CLOSE WINDOW

N2204: འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྦྱིན་སྲེག་གི་རིམ་པ
Wyliee-texts based on the ACIP/ALL Input

།མཚན་ཡང་དག་པར་བརྗོད་པའི་བཀླག་པའི་སྒོམ་ཁོག་།སློབ་དཔོན་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ སཾ་གཱི་ཏི་ན་མ་ཧོ་མ་ཀྲ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྦྱིན་སྲེག་གི་རིམ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེན་པ་གཉིས་ལ་གནས་ཤིང་དྲི་མེད་གཟི་བརྗིད་ལྡན པ་ཡིན་ཚུལ་མཆོག་དམ་པ་བཞིར་ལྡན་རྣལ་འབྱོར་པ། རིམ་གཉིས་ཚུལ་གྱིས་སྦྱིན་སྲེག་ཆོ་ག་བཤད་པར་བྱ། །ད་ནི་མཚན་ཡང་དག་པར་བརྗོད་པའི་སྔགས་ཀྱིས་དབང་གིས་འདིར་གསུངས་པ་ན་པའི་དོན་དུ་ཞི་བའི་ལས་བྱའོ། །འབྱོར་བའི་དོན་དུ་རྒྱས་པའི་ལས བྱའོ། །དབང་ནི་དགུག་པའོ། །དྲག་པོ་ནི་ཚར་གཅད་པའོ། །དེའི་དོན་རྒྱས་པར་བཤད་པར་བྱ་སྟེ། སྙིང་རྗེ་དང་དགའ་བར་ལྡན་པའི་རྣལ་འབྱོར་པས། བདག་དང་གཞན་ལ་ཕན་གདགས་པའི་ཕྱིར། ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་གསུངས་ཏེ། དབང་བསྐུར་བའི ཐོག་མར་ཞི་བའོ། །དེ་ནས་རྒྱས་པའོ། །དེ་ནས་དབང་དང་དྲག་པོའོ། །ཐ་མར་ལས་ཐམས་ཅད་པའོ། །ཐབ་དང་ཕྱག་རྒྱ་དགོད་པ་དང། །དུས་དང་ཁ་ལྟ་མཆོད་རྫས་དང། །གཞག་ཐབས་དང་ནི་འདུག་སྟངས་དང། །ཡམ་ཤིང་བུད་ཤིང་གཟར་བུ་དང།། རྣལ་འབྱོར་ཏིང་འཛིན་རིམ་པ་དང། །ཀུ་ཤ་མེ་དང་སྲེག་རྫས་དང། །སྤྱན་དྲངས་དེ་ལ་མཆོད་པ་དང། །རྫས་དབུལ་བསྟོད་དེ་ཕྱག་བྱ་བ། །ལྷ་བསྒོམ་སྤྱན་དྲངས་བཞུགས་གསོལ་དང། །རྒྱས་འདེབས་བཞི་ཡིས་རྒྱས་གདབ་ཅིང། །མཆོད་བསྟོད་དགང་གཟར གྱིས་དབུལ་བྱ། །ཕྱི་མ་རིམ་གྱིས་གོང་ལྟར་དབུལ། །དེ་ནས་བསྟོད་ལ་ཕྱག་བྱ་དང། །ཐ་མར་གཤེགས་སུ་གསོལ་བ་དང། །དེ་ནས་མེ་ལྷ་དེ་དང་ནི། །གོང་མའི་རིམ་པ་ཇི་བཞིན་པས། །ལྷག་མའི་རྫས་ཀྱིས་མཆོད་བྱ་སྟེ། །ཐ་མར་གཤེགས་སུ་གསོལ་བར་བྱ། །དེ་ནས གསུངས་ཏེ་རྗེས་སུ་ནི། །ཡི་རང་དབུལ་ཞིང་རྫས་དག་གིས། །རིམ་བཞིན་རྣལ་འབྱོར་གང་ལྡན་པས། །ཚུལ་བཞིན་དུ་ནི་དབུལ་བར་བྱ། །དེ་ལས་དང་པོ་ཐབ་ཀྱི་རིམ་པ་བསྟན་ཏེ། །ཞི་བའི་ཐབ་ཀྱི་དབྱིབས་ཀྱང་གཉིས་ཏེ་ཟླུམ་པོར་བྱ་བ་དང། པདྨ་ལྟ་བུར་བྱའོ། །དེ ཡང་ཁ་ཁྱེར་ནི་སོར་བཞི་པའོ། །ཞེང་དང་དཔངས་སུ་ཡང་དེ་ཉིད་དོ། །ཐུར་དུ་ཁྲུ་གང་ངོ། །སྲིད་དུ་ཡང་ཁྲུ་གང་ངོ། །དེའི་ཕྱི་རོལ་དུ་སོར་བཞི་པོར་ལ་པདྨའི་ཕྲེང་བའོ། །ཁ་ཁྱེར་ལ་ནི་རྡོ་རྗེ་ཕྲེང་བ་གཏད་པར་བྱའོ། །དེ་ཡང་ཕྱི་ནི་གྲུ་བཞི་ལ་དབུས་སུ་འཇིམ་པ་ལ་འབུར་དུ བརྐོས་ལ། གཙོ་བོའི་ཕྱག་མཚན་ཤར་དུ་རྡོ་རྗེ། ལྷོར་འཁོར་ལོའོ། །ནུབ་དུ་པདྨའོ། །བྱང་དུ་སྣ་ཚོགས་རྡོ་རྗེའོ། །ཁ་དོག་དཀར་པོས་དཀར་གྱི་ཆུས་བསྐུ་བར་བྱའོ། །པདྨའི་ཐབ་ཀྱང་དེ་དང་མཐུན་པར་ཤེས་པར་བྱའོ། །ཞི་བའི་ཐབ་ཀྱི་རིམ་པའོ། །རྒྱས་པའི་ཐོབ ཀྱི་དབྱིབས་གྲུ་བཞི་ལ་རྒྱ་གྲུ་བཞིར་གཏང་ངོ། །དཔངས་སུ་ཡང་ཁྲུ་གང་ལ། གཏིང་དུ་ཡེད་ཁྲུ་གང་བརྐོ་བར་བྱའོ། །སོར་བཞི་ནི་ཕྱིར་དགྱེད་པར་བྱའོ། །ཁ་ཁྱེར་ཡང་ཞི་བ་དང་མཐུན་པར་སོར་བཞིའོ། །དེའི་ཕྱི་རིམ་དག་ཏུ་ནི་པདྨའི་ཕྲེང་བ་བཏང་བར་བྱའོ། །ཁ་ཁྱེར་ལ ཡང་གོང་དུ་སྨོས་པ་ལྟར་རྡོ་རྗེ་ཕྲེང་བ་གཏང་བར་བྱའོ། །དེའི་ནང་དུ་ཡང་གཙོ་བོའི་མཚན་མ་འཇིམ་པ་ལ་དཀྱུས་སུ་སོར་བརྒྱད། དཔངས་སུ་སོར་གཅིག་གོ་།རྒྱས་པའི་ཐབ་ཀྱི་རིམ་པའོ།། །།དབང་གིས་ཐབ་ནི་རྒྱས་ཁྲུ་གསུམ ལ་དབྱིབས་ཟླ་གམ་དང་གཞུ་ལྟ་བུའོ། །རྒྱ་ལ་ནི་སོར་བཞི་བཅུའོ། །དྲག་པོ་ལ་ནི་སོར་ཉི་ཤུ་ཐམ་པ་བཏང་ངོ། །གཏིང་ཐབས་ནི་སོར་བཅུའོ། །ཁ་ཁྱེར་ལ་ནི་སོར་བྱེད་དང་གསུམ་མོ། །ཞིང་རབ་དབངས་མཉམ་པར་ཤེས་པར་བྱའོ། །ཁ་ཁྱེར་ལ་ནི་རྡོ་རྗེ ཕྲེང་བའོ། །དེའི་ཕྱི་རོལ་ཏུ་མེ་རི་འབར་བའི་འོད་གཏང་བར་བྱའོ། །ཁ་དོག་ནི་ཙན་དན་ནམ་བཙག་ཡུག་སྨན་གྱིས་བསྐུལ་བར་བྱའོ། །དབུས་སུ་ནི་གཙོ་བོའི་ཕྱག་མཚན་པདྨ་ལ་བཞུགས་མཚན་མ་གོང་མ་ལྟར་འབུད་དུ་བརྐོས་ལ་བཞག་གོ་།ཕྱི་མ་ནི་ཞི་བའི ཐབ་ཀྱི་སྐབས་དང་མཐུན་པར་ཤེས་པར་བྱའོ། །དབང་གི་ཐབ་ཀྱི་རིམ་པའོ།། །།དྲག་པོའི་ཐབ་ཀྱི་རིམ་པ་ནི། ཐབ་ཁུང་དབྱིབས་གྲུ་གསུམ་པ་འམ། དགྲ་བསད་པ་ལྟ་བུ་ལ་རྒྱར་ནི་སོར་ཉི་ཤུའོ། །ཟབས་སུ་ནི་བཅུའོ། །ཁ་ཁྱེར་ནི་སོར་གསུམ་པ་ཞེང དུ་ཡང་དེ་ཉིད་དོ། །ཕྱི་རོལ་ཏུ་གཏང་བ་ཡང་སོར་གསུམ་མོ། །ཕྱག་རྒྱ་ནི་ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་པའོ། །དེའི་ཕྱི་རོལ་ཏུ་ནི་རལ་གྲི་ལ་སོགས་པ་དྲག་པོའི་མཚན་མ་སྣ་ཚོགས་པའོ། །དབུས་སུ་ཡང་གཙོ་བོའི་མཚན་མ་རལ་གྲིས་མཚན་པ་འཇིམ་པ་ལ་འབུར་དུ བརྐོས་པ་གོང་དུ་བསྟན་པ་དང་མཐུན་པར་ཤེས་པར་བྱའོ། །དྲག་པོའི་ཐབ་དང་མཚན་མའི་རིམ་པའོ།། །།དེའི་འོག་ཏུ་དུས་ཇི་ཙམ་ན་བྱ་བའི་ཞི་བ་ལ་སྔ་དྲོའོ། །རྒྱས་པ་ལ་ཉི་མ་ཕྱེད་ནའོ། །དབང་ལ་ཉི་མ་བསྙུར་ནའོ། །དྲག་པོ་ལ་ནི་ནམ་ཕྱེད་ན བྱའོ། ཞི་བ་ལ་ནམ་ལངས་ནའོ། །རྒྱས་པ་ལ་ནི་ཐོ་རངས་བྱའོ། །དབང་ལ་ནི་རྒོངས་ཀ་སྟེ་སྲོད་ལ་བྱའོ། །དྲག་པོ་ལ་ནམ་ཕྱེད་ན་བྱའོ། །ཞི་བ་ལ་ནི་དབྱར་བྱའོ། །རྒྱས་པ་ལ་ནི་སྟོན་གྱི་དུས་སུ་བྱའོ། །དབང་ནི་དཔྱིད་ཀྱི་དུས་སུ་བྱའོ། །དྲག་པོ་ནི་དགུན་གྱི་དུས་སུ་སྟེ་དུས ཀྱི་རིམ་པའོ། །མཆོད་པའི་རིམ་པ་ནི་རྣལ་འབྱོར་པ་སྔགས་པའི་གཡོན་དུ་ནི་དྲི་ཆབ་ཀྱི་ཆུ་མེ་ཏོག་ནང་དུ་བླུགས་པའི་དུང་ཕོར་རམ་དངུལ་ཕོར་རོ། །ཡོན་ཆད་ནི་གསེར་ལ་སོགས་པས་བཀང་བའི་ཆུ་ངག་གཞག་གོ་།རྣལ་འབྱོར་པའི་གཡས་སུ་ནི་ཟེངས་གཞི ལྟ་བུའི་ནང་དྲིས་བཀད་ལ་ཀུ་ཤ་ཡང་དེར་བཅུག་ལ། །བཤད་གཏོར་གྱི་སྣོད་བཞག་གོ་།ལས་ཀྱི་བུམ་པ་ཡང་གཡོན་དུ་བཞག་གོ་།མཆོད་པའི་རིམ་པའོ།། །།རྫས་ཀྱི་རིམ་པ་ཡང་ཞི་བ་ལ་ཏིལ་ལོ། །རྒྱས་པ་ལ་ཞོའོ། །དཔའ་ལ་ནི་ཨཽཏཔ་ལའོ། །དྲག་པོ ལ་ཚེར་མ་ཅན་ནམ་མཁའ་རྩེ་གསུམ་པ་སྟེ། འདི་ནི་ཁྱད་པར་གྱི་རྫས་སོ། །དེ་ཡང་ཐུན་མོང་གི་རྫས་ནི་མར་གྱི་སྙིང་པོ་དང་དུར་བ་དང་ཆོ་ག་པ་མེད་པའི་འབྲས་དང་ཞོ་ཟན་ཀུ་ཤ་དང་འབྲས་ཐུག་དང་མངར་གསུམ་དང། དཀར་གསུམ་དང་འབྲས་སོ་བ་དང། ནས་དང་སྲན་མམ་ཤ་དང། གྲོ་དང་ཨཽ་དུམ་བ་ར་དང། ཨ་ཤོཏྠ་དང་པ་ལ་ཤ་དང། ནྱ་གྲོ་དྷ་དང་ཨ་མྲ་དང། དེ་ཡང་ཐམས་ཅད་དུ་མི་ལྕོགས་ན། མར་དང་ཏིལ་ནི་ཞི་བའི་དུས་སུ་བྱའོ། མར་དང་ཞོ་ནི་རྒྱས་པའི་དུས་བྱའོ། །མར་དང་ཨཽཏཔལ་ནི་རང་གི་དུས་བྱའོ། །མར་དང་མི་?་ཀྱི་ཕྱེ་མ་འམ་ཚེར་མ་ཅན་གྱི་ཤིང་ནི་དྲག་པོའི་དུས བྱའོ། དེ་ཡང་ཐམས་ཅད་དུ་ནི་ཏིལ་ཞེས་གསུངས་སོ། །རྫས་ཀྱི་རིམ་པའོ།། །།བཞག་པའི་རིམ་པ་སྔགས་པའི་མདུན་ནི་མར་རོ། །ཏིལ་དང་ཞོ་དང་ཨཽཏཔ་ལ་དང། མི་རུས་ཀྱི་ཕྱེ་མ་ནི་གཡས་སུ་གཞག་གོ་།དུར་བ་ལ་སོགས་པ་ཐུན་མོང་གི་རྫས་ཐམས་ཅད ནི་གཡོན་དུའོ། །འབྲས་སོ་བ་དང་ནས་དང་སྲན་མ་ཤ་དང། གྲོ་དང་ཨཽ་དུམ་བ་ར་དང། ཨ་ཤོཏྠ་དང་ནྱ་གྲོ་དྷ་དང། ཨ་མྲ་རྣམས་གཡས་སུའོ། །དགང་གཟར་དང་བླུགས་བཟར་ནི་མདུན་དུའོ། །རྫས་བཞག་པའི་རིམ་པའོ།། །།རྣལ་འབྱོར་པའི་འདུག་སྟངས་ཞི བ་ལ་ནི་མཉམ་པའི་སྐྱིལ་ཀྲུང་དུ་སྟན་རས་བལ་གྱི་སྟེང་དུའོ། །རྒྱས་པ་ལ་ནི་གཡས་བརྐྱང་གིས་ཏེ་སེམས་དཔའ་ཨི་འདུག་སྟངས་སོ། །དབང་ལ་ནི་པདྨའི་འདུག་སྟངས་ཏེ་རྐང་པའི་མཐིལ་སྤྲད་ལ་འདུག་གོ་།དྲག་པོ་ལ་ནི་གཡས་བརྐྱང་དང། གཡོན་བརྐྱང་གིས་སྟན་མེད་པར་མིག བཟློག་སྟེ་གནས་པར་བྱའོ། །འདུག་སྟངས་ཀྱི་རིམ་པའོ།། །།གཟར་བུའི་རིམ་པ་ནི། ཞི་བ་ལ་ནི་དངུལ་ལམ་རྒྱ་ཤུག་གིས་ཤིང་ལ་སྲིད་དུ་ཁྲུ་གང?་སྦོམས་སུ་ཡུ་བ་ལ་མཐེ་བོའི་ཚད་དོ། །སོར་བཞི་ནི་ཞེང་ངོ། །སོར་གཉིས་དབང་སུའོ ཁུ་བ་འཛག་པའི་བུ་ག་སོར་གཅིག་ཡོད་པ་རྩོམ་ལ་རྡོ་རྗེ་རྩེ་གསུམ་པས་མཚན་པ། དཀྱིལ་དུ་ནི་ལས་དང་མཐུན་པའི་ཐབ་ཀྱི་སྐབས་སུ་སྨོས་པའི་ཕྱག་རྒྱ་བརྐོ་བ་འམ། །འབུར་དུ་བྱས་ལ་ཁ་ལ་ཡཾ་རཾ་བཀོད་དེ། ཡུ་བ་ལ་རྡོ་དང་རིན་པོ་ཆེས་མཚན་པ་ནི་དགང་གཟར་གྱི་ཆོད དང་རིམ་པའོ། ། །།བླུགས་གཟར་ཡང་ཡུ་བ་ནི་གོང་དང་མཐུན་ལ་དབྱིབས་ནི་པདྨའི་འདབ་མ་འདྲ་བ་ལ་སོར་གཅིག་།གཏིང་དུ་བརྐོ་བ་བྱས་པ་སོར་གཉིས་ཞེང་དུ་བཙལ་བའི་བླུགས་གཟར་ཏེ་ཁྱིམ་ནི་དགང་གཟར་དང་མཐུན་ནོ། །རྒྱས་པ་ལ་ནི་གསེར་རམ་ཨ་ཤོ་ཀའི་ཤིང་ལ་བྱས་ཏེ། ཕྱི་མ་ནི་གོང་མ་དང་མཐུན་པར་ཤེས་པར་བྱའོ། །དབང་ནི་ཟངས་མ་དང་ཙནདན་ལ་བྱའོ། །དྲག་པོ་ནི་ལྕགས་སམ་ཚེར་མ་ཅན་གྱི་ཤིང་ལ་དྲག་པོའི་ལས་ལ་ཤིས་པ་རྣམས་ལ་བྱའོ། །ཚད་དང་དབྱིབས་ནི་སོ་སོའི་བྱེ་བྲག་དང་མཐུན་པ་ལ་ཞི་བ་ལ་ཡང་ཤེས་པར་བྱ་ཞིང། དེ་ལ་ལྟོས པས་མ་བྲིས་སོ། །གཟར་བུའི་རིམ་པའོ།། །།སྔགས་པ་ཁ་ལྟ་ཕྱོགས་ཀྱང། ཞི་བ་ལ་ནི་ཁ་ཤར་དུ་བལྟའོ། །རྒྱས་པའི་དུས་སུ་བྱང་དུ་བལྟའོ། །དབང་གི་དུས་སུ་ནི་སྔགས་པ་ནུབ་དུ་བལྟའོ། །དྲག་པོའི་དུས་སུ་སྔགས་པ་ཁ་ལྷོར་བལྟའོ། །སྔགས་པ་ཁ་ལྟ་བའི རིམ་པའོ། ། །།རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་རིམ་པ་ཡང་དང་པོ་ཞི་བ་ལ་གནས་ཏེ་ཐམས་ཅད་སྟོང་པའི་ཏིང་ངེ་འཛིན་བྱ་བདག་གི་སྙིང་གའི་དཀྱིལ་འཁོར་དུ་རཾ་ལས་ཡེ་ཤེས་ཀྱི་མེ་བསམས་ཏེ། སྒྱུ་མའི་ཕུང་པོ་བསྲེག་པར་བྱ། །དེ་ལ་སླར་སོས་ཡེ་ཤེས་ལུས དེ་དག་རྣམ་པ་ལྔ་པོ་བསྒོམ། །ཡོངས་སུ་དག་པའི་མེ་ལོང་ལ། །དངོས་པོ་སྣང་བ་འདི་དག་ཡུལ། །མ་ལུས་སོ་སོར་སྣང་བ་བཞིན། །མ་ལུས་ཡོངས་སུ་དག་པ་ཡི། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །གོམས་པར་བྱས་ཏེ་བསམ་པར་བྱ། །དེ་འོག་སྙིང་རྗེའི་སེམས་ལྡན་པས། ། མགོན་མེད་སྐྱབས་བྲལ་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོར་རབ་ཏུ་བྱིད། །དེ་དག་ཀུན་གྱི་དོན་དུ་ནི། །སྡུག་བསྔལ་ཐམས་ཅད་ལས་གདོན་ཕྱིར། །སྟོང་པའི་ཆོས་ལ་མཉམ་སྦྱོར་བས། །མ་ལུས་ཀུན་ཀྱང་དེ་ལྟར་བསྒོམ། །དམ་ཆོས་དེ་ལ་དམིགས་པ་ཡི།། བདག་ཏུ་མ་གྲུབ་དེ་རྟོགས་པས། །མཉམ་ཉིད་ཡེ་ཤེས་བསྐྱེད་པར་བྱ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨམ་ཎཱཾ་ཨཱ་དྱ་ནུཏ་པན་ན་ཏྭཱཏ་སྔགས་དེ་ཆད་དུ་བརྗོད་པར་བྱ། །སྔགས་དོན་འདི་རྩོམ་རྣལ་འབྱོར་པས། །དམིགས་མེད་ཆོས་ལ་རབ་གཟུང་ཅིང། །ཡུལ་དེ་དེ་ཉིད་བྱས་ཏེ བདག་། དམིགས་པ་མེད་པའི་སྙིང་རྗེ་ཡིས། །སོ་སོར་བརྟགས་ཏེ་གནས་པར་བྱ། །དེ་ནས་སྙིང་རྗེའི་འགྲོ་བས། །གཟུང་དང་འཛིན་པ་ཀུན་བྲལ་བའི། །ངོ་བོ་ཉིད་ཀྱི་འོད་གསལ་བའི། །ཡན་ལག་མེད་ཅིང་ཡོངས་དག་པ། །ཆོས་དབྱིངས་རྒྱུ་མཐུན་ངོ་བོ་མེད། །དེ་དོན སྟོང་ཉིད་ལ་གནས་པས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྒོམ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི། །དོན་དང་བྲལ་བའི་རྣལ་འབྱོར་པས། །སྔོན་གྱི་སྨོན་ལམ་རྗེས་དྲན་ཅིང། །སེམས་ཀྱི་རྒྱུན་གྱི་དབང་ཐོབ་ནས། །སེམས་ཅན་དོན་ནི་རྫོགས་བྱའི་ཕྱིར། །སྲིད་གསུམ་ འབྱུང་བའི་ཁྱད་པར་གྱིས། །དོན་དམ་ཀུན་རྫོབ་མྱ་ངན་འདས། །བྱ་བ་ནན་ཏན་དྲན་པར་བྱའོ། །དེ་ལྟར་རྣམ་པ་ལྔ་པོ་བསྒོམ། །ཡོངས་སུ་བརྟགས་པའི་བསམ་གཏན་འདི། །རྣལ་འབྱོར་པ་ལ་རབ་འཇུག་པས། །དངོས་པོ་གཉིས་ལ་ཁྱད་པར་བྱས། །ཡོངས་སུ་དག་པའི་ཏིང་ངེ འཛིན་ནོ། ། །།དེ་ནས་མངོན་པར་བྱང་ཆུབ་པ། །རྣམ་པ་ལྔ་པོ་བསྒོམས་ནས་ནི། །ཡི་གེ་ཕྲེང་བའི་ཁྱད་པར་གྱིས། །འབྱུང་འཇུག་དོན་ལ་རབ་གནས་པས། །ཧཱུཾ་ཞེས་པ་ནི་བསྒོམ་པར་བྱ། །ཧཱུཾ་ལས་འོད་ཟེར་རབ་འཕྲོས་པས། །འོད་ཀྱིས་རྩེ་ལས་ལྷ་ཡི་ཚོགས། གྲངས་ནི་རྡུལ་སྙེད་རབ་སྤྲུལ་ནས། །སངས་རྒྱས་ཞིང་དུ་ཁྱབ་བྱས་ནས། །སེམས་ཅན་མ་ལུས་ཀུན་ལ་ཁྱབ། །དེ་དག་སླར་ནི་འདུས་པ་ལས། །སེམས་བསྐྱེད་སྡོམ་པ་བཟུང་བ་དང། །རྗེས་སུ་ཡི་རང་གསོལ་བ་གདབ། །སྐྱབས་སུ་མཆི་ཞིང་སྡིག་པ་བཤགས། །བདག་དབུལ ལ་སོགས་རྫོགས་པར་བྱ། །དེ་ནས་ཧཱུཾ་གི་བྱིན་རླབས་ལས། །ཁྲོ་གཏུམ་མི་ཐུབ་ཞལ་དྲུག་པ། །ཞིང་དྲུག་འོད་ཀྱིས་རབ་ཁྱབ་སྟེ། །འདུས་པས་ཡེ་ཤེས་རྩེ་ལྔ་པ། །རྡོ་རྗེ་ཆེན་པོ་བསྒོམ?་པར་བྱ། །དེའི་བུམ་པའི་དཀྱིལ་ཉིད་དུ། །ཡི་གེ་མདོག དཀར་བྲུཾ་བསམ་བྱ། །དེ་འཕྲོས་གྱུར་པས་རིན་པོ་ཆེ། །མཆོད་རྟེན་ལྟ་བུར་རབ་ཏུ་བསྒོམ། །དེ་ནས་ཧྲིབསྒོམ་པར་བྱ་བ་འདི་ལྟ་སྟེ། །དང་པོའི་སངས་རྒྱས་བསྒོམ་པར་བྱ། །སངས་རྒྱས་དེའི་སྙིང་ག་རུ། །ཡེ་ཤེས་ལྔའི་བདག་ཉིད་དེ། །གཙོ་བོ་ཡེ་ཤེས་སེམས་དཔའ་ནི། །འཇམ་དཔལ་སྙིང་གི་ཟླ་སྟེང་བསམ། །དེ་ཡི་སྙིང་གའི་ཟླ་བ་ལ། ། ནི་ཡིག་འབྲུ་མཆོག བསྒོམ་བྱ། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཕྱོགས་བཅུར་འགྲོ་བའི་དོན་བྱས་ཏེ། །འདུས་པས་བདག་གི་ཕུང་པོ་བསྲེགས། །དེ་ཉིད་ཞུ་ལས་བསྐྱེད་པ་ནི། །ཐབས་དང་ཤེས་རབ་རང་བཞིན་ལས། །མེ་ཡི་ལྷ་ནི་བསྒོམ་པར་བྱ། །ཤིན་ཏུ་རིང་པ་གྲང་རུས་ཅན དབུ་ལ་ཡེ་ཤེས་སེམས་དཔས་བརྒྱན། །ཕྱག་བཞི་ཐོར་ཚུགས་རྒྱན་གྱིས་བཞག་།སོ་སོའི་ལས་དང་མཐུན་པ་ཡི། །ཁ་དོག་མིང་གི་རྣམ་གྲངས་ཀྱང། །བསྡུས་ན་རྣམ་པ་བཞི་རུ་འདུས། །ཞི་བའི་མེ་ལྷ་བྷ་བ་ཀ་།རྒྱས་པ་ལ་ནི་མན་སྟེ། །དབང་ལ་དམར་སེར་དུ་ཡང བསྟན། དྲག་པོ་ལ་ནི་མངོན་སྤྱོད་དོ། །དེ་ཡི་སྙིང་གར་ཟླ་བ་བསམ། །དེ་ཡི་སྟེང་དུ་ཡི་གེ་ཨ། །དེ་གྱུར་བྲུཾ་ལེགས་བསྒོམ་པར་བྱ། །ཤིན་ཏུ་མཛེས་པ་དེ་ལས་ནི། །ཁྱད་པར་ཆེ་བའི་གཞལ་ཡས་ཁང། །གྲུ་བཞི་པ་ལ་བསྒོ་བཞི་པ། །ཏྭ་ར་ན་བཞིས་ལེགས མཛེས་པ། །རིན་ཆེན་འབར་བའི་རྒྱན་གྱིས་བརྒྱན། །རྔ་མ?་བྲིལ་བུ་འཕན་ལ་སོགས། །དེ་སོགས་གླང་སེང་རྣམས་དང་ལྡན། །ཤིན་ཏུ་ལེགས་པའི་གཞལ་ཡས་ཁང། །ཤར་ནི་གྲེ་བའི་སྒོ་རུ་སྟེ། །དེ་ལས་གསུམ་ཡེ་ཤེས་པར་བྱ། །དེ་དབུས་འཁོར་ལོའི་རིམ་པ་ནི། གསུམ་མམ་བཞི་འམ་དྲུག་ཏུ་བཤད། །དེ་ལས་གཞན་པའི་ལྷ་ཡི་ཚོགས། ། ཡི་བྱིན་བརླབས་དག་པ་སྟེ། །སོ་སོ་སྐུ་གསུང་ཐུགས་ལྡན་བྱ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་དུ། །ལྷ་རྣམས་འཁོར་ལོ་རབ་ལྡན་པས། །བཞུགས་དང་སྤྱན་དྲང་ལ་སོགས་དང། ། རྒྱས་གདབ་ཆོ་ག་ཕུན་སུམ་ཚོགས། །མ་ལུས་པར་ནི་སྔགས་པས་བྱས། །ཏིང་ངེ་འཛིན་གྱི་རིམ་པའོ།། །།དེ་ནས་ཀུ་ཤའི་རིམ་པ་ཡང། །ཀུ་ཤ་ལ་སོ་སོའི་སྔགས་བཟླ་ཞིང། མེ་ཐབ་ཀྱི་ཐ་མ་ཐམས་ཅད་དུ་ཡང་རྩེ་མོས་རྩ་གནོན་པར་བྱས་ལ་བསྐོར། །རྣལ་འབྱོར བའི་གདན་དུ་ཡང་གདིང། མགོ་དང་ལུས་དང་ཡན་ལག་ཐམས་ཅད་དུ་ཡང་གཟུགས་པར་བྱའོ། །དེ་ནས་ཀུ་ཤ་ལ་རུ་རུ་སུ་རུ་ཛཝ་ལ་ཏིཥཐ་སིདྡྷ་ལོ་ཙ་ནེ་སཏྭ་ཨརྠ་སྠ་དྷ་ནེ་སྭཱཧཱ། ཞེས་བརྗོད་དེ་པྲོཀྵ་ཎཱཾ་བྱའོ། །གུ་ཤའི་རིམ་པའོ།། །།དེ་ནས་མེའི་རིམ་པ་ཡང་ཞི་བའི་མེ ནི་རྒྱལ་པོ་དང་བྲམ་ཟེའི་ཁྱིམ་ནས་བླང་ངོ། །རྒྱས་པའི་མེ་ནི་རྗེ་རིགས་ཀྱི་ཁྱིམ་ནས་བླང་ངོ། །དབང་གི་མེ་ནི་སྨད་འཚོང་མའི་ཁྱིམ་ནས་བླང་ངོ། །དྲག་པོའི་མེ་ནི་ཡུགས་ས་མོ་འམ་གདོལ་བའི་ཁྱིམ་ནས་བླང་ངོ། །ཡང་ནི་ཞི་བའི་མེ་ནི་ཤེལ་ལས་སོ། །རྒྱས་པའི་མེ་ནི་བཙུགས པ་ལས་སོ། །དབང་གི་མེ་ནི་གང?་ཤིང་སོ་སོར་སྡུད་པ་ལས་སོ། །དྲག་པོའི་མེ་ནི་ལྕགས་ནག་ལས་སོ། །དེ་དག་ཀྱང་ཅུང?་ཡང་ཀྱིས་ཛཝ་ལ་ཛཝ་ལ་ཞེས་པའི་སྔགས་ཀྱིས་སྦྱར་རོ། །ཞི་བའི་ནི་ནུབ་ནས་གཞུག་གོ་།རྒྱས་པའི་ལྷོ་ནས་གཞུག་གོ་།དབང་ནི་ཤར་ནས་གཞུག་གོ་།དེ་ཡང རྒྱལ་རིགས་སམ། བྲམ་ཟེའི་རིགས་ཀྱིས་ཞི་བའི་མེ་གཞུག་གོ་།རྗེ་རིགས་ཀྱི་རྒྱས་པའི་མེ་གཞུག་གོ་།སྨད་འཚོང་མའི་བུའི་ལམ་དམངས་རིགས་ཀྱི་དབང་གི་མེ་གཞུག་གོ་།ཡུགས་ས་མོ་འམ་གདོལ་བ་མོས་དྲག་པོའི་མེ་གཞུག་གོ་།མེའི་རིམ་པའོ།། །།སྲེག རྫས་ཀྱི་རིམ་པ་ཡང་དང་པོར་མར་ལས་དགང་བླུགས་བདུན་དབུལ། དེའི་འོག་ཏུ་མཆོད་པའི་བྱེ་བྲག་གི་མཆོད། དེ་ནས་རྒྱས་གདབ། དེ་ནས་པྲོཀྵ་ཎཾ་བྱ། དེ་ནས་ཕྱག་བྱས་ལ་ཕྱག་རྒྱ་བཞི་དང་ལྡན་པས་བསྟིམ་མོ། །དེ་ནས་ཡེ་ནས་གནས་པའི་ལྷ་རྣམས་གཉིས་སུ་མེད་པར་བྱས་ལ དེ་ནས་དྲིལ་བུའི་སྒྲས་མཉེས་པར་བྱས་ལ། དེ་ནས་གཟར་བུ་གཉིས་ཀྱི་ནང་དུ་ཡ་བསམས་ཏེ། དེ་ལས་བདུད་རྩིར་གྱུར་པར་བསམས་ལག་པའི་གུང་མོ་སྤྲད་ལ་རྡོ་རྗེ་ཁུ་ཚུར་གྱིས་གཟར་བུ་བཟང་སྟེ། སྐོར་ཕྱོགས་སུ་མདུན་མང་ལས་དབུལ་ལོ།། དེ་ནས་ཡང་ལན་ཅིག་། སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་ཉིད་དག་པའི་སེམས་དཔའ་ནི། །དམ་པའི་སྲིད་པ་བྱེད་པའོ། །ཞེས་བསྟོད་དོ། །དེ་ནས་ཡང་པྲོཀྵ་ཎཾ་བྱ། ཨཉྩ་མ་ན་ཡེ་བྱས་ལ། དེ་ནས་མར་དབུལ་ཏེ། ནམདྷཱ་ནཱི། ཨགན་ཡེ་སྭཱཧཱ། ཧ་བྱ་ཀ་བྱ་ཏི་བྱ་ཤཱནྟི་ཀུ་རུ་སྭཱཧཱ། མར་གྱིའོ། །ོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སྭཱཧཱ། ཏིལ་གྱིའོ། །ོཾ་བཛྲ་ས་མ་བ་དེ་སྭཱཧཱ། ཞོའིའོ། །ོཾ་བཛྲ་བྷསྨི་ཀུ་རུ་སྭཱཧཱ། ཨཽཏཔ་ལའིའོ། །ོཾ་བཛྲ་ཨ་ཨཽཔུཥྚ་ཡ་སྭཱཧཱ། ཆགས་པ་མེད་པ་འབྲས་ཀྱིའོ། །ོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱཧཱ། ཀུ་ཤའིའོ། །ོཾ་བཛྲ་བི་ཛ་ཡ་སྭཱཧཱ། འབྲས་ཀྱི་ལག་ཕན་གྱིའོ། །ོཾ་བཛྲ་མཱ་ལེ་པུཥྚ་ཡེ་སྭཱཧཱ། མངར་གསུམ་དང་དཀར་གསུམ་གྱིའོ། །ོཾ་བཛྲ་མཧཱ་བེ་ག་ཡེ་སྭཱཧཱ། ནས་ཀྱིའོ། །ོཾ་བཛྲ་མཧཱ་བ་ལ་ཡ་སྭཱཧཱ། སྲན་མ་ཤའི་ཆན་གྱིའོ། །ོཾ་བཛྲ་གྷསྨ་རེ་སྭཱཧཱ། གྲོའིའོ། །ོཾ་བཛྲ་ཡཛྙཱ་ན་སྭཱཧཱ། ཡམ་ཤིང་གི་དང་ཨཽ་དུམ་བ་རའིའོ། །ོཾ་ཏི་ཏི་པྲི་ཡ་སྭཱཧཱ། བྱང་ཆུབ་ཀྱི་ཤིང་ལ་སོགས་པའིའོ། །ོཾ་བཛྲ་སརྦ་ཏཱ་ཡ་སྭཱཧཱ། ནྱ་གྲོ་དྷའིའོ། །ོཾ་བཛྲ་ཧས་ཀ་རཱ་ཡ་སྭཱཧཱ། ཨ་མྲི་ཏའིའོ། །དེ་ནས་ཐ་མར་མར་ལ་ཡང་མི་གཟི་བྱིན་བསྐྱེད་ཅིང་མཆོད་པའི་ཕྱིར་ལན་གྲངས་ནུས་ཚད་དབུལ་ལོ།། །།དེ་ནས་རྡོ་རྗེ་དང་དྲིལ་བུ་གསོལ་བས་བསྟོད་དེ། སྲིད་པ་ངོ་བོ་ཉིད་ཀྱིས་དང། །ངོ་བོ་ཉིད ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པས་སེམས་དཔའ་ནི། །དམ་པའི་སྲིད་པ་བྱེད་པའོ། །དེ་ནས་མེ་ལྷ་བསྟོད་དེ། ཚངས་པའི་འཇིག་རྟེན་མགོན་སྐྱོབ་པ། །གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ནི་རྒྱན་གྱིས་བཞག་།དངོས་བརྗིད་རྒྱན་ལྡན་ས་ལ་དབང སྲེག་རྫས་དབུལ་ཞིང་ལས་ཀྱང་སྒྲུབ། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་བསྒྲུབ་པ། །གཟི་བརྗིད་རྒྱལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དེ་ཡང་མཆོད་བསྟོད་བྱས་ལ་དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་བཏབ་པའི་ཀུ་ཤས་ཐབ བསངས་ལ། མེ་ལྷའི་སྙིང་གར་འཁོར་ལོའི་རིམ་པ་བསྒོམ་པར་བྱའོ། །དེའི་ཁང་པ་ཧོམ?་ཁུང་གཞལ་ཡས་སུ་བསམས་ལ། དེའི་དམ་ཚིག་སེམས་དཔའ་ཨི་ཚོགས་རྒྱས་གདབ་པོ། །དེ་ནས་ཡེ་ཤེས་སེམས་དཔའ་དགུག་གཞུག་ཅིང་དབང་དུ་བྱ་སྟེ། ནམ་མདུན་གྱི་ནམ་མཁའ་ལ ནང་དུ་མེ་ལྷའི་ཁ་ཆོས་ཞུགས་ཏེ། ལྷའི་གཞལ་ཡས་ཁང་དུ་རྒྱས་བཏབ་ལ་བཞག་གོ་།དེ་ནས་པྲོཀྵ་ཎཾ་བྱ། དེ་ནས་དམ་ཚིག་ཕྱག་རྒྱ་བསྟན། །ལས་ཀྱི་ཕྱག་རྒྱ་ལས་ལ་བཞག་།ཆོས་ཀྱི་ཕྱག་རྒྱ་ཆོས་དང་ལྡན་པར་བྱའོ། །ཡང་དགུག་གཞུག་བྱ་བ་ཅིང་དབང་དུ་བྱས་ལ་དེ ནས་དགའ་བ་བསྐྱེད་དེ་གཉིས་སུ་མེད་པར་བསྟིམས?་པས། དེ་ནས་པྲོཀྵ་ཎཱཾ་བྱའོ། །དེ་ནས་ཕྱག་བྱས་ཏེ། མར་ལ་གཟར་བུ་ཉི་ཤུ་རྩ་གཅིག་དབུལ་ཏེ། དེའི་འོག་ཏུ་སྲེག་རྫས་རྣམས་རིམ་པ་བཞིན་དུ་དབུལ་ལོ། །དེ་ནས་རྫོགས་པ་དང། ཡང་སྲིད་པ་རང་བཞིན་ཉིད་ཀྱིས་དག་པ བརྗོད། །དེ་ནས་རིགས་བསྡུད་དམ་ཚིག་བསྟན། །དབང་དུ་བྱ་བ་བསྟོད་པ་ལ་སོགས་པ་ཀུན་རྫོགས་པར་བྱའོ། །དེ་ནས་དེ་དག་རྫོགས་པ་དང་གཤེགས་སུ་གསོལ་ལ་བཟོད་པར་གསོལ་ཏེ། མ་འབྱོར་པ་དང་མ་ཚང་བ། །གང་ཡང་བདག་བློ་གཏི་མུག་པས། །བགྱིད་དང་བགྱིད་དུ སྩལ་བ་ཀུན། །དེ་ཀུན་མགོན་པོས་བཟོད་པར་མཛོད་དེ་ཅེས་པས་སོ། །ཡང་ནས་ཡང་དུ་མར་བསྲེག་ཅིང། །རིམ་པས་ལྷ་རྣམས་མཉེས་པར་བྱའོ། །དཀྱིལ་འཁོར་གྱི་ལྷའི་རིམ་པའོ། །མེ་ལྷ་ལ་ནི་ཐ་མར་ཡང། །རྫས་ཀྱི་ལྷག་མ་ཅི་ཡོད་པས། །མེ་ལྷ་ཉིད་ལ་མཆོད་བྱ་སྟེ། རྫས་ནི་ཐམས་ཅད་བསྲེག་བྱས་ནས། །བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་བྱ། །དེ་ནས་སློབ་མས་བཟོད་གསོལ་ཏོ། །རྗེས་སུ་ཡི་རང་ཞེས་བརྗོད་དོ། །རྣལ་འབྱོར་སྔགས་པ་བློ་ལྡན་པས། །སློབ་མ་ཤིས་པར་བྱ་བའི་ཕྱིར། །སློབ་དཔོན་གཟར་བུ་མར་ལྡན་དུ། །སློབ་མས་མེ་ཏོག་སྙིམ་བཀོད? སྟེ། གཟར་བུ་མར་ལྡན་དེ་རུ་བླུགས། །སློབ་དཔོན་སྔགས་དང་ལྡན་པ་ཡིས། ཞི་བར་གྱུར་ཅིག་ལ་སོགས་བརྗོད། །སྔགས་ཨགན་ཡེ་སྭཱཧཱ་ཞེས་པས་སོ། །དེ་ནས་སྙིང་གར་ལག་པ་བྲང་བྱ་སྟེ། །གཡོན་གྱི་སྲིན་ལག་གཡས་པས གཟུང། དེ་ནས་ཅི་བདེར་ཁྱིམ་དུ་བཏང། །ཁྱིམ་དུ་ཕྱིན་ནས་བཀྲ་ཤིས་བརྗོད། །སློབ་དཔོན་དེ་ལ་ཡོན་ཡང་དབུལ། །ཅི་ལ་དགྱེས་པ་ཕངས་མེད་དབུལ། །དེ་ལྟར་བྱིས་ན་དངོས་གྲུབ་ཐོབ། །ཐལ་བ་སོགས་ཕྱེ་ས་ཚོན་རྣམས། །གར་དང་སིལ་སྙན་ལྡན་བྱས་ལ ཆུ་ཀླུང་ཆེན་པོར་བསྐྱལ་བར་བྱའོ། །སྡིག་པས་མི་གོས་ཡ་ཁ་མེད། །ལས་ཐམས་ཅད་པའི་སྦྱིན་སྲེག་ནི་གཞན་ཡས་ཤེས་པར་བྱའོ། །དེ་ནས་གཉིས་པ་བསྟན་བྱས་ཏེ། །སློབ་མ་ཆེན་པོ་དེ་ལ་བསྟན། །འཁོར་ལོ་རྫོགས་པའི་སྦྱིན་སྲེག་འདི། །ཀུན་དང་ཐུན མོང་མ་ཡིན་ཏེ། །སློབ་མ་སྙིང་ལ་བསྟན་པའི་ཕྱིར། །ཤིན་ཏུ་མི་བརྟན་ཉམས་པར་འགྱུར། །ཉམས་གྱུར་ཉེས་པ་བརྗོད་མི་ཡང། །དེ་བས་བསྒྲིམས་ཏེ་སྤྱད་པར་བྱའོ། །དེ་ནས་རིམ་པ་གཉིས་པའི་སྦྱིན་སྲེག་བྱ་བར་བཤད་པར་བྱ་སྟེ། ཡེ་ཤེས་རྟག་གནས་སྦྱིན སྲེག་འདི། །ཡེ་ཤེས་བཞི་ཡི་བདག་ཉིད་གཟུགས། །ཕྲ་མོ་སྦྱོར་ལ་རབ་ལྡན་པས། །སྔགས་པས་རྣལ་འབྱོར་བསམ་གཏན་ནི། །སླར་མའི་དོན་དུ་འདི་དག་ཀུན། །མ་ལུས་པར་ནི་ཤེས་པར་བྱ། །སྔོན་ནི་མེ་ལྷའི་ཐུགས་ཀ་རུ། །ཤེས་རབ་ཀྱི་ནི་འཁོར་ལོ་བསྒོམ། ། བཅུ་གཉིས་ས་ལ་རབ་གནས་པ། །འཁོར་ལོའི་ལྟེ་བའི་རྩི་བས་དང་ལྡན། །འཁོར་ལོ་དེ་ལ་བསམ་བྱ་བ། །རྟེན་འབྲེལ་བཅུ་གཉིས་སར་ལྡན་པའི། །འཁོར་ལོ་འདིར་ནི་གྱུར་པའོ། ། ལས་བསྐྱེད་པའི་འཁོར་ལོ་ནི། །ཅིབས་དྲུག་ཁ་དོག་དྲུག་ལྡན་པ། །མུ་ཁྱུད བཞི་དང་རབ་ཏུ་ལྡན། །དེ་དབུས་དཀར་པོའི་ཡི་གེ་ཨ། །བསྒོམས་ནས་ཕྱོགས་བཅུར་རབ་སྤྲོས་པ། །ལས་བྱས་སླར་འདུས་གནས་སུ་ཐིམ། །ཐིམ་པས་ཡེ་ཤེས་སེམས་དཔའ་ཡི། །སྔགས་ནི་འཁོར་ལོ་བཞི་ལ་བསྒོམ། །དང་པོའི་འཁོར་ལོའི་རིམ་པ་ལ། །ོཾ་སརྦ་དྷརྨམ ་བྷ་བ་ནི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨམ་ཨམུ་ཁྱུད་གསུམ་པ་ལ། །ཡེ་ཤེས་སེམས་དཔའ་སྐུ་ཡི་སྔགས། །ཕྲེང་བའི་ཡི་གེ་འདི་དག་གོ་།ོཾ་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིད་ྷཱ་ཏུ་ཛྙཱ་ན་གརྦྷ་ཨཱལ། སྦྱིན་སྲེག་ག་ནི་རྫས་དེ་དག་།སྔོན་བཞིན་རིམ་པས་དབུལ་བར་བྱ། །དེས་ནི་སྔགས་ཀྱི་དངོས་གྲུབ་ཐོབ། །སྦྱིན་སྲེག་བྱ་བའི་རིམ་པ་ནི། །དང་པོ་འཁོར་ལོ་རྣམ་པ་བཞི། །རིམ་བཞིན་སྔོན་ལྟར་བསྒོམ་པར་བྱ། །འཁོར་ལོ་ཐོག་མ་ནས་བརྩམས་ཏེ། །ཡི་གེ་རིམ་བཞིན པོར་བྱ། །ཽ་ཙ་ཏ་དང་པ་ཏ་ཡི། །ཤུན་ཏྲི་སོགས་མ་ལུས་ཏེ། །བདག་གིས་སྦྱིན་སྲེག་དབུལ་བར་བྱ། །དེ་ནས་མར་ནས་རིམ་བཞིན་དབུལ། །མཁས་པས་སྦྱིན་སྲེག་བུལ་བར་བྱ། །དེ་ནས་ཚིག་ཏུ་འདི་ཡང་བརྗོད། ། ནི་ཡིག་འབྲུ་ཀུན་གྱི་མཆོག་།ཡེ་ཤེས་མེ་སྟེ་སྟོང་རང བཞིན། །དེ་ལ་སྦྱིན་སྲེག་བདག་བགྱིད་ན། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཞེས་པའི་རྗེས་ལ་བསྟོད་ཚིག་བྱ། །སྟོང་པ་ཆེན་པོའི་ཡེ་ཤེས་སྐུ། །དེ་ཁོ་ན་ཉིད་རྣམ་པར་དག་།ངོ་བོ་གཉིས་མེད་ཡི་གེ་ཨ། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །ཅེས་པ་དང། ས མཆོག་བཅུ་གཉིས་རབ་རྫོགས་པ། །ཡེ་ཤེས་ཆོས་དབྱིངས་བརྗོད་མེད་པ། །ཡེ་ཤེས་ལྔའི་རང་བཞིན་ཨོཾ། །འཁོར་ལོ་དང་པོ་ལ་བསྟོད་པའོ།། །།འཁོར་ལོ་གཉིས་པ་ལ་བསྟོད་པ་ནི། །ས་ཡིས་རབ་དབྱེ་སྒྲ་དང་ལྡན། །ཡི གེ་འཁོར་ལོ་ཉིད་ལ་རྫོགས། །ཡན་ལག་སྤྲོ་བསྡུ་གསུང་གི་སྐུ། །གསུང་གི་འཁོར་ལོ་ཁྱོད་ཕྱག་འཚལ། །རིགས་དང་མདོག་དང་ཁྱད་པར་གྱིས། །ཉོན་མོངས་གཅོད་པའི་རྩེ་མོ་ཅན། །གཞོན་པའི་ཡི་གེ་འབྲུ་མཆོག་ལ། །རྣོན་པོའི་གསུང་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་འཁོར་ལོ་རབ་རྫོགས་པ། །ཡེ་ཤེས་སེམས་དཔའ་སྐུ་ཡི་འབྲུལོ་རྫོགས་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་པ་བྱེད་ཙམ་ན། །འཁོར་ལོའི་ཡིག་འབྲུ་དེ་དག་ཀྱང། །འོད་ཟེར་ལྔ་དང་ཡང་དག་ལྡན། །གཡོ་འགུལ་གཟི་བརྗིད་ཆགས་པར་གནས། །འོད་དེས་འགྲོ་བའི་སྒྲིབ་པ་སྦྱོང། །གཟི་བརྗིད་ཀྱིས་ནི་བདག་དོན་འགྲུབ། །དེ ནས་ཡང་ནི་རིམ་བཞིན་དུ། །ཡང་ན་ཡང་དུ་མི་བསྐྱོར་བར། །གྲངས་མེད་ནི་སྐྱོའི་བར་དག་ཏུ། །རིམ་པ་བཞིན་དུ་སྦྱིན་སྲེག་བྱ། །དེ་ལྟར་བྱས་ནས་མཆོག་གྱུར་པའི། །དངོས་གྲུབ་དམ་པ་ཐོབ་པར་འགྱུར།། །།དེ་ནས་ཤིན་ཏུ་རབ་རྫོགས་པའི། །འཁོར་ལོ་སྦྱིན སྲོག་བྱས་པས་ན། །ཤེས་རབ་རབ་རྫོགས་རྣལ་འབྱོར་པས། །འཁོར་ལོ་བཞི་ཡི་རིམ་པ་སྟེན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཡང་དག་མཛའ་ལ་རྣམ པར་གནས། །འདོད་པའི་དོན་གྲུབ་དམ་པའོ། །ཞེས་པས་རིམ་པ་བསྟན་བྱ་སྟེ། །འཁོར་ལོ་བཞི་ཡི་བདག་ཉིད་གཟུགས། །བདག་ལ་རབ་ཏུ་གནས་པ་སྟེ། །བདག་ཉིད་མེ་ལྷའི་ཐུགས་ཀར་གནས། །གོང་དུ་བསྟན་བཞིན་བསྒོམ་པར་བྱ། །ལྟེ་བར་ཤེས་རབ་འཁོར་ལོ་སྟེ། །རྩིབས་བཅུ གཉིས་དང་ཡང་དག་ལྡན། ། ཨཱ་ཨཾ་ཨབཞིན་དུ་བསྒོམ་པོར་བྱ། །མགྲིན་པར་ཤེས་རབ་འཁོར་ལོ་འདི། །རྩིབས་ནི་བཅུ་གཉིས་ཡང་དག་ལྡན། །དེ་ལ་ཡིག་འབྲུ་བསམ་བྱ་བ། །ོཾ་ཨ་ར་པ་ཙ་ན་བཱ་གཱི་ཤྭ་ར་པྲཛྙཱ་ན་མཔ་ལ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱི:། བྷ་ག་བཱན་ཛྙཱ་ན་མཱུརྟི་མཧཱ་པ་ཙ་སརྦ་དྷརྨམ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨམ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ:། ཞེས་པ་ཡི་ནི་སྔགས་འབྲུ་འདིས། །ས་མཆོག་བཅུ་གཉིས་ཐོབ་པར་འགྱུར། །འདིའི་སྦྱིན་སྲེག་རིམ པ་ཡང། །དང་པོ་སྔོན་བཞིན་ཤེས་པར་བྱ། །དེ་ནས་ཡང་དག་སྦྱིན་སྲེག་ནི། །ཡེ་ཤེས་མེ་ལྕེ་ཞེས་གསུངས་པས། །ལྟེ་བའི་འཁོར་ལོ་འོད་དུ་འབར། །འོད་དེས་རང་གི་དངོས་པོ་བསྲེགས། །དེ་ནས་གྱེན་དུ་འཕྲོས་པ་ལས། །སྙིང་གའི་གནས་སུ་གནས་ནས་བཞུགས། །ཤིན་ཏུ་འོད ལྡན་གཟི་བརྗིད་ལྡན། །དེ་ཉིད་ནས་ནི་འདྲེས་ཏེ་ཡང། །མགྲིན་པའི་འཁོར་ལོའི་དབུས་ན་བཞུགས། ། ཡང་འོད་དུ་རབ་ཏུ་འབར། །དེས་ནི་ཐམས་ཅད་ཀུན་ཀྱང་བསྲེགས། །དེ་ཀུན་གོང་བུ་གཅིག་ཏུ་གྱུར། །དེ་ནས་རིམ་བཞིན་གཡས་ན་བཞུགས། ། ཡིག་ཡི་གེ་ལ་ཞུགས པས། ཡི་གེའི་ཚོགས་རྣམས་འོད་དུ་ཞུ། །འོད་ཀྱི་གོང་བུར་གྱུར་པ་ལས། །མར་ཁུ་བཞིན་དུ་མར་ཁུ་དབུལ། །མར་ཡང་འོད་ཀྱི་གོང་བུར་གྱུར། །དེ་ནས་ཡས་མར་རིམ་པས་ཞུགས། །སླར་ཡང་ཤེས་རབ་འཁོར་ལོ་ཚོགས། །སོས་ནས་སྔོན་བཞིན་ཁོ་ནར་གྱུར། །དེ་ལ་ཡང་ནི་སྦྱིན སྲེག་དབུལ། །དེ་ནས་ཡང་ནི་རིམ་བཞིན་དུ། །གྱེན་དུ་ཞུགས་ཤིང་འོད་དུ་འབར། །དེ་ལྟར་ཚུལ་བཞིན་མ་ནོར་པར། །ཤིན་ཏུ་གོམས་པ་གསལ་བར་བྱ། །དེ་ལྟར་རྟག་ཏུ་སུ་བསྒོམ་པ། །ས་མཆོག་བཅུ་གཉིས་ཐོབ་པར་འགྱུར། །གཞོན་ནུའི་ལུས་ལ་བཞིན་བཟངས་པ། །ཡེ ཤེས་ལྔ་ཡི་བདག་ཉིད་ལས། །ཐོབ་པར་གདོན་མི་ཟ་བར་གསུངས། །བདག་གཞན་དོན་གཉིས་སུ་འགྲུབ་པར་འགྱུར། །བདེ་བའི་ལུས་ཀྱང་ཐོབ་པར་འགྱུར། །ཐམས་ཅད་མཁྱེན་པ་འོད་གསལ་བ། །ཡེ་ཤེས་དེ་ཉིད་རྫོགས་པར་འགྱུར། །འདི་དག རྟག་ཏུ་ས་བསྒོམ་པ། །ཇི་ལྟར་འདོད་པའི་སྐུ་ཐོབ་འགྱུར། །སྦྱིན་སྲེག་ཆོ་ག་རབ་རྫོགས་པ། །རིམ་གཉིས་?་ལ་གནས་པ་འདི། །རང་གི་ཡེ་ཤེས་འཇིག་བྱེད་པ། །རྒྱུད་འགྲེལ་མི་འགལ་ལུང་དང་ལྡན། །བླ་མའི་འདོད་གཞུང་འདི་དག་ཀྱང། །རང་དགར་མ་བྱས་བཀའ་ ལ་བརྟེན། །བློ་ཞན་གྱུར་གྱི་དོན་ལྡན་འབྱུང། །དེ་བས་སྦྱིན་སྲེག་གསལ་ཕྱེ་ནས། །འདི་ལ་དགེ་བ་ཅི་ཡོད་ལ། །རྣལ་འབྱོར་འདི་ལ་དད་པ་དང། །འདི་ཡི་འདོད་ཕྱོགས་བསྒོམ་པ་རྣམས། །འཇམ་པའི་རྡོ་རྗེ་འགྲུབ་པར་ཤོག་།རིམ་པ་གཉིས་ཀྱིས་ཕྱེ་བའི་སྦྱིན་སྲེག་ཆོ་ག རྒྱས་པ་རྫོགས་སོ། ། །།སློབ་དཔོན་ཆེན་པོ་རིན་ཆེན་གླིང་ན་གནས་པ་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་བའོ།། (།།འཕགས་པ་འཇམ་དཔལ་ཕྱིར་དཀྱིལ་འཁོར་གྱི་ཆོ་ག་བཞུགས་སོ།། །།) རྒྱ་གར་སྐད་དུ།

CLOSE WINDOW