CLOSE WINDOW

N2207: འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

།།སློབ་དཔོན་ཤཱནྟི་གརྦྷམ་མཛད་པ་རྫོགས་སྟོ།། (།།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབས་ཐབས་ཀྱི་འབྲེལ་པ་བཞུགས་སོ།། །།) རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་བཱི་ཏི་གུ་ཧཡ་བན་ནོ་པི་ཀ་ཛྙཱ་ན་དཱི་བ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ། ངག་གི དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྒྱས་བདག་ལྔ་ཡི་དངོས། །ཡེ་ཤེས་སྐུ་ལ་རབ་བཏུད་དེ། །དོན་དམ་ཟབ་མོའི་ངེས་དོན་ལ། །བདག་འདྲས་དཔག་ཕར་མི་འོས་ཀྱང། །བདག་པས་བློ་དམན་དོན་ལ་གཟུང་པ་དང། །ངེས་དོན་གསུམ་གྱི་མཚོན་ཅིང་བསྟན་པ་དང། །བླ མའི་གདམས་ངག་མ་ཐོ་བ་རྣལ་འབྱོར་དོན་ལྟོས་པའི། །གང་ཟག་རྣམས་ལ་ཕན་པར་བྱ་བའི་ཕྱིར། །འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཡི། །རྒྱུད་ལས་ངེས་དོན་བཏུས་ཏེ་བཤད། །དེ་ལ་མདོའི་དོན་ཞུས་ཤིང་སླར་གསུང་པའི་?་བསྟན་པ་དང ཉམས་སུ་བླང་བའི་ཐབས་བསྟན་པ་གཉིས་ལས། འདིར་མདོའི་དོན་ཞུས་ཤིང་སླར་གསུངས་པའི་ཚུལ་བསྟན་པ་བཤད་དེ། གསང་སྔགས་ཀྱི་ལུགས་ཀྱིས་ཐིག་ལེ་བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་དགོས་ཏེ། དེའི་དོན་ནི་གནས་པ་བཞི། །ངོ་བོ་བཞི། ཉམས་སུ་མྱོང བའི་ཐབས་བཞི། དེའི་འབྲས་བུ་བཞི་ལ་ཡང་དག་པའི་དོན་འདུས་པས་དེ་བསྟན་པའི་ཕྱིར། ཐིག་ལེ་བཅུ་དྲུག་མི་ཤིགས་དབུས་ཞེས་གསུངས་སོ། །དེ་ལྟར་གཉིས་མེད་ཀྱི་ཡེ་ཤེས་རྟོག་པའི་དུས་ན་ཚིག་དང་ཡི་གེའི་སྤྲོས་པའི་མཛའ་དང་བྲལ་བས། ཡན་ལག མེད་ཅིང་རྩིས་ལས་འདས་པ་ཞེས་གསུངས་སོ། །དེ་ལྟར་རྟོག་པ་དང་ཉོན་མོངས་པ་དྲུག་སྦྱང་བའི་གཉེན་པོར་དབུགས་དབྱུང་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་ལ། དེ་ཡང་མི་རྟོག་པའི་སེམས་ཀྱིས་ཟིན་པར་བྱ་བའི་ཕྱིར། དེ་ཉིད་ལྡན་ཞིང་མི་རྟོག་འདས་ཞེས གསུངས་སོ། །དེ་ལྟ་བུའི་དོན་ནི་བློ་དང་ལྡན་པ་ཀུན་གྱི་ཡང་དག་པའི་གནས་སུ་འགྲོ་བའི་ལམ་མིན་པར་བསྟན་པའི་ཕྱིར། ངེས་འབྱུང་ཀུན་གྱི་ལམ་གང་ཡིན། །ཞེས་གསུངས་སོ། །དོན་གསུམ་དབྱེར་མེད་དུ་རྟོགས་པར་བྱ་བའི་ཕྱིར། དོན་གསུམ་ཐེ་ཚོམ་མེད་པའི་སློས་ཞེས གསུངས་སོ། །སྣང་བའི་ཆོས་ཐམས་ཅད་སྐྱེ་མེད་ཀྱི་དོན་རྟོག་པར་བྱ་བའི་ཕྱིར། ལུས་ཀྱི་མཛའ་ནི་ངེས་རྟོགས་བྱ་ཞེས་གསུངས་ཏེ། དེ་ལྟ་བུའི་དོན་ལ་གནས་ན་ཕྱིན་ཅི་མ་ལོག་པའི་འབྲས་བུ་འབྱུང་པར་བསྟན་པའི་ཕྱིར། བྱང་ཆུབ་བླ་ན་མེད་པའོ་ཞེས་གསུངས་སོ། །དེའི་ངང་ལ གསང་སྔགས་ཀྱི་དོན་གྱིས་འགྲོ་བའི་བླ་སྦྱང་བར་བྱ་བའི་ཕྱིར་རོ། གསང་སྔགས་དོན་ཀུན་བསྐྱེད་པ་པོ་ཞེས་གསུངས་སོ། །དེའི་ངང་ལས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བའི་དོན་བྱེད་པ་བསྟན་པའི་ཕྱིར། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་མཆོག་།སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ་ཞེས གསུངས་སོ། །དེ་ལྟ་བུ་ནི་ལྷ་དང་མི་རྣམས་ཀྱིས་མཆོད་ཅིང་བརྗོད་པའི་གནས་ཡིན་པར་བསྟན་པའི་ཕྱིར། མཆོད་འོས་བསྟོད་འོས་རིམ་གྲོའི་གནས་ཞེས་གསུངས་སོ། །འཁོར་གྱི་གཙོ་བོས་སྟོན་པ་ལ་མཆོད་བསྟོད་བྱས་ནས་འགྲོ་བའི་དོན་ཞུས་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས དཔའ་རྫུ་འཕྲུལ་ལྡན། །ལག་ན་རྡོ་རྗེ་མཐུ་པོ་ཆེས། །ཉིད་ལ་སྙན་པའི་ཚིག་བདག་གིས། །བསྟོད་ནས་མཚན་གྱི་རིམ་པ་ཞུས་ཞེས་གསུངས་སོ། །སྟོན་པས་འགྲོ་བའི་དོན་དུ་བསྙེན་པ་བྱ་བའི་རིམ་པ་དང། དཀྱིལ་འཁོར་བྲི་བའི་རིམ་པ་དང། དེའི་ཚོགས་བསག་པ དང། སྦྱིན་སྲེག་བྱ་བའི་རིམ་པ་དང། རྒ་བ་ལ་ཕན་གདགས་པའི་རིམ་པ་དང། ཤི་བ་ལ་ཕན་གདགས་པའི་རིམ་པ་དང། ལུས་ཀྱི་རྩ་གནས་ཀྱི་འཁོར་ལོ་བསྟན་པའི་རིམ་པ་དང། སློབ་མ་དབང་བསྐུར་བའི་རིམ་པ་དང། དཀྱིལ་འཁོར་གཤེགས་སུ་གསོལ་བའི་རིམ པ་དང། བླ་མ་ལ་ཡོན་དབུལ་བའི་རིམ་པ་དང། བཅུ་གསུངས་བས་ན་བློ་ཞན་དོན་དུ་རིམ་པས་གསུངས་ཞེས་གསུངས་སོ། །དེའི་ཉམས་སུ་བླང་བའི་ཐབས་ལ་གཉིས་ཏེ། བསྙེན་པ་དང་སྒྲུབ་པ་གཉིས་སོ། །སྔོན་ལ་བསྙེན་པ་སྟོན་ཏེ། དོན་དང་ལྡན་པའི་སློ། བ་དཔོན་རྡོ་རྗེ་འཆང ཆེན་པོའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་རྡོ་རྗེ་འཆང་ཆེན་པོས། སློབ་དཔོན་ཆ་ལུགས་གནས་བྱས་ཏེ་ཞེས་གསུངས་སོ། །དེ་ནས་སྒྲུབ་པ་པོ་ཡིས་ཉམས་དང་གར་འཐང་དུ་གནས་པར་བྱ་བའི་ཕྱིར། བསམ་གཏན་དང་ནི་རྗེས་མཐུན་པའི་ཞེས་བྱ་བ་ལ་སོགས་ཚིག་རྐང་ལྔ་གསུངས་སོ། ། ?་སོགས?་པ་ཞེས་བྱ་བ་ནི་འོག་པདྨ་འདབ་བརྒྱད་དུ་འདུག་ལ། སྟེང་འཁོར་ལོ་རྩིབས་བརྒྱད་དུ་འདུག་པ། མེ་ཏོག་གི་སྣམ་བུ་ཡང་ཡིད་དུ་ཆགས་པ། ཤར་རི་གཞོལ་བ། ནུབ་རི་སྐྱོང་བ། ལྕུག་ཕྲན་གྱི་ཚེལ་ཡོད་པ། བཀྲ་ཤིས་ཀྱི་བྱ་སྣ་ཚོགས་སྒྲ་སྒྲོགས་དེ་འདྲའི་གནས་སུ་བསྙེན་པ བྱ་སྟེ། དབང་བསྐུར་བ་ཐོབ་པ། བླ་མའི་བཀའ་བཞིན་བྱེད་པ། དམ་ཚིག་ལ་གནས་པ་བྱ་བའི་ལས་ལ་མ་རྨོངས་པའི་བརྩེ་བའི་གྲོགས་དང་འགྲོགས་བར་བསྟན་པའི་ཕྱིར། གྲོགས་བཟང་བཙལ་ལ་བསྙེན་པ་བརྩམ་ཞེས་གསུངས་སོ། །དེ་ནས་དོན་དང་ལྡན་པའི་རྣལ་འབྱོར བ་དེས་བདེ་བའི་སྟན་ནང་ཚངས་ཅན་འཁོལ་བ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་ངམ་ཇི་ལྟ་བར་འདུག་སྟེ། ཁ་ཟས་ཀྱི་ཚོང་གཟུང། གཉིད་ཀྱི་ཆ་མཉམ། ལུས་ཆམ་ལ་ཕབ་སེམས་ཁོས་གློང་དེ་བསྒོམ་པ་བརྟན་པའི་ཕྱིར། བདེ་བའི་སྟན་ལ་འདུག་བྱས ཏེ་ཞེས་གསུངས་སོ། །དེ་ནས་རྣམ་རྟོག་གི་བགེགས་བསྲུང་བར་བྱ་བའི་ཕྱིར། བདག་དང་ས་གཞི་ཡོངས་བསྲུང་ཞིང། །ར་འདྲ་བས་མཚམས་བཅད་དང། །ཕྱོགས་དང་སྟེང་འོག་བཅིང་སོགས་པ། །རབ་ཏུ་འབད་དེ་བསྒོམ་པར་བྱ། །ཞེས་གསུངས་ཏེ། དེའི་དོན་ནི་མགོན་པོ ཀུན་སྣང་གི་རྒྱུད་ལས་འདི་སྐད་དུ། ཀྱེ་མ་ལྷའི་བུ་རྣམས། གཞོན་ནུ་རྣམས་ནི་འཚོ་འདོད་དང། །ཕྱི་རོལ་རྒོལ་བ་ཚར་གཅོད་དང། །རྣམ་རྟོག་བགེགས་རྣམས་བསྲུང་འདོད་ན། །དང་པོར་སྟོང་བ་ཆེན་པོར་བསྒོམ། །དེའི་ངང་ལས་རང་གི་དངོས། །སངས་རྒྱས་ཀུན་གྱི་བདག་པོར བསམས། །ལྕེ་ལ་ཟླ་བ་རྡོ་རྗེ་ནི། །རྩེ་ལྔ་པར་ནི་རྣམ་བསམས་ལ། །བཛྲ་ཛི་ཧྭ་ཞེས་བརྗོད་དེ། །རྡོ་རྗེའི་ལྕེ་རུ་རྣམ་པར་བསམས། །སྔགས་ཟློས་ནུས་པའི་མཐུ་དང་ལྡན། །ལག་པ་གཉིས་སུ་ཨ་དང་ཧཱུཾ། །གོང་མའི་གོ་རིམས་དོན་དང་ལྡན། །བཛྲ་ཧ་ཏ་ཞེས་བརྗོད་དེ། །རྡོ་རྗེ་རྩེ་ལྔ ལྟ་བུར་བསམ། །ཕྱག་རྒྱ་ནུས་པའི་མཐུ་དང་ལྡན། །དེ་ནས་བདག་ཉིད་ཧཱུཾ་ལས་ནི། །གྲིཧྣ་བཛྲ་ས་མ་ཡ་བཾ་ཧཱུཾ་ཞེས་པའི་སྔགས་ནི་བརྗོད་ནས་ཀྱང། རྡོ་རྗེ་ཏི་རིནྟི་རི་བ་ཅིང། ཁྲོ་བོ་ཆེན་པོ་མེ་ལྟར་རབ་ཏུ་འབར་བ། ཆར་སྤྲིན་གྱི་མདོག་ཅན། འོད་ཟེར་གྱི་ཕྲེང་བས་ཀུན་ཏུ་འཁྲུགས པ། ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་སྒེག་པ། དཔའ་བ་འཇིགས་སུ་རུང་བ། སྙིང་རྗེ་ཆེ་བ་ལ་སོགས་པའི་ཉམས་དང་ལྡན་པ། ཕྱག་གཡས་པ་རྣམས་ན་རྡོ་རྗེ་དང། རལ་གྲི་དང་མདའ་དང། འཁོར་ལོ་བསྣམས་པ། ཕྱག་གཡོན་པ་རྣམས་ན་དྲིལ་བུ་དང་ཞགས་པ་དང། གཞུ་དང། ཁ་ཊཝཱཾ་ག་ལ་གཏགས་པའི་བ་དན་སྣ་ཚོགས་བསྣམས་པ། མེ་སེར་སྐྱ་འབར་བ་ལྟ་བུའི་སྐྲའི་ཚོགས་ཤིན་ཏུ་འཇིགས་སུ་རུང་བ། སྤྲུལ་ཆེན་པོའི་གདུ་བུ་དང་དབུ་རྒྱན་དང། སྐ་རགས་དང་ཞབས་གདུབ་དང། མགུར་ཆུ་དང། རྣ་རྒྱན་དང། ཅོད་པན་གྱིས བརྒྱན་པ། སྒྱུ་འཕྲུལ་ཆེན་པོའི་འཁོར་ལོ་དགོད་པ་ལ་མཁས་པ། གཡོན་བརྐྱང་བས་ཁྱབ་འཇུག་དང་ཆུང་མར་བཅས་པ་གནོན་པ་བསྒོམ་པར་བྱའོ། །དེ་ནས་སྐྱིལ་ཀྲུང་བྱེད་འདུག་ལ། །རྡོ་རྗེ་བསྡམས་པས་ནང་བཅིངས་ཏེ། །མཐེ་བོང་གཉིས་ནི་?་བྱས་ལ། ། བསྒྲེལ་བའི་སོར་མོའི་སྟེང་ནས་དགབ། །ཏི་རིན་ཏི་རིའི་ཕྱག་རྒྱ་སྟེ། །ོཾ་བཛྲ་ཛཝ་ལ་ཨ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། གསང་སྔགས་དམ་པ་བརྗོད་ནས་ནི། །སྤྱི་བོ་ནས་བརྩམས་ཕྱོགས་བཞི་ཡི། །རྡོ་རྗེ་ཕྲེང་བའི་དབང་བསྐུར་བླང། །ོཾ་ཊུཾ་ཞེས་པའི་ཡི་གེ་གཉིས། །ཆོ་ག་དམ་པ བགོས་ནས་ནི། །མཐར་ནི་མཉམ་པའི་ཐལ་མོ་དང། །བཛྲ་དུ་ཤྱ་ཧོ་ཞེས་བརྗོད་པས། །ལུས་ཀྱི་ཆ་ལུགས་མཉམ་པར་བྱ། །དེ་ཉིད་ལས་ནི་མ་གཡོས་པར། །གཡོན་པའི་ཁུ་ཚུར་སྙིང་གར་བཞག་།གཡས་པའི་རྡོ་རྗེ་ཁུ་ཚུར་ནི། །ལན་གསུམ་དག་ཏུ་གསོར་བྱས་ལ། །བགེགས་རྣམས ཐམས་ཅད་བསྣུན་པར་བྱ། །ོཾ་བཛྲ་ཛཝ་ལ་ཨ་ན་ལཱརྐ་ཧཱུཾ། དེ་ནས་སེམས་ཀྱི་ཆོ་འཕྲུལ་གྱིས། །སྐད་ཅིག་རལ་ཏིང་འཛིན་རེ། །བསྒྱུར་ཏེ་ལས་རྣམས་རིམ་པར་བྱ། །བདག་ཉིད་ཁྲོ་བོ་རྡོ་རྗེ་མ། །གཡས་པ་རྡོ་རྗེ་མེ་དཔལ་གཡོན་སྡིགས་མཛུབ། །མདོག་སེར་ཞིང་འོད་འབར་བ། དེ་ཡི་ཆོ འཕྲུལ་ལས་བྱུང་བའི། །རྡོ་རྗེ་བསྡམས་པ་ནང་བཅིངས་ཏེ། སོར་མོ་ནང་དུ་འབར་བར་བྱ། །ཐེ་བོང་རྡོ་རྗེར་བསྒྲང་བ་ནི་རྡོ་རྗེ་མེའི་ཕྱག་རྒྱ་སྟེ། བགེགས་རྣམས་ཐམས་ཅད་བསྲེགས་པར་བསམས། །ོཾ་བཛྲ་ཛཝ་ལ་ཨ་ན་ལ་ཉ་ན་ད་ཧ་བ་ཙ་མ་ཐ་བྷ་ཉྫ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་བསྡམས་པས བཅིངས་བྱས་ཏེ། །མཐེ་བོང་གཉིས་ནི་རབ་ཏུ་བརྐྱང། །བསྙམས་ལ་སྟེང་དུ་བཞག་བ་ནི། །རྡོ་རྗེ་སྤྱན་ནི་ཕྱག་རྒྱ་སྟེ། །བགེགས་རྣམས་ཐམས་ཅད་ཅིང་བར་བྱ། །བཛྲ་ནེ་ཏྲི་བནདྷ་སརྦ་བིགྷྣི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མགལ་མེའི་འཁོར་ལོ་བཞིན་བསྐོར་ཏེ། །མགོ་ཡི་སྟེང་དུ་མཛུབ མོ་གཉིས། །ལྕགས་ཀྱུའི་ཚུལ་དུ་བཞག་པ་ནི། །རྡོ་རྗེ་འཇིགས་བྱེད་ཕྱག་རྒྱ་སྟེ། །ོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་དཀར་པོ་ཁྲོ་བོ་ནི། །གཡས་པ་རྡོ་རྗེ་གཡོན་སྡིགས་མཛུབ། །དཔག་ཏུ་མེད་པས་སྟེང་ཕྱོགས་གཏམས། །རྡོ་རྗེ་ཐལ་མོ བརྐྱང་བྱས་ཏེ། །ཐེ་བོང་གཉིས་བརྐྱང་མཛུབ་མོ་གཉིས། །མཆེ་བ་ལྟ་བུར་བྱས་པ་ནི། །རྡོ་རྗེ་གནོད་སྦྱིན་ཕྱག་རྒྱ་སྟེ། །ོཾ་བཛྲ་ཡཀྵ་ཧཱུཾ། གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་སྔོན་པོ་ཁྲོ་བོ་ནི། །མཆེ་བ་ཐོགས་པ་དཔག་ཏུ་མེད། །དེ་ཉིད་དུ་ནི རྣམ་པར་གཏམས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཐེ་ཆུང་ལུ་གུ་རྒྱུད་དུ་སྤྲེལ། །མཛུབ་མོ་གཉིས་ནི་རྩེ་སྦྱར་ཏེ། །བཟླ་གནས་སྤྱི་བོར་བཞག་པ་ནི། །རྡོ་རྗེ་གཙུག་ཏོར་ཕྱག་རྒྱ་སྟེ། །ོཾ་ཧཱུཾ་བནདྷ་ཧོ། གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་དམར་པོ་ཁྲོ་པོ་ནི། །གཙུག ཏོར་དང་ནི་སྡིག་མཛུབ་བསྣམས། །དཔག་ཏུ་མེད་པས་ཤར་ཕྱོགས་གཏམས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཁྲིག་མ་གཉིས་ནི་མདུང་བྱས་པས། །རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །ོཾ་ཧཱུཾ་བཛྲ་པཱ་ཤ་ཧྭ་གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་སེར་པོ་ཁྲོ་བོ་ནི། །ཞགས པ་དང་ནི་སྡིགས་མཛུབ་བསྣམས། །དཔག་ཏུ་མེད་པས་དེ་ཉིད་གཏམས། །ལག་པ་རྡོ་རྗེ་བསྡམས་པ་ལས། །མཐེ་བོང་གཉིས་ནི་སེམས་དཔའ་ཡི། །སྐྱིལ་མོ་ཀྲུང་དུ་བཅས་པ་ལས། །མཛུབ་མོ་གཉིས་ནི་མཉམ་པར་གཤིབས། །ཕྱེ་ལ་མཐེ་ཆུང་གཉིས་པོ་ནི། །བ་དན་ལྟ་བུར་བྱས པ་ནི། རྡོ་རྗེ་བ་དན་ཕྱག་རྒྱ་སྟེ། །ོཾ་བཛྲ་པཱ་ཏྭ་ཀེ་པ་ཏི་གི་ནི་ར་ན། གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་དམར་པོ་ཁྲོ་བོ་ནི། །བ་དན་དང་ནི་སྡིག་མཛུབ་བསྣམས། །བྱང་གི་ཕྱོགས་སུ་རྣམ་པར་གཏམས། །རྡོ་རྗེ་གནོད་སྦྱིན་ཕྱག་རྒྱ་ཉིད། །ཁ་རུ་རྣམ་པར་བསྟན་པ་ནི།། རྡོ་རྗེ་དུས་ཀྱི་ཕྱག་རྒྱ་སྟེ། །ཧྲཱིརྒྱ་སྟེ། །ོཾ་བཛྲ་ཤི་ཁ་རེ་རུ་ཊ་མཊ། གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་སྔོན་པོའི་ཁྲོ་བོ་ནི། །རྡོ་རྗེ་དང་ནི་སྡིགས་མཛུབ་བསྣམས། །ལྷོ་ཡི་ཕྱོགས་སུ་རྣམ་པར་གཏམས། །རྡོ་རྗེ་བསྡམས་པས་སྟེང་བཞག་།ོཾ་བཛྲ་དྲི་ཌཧོ་མེ་ཝ་རཀྵ་སརྦ་སྭཱཧཱ། །གསང་སྔགས་དམ་པ་བརྗོད་པ ཡིས། །སྐུ་མདོག་སྨུག་པོ་ཁྲོ་བོ་ནི། །ཐོ་བ་དང་ནི་སྡིག་མཛུབ་བསྣམས། །འོག་གི་ཕྱོགས་སུ་རྣམ་པར་གཏམས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཁྲིག་མ་གཉིས་བསྣོལ་མཐེ་ཆུང་གཉིས། །ལྕགས་ཀྱུའི་ཚུལ་དུ་སྤྲེལ་བྱས་ལ། །མཛུབ་མོའི་སྡིགས་མཛུབ?་གཉིས བསྒྲེང་བ། །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་སྟེ། །ོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུཾ། གྲིཧྣ་གྲིཧྣ་ཧཱུཾ། གྲིཧྞཱ་པ་ཡ་གྲིཧྞཱ་བ་ཡ་ཧཱུཾ། ཨཱ་ན་ཡ་ཧོརྡོ་རྗེ་ལས་ཀྱི་ཕྱག་རྒྱ་སྟེ། །ོཾ་བཛྲ་ཀརྨ་ཧཱུཾ། གསང་སྔགས་དམ་པ་བརྗོད་པ་ཡིས། །ཕྱི་རོལ་ལས་ཀྱི་དབང་གྱུར། །ལག་གཉིས་རྡོ་རྗེ་བསྡམས་བ་དང། །བཛྲ་བནདྷ་བཾ། ཕྱི་རོལ་རྡོ་རྗེ་དྲ་བར་བསམ། །འདི་འདྲའི་སྦྱོར་བ་རབ་འབད་ན། །ལྷའི་རྫུ་འཕྲུལ་དག་ཀྱང་རྡུགས། །ཚངས དང་བརྒྱ་བྱིན་སྟོབས་ཆེ་བས། །མནན་ཏེ་ཤར་དང་སྟེང་དུ་བཅིངས། །དོན་དམ་གསུམ་གྱི་སྦྱོར་བ་ཡིས། །ཕྱོགས་བཅུ་ཐམས་ཅད་བཅིང་བར་འགྱུར་ཞེས་གསུངས་སོ། །དེ་ནས་ཕྱོགས་དེ་ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་ཞི་ཞིང་མཉེས་པར་བྱ་བའི་ཕྱིར། །དེ་ནས་ཤིན་ཏུ་བརྩེར ལྡན་པས། །སྦྱིན་སྲེག་གིས་ནི་མཉེས་པར་བྱ་ཞེས་གསུངས་ཏེ། བདག་ཉིད་དང་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་ལྡན་པར་བྱ་ཞེས་པའི་དོན་ཏོ། །དེས་འོག་ནས་གསུངས་པའི་དོན་རྣམས་ཀྱི་སྦྱིན་པ་ནི་ལྷ་ཀླུ་ལའོ། །སྲེག་པའི་ས ཕྱོགས་ཀྱི་སྐྱོན་ནོ། །མཉེས་པ་ནི་དཀྱིལ་འཁོར་གྱི་ལྷའོ། །དེ་ཅི་འགྱུར་ཞེ་ན། ཚོགས་བསོག་པའི་ཡན་ལག་གོ་།དེ་ལྟར་བགེགས་བསྲུངས་ཕྱོགས་བཞི་པར་བྱས་ནས་གཟོད་རྟེན་གྱི་དཀྱིལ་འཁོར་སྤྲུལ་པར་བསྟན་པའི་ཕྱིར། དེ་ནས་སྙེན་པ་རབ་འབད་དེ། །ཞེས་གསུངས་པ ཁོ་ནའོ། །དགྱེས་པ་བསྐྱེད་ཕྱིར་འཁོར་ལོ་ནི་ཞེས་གསུངས་ཏེ། དགྱེས་པ་བསྐྱེད་པ་ནི་བདེ་བར་གཤེགས་པའོ། །འཁོར་ལོ་ནི་སྤྲུལ་ཚོགས་དགུའི་ལྷ་ཚོའོ། །དེ་གང་དུ་སྤྲུལ་ཞེ་ན། ནམ་མཁའ་བསྒོམ་བར་བྱ་བ་ཡིན་ཞེས་པ་ཁོ་ནའོ། །ཇི་ལྟར་སྤྲུལ་ཞེ་ནམ་མཁའ་ལ་འདུས་པའི འཁོར་ལོ་དང་བཅས་ཞེས་པ་སྟེ་སྤྲུལ་ལོ། །དེའི་རྐྱེན་བསྟན་པའི་ཕྱིར། ལག་པའི་འདུ་བྱེད་བསྒོམ་ཞིང་བྱ། །འབྲུ་ལྔ་གནས་པའི་སོར་མོ་ལ་ཞེས་གསུངས་པ་སྟེ། ལག་གི་འདུ་བྱེད་ནི་ཕྱག་རྒྱའོ། །སོར་མོ་ནི་ལྔའོ། །འབྲུ ལ་ང་ལྡན་པ་ནི་གུང་མོ་ལ་ཨོཾ་མཛུབ་མོ་ལ་ཧཱུཾ་སྲིན་ལག་ལ་ཧྲཱིལུ་གུ་རྒྱུད། །འདི་ནི་རྡོ་རྗེ་འཁོར་ལོ་སྟེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱང་ཡིན། །ཞེས་པ་ཁོ་ནའོ། །ཐམས་ཅད་འདུས་པའི་སྦྱོར་བ་ཡིས་ཞེས་པ་ནི་གསང་སྔགས་དང་ཕྱག་རྒྱ་དང། ཏིང་ངེ་འཛིན་གསུམ་དགོས་ཞེས་པའི་དོན་ཏོ། །ལྔ་ནི་བདེ་བར གཤེགས་པ་ལྔའོ། །གཅིག་ནི་དེའི་ངོ་བོ་དབྱེར་མེད་པའོ། །དྲུག་ནི་དབུགས་དབྱུང་དྲུག་གོ་།གསུམ་ནི་སྐུ་གསུང་ཐུགས་སོ། །དཀྱིལ་འཁོར་འདི་ནི་སྔགས་ལས་བསྐྱེད་ཅེས་པ་ནི་ཨོཾ་མཉྫུ་ཤྲཱི་བཛྲ་ཙཀྲ་ཧཱུཾ་ཞེས་པའོ། །བླ་མ་དང་མཉམ་སྦྱོར་འདུས་པས་ཤེས་པ ནི་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་དབུ་རྒྱན་དུ་བླ་མ་བཞུགས་པའོ། །མཉམ་པར་ཤིན་ཏུ་བསྟོད་བར་བྱ་ཞེས་པ་ནི། མཉམ་པ་ནི་རླུམ་དང་ངོ། །ཤིན་ཏུ་བསྟོད་བ་ནི་འོག་ནས་འབྱུང་བའི་འདུད་ལ་སོགས་པའོ། །ེ་མ་ནི་ནམ་མཁའ་སྤྲུལ་པའི་ལྷ་ཚོགས་ལ་ངོ མཚར་བའོ། །ེ་མ་ཡན་ལག་འདུས་པའི་ཞེས་པའི་དོན་དུ་ལུས་ངག་ཡིད་དང་གསུམ་གྱིས་སྤྲུལ་ལོ། །ཞེས་པའི་དོན་ཏོ། །སྦྱོར་བ་འདི་ནི་ཞེས་བ། སྦྱོར་བ་ནི་མཆོད་པའི་རྟེན་སྤྲུལ་པའོ། །འདི་ནི་གསུམ་ལས་འབྱུང་ཞེས་པ་ནི་སྔགས་དང། ཕྱག་རྒྱ་དང་ཏིང་ངེ འཛིན་གསུམ་ལས་འབྱུང་ངོ་ཞེས་པའི་དོན་ཏོ། །དེ་ལྟར་སྤྲུལ་པ་དེ་མདུན་གྱི་ནམ་མཁར?་དབང་པོའི་མངོན་སུམ་དང་འདྲ་བར་ཡིད་ཀྱིས་མངོན་སུམ་དུ་གསལ་བར་བྱ་བའི་ཕྱིར། དེ་ལྟར་མཁའ་ལ་གསལ་བཀོད་དེ། །དབང་པོའི་མངོན་སུམ་འདྲར་མཐོང་ནས། །ཞེས་པ་ཁོ་ནར དེ་ལྟར་བསམས་པ་དེ་ལ་མཆོད་བསྟོད་བྱ་བའི་ཕྱིར། དགའ་བས་མཆོད་ལ་གླུ་ཡིས་བསྟོད་ཅེས་གསུངས་ཏེ། དགའ་བས་མཆོད་པ་ནི་མེ་ཏོག་ལ་སོགས་པ་དང་ཡིད་ཀྱིས་མཆོད་པས་སོ། །གླུ་ཡིས་བསྟོད་པ་ནི་མཆོད་པ་དེ་ཡི་རྗེས་ལ་འདུད་ཀྱིས་བསྟོད་པ་སྟེ། མཆོག སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་པ་ལ་སོགས་པ་ཉི་ཤུས་བསྟོད་པའོ། །དར་བས་མཆོད་ཅིང་ཞེས་པ་ནི་གོང་མ་ལ་སྙེགས་སོ། །རྗེས་ཡི་རང་བཤགས་དང་གསོལ་གདབ་ཕྱག་ལ་སོགས། །བཅུའི་ཡན་ལག་ཀུན་འདུས་པས་ཞེས་པའི་དོན་ནི་འདི་ལྟ་སྟེ། གང་དག ཕྱོགས་རྣམས་ཐམས་ཅད་ན། །དུས་རྣམས་ཐམས་ཅད་རབ་བཞུགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ཉན་ཐོས་བཅས་ལ་ཕྱག་འཚལ་ལོ། །འཁོར་བ་ཐོག་མ་མེད་པ་ནས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། །དུས་རྣམས ཀུན་གྱིས་བཤགས་བར་བགྱི། །སེམས་ཅན་ཀུན་ལ་བརྩེ་བའི་ཕྱིར། །སངས་རྒྱས་ཆོས་དང་ཚོགས་མཆོག་སྟེ། །བླ་མེད་དཀོན་མཆོག་གསུམ་པོ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སངས་རྒྱས་ཀུན་དང་དེ་ཡི་སྲས། །ཤེས་རབ་ཅན་ལ་བདག་འབུལ་གྱིས། །དེ་རྣམས ཀུན་གྱིས་བདག་བཞེས་ལ། །འབྲས་བུ་རྒྱ་ཆེན་སྩལ་དུ་གསོལ། །སྡུག་བསྔལ་ཆུ་བོའི་ནང་གནས་པ། །སྐྱེ་བོ་ཀུན་ཏུ་བསྐྱང་བ་དང། །རྒྱལ་བའི་བཞེད་པ་སྒྲུབ་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སངས་རྒྱས་ཀུན་དང་དེའི་སྲས། །ཤེས་རབ་ཆ་དང་ཉན་ཐོས་དང།། རང་རྒྱལ་རྣམས་དང་སྐྱེ་བོ་ཡི། །དགེ་བ་དེ་ལ་རྗེས་སུ་སྨོན། །བྱང་ཆུབ་སྙིང་པོར་ཉེར་གནས་པའི། །གང་དག་བྱང་ཆུབ་ཕྱོགས་རྟོགས་པའི། །བདག་གིས་གསོལ་བས་རྒྱལ་བ་རྣམས། །འཁོར་ལོ་དམ་པ་བསྐོར་དུ་གསོལ། །བྱ་བ་ཐམས་ཅད་བྱས་ནས་ནི། །སངས་རྒྱས་མྱ་ངན་འདས་གནས བ། །བདག་གིས་གསོལ་བས་རྒྱལ་བ་ཀུན། །ནམ་ཡང་མྱ་ངན་མི་འདའ་གསོལ། །སྲིད་པའི་བཙོན་རའི་ནང་གནས་པའི། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་།རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱས་སྐལ་དང་ལྡན་པར་འགྱུར། །སངས་རྒྱས་ཀུན་དང་དེའི་སྲས། །འགྲོ་ལ ཕན་ཕྱིར་གཞེས་རྣམས་ཀྱིས། །ཇི་ལྟར་སྨོན་པ་དེ་བཞིན་དུ་ལུས་ངག་ཡིད་གསུམ་ལེགས་པར་སྨོན། །ཕྱག་ལ་སོགས་པའི་བསོད་ནམས་གང། །ཚད་མེད་བདག་གིས་ཅི་བསགས་པ། །ཇི་ལྟར་མགོན་པོས་མཁྱེན་པ་བཞིན། །བྱང་ཆུབ ཏུ་ནི་དེ་དག་བསྔོ། །ཡན་ལག་བཅུ་པོ་དེ་དག་ལ། །སྐྱེ་བོ་གང་ཞིག་དང་མོས་པ། །ཉེས་པའི་བག་ཆགས་ཀུན་དག་ནས། །གསང་བ་མཉེས་པར་སྣོད་དུ་རུང་ཞེས་ཆོ་ག་འདུས་པའི་རྒྱུད་ཆེན་པོ་ལས་གསུངས་སོ། །བདག་ཉིད་རུང་བར་འགྱུར་བ་དང་ཞེས་པ་ནི། དེ་ལྟར་ཚོགས བསགས་བས་ཉོན་མོངས་པའི་སྒྲིབ་པ་བྱང་ནས་སྣོད་དུ་རུང་བར་བྱའོ། །དེ་ལ་དགའ་བའི་མདངས་ཀྱིས་བསྟོད་བར་བྱ་བའི་ཕྱིར། ཚིགས་བཅད་གླུ་ཡིས་བསྟོད་པ་བྱ་ཞེས་པ་ནི། ཕྱག་ན་རྡོ་རྗེས་ཞུས་པའི་ལེའུ་བཅུ་དགུ་པ་ནས། འདི་སྐད་དུ། ཉིད་ཀྱི་མདངས་བཟངས ཚོགས་ཀྱིས་ནི། །ཟླ་བ་རྒྱས་བ་ཟིལ་གནོན་ཞིང། །རིག་པ་རྣམ་པར་གསལ་འགྱུར་པ། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ་ལོ། །མ་སྒྲིབས་ཟུར་ཕུད་གསལ་བ་ལ། །ནོར་བུ་འབར་བའི་སྐུ་མངའ་པ། །མི་དམིགས་པ་ནི་ཀུན་གྱི་སྐུ། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ བསྟོད། །བདུད་རྩི་འདྲ་ཞིང་འཇམ་ལ་བཟང། །ཡིད?་འོང་གསུང་གི་སྒྲ་སྒྲོགས་པ། །དམ་པའི་ཆོས་ཀྱི་རིན་ཆེན་མཛོད། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །གངྒཱའི་ཆུ་ཐིགས་ལྟར་གྲངས་མེད། །འཇིག་རྟེན་ཁམས་ན་རྣམ་པར་བཞུགས། །ཉོན་མོངས་དྲི་མ་རབ་སྤངས པས་འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །མཆེ་བ་གཙིགས་ཤིང་བསྒྱིངས་པ་ཡི། །འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི། །གཤིན་རྗེའི་དྲེགས་པ་འཇོམས་མཛད་པ། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །རང་གི་སྤྱན་དང་མདངས་འདྲ་བའི། །ཽཏཔལ སྔོན་པོ་རབ་མཛེས་པའི། །ལྷུང་བཟེད་ཕྱག་མཆོག་རབ་བསྣམས་པའི། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །རྒྱ་ཆེར་བསྟོད་པའི་སྤྱོད་པ་གང། །འགྲོ་བའི་བླ་མ་སྟོན་པ་པོ། །འཇམ་དཔལ་ཁྱེད་ལ་ཕྱག འཚལ་བསྟོད། །ཅེས་གསུངས་སོ། །བྱས་པའི་འབྲས་བུ་ཡོད་པར་བྱ་བའི་ཕྱིར། །དགྱེས་པ་བདག་གི་ལྷ་རྣམས་ཀྱིས། །སྙན་པ་ཚིག་གིས་ལེགས་པར་བསམ་ཞེས་པ། །དགྱེས་པ་ནི་གོང་དུ་བསྟོད་པའི་ལྷ་རྣམས་སོ། །སྙན་པའི་ཚིག་ནི་ཚོགས་བསོག་གི་ལྷ་རྣམས་ཀྱིས་རིགས་ཀྱི བུ་ལེགས་སོ་ཞེས་གནང་བ་བྱིན་པར་བསམ་མོ། །དེ་ལྟར་གནང་བ་སྩལ་བས་དོན་དང་ལྡན་ཏེ། དྲིན་ལ་ལན་གྱིས་གླན་པའི་ཕྱིར། །དྲིན་གྱི་ཚུལ་གྱིས་སླར་བསྟོད་པ་ཞེས་གསུངས་སོ། །དེ་ཡང་གཙོ་བོ་ལྔའི་སྒོ་ནས་བསྟོད་པའི་ཕྱིར། བྱང་ཆུབ་སེམས་ནི་རབ་ཏུ་བཟུང། །ཞེས པ་དང་པོ་ནས་བརྩམས་ཏེ། སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད་ཅེས་པའི་བར་གྱིས་བསྟོད་དོ། །དེ་ནས་ཡུམ་བཞིའི་སྒོ་ནས་བསྟོད་པའི་ཕྱིར། མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཅེས་པ་ནས་བརྩམས་ཏེ། རྡོ་རྗེ་དྲ་བའི་ལས་ཁྱོད་འདུད་རྩིས་པའི་བར་གྱིས་བསྟོད་དོ། །དེ་ནས་ནང་གི་སེམས དཔའ་བཅུ་དྲུག་ལ་བསྟོད་པའི་ཕྱིར། སྟོང་པའི་རང་བཞིན་འདོད་ཆགས་ཆེ། །ཞེས་པ་ནས་བརྩམས་ཏེ། ཡེ་ཤེས་སྐུ་ཉིད་ཁྱོད་ལ་བདུད་ཅེས་པའི་བར་གྱིས་བསྟོད་དོ། །དེ་ནས་ལྷ་མོ་བརྒྱད་ལ་བསྟོད་པའི་ཕྱིར། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ་ཞེས་པ་ནས། རྡོ་རྗེ་དག་བྱེད་ཁྱོད་ལ་འདུད ཅེས་པའི་བར་གྱིས་བསྟོད་དོ། །སྒོ་སྐྱོང་བཞི་པོའི་སྒོ་ནས་བསྟད་པ་བསྟན་པའི་ཕྱིར། རྡོ་རྗེ་ལྕགས་ཀྱུ་འདྲེན་པ་ཆེ་ཞེས་པ་ནས། རྡོ་རྗེ་འབེབས་པ་ཁྱོད་ལ་འདུད་ཅེས་པའི་བར་གྱིས་བསྟོད་དོ། །དེ་ནས་བསྐལ་བཟང་གི་སེམས་དཔའ་ལ་བསྟོད་པའི་ཕྱིར། བྱམས་ཆེན་རང་བཞིན དཔག་ཏུ་མེད་ཅེས་པ་ནས། ཕ་རོལ་ཕྱིན་བཅུའི་གཙོ་ལ་འདུད་ཅེས་པའི་བར་གྱིས་བསྟོད་དོ། །དེ་ལྟར་བསྟོད་པ་བྱེད་པ་དེ་ཞེས་པ་ནི་རིགས་ཀྱི་བུ་གང་ལ་ལ་ཡིས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དེ་ལྟར་བསྟོད་པ་བྱས་བས་ཕྱིར་རིང་པོ་མི་ཐོགས་པར་འཇམ་དཔལ་ཆོས་ཀྱི་རྒྱལ པོ་ཐོབ་བར་བྱ་བའི་ཕྱིར། འཁོར་ལོ་འདུས་བའི་?་ཆོག་འགྲུབ་ཅེས་གསུངས། །གོང་དུ་གསུངས་པ་དེ་རྣམས་ནི་ཆོས་སྤྱོད་ཐམས་ཅད་ཀྱི་མཆོག་ཀྱང་ཡིན་ལ་ཐམས་ཅད་ཀྱི་ཐོག་མར་གྱུར་པས། དེ་དག་ནི་མཆོག་གི་རྒྱལ་པོ་ཞེས་པ་གསུངས་སོ། །དེས་ཡང་དག་པའི་དོན་ལ་སྤྱོད ཞིང་དཀྱིལ་འཁོར་ཐམས་ཅད་ཀྱི་ཐོག་མར་ཡང་འགྲོ་ལ། དེ་ལ་མ་གཡེངས་པར་གསལ་དགོས་པ་ནས། སྦྱོར་བའི་འཁོར་ལོ་དང་པོའི་ཏིང་ངེ་འཛིན་ཏོ་ཞེས་གསུངས་སོ། །དེ་ནས་ཕྱག་ལྔ་ཡིས་ནམ་མཁའ་ཨི་འཁོར་ལོ་ལ་མཉེས་པར་བྱ་བའི་ཕྱིར། དེ་ནས་རིམ་པ་འདི་ལྡན་པས་ཞེས་པ་ནི། དེ་ནས་གོང་དུ་བསྟོད་བ་བྱས་པའི་དེ་མ་ཐག་པའོ། །རིམ་པ་འོག་ནས་འབྱུང་བའི་ཕྱག་ལྔའོ། །གནས་གང་དུ་ཞེ་ན། ཐམས་ཅད་ནམ་མཁའ་ཨི་འཁོར་ལོའི་ཚོགས་ཞེས་གསུངས་སོ། །བཙལ་ནས་ཅི་བྱེད་ཅེ་ན། མ་ལུས་མཉེས་པར བྱ་བའི་ཕྱིར་ཞེས་གསུངས་སོ། །དེ་གང་གིས་བཙལ་ན། ཕྱག་ལྔ་ཞེས་པ་ནི་འདི་ལྟ་སྟེ། དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ། །མཛའ་དག་བྱམས་པས་ཁྱབ་པ་འཇམ་པའི་དང། །འཇམ་དང་དཔལ་དུ་གྲགས་བས་དོན་དང་ལྡན། །འཇམ་དཔལ་ཡང་ དག་དཔལ་ལ་ཕྱག་འཚལ་ལོ། །གཞོན་ནུ་སྐུ་མདོག་གསེར་མདངས་འོད་ལམ་ལམ། །རིན་ཆེན་མཆོག་གི་རྒྱན་སྤྲས་པ་ལེགས?་ལ། །བྱིན་ཆེ་དང་བའི་ཐུགས་མངའ་མཛུབ་པ་པོ། །གཟི་བརྗིད་མཛེས་དང་ལྡན་ལ་ཕྱག་འཚལ་ལོ། །ཡོན་ཏན་གཏེར་གྱི་ཨཽཏཔལ་ཕྱག་ན་བསྣམས པདྨ་རྒྱས་འདྲའི་སྙིང་པོའི་གདན་ལ་བཞུགས། །ལྷའི་ལྷར་གྱུར་ཆ་ལུགས་ལྷ་ལས་འཕགས། །བལྟ་བས་མི་ངོམས་ཁྱེད་ལ་ཕྱག་འཚལ་ལོ། །གཞོན་ནུ་སྤྲུལ་པའི་མཚན་དང་དཔེ་བྱད་ལ། །གང་ཞིག་ཡུད་ཙམ་མཐོང་བས་འདུན་པ་སྐྱེ། །གང་ལ་ཅི་འདུལ་དེ་ལྟར་སྤྲུལ མཛད་པ། །ཐབས་ཀྱིས་འདྲེན་པའི་མགོན་ལ་ཕྱག་འཚལ་ལོ། །རྣམ་རྟོག་སྤྲོས་ལས་མཁྱེན་པའི་ཡེ་ཤེས་བརྙས། །ཡོད་མེད་རྟག་ཆད་མཛའ་ལ་མི་འཇུག་པ། །དམིགས་མེད་མཉམ་པས་ཆོས་ཀྱི་དབྱིངས་སུ་གནས། །ཡང་དག་དོན་ཆེན་སྟོན་ལ་ཕྱག་འཚལ་ལོ།། ཞེས་པའོ། །ཚོན་དུ་ལྔ་ཞེས་པ་ནི་རིགས་ལྔའོ། །མཉེས་པར་བྱ་ཞེས་པ་ནི་ཕྱག་ལྔའོ། །དེ་ལྟར་ཚོགས་བསགས་ནས། ད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བསྟན་པའི་ཕྱིར། དེ་ལྟར་མཉེས་པའི་འོག་ཏུ་ནི། །ཞེས་གསུངས་པ་སྟེ། གོང་མ་ལྟར་ཕྱག་ལྔས་ཡེ ཤེས་ཀྱི་ལྷའི་དཀྱིལ་འཁོར་མཉེས་བའི་རྗེས་ལ། བཟོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ་ཞེས་པའི་དོན་ཏེ། །ཡེ་ཤེས་སེམས་དཔའ་མངོན་འདོད་པས་ཤེས་པ་ནི་དེ་ལྟར་ཚོགས་བསགས་ནས། ཡེ་ཤེས་སེམས་དཔའ་ཐོབ་པར་བྱའོ་སྙམ་པའི་བསམ་པའོ།། དེ་གང་གི་སྒོ་ནས་ཐོབ་ཅེ་ན། སེམས་ཅན་ཡོངས་བསྒྲལ་བསམ་པ་དང་ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་འཁོར་བའི་འདམ་ལས་བྱང་ཆུབ་ཀྱི་སྐམ་སར་བསྒྲལ་བར་བྱའོ་སྙམ་པ་སྟེ། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དེ་ནས་བྱང་ཆུབ་དམ་པར སྨོན་པར་བྱ་ཞེས་གསུངས་སོ། །དེ་ནས་འདི་དག་ཚིག་ཏུ་བརྗོད་ཅེས་པ་ནི་འོག་ནས་འབྱུང་བའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཤེས་པ་ནས་མ་ལུས་པར་ནི་སྐྱེ་བར་བགྱི་ཞེས་པའི་བར་དུ་བསྟན་ཏེ་གོ་སླའོ། །དེ་ནི་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་ནས་སྡོམ པ་བཟུང་སྟེ། དེའི་དོན་ནི་རྣམ་པ་དྲུག་སྟེ། དཀྱུས་ཉིད་གསལ་བས་འདིར་མ་དཀྲོལ་ལོ། །དེ་ལྟར་སྡོམ་པ་བཟུང་ནས་དབང་ནོད་པར་བྱ་བའི་ཕྱིར། དེ་ལྟར་སྡོམ་པ་གཟུང་བྱས་ལ་ཞེས་པ་གསུངས་པ་སྟེ། དེ་ལྟར་ནི་གོང་དུ་གསུངས་པ་རྣམས་སོ། །སྡོམ་པ་ནི་ལུས་ངག་ཡིད་གསུམ་གྱིའོ འཛིན་པ་ནི་གོང་དུ་གསུངས་པ་དེ་རྣམས་བདག་གིས་གཟུང་ལ། བཟང་འོག་ནས་འབྱུང་བ་འདི?་བར་བླང་ཞེས་པའི་དོན་ནོ། །དེ་ཡང་གང་ཞེ་ན་རིམ་པར་ཞེས་གསུངས་ཏེ། དང་པོར་སེམས་བསྐྱེད་དེ་ནས་འཇུག་པ་དེ་ནས་བུམ་པའི་དབང། དེ་ནས་གསང་བའི་དབང། དེ་ནས་ཤེས་རབ ཡེ་ཤེས་དབང། དེ་ནས་བཞི་པའི་དོན་བསྟན། དེ་ལྟར་བརྟུལ་ཞུགས་བཞི་དང་ལྡན་པ་ལ་དབང་དང་དམ་ཚིག་འབྲེལ་པར་བསྟན་པས་ན་རིམ་པར་ཞེས་གསུངས་སོ། །དེ་ཡང་གང་བསྐུར་ཞེ་ན། དབང་བསྐུར་བཞི་ཞེས་གསུངས་ཏེ། དེ་ཡང་དོན་དང་ལྡན་པ་ལ་ཐོག་མ་བུམ་པ་ནས་བཞི པའི་བར་བསྐུར་བ་ནས། ཀུན་རྫོགས་ཞེས་གསུངས་པ་ཁོ་ནའོ། །འོ་ན་དེའི་ངོ་བོ་གང་ཡིན་ཞེ་ན། སྤྱི་གཙུག་ཅེས་པས་བུམ་པའི་དབང་དང། ཐབས་དང་ཤེས་རབ་གཉིས་མེད་པའི་ཞེས་པས་གསང་བའི་དབང་དང། ལྷ་མཉེས་བྱ་ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་དང། དོན དམ་ཞེས་པས་ཞི་བའི་དོན་བསྟན་པའོ། །དོན་དེ་ལྟར་ཤེས་པར་བྱས་ལ་སྐབས་འདིར་དབང་བཅུ་པོ་བསྐུར་བར་བྱས་ཏེ། མེ་ཏོག་དོར་བ་ནི། ཧཱུཾ་པྲ་ཏཱིཙྪ་བཛྲ་ཧཱུཾ། དེ་ནས་མནའི་དམ་ཚིག་སྦྱིན་པ་ནི། ཨོཾ་བཛྲ་ས་མ་ཡ་ཧཱུཾ། དེ་ནས་འདིས་གདོང་གཡོགས དགྲོལ་བར་བྱ། ཨོཾ་བཛྲ་ཧ་སྱ་གྷ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཤ་ཧོ། །ོཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥཉྩི་ཧཱུཾ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏན་ཀ་ལ་ཤཱ་བྷི་ཥིཉྩ་ཏྲཾ། ཨོཾ་པདྨ་ཀ་ལ་ཤཱ་བྷི་ཥིཉྩ་ཧྲཱིབུདྡྷཱ་བྷི་ཥིཉྩ་ཨོཾ། ཨོཾ་རཏན་བྷི་ཥིཉྩ་ཏྲཱཾ། ཨོཾ་པདམཱ་བྷི་ཥིཉྩ་ཧྲིS་ཧིཉྩ་ཨབྷི་བ་ཏཱ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ། ཨོཾ་བཛྲ་ཙཀྲཱ་བྷི་བ་ཏྱ་བྷི་ཥིཉྩ་ཧྲཱིཏ་ཐཱ་ག་ཏཱ་གུ་ཧཡ་ཡ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧཡ་ཡ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏན་གུ་ཧཡ་ཡ་བྷི་ཥིཉྩ་ཏྲཾ། ཨོཾ་པདྨ་གུ་ཧཡ་ཡ་བྷི་ཥིཉྩ་ཧྲཱི:། ཨོཾ་ཀརྨ་གུ་ཧཡ་ཡ་བྷི་ཥིཉྩ་ཨ:། ཨོཾ་པྲཛྙོ་པ་ཡོ་ས་མ་ཡོ་ག་ཏྲཱཾ་བྷི་ཥིཉྩ་ཧཱུཾ་ཨཱབཅུ་དབང་ལྡན་ཚ་བ་པོ་ཞེས་གསུངས་སོ། །དེ་ནས་ཚོགས་བསོག་གི་དཀྱིལ་འཁོར་རྣམས་བདག་ལ་སྒྲུབ་པར་བསྟན་པའི་ཕྱིར། དེ་ནས་ནམ་མཁའ་ཨི་འཁོར་ལོའི་ཚོགས་ཞེས་པ་གསུངས་ཏེ། དེ་ནས་ནི་དབང་བསྐུར་བའི་དེ་མ་ཐག་པའི། །ནམ་མཁའ་ཨི་འཁོར་ལོའི་ཚོགས་ནི ཚོགས་མདུན་ན་སྤྲུལ་པའི་ལྷ་རྣམས་སོ། །མ་ལུས་བདག་གིས་བསྡུ་བར་བྱ་ཞེས་པ་ལ་སོགས་པའི་ཚིག་བཞི་གོ་སླའོ། །སླར་གསོ་ལུས་དང་ལྡན་པར་བྱ་ཞེས་པ་རྣམ་སྨིན་གྱི་ཕུང་པོ་སྦྱངས་ནས་ཡེ་ཤེས་ཀྱི་ལུས་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ་འཇའ ཚོན་ལྟ་བུ་བསམ་བར་བྱའོ། །དེ་ཡང་རྡོ་རྗེ་གུར་གྱི་རྒྱུད་ལས། ཇི་ལྟར་ཆུ་ནང་ཟླ་བ་དེ། །བདེན་མིན་བརྫུན་པ་མེད་པ་ལྟར། །དེ་བཞིན་རྣལ་འབྱོར་བསྒོམ་པ་ཡི། །ལུས་ཀྱང་རང་བཞིན་རྟོག་པ་མེད་ཅེས་གསུངས་སོ། །དེ་ནས་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པ་ནི་དཀྱུས་ཉིད་ནས གསལ་ལོ། །དེ་ནས་ཤེས་པ་ནི་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པའི་དེ་མ་ཐག་པའོ། །དངོས་འབྱུང་གཟུགས་ཞེས་པ་ནི། དང་པོ་སངས་རྒྱས་ཀྱི་ང་རྒྱལ་ལོ། །འཁྲུལ་པའི་ཚུལ་དུ་ཞེས་པའི་དམ་ཚིག་གཉིས་ནི་དང་པོ་སངས་རྒྱས་ཀྱི་ཐུགས་ཀ་ནས་ཨ་འཕྲོས། ཆོས་ཐམས་ཅད རང་བཞིན་གྱིས་འོད་གསལ་བར་བྱས་པའོ། །སྒྱུ་མའི་ཚུལ་དུ་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཨཱ་ལི་དང་ཀཱ་ལི་སྐར་མའི་རྣམ་པ་ལྟ་བུར་གྱུར་ཏེ་དེ་ཀ་ལ། སྐར་མའི་ཚོགས་འདྲ་རབ་བསྒོམས་ཏེ་ཞེས་གསུངས་པའོ། །དེ་ལས་འབྱུང་བའི་ཞེས་པ་ལ་སོགས་པའི་ཆོ་ག དཀྱུས་ན་གསལ་ལོ། །བྱང་ཆུབ་སེམས་ནི་རབ་བསྐྱེད་དང། །ཞེས་པའི་གོང་དུ་གསུངས་པ་ལྟར་སེམས་ཅན་རྣམས་ཀྱི་དུག་རྣམ་པ་ལྔ་འོད་ཟེར་གྱིས་སྦྱངས་ནས། གཟོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་གཞུག་པའོ། །དེ་ཡང་ཇི་ལྟར་གཞུག་ཅེ་ན་སངས་རྒྱས་བྱང་ཆུབ སེམས་དཔའ་རྣམས་ཞེས་བས་སོ། །དེ་ནས་སྡོམ་པ་གཟུང་བ་དང་བཅུ་ཡོངས་སུ་དག་པ་ནི་སྔོན་དུ་བསྟན་པས་སོ། །སངས་རྒྱས་རྫུ་འཕྲུལ་རབ་བསྟན་ཏེ་ཞེས་པ་ནི་མཛད་པ་བཅུ་གཉིས་སོ། །གཞན་གོ་སླའོ། །འཁོར་ལོའི་ཚོགས་ཞེས་པ་ནི་འཁོར་ལོའི་རིམ་པ་གསུམ་དང ལྡན་པའོ། །ཕྲེང་བ་བཞི་དང་ལྡན་པའི་ཞེས་པ་ནི་འཁོར་ལོ་རིམ་པ་གསུམ་སྤོ་བར་མིའི་མུ་ཁྱུད་དང་བཞིའོ། །རྡོ་རྗེ་དབྱིངས་ཞེས་པ་ནི་རྡོ་རྗེ་དབྱིངས་དང་ལྷ་རྣམས་འདྲ་བའི་ཕྱིར་རོ། །དེ་ནས་ཕྱི་རོལ་དགོང་བྱ་བ་ཞེས་པ་ནི་ཕྱི་མ་མན་ཆད་ཀྱི་རྒྱན་བསྟན་པའོ། །རྡོ་རྗེ་ཕྲེང་བས་ཡོངས་ བསྐོར་བའི་ཞེས་པ་ནི་ཕྱིའི་རྡོ་རྗེའི་ར་བའོ། །ཀ་བ་བརྒྱད་དང་ལྡན་པ་ལ་ཞེས་པ་ནི། གཞལ་ཡས་ཁང་གི་ནང་དུའོ། །དེ་ཡང་གང་གཟུགས་ཤེ་ན་ཕྱོགས་རེ་རེ་ནས་རྩིག་པ་ལ་བརྟེན་པའི་ཀ་བ་གཉིས་ཞེས་གསུངས་སོ། །རྡུལ་ཚོན་ལྔ་པོ ཉིད་ཀྱིས་ནི་ཞེས་པ་ནི་རྩིག་པའོ། །དྲ་བ་དྲ་ཕྱེད་དག་གིས་ཀླུབས་ཞེས་པ་ནི་དབུས་ན་མཆོག་ཡོད་པ་ནི་དྲ་བ་ཡིན་ལ་དབུས་ན་མཆོག་མེད་པ་ནི་དྲ་བ་ཕྱེད་པའོ། །དཀྱིལ་འཁོར་གྱི་ནི་ཕྱི་རོལ་དུ་ཞེས་པ་ནི་ཕྱིའི་དཀྱིལ་འཁོར་སྒོ་རྒྱན་བསྟན་པའོ། །ཇི་ལྟར གསུངས་པའི་རྟགས་ཐམས་ཅད་ཁྱད་པར་དུ་ནི་མངོན་བསྡུས་པ། །དེ་ནི་ཐམས་ཅད་བྱ་བ་ཡིན་ཞེས་པ་ནི་རྟ་བབས་ནི་མཆོད་རྟེན་ལྟ་བུ་འམ། འོན་ཏེ་ཅི་མཛེས་པར་བྱས་ལ། རིན་པོ་ཆེའི་ཏོག་དང་ཆུན་འཕྱངས་དང་མཛེས་པའི་གཡུ་བྱ་ཁ་སྤྲོད་དང། དར་ལ་སོགས པས་ཕྱི་སྒོ་ལ་བརྒྱན་པའོ། །སྒོའི་རྒྱན་དང་ཏྭ་ར་ན། །ཤིན་ཏུ་གཅིག་ཉིད་མི་བྱའོ་ཞེས་པ་ནི་ནང་གི་དཀྱིལ་འཁོར་ལ་རྟ་བབས་ལ་སོགས་པའི་རྒྱན་གདགས་པར་བྱ་བ་མ་ཡིན་པའོ། །དེ་ཡང་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པ་ནང་གི་དཀྱིལ་འཁོར་ནི ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་གྲུ་བཞི་པ་ལ་སྒོ་བཞི་པ་རྟ་བབས་མེད་པའོ་ཞེས་གསུངས་སོ། །ནང་གི་སྒོ་ལ་རྒྱན་མེད་ལ་ཕྱིའི་སྒོ་ལ་རྒྱན་ལ་སོགས་པས་བརྒྱན་པ་བསྟན་པའི་ཕྱིར་དེའི་དེ་ཡི་སྒོ་རྣམས་སུ་ཏྭ་ར་ན་རྣམས་གདགས་པ་ཡིན་ཞེས་པ་ཁོ་ནའོ། དེ་ནས་ལྷ་རྣམས་ཀྱི་གདན་བསྐྱེད་པ་ནི་གོ་རིམས་བཞིན་དུ་ལྷ་རྣམས་ཀྱི་ཞེས་པ་ནས། ཡིད་ཀྱི་ཡུལ་དེ་གོམས་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ་དཀྱུས་ན་གསལ་ལོ། །དེ་དག་ནི་གཞིའི་འཛིན་ཏོ་ཞེས་པ་ནི་དེ་དག་གི་གོང་དུ་གསུངས་པའི་ཏིང་ངེ་འཛིན རྣམས་སོ། །གཞི་ནི་ཡང་དག་པའི་གཞི་ཡིན་པས་གཞིའོ། །དེ་དོན་ནན་ཏན་དུ་མ་ཡེངས་པར་བྱ་དགོས་པས་ཏིང་ངེ་འཛིན་ནོ། །དེ་ནས་རྐྱེན་གྱིས་བསྒྲུབ་པ་བསྟན་པའི་ཕྱིར། དེ་ནས་རྐྱེན་གྱིས་བསླང་བ་ནི་ཞེས་གསུངས་ཏེ། དེ་ནས་དེ་ནི་དམ་ཐག་པའོ། །རྐྱེན་གྱིས བསླད་པ་ནི་འོག་ནས་འབྱུང་བའི་ལྷ་ཚོགས་བསྐྱེད་པའི་རྐྱེན་ནོ། །དེ་དབུས་འཁོར་ལོ་ནི་འཁོར་ལོ་དྲུག་ཏུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ནོ། །དེ་ཡང་བདག་པོ་སྟེ། ཤེས་པ་ནི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར སྣང་མཛད་བསྐྱེད་དོ་ཞེས་པའི་དོན་ཏོ། །དེ་ཡང་ཇི་ལྟར་བསྐྱེད་ཅེ་ན་སྟོང་པའི་ངང་ལས་ཆུ་ལ་ཆུ་བུར་བརྡོལ་བའི་ཚུལ་དུ་སིཾ་ལས་སེངྒེའི་ཁྲི་དེ་སྟེང་པཾ་ལས་སྣ་ཚོགས་པདྨ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུར། དེ་སྟེང་རིག་པ་ཨ་དཀར་པོར་གྱུར་པ་ལས་འཁོར་ལོ། །དེ་ཡོངས་སུ་གྱུར་བ་ལས་གཙོ་བོ་རྣམ་པར་སྣང་མཛད་དུའོ། །དེ་ཉིད་ལ་པདྨ་སེངྒེའི་ཟླ་སྟེང་སུ། ། ལས་བསྐྱེད་པའི་རྟག་པ་བོས། །གཙོ་བོ་རྣམ་པར་སྣང་མཛད་ཆེ། །ཞེས་བ་དེ་སྐད་ཅེས་བྱའོ། །རྣམ་སྣང་ཅི་འདྲ་ཞེས་ན། རྣམ་ཐར་བཞི་ལྡན་ཀུན་དུ་ཞལ་ཞེས་གསུངས་ཏེ། རྣམ་ཐར་བཞི་ནི་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། རང་བཞིན་གྱིས་འོད་གསལ་བ་དང་གཞིའོ། །ལྡན་པ་ནི་དེ་མངའ་པའོ། །ཀུན་ཏུ་ཞལ་ནི་ཞལ་བཞི་པའོ། །དེ་ཡང་ཕྱག་ན་རྡོ་རྗེས་ཞུས་པའི ལེའུ་བདུན་པ་ནས། ཕྱོགས་བཞིའི་སློབ་དཔོན་མཉེས་བྱའི་ཕྱིར། །རྣམ་སྣང་ཞལ་བཞི་ཕྱོགས་བཞིར་གཟིགས་ཞེས་གསུངས་སོ། །ལྷག་མ་ནི་གོ་སླའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་དྷཱིགྱུར་བ་ལས་དང་པོའི་སངས་རྒྱས་སྟོབས་ལྔ་དང་ལྡན་པའི་རྟགས་སུ་ཞལ་ལྔ་པ་བསྒོམ་པར་བྱའོ། །དེ་ག་ལ་རྣམ་སྣང་ཆེན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དཀྱིལ་དུ་ཡི་གེ་དྷཱིགོ་སླའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་དུམ་བུ་བཞིར་འགོས?་ཏེ། དེ་ཡང་གང་ཞེ་ན་གླེང་གཞིའི་དུམ་བུ་དང། སྟོང་པ་ཉིད་ཀྱི་དུམ་བུ་དང། རྣམ་དག་གི་དུམ་བུ་དང། མཚན་དཔེའི་དུམ་བུ་དང་བཞི་བསྣམས་སོ། །དེ་ཡང་ཨཽཏཔ་ལ་རེའི་སྟེང་ནའོ། །དེའི་ཐུགས ཀར་ཡེ་ཤེས་འཁོར་ལོ་བསྒོམ་སྟེ། ཇི་སྐད་དུ། དང་པོ་སངས་རྒྱས་ཀ་རུ་ཤེས་རབ་འཁོར་ལོ་བསྒོམ་པར་བྱ་ཞེས་པ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། རྒྱུ་རྟེན་འབྲེལ་བཅུ་གཉིས་ཀྱི་གཉེན་པོར་སྒྲའི་ཡི་གེ་བཅུ་གཉིས་བསྒོམས་པས འབྲས་བུ་ས་མཆོག་བཅུ་གཉིས་ཐོབ་སྟེ། དེ་ཡང་རྡོ་རྗེ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ་ཉོན་མོངས་པ་ཐམས་ཅད་བསྲེག་སྟེ་ཉི་མ་དང་འདྲའོ། །གཉིས་པ་བདུད་རྩིའི་འོད་དུ་ག་ལ་རྩི་གཏོང་པ་དང་འདྲ་སྟེ་ཟླ་བའི་འོད་གསལ་བ་དང་འདྲའོ། །ས་གསུམ་པ སྟེ་ནམ་མཁའ་ཨི་འོད་ནི་ཆོས་ཀྱི་དབྱིངས་ནམ་མཁའ་བཞིན་དུ་སོ་སོར་བ་སྣང་བའོ། །ས་བཞི་བ་རྡོ་རྗེའི་འོད་དེ་ཡིད་བདེ་བ་སྟེ། བདེ་བ་དང་སྟོང་པ་དབྱེར་མེད་པའོ། །ས་ལྔ་པ་ནི་རིན་པོ་ཆེའི་འོད་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ་དགོས་པ་ཐམས་ཅད་སྐོང་བར་དབང བསྐུར་བའོ། །ས་དྲུག་པ་སྟེ་པདྨའི་འོད་དེ་འདོད་ཆགས་དང་མཚན་པའི་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པའོ། །ས་བདུན་པ་ལས་ཀྱི་འོད་སྟེ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་རྫོགས་པའོ། །ས་བརྒྱད་པ་དཔེ་མེད་པ་སྟེ་དཔེ་ལས་འདས་པ་དཔེ་རུ་ཡོད་པ་མ ཡིན་པའོ། །ས་དགུ་པ་དཔེ་དང་ལྡན་པ་སྟེ་ཐམས་ཅད་ས?་སོར་འབིགས་པའོ། །ས་བཅུ་པ་ནི་ཤེས་རབ་ཀྱི་འོད་ཅེས་བྱ། ཤེས་རབ་ཀྱིས་ནི་དོན་ཐམས་ཅད་འབྱེད་པའོ། །ས་བཅུ་གཅིག་པ་བླ་ན་མེད་པའི་ས་རབ་ཏུ་འོད་གསལ་ཐམས་ཅད་མཁྱེན་པ་ཉིད་དོ། །ས་བཅུ་གཉིས པ་ནི་རྣལ་འབྱོར་གྱི་ཡེ་ཤེས་རབ་ཏུ་སོ་སོར་རིག་པ་རྫོགས་པའོ་ཞེས་གསུངས་སོ། །དེ་ལྟར་རྒྱུ་འབྲས་ཀྱི་དོན་བཤད་ནས། ད་ནི་འཁོར་ལོ་བསྒོམ་པའི་ཐབས་བཤད་དེ། དོན་བྱས་སླར་འདུས་ཞེས་པ་ལ་སོགས་པ་ནི་དཀྱུས་ཉིད་གསལ་ལོ། །ས་མཆོག་བཅུ་གཉིས རྫོགས་རྟགས་སུ་ཞེས་པ་ནི། ས་མཆོག་བཅུ་གཉིས་ནི་གྲོང་དུ་གསུངས་པའོ། །སྒྲ་ཡིག་བཅུ་གཉིས་དགོད་པར་བྱ་ཞེས་པ་ནི་འོག་ནས་འབྱུང་བ་འདི་ཡིན་ཏེ། ཨ་ཨཱ། ཨཻ་ཨའི། ཨཽ་ཨའུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨདྲ་བའི་རྒྱུ་ཕྱི་མ་ལས་གསལ་བར་གསུངས་ཏེ་དེ་ལ་འཇུག་པར་བྱའོ། །འཇམ་དཔལ་འདི་ནི་དཔལ་གྱི་སྐུ། །མཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་བཏད་སྙོམས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན།། བློ་དང་ལྡན་པ་གང་ཞིག་མདོ་འདི་ནི། །མངོན་སུམ་ཚད་མར་བཞག་ནས་མཐོང་འདོད་པ། །སྒྱུ་འཕྲུལ་དྲ་བའི་འཁོར་ལོའི་ཚུལ་བཞིན་དུ། །ཡི་གེ་འཁོར་ལོའི་དོན་གྱིས་འཇམ་དཔལ་ལོ། །གདོད་ནས་དག་ཅིང་སྐྱེ་བ་མེད་པ་ཡི། ། ཨཱ་ཞེས་པ་འདུས་མ་བྱས་པའི ཆོས། །སྒྱུ་ཉིད་མེད་པས་འབྲས་བུ་མི་ཚོལ་ཕྱིར། ། ལྟར་མཉམ་གཞག་ཆོས་ཀྱི་སྐུ་ཉིད་དེ། །དོན་དམ་དབྱིངས་ཉིད་མཁའ་འདྲ་དམིགས་མེད་ཁྱབ། །འབྱུང་བ་རང་བཞིན་མེད་པར་གནས་པ་ལས། །འཇམ་དཔལ་རལ་གྲི་བཏབ་ན་གཅོད་པ་ལྟར། ། ཡི་གུ་གུ ཐུགས་རྗེ་རང་ཉིད་འཕྱོ། །ཻ་ཨའི་ཞེས་པ་ཆོས་ཀྱི་ཡུམ་ཉིད་ལམ། །ཤེས་རབ་ཕ་རོལ་ཕྱིན་པ་བསམ་པའི་དབྱིངས། །ལྷ་དང་མི་ལ་བླང་དོར་མེད་ཚུལ་གྱིས། །ཐུན་མོང་མ་ཡིན་སྟོང་ནས་ཀུན་ཏུ་བཟང། །མེད་པའི་ངང་ཉིད་མེད་ལས་འབྱུང་བ་ཡི། །ཽ་ཨའུ་ཞེས་པ་མེད པའི་སྙིང་པོ་འབྱུང། །ཡེ་ཤེས་ཆེན་པོ་ཡོད་མེད་མཛའ་ལས་འདས། །ཆེ་བའི་ངང་གིས་འགྲོ་ཀུན་དགེ་ལ་སྦྱོར། །ཉིད་དང་གཉིས་མེད་གཏན་ནས་བརྗོད་བྲལ་བའི། །གྲུ་གསུམ་ཨེ་ཡི་རང་བཞིན་ཉིད་མི་གཡོ། །ེ་ཨཻ ཞེས་པ་ཐ་སྙད་བསམ་བརྗོད་བྲལ། །སེམས་དང་སེམས་ནི་འཇམ་དཔལ་ཏིང་འཛིན་ཏོ། །ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲ་བའི་ཚོགས། །ོ་ཨཽ་ཞེས་པ་འདུ་འཕོ་འཁྲུག་མེད་ཅིང། །འཇའ་ཚོན་རྣམ་པར་སོ་སོར་ཡིད་བཞིན་སྦྱོར། །འཇམ་དཔལ་རྣམ་པར་རོལ་བའི ??། །རྣལ་འབྱོར་ཆེན་པོ་ཡེ་ཤེས་འབྱོར་བའི་དཔལ། །ནམ་མཁའ་མི་དམིགས་ཨཾ་སྟེ་ཡེ་ཤེས་བརྗོད། །ཡེ་ཤེས་མ་འདྲེས་ཨམཉམ་པས་ནི། །བསམ་གྱིས་མི་ཁྱབ་མི་གནས་མི་སེམས་ན། །འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ་ཞེས་གསུངས་ཏེ། ཨ་ནི་གདོང་མ་ནས་སྐྱེ་བ་མེད་ཅིང་འདུས་མ་བྱས་པ། རྒྱུས་མ་བསྒྲུབས་པའི་ཕྱིར་འབྲས་བུ་བརྩལ་དུ མེད་པས་གདོད་མ་ནས་ཆོས་ཉིད་བདེ་བ་ཆེན་པོའོ། །ཻ?་ནི་དེ་ཉིད་ནམ་མཁའ་ལྟར་མི་དམིགས་པའི་ཕྱིར་ཤེས་རབ་ཆེན་པོས་དེ་ལྟར་གཅོད་ཅིང་མི་དམིགས་པའི་ཐུགས་རྗེ་ཆེན་པོ་འཕྲོ་བས་ཤེས་རབ་ཀྱི་རང་བཞིན་ནོ། །ཽ་ནི་དེ་ལྟ་བས་ན་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས ཀྱི་རང་བཞིན་ཏེ། མཚན་མ་ལྡང་བ་ལ་མི་དོར། མི་ལྡང་བ་ལ་མི་གནས། ཀུན་ཏུ་བཟང་པོའི་མཛའ་ལས་འདས་པ་ཆེན་པོའོ། །ངང་གིས་འགྲོ་བ་ཀུན་ཀྱང་བདེ་བ་ཆེན་པོའི་རང་བཞིན་ལ་སྦྱོར་བའོ། །ེ་དེ་ལྟར་བསམ་བརྗོད་དང་བྲལ་བས་སེམས་དང་སེམས་ཀྱི་རྣམ་པར་རྟོག པ་གཡོ་བ་མེད་པ་སྟེ། འཇམ་དཔལ་གྱི་རང་བཞིན་དུ་གནས་པའོ། །ཡོ་ནི་དེ་ལྟར་ཡིན་པས་ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བས། ཐམས་ཅད་དུ་ཡང་ཐབས་ཤེས་རབ་སྒྱུ་འཕྲུལ་དྲ་བའི་ཚོགས་ཡིན་པར་ནམ་མཁའ་ཨི་འཇའ་ཚོན་བཞིན་དུ་འགྲོ་བ་སྣ་ཚོགས་ཀྱི་ཡེང?་དང་མཐུན པར་སྦྱོར་བ་རྣམས་རོལ་པའི་ཆོ་འཕྲུལ་བདེ་བ་ཆེན་པོར་མཉམ་པའོ། །ཾ་ཐམས་ཅད་འབྱུང་གནས་ནམ་མཁའ་ཨི་མཛོད་དོ། ཨདོར་མེད་པར་རང་བཞིན་གྱིས་སངས་རྒྱས་པ་སྟེ། དེ་ལྟར་ཡིན་པར་བློ་ལ་གསལ་ཞིང་མིག་ཡོན་དེས་འཇམ་དཔལ་ཉིད་ཡིན་ནོ། །ཡང་རྒྱུད་དེ་ལས་གསུངས་པ། ཇི་ལྟར་སྒྱུ་འཕྲུལ་དྲ་བ་ལས། འཇམ་དཔལ་ཆོས་ཀྱི་སྙིང་པོ་འདི། །རྒྱལ་བ་རྣམས་ཀྱི་ཡང་དང་ཡུམ། །དོན་གྱིས་ཤེས རབ་དབྱིངས་ཀྱི་ཕྱིར། །ཐབས་ཀྱི་ཡེ་ཤེས་ཀུན་འབྱུང་བ། །ཡི་གེ་འཁོར་ལོ་དོན་རྣམས་ཀྱིས། །སྒྱུ་འཕྲུལ་དྲ་བ་ཉིད་དུ་གསལ། །གྲགས་མ་ཐག་ཏུ་དོན་པར་གསལ། ། གཱ་ཞེས་པ་འཇམ་དཔལ་ཉིད། །རང་བཞིན་ཆོས་ཉིད་སྐུ་ཡི་དབྱིངས། །ཻ་ཨའི་ཞེས་པ་གཡོ་བ་མེད། མི་སྐྱོད པ་ལས་ཡུམ་དུ་གསལ། །ཽ་ཨའུ་ཞེས་པ་སྐྱེ་བ་མེད། །དག་པའི་ངང་ཉིད་ཀུན་ཏུ་བཟང། །རྒྱུ་ལས་རྒྱལ་བའི་སེམས་དཔའ་ཆེ། །ཡེ་ཤེས་དེར་ཉིད་གཅིག་པའོ། །ེ་ཨཻ་ཞེས་པ་མཁའ་ལ་བསྐོར། །འབྲས་བུ་མེད་པས་མཁའ་ལ་གནས། །དེ་མ་ཐག་ལས་གསལ་བའི་རྐྱེན།། འཇམ་དབྱངས་ཕྲ་བའི་དཔལ་གྱུར་པ། །ོ་ཨཽ་ཞེས་པ་ཨེ་ལས་འདས། །ོཾ་ཞེས་གསང་སྔགས་ཐབས་ཆེན་བསྟན། །ེ་དང་ཨོ་ཡི་རང་བཞིན་དབྱིངས། །མུཾ་ནི་ངོ་བོ་ཉིད་ཀྱི་མཁའ་། ། ལས་རྣམ་པར་རོལ?་ལས་བསྟན། །ཾ་གྱི་གཉིས་མེད་སྦྱོར་བ་ཡིས། །ཟབ་མོའི་རྡོ་རྗེ་ཏིང འཛིན་མཛའ་། །མ་ཞེས་མཉམ་དང་མི་མཉམ་མེད། །འཇམ་དཔལ་ཡེ་ཤེས་རྡོ་རྗེ་རྫོགས། །སྒྱུ་འཕྲུལ་དྲ་བའི་འཁོར་ལོ་འདི། །མྱ་ངན་འདས་དང་འཁོར་བ་ལ། །མི་གནས་རྡོ་རྗེ་རྩེ་མོ་ཅན། །བསམ་རྩོལ་སྒྲུབ་པ་མེད་པ་ཡི། །དབྱིངས་ཉིད་གཞན་ན་ཡོངས་སུ་རྫོགས་ཞེས་གསུངས ཏེ་ཚུལ་འདི་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཡང་རེ་ཞིག་ཨ་ཨཱ་ཞེས་པ་འཇམ་དཔལ་ཆོས་ཀྱི་སྐུའོ། །ཻ་ཨའི་ནི་ཡུཾ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །ཽ་ཨའུ་ནི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་རང་བཞིན་ཏེ། སེམས་ཉིད་སེམས་དཔའ་ཆེན་པོའི རང་བཞིན་ནོ། །ེ་ཨཻ་ནི་འདུ་འབྲལ་མེད་པའི་མཁའ་ལ་སྦྱོར་བའོ། །ོ་ཨཽ་ནི་དེ་ལས་འདུས་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ཐབས་མཁས་པའི་འཕྲུལ་བ་རང་བཞིན་གྱིས་འཕྲ་བའོ། །ོཾ་ལ་ཨཾ་སྦྱར་ན་ཨོཾ་དུ་གྱུར་ཏེ། དེ་ནི་གསང་སྔགས་ཀྱི་མཐུའོ། །ཾ་གི་ཀླད ཀོར་ནི་མུཾ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲོལ་བའོ། །ཱཾ་ཨཾ་ནི་ཡོན་ཏན་ཐམས་ཅད་འབྱོར་བ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཏོ། །ཀླད་ཀོར་གྱི་མ་ནི་ཆོས་མཉམ་པ་ཉིད་རིན་མཉམ་པ་དབྱེར་མེད་པ་སྟེ། འདི་ལྟ་བུའི་འཇམ་དཔལ་རྡོ་རྗེ་ནི་མི་གནས་པ་ཡེ་ཤེས་རྡོ་རྗེ་རྩེ་མོ་སྟེ འདི་ལྟ་བུའི་དོན་ཁོང་དུ་ཆུད་པར་བྱ་སྟེ། ཅི་སྤྱང་པ་ཐམས་ཅད་ཐབས་ཤེས་རབ་སྒྱུ་འཕྲུལ་དྲ་བ་ཆོས་ཉིད་ཀྱིས་བརྒྱན། ཡེ་ཤེས་ཀྱི་རོལ་པ་བཀག་པ་མེད་པའི་ཆོས་ཉིད་ལྷུན་གྱིས་གྲུབ་པར་རྟོགས་ནས། གཟོད་ཡེ་ཤེས་ཀྱི་ངོ་བོ་དང་ལྡན་པའོ་ཞེས་འཇམ་དཔལ་སྒྱུ་འཕྲུལ་དྲ བའི་རྒྱུད་བྱི་མ་ལས་གསུངས་སོ། །འཁོར་ལོ་ལྕེ་ལ་བསམ་པ་ནི་ཞེས་པ་དེ་ལྟར་མུ་ཁྱུད་ཀྱི་ཡིག་འབྲུ་བཀོད་ནས། རྩིབས་ལ་འོག་ནས་འབྱུང་བའི་སྔགས་གཙོ་བོ་དྲུག་པོ་འདི་དགོད་དེ་ཞེས་པའི་དོན་ཏོ། །དང་པོའི་ལྕེ་ཞེས་པ་ནི་གཙོ་བོའི་མདུན་གང ཡིན་པའོ། །བརྩམས་ནས་ནི་ཞེས་པ་དང་པོའི་ལྕེ་ལ་བཛྲ་ཏིཀྵྞ་ཡ་ཏེ་ན་མགསལ་བཀོད་དེ་ཞེས་པའི་བར་གསལ་ཏེ་དཀྱུས་ཉིད་གསལ་ལོ། །དེ་ནས་འཕྲོ་འདུའི་སྒོ་ནས་སེམས་གཟུང་བ་བསྟན་པའི་ཕྱིར། དེ་ནས་འཁོར་ལོ་ལ་གསང་སྔགས་ཞེས་པ་ནས་དེ་ཉིད་བརྟན་པར་བདག་ཉིད་སྒོམ་ཅེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ལ་འབྲས བུ་འབྱུང་བར་བསྟན་པའི་ཕྱིར། དེ་ལྟར་སྤྱོད་པའི་སེམས་དཔའ་ནི་ཅེས་པ་ནས་ཉེ་བར་བཟུང་ནས་མདོན་སྣང་ངོ། །ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་དག་ནི་སྒྱུ་འཕྲུལ་དྲ་བ་མངོན་པར་བྱང་ཆུབ་པའི་རིམ་བ་སྟེ་སྦྱོར་བ་དང་པོའི་ཏིང་ངེ་ཛིན་ཏོ།། །། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པ་བསྟན་པའི་ཕྱིར། དེ་ནས་ང་ནི་དཀྱིལ་འཁོར་གྱི་ལྷ་དག་གི་ངོ་བོ་གསང་སྔགས་ཀྱི་སྒོ་ནས་ཞེས་པ་ལ་སོགས་པ་གསུང་བའི་དོན་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་ལྷའི་ངོ་བོ་ཨ་ལས་བསྐྱེད་པའི་ཕྱིར་ཏེ། གཙོ་བོ་རྣམ པར་སྣང་མཛད་དེ་ཡིག་འབྲུ་དང། ཕྱག་མཚན་དང། ཏིང་ངེ་འཛིན་གསུམ་ལས་བསྐྱེད་དོ། །ཡང་ན་ཟླ་བའི་དཀྱིལ་འཁོར་དང་ཨ་དང་ཕྱག་མཚན་གསུམ་ལས་བསྐྱེད་དོ། །ཡང་ན་ལུས་ངག་ཡིད་གསུམ་ལ་བསྐྱེད་དོ། །ལྷ་ཐམས་ཅད་རྡོ་རྗེའི་ཆོ་ག་ཡན་ལག་གསུམ ལས་བསྐྱེད་དོ་གསལ་བར་བསྒོམ། །རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་དང་པོའི་སངས་རྒྱས་གདོང་ལྔ་པ་ཕྱག་བརྒྱད་པ་དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་གསལ་བར་བསྒོམ། །དེའི་ལྟེ་བ་ལ་ཡེ་ཤེས་སེམས་དཔའ་ཞལ་དྲུག་པ་སྐུ་མདོག་དུང་དང་བ་མོ་ལྟར་དཀར བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཨཻནདཱ?་ནཱི་ལའི་རལ་པ་མངའ་བ། ཕྱག་གཉིས་ན་ཨཽཏཔ་ལ་སྔོ་དམར་མངའ་བཞི་པའི་ངང་ཚུལ་དང་ལྡན་པའོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བསྒོམ། དེ་ལ་ཡི་གེ་ཨ་གནས་པ་དེ་ལས་འོད་འཕྲོས་པས་ཟླ་བའི་དཀྱིལ་འཁོར སྣང་བར་བྱས། ཡེ་ཤེས་སེམས་དཔའ་སྣང་བར་བྱས། དང་པོ་སངས་རྒྱས་སྣང་བར་བྱས། གཙོ་བོ་རྣམ་སྣང་སྣང་བར་བྱས། གདན་དང་གཞལ་ཡས་ཁང་སྣང་བར་བྱས། རྡོ་རྗེ་རྒྱ་གྲམ་སྣང་བར་བྱས། ཆོས་འབྱུང་སྣང་བར་བྱས། བྱང་ཆུབ་ཆེན་པོའི་མཆོད་རྟེན སྣང་བར་བྱས། ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན་ཞིང་ཁམས་དྲུག་སྣང་བར་བྱས་ཏེ། པདྨ་ཅན་དང་མངོན་པར་དགའ་བ་དང། ཡིད་དུ་འོང་བ་དང། བདེ་བ་ཅན་དང་མདོག་སྡུག་པ་དང། འོད་ཟེར་ཅན་སྣང་བར་བྱས་སོ། །སངས་རྒྱས་ལ་མཆོད་པའི་ལས་བྱས། སེམས ཅན་གྱི་དོན་བྱས། སླར་རྡོ་རྗེ་ལ་སྐོར་བ་ལན་གསུམ་བྱས། ཁ་དོག་དྲུག་དང་ལྡན་པའི་འོད་ཟེར་དེས་བྱང་ཆུབ་ཆེན་པོའི་མཆོད་རྟེན་སྣང་བར་བྱས། རྡོ་རྗེ་རྒྱ་གྲམ་སྣང་བར་བྱས། དཀྱིལ་འཁོར་སྣང་བར་བྱས། གཙོ་བོ་སྣང་བར་བྱས། ཤེས་རབ་འཁོར་ལོ་སྣང་བར་བྱས། ཡེ་ཤེས སེམས་དཔའ་སྣང་བར་བྱས། ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། ཨ་ལ་ཐིམ་པས་ཨ་ཡི་བྱིན་གྱིས་བརླབས་ཀྱིས་ཤར་ཕྱོགས་ནས་བརྩམས་ཏེ་མི་བསྐྱོད་པའི་ལྷ་རྣམས་དང། ལྷོ་ནས་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ལྷ་རྣམས་དང། ནུབ་ནས་སྣང་བ་མཛའ་ཡས་ལ སོགས་པའི་ལྷ་རྣམས་དང། བྱང་ནས་དོན་ཡོད་གྲུབ་པ་ལ་སོགས་པའི་ལྷ་རྣམས་རྒྱའི་ས་བོན་གྱི་ཡིག་འབྲུར་གྱུར་ཏོ། །དེ་ནས་སྔགས་འདི་བཟླས་སོ། ། ཨཱ་སརྦ་ཏ་ཐཱ་ག་ཏ། ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧཱིཡ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱགྱི་གོང་དུ་བསྐྱེད་པ་ལྟར་བྱའོ། །འདི་དག་ལྷ་བསྒོམ་ཞིང་དཔྱད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་དགོད་དེ། ཤར་གྱི་འཁོར་ལོ་ལ་ས་བོན་ཧཱུཾ། མི་བསྐྱོད་པ་གདན་གླང་པོ་ཆེ། ཕྱག་རྒྱ་ས་གནོན། སྐུ མདོག་སྔོན་པོ་གཉེན་པོ་ཞེ་སྡང་ངོ། །ལྷའི་འཁོར་ལོ་ལ་ས་བོན་ཨོཾ། རིན་ཆེན་འབྱུང་ལྡན་ནོ། །གདན་རྟ་སྐུ་མདོག་སེར་པོ། །ཕྱག་རྒྱ་མཆོག་སྦྱིན། གཉེན་པོ་སེར་སྣ། ནུབ་ཀྱི་འཁོར་ལོ་ལ་ས་བོན་ཧྲཱི:། སྣང་བ་མཛའ་ཡས། གདན་རྨ་བྱ། སྐུ་མདོག་དམར་པོ། །ཕྱག་རྒྱ་རྟའི དེ་འཛིན། གཉེན་པོ་འདོད་ཆགས། བྱང་ཕྱོགས་འཁོར་ལོ་ལ་ས་བོན་ཨམ་སྐུ་མདོག་དཀར་མོ། །རྡོ་རྗེ་འཛིན་པ་རྣམ་པར་ཐར་པའི་སྒོ་སྟོང་བའོ། །ལྷོ་ནུབ་ཀྱི་ཟླ་སྟེང་དུ་ཨའི་ས་བོན་ལས་བྱུང་བ་རིན་ཆེན་སེམས་མ། སྐུ་མདོག་སེར་མོ། །རིན་པོ་ཆེ་འཛིན་པ་མཚན་མ་མེད་པའི་སྟོང་པའོ། །ནུབ་བྱང་གི་ཟླ་སྟེང་དུ་ཨཾ་གི་ས་ས་བོན་ལས་བྱུང་བ་ཆོས་ཀྱི་སེམས མ་སྐུ་མདོག་དམར་མོ་པདྨ་འཛིན་པ། རང་བཞིན་གི་འོད་གསལ་བའི་སྒོ་སྨོན་པ་མང་པ། སྟོང་པ་བྱང་ཤར་ཟླ་སྟེང་དུ་ཨའི་ས་བོན་ལས་བྱུང་བ། ལས་ཀྱི་སེམས་མ་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ་འདུས་མ་བྱས་སྟོང་པའོ། །ལྷ་མོ་བཞི་པོ་འདི་དག་ནི་བརྗོད པའི་ཚུལ་གྱིས་བསྒོམ་པར་བྱའོ། །རྒྱུ་འབྱུང་བ་བཞི་རྣམ་པར་དག་པའོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་དང་པོའི་སྟེང་དུ། གདན་ཟླ་བ། ས་བོན་ཡ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་མཚན་རལ་གྲི་དང་རྡོ་རྗེ་བསྣམས་པ། ནག་སྟོང་པ་རྣམ་པར་དག་པའོ། །ས བོན་ཨཱ་རྡོ་རྗེ་རྒྱལ་པོ། གདན་ཟླ་བ་སྐུ་མདོག་སེར་པོ། ཕྱག་མཚན་ལྕགས་ཀྱུ་དང་རལ་གྲི། ཕྱི་སྟོང་བ་རྣམ་པར་དག་པའོ། །ས་བོན་ཨཻ། རྡོ་རྗེ་ཆགས་ལ། གདན་ཟླ་བ། སྐུ་མདོག་དམར་པོ། ཕྱག་མཚན་རལ་གྲི་དང་མདའ་གཞུའོ། །ཕྱི་ནང་སྟོང་པ་རྣམ་པར་དག་པའོ། །ས བོན་ཨའི་རྡོ་རྗེ་ལེགས་པ་སྐུ་མདོག་དཀར་དམར། ཕྱག་མཚན་རལ་གྲི་དང་སེ་གོལ། ཆེན་པོ་སྟོང་པ་རྣམ་པར་དག་པ། དམ་ཚིག་གི་སེམས་དཔའ་བཞིའོ། །ས་བོན་ཨཽ་རྡོ་རྗེ་རིན་ཆེན། སྐུ་མདོག་སེར་པོ། རལ་གྲི་དང་རིན་པོ་ཆེ་འཛིན་པ། དོར་བ་མེད་པ་སྟོང་པ རྣམ་པར་དག་པའོ། །ས་བོན་ཨཽ་རྡོ་རྗེ་རྒྱལ་མཚན་སྔ་ལ་སངས་རལ་གྲི་དང་རྒྱལ་མཚན། ཐོག་མ་མེད་པའི་སྟོང་པའོ། །ས་བོན་ཨེ་རྡོ་རྗེ་ཉི་མ། རལ་གྲི་དང་ཉི་མ་བསྣམས་པ་?་?་མེད་པ་སྟོང་པ། ས་བོན་ཨཻ་རྡོ་རྗེ་བཞད་པ་སྐུ་གསེར་མདོག། རལ་གྲི་དང་ཆེ་མས། མཛའ་ ལས་འདས་པ་སྟོང་པ། དབང་གི་སེམས་དཔའ་བཞིའོ། །ས་བོན་ཨོཾ་རྡོ་རྗེ་ཆོས་དམར་པོ་རལ་གྲི་དང་པདྨ། དོར་པ་མེད་པ་སྟོང་པ་ཉིད། ཨའཽ་ས་བོན་རྡོ་རྗེ་ག་རྣོན་པོ། ནམ་མཁའ་འདྲ། རལ་གྲི་དང་དགྲ་སྟ། དངོས་པོ་མེད་པའི་སྟོང་པ་ཉིད། ས་བོན་ཨཾ་རྡོ་རྗེ་རྒྱུ། འཁོར་ལོ་དང རལ་གྲི་བསྣམས་པ། ངོ་བོ་ཉིད་སྟོང་ལ། ས་བོན་ཨཱ། སྲུང་བ་ལྗང་སྔོན། རལ་གྲི་གོ་ཆ་རྒྱུའི་སྟོང་པ་ཉིད། ས་བོན་ཨེ། རྡོ་རྗེ་གནོད་སྦྱིན་ནག་པོ་རལ་གྲི་དང། མཆེ་བ། འབྲས་བུའི་སྟོང་བ་ཉིད། ས་བོན་ཨཻ་རྡོ་རྗེ་ཁུ་ཚུར་ཁྲོ་བོ་རལ་གྲི་དང་ཁུ་ཚུར་བསྣམས་པ། རྒྱུ་འབྲས་སྟོང་པ་ཉིད་རྣམ་པར་དག་པ། ཕྲིན་ལས་ཀྱི སེམས་དཔའ་བཞིའོ། །ང་ནི་ལམ་གྱིས་བསྡུས་པའི་ལྷ་མོ་བརྒྱད་དང། སྒོ་བ་བཞི་དབྱེ་བར་བྱ་སྟེ། ལའི་ས་བོན་ལས་བྱུང་བ། ལྷ་མོ་སྒེག་མོ་དཀར་མོ་འགྱིང་བའི་ཚུལ་ཕྱག་མཚན་རལ་གྲི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ལྷོ་ནུབ་དུ་མཱའི་ས་བོན་ལས ཕྲེང་བ་མ་སེར་མོ་ཕྲེང་བ་དང་རལ་གྲི་འཛིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ནུབ་བྱང་དུ་གཱིའི་ས་བོན་ལས་གླུ་མ་དམར་མོ། །པི་ཝང་དང་རལ་གྲི་འཛིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བྱང་ཤར་དུ་ནརིའི་ས་བོན་ལས་བྱུང བ་གར་མ་ལྗང་གུ་གར་དང་རལ་གྲི་འཛིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ལྷ་མོ་བཞི་པོ་འདི་དག་ཟླ་བའི་གདན་ལ་སེམས་དཔའ་ཨི་སྟབས་ཀྱིས་བཞུགས་པའོ། །དྷུའི་ས་བོན་ལས་བྱུང་བ། བདུག་སྤོས་མ་དཀར མོ་སྤོས་ཁང་དང་རལ་གྲི་བསྣམས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །པུའི་ས་བོན་ལས་བྱུང་བ་མེ་ཏོག་མ་སེར་མོ་མེ་ཏོག་དང་རལ་གྲི་བསྣམས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཏཱིའི་ས་བོན་ལས་མར་མེ་མ དམར་མོ་མར་མེ་དང། རལ་གྲི་འཛིན་པ་སྨོས་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །གའི་ས་བོན་ལས་དྲི་ཆབ་མ་ལྗང་གུ་དུང་ཕོར་དང་རལ་གྲི་འཛིན་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ལྷ་མོ་བཞི་པོ་འདི་དག་ཟླ་བའི་གདན་ལ་རིམ བཞིན་དུ་བཞུགས་སོ། །ཛལས་ལྕགས་སྒྲོག་དམར་མོ་ལྕགས་སྒྲོག་དང་རལ་གི་བསྣམས་པ་དད་པའི་སྟོབས་རྣམ་པར་དག་པའོ། །ཧོགདན་ལ་རིམས་བཞིན་དུ་བཞུགས་སོ། །འབྲས་བུའི་སེམས་དཔའ་བཅུ་དྲུག་ནི་མའི་ས་བོན་ལས་བྱམས་ལ། འཇམ་དཔལ་སྤོས་གྱི་གླང་པོ་ཆེ། ཡེ་ཤེས་ཏོག་དང་བཞི་གཡས་རལ་གྲི་གཡོན་རྡོ་རྗེ་བསྣམས་པའོ། །འི་ས་བོན་ལས་བཟང་སྐྱོང། བློ་གྲོས་རྒྱ མཚོ་བློ་གྲོས་མི་ཟད་པ་སྤོབས་པ་བརྩེགས་པ་བཞི་སྐུ་སེར་པོ་རིན་པོ་ཆེ་དང་རལ་གྲི་བསྣམས་པའོ། །འི་ས་བོན་ལས་མཐུ་ཆེན་ཐོབ་ངན་སོང་ཀུན་འདྲེན། མྱ་ངན་འཇོམས། དྲ་བའི་འོང། སྐུ་དམར་པོ་རལ་གྲི་དང་པདྨ་བསྣམས་པ། ཨཻའོ་ས་བོན་ལས ཟླ་བད་གཞོན་ནུ། འོད་དཔག་མེད། ནམ་མཁའ་ཨི་མཛོད། སྒྲིབ་པ་སེལ་བ་བཞི། སྐུ་ལྗང་གུ། སྣ་ཚོགས་རྡོ་རྗེ་དང་རལ་གྲི་བསྣམས་པའོ། །སེམས་དཔའ་དེ་རྣམས་ཀྱང་དཀྱིལ་འཁོར་གྱི་ཁམས་ལ་ཟླ་བའི་གདན་ལ་རིམ་པ་བཞིན་དུ་བཞུགས་པའོ། །འདི་ཡན་ཆད ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན། ། །།དེ་ནས་ལས་རྒྱལ་མཆོག་བསྟན་པའི་ཕྱིར། དེ་ནས་ལས་ཀྱི་ཁྱད་པར་ཡང། །བསྐྱེད་པའི་ཞར་ལས་འབྱུང་བ་སྟེ། །སྒྲ་ལས་ཕྱེ་སྟེ་རྒྱས་བཤད་པ། །འདིར་ནི་བདག་གིས་མ་བཤད་དོ་ཞེས གསུངས་ཏེ། དེ་ནས་ནི་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པའི་དེ་མ་ཐག་པའོ། །ལས་ཀྱི་ནི་ལས་གསུམ་སྟེ། འདིར་དགེ་བའི་ལས་སོ། །ཁྱད་པར་ཡང་ནི་སེམས་ཅན་གྱི་དོན་བྱེད་པའོ། །བསྐྱེད་པའི་ཞར་ལས་བྱུང་བ་ནི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའི དུས་སུ། བདག་ལས་མི་གཉིས་པའི་གཟུགས་འོད་ཟེར་གྱི་ཚུལ་དུ་འཕྲོས་ཏེ། སངས་རྒྱས་ལ་མཆོད་པ་ཕུལ་ནས། སེམས་ཅན་གྱི་དོན་ལ་གསོལ་བ་འདེབས་པ་སྟེ། དེའང་ཇི་ལྟར་འདེབས་ཞེ་ན། མི་སྐྱོད་འཁོར་དང་བཅས་པ་ཡིས། །ཞེས་སྡང་ཅན་གྱི་རྒྱུད སྦྱོངས་ཤིག་ཅེས་པ་ལ་སོགས་པ་གསུངས་སོ། །དེ་ནས་སྒྲ་ལས་ཕྱེ་སྟེ་རྒྱས་པར་དེར་བཤད་པས། སྐབས་འདིར་སློབ་དཔོན་གྱིས་རྒྱས་པར་བཤད་དོ། །དེ་ནས་ཡང་གོང་དུ་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ཡན་ཆོད་ནི་ལས་ཀྱི་ཁྱད་པར་གྱི་ཏིང་ངེ་འཛིན་ཏོ།། དེ་ནས་དེ་རྫོགས་པར་བྱེད་པའི་ཡན་ལག་བསྟན་པའི་ཕྱིར། དེ་ནས་སྤོས་ཀྱི་ཆུ་དག་ལ། །སྔགས་བཟླས་པ་ཡིས་བསང་བྱ་སྟེ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ལས་བཅོལ་བའི་དེ་མ་ཐག་པའོ། །སྤོས་ཀྱི་ཆུ་མི་བསང་ཆུའོ། །སྔགས་བཟླས་པ་ནི་རྡོ་རྗེ གནོད་སྦྱིན་གྱི་སྔགས་སོ། །བསང་བ་ནི་མཆོད་པའི་རྫས་རྣམས་སོ། །ཕུང་པོ་བསྡུས་པའི་མཆོད་པ་ལྔ་ཞེས་པ་ནི། འབྱུང་བ་ལྔ་ཡིས་བསྐྱེད་པའི་མེ་ཏོག་དང། སྤོས་དང། མར་མེ་དང་དྲི་ཆབ་དང་ཞབས་ཟས་དང་ལྔའོ། །དེ་ག་ལ་རིམ་པ་བཞིན་ཞེས་གསུངས བྱིན་གྱིས་བརླབས་ཞེས་པ་ནི་སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་པུཥཔེ་ཧཱུཾ། བཛྲ་དྷཱུ་པེ་ཧཱུཾ། བཛྲ་ཨཱ་ལོ་ཀེ་ཧྲཱིཤིན་ཏུ་མང་ཞིང་རྒྱ་ཆེ་བར་བསམ་མོ། །དེ་ནས་ཡེ་ཤེས་སེམས་དཔའ་སྒྲུབ་པ་བསྟན་པའི་ཕྱིར། འདི་དག་རིམ་པའི་གོ་རིམས་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ། དེ་ཡང་རིགས་བསྡུས་པའི་ཕྱག་རྒྱ་ནི། ལག་གི་འདུ བྱེད་ཆེན་པོ་ཡིན། གར་ཐབས་གཡས་གཡོན་བསྐོར་ནས་ནི། །སེ་གོལ་མང་པོ་བརྡབ་པར་བྱ། །བཛྲ་ས་མ་ཡ་ཛམཆོག་ཐམས་ཅད་ཀུན། །དབང་པོའི་མངོན་སུམ་འདྲར་མཐོང་འགྱུར་ཞེས་ཆོ་ག་འདུས་པའི་རྒྱུད་ལས་གསུངས་སོ། །དེ་ལྟ་བུའི་དོན་ཡིད་ཀྱིས་མངོན་སུམ་དུ་བྱོན་པ་དེ་ལ་མཆོད་པ་ལྔས་མཆོད་ལ། མཉམ་མེད་ལ་སོགས་པས་བསྟོད་པ་བྱ་སྟེ། ཞེས་པའི དོན་ནི་འདི་ཡིན་ཏེ། མཉམ་མེད་མི་གཡོའི་མཉམ་ཉིད་ཆོས་མཆོག་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་དྲུག་སྡུག་བསྔལ་སེལ། །ཡོན་ཏན་མཆོག་གི་དངོས་གྲུབ་སྦྱིན་མཛད་པ། །དྲི་མེད་མཉམ་ཉིད་དམ་པ་ཉིད་ལ་བསྟོད། །ཡོན་ཏན་ཤིན་ཏུ་ཕྲ་བ ཚད་མེད་དེ། །ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་པ་མིན། །དངོས་གྲུབ་མཉམ་མེད་དཔེ་བྲལ། །འགྲོ་ལ་ངེས་པར་གསོལ་མཛད་བསྟོད། །རྟག་ཏུ་དྲི་མེད་ཐུགས་རྗེ་འབྱུང། །སྨོན་ལམ་འགྲུབ་པ་འགག་མེད་ཅན། །འགྲོ་བའི་དོན་བསྒྲུབ་མཛའ་ཡས་པ བདག་ཉིད་རྟག་ཏུ་སྣང་ལ་བསྟོད། །ཚད་མེད་ཚད་བྲལ་ཡོངས་རྫོགས་པའི། །བདེ་གཤེགས་གོ་འཕང་བདེ་བརྙེས་ཀྱང། །ཐུགས་རྗེའི་སྤྱོད་པ་འགག་མི་འགྱུར། །བཟང་པོ་ཤིན་ཏུ་མཆོག་ལྡན་བསྟོད། །མཆོག་སྦྱིན་ནང་ན་མཆོག་བརྙེས་པས། །ཀུན་ལ དངོས་གྲུབ་མཆོག་ཐོབ་མཛད། །མགོན་པོ་དུས་གསུམ་སྒྲིབ་མེད་པ། །དངོས་གྲུབ་དམ་པ་སྩོལ་ལ་བསྟོད། །དེ་ནས་གཙོ་བོའི་སྔགས་རིངས་ལ་ཞེས་པ་ནི། ཨ་ཨཱ་སརྦ་ཏ་ཐཱ་ག་ཏཱ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིསརྦ་དྷརྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ:། དྲི་ཤྱས་བལྟ། ཛབཞི་ཡིས་རྒྱས་གདབ་དོན་མཆོག་སྒྲུབ་ཅེས་གསུངས་ཏེ། བཞི་ནི་ཕྱག་རྒྱ་བཞི་སྟེ། དེ་ཡང་གང་ཞེ་ན། དམ་ཚིག་གི་ཕྱག་རྒྱ་དང། ལས་དང་ཆོས་དང། ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ ལྔ་པ་བསྒོམས་ལ། ཕྱག་གཡོན་ཐམས་ཅད་ན་རང་རང་གི་མཚན་མ་འཛིན་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ལྕེ་ལ་ཡི་གེ་ཧྲི་ལས་པདྨ་དེའི་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེའི་དབུས་སུ་ཧྲི་ལས་བྱུང་བའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད པ་སྐུ་མདོག་དམར་པོ་བསམས་ལ། དེའི་ལྕེ་ལ་ཡི་གེ་ཨ་བསམས་ཏེ་སྔགས་ཀྱི་ཡན་ལག་ཐམས་ཅད་རྫོགས་པ་ནི། ཆོས་ཀྱི་ཕྱག་རྒྱའོ། ། ལས་སྣ་ཚོགས་རྡོ་རྗེ་ལྟ་ཐམས་ཅད་ཀྱི་སྤྱི་བོར་བསམས་ལ། གང་ལས་བྱུང་བའི་གཡས་ཐམས་ཅད་ན་རལ་གྲི་བསམ་པ་ནི ལས་ཀྱི་ཕྱག་རྒྱའོ། །ཇི་ལྟར་བྲིས་པའི་རྗེས་སུ་མཐུན་པར་གང་དང་གང་གི་གཟུགས་སུ་གསལ་ཞིང་དེའི་ངོ་བོ་རྣམ་པར་དག་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབ་བ་དེ་ལ་ཡང་དག་པའི་དོན་སྒྲུབ་པས་ན། བཞི་ཡིས་རྒྱས་གདབ་དོན་མཆོག་གྲུབ་ཅེས་གསུངས པ་ཡིན་ནོ། །དེ་ཡང་མའོ་ལས། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག་ཅེས་པ་དང། ཕྱག་རྒྱ་བཞིའི་དོན་སྟོན་པ་ཞེས་གསུངས་སོ། །དེ་ནས་མཆོད་པའི་བྱེ་བྲག་གིས་ཞེས་པ་ནི། མཆོད་རྫས་རྣམས་བསངས་ལ་བྱིན་གྱིས་བརླབ་སྟེ། ཡོངས་སུ་རྫོགས་པའི དཀྱིལ་འཁོར་དེ་ལ་མཆོད་པའི་བྱེ་བྲག་ཐམས་ཅད་ཀྱིས་མཆོད་དོ། །དེ་ཡང་གང་ཞེ་ན། བདག་ལས་མི་གཉིས་པ་དེ་ཡིས་སོ། །དེ་ནས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་བསྟོང་པས་ཀྱང་བསྟོད་དོ། །མཆོད་ནས་ཕྱག རྒྱ་བཞི་བྱ་བ་ཞེས་པ་ནི་ཕྱག་རྒྱ་བཞིའི་དོན་དང་ལྡན་པར་བྱའོ་ཞེས་པའི་དྲན་ཏོ། །དང་པོ་སངས་རྒྱས་ལ་སོགས་པའི་གནས་སུ་བྱ་བའི་རིམ་པའོ། །ཞེས་པའི་དོན་ནི་འདི་ཡིན་ཏེ། ཨ་ལས་འོད་བྱུང་ཟླ་བའི་དཀྱིལ་འཁོར་གསལ་བར་བྱས། །དེ་ལས་ཡེ་ཤེས སེམས་དཔའ་ཨི་དེ་ལས་ཤེས་རབ་འཁོར་ལོ། །དེ་ལས་དང་པོའི་སངས་རྒྱས་དེ་ལས་གཞིའི་སངས་རྒྱས། དེ་ལས་ལྷ་ཚོ། །དེ་ལས་གཞལ་ཡས་ཁང། །དེ་ལས་སྣ་ཚོགས་རྡོ་རྗེ་དེ་ལས་ཆོས་འབྱུང། དེ་ལས་བྱང་ཆུབ་ཆེན་པོའི་མཆོད་རྟེན། དེ་ལས་རྡོ་རྗེའི་སྒོ དྲུག་ནས་འཐོན་ཏེ། ཤར་ཕྱོགས་དགེ་བའི་སྒོ་ལ་སོགས་པ་ནས་འོད་ཟེར་འཐོན་ཏེ། སྲིད་པ་གསལ་བར་བྱས་དོན་རྣམ་པ་གཉིས་དང། སངས་རྒྱས་ཀྱི་མཛད་པ་བྱས་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀར་ཞུགས། དཔལ་གྱི་བེའུ་ལ་སྐོར་བ་ལན་གསུམ བྱས། ཤེས་རབ་དང་ཡེ་ཤེས་ཀྱི་བཅུད་བསྡུས། སླར་རིམ་གྱིས་རིམ་གྱིས་གཞི་པོའི་ཨ་ལ་ཐིམ་སྟེ། སྣང་སྟེང་གཉིས་མེད་ཀྱང་ངོ་བོར་རྟོགས་པར་བྱའོ། །དེ་ལྟར་འཕྲོ་འདུ་བྱ་ཞིང་བསྒོམ་པ་ནི་བསྙེན་པ་བསྡུས་པའོ།། །།ོཾ་སརྦ་དྷརྨཱ་ཨ་བྷ་བ སྭ་བྷཱ་བ། བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཔོའི་ཚུལ་གྱི་མཆོག་ཅེས་པའི་བར་དུའོ། །ཚིགས་སུ་བཅད་པ་བཅུ་བཞི་བརྗོད་པས་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཨ་ལས་ཡི་གེ་བརྒྱད་ཅུ་རྩ་དྲུག་འཕྲོས་པས་རྣམ་པར་སྣང་མཛད་མེད་པར་གྱུར་ཏེ། ཞིང་ཁམས་ཐམས་ཅད་སྣང་ཞིང་མཆོད་གཏི་མུག ཅན་གྱི་དོན་བྱས། སླར་བཞིའི་ལྷ་རྣམས་ལ་ཐིན་པར་བྱ་ཞིང་བཀགས་ན་རིང་པོ་མི་ཐོགས་པར་ཆོས་ཀྱི་རྒྱལ་པོར་འགྱུར་ཏེ། དེ་ན་བསྟན་པ་རྒྱས་པའོ། །དེ་ནས་ཐུན་གཏོང་བར་འདོད་ན། མཆད་པའི་ཡོ་བྱད་རྣམས་ཀྱིས་ཡང་དག་པར་མཆོད་ལ། བདག ལས་མི་གཉིས་པའི་གཟུགས་སུ་རིམ་པ་ནས་རིམ་པར་འོད་ཟེར་གྱི་ཚུལ་དུ་འཐོན་ཏེ། ལས་ཀྱི་བྱ་བ་ལ་སོགས་པ་ལ་འཇུག་པར་བྱའོ། །དེ་ནས་མཐུན་གཉིས་པ་ལ་བདག་ལས་གི་གཉིས་པའི་གཟུགས་ཅན་དེ་སངས་རྒྱས་ཀྱི་མཛད་པ་རྫོགས་ནས། འོད་ཟེར་གྱི ཚུལ་དུ་རིམ་པ་ནས་རིམ་པར་གཞི་ལ་ཐིམ་སྟེ། དེ་ནས་ཅི་རིགས་པ་དུ་མཆོད་བསྟོད་བྱས་ལ་དོན་གསུམ་པོ་གང་ཡང་རུང་བ་ཅིག་ལ་འཇུག་པར་བྱའོ། །དེ་ནས་ཡང་གཏོང་བར་འདོད་ན་སྔོན་དུ་བསྟན་པ་ལྟ་བུར་བྱའོ། །དེ་ནས་ཐུན་གསུམ་པ་ལ་སྔོན་དུ་བསྟན་པ་ལ་ཇི་ལྟ བ་བཞིན་བྱས་ལ། ཐུན་ཐ་མ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ། ཨོཾ་མཉྫུ་ཤྲཱི་བཛྲ་མུཾ་ཞེས་མདུན་གྱི་ནམ་མཁའ་ལ་ཕྱེ་ནས་བཞུགས་པ་དེ་ལ་མཆོད་པ་དང་བསྟོད་པ་དང། བཤགས་པ་བྱས་ལ་གཤེགས་སུ་གསོལ། བསྐྱེད་པའི་མཚན་ཚོ་བདག་གི་ཐུགས་ཀར་བསྡུས པ། །དང་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པར་བྱས་ཏེ་ཅིང་དེ་པར་སྤྱོད་ལན་བྱའོ། །རྣལ་འབྱོར་དོན་དང་ལྡན་པ་ཡིས། །འབད་ནས་ཐུན་གསུམ་དག་གིས་ནི། །ལྷ་ཡི་རྣལ་འབྱོར་བསྒོམ་པ་ན། །དེས་པར་ཆོས་ཀྱི་རྒྱལ་པོ་ཐོབ་ཅེས་ལེའུ་ཁྲི་དྲུག་སྟོང་པ་ལས་གསུང སོ། རྣ་དེ་ཉིད་ལས་ཀྱང་དུས་གསུམ་སངས་རྒྱས་ལས་བྱེད་པ་ཞེས་གསུངས་སོ། །དེ་ཀྵ་ར་རྣལ་འབྱོར་བས་ཟླ་བ་གསུམ་མམ། ཟླ་བ་གཅིག་གམ་འོན་ཏེ་དུས་རྒྱུན་དུ་མ་ཆད་པར་བསྒོམས་ན་དོན་གྱི་རྟགས་སམ་ལྷའི་སྣང་བ་གསང་བ་དང། བཟོད་བསྙེན་པའི་ལས་ལ། འཇུག་པར་བྱའོ། །དེ་ནས་སྣང་བ་མཛའ་ཡས་ལ་མེ་ཏོག་ཕོག་སྟེ། དེའི་རྣལ་འབྱོར་བྱེད་པར་འདོད་ན་སྔོན་དུ་བསྟན་པའི་གནས་ཡིད་དང་འཐར་པ་རུ། ཡོ་བྱད་ལ་སོགས་པ་ཚུལ་བཞིན་བཤམས་ལ། སྟོན་འདི་བ་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་རྫོགས་པར་བྱ་སྟེ། གཙོ་བོའི་གནས་སུ་ཧྲཱིཏེ། སྣང་བ་མཛའ་ཡས་ཀྱི་ཐུགས་ཀ་རུ་དང་པོའི་སངས་རྒྱས་དེའི་ལྟེ་བ་ལ་རྡོ་རྗེ་རྣོན་པོ་དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧྲཱིམཛའ་ཡས་སྣང་བར་བྱས། གདན་དང་གཞལ་ཡས་ཁང་སྣང་བར་བྱས། རྡོ་རྗེ་རྒྱ་གྲམ་སྣང་བར་བྱས། ཆོས་འབྱུང་སྣང་བར་བྱས་བྱང་ཆུབ་ཆེན་པོའི་མཆོད་རྟེན་སྣང་བར་བྱས། ཡེ་ཤེས་ཀྱི་རྡོ་རྗེ་སྒོ་དྲུག་ནས་འཐོན་ནས་ཞིང་ཁམས་དྲུག་སྣང་བར་བྱས། སངས་རྒྱས་ལ མཆོད་པ་བྱས། སེམས་ཅན་གྱི་དོན་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས། སླར་རྡོ་རྗེ་ལ་སྐོར་བ་ལན་གསུམ་བྱས་རྡོ་རྗེའི་སྒོ་དྲུག་ནས་ཚུར་རིམ་པ་རིམ་པར་ཧྲཱིཡང་གོང་མ་ལྟར་སྤྲོ་བསྡུ་བྱས་པས་ཕྱག་མཚན་དུ་གྱུར་ཏོ། །དེ་ལ་སྤྲོ་བསྡུ་བྱས་ཏེ། སྔགས་རིངས་བརྗོད་པས་ལྷ་ཉི་ཤུར་གྱུར་ཏེ། དེ་ཡང་ཕོ་བྲང་གི་དབུས་སུ་བདུན། འཁོར་ལོ་བརྒྱད་ལ་དྲུག་དྲུག་ལྷ་རྣམས་ཀྱི་ཕྱོགས་བཞི་ལ་ང་ལྔ་ང་ལྔ་ཤེས་པར་བྱའོ། །དེ་ཡང ཡེ་ཤེས་ལྔའི་ངོ་བོ་སྟེ། རིགས་ཆུང་བའི་དབྱེ་བས་སོ་སོར་རྟོག་པའི་ཡེ་ཤེས་དང། མེ་ལོང་ལྟ་བའི་ཡེ་ཤེས་དང། དེ་བཞིན་དུ་མཉམ་པ་ཉིད་དང། བྱ་བ་གྲུབ་པ་དང། ཆོས་ཀྱི་དབྱིངས་དང་ལྡན་ཤེས་པར་བྱའོ། །དེ་ནས་ལས་རྒྱལ་མཆོག་དང། ཡེ་ཤེས་སེམས དཔའ་སྒྲུབ་པ་དང། བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ། །བརྙེན་པ་རྒྱས་པ་བྱེད་ན་ཡང་དག་པ་དག་མེད་དེ་བཞིན་ཉིད་ཅེས་བྱ་བ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ་ཞེས་པའི་བར་དུ་ཚིགས་སུ་བཅད་པ་བཞི་བཅུ་ཞེ་གཉིས་བརྗོད་པ། ཡེ་ཤེས་སེམས་དཔའ་ཨི་ཐུགས ཀ་ཨའི་ཧྲཱིལ་སོགས་པ་གོང་དང་མཐུན་ནོ། ། །དེ་ནས་མི་བསྐྱོད་པ་ལ་མེ་ཏོག་ཕོག་ནས་དེའི་རྣལ་འབྱོར་བྱེད་པར་འདོད་ན། ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ་བདེ་བའི་སྟན་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ པ་ནས་གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་སྔོན་དུ་བསྟན་པ་བཞིན་དུ་བྱས་ལ། ཧཱུཾ་གི་ཡི་གེ་ལས་བསྐྱེད་པ་ཡིས་ཞེས་པ་ནས་སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ཏེ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་སྟེ གཙོ་བོ་མི་བསྐྱོད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ། །དེའི་ལྟེ་བ་ལ་ནི་རྡོ་རྗེ་རལ་གྲི་།དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་བསྒོམས་ཏེ། དེ་ལས་འོད་འཕྲོས་པ་ཟླ བའི་དཀྱིལ་འཁོར་སྣང་བར་བྱས། རྡོ་རྗེ་རལ་གྲི་སྣང་བར་བྱས། དང་པོའི་སངས་རྒྱས་སྣང་བར་བྱས། དེ་ལས་གཙོ་བོ་མི་བསྐྱོད་པ་དེ་ལས་གཞལ་ཡས་ཁང། དེ་ལས་རྡོ་རྗེ་རྒྱ་གྲམ། དེ་ལས་ཆོས་འབྱུང། དེ་ལས་མཆོད་རྟེན། དེ་ལས་ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས ?་ཏེ་ཞིང་ཁམས་དྲུག་སྣང་བར་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས་སླར་རྡོ་རྗེ་ལ་སྐོར་བ་ལན་གསུམ་བྱས། རྡོ་རྗེའི་སྒོ་དྲུག་ནས་རིམ་པ་རིམ་པས་ཧཱུཾ་ལ་ཐིམ་ཧཱུཾ་གི་བྱིན་གྱིས་བརླབས་ཀྱིས། མཚན་གྱི་ཡི་གེ་ལྔ་བཅུ་རྩ་གཉིས་རང་རང་གི་གནས་སུ་གྱུར་ཏོ། ། དེ་ལས་?་བསྡུས་པས་ཕྱག་མཚན་དུ་གྱུར་ཏོ། །དེ་སྤྲོ་བསྡུས་སྔགས་རིངས་བརྗོད་པས་ལྷ་ལྔ་བཅུ་རྩ་གཉིས་སུ་གྱུར་ཏེ། ཕོ་བྲང་གི་དབུས་སུ་བདུན། འཁོར་འཁོར་ལོ་བརྒྱད་ལ་རེ། ཕྱོགས་བཞིར་ལྷ་སྣམ་ལ་བཅུ་བཞི་བཅུ་བཞི་དགོད་པར་བྱའོ། །དེ་ཡང་མེ་ལོང་ལྟ་བུའི ཡེ་ཤེས་ལ་སོགས་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་ལས་བཅོལ་བ་དང་བསྙེན་པ་འབྲིང་པོ་ཡན་ཆད་མཐུན་མོང་རྒྱས་པར་བྱེད་ན། རྡོ་རྗེ་འཇིགས་པར་བྱེད་ཅེས་པ་ནས། སྒྲ་དང་ལྡན་པ་ལྷ་རྣམས་ཀྱི་མཆོག་ཅེས་པའི་བར་དུ་ཚིགས་བཅད དང། རྐང་པ་གཅིག་ལྷག་པ་བརྗོད་པས་སྔ་མ་བཞིན་དུ་མི་བསྐྱོད་པའི་འཕྲོས་འདུས་པས་ཞེ་སྡང་ཅན་གྱི་རྒྱུད་སྦྱང་བ་ལ་སོགས་པ་བྱའོ། །མཐུན་མཚམས་ནི་གོང་དང་མཐུན་ནོ།། །།དེ་ནས་རྣམ་པར་སྣང་མཛད་ལ་མེ་ཏོག་ཕོག་ནས་དེའི་རྣལ་འབྱོར བྱེད་པར་འདོད་ན་ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ་སྟན་བདེ་བ་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་སྔོན་བཞིན་བྱས་ལ། དེ་བཞིན་འཁོར་ལོའི་དབུས་ཉིད་དུ ཞེས་བྱ་བ་ནས་སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ལ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་སྟེ། རྣམ་སྣང་གི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ། །དེའི་ལྟེ་བ་ལ་ཤེས རབ་ཡེ་ཤེས་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཨ། དེ་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། དེ་ནས་ཤེས་རབ་ཡེ་ཤེས། ཤེས་རབ་འཁོར་ལོ། དེ་ནས་དང་པོའི་སངས་རྒྱས། དེ་ནས་གཙོ་བོ་རྣམ་སྣང། དེ་ནས་གཞལ་ཡས ཁང། རྡོ་རྗེ་རྒྱ་གྲམ། ཆོས་འབྱུང། མཆོད་རྟེན་དེ་ནས་ཡེ་ཤེས་ཀྱི་སྒོ་རྡོ་རྗེའི་སྒོ་དྲུག་ནས་འཐོན་ཏེ་ཞིང་ཁམས་དྲུག་སྣང་བར་བྱས་ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས། སླར་རྡོ་རྗེ་ལ་སྐོར་བ་ལན་གསུམ་བྱས་ཏེ། རྡོ་རྗེའི་སྒོ་དྲུག་ནས རིམ་བ་རིམ་པར་ཨ་ལ་ཐིམ་སྟེ། ཨའི་བྱིན་གྱིས་བརླབས་ཀྱིས་མཚན་གྱི་ཡི་གེ་བརྒྱ་བཞི་བཅུ་ཞེ་བཞི་རང་གི་གནས་སུ་སྤྲོས་ལ་དེ་འདུས་བ་ལས་ཕྱག་མཚན་དུ་གྱུར་ཏོ། །དེ་སྤྲོ་བསྡུ་བྱ་ཞིང་སྔགས་རིངས་བརྗོད་པས་ལྷ་བཞི་བཅུ་ཞེ་བཞིར་གྱུར་ཏོ། །དེ་ཡང་ལོ གྲང་གི་དབུས་ལྔ། འཁོར་ལོ་བརྒྱད་ལ་བཞི་བཞི་ཕྱོགས་བཞིར་ལྷ་སྣམ་ལ་སོ་དྲུག་སོ་དྲུག་གོ་།དེ་ཡང་མཉམ་པ་ཡིད་ཀྱི་མེ་ལོང་ལ་སོགས་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་ལས་བཅོལ་ནས་བསྙན་པ་འབྲིང་པོ་ཡན་ཆད་མཐུན་ནོ། །རྒྱས་པར་བྱེད་ན་སངས་རྒྱས རྣམ་པར་སྣང་མཛད་ཆེ་ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ཞེས་པའི་འབར་དུ་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔར་ཚིག་རྐང་གཅིག་གིས་མ་ཚང་བས་བརྗོད་ནས་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཨ་ལས་ཡི་གེ་བརྒྱ་བརྒྱད་ཅུ་རྩ་གཅིག་འཕྲོས་པས་རྣམ་སྣང མང་པོར་འགྱུར་ཏེ། ཞིང་ཁམས་ཐམས་ཅད་སྣང་ཞིང་ལས་གཉིས་བྱས་གཏི་མུག་ཅན་གྱི་དོན་བྱས་ཏེ་སླར་གཞིའི་ལྷ་རྣམས་ལ་ཐིམ་པར་བྱ་ཞིང་བཀླག་གོ་།ཐུན་མཚམས་ནི་གོང་མ་དང་མཐུན་ནོ།། །།དེ་ནས་དོན་ཡོད་གྲུབ་པ་ལ་མེ་ཏོག་ཐོག་ནས་དེའི་རྣལ འབྱོར་བྱེད་པར་འདོད་ན། ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་བཤམས་ལ་བདེ་བའི་སྟན་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་སྔོན་བཞིན་བྱས་ལ། དེ་བཞིན་འཁོར་ལོའི་དབུས་ཉིད་ཞེས པ་ནས་སྤྲོ་དང་བསྡུ་བ་སྔོན་བཞིན་བྱ་ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ལ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ཏེ། གཙོ་བོ་དོན་ཡོད་གྲུབ་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས རབ་འཁོར་ལོ། །དེའི་ལྟེ་བ་ལ་ཡེ་ཤེས་ཀྱི་སྐུ་ཅན་པའི་ཐུགས་ཀར་ཨ་ལས་ཟླ་བ་དེའི་སྟེང་དུ་ཡི་གེ་ཨ། དེ་ལས་འོད་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། ཡེ་ཤེས་སྐུ་ཅན་ཤེས་རབ་འཁོར་ལོ། །དང་པོའི་སངས་རྒྱས། གཙོ་བོ་དོན་ཡོད་གྲུབ་པ། གཞལ ཡས་ཁང། རྡོ་རྗེ་རྒྱ་གྲམ་ཆོས་འབྱུང་མཆོད་རྟེན། དེ་ནས་ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན་ནས་ཞིང་ཁམས་དྲུག་སྣང་བར་བྱས། ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས། སླར་རྡོ་རྗེ་ལ་སྐོར་བ་ལན་གསུམ་བྱས་ཏེ། ཁ་དོག་དྲུག་དང་ལྡན པའི་འོད་ཟེར་དེ་རིམ་པ་རིམ་པར་ཨ་ལ་ཐིམ་པས། ཨའི་བྱིན་གྱིས་བརླབས་ཀྱིས་མཚན་གྱི་ཡི་གེ་བདུན་ཅུ་རྩ་དྲུག་ཏུ་གྱུར། དེ་རང་རང་གནས་སུ་སྤྲོས་སོ། །དེ་ལ་སྤྲོ་བསྡུ་བྱས་པས་ཕྱག་མཚན་དུ་གྱུར་ཏོ། །དེ་ནས་སྤྲོ་བསྡུ་བྱས ཏེ་སྔགས་རིངས་བརྗོད་པས་ལྷ་བདུན་ཅུ་རྩ་བདུན་དུ་གྱུར་ཏོ། །དེ་ཡང་ཕོ་བྲང་གི་དབུས་སུ་བདུན། ཕྱོགས་བཞིར་འཁོར་ལོ་ལ་གཉིས་གཉིས། མཚམས་བཞིར་རེ་རེ་ཕྱོགས་བཞི་ལྷ་རྣམས་ལ་བཅུ་དགུ་བཅུ་དགུ་ཤེས་པར་བྱའོ། །དེ་ཡང་བྱ་བ་གྲུབ པའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པར་ཤེས་པར་བྱའོ། །དེ་ན་ལས་བཅོལ་བ་ནས་བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ།། །།རྒྱས་པར་བྱེད་ན། སངས་རྒྱས་ཀུན་གྱི་རྟོག་བྱ་བ་ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག ཅེས་བའི་བར་གྱིས་ཚིམས་བཅད་བཅོ་ལྔ་བརྗོད་པས་ཡི་གེ་དགུ་བཅུ་རྩ་ལྔར་གྱུར་ཏེ། དོན་ཡོད་གྲུབ་བས་དོན་གཉིས་བྱས། ལེ་ལོ་ཅན་གྱི་རྒྱུད་སྦྱངས་ནས་སླར་རིམ་གྱིས་གཞི་ལ་ཐིམ་པར་བྱ་ཞིང་བཟླས་སོ། །ཐུན་མཚམས་ནི་གོང་དང་མཐུན་ནོ།། །། དེ་ནས་རིན་ཆེན་འབྱུང་ལྡན་ལ་མེ་ཏོག་ཕོག་ནས་དེའི་རྣལ་འབྱོར་བྱད་པར་འདོད་ན་ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་བཤམས་ལ། བདེ་བའི་སྟན་ལ་འབུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས་གཞལ་ཡས་ཁང་བསྐྱེད་པ ཡན་ཆད་སྔོན་བཞིན་བྱས་ལ། དེ་ནས་སྔོན་བཞིན་དཀྱིལ་འཁོར་གྱི་ཞེས་པ་ནས། སྤྲོ་དང་བསྡུ་བ་སྔོན་བཞིན་བྱ་ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ལ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་སྟེ། རིན་ཆེན་འབྱུང་ལྡན་གྱི་ཐུགས ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ། །དེའི་ལྟེ་བ་ལ་ངག་གི་དབང་ཕྱུག་།དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དེའི་ལྟེ་བ་ལ་ཡི་གེ་ཨ། དེ་ལས་འོད་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང བར་བྱས། ངག་གི་དབང་ཕྱུག་ཤེས་རབ་འཁོར་ལོ། །དང་པོའི་སངས་རྒྱས། གཞལ་ཡས་ཁང་རྡོ་རྗེ་རྒྱ་གྲམ། ཆོས་འབྱུང། བྱང་ཆུབ་ཆེན་པོའི་མཆོད་རྟེན། སྣང་བར་བྱས་ཏེ། ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན། ཞིང་ཁམས་དྲུག་སྣང་བར་བྱས། དོན་གཉིས་བྱས། བདེ་བར་གཤེགས་པའི་བཅུད་བསྡུས། སླར་རྡོ་རྗེ་ལ་སྐོར་བ་ལན་གསུམ་བྱས། ཁ་དོག་དྲུག་དང་ལྡན་པའི་འོད་ཟེར་དེ་སླར་རིམ་པ་རིམ་པས་ཨ་ལ་ཐིམ་བས་ཨའི་བྱིན་གྱིས་རླབས་ཀྱིས་མཚན་གྱི་ཡི་གེ་བརྒྱད་ཅུ་རྩ་བཞི་རང་རང་གི གནས་སུ་སྤྲོས་ཏེ། དེ་སྤྲོས་བསྡུས་པས་ཕྱག་མཚན་དུ་གྱུར་ཏོ། །དེ་ནས་སྤྲོ་བསྡུ་བྱས་ནས་སྔགས་རིངས་བརྗོད་པས་ལྷ་བརྒྱད་ཅུ་ཙ་བཞིའི་ངོ་བོར་གྱུར་ཏེ། ཕོ་བྲང་གི་དབུས་སུ་བཞི། འཁོར་ལོ་བརྒྱད་ལ་གཉིས་གཉིས། ཕྱོགས་བཞིའི་ལྷ་སྣམ་པ་ཉི་ཤུ་རྩ་གཅིག རྩ་གཅིག་འདི་དག་ཀུན་ལ་ལྷ་མོ་བརྒྱད་བརྒྱད། སྒོ་བ་བཞི་ཀུན་ལ་བཀོད་པར་ཤེས་པར་བྱའོ། །རིགས་ཁ་ཕྲལ་གྱི་དཀྱིལ་འཁོར་ལྔ་པོ་འདི་ནི་འཁོར་ལོ་རྩིབས་བརྒྱད་པ་སྒོ་རྐྱང་པ་དེ་ལས་མེད་དོ། །དེ་ནས་ལས་བཅོལ་བ་དང། བསྙེན་པ་འབྲིང་པོ་ཡན་ཆད མཐུན་ནོ། ། །།རྒྱས་པར་བྱེད་ན། འདོད་པའི་དོན་གྲུབ་དམ་པ་སྟེ་ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་པའི་བར་དུ་ཚིགས་བཅད་ཉི་ཤུ་རྩ་བཞི་བརྗོད་པས་སྔགས་ཀྱི་ཡི་གེ་བརྒྱ་རྩ་བཞི་བྱུང་སྟེ། རིན་ཆེན་འབྱུང་ལྡན་མང་པོ་བྱུང་སྟེ། ལས་གཉིས་བྱས་ནས་སེར་སྣ་ཅན་གྱི་རྒྱུད་སྦྱངས་ཏེ། སླར་རིམ་གྱིས་གཞི་པོ་ལ་ཐིམ་མོ། །ཐུན་མཚམས་ནི་གོང་དང་མཐུན་ནོ། །དེ་རྣམས་ནི་རིགས་ཁ་ཕྲལ་བའི་དཀྱིལ་འཁོར་རོ། དེ་ནས་རིགས་བསྡུས་པ་བྱང་སེམས་རྡོ་རྗེ་བྱེད་པར་འདོད་ན་ཡིད་དང་མཐུན་པར་གནས སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ། བདེ་བའི་སྟན་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས། སྣ་ཚོགས་རྡོ་རྗེ་ཡན་ཆད་སྔོན་བཞིན་བསྒོམས་ལ། དེའི་ལྟེ་བ་ལ་ཡི་གེ་བྲུཾ་ལས་གྱུར་པའི་གཞལ་ཡས་ཁང། གྲུ་བཞི་པ་ལ་སྒོ་བཞི་པ། དབུས་ན་དཀྱིལ་འཁོར་སྒོ་རྐྱང་པ་ལྔ་ཡོད་པ་ལྷའི་སྣམ་བུ་ལ་སོགས་པ་དང་ལྡན་པ། རྟ་བབས་མེད་པ། རྒྱན་ཐམས་ཅད་ཕྱིའི་སྒོ་ལ་བརྒྱན་པའོ། །དཀྱིལ་འཁོར་དྲུག་པོ་དེ་ལ་ཇི་ལྟར་གསུངས་པའི་གདོན་ཐམས་ཅད་བསྒོམ་པར བྱའོ། །དེའི་དབུས་སུ་སི་ལཾ་ས་སེངྒེའི་ཁྲི། །དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བྱང་སེམས་རྡོ་རྗེ་སྐུ་མདོག་དཀར་པོ་གཞོན་ནུའི་ཚུལ་ཅན་དབུ་ལ་རིགས་ལྔའི སངས་རྒྱས་ཀྱིས་བརྒྱན་པ། རྡོ་རྗེ་དྲིལ་བུ་བསྣམས་པ་བསྐྱེད་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་རེ། དེའི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་རྩིབས་བརྒྱད་པ་ལ་ཡི་གེ་འབྲུ་དགུ་བདུན་ལ་རེ་རེ། གཅིག་ལ་གཉིས བཀོད་ལ། ཕྲེང་བའི་ཡི་གེ་རྣམས་གཞན་དང་མཐུན། དེའི་ལྟེ་བ་ལ་ཨ་ལས་བསྐྱེད་པའི་ཨ་ར་པ་ཙ་ན་མདོག་དཀར་བ་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་ན་ཡི་གེ་ཨ་དཀར་པོ་དེ་ལས་འོད་ཁ་དོག་རྣམ་པ་དྲུག་དང་ལྡན་པ་བྱུང་སྟེ། འོད་དེས མི་ཤེས་པའི་རི་བོ་བཅོམ་ནས་རང་གི་ལུས་ཉིད་སྣང་བར་བྱེད་པ་བསྒོམ་པར་བྱའོ། །སྣང་བར་གྱུར་མ་ཐག་ཏུ་འོད་རིམ་པ་ནས་རིམ་པར་གསལ་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་སྣང་བར་བྱས་སོ། །དེ་ནས་རྡོ་རྗེའི་སྒོ་དྲུག་ནས་ཁ་དོག་དྲུག་དང་ལྡན་པའི འོད་དེ་བྱུང་སྟེ། ནམ་མཁའ་ཨི་ཁམས་ཀུན་ཁྱབ་པར་བྱས་ནས། སངས་རྒྱས་ཀྱི་ཞིང་ཁམས་གསལ་བར་གྱུར་ཏོ། །ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས། ཐུགས་དཔལ་གྱི་བེའུ་ལ་སྐོར་བ་ལན་གསུམ་བྱས། ཤེས་རབ་དང་ཡེ་ཤེས བཀུག་ནས་མི་གནས་རིམ་པར་ཐིམ་སྟེ། ?་གའི་ཟླ་བ་བདག་ནས་བའི་སྔགས་དང་གཅིག་ཏུ་འདྲེས་པར་གྱུར་ནས་དེ་ཉིད་པ་རྟན་པར་ཡང་དན་ཡན་དུ་བསྒོམ། དེ་ལྟར་བསྒོམས་པས་ཕྱིར་རིང་བོར་མི་ཐོགས་པར་ཡེ་ཤེས་ཀྱི་སྒོ་ནས་སྐུ་དང། ཨའི སྒོ་ནས་གསུང་དང། ཟླ་བའི་སྒོ་ནས་ཐུགས་དང། གསུམ་ཐོབ་སྟེ། སྤྲུལ་པའི་སྐུ་ཡང་མཐོང་བར་འགྱུར་རོ། །དེ་ལྟར་སྦྱོར་བ་དང་པོ་རྫོགས་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་སྟེ། གཙོ་བོ་བྱང་སེམས་རྡོ་རྗེའི་ཐུགས་ཀ་གདན་ཟླ་བ་ལ་སོག་པ་དྲུག་གསལ བར་བྱས་ལ། དེའི་ཨ་ལ་འོད་འཕྲོས་པས་རིམ་པ་ནས་རིམ་པར་གསལ་པོར་བྱས་ཏེ། དོན་གཉིས་བྱས་དེ་བཞིན་གཤེགས་པའི་བཅུད་བསྡུས། སླར་རིམ་པ་ནས་རིམ་པར་ཨ་ལ་ཐིམ་པས། ཨའི་བྱིན་གྱིས་བརླབས་ལས་མཚན་གྱི་ཡི་གེ་ལྔ་བཅུ་རྩ་གསུམ་དུ་རྡོ་རྗེ དབྱིངས་ཀྱི་དཀྱིལ་འཁོར་ལ་སྤྲོས་སོ་དེ་ལ་སྤྲོ་བ་དང་ལྡན་བསྡུ་བ་བྱས་ནས་ཕྱག་མཚན་དུ་གྱུར་ཏོ། །དེ་ནས་ཡང་སྤྲོ་བསྡུ་བྱས་ནས་སྔགས་རིངས་བརྗོད་པས་ལྷ་ལྔ་བཅུ་རྩ་གསུམ་གྱི་ངོ་བོར་གྱུར་ཏོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཆོ་འཕྲུལ་གྱིས་ལྷ་བཞི་བཅུ་རྩ་བཞིར སྤྲུལ་ལ། །དེ་ནས་མི་བསྐྱོད་པའི་ཆོ་འཕྲུལ་གྱིས་ལྷ་ལྔ་བཅུ་ང་གཉིས་སྤྲུལ་ལ། །དེ་ནས་སྣང་བ་མཛའ་ཡས་ཀྱི་ཆོ་འཕྲུལ་གྱིས་ལྷ་ཉིས་བརྒྱ་ཉི་ཤུར་སྤྲུལ་ལོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་ཆོ་འཕྲུལ་གྱིས་ལྷ་ལྔ་བཅུ་རྩ་བཞིར་སྤྲུལ་ལོ། །?་ཡོད་པའི་ཆོ་འཕྲུལ་གྱིས་ལྷ་བདུན ཅུ་རྩ་དྲུག་ཏུ་སྤྲུལ་ལོ། །སྤྱིར་དཀྱིལ་འཁོར་དྲུག་པོ་འདི་ལ་མཚན་བརྒྱད་བརྒྱ་དང། བཅུ་གཉིས་ཡོད་དེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་མཚན་སུམ་ཅུ་སོ་གསུམ་?་ལྷ་ནི་བདུན་བརྒྱ་བདུན་ཅུ་རྩ་དགུའོ། །རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་དགོད་ཅེ་ན། དགོད་རྒྱུ་དྲུག བརྒྱ་སུམ་ཅུ་སོ་གསུམ་མོ། །དབུས་སུ་ཐིམ་པ་བརྒྱ་བཞི་བཅུ་ཞེ་དྲུག་ཡོད་པ་ལ་རྣམ་སྣང་གི་དཀྱིལ་འཁོར་དུ་སུམ་ཅུ་སོ་བདུན་ཐིམ། མི་བསྐྱོད་པར་བཅོ་ལྔ་སྣང་བ་མཛའ་ཡས་སུ་ལྔ་བཅུ་རྩ་ལྔ། རིན་ཆེན་འབྱུང་ལྡན་དུ་ཉི་ཤུ་ཐམ་པ། དོན་ཡོད་གྲུབ་པར་བཅུ་དགུ་སྟེ། བརྒྱ་བཞི་བཅུ་ཞེ་དྲུག་གོ་། དེ་ལྟར་དཀྱིལ་འཁོར་བསྐྱེད་པའི་དུས་སུ་རྡོ་རྗེ་དབྱིངས་ནི་བྱང་སེམས་རྡོ་རྗེས་སོ། །ལྷག་མ་ནི་རང་རང་གི་ཆོ་འཕྲུལ་བྱས་ཏེ། དང་པོའི་སངས་རྒྱས་མི་འགྱུར། གཞིའི་སངས་རྒྱས་དང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་བདག་གི་བློ་ཡིས་སྒྱུར་བར ཤེས་པར་བྱའོ། །དེ་ག་ལ་ཤེས་རབ་འཁོར་ལོ་བདུན་འགྱུར་གྱི་གདམས་ངག་ཅེས་བྱའོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ནས་དེ་ནས་ལས་བཙོལ་བ་དང་བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ། །རྒྱས་པར་ཀློག ན་སྔགས་ཀྱི་ཚིག་བརྗོད་པ་དང་མུ་ཁྱུད་དང། འཁོར་ལོ་ཀུན་ལ་འོད་བྱུང་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པར་སྤྲོས་ཏེ། མཆོད་ཅིང་བསྐུལ་ལ་དོན་བྱས་ནས་སླར་འདུས་ཏེ་དཀྱིལ་འཁོར་ཆེན་པོ་རང་གི་གནས་སུ་བཞུགས་པ་འམ་མི་ལྕོགས་ན ཡིག་འབྲུ་རྣམས་ལ་ཐིམ་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་པ་ནས་རྡོ་རྗེ་ལྕགས་ཀྱུག?་ཆེ་ཞེས་པའི་ཚིགས་བཅད་ཉི་ཤུ་རྩ་ལྔར་རྐང་པ་གཅིག་གིས་མ་ཚད་པ་བརྗོད་ནས། ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཨ་ལས་སྒྲ་ཡིག་བརྒྱད་ན་རྩ་བཞི འཕྲོས་པས་རྣམ་པར་སྣང་མཛད་མང་པོར་གྱུར་ཏེ་ཞིང་ཁམས་ཐམས་ཅད་སྣང?་ཞིང་མཆོད། གཏི་མུག་ཅན་བཏུལ་ནས་འཁོར་ལོ་དང་པོའི་ཡིག་ལ་ཐ?་མར་འམ།?་བསྐུར་གནས་པའོ། །དེ་ནས་རྡོ་རྗེ་འཇིགས་བྱེད་ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས པའི་བར་དུ་ཚིགས་བཅད་བཅུ་དང་རྐང་པ་གཅིག་གིས་ལྷག་པ་བརྗོད་པས་སྔ་མ་བཞིན་དུ་ཁྲོ་བོ་སྤྲོས་ཏེ། ཞེ་སྡང་ཅན་བཏུལ་ནས་འཁོར་ལོ་གཉིས་པའོ། །གར?་བདག་མེད་ཅེས་བྱས་ནས་ཡེ་ཤེས་མེ་ལྕའི་བར་དུ་ཚིགས་བཅད་བཞི་བཅུ་རྩ་གཉིས་བརྗོད་པས ཡི་གེ་ཉིས་བརྒྱ་བདུན་ཅུ་རྩ་ལྔ་བྱུང་སྟེ། འོད་དཔག་ཏུ་མེད་པས་འདོད་ཆགས་ཅན་བཏུལ་ནས་འཁོར་ལོ་གསུམ་པའོ། །འདོད་པའི་དོན་གྲུབ་ནས། རིན་ཆེན?་ཏོག་གི་བར་དུ་ཚིགས་བཅད་ཉི་ཤུ་རྩ་བཞི་བརྗོད་པས་སྔགས་ཀྱི་ཡི་གེ་བརྒྱད་ཅུ་རྩ་བཞི་བྱུང་ནས་ནམ་མཁའ་ཨི་སྙིང་པོར་བྱུང ནས་སེར་སྣ་ཅན་བཏུལ་ནས་འཁོར་ལོ་བཞི་པའོ། །སངས་རྒྱས་ཀུན་གྱི་རྟོགས་བྱས་ནས་འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གི་བར་དུ་ཚིགས་བཅད་བཅོ་ལྔ་བརྗོད་པས་ཡི་གེ་དགུ་བཅུ་རྩ་ལྔ་བྱུང་སྟེ། དོན་ཡོད་གྲུབ་པས་ལེ་ལོ་ཅན་བཏུལ་ནས་སླར་ལྔ་པར གནས་སོ། །འཁོར་ལོ་དྲུག་ནི་ཐམས་ཅད་སྤྱིའོ། །དེ་ནས་མཆོད་སྦྱིན་ལ་སོགས་པའི་དོན་བསྡུས་པ་འམ་བསྟོད་པའོ། །སྔགས་ནི་གོང་དུ་བཀོད་པ་ཉིད་དོ། །དེ་ནས་ལ་སོགས་པ་ནི་ཡི་རང་བའི་བསྟོད་པའོ། །ཕན་ཡོན་ཡང་བརྗོད་པར་བྱ་སྟེ། བདག་དང་གཞན་སྤྲོ པ་བསྐྱེད་པའོ། །དེ་ནས་ཐུན་མཚམས་ནི་སྲོང་དང་མཐུན་ནོ། །དེ་ཡན་ཆད་ནི་གོང་དུ་བསྙེན་པའི་རིམ་པའོ།། །།དེ་ནས་རྡུལ་ཚོན་གྱི་ཆོ་གའི་རིམ་པ་བསྟན་ཏེ། དེ་ནས་རང་དགའ་ཨི་གནས་ཉིད་དུ་ཞེས་པ་ནི་ལྷ་ཁང་ངམ། མཆོད་རྟེན་ནམ། ཀུན་དགའ་ར་བའམ སྐྱེད་ཅེས?་ཚལ་ལམ། ཡིད་དང་མཐུན་པའི་གནས་སུ་བརྙན་མའི་དཀྱིལ་འཁོར་བྱའོ་ཞེས་པའི་དོན་ཏོ། །དེ་ག་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བར་བྱ་ཞེས་གསུངས་པ་ཁོ་ནའོ། །ས་དེ་ཡོངས་སུ་གཞུང་བཞིན་སྦྱང། །གཟུང་དང་སྟན་པས་གཞུང་བཞིན་དུ། །བྱ་བའི་བྱེ་བ? གཞན་ནའོ?་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། དེའི་འོག་ཏུ་ཉིན་རེ་འམ། ཟླ་བ་ར་འམ་ལོ་རེ་ཉིད་དུ་ཇི་ལྟར་མོས་པ་དགའ་བར་བསྒྲུབ་ཅིང། ཟླ་བ་??་ཆོ་ག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་རྒྱལ་པོས་ཁྲུ་བརྒྱ་འམ། ཁྲུལ་བཅུའོ?། །བློན་པོ་དང་བློན་པོ་ཆེན པོ་རྣམས་ཀྱིས་ནི་ཁྲུ་ལྔ་བཅུ་འམ་ཉི་ཤུ་རྩ་ལྔའོ། །དེད་དཔོན་ནམ་ཚོངས་དཔོན་རྣམས་ཀྱིས་ཁྲུ་ཉི་ཤུ་རྩ་ལྔ་འམ་དེའི་ཕྱེད་དོ། །སྤྲུལ?་?་རྣམས་ཀྱི་?་?་གཉིས་སམ་རྡུག་??་ནུས་པ་བྱའོ། །དེ་ལ་དང་པོར་རེ་ཞིག་ཡོ་བྱད་ཐམས་ཅད་ཡང་དག་པར་ལྡན་པའི་མངོན པར་འདོད?་པའི་དཀྱིལ་འཁོར་གྱི་སའི་དབུས་སུ། མི་རུས་ཀྱི་ཕྱེ་མའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་བགེགས་ཉེ་བར་བཟློག་ལ། བདག་དང་སློབ་མ་བཞི་པའི་སྦྱིན་སྲེག་བྱའོ། །དེ་ནས་ས་སྦྱང་བར་བྱ་སྟེ། འདོམ་གང་ངམ། ཁྲུ་གང་ཙམ་འོག་ཏུ་བསྐོས་ལ། དྲི་ཞིམ་པོའི་ཆུས གཏོང་བའི་སས་སླར་བཞང་ལ། རྡོ་རྗེ་རྩེ་མོས་མངོན་པར་སྔགས་པའི་སྤོས་ཆུས་ཆག་ཆག་བཏབ་སྟེ། ཀུན་ཏུ་བརྡུངས་ལ་མཉམ་པའི་ཁང་པ་བརྩེགས་མའི་ནང་དུ་ཆུད་པ། རྟ་བབས་བཞིས་མཛེས་པར་བྱས་པ། སྒོ་བཞི་དང་སྐར་ཁུང་ཅན་ལ་སོགས་པ་ཡིས་ཡོངས་སུ་བསྐོར་ལ། ཐ་མ རྣམས་སུ་ལེགས་པའི་བྲིས་ཤིང་དྲིལ་བུ་བརྟགས་པའི་རྒྱལ་མཚན་མང་པོ་གཟུགས་པ་དང། བླ་རེ་དམ་པ་བྲིས་པ་དང། སངས་རྒྱས་རིན་པོ་ཆེ་ལ་སོགས་པའི་རས་བྲིས་ཉེ་བར་མཛེས་པར་བྱས་ལ། བའི་ལྕི་བས་ཡང་དག་པར་སྦྱངས ཤིང་དྲིས་ཉེ་བར་བྱུག་པ་དང། མཚམས་བཞིར་སྤོས་ཁང་བཞག་ལ། མེ་ཏོག་དང་གོས་ལ་སོགས་པས་ཉེ་བར་མཛེས་པར་བྱས་ལ་ལག་པས་ལ་བཞག་སྟེ་ཧཱུཾ་བཞི་དང་ཡི་གེ་བརྒྱ་པ་ལན་བདུན་དུ་བཟླས་པར་བྱའོ། །དེ་ནས་ཁྲུས་དང་དྲིས་བྱུགས་ལ གོས་དམར་པོའི་སྟོང་གཡོགས་དང། ཟེ་ཀ་བཅིངས་ལ། མེ་ཏོག་གི་ཕྲེང་བ་གདགས་ཤིང། གདོང་དྲི་ཞིམ་པས་བྱུགས་ལ་གདུ་བུ་དང་རྣ་རྒྱན་ལ་སོགས་པས་བདག་ཉིད་ལེགས་པར་བརྒྱན་ཏེ། ཟླ་བ་ཉ་ནས་བརྩམས་ཏེ་ཕྱི་མའི་བར་དུ། དཀྱིལ་འཁོར་གྱི་ལས་བྱ བ་འམ། ཡར་གྱི་ངའི་ཚེས་གཅིག་ནས་བརྩམས་པ་འམ། དེ་བཞིན་དུ་ཚེས་བརྒྱད་དང། དྲུག་འམ་བཅུ་འམ། བཅུ་གསུམ་དང་ཚེས་བཅུ་བཞི་རྣམས་ལ་བརྩམས་ལ་ཉའི་བར་དུའི། །སྔ་དྲོའི་དུས་སུ་བརྩམ་པར་བྱའོ། །དེ་ལ་དང་པོ་དཀྱིལ་འཁོར་གྱི་སའི་དབུས་སུ་གནས ལ་བགེགས་བསལ་བ་ལ་སོགས་པ་བྱ་སྟེ། སེམས་དཔའ་ཨི་སྐྱིལ་ཀྲུང་དུ་འདུག་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང། །ཆོས་ཀྱི་དྲིལ་བུ་ཡང་དཀྲོལ་བར་བྱ། །དམ་ཚིག་ནི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ་སྙིང་པོ་བཟླ་དེ་ལྟར་མཆོག་ཏུ་དམ་ཚིག་གསུམ་ཐོབ་པའི་སློབ དཔོན་གྱིས་རང་གི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བཟུང་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཆོ་ག་བྱ་སྟེ། རྟོག་པ་ཀུན་ལ་ཡང་དག་འཇུག་།དཀྱིལ་འཁོར་ཐམས་ཅད་འཇུག་པ་ནི། །དམ་ཚིག་ཆེན་པོ་གསུམ་བྱའོ། །རྒྱལ་བའི་གསང་སྔགས་སྒྲུབ་པའོ། །དངོས གྲུབ་མཆོག་ནི་ཐམས་ཅད་ཀྱིས། །རྡོ་རྗེ་དྲིལ་བུ་རབ་ཏུ་བསྐུལ། །ཆོ་ག་ལྷག་གམ་མ་ཚང་ཡང། །འགྲུབ་འགྱུར་དམན་པར་མི་བྱའོ། །དེ་ཡང་དང་པོ་སའི་ལྷ་མོ་ཡི་གེ་བཾ་ལས་བྱུང་བ། ལག་ན་བུམ་པ་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམས་ལ། འདོད་པའི་རྒྱལ་པོས་བཀུག་སྟེ། མེ་ཏོག་ལ་སོགས་པས་མཆོད་ལ་གསོལ་བ་གདབ་པར་བྱའོ། །དེ་ལ་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ལ། མཛུབ་མོ་དང་མཐེ་ཆུང་གཉིས་མདུད་པ་བྱ་བ་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་སྟེ། ས་ངགས་ལ་ཊཀྐི་ཧཱུཾ་ཛབདག་གི་བདུད་ཀྱི་སྟེ། །བཅོམ་པར་བྱ་སྟེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་དེ་ཉིད་དུ་ཐིམ་པར་གྱུར་པར་བསམས་ལ། དེའི་སྟེང་དུ་རྡོ་རྗེ་བཅིངས་པ་ཁ་ཐུར་དུ་བསྟན་ཏེ། བཅིངས་ལ་བཞག་གོ་།ོཾ་ཛི་པ་ཧཱུཾ། ཞེས་ལན་གསུམ་བརྗོད་དོ། །དེ་ནས རྡོ་རྗེ་བཅིངས་པ་ལས་བྱུང་བའི། ཧཱུཾ་འབར་བའི་ཚོགས་ཀྱི་ས་གཞི་གཏན་པ་ལ་ཐུག་གི་བར་དུ་རྡོ་རྗེར་གྱུར་པར་བསམས་ལ་འདི་སྐད་བརྗོད་དོ། །དྲི་ཋ་བཛྲ་ཏིཥྛ། དེ་ནི་སའི་ཆོ་གའི་རིམ་པའོ། །དེ་ནས་མཆོད་པའི་བྱེ་བྲག་རྣམས་སྔོན་དུ་བསྟན་པ་བཞིན་བྱ་སྟེ་ཞེས་པ་ནི། མཆོད་པའི་བྱེ་བྲག་མེ་ཏོག་ལ་སོགས་པ་རྣམས་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ནས་ཚང་པར་དགྲམ་ཞེས་པའི་དོན་ཏོ། །སྤྲོ་བའི་སེམས་ནི་རབ་བསྐྱེད་དེ་ཞེས་པའི་དོན་ནི་ལྕེ་ལག་བྱིན་གྱིས་བརླབ་པ་ནས། སྦྱོར་བའི་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང ལས་རྒྱལ་མཆོག་དང། རྡོ་རྗེ་སྒྲུབ་པ་དང་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་དང། བསྟོད་པ་ལ་སོགས་པ་ཡན་ཆད་བྱའོ། །ཚིག་ལྡན་ཕྱག་བྱས་སྤོས་ཐོགས་ཏེ། །བསྟོད་དེ་ལངས་ལ་འགྱིངས་བཅས་པས། །བགེགས་བསལ་དོན་དུ་རབ་ཏུ་བསྐོར། །དེ་ནས ཕུར་བུས་གདབ་པར་བྱ་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། དེ་ནས་དོན་དང་ལྡན་པས་ལུས་དྲི་ཞིམ་པོས་བྱུགས་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། སྟོད་གཡོགས་དང་སྨད་གཡོགས་ཀྱིས་ལེགས་པར་ཀླུབས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐལ་མོ་སྦྱར་ནས་ཅུང་ཟད བཏུད་ལ། དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། ཚིགས་སུ་བཅད་པ་ཕྱེད་དང་བདུན་གྱིས་བསྟོད་ལ་དེ་ནས་འདི་སྐད་བརྗོད་དོ། །ཚིགས་སུ་བཅད་པ་འདི་དག་གིས། །བདག་ཅག་གིས་ནི་བསྟོད་པ་ཡིས། ། ཐེག་པ་ཆེན་པོ་རྟོགས་པ་ཡིས། །ཚུལ་ཆེན་ཡང་ནི་རྒྱུས་པར་མཛད། །མགོན་པོ་ཁྱོད་ལ་གསོལ་བ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་ཡིས། །ཆོ་ག་འདི་ནི་བཤད་པར་གསོལ། །དེ་ནས་འདི་ལྟར་བདག་ཉིད་སྤྲོ?་བསྐུར བར་བྱའོ། །དེང་ནི་བདག་ཚེ་འབྲས་བུ་ཡོད། །བདག་གི་འཚོ་བའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་པར་ནི། །??་དག་ནི་སོ་མ་ཉིད་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པར། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གིས་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། །བདུག་སྤོས་ཕུལ་ལ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡིས། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འདིར། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ། སྔགས་དང་ཕྱག་རྒྱ་དག་གིས་འཁོར་ལོའི་སྟེང་དུ་ནམ་མཁའ་གཞག་སྟེ། རྡོ་རྗེ་སེམས་དཔའ་ཨི་སྦྱོར་བས་རང་གི་རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་བཀོད་ལ། རྐང་པའི་མཐིལ་ནས་ཡོངས་སུ་བཟུང་བ་ནས། རླུང་གི་དཀྱིལ འཁོར་ནས་བརྩམས་ཏེ། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་བར་དུ་རྡོ་རྗེར་གྱུར་བར་ལྷག་པར་མོས་པ་དང། དབང་ལྡན་ཕྱོགས་ནས་བརྩམས་ཏེ་སྐོར་ལ་སྣ་ཚོགས་རྡོ་རྗེ་དེ་དག་པ་ལ་འབྲི་ཞིང། ཧཱུཾ་འདོན་ཞིང་བགེགས་ཐམས་ཅད་སྐྲོད་པ་ལ་སོགས་བསྐོར་བར་བྱའོ། འདིར བཤད་པ་ཕྱག་རྒྱལ་གནས་དེ་བཞིན་ལངས། །ཀུན་ཏུ་རྣམ་པར་བལྟས་ནས་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །སྔགས་པ་རྡོ་རྗེ་སེམས་ཟློག་ཤིང། །རྡོ་རྗེ་ལྟ་བས་བལྟས་ནས་ནི། །དཀྱིལ་འཁོར་གྱི་ནི་ས་ཡི་ཆར།། ཉེས་བར་ལྡན་པའང་དག་པར་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སྙིང་ཁ་དང། དཔྲལ་བར་དང། ལྐོག་མ་དང། སྤྱི་བོར་བྱིན་གྱིས་བརླབས་ལ། གཡས་པ་ཁྲོ་བོའི་རྡོ་རྗེ་ཆེན་པོ་གསར་ཞིང། གཡོན བ་དྲིལ་བུ་གསིལ་ཞིང། །ཁྲོ་བས་འབར་བའི་ལུས་དང། སྐར་བ་ལན་གསུམ་བྱས་ལ་འདི་སྐད་བརྗོད་པར་བྱའོ། །སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང། སེམས་ཅན་ཐམས་ཅད་ཡེ་ཤེས་བླ་ན མེད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ས་ཕྱོགས་འདིར་དཔལ་གསང་བ་དང་ལྡན་པ་ཞེས་བྱ་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་འབྲི་ཡིས། ལྷ་དང་ལྷ་མ་ཡིན་དང། གནོད་སྦྱིན་དང། སྲིན་པོ་དང། ཡི་དགས་དང། ཤ་ཟ་དང། འབྱུང་པོ་དང། རྗེད་བྱེད་དང། མཁའ་འགྲོ མ་དང། གནོན་པོ་དང། ནམ་མཁའ་ལྡིང་དང་མི་འམ་ཅི་དང། རིགས་སྔགས་འཆང་གྲུབ་པ་རྒན་པོ་དང་རྒན་མོ་འཁོར་དང་གཡོག་ཏུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག་།ག་བདག?་མི་འགྲོ་བ་དེ་དག་ངའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་ཚལ་བ་བརྒྱར་ལགས་པར་བྱའོ། ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ལྷ་ལ་སོགས་པ་དེ་རྣམས་ས་དེ་སྤངས་ནས་སོད་པར་བསམས་ལ། དེ་ནས་སྔོན་དུ་སོང་བའི་བསྲུང་བའི་འཁོར་ལོ་ཡང་རྫོགས་པར་བྱའོ། །དེ་ནས་ཕུར་བུས་གདབ་པའི་རྒྱུ་ནི་འདི་ཡིན་ཏེ། སོར་བརྒྱད་པའི་ཚོད་ཀྱིས་སེང་ལྡེང་གི་ཕུར་བུ་ཙན་དན་དམར པོས་བྱུགས་ལ། སྲད་བུ་དམར་པོ་དང། མེ་ཏོག་དམར་པོ་བཅིངས་ལ་སྟོད་ཁྲོ་བོའི་དབྱིབས་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིབས་སུ་འདུག་པ་ཧཱུཾ་བཞི་ལས་བསྐྱེད་དོ། །ོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱཾ་བནདྷ་བནདྷ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་པས་མཛའ་ཡས་དང། རྣམ་པར རྒྱལ་བ་དང། འབྲུག་སྒྲ་དང། གསུམ་པོ་ཆེ་དང་རྒྱལ་བ་ཞེས་བྱ་བ་དང་ལྔར་གྱུར་ཏེ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ། གཡས་པ་རྡོ་རྗེ་ཐོ་བ་བླངས་ལ། ཨོཾ་ཧ་ན་ཧ་ན། དྷ་མ་དྷ་མ། སན་ཙུར་ཎ་ཡ་བཛྲ་མུད་ག་ར་ཧཱུཾ་ཕཊ་ཅེས་རྡོ རྗེ་ཐོ་བ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། མཚམས་བཞི་དབུས་དང་ལྔར་གདབ་པར་བྱའོ། །དེ་ལ་གོ་ཆ་ལ་སོགས་པ་བསྐོན་པར་བྱ་སྟེ། འོག་གི་བགེགས་བཟློག་པའོ། །དེ་ནས་ཏིལ་ནག་དང་མི་རུས་ཀྱི་སྦྱིན་སྲེག་གིས་ཞི་བར་བྱའོ། །དེ་ཡན་ཆད་ནི་བགེགས་བཟློག པའི་ཆོ་གའོ། ། །།དེ་ནས་ལྷག་པར་གནས་པར་བྱ་སྟེ། བཛྲ་ཤི་ཁ་ར་རུཊ་མཊ་ཅེས་བྱ་བས་མངོན་པར་བསྔགས་པའི་སྤོས་ཆུས་དཀྱིལ་འཁོར་ཉེ་བར་བྱུགས་ལ། གུར་ཀུམ་དང། ཨ་ཀ་རུ་དང། ཙནདན་དང་ག་པུར་དང། གླར་རྩི་ལ་སོགས་པའི་དྲི་ལ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་ཀྱིས་བཏབ་ལ། ལྷ་རྣམས་ཀྱི་གྲངས་ཇི་སྙེད་པའི་དྲིའི་ཐིག་ལེ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཡིད་ཀྱིས་དཀྱིལ་འཁོར་ཡོངས་སུ་བརྟགས་ཏེ། དཀྱིལ་འཁོར་དེ་རྣམས་སུ་རྣམ་པར་སྣང་མཛད་ཆེན་པོ་ཡོངས་སུ གྱུར་ནས་རྗེ་བཙུན་འཇམ་དཔལ་དུ་གྱུར་བ་ལ་སོགས་པ་རང་གི་སྙིང་པོས་བཞུགས་ལ། མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་དོ། །དེ་ནི་ལྷ་ལྷག་པར་གནས་པའོ། །དེ་ནས་བུམ་པ་ལྷག་པར་གནས་པར་བྱ་སྟེ། དབང་བསྐུར་བའི་ཕྱིར་རྣམ་པར་རྒྱལ་བའི་བུཾ པ་སྔགས་ཀྱིས་མངོན་པར་གདབ་པོ། །དེའི་ཆོ་ག་ནི་འདི་ཡིན་ཏེ། པཾ་ལས་རིན་པོ་ཆེའི་རང་བཞིན་གྱི་བུམ་པ། རྩ་བ་ནག་ནོག་མེད་པ། ལྟོ་ཆེ་བ་མགྲིན་པ་རིང་བ། ཁ་གྱེ་བ་བསྐྱེད་ལ། དེའི་དབུས་སུ་ཧྲི་ལས་བྱུང་བའི་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར བསམས་ཏེ། དེར་ལྷ་རྣམས་ཀྱི་འཁོར་ལོ་རང་གི་དམ་ཚིག་གི་གནས་པས་བཞུགས་པར་བསམས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཡོངས་སུ་གང་བར་བསམས་ནས། སྨན་ལྔ་དང་རིན་པོ་ཆེ་ལྔ་དང། ལྡན་པ་མེ་ཏོག་ཕྲེང་བས་བཅིངས་པའི གསང་བའི་རྡོ་རྗེ་སྙིང་པོ་ཅན་ལ་མགུལ་བ་གོས་གཙང་མས་དཀྲིས་ལ། ཨ་མྲའི་ལོ་མ་ལ་སོགས་པས་ཁ་བརྒྱན་པར་བྱས་ལ་དཀྱིལ་འཁོར་ལྷའི་སྔགས་ཀྱིས་མངོན་པར་བཟླས་ཤིང། ཨོཾ་བཛྲོད་ཀ་ཧཱུཾ་ཧཱུཾ་ཞེས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། སྤོས་ལ་སོགས པས་མཆོད་ནས་དཀྱིལ་འཁོར་ལ་བསྐོར་ཏེ། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྱན་མངར་བཞག་ལ། དཀྱིལ་འཁོར་གྱི་ཉིན་མོ་དུས་གསུམ་བཟླས་བརྗོད་བྱས་ནས་དཀྱིལ་འཁོར་དུ་ཡང་བཟླས་བརྗོད་བྱས་ཏེ་དེས་དབང་བསྐུར་བར་བྱའོ། །སིང་ཁྲི་བྱ་ཀྲི་ཀ་ར་ཎཾ་ཀ། ཧ་ས དེ་བ་ཨཽཏཔལ། སྨན་རྣམས་ཀུན་ཞེས་པ་ལ་ལྔ་པོ་འདི་དག་ཤོས་པར་བྱའོ། །འབྲས་ཀྱི་སོ་བ་མོ་སྲན་གྲེའུ། ནས་ཏིལ་དང་ལྔ་ལ་འབྲུ་རྣམས་ཀུན་ཞེས་ལས་རྣམས་ཀུན་ལ་འདི་དག་གཟུང་ངོ། །བྱུ་རུ་གསེར་ས་ལེ་སྦྲམ་མུ་ཏིག་ནོར་བུ་སྟེ། རིན་པོ་ཆེ་ཀུན་ཞེས་པ་ལ་ལྔ པོ་འདི་དག་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་དང་ཕྱག་རྒྱ་དང་བཅས་པས་ལས་ཐམས་ཅད་པའི་བུམ་པ་ལ་མངོན་པར་བསྔགས་ལ། དེ་བཞིན་དུ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་དཀྱིལ་འཁོར་གྱི་སྒོར་བཞག་པར་བྱའོ། །དེ་ལ་སྔགས་དང ཕྱག་རྒྱ་ནི་འདི་ཡིན་ཏེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ། གྲིཧྞཱ་བ་ཡ་གྲིཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོརྒྱའོ། །ཞེས་གསུངས་པའོ། དེ་ནས་གསོལ་བ་འདི་ལྟར་གདབ་པར་བྱ་སྟེ། ཇི་སྲིད་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དེ་སྲིད་དུ་འདིར་འདུག་པ་རྣམས་བཅོམ་ལྡན་འདས་ཀྱིས་བཟློག་ཏུ་གསོལ་ཞེས་བྱའོ། །དེ་ནས་ཕྱི་རོལ་ཏུ་གཏོར་མ་ཕྱིན་ལ་ཉེ་རེག་བྱ་སྟེ། དེ་ཡན་ཆད་ནི་བུཾ པ་ལྷག་པར་གནས་པའི་རིམ་པའོ། །དེ་ནས་སློབ་མ་ལྷག་པར་བྱ་སྟེ། དད་ཅིང་གུས་པས་ཕྱག་བྱས་ནས་སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་རེ་ཞིག་སློབ་མ་རྣམས་ཁྲུས་བྱས་ཤིང་གོས་གཙང་མ་གོན་ལ་ལག་ཏུ་མེ་ཏོག་ཐོགས་ལ་སློབ་དཔོན་ལ་ཕྱག་བྱས་ ཏེ། འདི་སྐད་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་ཨི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་ལ་གསོལ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་གསོལ། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྙིང་གར་སྙིང་པོ་བཞག་སྟེ། སུ ད་ཧ་ས་མ་ཡ་སྟཝཾ། ཧོ་བཛྲ་སིདྷ?་ཨ་ཐཱ་སུ་ཁཾ། དེ་ནས་དེ་བཞིན་གཤེགས་པ་དེའི་སྤྱི་བོར་ལག་པ་བཞག་ལ། རྡོ་རྗེ་ལས་ཀྱི་སྙིང་པོ་བརྗོད་ནས་སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་བཛྲ་རཀྵ་ཞེས་བྱ་བས་གོ་ཆ་བསྐྱེད་ལ། རྐང་པའི་མཐར་ཐུག་པའི་བར་?? པར་བྱའོ། །དེ་ནས་རྡོ་རྗེ་དྲིས་ལག་བར་དྲི་བྱོན། མེ་ཏོག་གིས་མེ་ཏོག་གཏོར། བདུག་པས་བདུག་པ་གཏུལ་ཏེ། མར་མེས་མར་མེ་ཉེ་བར་བསྟན་ལ། རེ་རེ་ཞིང་འདི་སྐད་བརྗོད་པར་བྱ་སྟེ། དིང་ནས་བརྩམས་ཏེ་བདེ་བ་ཐམས་ཅད་ལྡན་པར་གྱུར་པས་ཉེ་བར་གནས པར་གྱིས་ཤིག་། དེ་ནས་སློབ་མ་ཡི་གཙོ་བོ་ལ་བོས་ཏེ། འདི་སྐད་བརྗོད་པར་བྱ་སྟེ། འཇིག་རྟེན་འདི་ནི་དོན་མེད་དེ། །ཕྱི་མའི་དོན་དུ་གཉེར་བའི་བུ། །ཁྱོད་ནི་ཚུལ་ཆེན་སྣང་ཡིན་ཏེ། བུ་ཚུར་ཐེག་བ་ཆེན་པོ་ཡིས། །གསང་སྔགས་སྤྱོད་ཚུལ་ཆོག་འདི། །ཁྱོད་ལ ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲ་ལ་ཕན་ཕྱིར་བཞུགས་པ་དག་།དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པས་མཚན་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་བ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས འདི་གྱིས་ཤིག་། རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོར་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ནས་ཆོ་ག་འདིས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག སྟེ། ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང་པདྨ་དང། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང། སྙིང་པོ་དང་ཕྱག་རྒྱ་དང། གསང་སྔགས་དང། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ བདག་མིང་འདི་ཞེས་བགྱི་བ། ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། པདྨ་དང། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང། སྙིང་པོ་དང། ཕྱག་རྒྱ་དང་གསང་སྔགས་དང། རིག་སྔགས་ཀྱི་ལྷ་ཐམས ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བླ་ན་མེད་པའི་སོ་སོར་བཤགས་པར་བགྱིའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་དབྱིངས་མ་ལུས་པར་རྟོགས་པའི་བསོད་ནམས་ཐམས་ཅད་མཁྱེན་ཞིང་རྗེས་སུ་ཡི་རང་བར་མཛོད་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡིད་? བགྱིའོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན། ཆོས་ཀྱི་འཁོར་ལོ་མི་བསྐོར་བ་དེ་དག?་ལ་བླ་ན་མེད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །གང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ནན་ཏན་ལྷུར མཛད་པ་དེ་རྣམས་ལ་སེམས་ཅན་གྱི་ཁམས་ཇི་སྲིད་གནས་པ་དེ་སྲིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བར་འཚལ་ལོ། །ཞེས་ལན་གཉིས་སམ་གསུམ་བརྗོད་དོ། །དེ་ནས་མཚན་ཉིད་དང་ལྡན་པའི་སློབ་མས་སློབ་དཔོན་དུ་འོས་པས་ཡོངས་སུ་བཟུང་ལ། ཁས ལེན་པར་བྱ་བའི་ཕྱིར་བཞིན་བཟངས་སྨྲོས་ཤིག་ཅེས་བརྗོད་པར་བྱའོ། །སློབ་མས་ཀྱང་འདི་སྐད་བརྗོད་པར་བྱའོ། །བྱང་ཆུབ་སེམས་ནི་བླ་མེད་པ། །སློབ་དཔོན་བདག་ལ་ཙལ?་དུ་གསོལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས གསུམ། །སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཆེ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་བདག་ཀྱང་བདག་ལ་གསོལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང། །སློབ་དཔོན་ཉིད་ནི་བདག་ལ་གསོལ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། སློབ་དཔོན་བདག་ནི་བདག་བགྱིད་དོ། །རིན་ཆེན་རིགས་མཆོག་ཡིད་འོང་བའི། །དམ་ཚིག་དག་ཀྱང་བདག་ལ་གསོལ། །པདྨའི་རིགས་ནི་དག་པ་དང། །དེ་བཞིན་ལས་ཀྱི་རིགས་ཆེན་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མགོན་པོས་དམ་ཚིག་བདག་ལ་གསོལ།། ཞེས་ལན་གཉིས་ལན་གསུམ་བརྗོད་དོ། །དེ་ནས་སྡོམ་པ་སྦྱིན་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་བདག་ལ དགོངས་སུ་གསོལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་ན་བཞུགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། རིན་ཆེན་མཆོག་དང། འཇིག་རྟེན་དབང་ཕྱུག་དང། དོན་ཡོད་གྲུབ་པ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང། །དེ་དག་བརྟན་པ་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན མཆོག་གསུམ། །དིང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་གཏོང་ངོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡིས། ། དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ཡང་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དམ་པ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང། །མ་བརྒལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བར་ནི་གྲོལ་བར་བགྱི། །དབུགས མ་ཕྱིན་པ་དབུགས་འབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གཉིས་ལན་གསུམ་དུའོ། །དེ་ནས་གཞན་ཡང། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་བསྐྱབས་སུ་མཆི། །བདག་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་ཏུ་ནི་སེམས བསྐྱེད་དོ། །?་པ་འདིས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ལ། འདིས་སྨོན་ལམ་འདེབས་སུ་གཞུག་པར་བྱ་སྟེ། བདག་གི་?་པའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་དང་མྱུར་དུ་སངས་རྒྱས་ཤོག་།འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་པ་ཕྱིར་ཅིང། ། སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ་ཞེས་བྱའོ། །དེ་ནས་ཆོས་བསྟན་པར་བྱ་སྟེ། ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེང་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་ཡི། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གི་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོག་གནས་མེད་དེ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ལས་དང་བྱ་བ་སོགས་བྲལ ?་བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་པ་ཐོབ་པར་འགྱུར། །དེ་ནས་བཛྲ་ཧ་ས་ཧ་ཞེས་བྱ་བས་མངོན་པར་བསྔགས་པའི་སོ་ཤིང་གི་རྩེ་མོར་དྲིས་བསྐུས་ཤིང་མེ་ཏོག་གིས་བརྒྱན་པ། ཤིང་མངར་པོའི་མ་ཅན་ལས བྱུང་བ། ཚད་སོར་བཅུ་གཉིས་པ་འཆའ་རུ་གཞུག་པར་བྱའོ། །སློབ་མ་ཁ་ཤར་ཕྱོགས་སུ་བལྟས་ཏེ། མི་སྨྲ་པར་ནི་སོ་ཤིང་འཆའ། །འཆའ་བ་ཟིན་ནས་མི་མིགས་ཞིང། །ཕན་ཚུན་དུ་ཡང་མི་འདོར་རོ། །སོ་ཤིང་མདུན་དུ་དང་པོར་དོར དེ་ཚེ་བདག་ལ་བལྟ་བ་དང། །རྩེ་མ་གྱེན་དུ་བསྒྲེང་འགྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་ཤར་དུ་ཁ་བལྟས་ན། །དེ་ཡི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ། །སོ་ཤིང་བོར་བ བརྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པའི་ས་འོག་གི་།དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །དེ་ནས་ནམ་ཞེས་བྱ་བའི་གླུའི་རྡོ་རྗེ་ཡོངས་སུ་བཟླས་པའི་ཆུས་འཐོར་འཐུང་བྱ་བའི་ཕྱིར་བྱིན་ལ། ཨོཾ་ཧྲཱིབི་ཀ་ལ་པ་ན་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བ་མངོན་པར་བཟླས་ཤིང་ཆུ་ཁྱོར་པ་གསུམ་འཐུང་དུ་གཞུག་པར་བྱའོ། །དེ་ནས་ཀུ་ཤ་གཅིག་ལ། ཨོཾ་བཛྲ་ཏཱིཀྵྞ་བྷཱུཾ?་ཞེས་བྱ་བ་མངོན་པར་བཟླས་ལ་བྱིན་ལ་འདི་ལྟར་མགོན་པོའི་སྔས་སུ་ཞོ་གཅིག་ཅེས་བསྒོའོ། །ཡང་ཀུ་ཤ་གཞན དག་ལ་རྡོ་རྗེ་གནོད་སྦྱིན་གྱི་གསང་སྔགས་མངོན་པར་བཟླས་པས་སྟན་དུ་བྱ་བའི་ཕྱིར་སྦྱིན་པར་བྱའོ། །རྡོ་རྗེ་གནོད་སྦྱིན་མངོན་པར་བཟླས་པའི་བསྲུང་སྐུར་མདུད་པ་གསུམ་དང་ལྡན་པ་ལ་ཡང་ཡི་གེ་བརྒྱ་པ་བཟླས་བརྗོད་བྱ་སྟེ། དཔུང་པ་གཡོན་པ་བསྲུང་བའི་ཕྱིར དང་བརྟན་བར་བྱ་བའི་ཕྱིར་བཅིང་བར་བྱའོ། །ོཾ་བཛྲ་ཡཀྵ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་སོ། །ོཾ་མཉྫུ་ཤྲཱི་ས་མ་ཡ། མ་ནུ་པཱ་ལ་ཡ་མཉྫུ་ཤྲཱི་ཏྭེ་ནོ་པ་ཏིཥྛ། དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མ་མེ པྲ་ཡཙྪ། སརྦ་ཀརྨམ་སུ་ཙ་མེ། ཙིཏྟཾ་ཤྲི་ཡརྣམས་ཐར་པ་ཆེན་པོའི་རང་བཞིན་གྱི་གྲོང་ཁྱེར་མཐོང་བར་འགྱུར་གྱིས། ཇི་ལྟར་མཐོང་བའི་རྨི་ལམ་རྣམས་ཀྱང་སྨོས་ཤིག་ཅེས་བརྗོད་ལ་སླར་གཏང་ངོ། །དེ་ནས་ནང་བར་མཚན་མོའི་མཐར་རྨི་ལམ་གང་དག་མཐོང་བ་དྲི་བར་བྱའོ། །རྨི་ལམ་མཐོང་ནས་རྨི ལམ་བཟང་པོ་འམ་ངན་པ་འཛེམ་པ་མེད་པར་བརྗོད་པར་བྱའོ། །རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང། །དེ་ལ་མཆོད་པ་རྩོམ་པ་དང། །དགེ་སློང་དག་ལ་ཆོས་ཉན་ཏམ། །ཡང་ན་གཞན་ལ ཉན་ཀྱང་རུང། །ཆོས་ནི་རྣམ་པར་སྤྱོད་པ་དང། །དེ་བཞིན་གླེགས་བམ་ཀློག་བ་དང། །རྨི་ལམ་དགེ་འདུན་མཐོང་བ་དང། །ཡང་ན་དགེ་སློང་གཅིག་ཏུ་མཐོང། །དེ་དང་འགྲོགས་ཤིག་གཏམ་ཟེར་དང། །ཡང་ན་དགེ་སློང་དངོས་པོར་མཐོང། །གཙུག་ལག་ཁང་དག་མཐོང བ་དང། །དེ་བཞིན་དགེ་སློང་མ་དག་མཐོང། །རྒྱལ་བའི་སྲས་རྣམས་མཐོང་བ་དང། །དེ་བཞིན་ཕ་མ་བླ་མ་དང། །མཛའ་བོ་རྣམ་པ་སྣ་ཚོགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་བསླབ་པ་འཛིན་པ་དང། །ཀུན་དགའ་ རྣམ་པ་སྣ་ཚོགས་དང། །འབབ་ཆུ་རྣམས་དང་རྒྱ་མཚོ་དང། །རི་དང་གླང་པོ་ཆེ་དག་ཀྱང། །མཐོང་ན་ཡང་ནི་བཟང་པར་གྲགས། །རྒྱལ་པོ་དག་ནི་མཐོང་ན་ཤིས། །བདེ་གཤེགས་སྤྱོད་དང་མཐུན་པ་ཡི། །དཀའ་ཐུབ་ཅན་དང་བྲམ་ཟེ་དང། །ཕྱུག་པོ་སྐྱེས་བུ་དམ་པ་དང། །བ དང་རྟ་དང་ངང་པ་དང། །སེངྒེ་དང་ནི་རི་དགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །བཀྲ་ཤིས་པ་ཡི་བྱ་རྣམས་དང། །གསེར་ངག་དང་ནི་གཏེར་རྣམས་དང། །རིན་པོ་ཆེ་དང་དངུལ་དག་དང། །ནོར་ནི་རྣམ་པ་སྣ་ཚོགས་དང། །མདོར་ན་འབྱུང་ཁུངས་རྣམ་པ་དང། །མཚོན་ཆ རྣམས་དང་འབྲུ་རྣམས་དང། །འབྲས་བུ་རྣམས་དང་མེ་ཏོག་དང། །རྒྱན་གྱི་རྣམ་པ་སྣ་ཚོགས་དང། །ཁ་ཟས་དང་ནི་གོས་རྣམས་དང། །བྱིས་པ་དང་ནི་གཞོན་ནུ་མ། །བུད་མེད་གཟུགས་ནི་བཟང་མོ་དང། །རྨི་ལམ་དུ་ནི་མཐོང་ན་བཟང། །ཡང་ན་ཐོབ་ཅིང་རག་སྨྲ་དང། །རྨི་ལམ་དུ་ནི དབང་བསྐུར་དང། །རྒྱལ་པོར་འགྱུར་ཞིང་འབྱོར་བ་དང། །དམག་དཔོན་དུ་ནི་གྱུར་པ་དང། །གཡུལ་ལ་རྒྱལ་ཞིང་དགྲ་གསོད་དང། །གཉེན་དང་ལྷན་ཅིག་འགྲོགས་པ་དང། །ལྷ་རྣམས་ཀྱང་ནི་མཐོང་བ་དང། །ཐེག་པ་དང་ནི་ཤིང་རྟ་ཞོན། །དེ གཞིན་རི་དང་ཁང་ཐོག་འཛེགས། །ངོ་ཚར་རྣམ་པ་སྣ་ཚོགས་དག་།རྨི་ལམ་དུ་ནི་མཐོང་ན་དགེ་།ཡམ་ཤིང་མེ་ལ་སྦྱིན་སྲེག་བྱ། །བྱ་བ་བཟང་པོ་དག་ལ་འཇུག་།ཆུ་ལས་རྒྱལ་ཞིང་རོ་ལས་རྒལ། །རྐུན་པོ་དག་ནི་ཚར་གཅེད་དང། །སྟོབས་འགྱེད་པ་ལས་རྒྱལ་བ་དང། གྱད་སྟོབས་རྡོབ་ཅིང་འགྱིང་བ་དང། །རྩེད་མོ་སྣ་ཚོགས་རྨི་བ་དང། །དེ་བཞིན་རྩལ་དང་སྟོབས་འགྱེད་དང། །བཀྲ་ཤིས་དག་ནི་ཐམས་ཅད་དང། །མཐོང་ན་རབ་ཏུ་དགེ་བར་བཤད། །གསང་སྔགས་ཆོ་ག་ཉན་པ་དང། །དགའ་སྟོན་དགེ་བ་མཐོང་བ་དང། །སྒྲུབ་པ་བཟང་པོ རྩོམ་པ་དང། །དེ་ལ་སོགས་པའི་ལྟས་རྣམས་ནི། །དགེ་བ་རྣམ་པ་དུ་མ་དག་།བློ་ཡི་རྣམ་པར་དཔྱད་བྱ་ཞིང། །དེ་ལས་བཟློག་པ་སྤང་བར་བྱ། །དགེ་བ་རྣམས་ནི་འགྲུབ་པར་འགྱུར། །མི་དགེ་རྣམས་ནི་མི་འགྲུབ་པོ། །མི་དགེ་བ་དག་ཤེས་ནས་སུ། །དེ་དག་མཁས་པས་སྤང བར་བྱ། །དགེ་བ་ཡི་ནི་ལྟས་རྣམས་ནི། །རབ་དང་འབྲིང་དང་ཐ་མ་ལས། །གསང་སྔགས་དངོས་གྲུབ་རྣམ་གསུམ་མོ། །མི་དགེ་བ་ལ་ཞི་བ་ཡི། །སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས། །བ་ཡི་མར་ལ་བརྒྱ་རྩ་བརྒྱད། །ཆོ་བ་བཞིན་དུ་ཞི་བ་དང། །དེ་ནས་སློབ་མ་སྡིག་བྲལ ཞིང། །རྣམ་པར་དག་པ་དེ་དག་ལ། །རྗེས་སུ་བརྩེ་བར་བྱ་བའི་ཕྱིར། །ཅི་འདོད་པར་ནི་གཟུང་བར་བྱའོ། །དེ་ནས་དཀྱིལ་འཁོར་ཡང་དག་པར་མཆོད་ལ་བཟླས་བརྗོད་དང་བསྒོམ་པ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་བདུག་སྤོས་གཏུལ་ལ། ཕྱོགས་བཅུར་བཞུགས་པའི སངས་རྒྱས་རྣམས། །སྲས་བཅས་འཇིག་རྟེན་རྣམ་གྲངས་དང། །རྡོ་རྗེ་རིགས་ཆེན་རིགས་དག་དང། །དེ་བཞིན་པདྨ་ལས་ཀྱི་རིགས། །སྙིང་པོ་སྔགས་དང་རིགས་རྣམས་དང། །གང་ཡང་ལྷ་ཡི་ཚོགས་རྣམས་ཀུན། །ཆོས་ཀྱི་དབྱིངས་ནས་ངེས་བཞུགས་པ། །དེ་རྣམས་བདག་ལ་དགོངས སུ་གསོལ། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ཆོས་དབྱིངས་རང་བཞིན་གྲོང་ཁྱེར་མཆོག་།དཀྱིལ་འཁོར་སང་ནི་བྲི་བར་བགྱི། །ཐུགས་བརྩེ་ཉེ་བར་བཞག་ནས་ནི བྱིན་གྱི་བརླབ་པ་མཛད་དུ་གསོལ། །དེ་ནས་རང་གི་སྔགས་དང་ཕྱག་རྒྱ་དག་གིས་འཁོར་ལོ་བཏག་ལ། དེ་བཞིན་གཤེགས་པ་དེ་རྣམས་ཉིད་དང་བའི་ཤིལ་ལྟ་བུའི་ཁང་པ་བརྩེགས་པའི་ནང་དུ་ཞུགས་པར་ཁ་སྦྱོར་བ་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱཾསྟེང་དང་འོག་དང་བར་དུ་བཀྲ་ཤིས་པར་བྱ་བའི་ཕྱིར། ཨོཾ་ལྔ་ལྔ་དང། ཡང་སྟེང་དུ་ཨ་ལྔ་དང། འོག་ཏུ་ཧཱུཾ་ལྔ་བསམས་ཏེ། དེ་ལྟར་??་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་དུ་སློབ་མའི་གཙོ་བོ་དང། ལྷན་ཅིག་བསམ་གཏན་ལ་མཉམ་པར་བཞག་པའི ཟླ་དང་ཉལ་བར་བྱའོ། །དེ་ཡན་ཆད་ནི་སློབ་མ་ལྷག་པར་གནས་པའི་རིམ་པའོ།། །།དེ་ནས་ནང་པར་སྐྱ་རེངས་ཤར་ཙམ་མཁྲུས་བྱ་བ་སྔོན་དུ་འགྲོ་བ་ནས་ལྷའི་རྣལ་འབྱོར་བྱས་ལ། ཉི་མ་ཤར་ཀར་ཐིག་གདབ་པ་ཙམ་པར་བྱ་སྟེ། འཁོར་ལོས་སྦྱར་བའི་ང་རྒྱལ་བྱས ལ་སྲིད་བུ་སྔོན་པོ་དང་སེར་པོ་དང་དམར་པོ་ལྗང་གུ་དང་དཀར་པོ་དང་དྲི་ཞིམ་པོས་ཁ་བསྒྱུར་ལ་གོ་རིམས་འདི་ཉིད་ཀྱིས་གཞག་ལ། ཧཱུཾ་ཏྲཱཾ་ཧྲཱིད་ཨེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཁ་དོག་ཇི་ལྟར་འོད་ཀྱི་སྤང་དུ་རང་སེམས་ལ་མིག་གཉིས་སུ་ཨོཾ་དཱི་བ་ཏ་དྲིཥྚ་ཨཾ་ཀུ་ཤ་ཛཐིག་གདབ་པའི་ཕྱིར་རྡོ་རྗེའི་ཐིག་གདབ་ལ་གསོལ་ཅིག་བསྐུལ་བར་བྱའོ། །བདག་པོ་རྣམས་ཀྱིས་བཏང་བའི་འོད་ཟེར་གྱིས་རང་རང་གི་སྲད་བུ་གང་བར་བསམ་མོ། ། ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨ་པ་རས་པ་ར་ཨ་ནུ་པྲ་བི་ཤྱཱ་སརྦ་དྷརྨཱ། ཨ་ཏྱ་ན་ཏ་ཨ་ནུ་པྲ་བིཤཊ་སརྦ དྷརྨཱ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་ཟློས་ཤིང་བསྒྲིལ་བར་བསམས་སོ། །དེ་ནས་མ་དང་བུ་ལས་ཉི་མ་དང་ཟླ་བ་སེར་པོ་སྣང་བ་མིག་གཉིས་སུ་བསྐྱེད་ལ། བཛྲ་ཏིཥྛ་མ་ཏ་ཞེས་བྱ་བས་བརྟན་པར་བྱས་ནས། གསེར་ལ་སོགས་པའི་སྣོད་དུ་སྲད་བུ་གཞག ལ་དྲི་དང། མེ་ཏོག་ལ་སོགས་པས་མཆོད་ལ། ཨོཾ་བཛྲ་ས་མ་ཡ་སུ་ཏྲཱཾ་མཱ་ཏ་ཀྲ་མ་ཧཱུཾ་ཞེས་བྱ་བའི་རྡོ་རྗེ་བསྡམས་པས་བཟུང་ལ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །རིང་ཟུང་ནི་དཀྱིལ་འཁོར་གྱི་ཉིས་བརྡབ་བོ། །ཕྲ་སྤོབ་ནི་སྒོའི་ཉི་ཤུ་ཆའོ། །དེ་ནས་དཀྱིལ་འཁོར ཐིག་གདབ་པར་བྱ་སྟེ། སློབ་དཔོན་ཤར་དུ་བལྟས་སློབ་མ་ནུབ་ཏུ་བལྟས་ལ། ལག་པ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སྲད་བུ་ལྟེ་བ་ནས་བཟུང་ལ་ཛགྱིས་?་བར་བྱའོ། །དེ་ནས་འདེབས་ཀར་འདི་སྐད་བརྗོད་པར་བྱ་སྟེ། ནམ་མཁའ་གང་བའི་བདེ་གཤེགས་རྣམས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ནི། །ཐམས་ཅད་འདིར་ནི་གཤེགས་སུ་གསོལ། །ཁྱེད་ཀྱིས་འགྲོ་དོན་མཛད་པའི་རིགས། །ོཾ་བཛྲ་ས་མ་ཡ་སཱུ་ཏྲཱ མ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་དེ། ཇི་ལྟར་གཞན་ནས་གསུངས་པ་ལྟར་གདབ་པར་བྱའོ། །དེ་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི་དབུས་སུ་ཕུར་བུ་བཙུགས་ལ་དེ་ལ་སྲད་བུ་བཏགས་ཏེ། དབུས་འཁོར་ལོ་རྩིབས་བཞི་འམ་རྩིབས་བརྒྱད་པ། དེའི་ཕྱིར་མི་རྩིབས་བཅུ དྲུག་པ་དེའི་ཕྱི་རིམ་དུ་རྒྱན་མེད་པའི་སྒོ་གཞུག་སྟེ། རྩིག་པའི་ཆ་དང་འདོད་ཡོན་དང། དྲ་པ་ཕྱེད་པས་བརྒྱན་པའོ། །རྟ་བབས་ལ་སོགས་པ་རྒྱན་གཞན་ནི་མེད་པར་གདབ་བོ། །དེའི་ཕྱི་རོལ་དུ་རྡོ་རྗེ་ཕྲེང་བས་བསྐོར་ལ། འཁོར་ལོ་རྩིབས་བཅུ་དྲུག་པར་གདབ་བོ། ། དེའི་ཕྱི་རོལ་ཏུ་ཕྲེང་བས་བསྐོར་ལ། གྲུ་ཆད་བཞི་ཡིས་བརྒྱན་ཏེ་ལྷ་སྣམ་མེད་པའི་སྒོ་དང་ཐིག་གདབ་བོ། །དེ་ལ་རྒྱན་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པར་གདབ་བོ། །དེའི་ཕྱིར་འཁོར་ལོ་རིམ་གསུམ་ལྡན་པ་ལ། །སྣམ་བུ་མུ་ཁྱུད་རྣམས་ཀྱིས་བརྒྱན། །རྟ བབས་དང་ནི་ཏྭ་ར་ཎ། །ཤིན་ཏུ་མཛེས་པའི་རྒྱན་གྱིས་བརྒྱན་ཞེས་གསུངས་ཏེ། དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཐིག་བསྟན་ནས་ནི། རིགས་ཁ་བྲལ་བའི་ཐིག་འདེབས་ན་ཐམས་ཅད་ཀྱི་དབུས་འཁོར་ལོ་རྩིབས་བརྒྱད་པ། ལྷ་སྣམ གཅིག་པ། སྒྲོ་ཀྱང་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གདབ་བོ། །དེ་ནས་རིགས་བསྡུས་པའི་ཐིག་འདེབས་ན་དབུས་འཁོར་ལོ་རྩིབས་བཞི་ཕོ་བྲང་དང་བཅས་པར་གདབ་པོ། །སློབ་དཔོན་ཀླུ་སྒྲུབས་ཀྱི་ཞལ་ནས་ཕོ་བྲང་ཐིག་བཞི་བཏབ་པས་ལེ་ཚ་དགུར?་དུ་ཡོད པ་ལ། རྡོ་རྗེའི་གདུང་བཞི་བཏང་ལ་ཕྱོགས་བཞི་དབུས་དང་ལྡན་དེ་བཞིན་གཤེགས་པ་ལྔ་འཁོར་དང་བཅས་པའི་ཕོ་བྲང་ལྔ་བྱ་གསུང་ངོ། །དེ་ཡང་འགལ་བ་མེད་དོ། །དེ་ནས་མདུན་དུ་མི་བསྐྱོད་པའི་དཀྱིལ་འཁོར། གཡས་སུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར རྒྱབ་ཏུ་སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར། གཡོན་དུ་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་ཐིག་གདབ་བོ། །ཕྱིའི་དཀྱིལ་འཁོར་རྣམ་སྣང་གིའོ། །ནང་གི་དཀྱིལ་འཁོར་དེ་དག་ཀྱང་གྲུ་བཞི་པ། །སྒོ་བཞི་པ། རྟ་བབས་མེད་བའོ། །ཕྱིའི་དཀྱིལ་འཁོར་ལ་ནི་རྟ་བབས ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པའོ། །དཀྱིལ་འཁོར་འདི་དག་ཐམས་ཅད་ཀྱི་ཕྱི་རོལ་དུ་ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་ཐིག་གདབ་པར་བྱའོ། །དེ་དག་ནི་ཐིག་གདབ་པའི་རིམ་པའོ། །དེ་ནས་དཀྱིལ་འཁོར་དེ་ལ་གལ་ཏེ་འགྲན་ཞིང་གེགས་བྱེད་ན་དེ་བཟློག་པའི ཆོ་ག་ནི་ནམ་མཁའ་དྲི་མེད་ལས་ཤེས་པར་བྱའོ། །དེ་ནས་ཚོན་དགྱེ་བ་བརྩམ་པར་བྱ་སྟེ། སྲད་བུ་ལ་བཤད་པའི་ཁ་དོག་གི་རིམ་པས་ཚོན་རྩི་རྣམས་བླངས་ལ། ཧཱུཾ་ཏྲཱཾ་ཧྲཱིཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བ་འདི་དག་ཕྱག་རྒྱ་དང་བཅས་པས་སྟོང་རྩ་བརྒྱད་མངོན་པར་བཟླས་བརྗོད་བྱའོ། །དེ་ལ་འདིའི་ཕྱག་རྒྱ་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ཀ་ལ། །མཛུབ་མོ་རྩེ་མོར་རབ་སྦྱར་ནས། །བྱས་ནས་ཚོན་རྩི་ཐམས་ཅད་ལ། །འབར་བའི་ལྟ་བས་དགུག པར་བྱ། །མཐར་ཡི་གེ་ཧྲི་དང་རྡོ་རྗེ་ཉི་མའི་ཕྱག་རྒྱ་?་བར་བྱ། དེ་ཡང་འབར་བའི་ལྟ་བ་ནི་འདི་ཡིན་ཏེ། རབ་ཏུ་མྱུར་བར་?་བའི་མིག་།མིག་ནི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་སུ་གསུངས། །འགྲོ་བ་ཐམས་ཅད་འགུགས པའོ། །དེ་ལ་ཚོན་མང་པོར་བྱ་བའི་ཕྱིར་བདེན་པའི་བྱིན་གྱིས་བརླབ་པར་བྱས་ཏེ། བདེན་པ་གང་གིས་སེམས་ཅན་རྣམས་ལ་སངས་རྒྱས་རྣམས་སེམས་ཅན་རྗེས་སུ་དགའ་བས་ཆགས་པར་མཛད་པའི་བདེན་པ་དེས་ཚོན་རྩི་འབར་བར་གྱུར་ཅིག་ཅེས་བྱའོ། །དེ་ནས དབུས་ཀྱི་ཕུར་བུ་ཧཱུཾ་བཞིས་ཕྱུང་ལ། བུ་ག་ཚོན་སྣ་ལྔས་དགང་སྟེ། དེ་ནས་ཚོན་དཀར་པོ་བླངས་ལ། ཨོཾ་བཛྲ་རཀྵ་ས་མ་ཡ་ཧཱུཾ་ཞེས་བརྗོད་དེ་དབུས་སུ་དཀྱེ་ལ། དེ་ནས་དབང་ལྡན་ཕྱོགས་སུ་སོང་སྟེ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱི་རིམ་པ་རུ་མཉམ་ཞིང་རྒྱུན་མ་ཆད པར་མཛུབ་གང་བར་དྲངས་ལ་དེས་ཚོན་རྩི་བདེ་བར་བྲི་བར་བྱའོ། །དེ་ཡང་དྲུག་སྟོང་པའི་རྒྱུད་ཕྱི་མའི་ལེའུ་དགུ་པ་ནས། རྡོ་རྗེ་འཆང་ཆེན་པོས་འདི་སྐད་གསུངས་ཏེ། ཀྱེ་མ་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས། །བརྙན་མའི་དཀྱིལ་འཁོར་རྡུལ་ཚོན་ནི། རིན་ཆེན་ལྔ་ལས་གྲུབ་པ་སྟེ། །དབུས་ཀྱི་ཕོ་བྲང་ལེ་ཚེ་རྣམས། །ཤར་ཕྱོགས་བཻཌཱུརྱ་ལས་གྲུབ་ལྷོ་ནི་གསེར་ལས་གྲུབ་པ་སྟེ། ནུབ་ནི་པདྨ་རཱ་གའོ། །བྱང་ནི་ཨཻནྡྲ་ནཱི་ལ་སྟེ། དབུས་ནི་དུང་ལས་གྲུབ་པའོ་ཞེས་གསུངས་ཏེ། དེ་ནི་འབྱོར་པ་རབ་པོ། །འབྱོར་པ་འབྲིང གིས་འབྲུ་རྣམས་སོ། །འབྱོར་པ་ཐ་མས་ནི་རིན་པོ་ཆེ་གསེར་གྱི་ས་གཞི་ལ་བྱིན་གྱིས་བརླབས་ཏེ་བྲི་བར་བྱའོ། །དེ་ཡང་ཆོ་ག་བསྡུས་པའི་རྒྱུད་ལས་གསུངས་པ། ཤར་ཕྱོགས་སུ་ནི་སྔོན་པོ་སྟེ། །ལྷོར་ནི་སེར་པོ་ཡིན་པར་དེས། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་དུ་ལྗང གུ་ཡང་དག་བྲི། །དབུས་ཀྱི་ལྟེ་བ་དཀར་པོ་སྟེ། །གོང་རས་རྣམས་ཀྱང་དེ་ག་ལྟར། །རེ་མིག་རྣམས་ནི་ལྗང་གུ་སྟེ། །དེ་ཡི་ཕྱི་རྒྱབ་འཁོར་ལོ་ནི། །བཻཌཱུརྱའི་མདོག་འདྲ་བ། །རྩིབས་མཚན་པདྨ་རཱ་ག་འདྲ། །གྲུ་ཆད་ལྗང་གུ་མཚོ་དང་བཅས། །པཉྩ་རིན་ཆེན་ཕ་གུ་ལྔ།། དཀར་དང་ལྗང་དང་དམར་དང་སེར། །སྔོན་པོ་ཕྱིའི་རྩེ་ལའོ། །སྒོ་ནི་ཕྱོགས་ཀྱི་མདོག་དང་སྦྱར། །ཕྱི་རོལ་འཁོར་ལོ་བཅུ་དྲུག་ནི། །བརྩོ་མ་གསེར་གྱི་མདོག་འདྲ་ལ། །རྩིབས་མཚན་བཻཌཱུརྱའི་འོད། །ཕྱི་ཡི་རྩིག་པ་ལྔ་པོ་ཡང། །ཕ་གུ་ལྔ་ཡི་རིམ་པ་བཞིན། ། ཁྱམས་ནི་པདྨ་རཱ་གའི་མདོག། འདྲ་བའི་རང་བཞིན་མཐིང་ག་ལ། །མངའ་ཡབ་ཨཻནྡྲ་ནཱི་ལའོ། །བཀྲ་ཤིས་བྱ་ཡི་ཚོགས་ཀྱིས་བརྒྱན། །རྟ་བབས་ལ་སོགས་ཅི་མཛེས་པར། །མཁས་པས་ཇི་ལྟར་འཚམ་པར་བྲི། །དེ་ནི་ཚོན་གྱི་རིམ་པ་སྟེ། །མི་ཤེས་དྲང་ཕྱིར་ཀུན་རྫོབ་བསྟན། དོན་གྱི་ངོ་བོ་བརྗོད་དུ་མེད་ཅེས་གསུངས་སོ། །དེ་ལ་དབྱད་དེ་བྲི་བ་ནི། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚོན་ནོ། །དེ་ནས་ཁ་བྲལ་བ་རྣམས་ཀྱི་དཀྱིལ་འཁོར་གྱི་ཚོན་དགྱེ་ན། དཀྱིལ་འཁོར་དབུས་འགྱུར་མཛའ་མི་འགྱུར། །དབུས་ནི་འཁོར་ལོ་རྡོ་རྗེ་དང། །པདྨ་རིན་ཆེན རྒྱ་གྲམ་མཚན། །ལེ་ཚེ་དགུ་ལ་ཀ་བ་བརྒྱད། །ཐམས་ཅད་ལ་ནི་རབ་ཏུ་གསུངས། །རྣམ་པར་སྣང་མཛད་དཀྱིལ་འཁོར་ནི། །དབུས་ཀར་རེ་མིག་ལྗང་གུ་ལ། །འཁོར་ལོ་རྩིབས་བརྒྱད་དཀར་པོ་དགྱེ། །རྩིབས་མཚན་རྣམས་ནི་དམར་པོ་སྟེ། །རྡོ་རྗེ་ཕྲེང་དཀར་གཞི་མ་སེར། །ཤར་སྔོ ལྷོ་ནི་སེར་པོ་ལ། །ནུབ་དམར་བྱང་དུ་ལྗང་གུའོ། །རྩིག་པ་དཀར་ནས་རིམ་བར་དབྱེ། །ཁྱམས་ལ་སོགས་པ་སྤྱི་དང་མཐུན། །མི་བསྐྱོད་པ་ཡི་དཀྱིལ་འཁོར་ནི། །དབུས་སྔོ་ཕྲེང་བ་དཀར་པོ་ལ། །འཁོར་ལོ་སྔོན་པོ་རེ་མིག་ལྗང། །རྩིབས་མཆན་རྣམས་ནི་དམར་པོ་བཏང། །རྡོ་རྗེ ཕྲེང་ནག་གཞི་མ་དཀར། །ཤར་དཀར་ལྷོ་ནི་སེར་པོ་ལ། །ནུབ་དམར་བྱང་ནི་ལྗང་གུའོ། །རྩིག་བ་སྔོ་ནས་རིམ་པས་བགྱེ། །ཁྱམས་ལ་སོགས་པ་སྤྱི་དང་མཐུན། །འོད་དཔག་མེད་པའི་དཀྱིལ་འཁོར་ནི། །དབུས་དམར་ཕྲེང་པ་དཀར་པོ་ལ། །འཁོར་ལོ་དམར་ལ་རེ་མིག་ལྗང། །རྩིབས མཆན་རྣམས་ནི་དཀར་པོར་བྱ། །རྡོ་རྗེ་ཕྲེང་ལྗང་གཞིམ་སེར། །ཤར་སྔོ་ལྷོ་ནི་སེར་པོ་ལ། །ནུབ་དཀར་བྱང་ནི་ལྗང་གུ་སྟེ། །རྩིག་པ་དམར་ནས་རིམ་པས་དགྱེ། །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་ནི། །དབུས་སེར་ཕྲེང་བ་སྔོན་པོ་ལ། །འཁོར་ལོ་སེར་ལ་རེ་མིག་ལྗང། །རྩིབས མཚན་རྣམས་ནི་སྔོན་པོ་ལ། །རྡོ་རྗེ་ཕྲེང་དམར་གཞི་མ་ལྗང། །ཤར་སྔོ་ལྷོ་ནི་སེར་པོ་ལ། ནུབ་དམར་བྱང་ནི་ལྗང་གུ་སྟེ། །རྩིག་པ་སེར་ནས་རིམ་པས་དགྱེ། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་ནི། །དཔུས་ལྗང་ཕྲེང་བ་དམར་པོ་ལ འཁོར་ལོ་ལྗང་ལ་རེ་མིག་སེར། །རྩིབས་མཚན་རྣམས་ནི་སེར་པོ་སྟེ། །རྡོ་རྗེ་ཕྲེང་སྔོན་གཞི་མ་སེར། །ཤར་སྔོ་ལྷོ་ནི་སེར་པོ་ལ། །ནུབ་དམར་བྱང་ནི་དཀར་པོ་སྟེ། །རྩིག་པ་ལྗང་ནས་རྣམ་པར་དགྱེ། །ཞེས་དྲུག་སྟོང་པའི་རྒྱུད་ཕྱི་མ་ནས་གསུངས་སོ།། ཁྱིམས་ལ་སོགས་པ་ནི་ཐམས་ཅད་ལ་མཐུན་ནོ། །དེ་ནས་རིགས་སྡུད་པའི་རྡུལ་ཚོན་དགྱེ་ན། དབྱིབས་ནི་རྡོ་རྗེ་དབྱིབས་ཀྱི་དཀྱིལ་འཁོར་ལྟར། ལྷག་མ་ནི་རང་རང་གི་དཀྱིལ་འཁོར་ལྟ་བུའི་ཕྱིའི་རྒྱན་ནི་སྤྱི་དང་མཐུན་ནོ། །ཁོར་ཡུག་དང་ཁོར་ཡུག ཆེན་པོ་ནི་དམར་པོ་དང་དཀར་པོ་ལ་བྱས་ལ་རྡོ་རྗེ་སེར་པོ་དང་འོད་གྱི་རེ་བ་བྱའོ། །དེ་ཡན་ཆད་ནི་རྡུལ་ཚོན་བྲི་བའི་རིམ་པའོ།། །།དེ་ནས་ཕྱི་རོལ་དུ་དྲི་ཞིམ་པོས་ཉེ་བར་བྱུགས་ལ། མེ་ཏོག་གི་སལ་མ་གཏོར་ཏེ། ཡི་གེ་བརྒྱ་བ་བཟླས་པའི ཆུས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཕྱི་དང་ནང་དུ་བཅས་པ་ཀུན་ལ་གསང་གཏོར་བྱའོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱི་དྲོའི དུས་སུ་གླུ་དང་རོལ་མོ་དང་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་དང་པོའི་འཁོར་ལོ་ཇི་སྙེད་པ་དང། ཅི་འདོད་པ་བཞིན་དུ་མཆོད་ཅིང་བརྟག་པར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་དམ་ཚིག་སེམས་དཔའ་ཨི་སྐུ་གཟུགས་ལུགས མ་ལ་སོགས་པས་ཡི་གེ་ཞེས་གནས་སུ་བཞུགས་སུ་གསོལ། དེ་ནས་ཡི་གེ་ཕྱིན་ཅི་མ་ལོག་པར་ཁ་སྦྱོར་གྱི་སྦྱོར་པ་བསལ་ལ་བར་སྣང་ལ་བཞུགས་བའི་ལྷ་རྣམས། ཨོཾ་ཧཱུཾ་ཧྲཱིཀྱི་སྙིང་པོ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །དེ་ལ་ཕྱག་རྒྱ་བཞིའི་དོན་དང་ལྡན་པར་བྱའོ། །དེ་ལ་མཆོད་པ་རྣམས་ཀྱིས་མཆོད་ལ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་ཅེས་པ་ལ་སོགས་པས་བསྟོད་དེ། བརྟན་པར་བཞུགས་སུ་གསལ་ལོ། །དེ་ནས་རྣམ པར་རྒྱལ་པ་ལ་སོགས་པའི་བུམ་པ་རྣམས་མགོན་པོ་འཇམ་དཔལ་སྤྱན་སྔར་གཞག་པར་བྱའོ། །བུམ་པ་གཞན་དག་ཀྱང་མི་བསྐྱེད་པ་ལ་སོགས་པའི་མཚན་མོ་དང་ལྡན་པའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ། ཨོཾ་བཛྲོད་ཀ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་གོས་སྣ ཚོགས་ཀྱིས་བརྒྱན་པ་འབུམ་མམ་ཁྲི་འམ་སྟོང་ངམ། བརྒྱ་འམ་རིགས་སོ་སོ་རེ་རེ་བཞག་གོ་།སྤྱི་ལ་དེ་བཞིན་དུ་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་པས་ཧ་ཅང་མི་རིང་མི་ཉེ་བར་བཀུར་སྟི་གུས་པ་སྔོན་དུ་འགྲོ་བས་ཤར་ཕྱོགས་སུ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ བཀླག་བར་བྱ། ལྷོར་ནི་རིན་པོ་ཆེ་ཏོག་།ནུབ་ཏུ་སྡོང་པོས་བརྒྱན་པ། །བྱང་དུ་ཟླ་བ་སྒྲོན་མའི་མདོ་བཀླག་པར་བྱའོ། །གར་མཁན་དང་རོལ་མོ་ལ་སོགས་པའི་ལྟད་མོ་མང་པོ་ཡང་ཕྱོགས་བཞིར་བྱིད་དུ་གཞུག་གོ་།ཟུར་བཞི་དར་གྱི་རྒྱལ་མཚན་བཞི་ཡང་བསྐྱེད་བར་བྱའོ། །མེ ཏོག་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་པ་དང། དཀར་གསུམ་དང་མངར་གསུམ་དང། ཁུར་བ་ལ་སོགས་པའི་བཟའ་བ་དང་བཅའ་བ་ལ་སོགས་པ་རྣམ་བ་མང་པོ་ཡང་ཅི་རིགས་དགོད་པར་བྱའོ། །དེ་ཁོ་ན་ལ་བ་དན་དྲུག་དང་རྔ་མས་བརྒྱན། དྲིལ་བུ་དང་ཚོན་རྒྱལ མཚན་སོགས། །དེ་ལ་སོགས་པའི་རྒྱན་རྣམས་ནི། །ཤིན་ཏུ་མཛེས་བར་རྒྱན་པའོ་ཞེས་པ་ལ་སོགས་རྒྱན་མཆོག་ནི། འདིའི་སྐབས་སུ་རིམ་པས་བསྟན་ཞེས་གསུངས་པ་དེ་ལ་འདི་སྐད་ཅེས་བྱའོ། །དེ་ཡན་ཆད་ནི་བརྙན་མའི་དཀྱིལ་འཁོར་གྱི་རིམ་པའོ།། །། དེ་ནས་གོང་མའི་དུས་སུ་སྔགས་བ་ཁྲུས་བྱ། རྒྱན་ཆ་བགོ་།ལུས་ལ་དྲི་ཞིམ་པོས་བྱུགས་ནས་གཡས་པ་རྡོ་རྗེ་ཐོགས་ལ་?་པ་དྲིལ་བུ་དཀྲོལ་ཞིང། མ་ཚང་བའི་ལྷག་མ་ཁ་བསྐང་བའི་ཕྱིར་ལན་བདུན་ནམ་ལྔ་འམ་གསུམ་དུ་ཡི་གེ་བརྒྱ་པ་བཟླ་ཞིང་བསྐོར་བར་བྱའོ། །དེ་ནས བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས་བཟུང་ལ། སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང། ལས་རྒྱལ་མཆོག་དང། རྡོ་རྗེ་སྒྲུབ་པ་དང། ཕྱག་རྒྱ་བཞིས་རྒྱས་གདབ་བ་ཡན་ཆད་བྱས་ལ དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང། ལྷ་མོ་བརྒྱད་དང། དེ་བཞིན་གཞན་དག་གིས་མཆོད་དོ། དེ་བཞིན་དུ་མཆོད་པ་ཉི་ཤུས་ཀྱང་ཡང་དག་པར་མཆོད་ལ། དེ་ནས་གདུགས་དང་རྒྱལ་མཚན་དང། བ་དན་སྣ་ཚོགས་བ་རྣམ་པར་བཀྲ་བ་བརྒྱ སྟོང་ལ་སོགས་པའི་གྲངས་སྙེད་དམ། འབྱོར་བ་ཅི་ཡོད་པ་ལས་དབུལ་བ་དང། རོ་ལ་སོགས་པའི་ཞལ་ཟས་དང། སྭསྟི་ཀ་ལ་སོགས་པའི་བཟའ་བ་སྣ་ཚོགས་པ་འབུམ་མམ། བརྒྱ་སྟོང་སྙེད་དུ་དབུལ་བར་བྱ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨམ་ཎཱི་ཨཱདྱ་ནུཏ པན་ན་ཏྭཏ་ཅེས་བརྗོད་ལ་དབུལ་བར་བྱའོ། །རོལ་མོ་བཅུ་ཕྲག་སྟོང་ངམ། བརྒྱ་ཕྲག་སྟོང་ངམ། བཅུ་ཨོཾ་ཧཱུཾ་ཧྲཱིཔོ་ཆེ་དང། མྲི་ཏ་ཀ་དང། རྔ་རིངས་དང། རྐེད་ཉག་དང་ཏི་མི་ལ་ཞེས་བྱ་བ་དང་བཅུའོ། །རས་དཀར་པོ་ཟུང་ཁྲི་འམ་སྟོང་དམ་བརྒྱ་དབུལ་བར་བྱའོ། །ཤིན་ཏུ་བརྟགས་པའི་རྟ་དང་གླང་པོ་ཆེ་དང། བ་ལང་གི་ཁྱུ་རྣམས་དང། ཨོཾ་བཛྲ་སཕ་ཎ་ར་ཁི་ཞེས་བྱ་བ་མངོན པར་བཟླས་ལ་དབུལ་བར་བྱའོ། །དེ་ནས་སྦྱིན་སྲེག་གིས་ལས་ཕྲན་ཚོགས་ཀྱི་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར། །གཞན་ཡང་སྦྱིན་སྲེག་བྱེད་པ་ན། ལས་བཤད་དེ་དག་གཞན་དུ་མེད་ཅེས་པ་གསུངས་ཏེ། གཞན་དུ་གོང་དུ་གསུངས་པའི་རྣལ་འབྱོར་རྣམ་པ་གསུམ གྱི་དོན་བསྒོམ་པས་འོག་ནས་འབྱུང་བའི་སྦྱིན་སྲེག་འདི་ཡང་བྱའོ་ཞེས་པའི་དོན་ཏོ། །ལས་བཤད་ཅེས་བ་ནི་ལས་ནི་བདག་དང་གཞན་གྱིའོ། །བཤད་པ་ནི་སྒྲུབས་ཐབས་འདི་རུའོ། །གཞན་དུ་མེད་ན་ནི། དོན་གཞན་དང་མི་བསྲེ་བར་འོག་ནས་འབྱུང་བའོ། །བདག་གི་ལས དང་གཞན་གྱི་ལས་ཞེས་གསུངས་པ་ཁོ་ནའོ། །དེ་ལ་དང་པོ་ལ་བདག་དོན་དང་ལྡན་པར་བྱ་བའི་ཕྱིར། དེ་ལ་བདག་གི་ལས་བསྟན་པ་ཞེས་གསུངས་ཏེ། བདག་གི་ལས་ལ་ཡང་བཞི་སྟེ། དེ་ཡང་ཕྱི་དང་ནང་དུ་སྣང་བའི་རྣམ་པར་རྟོག་པ་སྦྱང་ཞིང་ཞི་བར་བྱ་བའི་ཕྱིར ན་ཞི་བའི་སྦྱིན་སྲེག་དང་ཚེ་དང་བསོད་ནམས་རྒྱས་པར་བྱ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་དང། བསམ་པ་ཡིད་དང་འཐད་པ་ཐམས་ཅད་དབང་དུ་བྱ་བའི་ཕྱིར་སྦྱིན་དབང་གི་སྦྱིན་སྲེག་དང། ཕས་ཀྱི་རྒོལ་བ་དན་པ་དང། སྦྱོར་བ་ངན་པ་ཐམས་ཅད་རྒྱུན་བཅད པར་བྱ་བའི་ཕྱིར་དྲག་པོའི་མངོན་སྤྱོད་དང་བཞིའོ། །དེ་ནས་དེའི་ཡམ་ཤིང་ལ་སོགས་པ་བསྟན་པའི་ཕྱིར། ཤིན་ཏུ་དགེ་བའི་ཤིང་བུ་ནི་ཞེས་གསུངས་པ་ནི་ཞི་པ་ལ་དགེ་པ་སྟེ། དཀར་པོ་ལ་འོ་མ་ཅན་མངར་བའི་རོ་དང་ལྡན་པའོ། །རྒྱས་པ་ལ་དགེ་བ་སྟེ་སེར་པོ་ཁ བའི་རོ་དང་ལྡན་པའོ། །དབང་ལ་དགེ་བ་སྟེ། དམར་བ་སྦྱར་བའི་རོ་དང་ལྡན་པའོ། །མངོན་སྤྱོད་ལ་དགེ་བ་སྟེ། ནག་པོ་ཚེར་མ་ཅན་གྱི་ཤིང་ཚ་ཤིང་རྩུབ་པའི་རོ་དང་ལྡན་པས་བྱ་ཞེས་པའི་དོན་ཏོ། །དེའི་ངོ་བོ་གང་ཡིན་ཞེ་ན། དེ་བསྟན་པའི་ཕྱིར། ཙནདན་ཤུག་པ་ཞེས་པ་ནི ཞི་བའོ། །སོགས་ཞེས་པའི་ཁོངས་སུ་རྒྱས་པ་ལ་སྐྱེད་པ། དབང་ལ་པདྨ་དམར་པོའི་ཤིང། མངོན་སྤྱོད་ལ་གང་ཞིག་ཚེད་མ་ཅན་གྱི་ཤིང་ལ་བྱའོ་ཞེས་པའི་དོན་ཏོ། །དྲི་ཞིམ་དང་ལྡན་མཛེས་པའི་ཤིང་ཞེས་པ་ནི་ཞི་བ་ལ་ཁ་དོག་དཀར་པོ་མདང་བའི་རོ་ཡིས བྱུག་པའོ། །དབང་ལ་ཁ་དོག་དམར་པོ་སྦྱར་བས་བྱུག་པའོ། །རྒྱས་པ་ལ་ཁ་དོག་སེར་པོ་རོ་ཁ་བས་བྱུག་པའོ། །མངོན་སྤྱོད་ལ་ཁ་དོག་ནག་པོར་བྱ་ཞིང་ངོ་ཚ་ཞིང་རྩུབ་པས་བྱུག་གོ་ཞེས་པའི་དོན་ཏོ། །དེ་ནས་ཤིང་གི་རིང་ཐུང་གི་ཚད་བསྟན་པའི་ཕྱིར། ཟླུམ་པོ་ལ སོགས་དབྱིབས་སུ་རྩིག་ཅེས་གསུངས་པའི་དོན་ནི་འདི་ཡིན་ཏེ། ཞི་བའི་ཐབ་ཁུད་ནི་ཁ་དོག་དཀར་པོ། དབྱིབས་ཟླུམ་པོ་ཆེ་ཆུང་ནི། ཁྲུ་གང་དུ་བྱའོ། །ཐབས་སུ་ཁྲུ་ཕྱེད་བརྐོས་ལ། ཁ་ཁྱེར་སོར་བཞིས་བསྐོར་བར་བྱ་སྟེ། དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བ་བཏང་ངོ། །དེ་ནས རྒྱས་པའི་ཐབ་ཁུང་ནི་ཁ་དོག་སེར་པོ། །རྒྱར་ཁྲུ་ངོ་པ། ཁྲུ་བཞི་པ་ཁྲུ་གང་ཐབས་སུ་བརྐོ། ཁ་ལ་སེར་བཞི་བསྐྱེད་ལ། ཁ་ཁྱེར་སོར་བཞི་པ་ཡིས་གྲུ་བཞིར་བསྐོར་རོ། །དབུས་ཀྱི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ་བཏང། ནང་དུ་པདྨའི འབྲས་བུ་ཕྱི་རོལ་གྱི་སོར་བཞི་ལ་པདྨས་བསྐོར་བར་བྱའོ། །དེ་ནས་དབང་གི་ཐབ་ཁུང་ནི་དབྱིབས་ཟླ་གམ་ལ། ཟླ་གམ་གྱི་ཁ་ལ་སོར་ཉི་ཤུ་ཐམ་པ་ཡོད་པ། རྒྱལ་སོར་བཞི་བཅུ་ཡོད་པ། ཟབས་སུ་སོར་བཅུ་བསྐོར་བར་བྱ་སྟེ། ཁ་དོག་ནི་དམར་པོའོ། །ཁ ཁྱེར་ལ་སོར་གསུམ་གྱིས་བསྐོར། དབུས་ཀྱི་ཁ་ཁྱེར་ལ་མངའ་གཞུ་དང་ལྕགས་ཀྱུ་བཏང། དེའི་ཕྱི་རོལ་ཏུ་ཞགས་པས་བརྒྱན་པའོ། །དེ་ནས་མངོན་སྤྱོད་ཀྱི་ཐབ་ཁུང་ནི་ཁ་དོག་ནག་པོ། །དབྱིབས་ཟུར་གསུམ་པ། ངོས་རེ་ལ་སོར་ཉི་ཤུ་ཉི་ཤུའོ། །ཟབས་སུ་སོར བཅུ་བརྐོའོ། །སོར་གསུམ་ཕྱིར་བསྐྱེད་ལ་ཁ་ཁྱེར་སོར་གསུམ་གྱིས་བསྐོར། དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་རྩ་གསུམ་པས་བསྐོར། དེའི་ཕྱི་རྒྱབ་དུ་མདའ་གཞུ་དང། མདུབ་རྩེ་གསུམ་པ་དང་དགྲ་སྟ་དང། །ཁ་ཊཝཱཾ་ག་སྤེལ་ལ་གཏང་ངོ། །དེ་ལ་རང་རང་གི་མཚན་མ་ཡང བྲིའོ། །དེ་ནས་མེ་སྤར་བ་ནི་ཞི་བའི་མེ་ནི་དགོན་པ་འམ། འོན་ཏེ་གཙུགས་ཤིང་ལ་བཏོན་ལ་དབུལ་ལ་སོགས་པའི་སྣོད་དཀར་པོའི་ནང་དུ་རླུང་ཡབ་ཀྱིས་སྤར་ལ། ལེགས་པར་འབར་བ་དང་གཟོད་བུད་ཤིང་གི་ནང་དུ་བླུགས་སོ། །རྒྱས་པའི་མེ་ནི་རྒྱལ་པོ་འམ་འོན་ཏེ། བུ་མང་པོའི་ཁྱིམ་ནས་བླངས་ཏེ། གསེར་རམ་སེར་པོའི་སྣོད་སར་པར་སྤར་རོ། །དབང་གི་མེ་ནི་སྨད་འཚོང་མའི་ཁྱིམ་ནས་བླངས་ལ་ཟངས་ཀྱི་ཀྱོང་བུ་སར་པར་སྤར་རོ། །མངོན་སྤྱོད་ཀྱི་མེ་ནི་ཤན་བ་ནག་པོའི་ཁྱིམ་ནས་བླངས་ལ་ལྕགས་ཀྱོང་སར་པའི་ནང་དུ་རླུང ཡབ་ཀྱི་སྤར་ལ། ལེགས་པར་འབར་བ་དང། གཟོད་བུད་ཤིང་གི་ནང་དུ་བླུགས་སོ། །དེ་ནས་ཨོཾ་བཛྲ་ཛཝ་ལ་ཛཝ་ལ་ཧཱུཾ་ཞེས་བརྗོད་ཅིང་མར་གྱི་དགང་བླུགས་གསུམ་གྱིས་མེ་གསོ་བར་བྱའོ། །དེ་ནས་ཐབ་ཁུང་དེ་བསངས་ལ། དམ་ཚིག་གི་མེ་ལྷ་བསྐྱེད་པར་བྱ་བའི ཕྱིར་ཐབ་ཁུང་དུ་མེ་ཏོག་གཏོར་ལ། པཾ་ལས་སྣ་ཚོགས་པདྨའི་གདན་བསྐྱེད་ལ། དེ་ནས་དང་པོའི་སངས་རྒྱས་བསྒོམ་པར་བྱ་ཞེས་པ་ནས། དབུ་ལ་ཡེ་ཤེས་སེམས་དཔའ་བརྒྱན་ཞེས་པའི་བར་ནི་དཀྱུས་ཉིད་གསལ་ལོ། །དེ་ནས་ཡེ་ཤེས་ཀྱི་མེ་ལྷ་ཤར ལྷོ་མཚམས་ནས་སྤྱན་དྲང་སྟེ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སོང་མཆོག་།སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གན་ཡ་རམ་རམ་པྲ་པེ?་ཤ ཕཊ། ཨ་བེ་ཤ་ཡ་ཨ་ཞེས་དམ་ཚིག་དང་གཉིས་སུ་མེད་པར་བསྟིམ་མོ། །དེ་ལ་མཆོད་པ་ཡིས་མཆོད་ནས་གཤེགས་སུ་གསོལ་ལོ། །དེ་ནས་དམ་ཚིག་གི་མེ་ལྷའི་ཐུགས་ཀར་ལྷ་ཚོ་བསྐྱེད་དེ། དེའི་ཐུགས་ཀར་ཨ་ལས་ཟླ་སྟེངས་སུ་ཞེས་པ་ནས། སྐུ་གསུང་ཐུགས དང་ལྡན་པར་བསམ་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་རྫས་ཀྱི་རིམ་པ་བསྟན་པའི་ཕྱིར། དེ་ལ་སྲེག་བླུགས་དབུལ་བ་ནི་ཞེས་གསུངས་པའི་གོང་དུ་བསྐྱེད་པའི་ལྷ་ཚོགས་དེ་ལ་འོག་ནས་འབྱུང་བའི་རྫས་རྣམས་དབུལ་བར་བྱའོ། །ཞེས་པའི་དོན ཏོ། །མར་དང་ཏིལ་དང་ཡམ་ཤིང་དང། མངར་གསུམ་འདག་བུ་དཀར་གསུམ་ནི། ཞི་བའི་རྫས་ལ་བཤད་པའི། །ཞེས་གསུངས་པ་ནི་ཞི་བའི་རྫས་སོ། །རྒྱས་དང་དབང་དང་དྲག་པོ་དགུག་།དེ་ལས་གསུངས་པའི་རྫས་རྣམས་ནི། །འདི་ལས་མ་གསུངས་གཞན་དག ལས། རྒྱས་པར་བསྟན་ཏེ་དེར?་ཤེས་བྱ་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། ཞོ་ཟན་དང་ཏིལ་དང། དུར་བ་དང་འབྲས་སོ་བ་དང། ཀུ་ཤ་དང་འབྲས་ཀྱི་ལག་པན་དང། ནས་ཆན་དང། གྲོ་ཆན་རྣམས་བསོག་གོ་ཞེས་པའི་དོན་ཏོ། །དེ་ཡང་ཁ་དོག་དང་རོ་དང་ཡམ ?་??་གསུངས་པ་ལྟར་འདིར་ཡང་ངོ། །རྫས་ཐམས་ཅད་ནི་རྣལ་འབྱོར་པའི་གཡས་སུ་སྒྲིག་པར་བྱའོ། །མཆོད་རྫས་ཐམས་ཅད་ནི་གཡོན་དུ་སྒྲིག་པར་བྱའོ། །དེ་ནས་དགང་གཟར་བླུགས་གཟར་ཁ་སྦྱར་ཞིང་དབུལ་བ་ནི་ཞིབ་པ་མར། རྒྱས་པ་ལ་ཞོ། །དབང ལ་མེ་ཏོག་ཨཽཏཔ་ལ། མངོན?་སྤྱོད་ལ་ཚེར་མ་དབུལ་ཏེ། སྣ་དྲང་པའོ། །དབུལ་བ་ནི་སྔགས་རིངས་ཀྱི་ཞབས་ལ། ཨོཾ་སརྦ་བཱ་སཾ་ཤནྟིང་ཀུ་རུ་ཡེ་སྡིག་པ་ལ་སོགས་པ་ཞི་བར་གྱུར་ཅིག་སྭཱཧཱ། བུཥྚིཾ་ཀུ་རུ་ཡེ་ཚེ་དང་བསོད་ནམས རྒྱས་པར་གྱུར་ཅིག་སྭཱཧཱ། པ་ཤང་ཀུ་རུ་ཡེ། ཐམས་ཅད་དབང་དུ་གྱུར་ཅིག་སྭཱཧཱ། མཱ་ར་ཡ་ཕཊ་ཐམས་ཅད་བརླག་པར་གྱིས་ཤིག་།ཱ་ཀར་ཥ་ཡེ་ཐམས་ཅད་བུགས་པར་གྱུར་ཅིག་ཧཱུཾ་ཛདེ་ནས་སྤྱི་བོར་ཡི་གེ་ཨ་དཀར་པོ་ཅིག་བསམས་ལ་དེའི་འོད་ཟེར་གྱི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང། འཐིབས་པ་དང། རྨུགས་པ་དང། མ་རིག་པ་དང། ཞེ་སྡང་ལ་སོགས་པ་རྣམས་ལ་ཕོག་པས་ཡེ་ཤེས་ཀྱི་ཆུས་བཀྲུས་ནས། ཡང་དག་པའི་ཡེ ཤེས་དང་ལྡན་པར་བྱས་ཏེ། བཀུག་ནས་གཞི་བོའི་ཨ་ལ་ཐིམ་པས་འོད་དུ་ཞུ་སྟེ། ལུས་མགོ་གཞུག་ཏུ་ཐིམ་པས་བག་ཆགས་ཀྱི་ལུས་སྦྱངས་ཏེ། སླར་གསོས་ནས་མཚན་དང་དཔེ་བྱད་དུ་ལྡན་པར་གྱུར་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་བདེ་ལ་མི་རྟོག་པ དེ་ལ་ལྷག་པར་གནས་པས་ལྷག་པར་གནས་པར་བྱའོ། །དེ་ནས་རྒྱས་པའི་ཏིང་ངེ་འཛིན་ནི་སྤྱི་བོའི་ཨ་ལས་འོད་སེར་པོ་འཕྲོས་པས་ཚངས་པ་ལ་སོགས་པའི་ཡང་ཚེ་བཅུད་བསྡུས་ནས་བདག་གི་ཚེའི་གནས་སུ་ཐིམ་ཞིང་རྒྱས་པར་བྱའོ། །ལོངས་སྤྱོད་འཕེལ བར་འདོད་ན་འཇིག་རྟེན་གྱི་ཁམས་ཁེངས་པའི་ནོར་ཕྱུགས་བཀུག་ཅིང་རང་གི་ནོར་ཕྱུགས་ལ་བསྟིམས་ཏེ་རྒྱས་པར་བྱའོ། །བུ་ཚ་འཕེལ་བར་འདོད་ན་ཚངས་རིས་མན་ཆད་ཀྱི་ཕོའི་མཚན་ཀུན་བཀུག་སྟེ། ཕོ་མོའི་སྐྱེ་གནས་ལ་བསྟིམས་པས་བུ་ཚ་འཕེལ་བར འགྱུར་རོ། །དེ་ནས་དབང་གི་ཏིང་ངེ་འཛིན་ནི་ཡང་ཨ་ལས་འོད་དམར་པོ་འཕྲོས་པས་གང་དབང་དུ་བྱ་བ་དེ་འོད་ཟེར་གྱིས་བཀུག་སྟེ། བདག་གི་མདུན་དུ་མངོན་སུམ་རྩའོ?་ངས་ཤིང་དབང་དུ་འདུས་པར་བསམས་ན་རྒྱལ་པོའི་བཙུན་མོ་ལྟ་བུ་ཡང་དབང་དུ་འདུས་པར་འགྱུར་རོ། །དེ་ནས དྲག་པོ་མངོན་སྤྱོད་ཀྱི་ཏིང་ངེ་འཛིན་ནི་ཨ་དེ་ལས་འོད་ཟེར་ནག་པོ་འཕྲོས་པས་བདག་གི་དགྲ་བགེགས་ལ་སོགས་པའི་གདུང་པ་ཅན་རྣམས་བཀུག་སྟེ་བསྒྲལ་ནས་ཕུང་པོ་མཆོད་ཡོན་དུ་ཕུལ་ཏེ་བརླག་པར་བསམ་པ་དེའི་ཕྱིར། སྤྱི་བོ་ཟླ་སྟེངས་ཨ་བསྒོམས་ལ། དེ ཉིད་ཞུ་པར་གྱུར་བ་ལས། ཞི་བྱ་དེ་ཉིད་ཞུ་འགྱུར་ཏེ། སླར་གསོས་གཞོན་ནུའི་གཟུགས་བྱས་ལ། དེ་ལ་ལྷག་པར་གནས་པར་བྱ་ཞེས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡན་ཆད་ནི་བདག་གི་དོན་གྱི་རིམ་པའོ། །དེ་ནས་ན་བ་ལ་ཕན་གདགས་པའི་ཕྱིར། རེ་ལ་ན་པའི་ལས བྱ་བ་ནི་གང་ཞིག་འོག་ནས་འབྱུང་བ་འདི་རྣམས་ཡིན་ནོ། །ཞེས་པའི་དོན་ཏོ། །གང་དག་ཡིད་ནི་མི་དྲན་པའི་ཞེས་པ་ན་འཐིབས་པ་དང། རྨུགས་པ་དང། སྨྱོ་བ་ལ་སོགས་པའོ། །བགེགས་ཀྱི་སྦྱོར་བ་ཡོད་གྱུར་ན་ཞེས་པ་ནི་བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་ལ་སོགས་པས བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །སྦྱོར་བ་ནི་རིམས་དང་ཤུ་བ་དང་གཡོན་པ་དང། མཐི?་ལ་སོགས་པ་ཡོད་ན། འོག་ནས་བྱུང་བ་འདི་ལྟར་བྱ་ཞེས་བྱའི་དོན་ཏོ། །ཏིང་ངེ་འཛིན་འདི་དག་དྲན་པར་བྱ་ཞེས་པ་ནི་བདག་སྟོང་པའི་ངང་ལས་ཡི་གེ་དྷཱིཏུ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་དང་པོའི་སངས་རྒྱས་དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ་དེའི་སྟེང་དུ་གཞིའི་སྙིང་པོ་མུ་དང། སྤྲོ་བྱེད་ཀྱི་སྙིང་པོ་རཾ་བསམ། རཾ་དེ་ལས་འོད་འཕྲོས་པ་ནད་ལ་སོགས་པ་རྣམ་པ་ཐམས་ཅད་དང། དེ་གཏོང་བར བྱེད་པའི་བགེགས་དང། དེའི་རྐྱེན་ལ་སོགས་པ་རྣམས་ཤིན་ཏུ་འོད་ཟེར་གྱིས་བཞུ་བཏུལ་བྱས་ལ་སླར་ནད་ལ་ཐིམ་པས་ནད་ཀྱི་དངོས་པོ་ཐམས་ཅད་ཞུ་སྟེ་སླར་འདུས་པ་ལས་འབྲུ་ནག་པོ་ལ་བགེགས་ཀྱི་གཟུགས་བྱས་ལ། གང་གནོད་པའི་མིང་ཤོག་བུ་ལ་བྲིས་ཏེ། གླན་ལ་དེ་ལ་ནད ཀྱི་དངོས་པོ་བསྟིམས་ལ། ཐིམ་པ་དང་གཟོད་ཞི་བའི་སྐབས་སུ་ཇི་ལྟར་གསུངས་པ་ལྟར། མེ་སྤར་ཏེ། སྔགས་རིངས་ཞབས་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང། ནད་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག་སྭཱཧཱ། ཞེས་བཟླས་ཏེ་ཡུངས་ཀར་དང། ཏིལ་ནག་གིས་བརྒྱ་རྩ བརྒྱད་དུ་བསྲེག་པར་བྱས་ན་སོས་པར་འགྱུར་པའི་ཕྱིར། དང་པོའི་སངས་རྒྱས་བསྒོམ་བྱ་སྟེ་ཞེས་པ་ནས། ཡུངས་ཀར་བརྒྱ་རྩ་བརྒྱད་དུ་བསྲེག་ཅེས་པའི་བར་དུ་གསུངས་སོ། །གལ་ཏེ་སོས་པར་མ་གྱུར་ན། སྲིན་བུས་ཐོས་པའི ཤིང་གདུགས་ཅན་ཁྲུ་གང་བ་ལ་ཆབ་གསུམ་གྱིས་བསྐུས་ཏེ་དེ་ལ་མེ་སྦར་ལ་གོང་མ་ལྟ་བུར་བགེགས་དང་ནད་ཀྱི་དགུག་གཞུག་བྱས་ལ་བསྲེག་པར་བྱ་སྟེ། ལྷག་མ་ནི་དཀྱུས་གསལ་ལོ། །ན་བ་ལ་ཕན་གདགས་པའི་རིམ་པའོ། །དེ་ནས་ཤི་བ་ལ ཕན་གདགས་པ་བསྟན་པའི་ཕྱིར། དེ་ནས་ཤི་བ་ལ་ཕན་གདགས་ན་ཞེས་པ་ནི་འོག་ནས་འབྱུང་བ་འདི་རྣམས་སོ། །དང་པོ་གནོད་པའི་བགེགས་ཏེ་ཞེས་པ་ནི་རིགས་ཀྱི་བུ་ཕོ་མོ་དོན་དང་ལྡན་པ་གང་རུང་ཅིག་ཚེའི་འདུ་བྱེད་གྱུར་ན། ཕུང་པོ་དེ་དྲོང་དང་མ་བྲལ བར་བདག་དང་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པས་རོལ་གནོད་པའི་བགེགས་ལ་སོགས་པ་ཏིང་ངེ་འཛིན་གྱིས་བཀུག་ལ། ཤ་ཆང་དང་སྒོག་བཙང?་དང། ལ་ཕུག་དང། འབྲས་ཆན་དང། ཁུར་བ་ལ་སོགས་པའི་གཏོར་མ་ཆ་གཅིག་གིས བྱིན་གྱིས་བརླབས་ལ་བདུད་རྩི་སྦྱིན་པའི་སྔགས་ཀྱིས་བྱིན་ལ་རྡོ་རྗེ་ཚིག་དུ་འདི་སྐད་བརྗོད། སུ་ངག་ཕྱོགས་བཅུའི་འཇིག་རྟེན་ན། །ལྷ་དང་ཀླུ་དང་གནོད་སྦྱིན་དང། །གཤིན་རྗེ་སྲིན་པོ་གང་ཡང་རུང། །སྔོན་གྱི་ལན་ཆགས་དེད་པ་རྣམས། །མཐུན་པའི གཏོར་མ་འདི་ལོང་ལ། །ཚེ་འདས་འདི་ལ་མ་མནར་ཅིག་ཅེས་བྱས་ལ་གཏང་ངོ། །དེ་ནས་ཡུངས་ཀར་གྱི་རྒྱལ་པོས་བྲབ་ཅིང་སྔགས་རིངས་བཟླས་ལ་མཚམས་བཅད་དོ། །དེའི་ཕྱི་རོལ་ལ་ཕན་པའི་ཆོ་ག་ཞེས་པའོ། །དེ་ནས་རོ་དེའི་སྤྱི་བོར་ཟླ་བའི་དཀྱིལ འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་ཅིག་བསམས་ལ་དེ་འོད་དུ་ཞུ་བ་ལས་ལུས་ཐམས་ཅད་ཁྱབ་པར་བྱས་ཏེ། སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་སྲིན?་མཚམས་དང་ལྔར་རིམ་པར་རྣམ་སྣང་དང། འོད་དཔག་མེད་དང། མི་བསྐྱོད་པ་དང། དོན་ཐམས་ཅད་གྲུབ་པ དང། རིན་ཆེན་འབྱུང་ལྡན་རྣམས་འཁོར་དང་བཅས་པར་གྱུར་པར་བསམ། ལྷ་རེ་རེའི་སྤྱི་བོ་ན་ཡང་ཨ་དཀར་པོ་རེ་རེ་ཡོད་པར་བསམ་པ་དེའི་ཕྱིར་ཨ་ཡིས་ཀུན་ཁྱབ་སྤྱི་སྟེངས་བསམ། ལྷར་གྱུར་ལྷ་ནི་སྔོན་བཞིན་བསམ་ཞེས་གསུངས་སོ། །དེ་ནས་རང རང་གི་སྤྱི་བོའི་ཨ་ལས་འོད་འཕྲོས་པས་དུས་གསུམ་གྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བཅུད་བསྡུས་ཏེ་ཁ་དོག་ལྔ་དང་ལྡན་པར་བྱས་ཏེ། རང་རང་གི་སྤྱི་བོར་ཐིམ་པ་ལས་དེ་བཞིན་གཤེགས་པ་ལྔ་ལྔའི་དབུ་རྒྱན་དང་ལྡན་པར་བྱས་ཏེ། ལུས་ཐམས་ཅད་ཡེ་ཤེས་ལྔའི་ངོ་བོར་གནས་པའོ། །དེའི་ཕྱིར་ཨ་ལས་ཡེ་ཤེས་ལྔས་གང་ནས་ཞེས་གསུངས་པའོ། །ཕན་པའི་གནོད་སྦྱིན་ཆུས་གཏབ་ལ་ཞེས་པ་ནི་ཆུ་གཙང་ལ་ཨ་བཛྲ་ཡཀྵ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་ལ། ཕུང་པོ་ལྔའི་རྣམ་པར་རྟོག་པ སྦྱང་བའི་ཕྱིར་སྔོན་དུ་གསུངས་པའི་ལྷ་ཚོ་ལ་སྐུ་ཁྲུས་གསོལ་བར་བྱའོ། །དེའི་ཕྱིར་དང་པོ་བཀྲུ་པ་ལས་ཡིན་ཏེ་ཞེས་གསུངས་སོ། །དེ་ནས་ཨའི་འཕྲོ་འདུ་ལས་ཞེས་པ་ནི། བདག་གི་ཐུགས་ཀར་ཨ་དཀར་པོ་བསམ། དེ་ལས་འོད་ཟེར་འཕྲོས་པས་འགྲོ་དྲུག་གི བག་ཆགས་སྦྱངས། ཚེ་འདས་པའི་ཤེས་པ་བཀུག་ནས་རོ་ལ་བཅུག་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་ཐིམ་པར་བསམ་མོ། །དེ་ནི་སྔོན་གྱི་ཆོ་གའོ་ཞེས་པ་ནི་དེ་ལྟར་གང་དུ་གསུངས་ནས་ནི་རོའི་སྔོན་དུ་འགྲོ་བའི་ཆོ་ག་ཡིན་ནོ་ཞེས་པའོ། །དེ་ནས ཞེས་པ་ནི་གོང་དུ་འགྲོ་བ་བྱས་པའི་དེ་མ་ཐག་པ་ནས་འོག་ནས་འབྱུང་བའི་ལྷག་པར་གནས་པའི་ཆོ་ག་འདི་བཤད་དོ་ཞེས་པའི་དོན་ཏོ། །ཤི་བ་དཀྱིལ་འཁོར་དབུས་གཞག་སྟེ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་དང་ལྡན་པའི་རོ་དེ། མཎྜལ་གྱི་དབུས་སུ་སྣ ཚོགས་པདྨའི་གདན་ལ་གཞག་གོ་། ཞག་གསུམ་སློབ་དཔོན་ས?་གནས་པ་ཞེས་པ། ཞག་གསུམ་ཁ་ཟས་ཀྱི་ཚོད་གཟུང་ལ། དཀར་གསུམ་ལ་སོགས་པ་བཟླ་ཞིང། ཉིན་རེ་ལ་ཐུན་གསུམ་གསུམ་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ། ཞེས་པའི་དོན་ཏོ། །བགེགས་སྐྲད ལ་སོགས་བྱས་ནས་ནི་ཞེས་པ། ཐུན་རེ་རེ་ལ་ལྷོ་སྒོའི་ཆོ་ག་རེ་རེ་ལའོ། །དེ་ཡང་རྒྱུད་ཉིད་ལས། སེམས་ཅན་ཀུན་གྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས་ཞེས་པ་དང། ངན་སོང་ཐམས་ཅད་རྣམ་སྦྱོད་པ། །མགོན་པ སེམས་ཅན་ཀུན་གྱི་མཆོག་ཅེས་གསུངས་སོ། །འཁོར་ལོ་ལྷ་རྣམས་བདུན་བསམ་སྟེ་ཞེས་པ་ནི་དེ་ལྟར་ཞག་གསུམ་དུ་བྱས་པའི་ནད་པར་འཁོར་ལོའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་མཉྫུ་ཤྲཱི་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁའ་ ལ་བསམས་ལ། དེ་ལ་མཆོད་པའི་ཕྱིར་ཕྱག་བཙལ་སྤྲོ་བསྐྱེད་ལ་སོགས་བྱ་ཞེས་པ་བཅུ་ཡོངས་སུ་དག་པ་དང་སྡོམ་པ་གཟུང་བ་བྱས་ལ་དེ་ནས་འོག་ནས་འབྱུང་བའི་ཚེ་འདིར་དང་པོར་འབྲས་བུ་ཡོད་ཅེས་པ་ནས། འདི་ལ་དབང་ནི་སྩལ་དུ་གསོལ་ཞེས་པ་ཡན་ཆད་བརྗོད པར་བྱའོ། །དེ་ནས་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བྱའོ། །དེ་ནས་སྒོ་དབྱེ་བར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཛུབ་མོ་གཉིས་ནི་རབ་ཏུ་བརྐྱང། །མཐེ་ཆུང་ལུ་གུ་རྒྱུད་དུ་སྤྲེལ། །སྒོ་དབྱེ་བའི་ཕྱག་རྒྱ སྟེ། །ོཾ་མཉྫུ་ཤྲཱི་བཛྲ་དྷ་རོདགྷ་ཊ་ཡ་ཧཱུཾ་ཕཊ་ཅེས་བརྗོད་དེ། གཞལ་ཡས་ཁང་སྒོ་དབྱེ་བར་བྱའོ། །དེ་ནས་རྡོ་རྗེར་སྒྲུབ་པ་དང། ཚོགས་བསག་པ་ཡན་ཆད་འདིར་ཤེས་པར་བྱའོ། །དེ་ནས་སྔགས་རིངས་ཀྱིས་ལྷ་ཐམས་ཅད་གསལ་བར་བྱས་ལ། ཐུན་གསུམ་གྱི་རྣལ འབྱོར་ཞག་བཞི་རུ་བྱའོ། །དེ་ནས་གང་ཞིག་དེ་ཉིད་ལ་ཞེས་པ་ནས། ཤི་བ་སྟེ་གོན་ལ་གནས་པའི་ཏིང་ངེ་འཛིན་ཏོ་ཞེས་པ་ཡན་ཆད་ཀྱིས་དོན་ལ་གནས་པར་བྱ་སྟེ། དཀྱུས་ཉིད་གསལ་ལོ། །དེ་ནས་དཀྱིལ་འཁོར་ཆེན་པོ་འདྲི་པའི་ཚེ། དང་པོ་སངས་རྒྱས་ང་རྒྱལ དང་ཞེས་པ་ནས། མངོན་སུམ་འདྲ་བར་གང་བར་བསྒོམ་ཞེས་པའི་བར་གྱིས་གསོལ་བ་གདབ་པ་སྟེ། དཀྱུས་གསལ་ལོ། །དེ་ནས་བྲི་བ་བསྟན་པའི་ཕྱིར། ཤི་ལ་ཕན་གདགས་དཀྱིལ་འཁོར་ལྡན་ཞེས་གསུངས་ཏེ། དེའི་དོན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ བུ་ལ་དབུས་ཀྱི་ཕོ་བྲང་མེ་ཐབ་ཏུ་བྱས་ལ། གཞལ་ཡས་ཁང་པ་དེ་འདྲ་བ་ཞེས་པ་རོ་སྦྱོང་བའི་དཀྱིལ་འཁོར་ཡིན་ནོ་ཞེས་པའི་དོན་ནོ། །འདི་ལས་གསུངས་ཏེ་གཞན་དུ་ཞེས་པ་ནི་གོང་དུ་གསུངས་པའི་དཀྱིལ་འཁོར་དེ་ལྟ་བུ་ནི་རོ་སྦྱོང་བའི་དོན་དུ་ཡིན་གྱི་དབང་བསྐུར པ་ལ་སོགས་པའི་དོན་དུ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཞག་བདུན་ནང་པར་སྦྱིན་སྲེག་བྱ་ཞེས་པ་ནི། དེ་ལྟར་རོ་ལ་བསྙེན་པ་ཞག་བདུན་དུ་བྱས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་ཚེ་སྦྱིན་སྲེག་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དེ་ནས ཕྱིའི་རིམ་ལྡན་པས་ཞེས་པ་གསུངས་ཏེ། ཕྱིའི་རིམ་ལྡན་ནི་དཀྱིལ་འཁོར་གྱི་ཕྱི་ལོག་ཏུ་བགེགས་བསྐྲད་པ་དང། གར་ལ་སོགས་པའི་རོལ་མོ་ཡིས་མཆོད་པ་ཕུང་པོ་ལ་སོགས་པ་དྲང་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་ཇི་ལྟ་ཞེ་ན། སྔགས་པ་ཆོས་གོས་ལྡན པ་ཡིས། །ཤིན་ཏུ་བསྒྱིངས་པ་ལྡན་བྱས་ཏེ། །ཞེས་གསུངས་ཏེ། ཆས་གོས་ལྡན་པ་ནི་དབུ་རྒྱན་དང། མགུལ་རྒྱན་དང། ངོ་ཤལ་དང། མགུར་ཆུ་དང་དཔུང་རྒྱན་དང། གདུ་བུ་དང་སོར་གདུབ་དང། རྐང་རྒྱན་དང། གོས་ནི་སྟོད་གཡོགས་དང། སྨད་གཡོགས་སོ། །ལྡན་པ ནི་དེ་རྣམས་འཛེམ་པའོ། །བསྒྱིངས་པ་ནི་ཤིན་ཏུ་འགྱེད་བག་དང་བཅས་པས་དཀྱིལ་འཁོར་གྱི་ཐ་མ་བསྐོར་བར་བྱ་ཞེས་པའི་དོན་ཏོ། །དེ་ནས་སྔོན་གྱི་སྦྱོར་བ་ཡིས། །གོ་ཆ་རྣམས་ནི་དཔྱད་པར་བྱ། །དང་པོའི་ཆོ་གའི་རིམ་པ་ནས། འཁོར་ལོའི་རིམ་པ་འདི་གསུངས ཏེ་ཞེས་པ་ནི་ལྕེ་ལག་བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་བྱ་སྟེ། དེ་ནས་གཟོད་རོ་དེ་མེ་ཐབ་དུ་བཞག་སྟེ། དཀྱིལ་འཁོར་རྒྱལ་མཆོག་དང། ལས་རྒྱལ་མཆོག་དང། ཕྱག་རྒྱ་བཞིས་རྒྱས་གདབ་པ་ཡན་ཆད་བྱས་ཏེ། གཟོད་མེ་སྤར་བར བྱའོ། །དེ་ཡང་ཇི་ལྟར་སྤར་ཞེ་ན། སྔོན་དུ་ཞི་བའི་སྐབས་སུ་ཇི་ལྟར་འདི་ཡོད་རྒྱས་པར་བྱས་ལ་གཟོད་བསྲེག་པའི་ལས་བྱས་ཏེ། དེ་ལ་ཡང་གསུམ་སྟེ། རོ་མཆོད་གནས་སུ་བསྲེག་པ་དང། རོ་ལྟར་སྲེག་པ་དང། རོ་སྲེག་རྫས་སུ་བསྲེག་པ་དང། གསུམ་དུ་ཤེས་པར་བྱས་ལ་ བསྲེག་གོ་། རྫས་དབུལ་ལ་སོགས་པའི་རིམ་པ་སྔོན་དུ་ཤེས་པར་བྱའོ། །དེའི་ཕྱིར་མེ་ཉིད་ཤི་བའི་གནས་སྦྱངས་ཏེ་ཞེས་གསུངས་པ་ཁོ་ནའོ། །དེ་ནས་ཁྲུས་བྱས་མཆོད་པའི་ཚོགས་ཞེས་པ་ནི། མཆོད་པའི་ཡོ་བྱད་རྣམས་ལ་རྡོ་རྗེ གནོད་སྦྱིན་གྱི་ཆུས་བསངས་ལ། མེ་ཏོག་ལ་སོགས་པ་ལྔ་དང་ལྷ་མོ་བརྒྱད་དང། དེ་ལས་གཞན་པའི་མཆོད་པ་དང། མཆོད་པ་ཉི་ཤུ་པས་ཀྱང་མཆོད་ལ། བསྟོད་པ་རྣམས་ཀྱིས་ཀྱང་བསྟོད་དོ། །དེའི་ཕྱིར་མ་ལུས་པར་ནི་འདིར་བཤད་དོ། །ཞེས་གསུངས་སོ དེ་ནས་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ་ལྟར་ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་ནོ། །དེ་ནས་དེ་ལ་ལམ་བསྟན་བྱ། །ཚོགས་བསག་དགེ་བའི་དོན་ལ་སྦྱར་ཞེས་པའི་དོན་ནི་ལྷོ་སྒོའི་ཆོ་ག་ལས་ཤེས་པར་བྱའོ། །དེ་མཐར་བདག་ཉིད་རྟོགས་སྒོམ་དང་ཞེས པ་ནི་དེ་ལྟར་བྱས་པའི་རྗེས་ལ་བདག་ཉིད་མི་དམིགས་པར་བྱའོ་ཞེས་པའི་དོན་ཏོ། དེ་ཉིད་མཉམ་ཤེས་པ་ནི་བདག་ཉིད་ཡང་དག་པའི་ཐུགས་དང། ཚེ་འདས་པའི་ཤེས་པ་གཉིས་མཉམ་ཞིང་དབྱེར་མེད་པར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ཅིས་མི་ཚུགས་ཞེས པ་མི་དེ་ལྟར་རྟོགས་ན་ཉོན་མོངས་པ་གང་གིས་ཀྱང་མི་ཚུགས་སོ་ཞེས་པའི་དོན་ཏོ། དེ་ལ་རྟག་གནས་བདེ་ལྡན་དང། །ཞེས་པ་ནི་ཐམས་ཅད་མཉམ་པ་ཉིད་ཀྱི་དོན་དེ་ལ་རྟག་པར་གནས་ན་ཡང་དག་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་དོན་བདེ་བ་དང་ལྡན་ནོ་ཞེས་པའི དོན་ཏོ། དེ་ལྟར་བསྒོམ་པའི་དོན་བསྟན་ནས་སྐབས་འདིར་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ལ་སོགས་པ་བྱ་སྟེ། སྔོན་དུ་བསྙེན་པའི་སྐབས་ཇི་ལྟར་གསུངས་པ་བཞིན་དུ་བྱའོ། །དེ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུ་བ་ནི་རིམ་པས། ཨའི་དང ཉིད་དུ་ཞེས་གསུངས་ཏེ། རིམ་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་མཆོད་རྟེན་ལ་ཐིམ། མཆོད་རྟེན་ཆོས་འབྱུང་ལ་ཐིམ་དེ་རྡོ་རྗེ་རྒྱ་གྲམ་ལ་དེ་གཞལ་ཡས་ཁང་ལ། དེ་ལྷ་ཚོགས་ལ་དེ་ཞི་བར་བྱས་བ་དང་པོའི་སངས་རྒྱས་ལ། དེ་ཤེས་རབ་འཁོར་ལོ་ལ། དེ་ཡེ་ཤེས་སེམས་དཔའ་ལ་དེ་ཟླ་བ་ལ དེ་ཨ་ལ་ཐིམ་མོ། །དེ་ཉིད་ལ་ཨའི་དང་ཉིད་དུ་ཞེས་གསུངས་པའོ། །དེ་ལྟར་བདག་གི་ངོ་བོ་ཡི་གེ་ཨ་དཀར་པོའི་རང་ཉིད་དུ་གནས་ལས། དེ་ཡང་བདག་ལུས་ཨས་ཁྱབ་པའོ། །ཞེས་གསུངས་པའོ། །དེ་ནས་ཨ་དེའི་བྱིན་གྱིས་བརླབས་ཀྱིས་བདག་གི་ཤེས་པ་འོད་དུ ཞུ་ནས་ཐིག་ལེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་དང་དུ་རྟོགས་ཏེ། ཉེ་བའི་དཔེས་མཚོན་ན་འདུས་མ་བྱས་པའི་ནམ་མཁའ་དང་འདྲ་བར་གནས་ཏེ། དེ་ཁོ་ན་ལ་དེ་ཉིད་ཨའི་བྱིན་བརླབས་ལས། ། ཉིད་དབྱིངས་ཀྱི་རང་ཉིད་དུ། །ཐམས་ཅད་ནམ་མཁའ་དང་འདྲའོ་ཞེས གསུངས་སོ། །དེ་ནས་ཇི་ལྟར་གསུངས་པའི་དོན་གྱོ་རྣལ་འབྱོར་པའོ། །དེ་ཡན་ཆད་ཤི་བ་ལ་ཕན་གདགས་པའི་རིམ་པའོ།། །།དེ་ནས་འཁོར་ལོ་རྣམ་པ་བཞིའི་དོན་བསྟན་པའི་ཕྱིར། དེ་ནས་འཁོར་ལོ་བསྟན་པ་ཞེས་པའི་དོན་ནི་འོག་ནས་འབྱུང་བ་འདི་ཉིད ཡིན་ནོ། །དེ་ཡང་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞིའི་རྩེ་མོ་ཅན་ཞེས་གསུངས་ཏེ། ལུས་ལ་འཁོར་ལོ་བཞི་གནས་ཏེ། །ལྟེ་བ་ཤེས་རབ་འཁོར་ལོ་སྟེ། །རྩིབས་ནི་བཅུ་གཉིས་ཡང་དག་ལྡན། །དང་པོའི་རྩིབས ནས་བརྩམས་ཏེ་དགོད་པ་ནི། ཨ་ཨཱ་ཨཾ་ཨཱམ་སྒེག་མོ་དང། བདུག་སྤོས་མ་དང། སྒོ་བ་ལྕགས་ཀྱུ་དང་ཁྱམ་པ་འཇམ་དཔལ། སྤོས་ཀྱི་གླང་པོ་ཡེ་ཤེས་རྟོག་དང། བཅུ་གཉིས་སོ། །ལྟེ་བར་ཤེས་རབ་འཁོར་ལོ་གྲགས། །སྙིང་ཁར་ཤེས་རབ་འཁོར་ལོ་ནི། །བཅུ་གཉིས་རྩིབས་དང་ལྡན་པ་ལ། །རིམ་པ་བཞིན དུ་ངང?་པར་ཨ་དགོང?། ཨ་ཨཱ། ཨཻ་ཨའི། ཨཽ་ཨའུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨམ་དང། མེ་ཏོག་མ་དང། ཕྲེང་བ་མ་དང། སྒོ་བ་ཞགས་པ། བཟང་སྐྱོང། བློ་གྲོས་རྒྱ་མཚོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ་དང་བཅུ་གཉིས་སོ། །འདི་ནི་སྙིང་གའི་ཤེས་རབ་འཁོར་ལོའོ། །མགྲིན་པར་ཤེས་རབ་འཁོར་ལོ་ནི བཅུ་གཉིས་རྩིབས་དང་ཡང་དག་ལྡན། །རིམ་བཞིན་རྩིབས་གཅིག་པ་ལ་ཨ། ། ར་པ་ཙ་ན། བཱ་གཱི་ཤྭ་ར་པྲཛྙཱ་ན་མཀྱི་སེམས་མ་དང། གླུ་མ། མར་མེ་མ། སྒོ་བ་ལྕགས་སྒྲོག་།མཐུ་ཆེན་ཐོ་བ་དང། ངན་སོང་ཀུན་འདྲེན་དང། མྱ་ངན་འཇོམས་དང། དྲ་བ་ཅན་གྱི་འོད་དང་བཅུ་གཉིས་པོ་མགྲིན་པ་ཤེས་རབ་འཁོར་ལོ་གྲགས། །སྤྱི་བོ་ཤེས་རབ་འཁོར་ལོ་ནི། །བཅུ་གཉིས རྩིབས་དང་ཡང་དག་ལྡན། །རྩིབས་དང་པོར་ཧ་ར་ཧ་ར། ཏ་ཐཱ་ག་ཏ། ཨོཾ་ཧཱུཾ་ཧྲཱིའཁོར་ལོ་ནི་ལྟེ་བ་ལ་དོན་ཡོད་གྲུབ་པ། རྡོ་རྗེ་ལས་དང་སྲུང་བ་དང། གནོད་སྦྱིན་ཁུ་ཚུར། ལས་ཀྱི་སེམས་མ། གར་མ། དྲ་ཆབ་མ། སྒོ་བ་དྲིལ་བུ། ཟླ་འོད། འོད་དཔག་མེད། ནམ་མཁའ་མཛོད། སྒྲིབ་པ་སེལ་བ། འཚོགས་མ་ཤེས་རབ་འཁོར་ལོར་གྲགས། །ཡེ ཤེས་མ་ལྟ?་འོད་རབ་གསལ། །ཞེས་པ་བཞུ་བཏུལ་ནི་འཁོར་ལོའི་གདམ་དོག་བླ་མ་ལས་ཤེས་པར་བྱའོ། །དེ་ནི་ཕོ་བྲང་ལྷའི་དཀྱིལ་འཁོར་དང། ལུས་གནས་རྩའི་འཁོར་ལོ་དང། རྟག་པ་ཤེས་རབ་ཀྱི་འཁོར་ལོ་དང། གསུམ་གསལ་བར་བསྟན་ཏོ། །དེ་ལྟར་བསྒོམས པས་འབྲས་བུ་བསྟན་པའི་ཕྱིར། དེ་ལྟར་རྟག་ཏུ་གང་བསྒོམ་པ་ཞེས་པ་ནི། རིགས་ཀྱི་བུ་གང་ལ་ལ་ཞིག་གིས་དེ་ལྟར་བསྒོམས་ན་འོག་ནས་འབྱུང་བའི་གཞོན་ནུའི་གཟུགས་ཅན་བདེ་བ་ཐོབ་ཅེས་གསུངས་པ་སྟེ། གཞོན་ནུ་ནི་འཇམ་དཔལ་ལོ། །གཟུགས་ཅན་ནི་དེའི སྐུ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ། །བདེ་བ་ཐོབ་པ་ནི་དེའི་ཐུགས་ཡང་དག་པའི་ཡེ་ཤེས་ཐོབ་པའོ། །དྲག་འཛིན་ལུས་ནི་ངན་འགྲོའོ། །དེ་དག་སྤངས་ནས་ཞེས་པ་ནི་གོང་དུ་གསུངས་པའི་དོན་དེ་ལྟར་བསྒོམས་པས་ཁམས་གསུམ་གྱི་ཉོན་མོངས པ་སྤངས་ནས་འོག་ནས་འབྱུང་བའི་གཞན་གྱི་དོན་ཕྱིན་ཅི་མ་ལོག་པ་ཡང་གྲུབ་སྟེ། རྗེ་བཙུན་འཇམ་པའི་དབྱངས་སུ་སྐྱེ་བས་ན། རང་དགའ་ལུས་སུ་སྐྱེ་བར་དེས་ཞེས་གསུངས་སོ། །དེ་ནས་དེས་ས་བཅུ་ལ་དགྲོད་པར་བསྟན་པ་ནི་དཀྱུས་ཉིད་གསལ་ལོ། །དེས་ནི་ཤེས་རབ འཁོར་ལོ་བསྒོམ་པའི་རིམ་པའོ། །དེ་ནས་ལྷག་པར་གནས་པའི་སློབ་མ་དེ་དབང་བསྐུར་བར་བྱ་བའི་ཕྱིར། དེ་ནས་འདི་ནི་དབང་བསྐུར་དམ་པར་གསུངས་ཞེས་པ་ནི་སྔོན་དུ་ལྷག་པར་གནས་པའི་སློབ་མ་དེ་འདིར་དབང་བསྐུར་བར་བྱའོ་ཞེས་པའི་དོན་ཏོ། །དམ་བསྐུར་ན་ཅིང འགྱུར་ཞེ་ན། དབང་བསྐུར་མེད་ན་དངོས་གྲུབ་མེད་ཅེས་གསུངས་ཏེ། དེ་ནས་སློབ་དཔོན་གྱིས་བྱ་བའི་རིམ་པ་བསྟན་པའི་ཕྱིར། ཡོན་ཏན་ལྡན་པའི་སྔགས་པ་ཞེས་གསུངས་ཏེ། ཡོན་ཏན་ལྡན་པའི་སློབ་མ་དབང་བསྐུར་བའི་སྔོན་དུ་སློབ་དཔོན་ཉིད་ཀྱིས་ཡེ་ཤེས སེམས་དཔའ་ཨི་དཀྱིལ་འཁོར་དུ་ཞུགས་ལ། དབང་བླང་བ་ལ་སོགས་པ་བྱས་ལ། གཟོད་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱའོ་ཞེས་པའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན་དེ་ལ་དབང་ཕྱིན་ཡོན་ཏན་གྲུབ་ཅེས་གསུངས་ཏེ། དེ་ནས་སློབ་མ་གཞུག་པར་བསྟན་པའི ཕྱིར། ཁྲུས་བྱས་རྒྱན་གོན་ཏེ་ཞེས་པ་ལ་སོགས་པ་གསུངས་པའི་དོན་ནི་འདི་ཡིན་ཏེ། སློབ་དཔོན་དུ་འོས་པའི་བླ་མས་ལས་ཐམས་ཅད་པའི་ཆུས་བསངས་ལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། རྡོ་རྗེ་གནོད་སྦྱིན་ཡོངས སུ་བཟླས་པའི་གོས་དམར་པའི་སྟེར་གཡོགས་དང་སྨད་གཡོགས་གྱོན་ལ། ཨོཾ་བཛྲ་ཏཱིཀྵཱ་ཧཱུཾ་ཕཊ་ཅེས་བཟླས་པའི་གདོང་གཡོགས་དམར་པོ་བཅིངས་ལ། ཡོན་གྱི་དམ་པ་དག་ཕུལ་བ་ཡོངས་བླངས་ཏེ། དའི་སྙིང་ག་དང་དཔྲལ་བ་དང། ལྐོག་མ་དང་སྤྱི་བོ་རྣམས སུ་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་ཟླ་བའི་སྟེང་དུ་དེའི་ས་བོན་གྱི་རྣམ་པར་བཀོད་ལ་ཕྱོགས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱེད་དུ་བཅུག་ལ། དེ་ནས་ས་མ་ཡ་སྟཝཾ་ཞེས་པའི་སྔགས ཀྱིས་འཇམ་པའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་འཛིན་དུ་གཞུག་ཅིང་དེ་བཞིན་དུ་ཕྲེང་བ་འཛིན་དུ་གཞུག་གོ་། དེ་ནས་སློབ་དཔོན་གྱི་འདི་སྐད་ཅེས་བསྒོ་བ་བྱ་སྟེ། སྐལ་དང་ལྡན་པ་རིགས་ཀྱི་བུ། །ཁྱོད་ནི་ཅི་དང་ཅི་ལ་དགའ་། །འདོད་དོན་གང་ཡིན་ཁྱོད་གྱིས སྨྲོས། །ད་ནས་སློབ་མས་འདི་སྐད་བརྗོད། །བདག་ནི་གསང་བའི་དཀྱིལ་འཁོར་ལ། །རབ་ཏུ་ལྟ་བར་བགྱི་བ་དང། མྱ་ངན་འདས་པའི་གྲོང་མཆོག་ཏུ། །བདག་ནི་འཇུག་པར་འཚལ་ལགས་སོ། །དེར་རྫས་སློབ་དཔོན་དམ་པས་ཀྱང། །འདི་སྐད་ཅེས་ནི་བརྗོད་པར་བྱ སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས། །གསང་བ་བས་ཀྱང་ཆོས་གསང་བའི། །ཡང་གསང་དམ་པའི་དཀྱིལ་འཁོར་འདིར། །བདག་གི་བུ་ཁྱོད་གཞུག་པར་བགྱི། །གྲོང་ཁྱེར་ལ་ཡང་གྲོང་ཁྱེར་དེ། །མྱ་ངན་འདས་པའི་གྲོང་མཆོག་ཏུ། །བུ་ཁྱོད་རབ་ཏུ་གནས པར་བགྱི། །སྐལ་དང་ལྡན་པ་ཁྱོད་ཀྱིས་ཀྱང། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །སྡིག་པ་མ་ལུས་སྤྱང་བྱས་ནས། །སྡོམ་པ་རྣམས་ནི་ལེགས་པར་ཟུང། །མཆོག་ཏུ་སེམས་ཀྱང་བསྐྱེད་པར་གྱིས་ཤིག་ཅེས་བརྗོད་དོ། །དེ་ནས་དོན་དང་ལྡན་པའི་སློབ་མ་འཁོར དང་བཅས་པ་ཡིས། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་བྱས་ལ། བཅུ་ཡོངས་སུ་དག་པ་ནས། སྡོམ་པ་གཟུང་བ་ཡན་ཆད་བྱེད་དུ་གཞུའོ། །དེ་ནས་འདི་སྐད་བསྒོའོ། །དིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། །ངས་ཁྱོད་ལ་ཡེ་ཤེས གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ཡང་ཐོབ་ན་གཞན་ལྟ་སྨོས་ཅིང་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས་ཀྱིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་པ་རྣམས་ལ་མ་སྨྲ་ཞིག་།དམ་ཚིག ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་བརྗོད་པའོ་འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་གིས། །གལ་ཏེ་འབའ་ཞིག་ལ་སྨྲས་ན། །གླང་པ་འབྲས་པར་འགྱུར་རོ། །དེ་ནས་དམ་ཚིག་ཕྱག་རྒྱ་དེ་ཉིད་དང། མནའི་ཆུའི་སྙིང་པོ་བསྔགས་ལ་སློབ་མ་འཐུང་དུ་གཞུག་གོ་། དེའི་མནའི་སྙིང་པོ་ནི་འདི་ཡིན་ཏེ། ཧཱུཾ་རྡོ་རྗེ་དམ་ཚིག་དད་ཁྱོད་ཉིད། །སྙིང་ལ་ཡང་དག་ཞུགས་མཛད་ཀྱིས། །གལ་ཏེ་ཚུལ་འདི་སྨྲས་ནས་ནི། །དེ་མ་ཐག་དུ་དྲལ་ཏེ་གཤེགས། །ོཾ་བཛྲ་ཨཽ་ད་ཀ་ཐ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ནི་དངོས་གྲུབ་ནི་རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བའི་ཆགས་ན་འདུག་པ་འམ། །དད་པ་མེད ལ་བསྟན་མི་བྱ། །དེ་ནས་སློབ་མ་ལ་འདི་སྐད་བསྒོའོ། དེད་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་བ་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱད་ཀྱིས་དལ་བརྙས་པར་མ་བྱེད་ཅིག། མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་པར ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅེས་སྨྲོས་ཤིག་པར་བསྒོ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་བ་ཉིད་དུ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཅིངས་ལ འདི་སྐད་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་རང་ཉིད་དུ་འབབ་པར་ཤོག་།ོཾ་བཛྲ་ཨ་པེ་ཤ་མ་ཞེས་བརྗོད་དོ། །དེ་ནས་ཕྱག་རྒྱ་བཅིངས་པ་ལས་བྱུང་ནས་དེའི་སྙིང་གར་ཞུགས་ཏེ་རྡོ་རྗེ་སེམས་དཔའ་ འབབ་པར་གྱུར་བར་བསམས་ན་འབབ་པར་འགྱུར་རོ། །ཡང་ཧོ་ཨ་ཧ་ཞེས་བྱ་བ་ཡང་རང་གི་སྙིང་ག་ལ་བཀོད་ལ། སེའུ་ཡི་མེ་ཏོག་དང་འདྲ་བའི་རྡོ་རྗེ་སེམས་དཔའ་རང་གི་དམ་ཚིག་དང་བཅས་པ་རང་གི་སྙིང་གར་ངེས་པར་བྱུང་ལ། བཛྲ་བནདྷ་ཏར་ཞེས་པས་དེའི་སྙིང་ག་བྱ་ལ དེར་བཅུག་སྟེ་རྡོ་རྗེ་དཔལ་པའི་ཕྱག་རྒྱ་བཅིངས་ལ་སྔགས་བརྗོད་ལ། བཅོམ་ལྡན་འདས་ཀྱིས་གང་བར་གྱུར་པར་བསམས་ན་ཡང་འབབ་པར་འགྱུར་རོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྡོ་རྗེའི་ཚིག་གིས བདུན་ན་མ་བརྒྱད་རྫོགས་པས་ཀྱང་འབབ་པར་འགྱུར་རོ། །སློབ་མའི་གཙོ་བོའི་སྙིང་གར་རྡོ་རྗེ་བྱ། །ཡིག་བརྒྱ་ཕྱེད་པས་མཉམ་གཞག་བརྟན་བྱས་ནས། །བདག་ལུས་གང་ཡིན་སྣོད་ཀྱི་སྒོ་ཕྱེ་ཞིང། །སྙིང་ལ་གནས་པའི་རྡོ་རྗེའི་དབུས་སུ་བལྟ།། སྔགས་ཀྱི་བདག་པོ་ཡི་གེ་ཨ་དམར་གསུངས། །བརྗོད་པས་ཡང་དག་ཆགས་པས་གཡོ་བར་བལྟ། །སློབ་མའི་ལུས་འདི་སྒོ་ནི་དབྱེ་བྱས་པར། །ཞུགས་ནས་རྡོ་རྗེ་བྱས་པའི་སྙིང་ལ་གནས། །མ་ལུས་ལུས་པོ་ཀུན་ཏུ་བཀང་ནས་སུ། །རྐང་པ གཡོན་པས་གཡས་པ་མནན་ནས་ནི། །སྔགས་པས་སློབ་མའི་སྙིང་གར་དེ་ལ་དབབ། །ཀུན་ཏུ་དྲིལ་བུའི་སྒྲ་ནི་ཡང་དག་དཀྲོལ། །ལག་པ་པདྨ་འདབ་མའི་ཕྱག་རྒྱ་བྱས། །མི་བསྐྱོད་རིན་ཆེན་ལ་སོགས་བདེ་གཤེགས་རྣམས། །རང་གི་ཕྱོགས་ཕྱོགས ནས་བྱོན་འོད་ཕབ་པས། །ལེགས་བབ་གྱུར་པས་རང་གི་པུ་ལ་བལྟ། །གང་ཞིག་ངེས་ཀྱང་འབབ་པར་མ་གྱུར་ན། །ལག་པ་གཡས་པར་ཏིལ་ཀྱི་ས་བོན་གཞག་།དབུས་སུ་ཡི་གེ་ཧཱུཾ་ཡང་རྣམ་བཀོད་དེ། །རྡོ་རྗེ་འོད་འབར་བ་ནི་རྣམ་པར་བསམ།། གཡོན་པའི་མཐེབ་མཛུབ་ཕྱག་རྒྱར་བྱས་པ་ཡིས། །བླང་བར་བྱས་ལ་མེ་ལ་སྦྱིན་སྲེག་བྱ། །ལུས་ནི་ཐལ་བར་བྱས་ལ་རྣམ་དག་པའི། །བསོད་ནམས་ལུས་ལའང་སྔགས་ཀྱི་འོད་ཀྱིས་དགང། །ཡེ་ཤེས་ཕབ་པ་ཉིད་དུ་བསམས་ནས་ནི། །རྫས བཞིན་འབབ་པ་ཉིད་དུ་རབ་ཏུ་འགྱུར། །ལ་ལ་དག་གིས་ལེགས་པར་བཤད་པ་ན། །མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ་ཡིས། །རྩེ་མོ་འོད་དཀར་གཡོ་ཞིང་རྒོད་པའི་ཞལ། །སྨིན་མ་གདེངས་པས་ཕྱོགས་བཅུ་མ་ལུས་པ། །འབྲུག་སྒྲ་ལྟ་བུ་ཧཱུཾ ནི་འཇིགས་པའི་སྒྲ། །སངས་རྒྱས་མེ་ཏོག་ཆུན་ཕྲེང་གཉིས་བཏགས་པ། །འོད་ཆེན་སྣ་ཚོགས་ལྡན་པར་རང་གི་ལུས་བསྒོམས་ལ། །སྔགས་པས་རང་གི་བུ་ཡི་ཡིག་ཕྱེ་སྟེ། །འཁོར་ལོ་འདི་དག་མ་ལུས་བསྟན་པར་བྱ། །གང་ཚེ་འདིར་ནི་ཅི་ཡང མ་མཐོང་ན། །རང་ལས་བྱུང་བའི་འོད་ཀྱི་ཕྲེང་བ་ཡིས། །དེ་ཡི་སྙིང་ལ་སྣང་བར་བྱས་ལ་དེ་ནས་ནི། །འདི་ཉི་ཉིས་འགྱུར་མིག་ཏུ་འགྱུར་བར་བསམ། །དེ་ཡི་འོད་ཀྱིས་མིག་གཉིས་བསྐུལ་བས་ན། །དེ་ཚེ་ཅུང་ཟད་ངེས་པར་མཐོང་བར་འགྱུར། །དེས་ཀྱང་དེ གཞན་མཚན་མ་མཐོང་ན། །རྗེས་མཐུན་གནས་པས་བདེན་པའི་བྱིན་རླབས་བྱ། །འགྲོ་བའི་དོན་ལ་ཆགས་བྲལ་མ་མཛད་ཅེས། །བརྟུལ་ཞུགས་ཅན་གྱིས་དེར་སོགས་ཀྱིས་བསྐུལ་ཞིང། །པུས་མོ་གཉིས་ཀ་ས་ལ་བཙུགས་ནས་ནི། །གཟུགས་མཐོང ཕྱིར་ནི་མཆོད་པ་དབུལ་བར་བྱ། །དེ་འབབ་སྟེ། བབས་མ་ཐག་ཏུ་ལྷའི་ཡེ་ཤེས་སྐྱེ་བར་འགྱུར་ཞིང། ཡེ་ཤེས་དེས་ནི་ཕ་རོལ་སེམས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་ལ་རྒྱ་ཆེར་སྦྱར་རོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་དེའི་སྙིང་གའི་ཕྱག་རྒྱ དགྲོལ་བར་བྱའོ། །ཚིགས་སུ་བཅད་པ་འདིས་པ་རིན་པའི་བྱིན་བརླབས་བརྗོད་པར་བྱའོ། །འདི་ལྟར་བདག་གིས་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཅུག་ནས། །ལྷ་ཡི་རིགས་ཀྱི་རིམ་པ་དག་།འདི་ཡི་བསོད་ནམས་ཅི་འདྲ་ལས། །དེ་བཞིན་དུ་ནི་འབབ བར་འགྱུར། །འདི་ནི་དངོས་གྲུབ་གང་གྲུབ་པ། །རིགས་ནི་གང་གི་སྣང་གྱུར་དང། །བསོད་ནམས་མཐུ་ནི་གང་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་འགྱུར། །དེ་ནས་སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར་།བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་གཞེས་སུ་གསོལ། །ཧཱུཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བྱ་བའི་སྔགས་ཀྱིས་ཕྲེང་བ་དཀྱིལ་འཁོར་དུ་དོར་རོ། །དེ་ནས་དངོས་གྲུབ་རབ་འབྲིང་མེ་ཏོག་འབབ་པ་ལས་བརྟག་པར་བྱ་སྟེ། ལྷ་རྣམས་ཀྱི་ཁྱད་པར་དང གནས་ཀྱི་ཁྱད་པར་ལས་བརྟགས་ཏེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུ་ལ་མེ་ཏོག་འབར་པར་འགྱུར་ན། དེ་ཚེ་གཙུག་ཏོར་མཛོད་བུ་དག་།འགྲུབ་པར་འགྱུར་བས་གདོན་མི་ཟ། །སྤྱན་ལ་སོགས་པ་རྣམས ཀྱང་ནི་?་ཞལ་དུ་བབ་པར་གྱུར་བ་ན། །སྟོང་དུ་བབ་ན་མཆོག་རྣམས་གྲུབ། །རྐེད་དུ་བབ་ན་འབྲིང་རྣམས་གྲུབ། །རོ་སྨད་ཕྱོགས་སུ་བབ་ན་ནི། །དངོས་གྲུབ་ཐ་མ་རྣམས་གྲུབ་འགྱུར། །བར་གྱི་སྐུ་ལ་བབ་ན་ནི། །སྙིང་པོ་ལ་སོགས་གྲུབ་པར་འགྱུར། །སྨད་དུ བབས་པར་གྱུར་ན་ནི། །མངག་གཞུག་ལ་སོགས་གྲུབ་པར་འགྱུར། །རིམ་པ་དེ་དག་ཐམས་ཅད་ནི། །རིགས་བཞིན་རྣམ་པར་ཤེས་པར་བྱ། །དེ་བཞིན་ལྷ་རྣམས་གཞན་ལ་ཡང། །དངོས་གྲུབ་རྣམ་པ་གསུམ་དུ་བཤད། །གལ་ཏེ་ལྷ་ཡི་གཟུགས་དག་ལ མེ་ཏོག་རིང་དུ་ལྷུང་གྱུར་ན། །དེ་ཡི་དངོས་གྲུབ་ཡུན་རིངས་འགྲུབ། །ཉེ་ན་དངོས་གྲུབ་མྱུར་དུ་འགྲུབ། །གསང་སྔགས་རྣམས་ཀྱི་མཆོད་པ་དག་།གང་དུ་བཀྲམ་པའི་ཚུལ་ཅན་ནི། །དེ་ཡི་ས་རིས་དེ་ཡིན་ཏེ། །མེ་ཏོག་དེར་ལྷུང་དེ་ཡི་རིགས། །ལྷ་གཉིས་ཀྱི་ནི པར་དག་ཏུ། །གལ་ཏེ་ངེས་པར་བབས་གྱུར་ན། །གང་དུ་ཉེ་བ་དེ་ཡི་རིགས། །གལ་ཏེ་ལ་ལའི་མེ་ཏོག་ནི། །དཀྱིལ་འཁོར་མང་པོ་འདས་ནས་བབ། །དེ་ལ་དངོས་གྲུབ་མི་འགྲུབ་ཅིང། །བསོད་ནམས་དད་པ་རབ་ཏུ་ཆུད། །གལ་ཏེ་མེ་ཏོག་དོར་བ་དག ར་བའི་རི་མོ་ལ་བབས་ན། །ཞི་བ་བྱས་ནས་དེ་དག་གདོད། །ནན་ཏན་བསྐྱེད་དེ་འདོར་དུ་གཞུག་།དེ་སྟེ་ཐེ་ཚོམ་གྱུར་ན་ནི། །མཁས་པས་བཟླས་ཏེ་འདོར་མི་གཞུག་།དེ་ནི་གང་ཡང་ཉེ་མེད་པས། །དེས་ནི་དངོས་གྲུབ་ཐོབ་མི་འགྱུར། །གཉིས་ཀྱི་བར་དུ མཉམ་པ་ན། །དོན་མེད་ཕྱི་རོལ་ལྷུང་ན་ནི། །ཞི་བའི་སྦྱིན་སྲེག་བྱས་ནས་སུ། །དེ་ནས་མེ་ཏོག་དོར་དུ་གཞུག་།སྙིང་པོར་མེ་ཏོག་བབས་པ་ནི། །རྟག་ཏུ་དོན་མེད་མི་འགྱུར་བཤད། །སྲད་བུ་དག་ནི་ཆོ་ག་བཞིན། །དེ་ཡི་ཉེ་འཁོར་ཤེས་པར་བྱ། །དེ་ལ་སོགས པའི་རྣམ་པ་ཡིས། །མེ་ཏོག་རྣམས་ནི་དོར་བ་ལས། །བདག་གི་མདུན་དུ་གང་ལྷུང་བ། །དེ་ལ་ཞི་བ་བརྩམ་པར་བྱ། །སྦྱིན་བསྲེག་གིས་ནི་ཞི་བྱས་ནས། །དེ་ནི་སླར་ཡང་མདོར་དུ་གཞུག་།ལན་གསུམ་སྤོགས་ཏེ་དོར་ན་ཡང། །གལ་ཏེ་ལེགས་པར་མ་བབ་ན། །རེ་ཐག བཅད་དེ་སླར་གཏད་བྱ། །དེ་ནས་མེ་ཏོག་བབས་པ་ལས། །ལྷ་ཡང་དག་པར་ཤེས་བྱས་ནས། །ཕྲེང་བ་བླངས་ཏེ་སྔགས་འདི་བརྗོད། །ོཾ་པྲ་ཏི་གྲིཧྞ་ཏཱ་མི་མཾ་སཏྭ་མཧཱ་པ་ལ་ཞེས་བརྗོད་ལ་དེའི་མགོ་ལ་བཅིང་ངོ། །ཡེ་ཤེས་སེམས་དཔའ་ཨི་མཚན་མ་ཉེ་བར མཚོན་ནས། །དེ་ལ་མིག་གིས་ཇི་ལྟར་མཐོང་ཞེས་དྲིའོ། །དེས་ཇི་ལྟར་མཐོང་བ་བཞིན་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་ཁ་དོག་སྣང་བར་མཐོང་ན་དེ་ལ་དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་བསླབ་པར་བྱའོ། །ཞེས་རྒྱ་ཆེར་སྦྱར་རོ། །དེ་ནས་འདིས་གདོང་གཡོགས དགྲོལ་ཏེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མིག་གི་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །བཛྲ་ཙཀྵུ་ཧེ་བཛྲ་པ་ཤ་ཞེས་བརྗོད་དོ། །དེ་ནས་གདོང་གཡོགས་བཀྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་བསྟན པར་བྱ། །དེ་ནས་བླ་མ་དགའ་འགྱུར་ན། །སློབ་མ་དེ་ལ་འདི་སྐད་བསྒོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །རིགས་དང་རིག་པས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང། །ཐམས ཅད་ཁྱོད་ལ་མངོན་དུ་གྱུར་རོ། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། གསང་སྔགས་ལ་ཡང་བརྩོན་པར་གྱིས། །དེ་ནས་དཀྱིལ་འཁོར་དེ་ཁོ་ན་བཤད་པར་བྱ་སྟེ། མི་མཉམ་མེད་པས་བཟུར་བཞིར་སྙོམས། དྲན་དང་དབང་པོ་སྒོ་བཞི་སྟེ། བསམ་གཏན་རྟ་བབས རྣམ་པ་བཞི། །ཏིང་འཛིན་ཁྱམས་སུ་ཤེས་པར་བྱ། །ཁྱམས་ལ་བརྟེན་པ་རྡོ་རྗེའི་གདན། །གཟུངས་རྣམས་ལྷ་མོས་མཆོད་པ་ཡིས། །རྒྱན་རྣམས་ཀུན་གྱིས་བཀྲ་བ་ཡང། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱ་བསྐྱོད་པ་སྣ་ཚོགས་མཆོག་།དར་ཕན་དྲིལ བུ་སྒྲོགས་པ་ཡིས། །མེ་ལོང་ཡེ་ཤེས་རྟག་མི་རྟོག་།བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག་།ཉི་མ་ཟླ་བར་ཡང་དག་ལྡན། ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་གྲགས་སོ། །དེ་ཡི་ནང་གི་དཀྱིལ འཁོར་གྱི། །ཀ་བ་དཀྱིལ་འཁོར་འདྲ་བ་ནི། །དངོས་གྲུབ་བདེ་བ་ཀུན་སྟེར་བའི། །རྣམ་ཐར་བརྒྱད་པོ་དེ་ཉིད་ཡིན། །ཐེག་པ་ཆེན་པོ་བྱང་ཆུབ་སེམས། །མདོ་སྡེའི་འཁོར་ལོ་བསྐོར་བས་ན། །རྡོ་རྗེ་ཐིག་གིས་ཡོངས་ཁྱབ་ཅིང། །ཐམས་ཅད་དུ་ཡང་ཡོངས་སུ་རྫོགས གང་དུ་འཇུག་པ་དེ་ཙམ་གྱིས། །མི་ཚུགས་པ་དང་མི་ལོག་པ། །བདེ་བ་ཆེན་པོར་རབ་གྲུབ་ཕྱིར། །དེ་དག་དབང་པོར་ཡང་དག་འགྱུར། །དེ་ནས་ཕྱག་རྒྱ་དང་སྙིང་པོ་ཡང་བཤད་པར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། མགོན་པོ་འཇམ་དབྱངས་ཀྱི་བར་དུ བསྟན་པར་བྱའོ། །དེ་ནས་མེ་ལོང་བསྟན་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ སེམས་ཅན་དོན་ནི་མཉམ་པར་བྱས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས་ཞེས་སྒྱུ་མ་ལྟ་བུར་བསྟན་ཏོ། །དེ་ནས་བླ་མ་དེ་ལ་ཡོན་གྱིས་མཆོག་ཕུལ་ཏེ། གསོལ་བ་བཏབ་བར་བྱ་སྟེ། འདི་ཞེས་བགྱི་བ་རྡོ་རྗེ་ཅན། །བྱང་ཆུབ་སེམས་ནི་རྣམ་བསྒོམ་པ། །སློབ་དཔོན ཞབས་ཀྱི་པདྨ་ལ། །དབང་བསྐུར་ཕྱིར་ནི་ཕྱག་ཀྱང་འཚལ། །སློབ་དཔོན་རབ་ཏུ་རྨད་བྱུང་བ། །རྒྱལ་བ་རྣམས་ཀྱིས་དབང་བསྐུར་ཉིད། །སངས་རྒྱས་བྱང་ཆུབ་ཐོབ་བྱེད་པ། །སྐལ་པ་ཆེན་པོ་བདག་ལ་གསོལ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་ཧོ་ཞེས་བྱ བས་གཞུ?་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ། ཕྱོགས་བཞིར་མདའ་བཞི་འཕེན་དུ་གཞུག་ཅིང། སྟེང་དང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག་གོ་།དེ་ནས་སློབ་མ་དབང་བསྐུར་བར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོའི མཐར་སྣ་ཚོགས་པདྨ་བྲིས་ལ་གང་ཡང་རུང་བའི་སྐུར་བསྐྱེད་དེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ལ། གཡས་ལོགས་སུ་དར་དང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གདུགས་དཀར་པོ་ལ་གཙུག་ཏོར་གདུགས་དཀར་བཟླས་ལ་དབུབ་བོ། །གཡོན དུ་དར་ཚོན་སྣ་ཚོགས་པ་བཀྲམ་པའི་རྒྱལ་མཚན་དང། བ་དན་ལ་ཨཾ་ཡོངས་སུ་བཟླས་པ་ལེགས་པར་བཞག་ལ། མེ་ཏོག་ལ་སོགས་པས་མཆོད་པས་མཆོད་ལ་སྒྲ་སྣ་ཚོགས་པས་བསྒྲགས་སོ། །བཀྲ་ཤིས་ཀྱི་གླུ་ལེན་ཅིང་ཕྱི་ནང་གི་གང་སྣ་ཚོགས་པ་ཡང བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་བུམ་པ་ལ་སོགས་པ་ཐམས་ཅད་གཅིག་ཏུ་སྡོམས?་ཏེ་བྱིན་གྱིས་བརླབས་ལ་དབང་བསྐུར་བར་བྱ་སྟེ། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང། །བདུད་རྩིའི་ཆུ་ཡིས་རང་བཀང་བ། །རྣམ་པར་དག་པའི་བུམ་པ་འདིས། །བུ་ཁྱོད་ལ་ནི་དབང བསྐུར་རོ། །ོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་དོ། །སློབ་མ་རྣམས་ཀྱི་སྤྱི་བོར་གཞག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་མི་བསྐྱོད་པའི་ངོ་བོར་གྱུར་ཏོ། །དེ་ནས་དེ་ཁོ་ན་ཉིད་བསྟན་ཏེ། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཐམས ཅད་བདག་། རྡོ་རྗེ་སེམས?་ཚུལ་བདག་པོའི་བདག་ཅེས་བྱ་བ་འདི་ནི་འཇམ་དཔལ་ལ་བྱ་བར་བཤད་དེ་མིང་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ནས་ཆོས་བསྟན་ཏེ། སྲིད་པ་རང་བཞིན་དག་པའི་ཕྱིར། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག པའི་སེམས་དཔའ་མཆོག་། སྲིད་པའི་མཆོག་ནི་བྱེད་པར་འགྱུར། །དེ་ནས་དམ་ཚིག་བསྒྲགས་པར་བྱ་སྟེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང། །སྡུག་བསྔལ་ཆེན་པོ་ཞི་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དེ་བས་དམ་ཚིག་བསྲུང་བར་གྱིས། །འདོད་པའི ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ནི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས གསང་བ་མཆོག་གི་དམ་ཚིག་ཐབས། །བསོད་ནམས་བྱིན་རླབས་སྒྲུབ་བྱེད་པ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ། །སེམས་ཅན་དོན་ནི་བསྟན་པར་བྱད། །ཡིད་ཀྱི་གཟུགས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཡིན་པར་གྲགས གང་གི་ལུས་ཀུན་བསྟན་པས་ན། །དེས་ན་ཕྱག་རྒྱ་ཡིན་པར་གྲགས་ཞེས་བྱའོ། །དེ་ནས་གསང་བ་བསྒྲགས་ཏེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་པའི་ཆགས་བྲལ་བར། །ཁྱེད་ཀྱིས་ཀྱང་ནི་མ་བྱེད་ཅིག་ཅེས་བྱའོ། དེ་ནས་མགོན་པོ་ཁྱོད་ལ་གསོལ་བ་ནི། །ཐེག་པ་ཆེན་པོ་རྟོགས་པ་ཡི། །ཚུལ་ཆེན་ཡང་ནི་རྒྱས་པར་མཛོད། ཅེས་བྱའོ། །དེ་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །རྡོ་རྗེའི་འཁོར་ལོ་རབ ཏུ་བསྐོར་ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།རྡོ་རྗེ་རིགས་ཀྱི་བདག་པོ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བསྐོར་ཞེས་བརྗོད་དོ། །དེ་ནས་དབུ་རྒྱན་དང་དར་དཔྱངས་སུ་བཅས་པ་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས ལྔ་ཡི་ངོ་བོ་ཉིད། །རིན་པོ་ཆེ་ཡི་དབུ་རྒྱན་དང། །དར་དཔྱངས་དག་གིས་དབང་བསྐུར་རོ། །ོཾ་རཏན་ཨ་བྷི་ཥིཉྩ། ཞེས་བརྗོད་པས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། རྡོ་རྗེ་རིན་པོ་ཆེར་གྱུར་ཏོ། །དེ་ནས་དེ་ཁོ་ན་ཉིད་བསྟན་ཏེ། ཉི་མ་འདི་ནི་མཆོག་ཡིན་ཏེ། །དེ་བཞིན་གཤེགས པ་ཐམས་ཅད་མཐོང། །ནམ་མཁའ་ཨི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་རྫོགས་མཛད་པའོ་ཞེས་བརྗོད་དོ། །དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ། །བསམ་པ་ཐམས་ཅད་རབ་གྲུབ་པས། །དོན་འདི་བསམ་འགྲུབ་བླ་ན་མེད། །དེ་ཡང་འདོད་པ་རབ་གྲུབ་ཕྱིར། ། འདོད་དང་ཐར་པའི་བདེ་ཆེན་པོ་ཞེས་བརྗོད་དོ། །དེ་ནས་དམ་ཚིག་བསྒྲགས་ཏེ། སེམས་ཅན་ཀུན་ལ་ཕན་ཕྱིར་དང། སངས་རྒྱས་དོན་དུ་སྦྱོར་བ་ཡིས། །ཕ་རོལ་ནོར་རྣམས་གྲོགས་ཀྱང་ནི། །སྡིག་གིས་གོས་པར་མི་འགྱུར་རོ་ཞེས་བརྗོད་དོ། །དེ་ནས་གསང་བ་བསྒྲགས་ཏེ། །འདོད དང་བདེ་བ་ཐམས་ཅད་དང། །མི་མཐུན་པ་ཡང་སྦྱིན་བྱ་ཞིང། །བདག་ཉིད་ཀྱང་ནི་ཕ་རོལ་གྱི། །བསམ་པ་ཐམས་ཅད་རྫོགས་པར་གྱིས། །དེ་ནས་རིག་ཆེན་ཁྱེད་ལ་གསོལ་བ་ནི། །ནོར་གྱི་ཚོགས་ནི་བཤད་དུ་གསོལ། །རང་གི་རིགས་ཀྱི་བསྐྱེད་པར་མཛོད་ཅེས་བརྗོད། དེ་ནས། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཅི་སྟེ་སྣ་ཚོགས་འདུལ་འགྱུར་བའི། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་པར་གྱུར་ཅིག་།རིན་པོ་ཆེའི་རིགས་ཀྱི་བདག་པོ་རིན་པོ་ཆེའི རིགས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས་རྡོ་རྗེ་བྱིན་གྱིས་བརླབས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེ་དབང། །དི་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་གྲུབ་ཕྱིར། །བུ་ཁྱོད་ལ་ནི་བསྐུར་བར་བྱ། །བཛྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཞེས་བརྗོད པས་སོ་སོར་རྟོག་པའི་ཡེ་ཤེས་ལས་རྡོ་རྗེ་ཆོས་ཀྱི་སེམས་དཔར་གྱུར་ཏོ། །དེ་ནས་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། འདི་ཉིད་སངས་རྒྱས་བཅོམ་ལྡན་འདས། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ། །འདུལ་བ་ཐབས་ཀྱིས་མཛད་པ་ནི། །དག་པའི་རོལ་མོ་རབ་ཏུ་འཇུག ཅེས་བརྗོད་དོ། །དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ། ཇི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མ་གོས་ལྟར། །དེ་བཞིན་གནས་པའི་ཉེས་པ་འདིས། །འགྲོ་ཕན་རྣམས་ལ་མི་གོས་སོ་ཞེས་བརྗོད་དོ། །དེ་ནས་དམ་ཚིག་བསྟན་ཏེ། ཆོ་ག་འདི་དག་གང་གང་གིས། ། འགྲོ་བ་རྣམས་ནི་འདུལ་འགྱུར་པ། །པདྨ་དག་པར་སྦྱོར་བའི་བདག་།དེ་དག་དེར་ནི་སྦྱོར་བར་བྱ་ཞེས་བརྗོད་དོ། །དེ་ནས་གསང་བ་བསྒྲགས་ཏེ། འདོད་ཆགས་འབྲ་བའི་བདེ་བ་མེད། རྒྱལ་བ་རྣམས་ལ་དེ་ཕུལ་ལ། །སེམས་ཅན་དོན་དུ་སྦྱིན་མེད་མཆོག་།བསྟེན་ན་བསོད་ནམས ཐོབ་པར་འགྱུར། །ཞེས་བརྗོད་དོ། །དེ་ནས་དཔའ་བོ་ཁྱོད་ལ་གསོལ་བ་ནི། །རང་གི་རིགས་རྣམས་བསྐྱེད་ནས་ནི། །ཆོས་ཀྱི་འཁོར་ལོ་དོམ་པ་འདི། །ཐུབ་པ་ཆེན་པོས་བཤད་དུ་གསོལ། ཞེས་བརྗོད་དོ། །དེ་ནས་འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་པའི། །འཁོར་ལོ་རབ་བསྐོར?་ཞེས་བརྗོད་ལ། །རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།པདྨ་རིགས་ཀྱི་བདག་པོ། །ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས་དྲིལ་བུ བྱིན་གྱིས་བརླབས་ཏེ། །འདི་ནི་ཤེས་རབ་ཉིད་ཀྱི་དངོས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བའི། །དི་རིང་ཁྱོད་ལ་འདིར་དབང་བསྐུར། །ོཾ་པྲ་ཛྙཱ་པཱ་ར་མི་ཏཱ་དྷརྨཱ་ཨ་ཞེས། བརྗོད་བྱ་བ་གྲུབ་པའི་ཡེ་ཤེས་ལས་སྣ་ཚོགས་རྡོ་རྗེ་ཅན་དུ་གྱུར་པར་བསམས་ལ དེ་ཁོ་ན་ཉིད་བསྟན་ཏེ། རྟག་ཏུ་འདོད་ཆགས་ལས་བྱུང་འགྲོ་།རྡོ་རྗེ་མེའི་ཕུང་པོའི་གཟུགས། །འབར་བའི་རྡོ་རྗེ་སྦྱོར་བ་ཆེ། །མཁའ་འགྲོ་རྣམས་ནི་ཀུན་ཏུ་འབར་ཞེས་བརྗོད་དོ། །དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ། ཆོས་རྣམས་ནམ་མཁའ་ཨི་མཚན་ཉིད་དེ ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །འདི་ཀུན་མྱུར་དུ་འཛིན་པར་འགྱུར་ཞེས་བརྗོད་དོ། །དེ་ནས་དམ་ཚིག་བསྟན་ཏེ། ཐམས་ཅད་ནམ་མཁའ་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་སྨྲ་ཞིང། རྡོ་རྗེའི་ཕྱག་རྒྱ་རྒྱས བཏབ་ལ། །ཁམས་གསུམ་ཡོད?་ནི་ཟ་བར་བྱ། །ཞེས་བརྗོད་དོ། །དེ་ནས་གསང་བ་བསྒྲགས་ཏེ། སེམས་ཅན་ཀུན་ལ་ཕན་ཕྱིར་དང། །སངས་རྒྱས་བསྟན་པའི་དོན་དུ་ནི། །སེམས་ཅན་ཐམས་ཅད་བསད་ན་ཡང། །དེ་ནི་སྡིག་པས་གོས་མི་འགྱུར། །ཞེས་བརྗོད་དོ། །མགོན པོ་ཁྱོད་ལ་གསོལ་བ་ནི། །སངས་རྒྱས་ཀུན་ལ་དབང་བྱེད་ཅིང། །སེམས་ཅན་ཀུན་དོན་བྱ་བའི་ཕྱིར། །རང་གི་རིགས་ནི་བསྐྱེད་པར་མཛོད། །ཅེས་བརྗོད་དོ། །དེ་ནས་མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས འདུལ་འགྱུར་བའི། །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།ལས་ཀྱི་རིགས་ཀྱི་བདག་པོ་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས་བྱིན་གྱིས་བརླབས་པའི་ལག་པ་དེ་རྣམས་ཀྱི་སྤྱི་བོར་བཞག་ལ། །ཁྱོད་ནི སངས་རྒྱས་དངོས་ཡིན་ཏེ། །རབ་ཏུ་གསང་བ་གསང་བའི་མིང། །རྡོ་རྗེ་ཆེ་གེ་མོ་ཞེས་པ། །དི་རིང་ཁྱོད་ལ་དབང་བསྐུར་རོ། །ོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཞེས་པ་ལ་སོགས་པ་བརྗོད་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར་ཏེ། དེ་ལ་དེ་ཁོ་ན ཉིད་བསྟན་ཏེ། དེ་ཉིད་དུ་ནི་བཅོམ་ལྡན་འདས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས། །ལྟ་ངན་རྣམས་ལ་ཕན་པའི་ཕྱིར། །མྱ་ངན་འདས་འདི་སྟོན་པར་མཛོད། །སྣ་ཚོགས་འདུལ་བར་བརྩོན་པ་ཡི། །བརྟན་ཞིང་ངེས་པའི་ཆོས་ཉིད་ཅན། །སྲིད་པ་ཤིན་ཏུ་གནས མཆོག་ཏུ། །གོ་ཆ་ལ་སོགས་ངེས་པར་གོན། །སངས་རྒྱས་ཆོས་དང་ཚོགས་ལ་སོགས། །དཀོན་མཆོག་གསུམ་པོ་ཉིད་དུ་རྟོགས། །སྲིད་པ་ཤིན་ཏུ་ལེགས་པར་བསྒྲུབ། །སྣ་ཚོགས་མཁྱེན་དཔལ་བྱེད་མཆོག་ཅེས་བརྗོད་དོ། །དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ། །ཐམས་ཅད ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བརྗོད་དོ། །དེ་ནས་དམ་ཚིག་བསྟན་པར་བྱ་སྟེ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་བདེ་བར་ནི་བསྟེན་བཞིན་དུ། དཀོན་མཆོག་གསུམ་ཡང་མཆོད་པར་བགྱི། །རང་ཉིད་དང་ནི་བསྟེན་པར་བྱའོ། །ཞེས་བརྗོད་དོ། །དེ་ནས་གསང་བ་བསྒྲགས་ཏེ། ཇི་ལྟར་ཇི་ལྟར་སེམས་ཅན་རྣམས། །འདུལ་འགྱུར་དེ་ལྟ་དེ་ལྟ་བུར། །ཆགས་ལ་སོགས་པ་ཡུན་རིངས་སུ། །དེ་བཞིན་འགྲོ་བའི་དོན་རྣམས ཀྱིས་ཞེས་བརྗོད་དོ། །དེ་ནས་མགོན་པོ་ཁྱོད་ལ་གསོལ་བ་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཐུགས་རྗེ་ཆེན་པོ་བསྐྱེད་ནས་ཀྱང། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོད་དོ། །དེ་ནས་འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོད། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་།དེ་བཞིན་གཤེགས་པའི་བདག་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དེ་ཐ་མ་དེ་རྣམས་ནི་རྗེས་སུ་གནང་བའི་ཆོ་གའོ། །དེ་ནས་རྡོ་རྗེ་ རྩེ་ལྔ་པ་བྱིན་གྱིས་བརླབས་ཏེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ན་འདུག་།ཁྱོད་ཀྱིས་བྱ་བ་ནི་རྟག་ཏུ་བཅད། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟཝཾ དྷ་ར་ཡ་མི། བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །བྱང་ཆུབ་རྡོ་རྗེ་རྒྱལ་བས་གསུངས་ཞེས་བརྗོད་ལ་དྲིལ་སྦྱིན་ནོ། །དེ་ནས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས ཀྱི་བར་དུ་གཞག་ལ། དུང་ལག་པ་གཡས་པར་སྦྱིན་ཏེ། འདི་སྐད་བརྗོད་དོ། །དིང་ནས་བརྩམས་ཏེ་དབང་བསྐུར་བ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་།ཆོས་ཀྱི་དུད་བུས་ཤིག་།འཇིག་རྟེན་ཀུན་ལ་ཟབ་མོ་ཆོས་ཀྱི་སྒྲ་སྒྲོགས་ཤིག་།དེ་ནས་གཟེངས་བསྟོད།། འདི་ལྟར་སྣང་བའི་དངོས་པོ་ཀུན། །སངས་རྒྱས་ཀུན་གྱི་བདག་ཉིད་དེ། །འཇམ་པའི་དབྱངས་ཀྱིས་དབང་བསྐུར་བས། །དེ་བཞིན་གཤེགས་པར་ཁྱོད་གྱུར་ཏོ། །དེ་ནས་ལུང་བསྟན་ཏེ། དེ་ཡིས་འདི་ལྟར་ཁྱོད་ལུང་བསྟན། །འཇམ་དཔལ་གཞོན་ནུ་དེ་བཞིན་གཤེགས ཁྱོད་ནི་སངས་རྒྱས་དངོས་ཡིན་གྱིས། །སོམ་ཉིད་ཡི་གཉིས་མ་ཟ་ཞིག་།དེ་ནས་དབུགས་དབྱུང་བར་བྱ་སྟེ། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །མཐོང་བ་འམ་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་བ། །ཁྱོད་ནི་དིང་ཉིད་གནས་ཡིན་ཏེ། །བདེ་ ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །ཁྱོད་ནི་མཆོག་ཏུ་གྱུར་པའོ། །ཞེས་བརྗོད་དོ། །དེ་ནས་ཕྱི་ནང་གསང་བ་གསུམ་གྱིས་མཆོད་པས་མཆོད་།བཀྲ་ཤིས་བརྗོད་དོ། །སློབ་མའི་ཆོ་གས་རྣམས་དང་སྒྲའི རྣམ་པ་མང་པོས་སྣ་དྲངས་ལ་དཀྱིལ་འཁོར་ལན་གསུམ་བསྐོར་བར་བྱའོ། །དེ་ནས་སློབ་མའི་སྤྱི་བོ་ནས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་དཀྱིལ་འཁོར་ལ་ཕུལ་ཏེ། འདི་སྐད་བསྒོ་བར་བྱའོ། །ད་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །གསང་སྔགས་རྒྱུད་ཀྱང འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་གྱིས། །སྒྲུབ་པ་པོ་རྣམས་རྒྱུད་ལ སྦྱོར། །ཁྱོད་ཀྱིས་ཆོས་ལ་སེར་སྣ་དང། །སེམས་ཅན་ཀུན་ལ་མི་ཕན་པ། །ཉམ་པ་ཆེན་པོར་གྱུར་ཀྱང་ནི། །བུ་ཁྱོད་ཀྱིས་ནི་མི་བྱའོ། །དེ་ནས་སློབ་མ་རེ་རེའི་ལག་པ་གཡོན་པས་གཡས་པའི་མཐེ་ཆུང་ནས་བཟུང་ནས་ཞི་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱའོ དེ་ནས་དཀྱིལ་འཁོར་ལ་མཆོད་པ་དང་བསྟོད་པ་དང་གཟོད་པར་གསོལ་བ་བྱ་སྟེ། ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ། བསྐྱེད་པའི་མཚན་ཚོ་བདག་གི་ཐུགས་ཀར་བསྡུས་ལ། རྡུལ་ཚོན་ཕྱགས་ཏེ་ཆུ་བོ་ཆེན་པོར་དོར་བར་བྱའོ། །དེ་ནས་གནས་དེ་ཡང་དྲི་སྣ ཚོགས་ཀྱིས་ཆུས་ལེགས་པར་བྱུག་པར་བྱའོ། །དེ་ནས་སློབ་མ་དམ་པ་དེས། །ཅི་བཞེད་ཡོན་རྣམས་ཕུལ་ནས་སུ། །གསང་དབང་ནོད་ཕྱིར་འདི་སྐད་ཞུ། །བླ་མ་དམ་པ་བདེ་གཤེགས་གཙོ། །ཁྲོ་བོ་འཁོར་དང་བཅས་པ་ལ། །ལུས་ངག་ཡིད་ཀྱིས་བདག་ཕྱག འཚལ། །གསང་གསུམ་དམ་པའི་དབང་མཆོག་འདི། །དི་རིང་བདག་ལ་གནང་བར་སྩོལ་ཞེས་བརྗོད་དོ། །དེ་ནས་བླ་མ་དམ་པ་དེས། །གསང་བའི་དབང་བསྐུར་བརྩམ་བྱ་སྟེ། །ཤིན་ཏུ་བདེན་པའི་གནས་རྣམས་སུ། །མཎྜལ་དྲི་ཞིམ་བདུད་རྩིས་བྱུགས། །མེ་ཏོག་དཀྲམ་སྟེ་སྟན ?་??་རྗེས་སློབ་མས་ཤེས་རབ་མ། །མཆོག་དང་རབ་དང་འབྲིང་དང་མཛའ་། །བླ་མ་ལ་ཕུལ་འདི་སྐད་གསོལ། །ཁྱོད་ནི་འཇམ་པའི་རྡོ་རྗེ་སྟེ། །བདེ་གཤེགས་རྣམས་ཀྱིས་བདེ་བ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །ཡང་དག་དོན་མཆོག་རྣམ དག་པར་ཇི་ལྟར་ཇི་བཞིན་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡིས། །སྡུག་བསྔལ་རྣམས་ནི་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག་།མ་རིག་ངེས་པར་རབ་རིབ་རྣམས། །གང་ཞིག་བྱང་ཆུབ་བླ་མེད་པ། །དི་རིང་བདག གིས་ཐོབ་བར་མཛོད་ཅེས་བརྗོད་དོ། །དེ་ནས་བླ་མས་ཤེས་རབ་མ། །མདངས་ལྡན་མ་ནི་རབ་བསྐྱེད་ལ། །ཆོག་ཐམས་ཅད་རྫོགས་པར་བྱ། །ཐབས་དང་ཤེས་རབ་བྱིན་རློབས་ལ། །ཐུགས་ལས་འོད་འཕྲོས་སངས་རྒྱས་བསྡུ། །དགུག་ གཞུག་བཅིང་དང་བསྟིམ་པར་བྱ། །ཆགས་པ་བསྐྱེད་ཕྱིར་སྔགས་འདི་བརྗོད། །ོཾ་མཉྫུ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷ་བ་ཨཱཏྨ་ཀོཉཧཾ་ཞེས་བརྗོད་དེ། །བསྲུབ་པ་དང། བསྲུབ་པའི་སྦྱོར་བ་མཛད་པས་བདེ་བར་གཤེགས་པ་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱིས་? ཕབ་པས་ནོར་བུའི་ནང་དུ་བདེ་?་བ་ཐབས་དང་ཤེས་རབ་ཀྱི་སྒོ་བཀག་སྟེ། སློབ་མའི་ཁ་རུ་དབབ་པར་བྱའོ། །དེ་ལ་འདི་སྐད་བརྗོད་དེ། བྱང་ཆུབ་སེམས་ཀྱི་རྡོ་རྗེ་འདི། །སེམས་ཀྱི་སྡུག་བསྔལ་རྣམ་བཅོམ་སྟེ། །གསང་བའི་གནས་དང་དམ་པར་བཅས། །དི་རིང་ཁྱོད ལ་དབབ་པར་བྱའོ། །ཞེས་བརྗོད་དེ་སློབ་མ་???། །སློབ་མ་དེས་ཀྱང་ཚུལ་རྣམ་པ་བཞིས་བདུད་རྩི་མྱང་བར་བྱའོ། །དེས་ནི་དག་གཉིས་པ་དང་རྣམ་པར་རྟོག་པ་དག་པར་བྱེད་པས་ན་གསུང་གི་དབང་ཞེས་བྱའོ། ??་བསྟན་པར་བྱ་སྟེ། བླ་མས་ཆོས་གོས་གྱོན་པ ལག་པ་གཡོན་པས་ཆོས་གོས་ཀྱི་མཛའ་མ་ཆག་པར་བཅུག་སྟེ། གཡས་པ་ནི་འདེགས་པའི་ཕྱག་རྒྱ་བཅོས་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་གསལ་བར་བྱས་ལ། སྔོན་འཇམ་པའི་རྡོ་རྗེ་ལུང་བསྟན་པ་བཞིན་དུ་མགྲིན་གཅིག་ཏུ་ལུང་སྟོན་པར་བསམས་ལ འདི་སྐད་བརྗོད་དོ། །འདི་ལྟར་ང་ཡིས་ལུང་བསྟན་ཏོ། །འཇམ་དཔལ་གཞོན་ནུ་དེ་བཞིན་གཤེགས། །དངོས་གྲུབ་མཆོག་ཏུ་སྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལ་བཏོན། །མཉྫུ་ཤྲཱི་ནཱ་མ་སརྦ་ཏ་ཐཱ་ག་ཏ་ཧྲི་སིདྡྷི་ས་མ་ཡ་སྟཝཾ་ཞེས་བརྗོད་དོ། །དུས་གསུམ་གྱི རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ལུང་བསྟན་པར་མཛད་དོ། །དེ་ནས་དབུགས་དབྱུང་བ་ནི་ཁམས་གསུམ་གྱི་བདག་པོར་གྱུར་པ་དང། བདུད་དང་མུ་སྟེགས་ལ་སོགས་པ་ལས་རྒྱལ་བ་དང། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་སྟེ། འདི་ཉིད ལས་ཐོབ་པར་གྱུར་ཅིག་། ཐེ་ཚོམ་དང་ཡིད་གཉིས་ལ་སོགས་པ་མ་བྱེད་ཅིག་།གཞན་བླ་མ་དམ་པས་དབང་བསྐུར་བ་ཙམ་གྱིས་ཇི་ལྟར་བསམས་པ་ལྟར་སློབ་མ་རྣམས་ཀྱིས་གྲུབ་པར་འགྱུར་རོ། །ཞེས་བརྗོད་དོ། །དེ་ནི་སློབ་མ་གསང་བའི་དབང་བསྐུར་བ སྟེ། དབང་རྣམས་རྫོགས་པས་རིམ་པར་སྦྱིན། །གསང་བའི་དབང་དང་ཞེས་གསུངས་པ་ལ་དེ་སྐད་ཅེས་བཤད་དེ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བསྟན་པའི་ཕྱིར། དེས་པའི་དབང་རིམ་པ་བཞིན་དུ་བསྐུར་བར་བྱ་ཞེས་གསུངས་པའི་དོན ནི་འདི་ཡིན་ཏེ། དེ་ལྟར་གསང་བའི་དབང་ཐོབ་པའི་སློབ་མ་དེས་ཡང་བླ་མ་ལ་འདི་སྐད་དུ་སྟེ། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས། །ཇི་ལྟར་མཁྱེན་ཅིང་ཐུགས་ཆུད་པ། །དེ་ལྟར་རྗེས་སུ་བདག་དད་ན། །དི་རིང་བདག་ལ་དབང་བསྐུར་གསོལ་ཞེས་བརྗོད་དོ། དེ་ནས་བླ་མ་དེས་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་བརྩམས་ཏེ། དེ་ཡང་དང་ལ་ཤེས་རབ་ཀྱི་དབང་ནི་བུ་མོ་རིགས་ལྡན་མཚན་རྟགས་ཅན། །བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་ཉི་ཤུ་བླ་མ་ལ་?་སམ་གཏན་གྱི་དོན་དྲུག་དང་ལྡན་པར་བྱ་སྟེ བླ་མ་དེས་ཤེས་རབ་མ་བྱིན་གྱིས་བརླབས་ཏེ། འདི་སྐད་ཅེས་བསྒོའོ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཀྱང། །ཤེས་རབ་འདི་ལ་བརྟེན་པར་གྲུབ། །རིགས་ཀྱི་བུ་མཆོག་ཁྱོད་ཀྱིས་ཀྱང། །ཤེས་རབ་སྤང་དུ་མི་རུང་སྟེ། །ཡེ་ཤེས་སྐྱེ་བའི་ཐབས་ཡིན་པས། ། ཁྱོད་ཀྱི་འདོད་ཆགས་མ་སྤང་ཞིག་ཅེས་བརྗོད་དོ། །དེ་ནས་བླ་མས་དྲི་བ་འདི་ཡང་གསུང་ངོ། །ཁུ་ཚུར་ཤོག་ཅིག་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུང་ནུས་སམ། །རཀྟ་ག་པུར་ཟ་ནུས་སམ། །གུད་མེད་དད་པས་བརྟེན་ནུས་སམ། །པདྨར་འོ་བྱེད་མི་རྟོག་གམ། །སྣོད་ལྡན ?་ཤིག་ངང་ཚུལ་ཅན། །དེ་ནས་སློབ་མས་འདི་སྐད་བརྗོད། །ཤེས་རབ་དད་པས་བདག་བསྟེན་ཏོ། །དྲི་ཆེན་དྲི་ཆུ་ལ་སོགས་བདུད་རྩི་ལྔ། །རྟག་ཏུ་དད་པས་བསྟེན་པར་བགྱིད། །པདྨར་བདག་ནི་འོ་བགྱིད་དོ། །དེ་ནས་བླ་མ་དམ་པ་དེས། །ཤེས་རབ་མ་གཙང ཟུར་ཕྱུད་ལ། །ལུས་དྲི་ཞིམ་པོའི་ཆུས་བཀྲུས་ལ། མེ་ཏོག་གི་ཕྲེང་བས་མགོ་བཅིངས་ལ། འདི་སྐད་ཅེས་བསྒོའོ། །སྟོན་པའི་རང་བཞིན་སྙིང་རྗེའི་བདག་།ཁྱོད་ཀྱིས་སེམས་ཅན་དོན་རྣམས་ཀྱིས། །མཁའ་ཀློང་པདྨ་བསྟན་པར་གྱིས། ། བུ་འདི་བདེ་བ་བསྐྱེད་བར་གྱིས། །ཞེས་བསྐུལ་ལོ། །དེ་ནས་ཤེས་རབ་དམ་པ་དེས་ལག་པ་གཉིས་དྲིལ་བུ་བཟུང་ནས་པདྨ་ཁ་ཕྱེ་སྟེ་འདི་སྐད་བརྗོད་དོ། །རྨད་འབྱུང་ང་ཡིས་པདྨ་ལ། །བདེ་བ་ཐམས་ཅད་འདི་ལ་རྙེད། །བདེ་བར་གཤེགས་པ་ཐམས་ཅད་ཀུན། །རྟག་ཏུ འདི་དང་མི་འབྲལ་ལོ། །པདྨ་འདི་ནི་ཆོས་དབྱིངས་ཡིན། །སངས་རྒྱས་ཐམས་ཅད་འདི་ལས་བྱུང། །སེམས་ཅན་ཐམས་ཅད་འདི་རུ་གྲོལ། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ཞེས་སུ་རབ་ཏུ་གསུངས། །པདྨའི་ནང་གི་ནམ་མཁའ་ལ། །འབྱུང་བ་ལྔ་པོ་རང་བཞིན་གནས། །ལྟ་ བ་ལ་ནི་གེ་སར་ཏེ། །པདྨ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཟེ་འབྲུའི་དབུས་ནས་འབྱུང་བ་ཡིན། །དེ་ཉིད་བདུད་རྩི་དམ་པ་སྟེ། །སངས་རྒྱས་ཀུན་གྱི་སྙིང་པོའོ། །ཞེས་བརྗོད་དོ། །དེ་ནས་བླ་མས་སློབ་མའི་ལག་པ་གཡས་པ་དང། ཤེས་རབ་མའི་གཡོན་པའི་འོག་ཏུ་གཞག ནས་འདི་སྐད་བརྗོད་དོ། །ཤེས་རབ་དམ་པ་འདི་ཡིན་ཏེ། །ཁྱེད་ཀྱི་ཡེ་ཤེས་སྐྱེད་བར་བྱེད། །འདི་དང་ཁྱེད་ཉིད་མ་བྲལ་བར། །དང་བས་རྟག་ཏུ་རོལ་མོ་གྱིས། །ཅེས་བརྗོད་ལ་ཤེས་རབ་མའི་ལུས་ལ་དཀྱིལ་འཁོར་བཀོད་ལ་སླབ་མ་ལ་སྦྱིན་ནོ། །སློབ་མ་ཡོལ་པ ནང་དུ་ཤེས་རབ་མ་དང་འདུག་ནས་ཡེ་ཤེས་ཀྱི་དབང་ནོད་པར་བྱའོ། །དེ་ནས་ཤེས་རབ་མ་དང་སློབ་མས་བློ་གཡས་པ་ཕབ་ལ་ཉལ་ལོ། །དགའ་བའི་གཏམ་སྣ་ཚོགས་བྱའོ། །གནས་དགུ་རུ་ནི་སེན་མོ་གདབ། །གཡོན་པ་གླང་པོ་སྣ་རྩེ་ཡིས། །པདྨ་བྱེ་མགོ་འདྲ་བ་ལ། །ཚོད ཟིན་བྱ་སྟེ་བྲུད་པར་བྱ། །ལྕེ་ཡིས་ཀྱང་ནི་རོལ་མོ་བྱའོ། །དེས་དང་རྒྱས་པར་འགྱུར་ཏེ། གཟོད་ཉི་མ་དང་ཟླ་བ་མཉམ་པར་བྱ་སྟེ། དལ་ནས་དལ་ནས་བསྐྱོད་པ་ལས། །འབྱུང་བ་བཞིའི་རྐྱེན་གྱིས་བདེ་བ་ཆེན་པོའི་དབུས་ནས་བྱང་ཆུབ་སེམས་གནས་པ་ལས་ཡེ་ཤེས་ཀྱི་མེས བཞུ་ནས་འཁོར་ལོ་བཞི་ནས་རིམ་པ་འབབ་སྟེ། བོ་ལའི་རྩ་བར་ཕྱིན་པ་ནི་དགའ་བའོ། །དབུས་སུ་ཕྱིན་པ་ནི་མཆོག་དགའ་ཨོ། །ནོར་བུའི་རྩེ་མོར་སླེབ་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཇི་ཙམ་གནས་ཀྱི་བར་དུ་བསྒོམས་པས་མི་རྟོག་པའི་ཡེ་ཤེས སྐྱེ་སྟེ། དཔེར་ན་རུས་སྦལ་ལྟ་བུའོ། །གལ་ཏེ་བསྡམས་པས་མཐེམ་ན་འཇིག་རྟེན་པའི་གནས་སུ་གཤེགས་ཏེ་བྲལ་བའི་དགའ་བ་ཞེས་བྱའོ། །དོན་དང་བྲལ་བ་ནི་བྲལ་བའོ། །གོང་མ་མཚོན་པས་དགའ་བའོ། །བྱང་སེམས་དེའི་རང་བཞིན་ནི། འཇམ་པའི དབྱངས་ཀྱི་རང་བཞིན་པས། །དུང་དང་ཉ་ཕྱིས་དག་གིས་མིན། །ལག་པས་ཀྱང་ནི་མི་བླང་ངོ། །བདུད་རྩི་ལྕེ་ཡིས་བླང་བར་བྱའོ། །དེ་ཟོས་ཡེ་ཤེས་དབང་མཆོག་ཐོབ། །དེ་ཡི་དོན་ལ་རྒྱུན་གོམས་པས། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །སྐད་ཅིག་གཅིག ལ་གཉིས་མེད་པའོ། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །ནམ་མཁའ་ཨི་ལམ་ལ་རབ་གནས་པའི། །ཡེ་ཤེས་སྣང་བ་ལམ་མེ་བ། །མཐར་ཕྱིན་གདམས་ངག་ཅེས་ཀྱང་བྱ། །དེ་ནས་དམ་པར་གྱུར་བ་དེ་ལ་ནི། །རྩ་བའི་ལྟུང་བ་བཅུ་བཞིར་བསྒྲགས་པར་བྱའོ། །དེ་ནས བཀྲ་ཤིས་གདོན་པའི་དོན་ནི་འཇམ་དཔལ་གྱི་སྐུ་གཟུགས་སྤྱི་ཐོག་ཏུ་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཐབས་དང་ཤེས་རབ་ཡན་ལག་འདུས་པའི་རྡོ་རྗེ་ལས་བྱུང་བའི། །བྱང་ཆུབ་སེམས་ཀྱི་འཇམ་དབྱངས་བྱང་ཆུབ་སེམས་དབང་བསྐུར། རྒྱལ་མཆོག་སྲས བཅས་རྣམས་ཀྱིས་ལེགས་གསུངས་བཀྲ་ཤིས་གང། །དེས་ནི་ཁྱོད་ཀྱི་དབང་སྐུར་མཆོག་ལ་བཀྲ་ཤིས་གསུངས། །དཔལ་ལྡན་རྡོ་རྗེ་སེམས་སོགས་དཀྱིལ་འཁོར་ལ་འཇུག་ཅིང། །སྲིད་པའི་སྙིང་པོར་རྣམ་རོལ་སྒེག་མོ་ལ་སོགས་པས། །བདེ་བྱེད་རབ་མཆོག ལེགས་པར་གླུར་བླངས་བཀྲ་ཤིས་གང། །དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། ཤིན་ཏུ་ཞི་བའི་བཀྲ་ཤིས་མཛད་པ་ཕུལ་བྱུང་མ་ལུས་པས། །སེམས་ཅན་བདེ་གཤེགས་རྟག་མཛད་བཅོམ་ལྡན་དབང་བསྐུར་ལ། །དཔག་མེད་ལྷ་ཡི་མཆོག་གིས ལེགས་གསུངས་བཀྲ་ཤིས་གང། །དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག་།དཔལ་ལྡན་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་རབ་མཆོག་ལ། །འཇིག་རྟེན་གསུམ་གྱི་རྒྱལ་མཆོག་རྒྱལ་པོར་དབང་བསྐུར་བས།། ལྷ་ཡི་མཆོག་གིས་བཏུད་དེ་རབ་བཤད་བཀྲ་ཤིས་གང། །དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག་།འགྲོ་བ་སྣ་ཚོགས་འདུལ་ཕྱིར་ཕྱག་ན་པདམོ་ཡིས། །རྫོགས་པས་རིན་ཆེན་བདུད་རྩིའི་ཆུས་དབང་བསྐུར། །པདྨའི་འདོད་ཆགས་རྣམ་དག ལེགས་གསུངས་བཀྲ་ཤིས་གང། །དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག་།མཁའ་སྙིང་ནོར་ཆེན་འབྱོར་པས་ཉམས་དགའ་ཞིང། །དོན་རྣམས་ཀུན་གྲུབ་མེད་སྦྱིན་དབང་བསྐུར་ཆེན་པོ་ལ། །དགེ་བ་ཕུན་ཚོགས་མཛད་པས་ལེགས་གསུངས བཀྲ་ཤིས་གང། །དེས་ནི་ཁྱེད་ཀྱིས་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག་།འཁོར་ལོ་གྱུར་དྲུག་དགེ་བའི་བཀྲ་ཤིས་གླུ་བླངས་པས། །བསོད་ནམས་རིན་ཆེན་དྲི་མེད་མི་མཉམ་གང་ཐོབ་པ། །དེས་ན་ཀུན་གསོན་འབྱོར་པའི་དབང་བསྐུར་ཆེན་པོ་ལ།། འཇམ་དཔལ་གྲགས་པས་འཇིག་རྟེན་རྣམ་པར་ལེགས་གྱུར་ཅིག་ཅེས་བརྗོད་དོ། །དེ་ནས་སྤྱོད་ལམ་བྱ་བ་དང། བླ་མ་བཟེངས་བསྟོད་པ་དང། བཀྲ་ཤིས་ཀྱིས་གཤེགས་སུ་གསོལ་བར་བྱ་བ་དང། བླ་མ་ལ་ཡོན་དབུལ་བ་རྣམས་ནི་དཀྱུས་ཉིད་གསལ ལོ། བླ་མ་དམ་པ་སུརྱ་སིདྡྷི་ཤཱནྟིངྒ་རྒྱ་ནི། དམ་པ་ཆོས་ཀྱི་མཛད་དུ་གྱུར་པ་ལ། །བདེ་བར་གཤེགས་པའི་ཚོགས་ཀྱི་སྤྱན་སྔ་རུ། །དོན་དམ་ཟབ་མོ་དབང་བསྐུར་ཞལ་གྱི་བདུད་རྩི་འཐུངས་པ་ཡི། །བློ་གྲོས་བཟང་པོ་དྲན་པའི་ཡེ་ཤེས་ཀྱིས། །སྐྱེ་བོ་བློ་ངན་མུན པ་བསལ་བའི་ཕྱིར། །དྲུག་སྟོང་པ་སོགས་རྒྱུད་ཀྱི་དོན་བསྡུས་ནས། །ནོར་བུ་གླིང་བའི་སྒྲུབ་ཐབས་དོན་དང་སྦྱར་ཏེ་བྲིས་བ་ཡིས། །བདག་གིས་བསོད་ནམས་རྒྱུས་པས་ཐོབ་བསྡུས་པས། །གང་དེས་འགྲོ་ཀུན་སྡིག་ལས་རྒྱལ་འགྱུར་ཞིང། །འཇམ་དཔལ་ཆོས ཀྱི་སྐུ་ཉིད་ཐོབ་པར་ཤོ། །།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབས་ཐབས་གསང་བ་དང་ལྡན་པའི་འགྲེལ་པ་ཡེ་ཤེས་གསལ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་མཛད་ཅིང། དེ་ཉིད ཀྱིས་བསྒྱུར་བ་རྫོགས་སོ། ། །།ཐིག་གདབ་པའི་རིམ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །མཚན་ཉིད་ལྡན་པའི་ཐིག་སྐུད་ཀྱིས། །ཡོངས་སུ་རྫོགས་པའི་ས་གཞི་ལ། ཚངས་ཐིག་ཟུར་ཐིག་ལོགས ཐིག་རྣམས།

CLOSE WINDOW