྲོལ་ལོ། །དེ ནས་ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་ཕྱོགས་པར་བཟླ་བའི་དཀྱིལ་འཁོར་ལ་བྲིས་ལ། རང་གི་ཕྱག་རྒྱས་སློབ་མ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བསམས་ལ་རང་གི་ཕྱག་རྒྱ་ཆེན་བོས་རྩ་བའི་དཀྱིལ་འཁོར་ལ་བཞག་སྟེ་།མཆོད ཡོན་བསྟབས་ཏེ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་།དུང་དང་རོལ་མོ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་དོ། །དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པས་མངོན པར་དགའ་བར་བྱ་ཞིང་དང་བོར་རེ་ཞིག་ཆུའི་དབང་བསྐུར་རོ། །དེ་ནས་ཕྲེང་བ་ལ་སོགས་པ་བཅུ་དང་།རྡོ་རྗེ་དྲིལ་བུ་དང་རིན་པོ་ཆེ་སྣ་བདུན་དང་རྒྱུད་ལས་འབྱུང་བ་ལྟར་རིམ་པས་བསྐུར་རོ། །དེ་ཡང་རྗེ་བཙུན་གྱི་རིམ་པ་ཉིད་དུ་ཤེས པར་བྱའོ། །བདག་གིས་དེ་ལྟར་བལྟོས་པས་མ་བྲིས་སོ། །དབང་བསྐུར་བའི་རྗེས་ལ་སྤོས་ལ་སོགས་པས་མཆོད། །སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་ལ་དབང་གཞན་བསྐུར་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ལས་ཡི གེ་བརྒྱ་བ་བཏོན་ལ། ཏིང་ངེ་འཛིན་དེ་བཞིན་དུ་གནས་ལ། ཤིང་ལ་སྔགས་ཀྱི་རྒྱལ་པོ་མང་དུ་བཟླས་ལ། །རོ་རིག་པའི་མེ་ཏོག་ཏུ་བསམས་ལ་དོར་བ་འམ། ཡང་ན་སྔ་མ་བཞིན་དུ་གདན་དང་བཅས་པ་རྒྱན་ཀྱང་རང་གི ལྷ་བཞིན་དུ་བསམས་ལ་། མཆོད་པ་ལམ་གང་ན་གང་དུ་ཡང་མེ་བསམ་བར་བྱའོ། །དེ་ནས་ནུབ་ཕྱོགས་སུ་ཀུ་ཤའི་བརྒྱན་ལ་གནས་ཏེ། ཁ་ཤར་དུ་བལྟས་ཏེ་སྦྱིན་སྲེག་བྱའོ། །རྫས་མང་བུ་དང། མངར་གསུམ་?་? ལོ་མ་ཅན་དང། དྲི་ཞིམ་པ་ལས་བྱས་བ་སོང་བརྒྱད་འམ། སོར་བཞི་ཉི་ཤུ་རྩ་བཞིའི་བར་དང། །འབྲས་ཐུགས་དང་མངར་བ་དང་འོ་མར་སྦྱར་བ་དང། འབྲས་ཆེན་དང། འབྲས་ཡོས་དང། ས་གཏུ་བ་དང་འབྲུ་སྣ་ལྔ་དང། ཏིལ དཀར་པོ་དང་སྤོས་དང་མེ་ཏོག་དང། མར་མེ་དང་དྲི་དང་བཤོམ་ཀུན་གཡས་སུ་བཞག་གོ་།ཞབས་བསིལ་དང་མཆོད་ཡོན་གཡོན་ཏུ་བཞག་གོ་།བུད་ཤིང་སྐམ་པོ་གུང་ཀུམ་གྱིས་བསྒོས་པ་ཡང་བཞག་གེ་།ཡུངས་ཀར་ཡང་བས་གོ་? རྒྱུད་ལས། ག་བུར་གུར་གུམ་ལ་སོགས་པས། །མར་དང་འོ་མ་ཏིལ་བསྒོས་ལ། །ཏིལ་དང་ཡུངས་ཀར་འབྲས་རྣམས་དང། །དྲི་ཡི་ཆུས་ནི་ལེགས་བཀང་སྟེ། །འབྲས་ཆན་སྤོས་དངས་དུ་བ། །སྦྲང་རྩི་ཤ་ཀང་མདང?་ལྡན་པ་ཞེས འབྱུང་སྟེ། །དེ་ནས་དགང་གཟར་དང། བླུགས་གཟར་དང་ཕུར་བ་དང་།ཐོལ་དང་གཏོར་མ་རྣམས་བཤད་པའི་རྒྱུད་བཞིན་དུ་བྱའོ། །དེར་མདོར་བསྟན་པ། དགར་བླུགས་ཐོ་བ་ཕུར་བ་རྣམས། །ཞི་བ་ཤིན་ཏུ་རྩེ་མོ་དཀར། །དབྱིབས རྣམ?་དྲི་ཡིས་བསྒོས་པར་བྱ། །དྲི་ཞིམ་གཞོན?་དཔས་དཀར་ལས། །སྐྱེས་པ་རབ་ཏུ་བསྔགས་པ་ཡིན་ཞེས་གསུངས་སོ། །དང་རྣལ་འབྱོར་དང་ལྡན་པས། །ཡོ་བྱད་ལས་ཐམས་ཅད་པ་དང་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་པོ། ། དེ་ཡང་རྒྱུད་ལས། བརྒྱ་ཕྲག་དུ་མར་ཡོངས་བཟླས་པ། །ཡམ་ཤིང་ལ་ཡང་དེ་བཞིན་ཏེ། ཞེས་གསུངས་སོ། །དེ་ནས་ཀུ་ཤ་ལ་བཀྲ་ཤིས་ཀྱི་སྐྱིལ་མོ་ཀྲུང་དུ་འདུག་ལ་རྡོ་རྗེ་ཆོས་ཀྱིས་བཟླས་བརྗོད་བྱས་ཆུས་ཐབས་ཀྱི་ཉེ་འཁོར་དང། ཡོ་བྱད་ཐམས་ཅད་བསངས་ནས་། རང་གི་ལྷའི་རྣལ་འབྱོར་གསལ་བར་བྱ་སྟེ། རྒྱུན་ཆགས་པའི་མི་འམ། དཀའ་ཐུབ་ལ་དགའ་བའི་ཁྱིམ་ནས་བླངས་པའི་མེ་ལ། རྡོ་རྗེ་ཆོས་གྱི་? ཏེ། བུད་ཤིང་ལ་མེས་ར་བ་ལས་སྣ་ཚོགས་ཀྱི་སྙིང་པོ་བརྗོད་ཅིང་རླུང་ཡང་ཀྱིས་མེ་སྦར་རོ། །དེ་ནས་རང་གི་ཏིང་ངེ་འཛིན་གསལ་བའི་སྙིང་གར་ཧཱུཾ་བསམས་པ་ལས་ཧཱུཾ་འམ་རམ་ལས་མེ་ལྷ་བསྐྱེད་དེ། རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ རྡོ་རྗེ་བཅིང་བ་བསྡམ་པ་བྱས་པའོ། །དམ་ཚིག་གི་སྔགས་ཧཱུཾ་ཨོཾ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛཝ་ལ་བྷ་སྨི་ཀུ་རུ་སརྦ་དུཥཱ་ན་ཧཱུཾ་ཕཊ་ཕཊ་ཧཱུཾ་ཞེས་བརྗོད་པས་རྡོ་རེ་མེ་ལྷའི་གཟུགས་སུ་གྱུར་ཏེ། མི་ཏ་པ་རིང་པ་ལ་གཟིམ་དངས་ཆེན་པོ་གཡས་བགྲང ཕྲེང། གཡོན་རིལ་བ་སྤྱི་བླུགས་ཐེགས་པ་ཐུར་ཚུགས་སེར་པོ་ཅན་ལུས་པོ་མདོག་དཀར་ཞིང་ཟླུམ་པོ། །མེ་ལྕེ་སྟེང་གིས་དཀྲིགས་ཤིང་འོད་འབབ་པར་བསམས་ནས། ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང་ལྡན་པས་སྔགS བརྗོད་དོ། །ོཾ་བཛྲ་ཨ་གམི་?་ཀུ་ཤ་ཛསྦྱིན་ནོ། །དེ་ནས་མངར་གསུམ་དང་བསྲེག་ཤིང་ཐོར་ཏེ་མར་ལ་བསྡེབས་པ་གསུམ་བསྲེགས་པ་དང། ཡོ་བྱད་རིམ་པས་དབུལ། །གུང་མོ་སྲིན་ལག་གསུམ་གྱིས་བསྐོར་ཞིང་དབུལ་ལོ། །དེ་ནས་བསྟོད་པ་བྱའོ། །དེ་ཡང་བཤད པའི་རྒྱུད་ལས་?་བསྟོད་དོ། །དྲང་སྲོང་ཆེན་པོ་ཁྱེད་བྱ་བར་གཉིད་དུ་བཞུགས་ཏེ། བདག་ཉིད་ཇི་ལྟར་འདོད་ཀྱིས་སྦྱིན་སྲེག་བྱེད་ཀྱི་བར་དུ་གནས་པར་གྱིས་ཤིག་ཅེས་སྨྲས་ནས། མེ་ལྷའི་གཟུགས་དེ་ཉིད་མེའི་རང་བཞིན་འབར་བ ཉིད་དུ་གྱུར་བར་བསམ་མོ། །དེ་བར་རྒྱུད་ལས་དེ་ནས་བྱིན་ཟ་དགེ་བ་རཾ་སྦར་ནས། མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས། །ཟླ་དཀར་ཀུན་དའི་བཞིན་ལ་ཞི་བའི་ལུས། །མཛའ་ཡས་པ་ཡི་གཟུགས་ཀྱིས་མེ་བཀུག་ལ། །རྒ་ཕུལ བར་བརྟགས་ནས་དེ་བཞིན་དུ། །བློ་མཆོག་ལྡན་པའི་མདུན་དུ་གཟུགས་མཆོག་བཞག་།ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་བཟླས་པའི་ཡོ་བྱད་གཡས་གཡོན་དུ་བཞག་དགང་གཟར་བླུགས་གཟར་དང་ཕུར་བ་དང་ཐོ་བ་དང། གཏོར་མ མདུན་དུ་བཞག་། དེ་ནས་ཁྲོ་བོ་ཧཱུཾ་ལས་བསྐྱེད་བ་དང། །རང་བཞིན་དང་གཉིས་སུ་བསྐྱེད་པར་བྱས་ལ་མཆོད་པའི་རིམ་པའོ། །ཡང་ཕྲིན་ལས་བཅོལ་བསྟོད་པ་བྱའོ། །དེ་ནས་དཀོན་མཆོག་གསུམ་སྤྱན་དྲང། །མཆོད་པའི་རིམ་པ་ཡང་བྱ། །བསྟོད ཕྲིན་ལས་བཅོལ། །གཤེགས་སུ་གསོལ། །དེ་ནས་ལྷ་སོ་སོ་ལ་མཆོད་པའི་རིམ་པ་བྱའོ། །དེ་ཡང་བཤད་པའི་རྒྱུད་ལས་ཇི་སྐད་དུ། །དང་པོར་མེ་ལྷ་ཉིད་ལ་གསུམ། །དེ་ནས་ཁྲོ་བོ་ཁམས་གསུམ་ལ། །དེ་འོག་དཀོན་མཆོག་གསུམ ལ་དབུལ། །དེ་ནས་ལྷ་རྣམས་ར་རེ་ལ། །ཞེས་གསུངས་པས། དེ་དང་འཐུན་པར་དབུལ། །ཡང་ན་མེ་ལྷ་དང་སོ་སོ་ལའོ། །དེ་ནས་ཁམས་གསུམ་པར་རྒྱལ་ལའོ། །དེ་ནས་མེ་དག་པར་བྱས་ལ། །དེའི་ནང་དུ་དེ་རྣམས་སྤྱན་དྲང་བར་བྱ་བ་དང་། གདན་དབུལ་བ་དང་ཞབས་བསིལ་ལ་སོགས་པ་དབུལ་བ་དང། བསྲེག་རྫས་རིམ་པར་དབུལ་བ་དང། ལས་ཞི་བར་བྱ་བའི་ལས་དང་བསྟོད་པ་དང་གཤེགས་སུ་གསོལ་བ་དང། ཕྲིན་ལས་བཅོལ་བ་མ་ལུས་པར་བྱའོ། །དཀྱིལ་འཁོར ཆེན་པོ་?་སྤྱན་དྲང་པ་དང་གཤེགས་སུ་གསོལ་བ་དེར་བྱའོ། །ཡང་ན་རང་ལྷའི་རྣལ་འབྱོར་བསལ་བར་བྱས་ལ། ལས་སྣ་ཚོགས་པའི་སྙིང་པོ་བརྗོད་པས་། མེ་འབར་བ་དེ་ཉིད་ཀྱི་ནང་དུ་གཞལ་ཡས་ཁང་རྒྱན་དང་གདན་དུ་བཅས་པ་བསྐྱེད ལ། དེའི་ནང་དུ་རྡོ་རྗེ་བསྡུ་བ་དང། བསྐོར་ཕྱོགས་པ་དང། ནང་དུ་དགུག་པ་དང་གཞུག་པ་དང་།བཅིང་བ་དང་དགྱེས་པར་བྱ་བ་བྱས་ལ། དེ་དག་སྐུ་མདོག་དང་ཕྱག་མཚན་དང་བཞུགས་པའི་ཚུལ་ལ་སོགས་པ་སོ་སོའི་ལྟ་བས ཡུན་རིང་དུ་བལྟ་ཞིང་བསམ་མོ། །དེ་ནས་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅའ་སོ་སོའི་སྔགས་མཇུག་ལ་ས་མ་ཡ་སྟཝོ་ཞེས་བརྗོད་པས། འཕགས་པ་རྣམས་མཉེས་ཤིང་དམ་ཚིག་སྐོངས་པར་བསམ་མོ། །དེ་དག་ལ་ཡང་མཆོད་པའི་རིམ་པ་དང བོ་ཞབས་བསིལ་དེ་ནས་ཞལ་བསིལ་ཏེ། འཐོར་བཟུང་གིས་བསང་།མཆད་ཡན་དབུལ་།དེ་ནས་མཆོད་པ་བརྒྱད་དང་ཉི་ཤུ་ཡང་མི་འགལ་ཏེ་ནུས་ན་དབུལ། དེ་ནས་བསྲེག་རྫས་རྣམས་ལ་ལྷ་སོ་སོའི་སྙིང་པོ་དང་ངན་སོང་སྤྱོད་པའི་སྔགས བསམས་ཏེ་འོད་ཟེར་དཀར་པོར་གྱུར་པར་བསམས་ཏེ། བདག་ལྷ་གནས་རྫས་ལས་དེ་ལྟར་བསམ་མོ། །རྫས་རེ་རེ་ལ་རང་ཨོཾ་བུདྷ་བཻ་རོ་ཙ་ན་སྭཱཧཱ། །ོཾ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ་སྭ། ཨོཾ་རཏན་སཾ་བྷ་བ་ཏྲཾ། ཨོཾ་ཤཱཀྱ་མུ་ན་ཡ་ཨོཾ་སརྦ་ཏྭ?་ཊ ཅེས་པའི་མིང་སྔགས་དང། སང་དོན་སྔགས་ཀྱི་མཐར་ཤཱནྟི་ཀུ་རུ་སྭཱཧཱ་བཏགས་ལ་དབུལ་ལོ། །དེ་ཡང་དང་པོར་མར་དང་གསུམ། དེ་ནས་ཡཾ་ཤིང་ལོ་མ་སོར་བཞི་པ་རྩ་བ་སོར་གསུམ་བ་ཟླུམ་པོ་ག་བུར་གུར་གུམ་གྱིས་བསྒས་བ་དང་ཤིང་ཞོ་ཅན་དང་དྲི་སྒྲིབ་ལ་བྱས་པ་སོར་བཞི་བའམ་བརྒྱ་དང་འམ་ཉི་ཤུ་རྩ་ལྔ་མན་ཆད་སྦོམ་ཕྲ་སྔགས་པའི་ཆད་པ་?་ཡང་ན་སོར་བརྒྱད་པ་ལ་?་?་གསུཾ་ཟླུམ་པོ་དབུལ་བ་རྩེ་ཨོཾ་མར་ལ་བལྡོགས་ལ་དབུལ་ལོ། །གོང མའི་རིམ་པ་བཞིན་དབུལ?་ལ། །དེ་ནས་བཟླས་པའི་མཐར་མིང་འདི་ཞེས་བྱ་བའི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཤཱནྟི་ཀུ་རུ་སྭཱཧཱ་ཞེས་བརྗོད་དོ། །ལྷའི་དཀྱིལ་འཁོར་གྱི་ལྷ་རེ་རེ་ལ་བརྒྱ་རྩ་བརྒྱད་དང་ཉི་ཤུ་རྩ་གཅིག་དང། གསུམ་ལས་ཉུང་བར་མི་དབུལ་ལོ། །དེ་ནས་བཤད་པའི་རྒྱུད་ལས་འབྱུང་བའི་ཚོགས་དང་ཤེས་པ་གླུ་དང་ཕུར་བས་གདབ་པ་དང་། ཐོབ་པའི་ལས་དང། གཏོར་མ་དང་སྲིད་བཞི་བར་བྱེད་པའི་སྔགས་ཀྱང་ནུས་ན་བྱའོ། །? བསྟོད་པ་དང་བྱིན་ལས་བཅོལ་གཤེགས་སུ་གསོལ་བར་བྱའོ། །དེ་ཡང་རྡོ་རྗེ་གླུ་དང་ཕུར་བུས་གདབ་བ་དང། ཐོ་བ་ཞི་བའི་གཏོར་མ་དང། སྲིད་བཞི་བྱེད་སྔགས་རྣམས་ནི། །ནོར་ན་ལ་སོགས་མི་འགྱང་ཞེས་གསུངས་སོ། །ཡང པར་དུ་མིང་འདི་ཞེས་བྱ་བའི་ཉོན་མོངས་པ་དང་སྒྲིབ་པ་ཐམས་ཅད། ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཞེས་བརྗོད་ཅིང་ཏིལ་བསྲེག་གོ། དེ་ནས་རྫོགས་པ་དང་ཡང་མེ་ཐབ་བསངས་ལ། ལྷག་ཆད་ཀྱི་དོན་དུ་གཙོ་བོ་ལ་སོགས་པའི་ལྷ ཐམས་ཅད་ལ་བརྒྱ་རྩ་བརྒྱད་དབུལ་ལོ། །ཡང་ངན་སོང་སྦྱོང་བའི་ལྷ་ལ་བསྲེག་རྫས་ཉི་ཤུ་རྩ་གཅིག་ཕུལ་ནས་ཚུལ་བཞིན་དུ་གཤེགས་སུ་གསོལ་དེ་ནས་མེ་ལྷ་མེ་ཐབ་ཏུ་སྣང་བར་བྱས་ལ་།མཆོད་ཡོན་ལ་སོགས་པ་ལན་གསུམ་དབུའོ། དེ་ཡང་རྒྱས?་ལས་ཇི་སྐད་གསུངས་པའི་ཡོན་ཏན་འདོད་པའི་དེ་བཞིན་གཤེགས་པ་ལ་སོགས་དེ་ལྟར་སྤྱན་དྲངས་ལ། ཨརྒ་ལ་སོགས་དེ་བཞིན་དུ། །བདེར་གཤེགས་གསུངས་པའི་མཆོད་པ་གང་ཡིན་བྱ། །དེ་ནས་བསྲེག་བྱ་གང་སྟེ་རིམ གྱིས་ནི། །རྒྱལ་ལ་སོགས་ཏེ་བརྒྱ་རྩ་བརྒྱད་དུ་བརྟག་།དེ་ནས་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་འམ། །བསྲེག་བྱ་ཉི་ཤུ་རྩ་གཅིག་ཏུ་བརྟག་།དེ་ནས་སྤྱན་དྲངས་ཡོ་བྱང་ལན་གསུམ་དང་།རྒ་ལ་སོགས་པདྨ་བཀར་ཞལ་མཆོད་ཅེས་གསུངས་སོ བསྒྲུབ་པར་བྱ་བ་ཡང་རྒྱུད་ལས། ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས། །ཞབས་ཀྱིས་པདྨས་སྡིག་མནན་ཅིང། །རྒྱན་རྣམས་ཀུན་ནི་རབ་རྫགས་པ། །རྫོགས་སངས་རྒྱས་ཀྱི་དབུ་རྒྱ་ མཐོ། །བསམས་ས་མ་ཡང་ན་བྲིས་ཀྱང་རུང། །དེའི་སྙིང་པོ་དེ་བཞིན་དུ། །བརྒྱ་ཕྲག་སྟོང་ངམ་ཡང་ན་ནི། །བྱེ་བའི་ཚད་དུ་སྦྱིན་སྲེག་བྱ། །དེ་ལྟར་བསྒྲུབ་པ་རྗེ་བཙུན་གྱིས་འཆད་པར་བལྟའོ། །དེ་ལྟར་མི་སྒྲུབ་པ? ཀྱིས། དཀྱིལ་འཁོར་བསྡུ་བ་མཛད་དེ། དེའི་རིམ་པ་འདིའོ། །སྔར་སྐྱེས་པ་རྣམས་གསལ་བར་བྱས་ལ། །དེ་ལ་མཆོད་བ་རྣམ་པ་བརྒྱད་ཀྱིས་མཆོད་ལ། །དེ་ནས་ཇི་ལྟར་བསམས་ཤིང་སྤྱན་དྲངས་པའི་ལྷ་རང་གི་ལྷ་ལ་སོགས་?་དཀྱིལ འཁོར་དྲ་བའི་སྦྱོད་ཡུལ་དུ་བྱས་ཏེ་། ལེགས་པར་བྱིན་གྱིས་རློབ་པའི་ཕྱིར། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། །ཡི་གེ་བརྒྱ་བས་གསོལ་བ་གདབ། །དེ་ནས་ཕྱག་རྒྱ་དགྲོལ་བར་བརྩམས་ཏེ། ཆོས་ཀྱི་ཕྱག་རྒྱ་ལྕེ་རྡོ་རྗེ་ལས་སོ། ། ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར། །སེམས་དཔའ་ཆེན་པོ་དམ་ཚིག་གི་ཕྱག་རྒྱ་ལས་སོ། །དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་བཅིངས་པ་ལས་སོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལ་སོགས་པའི་ཕྱིར་?་ཟླ་བའི་དཀྱིལ་འཁོར་ལ་གནས བས་སོ། །རྡོ་རྗེ་ཕྱག་རྒྱ་ཡང་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་སྙིང་པོ་ཡི་གེ་སྒྲ་ལས་སོ། །དེ་ཡང་ཟླ་བ་ལས་སོ། །དེ་ཡང་བདག་མེད་བར་མོས་པ་ལས་སོ། །དེ་ཡང་རྡོ་རྗེ་དབབ་བའི་ཕྱག་རྒྱ་ལས་སོ། །དེ་ཡང་རྡོ་རྗེ་བཅིངས་པ་དྲལ་བའི ཕྱག་རྒྱ་ལས་སོ། །རྡོ་རྗེ་དྲལ་བའི་ཕྱག་རྒྱ་ཡང་རྡོ་རྗེ་བཅིངས་པ་ལས་སོ། །དེ་ཡང་རྡོ་རྗེ་ཐལ་མོ་ལས་སོ། །རྡོ་རྗེ་ཐལ་མོ་རྣམ་པར་སྨིན་པའི་ལུས་སུ་མོས་པ་བྱས་ཏེ། བདག་དང་མི་གཉིས་པར་གྱུར་པའི་དམ་ཚིག་སེམས་དཔར་མོས་པ བཏབ་སྟེ། དེའི་སྙིང་པོ་བཛྲ་མུམོའི་རྩེ་མོས་མགོ་ལ་བཅིངས་པའི་ཚུལ་དུ་བྱའོ། །དེའི་འོག་ཏུ་སརྦ་མུ་ཏྲ་མེ་ཏྲི་གུ་རུ་བར་ཀ་བ་ཙེ་ན་བཾ་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་སྔ་མ་བཞིན་དུ་གོ་ཆ་བཅིང་བར་བྱའོ། །གོ་ཆའི་མཛའ་གཉིས་རྣམ་གཉིས་ཀྱི་སྟེང་དུ་ཕྱུང་སྟེ། རང་སྣ འཕྱང་བའི་ཚུལ་དུ་ལག་པ་གཉིས་བརྐྱང་པ་བརྡབ་བོ། །བརྡབ་པའི་ཐལ་མོ་ཡང་ལག་པའི་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་སྨད་ཚིལ་མགོ་མི་འབྱེད་པར་ཐལ་མོ་མཉམ་པར་བརྡབ་པའི་ཚུལ་དུ་བྱའོ། །ོཾ་བཛྲ་ཏུ་ཥ་ཧཾ་བརྗོད་དེ། དེ་ལྟར ཕྱག་རྒྱ་རྣམས་དགྲོལ་བ་དང། བཅིང་བ་དང་མཉེས་པར་བྱས་ནས་རྡོ་རྗེ་ལྟ་བུར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་འཁོར་རྣམས་ཇི་ལྟར་སྤྱན་དྲངས་ཤིང་མདུན་དུ་བསམས་པ་རྣམས་ཡང་རྗེས་སུ་དྲན་པར་བྱས་ཏེ། ཡང་གསང་བའི་མཆོད་པ་བཞི་དང། བདུག་པ་ལ་སོགས་པ་བརྒྱད་ཀྱིས་མཆོད་ནས། ཡང་མཆོད་པ་བྱས་ནས། དགེ་བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ནས་ཁ་གྱེན་དུ་བསྟན་ཏེ་།དགྲོལ་བའི་སྙིང པོ་འདི་བརྗོད་དོ། །ོཾ་ཏྲི་ཏོ་བ་སརྦ་སཏ་ཨརྠ་སིདྡྷིར་ཏ་ཏྲ་ཡ་ཐཱ་ནུ་ག་ཏ་གཙྪེ་དྷ་མ་བུདྡྷ་བི་ཥ་ཡཾ་བུ་ན་རཾ་ག་མེ་ཡ་མུཡིད་ཀྱི་སྦྱོར་བས་རང་གི་ལུས་ལ་བཅུག་ལ། བསྲུང་བ་བྱ་ཞིང་ང་རྒྱལ་བྱའོ། །དེ་ལྟར་བསྲེག་ནས་ཐལ་པར་གྱུར་པ་དང། རྡོ་རྗེ་བསྡུ་བའི་སྔགས་སཾ་ཧཱ་ར་ཎ་ཞེས་བརྗོད་ཅིང། རུས་པ་དང་ཐལ་བ་རྣམས་བསྡུས་ནས། སྣོད་གཙང་མར་བཅུག་སྟེ། མཆོད་རྟེན་གདབ་པའི་ས་ཕྱོགས་སུ་བཞག་གོ་། དེ་ནས་ག་བུར་ལ་སོགས་པ་དྲིའི་ཆུ་དང་པའི་འོ་མ་དང། ཞོ་དང་འོ་མ་དང། ལྕི་པ་དང། གཅིན་དང་།རུས་པ་བསྲེས་ཏེ། ངན་སོང་སྦྱོང་བའི་སྔགས་བཞི་ལས་གང་ཡང་རུང་བ་འབུམ་བཟླས ལ། དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བའི་གཟུགས་སུ་གདབ་པ་འམ། ཡང་ན་མཆོད་རྟེན་དུ་བྱས་ཏེ། མཆོད་རྟེན་གཅིག་ནས་རྒྱའི་བར་གཞུང་གཞན་དང་འཐུན་པར་གདབ་པོ། །དེ་ཡང་རྒྱུད་ལས། དེ་ནས་ཐལ་བར་གྱུར་པ་དང རྡོ་རྗེ་བསྡུ་བའི་སྔགས་ཀྱི་སུ། །ཆོ་ག་བཞིན་དུ་བསྡུ?་བར་བྱ། །ཐལ་བ་དེ་ཡང་རུས་པའི་རྡུལ། །སྔགས་ཀྱིས་བཏབ་པའི་གྱི་ཆུ་དང། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་པ་རྫོགས་ནས་ནི། ག་བུར་དྲི་ཡིས་བསྒོས་པ་ཡིས། །འཇི་བ་དང་ནི་བསྲེས་ནས་ཀྱང། །གཟུགས་སུ་བྱས་པ་འམ་ཡང་ན་ནི། །མཆོད་རྟེན་གྱིས་ནི་བལྟར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་བུ་བྱ། །ཅེས་པ་ལ་སོཌ པ་གསུངས་ཏེ། དེ་ཡང་ཤི་བའི་དོན་དུ་ངན་སོང་ལས་ཐར་བར་བྱ་བའི་ཐབས། རྒྱུད་ལས་བསྟན་པར་ཤེས་པར་བྱའོ། །གོང་མ་ལྟར་བྱས་པའི་ཡོན་ཏན་ཡང་རྒྱུད་ལས། དེ་ལྟ་ན་ནི་སྡིག་ཅན་ཡང། །ངན་སོང་ལས་ནི་ཐར་བར་འགྱུར དགེ་བའི་ཆོས་ནི་བསྡུ་བ་དང། །བྱང་ཆུབ་ས་བོན་བསྐྱེད་བ་དང། །སངས་རྒྱས་འབྲས་བུ་རྒྱུད་དང་ལྡན། །སྦྱིན་པའི་ཕ་རོལ་བྱིན་པར་ལྡན། །ཚུལ་ཁྲིམས་རྒྱུད་དང་རབ་ལྡན་པ། །བཟོད་པ་བརྩོན་འགྲུས་ཕྱིན་བཞག་དང། །ཤེས་རབ རྣམས་ཀྱིས་རྒྱ་བསྒོམ་བའོ། །འཇིག་རྟེན་བསོད་ནམས་ལྟ་ཅི་སྨོས། །མྱུར་དུ་ངན་སོང་ཐེ་ཚོམ་ནི། །བཅོམ་བར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་དྷཱ་ཎཱཾ། ཨཱ་?་ཏྱ? ?་ཅེས་ཟློས་ཤིང་དཀྱིལ་འཁོར་ཕྱིས་ལ། དམ་?་ལ་སོགས་པ་ཆུང་དོར་བར་བྱའོ། །དེ་ནས་ཕུར་བ་ཡང་གདོན། དེ་ནས་རུ་རུ་སྡུ་རུ་ཛཝ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། བརྒྱ་རྩ་བརྒྱད་བཟླས་བའི་?་མས་ཕུར་བུ་དང། གཟུགས་བརྙན་ཐམས་ཅད་བཀྲུ་བར་བྱ་ཞིང། ཁང་བུ་ཡང་དག་བར་བྱའོ། །དཀྱིལ་འཁོར་ཆོ་ག་བྱས་པ་ལས། །བདག་གིས་དགེ་བ་གང་བསགས་དེས། །བད་བ་གཉིས་མེད་དམ་བ་དེ། །འཇིག་རྟེན་ཀུན་གྱིས་རྟོགས་དང་ཤོག་།འཕར? པ་རྡོ་རྗེ་གཙུག་ཏོར་རྒྱུད་ལས་བཏུས་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དྷརྨ་ཀཱ་རྟིས?་མཛད་པ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཨཱ་སྱ་དྷརྨ་པཱ་ལ་དང་།ཞུ་ཆེན་གྱི་ལོཙྪ་བ་དགེ་སློང དགེ་བའི་བློ་གྲོས་ཀྱིས་གཏན་ལ་བབ་པའོ། ། །།ངན་པོར་ཐམས་ཅད་ཡོངས་སུ་སྦྱོད་བ་ཞེས་བྱ་བའི་ཆོ་གའི་བྱ་བ་མདོར་བསྡུས?་བ་སློབ་དཔོན་ཀུན་བཏབ་སྙིང་པོས་མཛད་པ་?།། *། །རྒྱ་གར་སྐད་དུ་། སརྦ་དུ་རྒ་ཏི་པ་རི་ཤོ་དྷ ནེ་སཾ་ཀྵིསྟ་ནཱ་མ།

CLOSE WINDOW