CLOSE WINDOW

N2208: སྒྲུབ་ཐབས་གསང་བ་དང་ལྡན་པའི་ཐིག་གི་ཆོ་ག
Wyliee-texts based on the ACIP/ALL Input

། །།ཐིག་གདབ་པའི་རིམ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །མཚན་ཉིད་ལྡན་པའི་ཐིག་སྐུད་ཀྱིས། །ཡོངས་སུ་རྫོགས་པའི་ས་གཞི་ལ། ཚངས་ཐིག་ཟུར་ཐིག་ལོགས ཐིག་རྣམས། །གཞན་དང་མཐུན་པར་གདབ་བྱས་ནས། །ཕྱི་དང་ནང་དུ་དབྱེ་བར་བྱ། །ཕྱི་ལ་དྲུག་དྲུག་བཅུ་གཉིས་ཏེ། །ནང་དུ་བརྒྱད་བརྒྱད་བཅུ་དྲུག་གདབ། །ཆ་ཆེན་ཉི་ཤུ་བརྒྱད་དུ་འགྱུར། །སོ་སོའི་ཆ་ནི་དབྱེ་བར་བྱ། །ནང་གི་བརྒྱད་པོ་གཉིས་པ་ཡང། །རེ་རེའང་བཞི བཞིར་བགོ་བྱ་ཞིང། །ཕྱི་རོལ་དཀྱིལ་འཁོར་ཐིག་ལ་ནི། །དང་པོ་ཁྱམས་སུ་གཞག་པར་བྱ། །གཉིས་པ་གསུམ་པ་བཞི་པ་དང། །ལྔ་པ་རྣམས་ནི་བཞི་བཞིར་བགོ་།དྲུག་པ་ལ་ནི་གཉིས་སུ་བྱ། །དྲུག་པོ་གཞན་ཡང་དེ་བཞི་བགོ་།འདི་ལ་ཕྲེང་བ་དེ་དང་རེའུ་མིག་ནི། །?? གཉིས་སུ་འགྱུར། །ཚངས་པའི་ཐིག་གི་ངོས་གཉིས་ལས། །གསུམ་པ་དེ་བཞིན་ལྔ་པ་དང། །བཅུ་བདུན་པ་དང་ཉི་ཤུ་པ། །དེ་བཞིན་ཉི་ཤུ་རྩ་གསུམ་པ། །ཆ་ལྔར་ནང་དུ་བགོ་བྱས་ནས། །ཕྱི་ཡི་གསུམ་པ་ལྔ་པ་རྣམས། །དེ་བཞིན་དུ་ནི་བགོ་བར་བྱ། །གཉིས་པ་ལྔ་ལ བརྒྱད་པ་རྣམས། །ཆ་ཆུད་ལྔ་ལྔར་གདབ་པར་བྱ། །ཕྱི་སྒོ་སུམ་ཆས་ཆེ་བར་དབྱི། །སྒོ་ནི་འཁོར་ལོའི་བརྒྱད་ཆ་རུ། །ཡ་ཕུབས་བཅས་པ་དབུས་སུ་བགྱི། །རྟ་བབས་ཕ་ཡུལ་ས་དག་ལས་ནི། །ཆ་གཅིག་དེ་རེ་བའི་ཚ་ཆེན་ཚད། །སྒོ་ཡི་མཚམས་དང་ཏྭ་ར་ཎ། །ཤིན ཏུ་གཅིག་ཉིད་མི་བྱའོ། །དེ་སྟེངས་འཁོར་ལོ་རྫོགས་པར་བྱ། །ཚངས་ནས་ཆ་ཆུང་བརྒྱད་ལ་ནི། །འཁོར་ལོ་རྩིབས་བརྒྱད་ཐིག་དུ་གདབ། །ལྟེ་བ་ཆ་གསུམ་མུ་ཁྱུད་གཅིག་།དེ་ནས་རྩིབས་བརྒྱད་ཆ་ཕྲན་བཞི། །མན་ངག་ཐིག་ལ་ཚོད་ཀྱིས་བསྐོར། །དེ་རྒྱབ་ཆ ཆུང་གཅིག་ལ་ནི། །ནང་གི་མུ་ཁྱུད་ལེགས་པར་བྱ། །ཆ་ཆུང་གཅིག་ལ་ལྟེ་བ་བྱ། །དེ་བརྟེན་ཆ་ཆུང་ལྔ་ལ་ནི། །རྩིབས་ནི་བཅུ་དྲུག་འཁོར་ལོ་བྱ། །དེ་རྒྱབ་ཆ་ཆུང་མུ་ཁྱུད་འགྱུར། །དེ་རྒྱབ་ནང་སྒོ་ཆ་ཆེན་བཞི། །དཀྱིལ་འཁོར་ཕྱི་རོལ ཁྱམས་དག་ལ། །རྩིབས་བཅུ་དྲུག་ཏུ་གདབ་པར་བྱ། །དེ་རྗེས་ཆ་ཆེན་བཞི་པོ་ལ། །ཕྱི་ཡི་སྒོ་ནི་རྫོགས་པར་བཞག་།མཚན་ཉིད་གོང་མ་བཞིན་དུ་དབྱེ། །ཕྱི་རོལ་རྡོ་རྗེ་ཕྲེང་གསལ་བ། །ཆ་ཆེན་གྱི་ནི་ཕྱེད་ཀྱི་ཚད། །འབར་བའི་ཕྲེང་བའང་དེ་ཡི་ཚད། །སྒྲུབ་ཐབས གསང་བ་དང་ལྡན་པའི་ཐིག་གི་ཆོ་ག་། པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། པྲཥྚ་ཊིཥྛ། བོད་སྐད་དུ། སྤྱན་དབྱེ་བའི་ཆོ་ག་།ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །མ་འོངས་རྣམས ལ་ཕན་སླད་དུ།

CLOSE WINDOW