Wylie | e-texts based on the ACIP/ALL ![]() ![]() |
། (།།མཚན་ཡང་དག་པར་བརྗོད་པ་བཀླག་པའི་སྒོམ་ཁོ་ན་བཞུགས་སོ།།)་།།འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །བསྒོམ་པ་འདི་ནི་སློབ་དཔོན་གྱི་མན་ངག་ཏུ་བྱས་པ་ཡིན་ཏེ།
འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒོམ་པར་འདོད་པའི་རྣལ་འབྱོར་པས། །དང་པོར་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། །དེ་ལ་ཞུགས་ཏེ་འཇམ་དཔལ་ཡེ་ཤེས་སེམས་དཔའ་མངོན་སུམ་དུ་བྱས་ནས་ཀྱང། སེམས་ཅན་སྐྱབས་དང་དཔུང་གཉེན
མེད་པ་སྲིད་པར་ལྷུང་ཞིང་མ་གྲོལ་བ་རྣམས་ཀྱི་དོན་བྱ་བར་བསམ་མོ། །དེ་ལྟར་སེམས་ཅན་གྱི་དོན་དུ་བྱ་བའི་ཐབས་ཀྱང་བསྡུ་བའི་དངོས་པོ་བཞེས་བྱས་ཏེ། དེ་ནི་མདོ་སྡེའོ། །དེ་ནས་བསོད་ནམས་ཀྱི་ཚོགས་ཡན་ལག་བཅུ་བསྒོམས་ཏེ། ཕྱག་བཙལ་བ་དང།
མཆོད་པ་དང་སྡིག་པ་བཤགས་པ་དང། རྗེས་སུ་ཡི་རང་བ་དང། དགེ་བའི་རྩ་བ་བསྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། ལམ་བསྟེན་པ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བཅུ་བསྒོམ་མོ།། །།དེ་ལ་ཕྱག་བཙལ་བ་ནི་རང་གི་སྙིང་ཁར་ཟླ
བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་བསྒོམ། ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུ་ནས་སྔོན་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཆེན་པོ་དང། འཕགས་པ་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་སྤྱན
དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བཞུགས་སུ་གསོལ་ལ། །རང་གི་རྡོ་རྗེ་སློབ་དཔོན་གང་ཡིན་ཡང་དེ་དག་དང་ལྷན་ཅིག་ཏུ་ཞུགས་པར་བསམས་ལ། དེ་དག་གི་མདུན་དུ་ཐལ་མོ་སྦྱར་ལ་ཕྱག་བཙལ་བས་བྱའོ། །དེ་ལྟར་ཕྱག་བཙལ་ནས་མཆོད་པ་ཕུལ་ཏེ། རྣལ་འབྱོར་པ་དག་གི་ཐུགས
ཀར། ཡི་གེ་ཨ་བསྒོམས་ལ་དེ་ལས་ཀྱང་འོད་ཟེར་སྤྲོས་ཏེ། མཆོད་པ་རྣམ་པ་ལྔ་མེ་ཏོག་གི་གདུགས་དང། བ་དན་དང། རྒྱན་དང་ཕྲེང་བ་ལ་སོགས་པ་དང། སྤོས་དང་རང་བཞིན་གྱིས་དྲི་ཞིམ་པོ་སྦྱར་བའི་དྲི་དང། གྱུར་པའི་དྲི་དང་སྤོས་རྒྱ་དང། མར་མེའི་ཕྲེང་བ་དང། དྲི་ཆབ་དང་ལྷ
བཤོས་དང། གདུགས་དང་རྒྱལ་མཚན་ལ་སོགས་པ་ནམ་མཁའ་ཨི་སྤྲིན་ཕུང་ཙམ་རྒྱ་མཚོ་ལྟར་གཏིབས་པས་མཆོད་པར་བསྒོམ། དེ་ནས་སངས་རྒྱས་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་ཏེ། དུས་གསུམ་དུ་བདག་གི་སྡིག་པ་བྱས་པ། གཞན་བྱེད་དུ་སྩལ་བ་དང། བྱེད་པ་ལ
དགའ་བར་སྦྱོར་བ་དང། དངོས་པོ་གཞི་དང་འཇུག་པ་དང། བཅས་པ་ཐམས་ཅད་བཤགས་ཏེ། དྲན་པ་ནི་ཁས་བླངས་མ་དྲན་པ་ནི་བསྡུས་ཏེ། འགྱོད་པ་སྐྱེས་ནས་ཕྱིས་མི་བྱ་བར་སྡོམ་པ་བླངས་ནས་བཤགས་པའོ། །དེ་ཡང་བཤགས་པའི་གནས་འཕགས་པ་དང།
བཤགས་བྱ་དང། བཤགས་པ་པོ་རྣམས་མི་དམིགས་པར་བསྒོམ་མོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། འཕགས་པ་ཉན་ཐོས་དང། རང་སངས་རྒྱས་དང། རྣལ་འབྱོར་བའི་དགེ་བའི་རྩ་བ་འདོད་ཆགས་དང
ཞེ་སྡང་དང་གཏི་མུག་གསུམ་གྱིས་མ་འདྲེས་པ་ལ། ཕྲག་དོག་མེད་པའི་དགའ་བ་དང། སྤྲོ་བ་ནི་རྗེས་སུ་ཡི་རང་བར་བསྒོམ་པའོ། །དེ་ནས་དགེ་བའི་རྩ་བ་བསྔོ་བ་ནི། བདག་གི་དགེ་བའི་རྩ་བ་ཅི་བགྱིས་པའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་བླ་ན་མེད
པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་པར་བསྔོས་ལ་བསྒོམ་མོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་བསྒོམས་ཏེ། སངས་རྒྱས་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྙེན་རྟེན་ལ་སྐྱབས་སུ་འགྲོ་བ་བསྒོམ་མོ། །ཆོས་ནི་ཆོས་བསྒོམ་པ་དག་མེད་པའི་ཆོས་ལ་བརྟེན་ཅིང
བསྒོམ་ལ་སྐྱབས་སུ་འགྲོའོ། །དགེ་འདུན་ཡང་ཉན་ཐོས་དང། རང་སངས་རྒྱས་ཀྱི་དགེ་འདུན་ལ་སྐྱབས་སུ་མི་འགྲོ་སྟེ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་བརྟེན་ཅིང་བསྒོམས་ཏེ་སྐྱབས་སུ་འགྲོ་བ་བསྒོམ་མོ།། །དེ་ལ་ལམ་བསྟེན་པ་ནི་བླ་ན་མེད་པའི་སངས་རྒྱས
གྲུབ་པའི་ལམ་རྡོ་རྗེ་ཐེག་པའི་དོན་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་བསྒོམ་ཞིང་མཚན་བརྗོད་པ་ནི་ལམ་བསྟེན་པའོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་བདག་གི་སེམས་ཅན་ཐམས་ཅད་ལ་བསྐྱབ་པའི་དོན་དུ་སངས་རྒྱས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི
དོན་བྱའོ་བར་བསྒོམ་པར་བྱའོ། །སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་མ་རྒལ་བ་བསྒྲལ་བ་དང། མ་གྲོལ་བ་རྣམས་དགྲོལ་བ་དང། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་བར་བསྒོམ
པར་བྱའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་ཡན་ལག་བཅུ་བསྒོམས་ནས་གསོལ་བ་གདབ་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་བྱའོ། །དེ་ནས་དམ་བཅའ་བར་བྱ་སྟེ། བདག་མིང་འདི་ཞེས་བྱ་བས་བླ་ན་མེད་པའི་བྱང་ཆུབ་སེམས
དེ་རིང་ཕྱིན་ཆད་སྐྱེད་པར་བགྱིའོ། །ཇི་ལྟར་དུས་གསུམ་མགོན་རྣམས་ཀྱི། །བྱང་ཆུབ་སེམས་ནི་བསྐྱེད་པ་བཞིན། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང། །དགེ་བའི་ཆོས་ནི་བསྡུད་པ་དང།།
སེམས་ཅན་གྱི་དོན་གྱི་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་སོ་སོར་བཟུང། །དེ་ནས་རིགས་ལྔའི་སྡོམ་པ་བཟུང་སྟེ། འདི་ནི་རྣམ་པར་སྣང་མཛད་ཀྱི། །སངས་རྒྱས་ཆོས་དང་དགེ་འདུན་དང། །བླ་ན་མེད་པའི་དཀོན་མཆོག་གསུམ། །སྡོམ་པ་སངས་རྒྱས
སྦྱོར་བསྐྱེད་པ། །འདི་ནི་བདག་གིས་བསྐྱེད་པར་བགྱི། །རྡོ་རྗེ་རིགས་ཀྱི་སྡོམ་པ་བཟུང། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གསུམ། །བདག་གིས་མི་གཏང་བཟུང་བར་བགྱི། །རིན་པོ་ཆེའི་སྡོམ་པ་བཟུང། །སྦྱིན་པ་རྣམ་བཞི་དུས་དྲུག་ཏུ། །བརྟན་པོ་ཉིད་དུ་སྦྱིན་པར་བྱ། །པདྨ
རིགས་ཀྱི་སྡོམ་པ་བཟུང། །ཕྱི་དང་ནང་དང་གསང་བ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ལས་ཀྱི་རིགས་ཀྱི་སྡོམ་པ་བཟུང། །གོང་དུ་མ་བྱུང་བའི་ལྷག་མ་ཀུན་འདི་སེམས་ཅན་དོན་བྱ་བ་དང། མི་དགེ་བ་བཅུ་སྤང་བ་དང། འཁོར་བ་མི་སྤང་བ་དང། མྱ
ངན་ལས་འདས་པ་དང་དུ་མི་ལེན་པ་དང། ཐེག་པ་ཆུང་བ་དང་འཇིགས་པའི་ས་སྤངས་པ་དང། ལྷ་དང་ལྷ་མ་ཡིན་དང། གདོན་ལ་སོགས་པའི་ཕྱག་རྒྱ་མི་སྨད་པ་དང། དེ་རིང་ཕན་ཆད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཟུང་བར་བྱའོ། །ཞེས་དམ་བཅའ་ཨོ། །
དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། མ་རྒལ་བ་རྣམས་བསྒྲལ་བ་དང། །མ་གྲོལ་བ་རྣམས་གྲོལ་བ་དང། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་ཨོ། །ཞེས་སེམས་བསྐྱེད་དོ། །
དེ་ཡན་ཆོད་བསོད་ནམས་ཀྱི་ཚོགས་བསྒོམ་པའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ནི། དང་པོར་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པ་ཡིན་ལ། །དེ་ནི་ཡེ་ཤེས་ལྔ་བསྒོམ་པ་ཡིན་ཏེ། དང་པོ་ཆོས་ཐམས་ཅད་མི་དམིགས་ལ་མི་རྟོག་པ། རང
བཞིན་མེད་པ་ནམ་མཁའ་དང་འདྲ་བ་ཐ་སྙད་ཙམ་དུ་ཡོད་ལ། དོན་དམ་པར་རང་བཞིན་མེད་པ་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བར་བསྒོམ། དེ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་བསྒོམ་སྟེ། དཔེར་ན་མེ་ལོང་གཡའ་དག་པའི
ནང་དུ། གཟུགས་བརྙན་སྣང་ཞིང་གསལ་བ་ལྟར་རང་བཞིན་གྱིས་འོད་གསལ་བ། དེ་ལས་ཆོས་ཀྱི་དབྱིངས་རྒྱུ་དང་མཐུན་པའི་རྣམ་པར་སྨིན་པའི་ཡེ་ཤེས་དེ་ལས། འཇིག་རྟེན་གྱི་རང་བཞིན་གྱི་སེམས་ཅན་གྱི་གང་ཟག་།ཕུང་པོ་དང་ཆོས་ཐམས་ཅད་ཇི་ལྟར
ཡིན་པའི་ཆོས་ཉིད་ཀྱིས་དང་དེ་ལ་ཕྱིན་ཅི་མ་ལོག་པར་སྣང་བ་དང། སེམས་རྣམ་པར་དག་པ་ལོག་རྟོག་གློ་བུར་གྱི་དྲི་མ་དང། འདྲ་བས་བསྒྲིབས་པ་ཙམ་ཡིན་ལ། སེམས་ཅན་གྱི་སེམས་ཆོས་ཀྱི་རང་བཞིན་དུ་གསལ་བར་བསྒོམ་མོ། །སེམས་ཅན་གྱིས་དེ་ལྟར་མ་རྟོགས
ཏེ། འགྲོ་བ་ལས་མི་ཐར་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། འགྲོ་བ་ལས་ཐར་པར་བྱའོ་ཞེས་བསྒོམ་མོ། །དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་སྟེ། ཆོས་ནི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ལ་བྱ། མུ་སྟེགས་པས་བརྟགས་པའི
གང་ཟག་ཏུ་ལྟ་བ་མེད་པ་ཉན་ཐོས་པའི་ཆོས་རྡུལ་ཙམ་དུ་ཡོད་པར་ལྟ་བའི་བདག་མེད་པར་ལྟ་བ་དང། སེམས་ཙམ་པའི་སེམས་ཡོད་པར་ལྟ་བ་དེ་ཡང་བདག་མེད། ཆོས་ཐམས་ཅད་ལ་བདག་མེད་པར་བསྒོམ། དེ་ཡང་བདག་ཏུ་འཛིན་པ་མེད་པ་དང། གཞན་མེད
པ་དང། བདག་གཞན་མེད་པ་དང། ཆོས་ཐམས་ཅད་བདག་མེད་པར་མཉམ་པའོ། །མདོར་ན་རྣམ་པར་ཐར་པའི་སྒོ་གསུམ་དུ་བསྒོམ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨམཱ་ཎཱཾ་ཨཱ་དྱ་ནུ་ཏྱ་པ་ན་ན་ཏྭཱཏ། ཅེས་པས་བྱིན་གྱིས་བརླབ་པོ། །དེ་ལ་ཨ་ནི་ཨ་ཨ་ནུ་ཏ་པན་ཏྭཱཏ།
ཅེས་པས་སྟེ། ཆོས་ཐམས་ཅད་མ་སྐྱེས་པ་སྟོང་པ་ཉིད་ཅེས་བྱ་སྟེ། བདག་གཞན་སྟོང་པ་ཉིད་དུ་མཉམ་པར་བསྒོམ་མོ། །དེའི་འོག་ཏུ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་བསྒོམ་སྟེ། དེ་ནི་བདག་དང་གཞན་དུ་ཕྱེ་སྟེ། གང་ཞེ་ན། གཟུང་བ་དང་འཛིན་པ་དག་པའི་མི་རྟོག
པའི་དང་ལས་བདག་དང་གཞན་དུ་ཡང་དག་པའི་ཀུན་རྫོབ་ཙམ་དུ་ཕྱེ་སྟེ། རང་གི་མཚན་ཉིད་དུ་བདག་དོན་བྱ་བའི་གནས་སེམས་ཅན་གཞན་མཚན་མ་མེད་པའི་སྒོ་ནས། སོ་སོར་ཕྱེ་ཞིང་བརྟག་པར་བྱས་ནས་བསྒོམས་ནས། སྤྱིའི་མཚན་ཉིད་དོན་དམ་པར་མཚན་མ་མེད
པར་ཤེས་པའི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེའི་དང་ལས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྒོམ་སྟེ། གཟུང་བ་དང་འཛིན་པ་ལས་འདས་པ་གཅིག་དང་དུ་མ་དང་ཤིན་ཏུ་བྲལ་བ་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྟོང་པ
ཉིད་བཅོ་བརྒྱད་ཀྱི་རང་བཞིན་ནམ། རྣམ་པར་ཐར་པ་བཞིའི་རང་གི་ངོ་བོ་མི་དམིགས་པར་བསྒོམ་མོ། །དེའི་ངང་ལས་སྨོན་ལམ་དང་ཐུགས་རྗེའི་དབང་གིས། བྱང་ཆུབ་སེམས་དཔའ་དང། རྣལ་འབྱོར་པ་རྣམས་ཀྱིས་འགྲོ་བའི་དོན་བྱ་བའི་ཕྱིར། བྱ་བ་ནན་ཏན་གྱི་ཡེ
ཤེས་བསྒོམ་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་འགྲོ་བའི་དོན་བྱ་བའི་རྒྱུ་བདག་དང་མཚན་མ་མེད་བཞིན་དུ་སོ་སོར་དམིགས་ནས། མི་དམིགས་པའི་སྙིང་རྗེ་ཆེན་པོས་དོན་བྱ་བར་དྲན་ཏེ། སྤྲུལ་པ་སྣ་ཚོགས་པས་སྤྲུལ་ཅིང་སྤྲོས་ནས་སེམས་ཅན་སྲིད་པ་ལས་བསྒྲལ
ཏེ། འོད་ཟེར་གྱིས་ངན་སོང་གསུམ་ལ་ཁྱབ་ནས་སྡུག་བསྔལ་ཉེ་བར་ཞི་བར་བྱས་ནས། སེམས་ཅན་རྣམ་པར་གྲོལ་ནས་ལྷ་དང་མི་ལ་བཀོད་དེ། དེ་ནས་སོ་སོའི་དབང་པོ་རིམ་པ་བཞིན་དུ་དམ་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། ཐེག་པ་གསུམ་གྱི་ཆོས་ཀྱིས་གྲོལ་བར་བྱས་ནས།
བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་དང། ཉན་ཐོས་རྣམས་སེམས་ཅན་གྱི་དོན་ལ་བཅུག་ནས། ཐེག་པ་ཆེན་པོ་ལ་བཀོད་པ་དང། བྱང་ཆུབ་སེམས་དཔའ་རྣམས་སྲིད་པ་ལ་ཆགས་པ་ལ་སྟོང་པ་ཉིད་ཀྱི་དོན་བསྟན་ནས་སངས་རྒྱས་པར་བྱའོ་བར་བསྒོ་བ་ནི་བྱ
བ་ནན་ཏན་གྱི་ཡེ་ཤེས་བསྒོམ་པའོ། །དེ་ལྟར་འཇུག་པ་བྱང་ཆུབ་ཀྱི་སེམས་དང། སྨོན་པ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་སྟེ། དེས་ནི་བསོད་ནམས་ཀྱི་ཚོགས་དང། དོན་དམ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཚོགས་རྣམ་གཉིས་བསྒོམ་པ་བསྟན་ནས།། །།
ད་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཞིའི་ཏིང་ངེ་འཛིན་བསྒོམས་ཏེ། བདག་གི་སེམས་གཟུང་འཛིན་རྣམ་པར་དག་པའི་ཡེ་ཤེས་ལས། ཁྲོ་བོའི་ས་བོན་ཧཱུཾ་སྔོ་ནག་སངས་རྒྱས་ཀྱི་ཞིང་དྲུག་ཁྱབ་པ་ཙམ་ཞིག་བསྒོམ་མོ། །དེའི་ཕྲོ
འདུས་སངས་རྒྱས་ཀྱི་ཞིང་དུ་ཁྱབ་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་ཧཱུཾ་ལ་ཐིམ་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་སངས་རྒྱས་ཀྱི་ཞིང་དྲུག་ཁྱབ་པ་སྟེ། དེ་ནི་ཉོན་མོངས་པ་ཅན་གྱི་འཇིག་རྟེན་པ་དེ་འདུལ་བའི་དོན་དུ་བུམ་པ་ལ་ཁྲོ་བོ་ཞལ་དྲུག་སྟེ། ཤར་གྱི་དབུ
སྔོ། གཡས་གཡོན་དཀར། ལྷོ་སེར་ནུབ་དམར་བྱང་ལྗང་གུའོ། །རྩེ་མོ་ལྔ་ཡར་ལྟ་བ་ཡེ་ཤེས་ལྔ། མར་ལྟ་བ་རིགས་ལྔའི་རང་བཞིན་ནོ། །རྡོ་རྗེའི་ས་གཞི་དང། རྡོ་རྗེའི་ར་བ་དང། རྡོ་རྗེའི་དྲ་བའི་སྤུབས་སུ་གྱུར་པར་སྟོང་པར་བསྒོམ་མོ། །དེའི་ནང་དུ་བྲུཾ་དཀར་པོ་ལས
རིན་པོ་ཆེའི་མཆོད་རྟེན་ཁ་དོག་བཞི་དང་ལྡན་པ། ཚད་སྟོད་གསུམ་གྱི་འཇིག་རྟེན་ཁྱབ་པ་ཞིག་བསྒོམ་མོ། །དེའི་བུམ་པའི་ནང་དུ་ཡི་གེ་ཧྲི་ལས་ཆོས་ཀྱི་འབྱུང་གནས་དབྱིབས་ཟུར་གསུམ་དུ་བསྒོམ་མོ། །དེའི་ནང་དུ་ཡི་གེ་ཨ་ལས་ཁ་དོག་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བསྒོམ་མོ
དེའི་དབུས་སུ་ཡི་གེ་བྲུཾ་དཀར་པོ་ལས་གཞལ་ཡས་ཁང་གྲུ་བཞི་པ་ཏྭ་ར་ཎ་དང་བཅས་པར་བསྒོམ་མོ། །དེ་ཡང་སངས་རྒྱས་དང་སེམས་ཅན་ཆོས་ཉིད་དུ་མཉམ་པས་གྲུ་བཞིའོ། །དྲན་པ་ཉེ་བར་གཞག་པའི་རང་བཞིན་གྱིས་ཤར་གྱི་སྒོའོ། །ཡང་དག་པར་སྤོང་བ་བཞིའི
དོན་གྱིས་ལྷོའི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་དོན་གྱིས་ནུབ་ཀྱི་སྒོའོ། །དབང་པོ་ལྔའི་རང་བཞིན་གྱིས་བྱང་གི་སྒོའོ། །སྟོབས་ལྔའི་རང་བཞིན་གྱིས་སྒོ་སྲུངས་བཞིའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་དྲ་བ་དང་དྲ་བ་དྲ་ཕྱེད་པའོ། །འཕགས་པའི་ལམ
ཡན་ལག་བརྒྱད་གདུགས་དང་མེ་ཏོག་གི་ཕྲེང་བའོ། །མེ་ཏོག་ལྟ་བུའི་ར་བ་ཡེ་ཤེས་ཀྱི་རང་བཞིན་གྱིས་མེ་ལོང་དང་རིན་པོ་ཆེའོ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་སེམས་ཅན་ལ་ཆོས་སྟོན་པས། འདུལ་བས་འདུལ་བའི་རང་བཞིན་དྲིལ་བུ་དང་དར་གྱི་ཅོད་པན་ནོ
ཚོགས་གཉིས་རྫོགས་པར་བསམས་པ་གསུམ་རྩེག་ཏུ་གྱུར་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་འདུད་རྩིའི་གཙུག་ཏོར་ཏུ་གྱུར་པའོ། །རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་གྱིས་ཏྭ་ར་ཎའོ། །ཏིང་ངེ་འཛིན་མུ་མ་ཆད་པ་བསྒོམས་པས་མུ་ཁྱུད་མ་ཆད
པའོ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བརྟགས་རྡོ་རྗེ་ཕྲེང་བའོ། །ཡེ་ཤེས་ལྔ་ཡི་རང་བཞིན་གྱིས་འོད་ལྔའི་ཁ་དོག་གིས་བརྒྱན་པའོ། །དེའི་ནང་དུ་རེ་མིག་དགུ་སྣམ་བུ་དང་ལྡན་པ་ལ་དབུས་སུ་སེངྒེའི་ཁྲི་མི་འཇིགས་པ་བཞིའི་རང་བཞིན་ནོ། །སྟོབས་བཅུ་དང
ལྡན་པའི་རྟགས་སུ་ཤར་དུ་གླང་པོ་ཆེའོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་གྱིས་ལྷོར་རྟའོ། །དབང་བདུའི?་རང་བཞིན་གྱི་ནུབ་ཏུ་རྨ་བྱའོ། །ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་བྱེད་པའི་རང་བཞིན་གྱིས་བྱང་དུ་ནམ་མཁའ་ལྡིང་གི་ཁྲིའོ། །དེ་དག་གི་སྟེང་དུ་རིན
པོ་ཆེའི་ཁྲི་དང་པདྨའི་གདན་དང་ཟླ་བའི་གདན་རྩེགས་པའོ། །དེ་དག་གི་ཕྱོགས་བཞི་ཐམས་ཅད་དང། མཚམས་ཀྱི་རེ་མིག་དང་སྣམ་བུ་དང་གྲུ་ཆད་པ་ལ་ཟླ་བའི་གདན་བསྒོམ་མོ། །དེ་ལ་པདྨ་ནི་ཐབས་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པའོ། །ཟླ་བ་ནི
དགེ་བའི་རྩ་བ་བྱང་ཆུབ་ཀྱི་མྱུ་གུ་བསྐྱེད་པའོ། ། །།དེ་ནས་དབུས་སུ་སེངྒེ་དང་ཟླ་བའི་གདན་ལ་བདག་གི་སེམས་གཟུང་འཛིན་དག་པའི་ཡེ་ཤེས་དེ་ཉིད་ཡི་གེ་ཨ་དཀར་པོ་ཅིག་ཏུ་བསྒོམས་ལ། དེའི་འཕྲོ་འདུ་ལས་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་
སེམས་དང་རང་བཞིན་གཅིག་པ། ཞལ་བཞི་ཕྱག་བརྒྱད་པ་ཞལ་ཕྱོགས་བཞིར་གཟིགས་པ། རྒྱན་མི་མངའ་བ་ཞི་བའི་རང་བཞིན་དབུ་ལ་རལ་པ་གྱེན་དུ་འཁྱིལ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་དབྱེར་མེད་པའི་དོན་སྐུ་མདོག་དཀར་པོ་ཆོས་ཉིད་ལ་ཉོན་མོངས
པའི་སྐྱོན་གྱིས་མ་གོས་པའི་རྟགས། ཕྱག་བརྒྱད་ཐུགས་ཀན་བྱང་ཆུབ་ཀྱི་མཆོག་གི་ཕྱག་རྒྱ་བཅས་པ་ལ་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་དུ་བསྒོམ་མོ། །དེའི་ཐུགས་ཀར་ཡི་གེ་ཧྲི་ལས་དང་པོའི་སངས་རྒྱས་སྐུ་མདོག་དཀར་པོ་ཞལ་བཞི་ཕྱག་བརྒྱད་པ
དབུ་ལྔ་ལ་གཙུག་གི་རྟ་མགོ་དཀར་པོ་སྟེ། ཁམས་གསུམ་ཐམས་ཅད་ཟིལ་གྱིས་གནོན་པ་འམ་དབང་དུ་སྡུད་པའི་རང་བཞིན་ནོ། །ཞལ་ཤར་ཕྱོགས་སུ་གཟིགས་བ་སྡེ། ལྷོ་སེར་ནུབ་དམར། བྱང་ལྗང་བ་རིགས་ལྔའི་རང་བཞིན་ནོ། །ཕྱག་གཡས
པ་བཞིན་རལ་གྲི་བསྣམས་པ། གཡོན་པ་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དུཾ་པ་རེ་རེ་བསྣམས་པའོ། །ཉོན་མོངས་པ་གཅོད་པའི་རལ་གྲི་དམ་པའི་ཆོས་སྟོན་པའི་རང་བཞིན་དང་ལྡན་པས་པོ་ཏི་བསྣམས་པ། ཆོས་ཀྱི་སྐུའི་རང་བཞིན་ཡིན་པས
སྐུ་མདོག་དཀར་པོ་ཉི་མའི་དཀྱིལ་འཁོར་དང་ལྡན་པས། སྣ་ཚོགས་ཀྱི་ན་བཟས་བརྒྱན་པ། ཕུང་བུ་ལྔ་དང་ལྡན་པར་བསྒོམ། དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བསྒོམ། རྩིབས་དྲུག་ལ་ཤན་གྱི་རྩི་བས་ནི་སྔོ། གཡས་གཡོན་ནི་དཀར། ལྷོ་སེར་ནུབ་དམར། བྱང་ལྗང།
མུ་ཁྱུད་བཞི་ཡང་དཀར། རིགས་དྲུག་གི་རང་བཞིན་ཡིན་པས་རྩི་བས་དྲུག་གོ་།རྟེན་ཅིང་འབྲེལ་བའི་རང་བཞིན་ཡིན་པས་འཁོར་ལོ་མུ་ཁྱུད་དང་པོ་ལ། ཨོཾ་སརྦ་དྷརྨཱབཅུ་གཉིས་ཀྱི་ས་བོན། ཨ་ཨཱ་ཨཻ་ཨའི་ཨཽ་ཨའུ་ཨ་ཨོ། ཨོ་ཨཽ་ཨཾ་ཨགི་རྩིབས་ལ། ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཁྱུད་ཕྱི་མ་ལ་ཀ་ཁ་སུམ་ཅུ་རྩ་གཉིས་དགོད་དེས་མཚན་སུམ་ཅུ་རྩ་གཉིས་ཀྱི་ས་བོན་ཡིན་ནོ། །འཁོར་ལོའི་ལྟེ་བའི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཨ་ལས་བསྐྱེད་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་དྲུག་པ། ཕྱག་གཉིས་པ།
ཉི་མའི་དཀྱིལ་འཁོར་དང་ལྡན་པ་བྱིས་པའི་རྒྱན་གྱིས་བརྒྱན་པ། གཙུག་ཕུད་ལྔ་དང་ལྡན་པ་ཕྱག་གཉིས་ནི་ཨཽཏཔ་ལ་བསྣམས་པས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དང་ལྡན་པའི་དོན་ཏོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི
གེ་ཨ་དཀར་པོ་བསྒོམས་ཏེ། ཐམས་ཅད་མཁྱེན་པ་ལམ་མཁྱེན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། གསུམ་གྱི་རང་བཞིན་ཅན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བསྐྱེད་པའི་གནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱེས། དེ་བཞིན་གཤེགས
པ་ཐམས་ཅད་རང་བཞིན་བསྒོམ་པའོ། ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དང་པོར་བསྐྱེད་པའི་རིམ་པ་ལས་ཕྱིར་འཕྲོས་པའི་མཆོད་རྟེན་གྱི་བུམ་པའི་ནང་ནས་ཕྱིར་འཕྲོས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཉོན
མོངས་པ་ལྔ་དང། ཚུལ་ཁྲིམས་འཆལ་བ་ལ་སོགས་པ་དག་པར་བྱས་ཏེ། སངས་རྒྱས་པར་བྱས་ནས། དེ་ལས་ཀྱང་ཕྱིར་འཕྲོས་ནས་རྡོ་རྗེ་ཁྲོ་བོའི་ཞལ་ནས་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་དུ་ཁྱབ་ནས་སེམས་ཅན་གྱི་དོན་བྱ་སྟེ་སླར་འདུས་པས་རིམ་པར་ཡི་གེ
་ལ་ཐིམ་པར་བྱས། རྡོ་རྗེ་དབྱིངས་ཀྱི་ལྷ་རྣམས་སུ་སྤྲུལ་ལ། སངས་རྒྱས་མཆོད་པ་དང། སེམས་ཅན་གྱི་དོན་བྱས་ནས་ཡང་སླར་འདུས་པས་སེམས་མ་རྡོ་རྗེ་མ་ལ་སོགས་པ་བཞི་ནི་དབུས་ཀྱི་གཙོ་བོ་ལ་བསྐོར། རིགས་ལྔ་དེ་བཞིན་གཤེགས་པའི་རིགས་ནི
གཙོ་བོ་ལ་ཐིམ་པར་བྱའོ། །རིགས་བཞི་ནི་གླང་པོ་ཆེའི་ཁྲི་ལ་མི་བསྐྱོད་པ་ལ་འཁོར་སེམས་དཔའ་བཞིས་བསྐོར་བ། རྟའི་ཁྲི་ལ་རིན་ཆེན་འབྱུང་ལྡན་ལ་འཁོར་སེམས་དཔའ་བཞིས་བསྐོར་བ། རྨ་བྱའི་ཁྲི་ལ་སྣང་བ་མཛའ་ཡས་ལ་འཁོར་སེམས་དཔའ་བཞིས་བསྐོར་བ། ནམ
མཁའ་?་གི་ཁྲི་ལ་དོན་ཡོད་གྲུབ་པ་ལ་འཁོར་སེམས་དཔའ་བཞིས་བསྐོར་བར་བསྒོམ་མོ། །མཚམས་ཀྱི་རེ་མིག་བཞི་ལ་སྒེག་མོ་ལ་སོགས་པ་བཞིའོ། །སྣམ་བུ་ལ་མཆོད་པའི་ལྷ་མོ་བཞི་དང། བྱང་ཆུབ་སེམས་དཔའ་བཅུ་དྲུག་གོ་།སྒོ་བཞིའི་གནས་སུ་སྒོ་བ་བཞིས
བསྐོར་བར་བསྒོམས་ལ། ། །།དེ་ནས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པ་ཡན་ཆད་པ་ཀླག་པར་བྱའོ། །དེ་ནས་མཚན་གྱི་ཡིག་འབྲུ་འོད་ཟེར་དཀར་པོ་སྤྲོས་ཏེ
འོད་ཟེར་གྱི་སེམས་ཅན་གྱི་ཉོན་མོངས་པ་གཏི་མུག་ལ་སོགས་པ་དག་པར་བྱས་ནས་ཡང་དག་པའི་དོན་དང་ལྡན་པར་བྱས་ཏེ། སླར་འདུས་པས་མཚན་གྱི་སྔགས་བརྒྱད་ཅུ་རྩ་དྲུག་ཡོད་པ་རིགས་ལྔར་ཕྱེ་ཏེ་ཕྱོགས་བཞི་ནས་དཀྱིལ་འཁོར་གྱི་ལྷ་ལ་ཐིམ་པར་བྱའོ
དེ་ནས་རྣམ་པར་སྣང་མཛད་ཆེན་པོར་མི་སྣང་བར་བྱ་སྟེ། དབུས་ཀྱི་གདན་ལ་ཡི་གེ་ཨ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ལ། ཞལ་གཅིག་ཕྱག་གཉིས་པ་དབུ་ལ་རལ་པ་གྱེན་དུ་འཁྱིལ་པ་རྒྱན་མི་མངའ་བ་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱར
མཛད་པ་བསྒོམ་མོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིརྩིབས་དཀར་པོ་བཅུ་ལ། ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟཱ་ཡ་ཏེ་ན་མཔའི་རིགས་ཀྱི་འཇམ་དཔལ་དཀར་པོ་ཕྱག་གཡས་ན་རལ་གྲི་གཡོན་ན་འཁོར་ལོ་བསྣམས་པ་ཟུར་ཕུད་ལྔ་དང་ལྡན་པ། གཞོན་ནུ་རྒྱན་གྱིས་བརྒྱན་པར་བསྒོམ་མོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་བསྒོམ། དེ་ལ་འོད་འཕྲོས་པས
གོང་མའི་རིམ་པ་དང་འདྲ་བ་རྣམ་པར་སྣང་མཛད་འཕྲོས་པས་སེམས་ཅན་གྱི་ཉོན་མོངས་པའི་གཏི་མུག་དག་པར་བྱས་ཏེ། སླར་རིམ་པར་འདུས་པས་ཡི་གེ་ཨ་ལ་ཐིམ་སྟེ། མཚན་གྱི་སྔགས་ནི་སངས་རྒྱས་རྣམ་པར་སྣང་མཛད་ཆེ། ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ
ཞགས་པ་ཆེ་ཞེས་པའི་བར་དུ་བཀླག་པར་བྱའོ། །དེ་ནས་སྔགས་བརྗོད་ཙམ་ན་སྔགས་ལས་འོད་ཟེར་དཀར་པོ་རྣམ་པར་སྣང་མཛད་མེད་པོས་སྤྲོས་པས། སེམས་ཅན་ཀུན་དེ་བཞིན་གཤེགས་པའི་རིགས་སུ་སངས་རྒྱས་པར་བྱ་སྟེ། སླར་འདུས་ལས་མཚན
གྱི་སྔགས་བརྒྱད་ཅུ་རྩ་གཅིག་ཡོད་པ་རིགས་ལྔར་ཕྱེ་སྟེ། སུམ་ཅུ་རྩ་བདུན་དེ་བཞིན་གཤེགས་པའི་རིགས་ལ་ཐིམ། རིགས་བཞིའི་སྐུ་ཕྱག་རྒྱ་སུམ་ཅུ་རྩ་དྲུག་ཐིམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་བསྡུས་ཏེ་ཤར་དུ་བཀོད་ནས། དབུས་ཀྱི་ཡི་གེ
ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྒྱན་མི་མངའ་བ་རལ་པའི་དབུ་རྒྱན་ཅན་ཕྱག་གཡས་པས་ས་གནོན་པ་བདུད་དང་བགེགས་ཀྱི་མི་བསྐྱོད་པའི་བརྟགས། ཕྱག་གཡོན་ཐུགས་ཀར་ཏིང་ངེ་འཛིན་གྱི་ཚུལ་དུ་བཞུགས་པ། དེའི་ཐུགས
ཀ་ཨར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་དྷཱིཡིག་འབྲུ་རེ་རེ་དགོད། ཕྱི་མ་གོང་མ་དང་མཐུན་པར་བྱ། དབུས་ཀྱི་ལྟེ་བའི་ཡི་གེ་ཧཱུཾ་ལས་བསྐྱེད་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྡུག་བསྔལ་གཅོད་པ་ཞེས་བྱ་བ་སྐུ་མདོག་སྔོན་པོ་རྒྱན་གོང་དང་འདྲ་བ། ཕྱག་གཡས་རལ་གྲི། གཡོན་རྡོ་རྗེ་བསྣམས
པ། ཐུགས་ཀར་ཟླ་བ་ལ་ཧཱུཾ་སྔོན་པོ་བསྒོམ་མོ། །དེ་ལས་འོད་ཟེར་རིམ་པར་ཕྱིར་འཕྲོས་པས་མི་བསྐྱོད་པ་ཁྲོ་བོའི་རིགས་ཀྱི་འོད་འཕྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དག་པར་བྱས་ཏེ། སླར་འདུས་པ་ལས་ཡི་གེ་ཧཱུཾ་ལས་ཐིམ་པར་བྱས་ལ་མཚན་གྱི
སྔགས་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ཅེས་པ་ནས་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པའི་བར་དུ་བཀླག་པར་བྱའོ། །འོད་ཟེར་སྔོན་པོ་ཁྲོ་བོར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ནས། སླར་འདུས་པ་ལས་མཚན་གྱི་སྔགས་བདུན་ཅུ་རྩ་གཉིས
ཡོད་པ་རིགས་ལྔར་བསྒོམས་ལ། ཕྱོགས་བཞི་ནས་དཀྱིལ་འཁོར་གྱི་ལྷ་ལ་ཐིམ་པར་བྱའོ། །དེ་ནས་མི་བསྐྱོད་པ་སླར་བསྡུས་ཏེ། རང་གི་གདན་ལ་བཀོད་ནས་རྣམ་པར་སྣང་མཛད་ནུབ་ཀྱི་གདན་ལ་བཀོད་དེ། དབུས་ཀྱི་གཙོ་བོ
ལ་ཧྲི་ལས་སྣང་བ་མཛའ་ཡས་བསྐྱེད། སྐུ་མདོག་དམར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལས་མི་གཡོ་བའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་བསྒོམ་མོ། །དེའི་ཐུགས་ཀར་དྷཱིརབ་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དམར་པོ། ཨོཾ་བཛྲ་ཏཱིཀྵྞཱ་ཡ་ཏེ་ན་མཔདྨ་ཐུགས་ཀར་བསྣམས་པ། ཐུགས་ཀར་ཟླ་བའི་གདན་ལ་ཧྲིནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ་ཡན་ཆོད་བརྗོད། འོད་ཟེར་དམར་པོ་སྤྲོ་བར་བྱའོ། །སླར་འདུས་པ་ལས་མཚན་གྱི་སྔགས་ནི་ཉིས་བརྒྱ་བདུན་ཅུ་རྩ་ལྔར་བགོས་ཏེ། དཀྱིལ་འཁོར་ལ་ཐིམ་པར་བྱས་ཏེ། དེ་ནས་སྣང་བ་མཛའ་ཡས་རང་གི་གནས་ལ
བཞུགས་ནས། རྣམ་སྣང་ལྷོར་བཀོད་དེ། དབུས་ཀྱི་གཙོ་བོ་ཡི་གེ་ཨ་ལས་བསྐྱེད་པ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཕྱག་རྒྱ་ནི་མཆོག་སྦྱིན་མཛད་པར་བསྒོམ། དེའི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་རྩིབས་བརྒྱད
པ། ཨོཾ་བཱ་གཱི་ཤཱ་རྭ་ཡ་ཏེ་ན་མབ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ། དེ་ལས་རིན་ཆེན་འབྱུང་ལྡན་སྤྲོ། སླར་འདུས་ཡི་གེ་ཨོཾ་ལ་ཐིམ། མཚན་གྱི་སྔགས་འདོད་པའི་དོན་གྲུབ་དམ་པ་སྟེ། ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཞེས་པའི་བར་གྱི་སྔགས་བརྗོད་ནས། འོད
ཟེར་སེར་པོ་འཕྲོས་ཏེ་སེམས་ཅན་གྱི་དོན་བྱས། སླར་འདུད་པས་མཚན་གྱི་སྔགས་བརྒྱ་རྩ་ལྔ་རིགས་ལྔར་བགོས་ཏེ། དཀྱིལ་འཁོར་གྱི་ལྷ་ལ་ཐིམ་པར་བྱའོ། །དེ་ནས་རིན་ཆེན་འབྱུང་ལྡན་རང་གི་གནས་སུ་བཀོད་ནས། རྣམ་པར་སྣང་མཛད་བྱང་གི་གདན་ལ་བཀོད་དེ། དབུས་སུ
གཙོ་བོ་ཡི་གེ་ཨ་ལས་བསྐྱེད་པ། དོན་ཡོད་གྲུབ་པ་སྐུ་མདོག་སྣ་ཚོགས་ཏེ་ལྗང་གུ་།ཕྱག་གཉིས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། དེའི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ། །ལྗང་གུ་རྩིབས་བརྒྱད་པ། ཨོཾ་ཛྙཱ་ན་ཀཱ་ཡཱ
ཡ་ཨ་ཏེ་ན་མཀར་འཕྱར་བ། དེའི་ཐུགས་ཀ་ན་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨ་དེ་ལས་དོན་ཡོད་གྲུབ་པ་ཁོ་ནས་སེམས་ཅན་གྱི་དོན་གྱི་དོན་བྱས། སླར་རིམ་པ་འདུས་པས་ཡི་གེ་ཨ་ལ་ཐིམ་པར་བྱ། དེ་ནས་མཚན་གྱི་སྔགས་སངས་རྒྱས་ཀུན་གྱི་རྟོགས་བྱ་བ་ཞེས་པ་ནས། འཇམ་དཔལ
དཔལ་དང་ལྡན་པའི་མཆོག་ཅེས་པ་ཡན་ཆད་བཀླག་གོ་། ཡིག་འབྲུ་ལས་འོད་ལྗང་གུ་འཕྲོས་པས་སེམས་ཅན་གྱི་དོན་བྱས་སླར་འདུས་པ་ལས་མཚན་གྱི་སྔགས་དགུ་བཅུ་རྩ་ལྔ་རིགས་ལྔར་བགོས་ཏེ། དཀྱིལ་འཁོར་ལ་ཐིམ་པར་བྱའོ། །དེ་ནས་དོན་ཡོད་གྲུབ་པ་རང་གི
གནས་སུ་དགོད་དེ། རྣམ་པར་སྣང་མཛད་མི་སྣང་བར་གྱུར་ནས། དབུས་ཀྱི་གཙོ་བོ་ཡི་གེ་ཨ་ལས་བྱང་ཆུབ་སེམས་རྡོ་རྗེ་བསྐྱེད་དེ། སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས་པ། རིགས་ལྔའི་དབུ་རྒྱན་ཅན་བསྒོམ། དེའི་ཐུགས་ཀར་གོང་མ་བཞིན་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས
རབ་འཁོར་ལོ་རྩིབས་དགུ་པ། ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མདཀར་པོ་གཡོན་པས་གླེགས་བམ་བསྣམས་ནས་ཐུགས་ཀར་བཞག་པ་གཡས་པ་རལ་གྲི་འཕྱར་བ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨ་བསྒོམས་ནས། དེ་ལས་རྡོ་རྗེ་སེམས་དཔའ་སྤྲོ་བར་བྱ། སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱ
སྟེ། སླར་འདུས་པས་ཐུགས་ཀའི་ཨ་ལ་ཐིམ་པར་བྱས་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཚིགས་གཅད་བརྗོད་པ་ཡིན་ཏ། རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ཆེན་པོ་དབྱེར་མེད་པའི་ཕྱིར་རོ། །འདི་ནི་སྤྱིའི་རྣལ་འབྱོར་ཡིན་པས་འདི་ལྟར་བརྗོད་པར་བྱའོ
རིགས་དྲུག་ལྷ་རེ་རང་གི་ཡི་དམ་བྱེད་པའི་ཚེ་བསྒོམས་ནས་བརྗོད་པར་བྱའོ། །མཚན་ཡང་དག་པར་བརྗོད་པའི་བཀླག་པའི་སྒོམ་ཁོག་།སློབ་དཔོན་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ
སཾ་གཱི་ཏི་ན་མ་ཧོ་མ་ཀྲ་མ།
CLOSE WINDOW