CLOSE WINDOW

N2169: འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག
Wyliee-texts based on the ACIP/ALL Input

དེ་ལྟར་ལེགས་པར་བྲིས་ནས་དཀྱིལ་འཁོར་གྱི་ལྷའི་སྣང་བ་ཐོབ་པ་དང། སྐལ་བ་དང་མཐུན་པའི་མེ་ཏོག་གིས་སྙིང་པོ་བཀང་བའི་སློབ་མ་དེར་བཅུག་ལ་ལྷ་རྣམས་བསྟན་ཅིང་དབང་བསྐུར་ནས། དེ་ནས་ཡོན་གྱི་མཆོག བླངས་ཏེ་དཀྱིལ་འཁོར་ལ་ཕུལ་ལ་ལྷག་མ་རྡོ་རྗེ་སློབ་དཔོན་གྱིས་ལོངས་སྤྱད་པར་བྱའོ། །འདོད་ཆགས་སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར་ཆོ་ག་གསུངས་པ་ལ། དགེ་བ་བསགས་པར་གྱུར་པ་དེས། །སྣང་བ་མཛའ་ཡས་ཉིད་དུ་ཤོག་།སྣང་བ་མཛའ་ ཡས་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་། །འདོད་ཆགས་སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར་ཆོ་ག་གསུངས་པ་ལ། དགེ་བ་བསགས་པར་གྱུར་པ་དེས། །སྣང་བ་མཛའ་ཡས་ཉིད་དུ་ཤོག་།སྣང་བ་མཛའ་ ཡས་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉོན་མོངས་ནད་ཀྱིས་གཟིར་བའི་འགྲོ་བ་ལ། །ཟུག་རྔུ་འབྱིན་མཛད་སྨན་པའི་རྒྱལ་པོ་མཆོག་།འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཏུད་ནས། །རིན་ཆེན རིགས་ཀྱི་དཀྱིལ་འཁོར་ཆོ་ག་བཤད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉོན་མོངས་ནད་ཀྱིས་གཟིར་བའི་འགྲོ་བ་ལ། །ཟུག་རྔུ་འབྱིན་མཛད་སྨན་པའི་རྒྱལ་པོ་མཆོག་།འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཏུད་ནས། །རིན་ཆེན རིགས་ཀྱི་དཀྱིལ་འཁོར་ཆོ་ག་བཤད། །དེ་ལ་འདིར་སེར་སྣའི་གཉེན་པོར་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་བྱེད་པར་འདོད་པས། ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པའི་སྐྱེས་བུ་དབང་བསྐུར་བ་ཐོབ་པས་རི་བོ་འམ་ཆུ་ཀླུང་དུ་འབྱོར་པ་དང་ལྡན་པར་བྱས་ཏེ། དུས ཚོད་བཟང་པོ་ལ་བསྙེན་པའི་ཁང་པར་ཞུགས་ལ་ཤེས་རབ་དང་སྙིང་རྗེ་དང་ལྡན་པའི་བློས་བསྐྱེད་དེ། །དེ་ལ་འདིར་སེར་སྣའི་གཉེན་པོར་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་བྱེད་པར་འདོད་པས། ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པའི་སྐྱེས་བུ་དབང་བསྐུར་བ་ཐོབ་པས་རི་བོ་འམ་ཆུ་ཀླུང་དུ་འབྱོར་པ་དང་ལྡན་པར་བྱས་ཏེ། དུས ཚོད་བཟང་པོ་ལ་བསྙེན་པའི་ཁང་པར་ཞུགས་ལ་ཤེས་རབ་དང་སྙིང་རྗེ་དང་ལྡན་པའི་བློས་བསྐྱེད་དེ། གདན་འབོལ་བ་ལ་འདུག་ཅིང་འདུན་པའི་བྱ་བ་བྱས་ནས་དེ་མ་ཐག་ཏུ་མ་རུངས་པ་འདུལ་བའི་རྒྱལ་པོ་དྲན་པར་བྱས་ལ་བར་མཆོད་བསལ་ཏེ། ནམ་མཁའ་ཨི་དབྱིངས་སུ དཀྱིལ་འཁོར་ལ་བལྟས་ལ། གདན་འབོལ་བ་ལ་འདུག་ཅིང་འདུན་པའི་བྱ་བ་བྱས་ནས་དེ་མ་ཐག་ཏུ་མ་རུངས་པ་འདུལ་བའི་རྒྱལ་པོ་དྲན་པར་བྱས་ལ་བར་མཆོད་བསལ་ཏེ། ནམ་མཁའ་ཨི་དབྱིངས་སུ དཀྱིལ་འཁོར་ལ་བལྟས་ལ། དེའི་མདུན་དུ་ལུས་ངག་གི་དྲི་མ་བསལ་ལ་སེམས་བསྐྱེད་ཅིང་སྡོམ་པ་བླངས་ནས་སྟོང་པ་ཉིད་དྲན་པའི་དབྱིངས་སུ་སྐར་མ་ལྟ་བུའི་ཡི་གེའི་ཕྲེང་བ་བལྟས་ཏེ། དེ་ལས་བྱུང་བའི་ཁང་པ་དང། གཞིའི་སངས་རྒྱས་རིན་ཆེན་འབྱུང་ལྡན བསྐྱེད་པ་དང། དེའི་མདུན་དུ་ལུས་ངག་གི་དྲི་མ་བསལ་ལ་སེམས་བསྐྱེད་ཅིང་སྡོམ་པ་བླངས་ནས་སྟོང་པ་ཉིད་དྲན་པའི་དབྱིངས་སུ་སྐར་མ་ལྟ་བུའི་ཡི་གེའི་ཕྲེང་བ་བལྟས་ཏེ། དེ་ལས་བྱུང་བའི་ཁང་པ་དང། གཞིའི་སངས་རྒྱས་རིན་ཆེན་འབྱུང་ལྡན བསྐྱེད་པ་དང། སྦྱོར་བ་དང་པོ་དང། དེ་དང་མཐུན་པའི་སེམས་དཔའ་ཨི་བསྒོམ་པ་ནི་ཨ་ལས་ངེས་པར་བྱུང་བའི་དཀྱིལ་འཁོར་རྒྱལ་མཆོག་དང། དེ་རྣམས་ཀྱི་མཚན་བརྗོད་པའི་བྱིན་རླབས་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་སྤྲོ་བའི་ལས་རྒྱལ་མཆོག་བསྒོམ་པར་བྱའོ། །དེ ལྟར་དཀྱིལ་འཁོར་ལ་ཉེ་བར་གྱུར་ནས་གཞན་དོན་དུ་ཐུགས་རྗེ་ཤར་ཏེ། སྦྱོར་བ་དང་པོ་དང། དེ་དང་མཐུན་པའི་སེམས་དཔའ་ཨི་བསྒོམ་པ་ནི་ཨ་ལས་ངེས་པར་བྱུང་བའི་དཀྱིལ་འཁོར་རྒྱལ་མཆོག་དང། དེ་རྣམས་ཀྱི་མཚན་བརྗོད་པའི་བྱིན་རླབས་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་སྤྲོ་བའི་ལས་རྒྱལ་མཆོག་བསྒོམ་པར་བྱའོ། །དེ ལྟར་དཀྱིལ་འཁོར་ལ་ཉེ་བར་གྱུར་ནས་གཞན་དོན་དུ་ཐུགས་རྗེ་ཤར་ཏེ། དཀྱིལ་འཁོར་བར་ཆད་མེད་པའི་གནས་སུ་བྱས་ལ། རྡུལ་ཚོན་ཡེ་ཤེས་ཀྱི་རང་བཞིན་དུ་མོས་ལ། ལྷ་དགོད་པ་ནི་གཞིའི་སངས་རྒྱས་གཙོ་བོ་རིན་ཆེན་འབྱུང་ལྡན་ལས་དང། དེ་དང་ཆ་མཐུན་པའི སེམས་དཔའ་བཞི་དང། དཀྱིལ་འཁོར་བར་ཆད་མེད་པའི་གནས་སུ་བྱས་ལ། རྡུལ་ཚོན་ཡེ་ཤེས་ཀྱི་རང་བཞིན་དུ་མོས་ལ། ལྷ་དགོད་པ་ནི་གཞིའི་སངས་རྒྱས་གཙོ་བོ་རིན་ཆེན་འབྱུང་ལྡན་ལས་དང། དེ་དང་ཆ་མཐུན་པའི སེམས་དཔའ་བཞི་དང། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་བསྐོར་བ་བཀོད་ལ། ཁྱམས་སུ་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་དགོད། སྒོ་མ་བཞི་སྒོ་བཞིར་བྲིས་ཏེ། ལེགས་པར་ཟིན་པ་དང་མཆོད་པ་ཡང་རྒྱས་པར་ཕུལ་ཏེ། བསྟོད་ནས་བུཾ པ་གཞུག་ཅིང་ལྷ་རྣམས་དབང་བསྐུར་བས་བདག་ཉིད་བསྒྲུབས་ལ། གཞན་གྱི་དོན་དུ་སློབ་མ་མེ་ཏོག་ཐོགས་པས་སྡོམ་པ་འཛིན་པར་ནུས་པ་ལ་དཀྱིལ་འཁོར་བསྟན་ཏེ། དེ་ནས་དབང་བསྐུར་ནས་སླར་ཡང་དཀྱིལ་འཁོར་ལ་མཆོད་དེ། བཟོད་པར་གསོལ ཞིང་བཤགས་པ་བྱ་བ་དང། ལྷ་རྣམས་བསྡུ་ཞིང་སྤྱོད་ལམ་ཅི་བདེར་བྱའོ། །སེར་སྣ་རྣམ་དག་རིན་ཆེན་འབྱུང། །དཀྱིལ་འཁོར་ཆོ་ག་བསྡུས་པ་ལས། །དགེ་བ་བསགས་པར་གང་གྱུར་པས། །རིན་ཆེན་འབྱུང་ལྡན་ཉིད་ཐོབ་ཤོག་།སློབ་དཔོན་ཆེན་པོ་འཇམ དཔལ་བཤེས་གཉེན་གྱིས་མཛད་པ། རིན་ཆེན་འབྱུང་ལྡན་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །། *། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བི་དྷི་མཎྜ་ལ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུག་གསུམ་ཞེན་པའི་འཁོར་བའི་གཅོད་རྙིང་ལ། །འཚོ་བྱེད་སྨན་པའི་རྒྱལ་པོ་ལས་ཀྱི་མཆོག་།ཡེ་ཤེས་སྐུ་ཅན་འཇམ་དཔལ་དེ་བཏུད་ནས། །ལས ཀྱི་རིགས་ཀྱི་དཀྱིལ་འཁོར་ཆོ་ག་བཤད།

CLOSE WINDOW