| Wylie | e-texts based on the ACIP/ALL Input |
།འགྲོ་ཀུན་སྐུ་གསུམ་ཐོབ་པར་ཤོག་། བ་དྷ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་སཱ་དྷ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་བྱ་བ། འཇམ
དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག་།རིགས་གསུམ་བདག་པོ་ཡེ་ཤེས་སྐུ། །རྗེ་བཙུན་འཇམ་དཔལ་ཕྱག་འཚལ་ཏེ། །དེ་ཉིད་རྗེས་དྲན་ཆོ་ག་བཤད། །སྒྱུ་འཕྲུལ་དྲ་བའི་ལུགས་ཉིད་ཀྱིས། །གང
ཞིག་ཡང་དག་མངོན་དབང་བསྐུར། །རྗེས་གནང་ཐོབ་པའི་གྲུབ་པ་པོ། །དེང་འདིར་ཡིད་ལ་གནས་དག་ཏུ། །བདེ་བའི་སྟན་ལ་ཉེར་འདུག་སྟེ། །གཤིན་རྗེའི་དགྲ་འམ་ཞལ་དྲུག་ལ། །ཁྲོ་བོའི་རྒྱལ་པོས་བསྲུང་བར་བྱ། །ོཾ་ཧྲི་ཀཱ་ལ
རུ་པ་ཧཱུཾ་ཁ་ཧཱུཾ་སྭཱཧཱ། ཨ་ཡ་མཱནྟ་ཀ་ཧཱུཾ། དེ་ནས་གཤིན་རྗེ་གཤེད་པོའི་སྔགས། །ོཾ་ཨཱཔར་བསྒོམ། །ོཾ་པྲ་ཀྲི་ཏ་པའི་ཤུདྡྷ། སརྦ་དྷརྨཱ་ཡ་ཧུ་ཏ། སརྦ་ཏ་ཐཱ་ག་ཏཛནཱ་ན་ཀཱ་ཡ། མཉྫུ་ཤྲཱི་པ་རི་ཤུདྡྷི་ཏ་མུ་ཏ་ཡེ་ཏི། དེ་ནས་ཐམས་ཅད་སྟོང་པ་ལས། །དེ་ལས་བྱུང་བ་པདྨ་ལས། །ཟླ་བའི་དཀྱིལ་འཁོར་ཨ་ལས་བྱུང། །དེ་དབུས་ཡི་གེ་ཨ
དཀར་ལས་སྐྱེས་པ། །རྣམ་པར་སྣང་མཛད་ཆེ་མཆོག་ཞི་བ་སྐུ་མདོག་དཀར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཉམ་པར་འཛིན། །སངས་རྒྱས་སེང་གེའི་གདན་བཞུགས་བདག་ཉིད་བསྒོམ། །དེའི་ཐུགས་ཁར་དྷི་ལས་བྱུང་བ་ཡི། །པདྨའི་སངས་རྒྱས་རྣམ་པར
བསམ་པར་བྱ། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །དང་པོ་སངས་རྒྱས་དེའི་ཐུགས་ཀར་ཡང། །ཤེས་རབ་འཁོར་ལོ་ཉེས་ཀུན་སེལ་བ་བསྒོམ། །པདྨར་གྱུར་པ་འཁོར་ལོ་དེ་དབུས་སུ། །ཡེ་ཤེས་སེམས་དཔའ་རྣམ
པར་བསྒོམ་པར་བྱ། །སྠི་སྟོ་ཧྲི་ཏྭཱིཾ་ཛྙཱ་ན་མུརྟི་ར་ཧཾ་བུདྡྷོ་བུདྡྷཱ་ནཱཾ། ཏྲཡ་ཏྭ་བིརྟ་ནཾ། ཞེས་བྱ་བ་དང། ལྟེ་བ་དང་བཅས་མུ་ཁྱུད་ནང་མ་གཉིས། །དེ་ནས་རྩིབས་རྣམས་རིམ་པར་ལྡན་པ་ལ། །དེ་ནས་ཡང་ནི་ཕྱིའི་མུ་ཁྱུད་གཉིས། །དེ་ལ་རྩ་བའི་ལ་སོགས་རིམ
བཞིན་དགོད། །ཡེ་ཤེས་སེམས་དཔའ་པདྨ་ཟླ་བར་གནས། །དེ་སྟེང་རྡོ་རྗེ་སྐྱིལ་ཀྲུང་ལེགས་བཞུགས་པ། །ཕྱག་གཉིས་ཏིང་འཛིན་ཕྱག་རྒྱ་ཨཽཏཔ་ལ་མཚན། །དེ་སྟེང་ཤེས་རབ་པོ་ཏིས་གཉིས་ཁ་བརྒྱན། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན
མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་ཐོན་ཀའི་རྩེ། །སྐྲ་མཆོག་ཐོན་ཀ་ཆེན་པོ་ཅན། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་པའོ། །ོཾ་སརྦ་དྷརྨཱ་བྷ་ཝཱ། སྭ་བྷཱ་ཝཱ། བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཁྱུད་མཆོག་ལའོ། ། ཨཱ་ཨཻ་ཨའི་ཨཽ་ཨཽ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨར། མཧཱ་པ་ཙ་སརྦ་དྷརྨ་ག་ག་ན། ཨ་མཱ་ལ་སུ་པ་རི་ཤུདྡྷ། དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦབ་ཨཔས་ནི་དབུ་བརྒྱན་པའོ། །ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། སླར་བསྡུ་བར་བྱའོ། །དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ལྷག་པར་རྟོགས་པས་ཆོས་ཐམས་ཅད་ལ་ཡང་འཇམ་པའི་དཔལ་དུ་བྱེད་ཅིང། འདི་ལྟར་སངས་རྒྱས་བཅོམ་ལྡན
འདས། །ཞེས་བྱ་བ་ལ་སོགས་པས་སྙིང་ཀའི་ཡེ་ཤེས་སེམས་དཔའ་དང་མཉམ་པར་སྦྱོར་ཞིང་སྔགས་ཀྱི་ཚིག་མིང་དག་གདོན་ནོ། །ོཾ་ཨཱགཏོར་མ་སྦྱིན་ནོ། །འདི་ལྟར་དུས་གསུམ་དུ་སྟེ། རྣལ་འབྱོར་གྱི་དུས་མ་ཡིན་པར་ནི་འཇམ་པའི་དཔལ་གྱི་སྔགས་གང་འདོད་པ་བཟླས་པ་འམ། མཆོད་རྟེན་བྱ་ཞིང་བསྐོར་བ་ལ་སོགས་པར་བྱའོ། །འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་མྱ་ངན
མེད་པའི་དཔལ་གྱིས་མཛད་པ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཡ་ཤྭ་ཤྲཱི་རི། ལོཙྪ་པ་?་ཞ་རྒྱ་གར་བརྩེགས་གྱིས་བསྒྱུར་བའོ། །བཛྲ་ཏིཀྵྞ་དམར། དུ་ར་པ་ཙ་ན་དཀར། ཨཻ་ཏི།། །། *། །རྒྱ་གར་སྐད་དུ། བཛྲ་བྷཻ་ར་བ་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ། །འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །རབ་ཏུ་ཁྲོས་ཤིང་གདུག་པ་འདུལ། །
མ་ལུས་ལོག་པའི་བདུད་འདུལ་བ།
CLOSE WINDOW