CLOSE WINDOW

N2150: བྱ་བ་བསྡུས་པ་ཞེ་བྱ་བ
Wyliee-texts based on the ACIP/ALL Input

། །བྱ་བསྡུས་པ་ཞེས་བྱ་བ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཀྲི་ཡ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། བྱ་བ་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འགྲོ་མགོན་རྡོ་རྗེ་སེམས་བཏུད་ནས། །སློབ་མ་དམ་པས བསྐུལ་དབང་ལས། །བཞུང་ཆེན་དམ་པའི་མན་ངག་ལས། །འདི་ནི་བདག་གིས་བརྩམ་པར་བྱ། །བསྙེན་པ་ལ་སོགས་ས་སྤྱང་བ་ནི་ཡོངས་སུ་གཟུང་བ་དང། །རྩིག་རྨང་ཡང་དག་གཞན་དང་ཤིང་གི་ལས་རྣམས་དང། །ལྷ་ནི་རབ་ཏུ་གནས་དང་དེ་བཞིན་གཎྜི དང། །རྒྱལ་མཚན་གཟུགས་དང་དེ་བཞིན་བྱ་བའི་ལྷག་རྣམས་ལ། །བླ་མ་སློབ་མ་བརྟག་པ་དང། །བླ་མ་གསོལ་བཏབ་དེ་ནས་ནོ། །བླ་མས་སྔགས་དང་བསྙེན་པ་བྱ། །དེ་ནས་ས་ནི་ཡོངས་སུ་རྟག་།དེ་ལ་གཙུག་ལག་ཁང་ལ་སོགས་པ་བཞེངས་པར་འདོད་པའི སྦྱིན་བདག་གི་དང་པོ་སློབ་དཔོན་ཡོངས་སུ་བརྟག་པར་བྱ་སྟེ། གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་བྲལ་བ་དང། གཞན་གྱི་ཚུལ་འགྱེད་པ་དང། སེམས་ཅན་རྣམས་ལ་ཞེ་སྡང་དང། །ངས་ཤེས་ཀྱིས་ཁེངས་པ་དང། ཤིན་ཏུ་ཆགས་པ་དང། ཤིན ཏུ་མྱོས་ཤིང་བག་མེད་པ་དང། བདག་ལ་བསྟོད་པ་དང། གཞན་གྱི་སྐྱོན་བརྗོད་པའི་སློབ་དཔོན་དེ་ཡོངས་སུ་སྤང་བར་བྱའོ། །བླ་མས་ཀྱང་རྣམ་པ་དེ་ལྟ་བུའི་སློབ་མ་ཡོངས་སུ་སྤང་བར་བྱའོ། །གང་ཡང་དད་དང་ཤེས་རབ་སྙིང་རྗེར་ལྡན་པ་དང། །ཁྲོ མེད་བརྩོན་འགྲུས་ལྡན་ཞིང་སེམས་ཅན་སླུ་བ་ཡང། །རྣམ་པ་དེ་བཞིན་རིགས་པར་བླ་མས་ཡོངས་སུ་བརྟག་།དེ་ལའང་སློབ་མའི་རྗེས་སུ་མཐུན་པར་བླ་མས་བསྒྲུབ། །གང་ཡང་དད་པ་དང་ཤེས་རབ་དང་བརྩེ་བ་དང་ལྡན་པ་དང། ལུང་དུ་སྟོན པ་དང། སྙན་ངག་དང་སྡེབ་སྦྱོར་གྱི་བཀོད་པ་དང། རྩིས་ཀྱི་བསྟན་བཅོས་རབ་ཏུ་རིག་པ་གཏམ་བརྗོད་པ་ལ་རབ་ཏུ་མཁས་པ་སྣ་ཚོགས་པའི་རི་མོ་དང། སྣ་ཚོགས་པའི་ཡུལ་སྐད་དང། རིན་པོ་ཆེ་དང་གསེར་དང་སྐྱེས་པ་དང་བུད་མེད་དང་གླང པོ་ཆེ་དང་རྟ་རྣམས་ཀྱི་མཚན་ཉིད་ཡང་དག་པར་རིག་པ་དང། སྤོས་སྦྱོར་དང་གླུ་དང་རོལ་མོ་དང་སྣ་ཚོགས་པའི་མཚོན་ཆ་དང་སྨན་དང་མིག་འཕྲུལ་དང། ཁམས་སྨྲ་བ་དང་ཚད་ཀྱི་བསྟན་བཅོས་ཤེས་པ་དང། གླུ་ལ་སོགས་པ་ལ་མཁས་པ་དང། སེན་མོ་བྲེག་པ་ལ་སོགས་པའི་གཟོ་རིག་པ་དང། འདོད་པའི་བསྟན་བཅོས་དང། ཤེས་རབ་དང་ནུས་པར་ལྡན་པ། མཁས་ཤིང་སྨྲ་བའི་སྤོབས་པ་ཅན་སྒྲུབ་པ་དང་ལྡན་པ་རྟག་ཏུ་སྤྲོ་ཞིང་ཉོན་མོངས་པ་བཟོད་པ། བླ་མ་དང་རྣལ་འབྱོར་མ་དང་དམ་ཚིག་དང་དཀོན མཆོག་གསུམ་ལ་སོགས་པ་རྣམས་ལ་གུས་པ་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ཆགས་ཤིང་འཇིགས་པ་དང། སྐྱུག་བྲོ་བ་དང་འཚེར་ངོ་དང་བྲལ་བའོ། །རབ་ཏུ་གནས་པའི་དཀྱིལ་འཁོར་འབྲི་བ་དང་ལས་སྣ་ཚོགས་བསྐྱང་བ་ལ་མཁས་པ། བླ་མའི་བཀའ་མཆོག་ཏུ ཡོངས་སུ་སྐྱོང་བ་དེ་བླ་མའི་བཀའ་དང་བདེ་གཤེགས་བཀའ་ལ་འདས་པ་དང། སྤུན་ལ་ཁྲོ་དང་ཉེས་བ་སྒྲོགས་པ་དང། །སེམས་ཅན་བྱམས་ལ་སྤངས་དང་བྱང་ཆུབ་སེམས་སྤངས་དང། །དམ་ཆོས་སྨོད་དང་གསང་སྒྲོགས་ཕུང་པོ་ཉོན་མོངས་དང། །ཐེག་ཆེན་ཐེ་ཚོམ་ཟ་དང གདུག་ལ་བྱམས་བ་དང། །བདེ་སྡུག་ཆོས་ལ་རྟོག་ཅིང་དད་ཅན་སེམས་སུན་འབྱིན། །དམ་ཆོས་སྙེད་པ་མི་བསྟེན་བུད་མེད་ཀུན་སྨོད་པ། །རྩ་བའི་ལྟུང་བྲལ་དེ་ནི་སློབ་དཔོན་བཟང་པོ་ཡིན། །རྣམ་པ་དེ་ལྟ་བུའི་ཡོན་ཏན་ཀུན་གྱིས་བརྒྱན་ཅིང་སྐྱོན་ཐམས་ཅད་བྲལ་བས་དཀྱིལ འཁོར་འདྲི་བ་ན། དང་པོར་རྣལ་འབྱོར་བས་དགེ་བའི་ཉི་མ་དང་སྐར་མ་ལ་སོགས་པ་ལ་ཁང་པར་ཞུགས་ཏེ་མདུན་དུ་མཎྜལ་བྱས་ལ། ཇི་ལྟར་ནུས་པའི་ཡོན་ཕུལ་ནས་སྙིམ་པ་ཐལ་མོ་སྦྱར་ཏེ། གསོལ་བ་གདབ་པར་བྱའོ། །སློབ་དཔོན་དགོངས་སུ་གསོལ། བ་དག་དགེ་བསྙེན་ཆེ་གེ་མོ་ཞེས་བགྱི་བ་གཙུག་ལག་ཁང་ལ་སོགས་པ་བཞེངས་པར་འདོད་པས་དེའི་ཕྱིར་བདེ་བར་གཤེགས་པའི་གསུང་རབ་མཛའ་དག་རྟོགས་པ་ཁྱོད་ཀྱིས་བདག་ལ་གནང་བར་མཛོད་ཅིག་ཅེས་པ་འདིས་སློབ་དཔོན་ལ་སྦྱིན་བདག་གིས་ལན གསུམ་དུ་གསོལ་པ་གདབ་པར་བྱའོ། །དེ་ནས་བརྩམས་ནས་སློབ་དཔོན་གྱིས་ཚོགས་བསགས་པའི་ཆེད་དུ་སྔོན་དུ་བསྙེན་པ་བྱའོ། །དེ་སྐད་དུ་ཡང་སྔོན་དུ་བསྙེན་པ་ཚོགས་བསག་དང། །བགེགས་རྣམས་རྣམ་པར་གཞོམ་པར་བྱ། །ཐམས་ཅད་མཁྱེན་པའི་ལམ་ཤེས་ནི། ། བསྙེན་པ་མེད་པས་འགྲུབ་མི་འགྱུར་ཞེས་སོ། །དེ་ནས་འཁོར་ལོའི་གཙོ་བོའི་སྔགས་འབུམ་བཟླས་པ་བྱའོ། །ཡང་ན་རང་གི་ཡི་དམ་ལྷའི་སྔགས་འབུམ་བཟླས་སོ། །དཀྱིལ་འཁོར་པ་རྣམས་ཀྱི་སོ་སོའི་ཁྲི་བཟླས་པ་བྱའོ། །དེ་ལ་དགེ་བའི་ཉི་མ་དང་གཟའ་ལ་སོགས་པ་ལ མཆོད་པ་སྔོན་དུ་འགྲོ་བས་ས་ཡོངས་སུ་བརྟག་པར་བྱའོ། །གལ་ཏེ་མི་འདོད་པའི་ཤིང་ལ་སོགས་པ་དང་ལྡན་པའི་ས་གཞི་ནི་དེ་འདིར་ཡོངས་སུ་སྤང་བར་བྱའོ། །དེ་ནས་ཡང་ས་གཞི་གང་ཞིག་གི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རིམ་པས་ཨ་ཤྭད་ཐ། ཨར ཛུ་ན་དང། བླཀྵ་དང། པ་ལ་ཤ་དང། ནྱ་གྲོ་དྷ་དང། ཤ་མ་ལཱི་དང། བ་ཀུ་ལ་དང། ཨཽ་དུཾ་བ་ར་དང། ཚེར་མ་ཅན་གྱི་ཤིང་རྣམས་ནི་བུ་དང་བུད་མེད་དང། ནོར་རྣམས་རྣམ་པར་བྲལ་བ་དང། དགྲ་ཡི་འཇིགས་པ་དང། ཡོ་བྱད་ཉམས་པ་དང། འཁོར་ཡོངས་སུ ཉམས་པ་དང། སོ་བ་ལ་སོགས་པའི་འབྲུ་རྣམ་པར་ཉམས་པ་སྟེར་བར་འགྱུར་བ་དེ་རྣམས་སྤང་ངོ་ཞེས་ཏེ། དེ་སྐད་དུ་ཡང་དབང་པོར་ནྱ་གྲོ་དྷ་དགོད་ཨཽ་དུཾ་བ་ར་དེ་བཞིན་དུ། །གཤིན་རྗེར་དགོད་ཅིང་ཨ་ཤྭད་ཐ་ནི་ནུབ་ཏུ་དགོད། །བླཀྵ་བྱང་ཕྱོགས་ཤིན་ཏུ་དགེ་མཐར བྱས། །འདི་ནི་ཟློས་པས་ལོག་པར་ཡང་ནི་གནས་པར་འགྱུར་ཞེས་སོ། །ཡང་ས་གཞི་གང་ཞིག་དབྱུག་པ་དང། ཤིང་རྟ་ཐ་ཀོ་ཌ་དང། འཁྲབ་བློ་དང། ལྟོ་འགྲོ་དང། རུས་སྦལ་དང། གཞུ་དང་།མགོ་ཆེ་བ་དང། རྔ་མུར་ཛ་དང། ཟུར་གསུམ་དང། རླུང་ཡབ་ཀྱི་རྣམ་པ དང། ཀྱོག་པོ་དང། འོད་དང་མི་མཉམ་པར་འབབ་པ་དེ་རྣམས་ནི་ངེས་པར་ཕྱུགས་དང། ནོར་དང་འབྲུ་ཟད་པ་དང། མིག་ནད་དང། བཅིང་བས་འཚིར་བ་དང། ཚོམ་རྐུན་དང་མེ་ཡིས་འཇིགས་པའི་ཕྱིར་དང། བུད་མེད་ཉམས་པ་དང། མི་བདག་པོའི་འཇིགས་པ་དང ལོངས་སྤྱོད་ཉམས་པ་དང་དབུལ་པོ་དང། མྱ་ངན་དང། ཉེས་པ་སྟེར་བར་འགྱུར་བ་རྣམས་སོ། །གང་ཡང་མེ་དང་གཤིན་རྗེ་དང། སྲིན་པོ་དང་ཆུ་དང། རླུང་གི་ཕྱོགས་རྣམས་སུ་བོ་བའི་ཉེས་པས་གདུང་བ་དང་འཆི་བ་དང། ནད་དང་དབུལ་བ་དང དགྲ་ཡིས་འཇོམས་པར་འགྱུར་བའི་སའི་རང་བཞིན་རྣམས་སོ། །ཡང་ས་གང་ཁྱི་དང་ཅེ་སྦྱང་དང་རྔ་མོ་རྣམས་དང། སྣོད་བཅོམ་པའི་དགྲ་དང་མི་དགེ་བ་སྟེར་བར་འགྱུར་བ་རྣམས་དང། ཞག་དང་མར་ཁུ་དང། ཚྭ་སྣ་དང། བྱའི་དྲི་མ་དང། མི་འདོད་པའི འབྲས་བུ་སྟེར་བའི་ས་གཞི་རྣམས་དང། གནོད་སྦྱིན་གྱི་གནས་དང། དུར་ཁྲོད་དང། ལྟོས་འགྲོའི་ཚད་ནག་པོའི་ས་རྣམས་སྤང་བར་བྱའོ། །གང་དུ་ཀླུའི་མཚོ་དང། ལྷ་མ་ཡིན་ལ་སོགས་པའི་གནས་དང། ལྷའི་གནས་རྣམས་ཡོད་པའི་ས་གཞི་དེ་ཡང་མི དགེ་བའོ། །གང་ཡང་ཕྱོགས་དང་ཕྱོགས་མཚམས་གང་དང་གང་ལ་ཡང་ཚེར་མའི་ཤིང་དང། འཁྲི་ཤིང་དང། ཚང་ཚིང་དང། ཤིང་གླ་སྐམས་ཡོད་པའི་ས་གཞི་དེ་ཡང་མི་ཤིས་པའོ་ཞེས་སོ། །དེ་ནས་དགེ་བའི་མཚན་ཉིད་རྣམས་ནི་ས་གང་ཞིག་དགའ་བ དང། སྟན་བཟང་པོ་དང། ཡངས་པ་དང། ཟླུམ་པོ་དང། གྲུ་བཞི་རྣམས་སོ། །དེ་རྣམས་ནི་བྱ་བའི་དོན་དངོས་གྲུབ་རབ་ཏུ་སྟེར་བ་དང། བློ་གྲོས་འཕེལ་བ་དང། ནོར་དང་འབྲུ་རྣམས་འཕེལ་བར་འགྱུར་རོ། །ཡང་གང་ལ་ཤར་དང། བྱང་དང་དབང་ལྡན་གྱི་ཕྱོགས རྣམས་གཞོལ་བར་གྱུར་པ་དེ་ནི་དཔལ་དང་བདེ་བར་བྱེད་པར་འགྱུར་རོ། །གང་ལ་ཡང་རོ་ལྡན་བྱང་ཕྱོགས་ཀྱི་ཆ་ལ་རྫིད་བུ་མཆོག་ལ་མེ་ཏོག་དཀར་པོ་དང་དམར་པོ་དང་པདྨའི་ཚོགས་ཀྱིས་བརྒྱན་པ། ཨཽཏཔལ་སྔོན་པོ་ཤིན་ཏུ་མང་པོ་དང་ཀུ་མུ་ཏ་དང། དྲི བཟང་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་འཁྲིགས་པ། །བྱད་པར་དུ་འཕགས་པ་སྣ་ཚོགས་པའི་བྱའི་ཚོགས་ཀྱིས་གང་བ་ཉ་དང་རུ་སྦལ་ལ་སོགས་པས་ཡོངས་སུ་གང་བ། རྟག་ཏུ་རྩཝ་སྔོན་པོ་ལྡན་པའོ་ཞེས་སོ། །ཤར་ཕྱོགས་ཀྱི་ཆ་ལ་ཨ་མྲ་དང། ཛཾ་བུ་དང། ཀ་དམ་པའི་ལྗོན་ཤིང་ཡོད་པའོ། །དེ་ལ་དེ་བཞིན་དུ་བར་དུ་ཛ་བཱ་བན་ཏུ་ཀཱ་མ་ལ་སོགས་པ་མེ་ཏོག་ཤིང་ཇི་སྙེད་བ་ཞེས་སོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་སྐྱེ་བུ་ནཱ་ག་དང། ནཱ་ག་གེ་ཤར་དང། བ་རི་དྷཱ་ཏ་དང། ཙམ་པ་ཀ་དང། ཨ་ཤོ་ཀ་དང། ཁྱད་པར དུ་བ་ཀུ་ལའི་ཤིང་ཡོད་པའོ། །དེའི་བར་དུ་ཛཱ་ཏི་དང། ཀུ་མུ་ཏ་དང། སྣ་མ་དང། དྲི་བཟང་པོའི་ཤིང་རྣམས་སོ། །མེ་ཏོག་དཀར་པོའི་ཤིང་ཇི་སྙེད་པ་རྣམས་རབ་ཏུ་ཤེས་སོ། །དེ་བཞིན་དུ་ནུབ་ཕྱོགས་སུ་ཨ་ཤྭད་ཐ་དད། ཨཽ་དུཾ་བ་ར་དང། བ་ཀུ་ལ་དང། བ་ཀུ་ལ་དང། བ་ན་སའི ཤའི་རྣམས་ཡོད་པ་འོ་མ་ཅན་གྱི་ཤིང་ཇི་སྙེད་པ་དེ་རྣམས་ཐམས་ཅད་ནུབ་ཀྱི་ཕྱོགས་སུ་རབ་ཏུ་ཤིས་སོ། །དེའི་བར་དུ་མེ་ཏོག་ནག་པོའི་ཤིང་རྣམས་ཤིས་སོ། །གཞན་ཡང་སྤྱིར་པི་ཝང་དང། གླིང་བུ་དང། ཁྱུ་མཆོག་དང། རྔའི་སྒྲ་དང་ལྡན་པ་ནི་ཕུན་སུམ ཚོགས་པར་བྱེད་པའི་ས་གཞིའོ། །བྱེ་བྲག་ཏུ་རིགས་དང་མཐུན་པ་སྣ་ཚོགས་པས་གང་བ་བཟུང་ངོ། །འདི་ལྟ་སྟེ། ཁ་དོག་དཀར་པོ་དང། ཞོ་དང། འོ་མ་དང། མར་ལ་སོགས་པ་དྲི་ཞིམ་པོ་དང། རོ་མངར་བ་རྣམས་ནི་བྲམ་ཟེ་རྣམས་ཀྱི་འོས་སོ། །ཁ་དོག་དམར་བ དང། སྣ་མའི་མེ་ཏོག་དང། པདྨ་དང། ཨཽཏཔལ་དང། ཙམ་པ་ཀ་དང། ནཱ་ག་གེ་ཤར་ལ་སོགས་པའི་དྲི་རྣམས་དང། རོ་བསྐབ་ནི་རྒྱལ་རིགས་རྣམས་ཀྱིའོ། །ཁ་དོག་སེར་པོ་དང་ཆད་དང་གླང་པོའི་ཆང་གི་དྲི་རྣམས་དང་རོ་སྐྱུར་བ་ནི་རྗེ་རིགས་རྣམས་ཀྱིའོ། །ཁ་དོག ནག་པོ་དང་དྲི་མེད་པ་དང་རོ་ཚ་བ་དང། ཁ་བ་ནི་དམངས་རིགས་རྣམས་ཀྱིའོ། །ས་ཁྲུ་གང་ཚད་ཙམ་བརྐོས་ནས་དེ་ཡིས་དེ་བཞིན་དུ་དགང་བར་བྱ་སྟེ། དམའ་བ་དང་ལྷག་པ་དང་མཉམ་པ་གང་དུ་གནས་པ་དེའི་དམན་པ་དང་མཆོག་དང་བར་མ་རྣམས་སོ། །ཡང ན་ཁྲུ་དོའི་ཚད་གྲུ་བཞིང་དོང་བརྐོས་ཏེ་དེའི་དབུས་སུ་མཎྜལ་བྱས་ནས་ཤར་གྱི་ཕྱོགས་སུ་མེ་ཏོག་དཀར་པོ་གཞག་པར་བྱའོ། །དེ་བཞིན་དུ་ནུབ་དང་བྱང་དང་གཤིན་རྗེའི་ཕྱོགས་སུ་དམར་པོ་དང་སེར་པོ་དང་སྔོན་པོའི་མེ་ཏོག་རྣམས་གཞག་པར་བྱ་སྟེ། གང མ་བསྐམས་པ་དེ་ནི་དེའི་འོས་སུ་འགྱུར་རོ། །དེ་ལ་དེ་བཞིན་དུ་དོང་དེའི་ཤར་ལ་སོགས་པའི་ཕྱོགས་སུ་བུམ་པ་སོ་མ་བཏང་བའི་སྟེང་དུ་སོ་བཏང་བའི་ཁམ་པོར་རྣམས་སུ་དཀར་པོ་ལ་སོགས་པའི་རིམ་པས་བའི་མར་གྱི་མེ་རབ་ཏུ་སྤང་ནས་ཡོངས སུ་བརྟག་པར་བྱའོ། །དེ་ལ་དཀར་པོ་ལ་སོགས་པའི་རིམ་པས་གང་རབ་ཏུ་འབར་བ་དེའི་ས་དེ་བྲམ་ཟེ་ལ་སོགས་པ་རྣམས་ཀྱི་འོས་སོ། །དེ་བཞིན་དུ་དམར་པོ་དང་སེར་པོ་དང་ནག་པོ་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས ཀྱི་དེའི་ས་གཞིར་འགྱུར་རོ། །དེ་བཞིན་དུ་ཀུ་ཤ་དང་ཤར་དང་ཨཽ་ཤི་དང་བླུར་བ་རྣམས་གང་མང་པའི་ས་ནི་གོ་རིམས་བཞིན་དུ་བྲམ་ཟེ་ལ་སོགས་པ་རྣམས་ཀྱི་འོས་སོ། །ཁ་ཅིག་གི་འདོད་པས་བྱང་ན་གཙང་པོ་ཆེན་པོ་འབབ་པའི་འགྲམ་དུའོ་ཞེས་སོ། །ཁ ཅིག་གི་འདོད་པས་ལྷོ་ཕྱོགས་ན་འབབ་པའི་འགྲམ་དུ་གྲོང་ཁྱེར་ལ་སོགས་པའི་གཞིའོ་ཞེས་སོ། །དེ་བཞིན་དུ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་ས་གཞིར་མ་གྱུར་ན་ཇི་ལྟར་རྙེད་པའི་ས་གཞི་རྣམ་པར་སྦྱངས་པས་རང་གི་རིགས་བསྒྲུབ་པར་བྱས ནས་ཡོངས་སུ་གཟུང་པར་བྱའོ། །གང་དུ་གཙུག་ལག་ཁང་ལ་སོགས་པ་བཞེང་བར་འདོད་པའི་ས་ལ། དེའི་དབུས་སུ་ས་གཞི་བའི་ལྕི་བ་ལ་བ་ལང་གི་ཀོ་བའི་ཚད་ཙམ་དུ་གྲུ་བཞི་པའི་མཎྜལ་བྱས་ཏེ་དང་པོའི་ཐུན་ལ་འཁོད་བ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན གྱི་རྣལ་འབྱོར་དང་ལྡན་པས་སློབ་དཔོན་མཉམ་པར་བཞག་སྟེ། དེར་དཀོན་མཆོག་གསུམ་ལ་མཆོད་པ་བྱས་ནས། ཕྱོགས་བཅུན་བཞུགས་པའི་འཇིག་རྟེན་སྐྱོད་བ་ལ་སོགས་པ་རྣམས་ལ་དཔུང་པ་བཟང་པོའི་ཚིགས་སུ་བཅད་པས་མཉེས་པར་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་ལྷ་ལ་སོགས་པ་རྣམས་ལ་གཞི་རྙེད་པ་འདི་སྩལ་དུ་གསོལ་ཞེས་ཚིགས་སུ་བཅད་པ་འདིས་ཞུ་བར་བྱའོ། །ཁམས་གསུམ་ས་གཞི་གང་རྣམས་ལ། །ཆེན་པོའི་ཆེན་པོ་གནས་གྱུར་པ། ། ལྷ་དང་ཀླུ་དང་དྲི་ཟ་དང། །གནོད་སྦྱིན་ལྷ་མ་ཡིན་ལ་སོགས། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཁྱེད་རྣམས་བདག་ལ་གནང་བར་མཛོད། །ས་གཞི་བཟང་པོའི་ཆ་འདི་རུ། །ཕུན་ཚོགས་གཙུག་ལག་ཁར་གྱུར་པ། །གགས་པའི་གཞི་རུ་གྱུར་པ་དང། །ལུས་ཅན་ཀུན་གྱི འཚོ་ཕྱིར་དང། །ཐོས་བསམ་ལ་སོགས་སྤེལ་བ་དང། །དམ་པའི་ཆོས་ནི་རབ་བསྒྲུབ་ཕྱིར། །མཆོད་རྟེན་ལ་སོགས་བཤད་པ་རྣམས། །གང་དང་གང་གི་ཡིད་འདོད་ལ། །འདི་ཡིས་ཉེས་ལེགས་རྣམ་དག་ཕྱིར། །བདག་ནི་ཆེ་གེ་མོ་ཞེས་བགྱི། །སྙན་པའི་གྲགས་པ་བསྐྱེད པར་བྱ། །ཁྱེད་རྣམས་ཀོ་ལོང་མི་འགྱུར་ན། །བདག་ལ་རྨི་ལམ་ལ་སོགས་རྟགས། །དགེ་བའི་ས་གཞི་བདག་ལ་གསོལ། །ཞེས་པ་འདི་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་ལངས་ཏེ་བྱང་ཕྱོགས་སུ་ཕྱིན་ནས་སློབ་དཔོན་ལྟོར་ཞལ་མངོན་པར་ཕྱོགས་ཏེ། མདུན་དུ སའི་རང་བཞིན་གྱི་སྣོད་དུ་ཟླ་བ་ཕྱེད་བའི་རྣམ་པའི་ཐབ་ཁུང་ཡོངས་སུ་བརྟག་པར་བྱའོ། །ས་ནག་པོ་དང། ཐལ་བ་ལ་སོགས་པ་ཇི་ལྟར་རྙེད་པའི་ཁུ་བས་ཉེ་བར་བྱུགས་ཏེ། དུར་ཁྲོད་ཀྱི་སོལ་བའི་ཕྱེ་མའི་རྡུལ་ཚོན་གདབ་སྟེ་མེ་ཏོག་སྔོན་པོ་གཅལ་དུ་དགྲམ་པར བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ང་རྒྱལ་བྱས་ནས་མདུན་དུ་ལྷོ་ཕྱོགས་ཀྱི་ཆ་ལ་མེ་ཏོག་སྔོན་པོའི་ཚོགས་འཕངས་ཏེ་མཆོད་ཡོན་གྱི་དུང་གི་སྣོད་བཞག་པར་བྱའོ། །གཡོན་དུ་ཡུངས་ཀར་དང། ཚ་བའི་མར་ཁུ་དང། ཁྲག་དང། དུག་དང། ཚྭ་དང། སྐྱེ ཚེ་དང། རོ་བསྲེགས་པའི་ཐལ་བ་དང། རས་བལ་གྱི་སྙིང་པོ་དང། འཁོར་བའི་ཕྱེ་མ་དང། རྒྱ་སྐྱེགས་དང། མིའི་རུས་པའི་ཕྱེ་མ་དང་ནི་མ་ལའི་ལོ་མ་ལ་སོགས་པ་རྣམས་དང། ཞག་དང། སྨྱོ་བྱེད་ཀྱི་ལོ་མཱི་ཁུ་བ་བསྲེས་ཏེ་ནི་མ་པ་དང། ཡོངས་འདུ་ས་བརྟོལ་དང། བྷ་ལཱ་ཏ་ཀ་དང། མྱོས་བྱེད་ཀྱི་ཤིང་དང། ཚེར་མ་དང། ཁ་བའི་ཤིང་གི་རྩ་བའི་ཆ་ལ་སྐྱེས་བ་རྣམས་གཤགས་ཏེ་དུག་དང། ཁྲག་དང། མར་ཁུས་བསྲེས་ལ་རྩེ་གཉིས་བཅུག་པའི་ཡམ་ཤིང་ངོ། །མར་དང། ཏིལ་དང། ནས་དང་ཀུ་ཤ་དང་མེ་ཏོག་དང། སྤོ རྣམས་ཀྱང་ངོ། །དེ་ནས་མྱོས་བྱེད་དང་ནིམ་པ་དང། ཡོངས་འདུ་ས་བརྟོལ་དང། བྷ་ལཱ་ཏ་ཀ་དང། ཁ་བ་དང། ཚེར་མ་ཅན་གྱི་ཤིང་སྐམ་པོ་ལ་ལྕགས་དང། འཁར་བ་དང། རྡོ་དང། དུར་ཁྲོད་དང། གཏུམ་པོའི་ཁྱིམ་ནས་བྱུང་བའི་མེ་ལ་མེ རབ་ཏུ་སྤང་བར་བྱའོ། །དེ་ལ་ཡང་མ་འབར་བའི་དབུས་སུ་ཧཱུཾ་སྔོན་པོ་ལས་ཡང་དག་པར་བྱུང་བ་ཁ་དོག་སྔོན་པོ་གོས་སྔོན་པོ་ཅན་རྒྱན་གྱིས་བརྒྱན་པ་ཁྲོ་ཞིང་འཇིགས་སུ་རུང་བའི་གཟུགས་ཅན་ཞལ་མཆེ་བ་གཙིགས་པ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་མིག གཅིག་འཛུམ་ཞིང་བལྟ་བའི་སྤྱན་གསུམ་དང་བཞིན་ཁྲོ་གཉེར་དང་ལྡན་པའོ། །ཕྱག་གཡས་ན་རལ་གྲི་དང། དབྱུག་པ་འཛིན་པ། གཡོན་ན་ཞགས་པ་དང་སྤྱི་བླུགས་འཛིན་པ། དེ་ལྟ་བུར་གྱུར་པའི་མེའི་ཁྲོ་བོ་བསྒོམ་པར་བྱའོ། །དེ་དང་མཚུངས་པའི ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ལ་མཆོད་ཡོན་ཕུལ་ནས་མཆོད་པ་བྱས་ལ་དམ་ཚིག་གི་མེ་གཞུག་པར་བྱའོ། །དེའི་རྗེས་སུ་ཨོཾ་ཀཱི་ལི་ཀཱི་ལི་བཛྲ་སརྦ་བིགྷཾ?་ཀཱི་ལ་ཡ་ཧཱུཾ་ཕཊ། འདིས་བགེགས་ཐམས་ཅད་ལ་ཕུར་བུས་གདབ་པར་བྱའོ། །ོཾ་ཨ་མྲི་ཏ་ཀུཎྜ ལི་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏིཥྛ་ཏིཥྛ། བནདྷ་བན་བྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫཛ་གརྫཛ། བི་སཕོ་ཊ་ཡ་བི་སཕོ་ཊ་ཡ། སརྦ་བིགྷཧཱི?་བི་ནཱ་ཡ་ཀཱ་ནཱཾ། མཧཱ་ག་ཎ་པ་ཏི་ཛཱི་?་ཏཱ་ན་ཏ་ཀ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། འདིས་བགེགས་ཐམས་ཅད་གསད་པར་བྱའོ། །ོཾ་བཛྲ་ཡཀྵ་སརྦ་པཱ པཾ་ཁཱ་ར་ཡ་ཧཱུཾ་ཕཊ། འདིས་སྡིག་པ་ཐམས་ཅད་བཟའ་བར་བྱའོ། །དེ་ནས་མེ་ལ་མར་གྱི་དགང་བླུགས་གསུམ་དབུལ་ལོ། །ལག་པ་གུས་མོའི་ཕྱི་ངོས་སུ་བྱས་པས་སོ། །ོཾ་ཀྲོ?་དྷི་ཨགན་ཡེ་ཛ་ཧི་ཀྲོ་དྷ་ཡ་ཧཱུཾ་ཕཊ། སྔགས་འདིས་སྲེག་རྫས་ཐམས་ཅད་སྦྱིན པར་བྱའོ། །དེ་ནས་མེ་ལ་ཞལ་བསིལ་ཕུལ་ནས་དེའི་སྙིང་གར་བགེགས་མཐར་བྱེད་བལྟས་ཏེ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་ཡོན་ལ་སོགས་པ་ཕུལ་ལ་དམ་ཚིག་སེམས་དཔའ་ནང་དུ་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཨཱ:བིགྷྣཱན་ཏ་ཀྲིཏ་སརྦ པཱ་པཾ་ད་ཧ་ན་བཛྲ་སརྦ་པཱ་པཾ་ད་ཧ་ན་ཧཱུཾ། སྔགས་འདིས་སྔོན་བཞིན་དུ་སྲེག་རྫས་སྦྱིན་པར་བྱའོ། །དགང་བླུགས་གང་བར་ཕུལ་ནས་གཤེགས་སུ་གསོལ་ལོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུ་སྦྱིན་པར་བྱའོ། །དེ་ནས་ཞལ་བསིལ་ལ་སོགས་པ་ཕུལ་ནས་བཟོད་པར་གསོལ ཞིང་གཤེགས་སུ་གསོལ་ལོ། །དེ་ནས་ལངས་ནས་ས་ཕྱོགས་གཙང་མར་མགོ་ལྷོར་ཕྱོགས་ཏེ་ཉལ་བར་བྱའོ། །དེ་ལ་རང་གི་ཁ་ལ་ལག་པ་གཡོན་པས་གདབ་པར་བྱ་སྟེ། སྔགས་འདི་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་སོ། །ོཾ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མ ཧ་ནི་སྭཱ་ཧཱ། ཨོཾ་དམ་ཏ་ལི་སྭཱ་ཧཱ། རྨི་ལམ་བཟང་ངན་གྱི་མཚན་མ་བརྟག་པར་བྱའོ། །རྨི་ལམ་ན་མི་དགེ་བའི་མཚན་མ་བྱུང་བ་དེ་འདིར་འཆད་པར་འགྱུར་བའི་ཆོ་གས་སྟོང་ཕྲག་ཉི་ཤུའི་སྦྱིན་སྲེག་གིས་དགྲོལ་བར་འགྱུར་རོ། །ཐམས་ཅད་ལ་འབུམ་ཕྲག་གཅིག་སྟེ་མདོར བསྡུས་ནས་བཤད་དོ། །དེ་ནས་བགེགས་མེད་པའི་ས་གཞི་ལ་སྔ་བར་ལངས་ཏེ་དམ་ཚིག་ལ་རང་གི་ཡི་དམ་ལྷའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་གྱིས་ཉེ་བར་སྤྱད་པ་ལྔ་དང་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ནས། དེ་ནས་གྲོ་གའམ་དང་བཟང་པོ་ལ་རྩིབས ཁཾ་བན་དྷ་བན་དྷ་ཙཀཱར་སྱ་བྷཱུ?་བྷཱ་ག་སྱ་ཤཱན་ཏིཾ་ཀུ་རུ་སྭཱ་ཧཱ། ཤར་གྱི་རྩིབས་ལ། ཨོཾ་ཨཱརྐྐ་མ་སི་ཨ་སྱ་བྷཱ་བྷཱ་ག་སྱ་རཀཱཾ་ཀུ་རུ་སྭཱ་ཧཱ། ལྷོའི་རྩིབས་ལ། ཨོཾ་མརྐྐ་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵ་ཀུ་རུ་སྭཱ་ཧཱ། ནུབ་ཀྱི་རྩིབས་ལ། ཨོཾ་ཏེ་ཛོ་མ་སཾ?་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵ་ཀུ་རུ་སྭཱ ཧཱ། བྱང་གི་རྩིབས་ལ། ཨོཾ་ན་?་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵ་ཀུ་རུ་སྭཱཧཱ། དབང་ལྡན་གྱི་རྩིབས་ལ། ཨོཾ་ཙི་བཱ་ར་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། རླུང་གི་རྩིབས་ལ། ཨོཾ་བ་ན་མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། བདེན་བྲལ་གྱི་རྩིགས་ལ། ཨོཾ་གུལ་མ? མ་སི་ཨ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་སྭཱ་ཧཱ། མེའི་རྩིབས་ལ། ཨོཾ་ཨཽ་ཏ་ཡ་མ་སི་ཡ་སྱ་བྷཱུ་བྷཱ་གཱ་སྱ་རཀྵཾ་ཀུ་རུ་ཤཱནྟི་ཀུ་རུ་པུཥྚིཾ་ཀུ་རུ་བ་ཤྱཾ་ཀུ་རུ་སྭཱ་ཧཱ། ཕྱིའི་མུ་ཁྱུད་ལ། ཨོཾ་མཱ་རཱི་ཙཡཻ་བབཏཱ་ལེ། ག་དཱ་ལེ། བ་རཱ་ལེ་བ་རཱ་ཧཱ་མུ་ཁི་ཨ་སྨིན་བྷཱུ་བྷཱ གཱ་སྱ་སརྦ་དུཥྚཾ་བི་གྷཱཾ?་མུ་ཁཉྩ་ཀྵཱ་བནདྷ་བནདྷ། ཨ་སྱ་བྷཱུ་བྷཱ་གཱ་སྱ་ཤཱནྟི་པུཥྚི་རཀྵཾ་ཀུ་རུ་སྭཱ་ཧཱ། །སྔགས་འདི་ཡང་སྤྲ་ཚིལ་གྱི་རས་ཀྱིས་དྲིལ་ནས་སྒྱུག་མ་ཤིན་ཏུ་རང་བའི་རྩེ་མོ་འམ་རྒྱལ་མཚན་གྱི་རྩེ་མོར་གཞག་པར་བྱ་སྟེ་གདན་དང་བཅས་པའོ། །དེ་ནས གཞི་ལས་བགེགས་དང་ལོག་འདྲེན་ཐམས་ཅད་ཤིན་ཏུ་རིང་དུ་འབྲོས་པར་འགྱུར་ཏེ་སླར་ལྡོག་པར་ལྟ་ག་ལ་འགྱུར། ས་ཕྱོགས་འདི་ནི་ངེས་པར་གཙུག་ལག་ཁང་ལ་སོགས་པ་དངོས་གྲུབ་ཏུ་འགྱུར་རོ་ཞེས་སོ། །ས་བསྲུང་བའི་ཕྱིར་མེ་འབར་བའི དབུས་སུ་བཾ་ཡིག་ལས་ཆུའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རཾ་ཡིག་ལས་བྱུང་བའི་བསྡུད་རྩིའི་འོད་ཟེར་གྱི་ཕྲེང་བ་ལ་རལ་པ་དང་ཅོད་པན་བཅིངས་ཤིང་སྤྱན་གསུམ་པ་མཆོད་ཕྱིར་ཐོགས་དཀར་པོ་དང་གོས་ལ་སོགས་པས་རྣམ་པར་བརྒྱན་པ། ཕྱག་གཡས་པས་མི་འཇིགས་པ་དང་བགྲང་ཕྲེང་བསྣམས་པ། གཡོན་པ་ན་དབྱུག་པ་དང་སྤྱི་བླུགས་འཛིན་པ། ཞི་བའི་མེ་ལྷ་དཀར་པོ་རྣམ་པར་བསྒོམས་ལ་ཡེ་ཤེས་ཀྱི་མེ་ཅན་དྲང་བར་བྱའོ། །ནྱ་གྲོ་དྷ་དང། བྱང་ཆུབ་ཀྱི་ཤིང་དང། ཤ་ལའི་བཟའ་ བ་དང། འབྲས་ཡོས་དང། ནས་དང། ཞོ་དང། འོ་མ་དང། ཙནདན་དང། མེ་ཏོག་དང་ཀུ་ཤའི་རྩེ་མོ་དང། དཱུར་པའི་རྩེ་མོས་སྔོན་བཞིན་དུ་ཉུག་པར་བྱའོ། །ོཾ་པཱ་ཀཱགན་ཡེ་སྭཱཧཱ། སྔགས་འདིས་དམར་གསུམ་དང་བསྲེས་པའི་ཏིལ་གྱིས་སྦྱིན་སྲེག་སྟོང ཕྲག་གཅིག་བྱའོ། །པཎྜི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པ་ཞེས་བྱ་བས་མཛད་པའི་བྱ་བ་བསྡུས་པ་ལས་རབ་ཏུ་བྱེད་པ་དང་པོའོ།། །།ལྷ་ཡི་རྣལ་འབྱོར་ལྡན་གྱུར་པས། །ས་ནི་མཆོད་པའི་ཆོ་ག་ཡིས། །ལྷ་ནི་སྟེང་དུ་བཏེག་བྱས་ནས། །དེ་ནས པ་ནི་སྦྱང་བར་བྱ། །དེ་ལ་སློབ་དཔོན་གྱིས་རང་གི་ཡི་དམ་ལྷའི་རྣལ་འབྱོར་དང་ལྡན་པས་ཉི་མ་ནུབ་པའི་དུས་སུ་གཞོན་ནུ་མ་ཞིག་ཁ་ཤར་དུ་ཕྱོགས་ཏེ་མཆོད་ཅིང་བསྟོད་ནས། ཀྱེ་བཅོམ་ལྡན་འདས་ནི་དགེ་བ་གསུངས་ཤིག་ཅེས་བྱའོ། ། ཀ་པ་ཏ་ཙ་ས་ཧ བ་ཛ་རྣམས་ལས་ཚིག་གི་དང་པོ་ལ་སྨྲ་བ་དི་རྫུན་པར་སྨྲ་བར་མི་འགྱུར་བར་རྗེས་སུ་དཔག་པར་བྱའོ། །དེ་ལས་གཞི་རེ་མིག་དགུར་བྱས་ལ་ཇི་ལྟར་དེའི་ལན་ལ་ཨ་ཡིག་དང་པོར་གྱུར་ན་དེའི་ངེས་པས་ཤར་ཕྱོགས་སུ་རྐང་པས་ལྷག་པའི་ཁྲུ་གང་གི་འོག ན་བྲམ་ཟེ་རྣམས་ཀྱི་རུས་པའོ། །དེ་མ་བཏོན་པའི་ཉེས་པ་ནི་རིགས་དང་ཆུང་མ་འཆི་བ་དང་མེའི་འཇིགས་པའོ། །ཚིག་གི་ལན་ལ་ཀ་དང་པར་གྱུར་ན་མེད་རྒྱལ་རིགས་ཀྱི་རུས་པའི་སེལ་ཏེ། རྐང་པ་གཉིས་ཀྱིས་ལྷག་པའི་ཁྲུ་གང་གི་འོག་ཏུའོ། །གལ་ཏེ་དེ་མ བཏོན་ན་ངེས་ནང་སྣ་ཚོགས་པ་དང། མེའི་འཇིགས་པ་དང། རྒྱལ་པོས་འཚིར་བ་སྟེར་བར་བྱེད་པར་འགྱུར་རོ། །ཚིག་གི་ལན་ལས་དང་པོར་གྱུར་ན་ལྷོ་ཕྱོགས་ན་རྐང་པས་དམན་པའི་ཁྲུ་དེའི་འོག་ན་རྗེ་རིགས་ཀྱི་རུས་པའོ། །དེ་མ་བཏོན་ན་ཕྱི་དང་ནང གི་ཚ་བ་དང?་ནོར་ཉམས་པར་འགྱུར་རོ། །ཚིག་གི་ལན་ལ་ཏ་དང་པོར་གྱུར་ན་སྲིན་པོའི་ཕྱོགས་ན་དམངས་རིགས་ཀྱི་རུས་པ་སྟེ་ཁྲུ་དོའི་འོག་ནའོ། །གལ་ཏེ་དེ་མ་བཏོན་ན་དེས་སྣ་ཚོགས་པའི་ནད་དང། འཚིར་བ་དང། སྲེག་པའི་འཇིགས་པ་དང། ཁྱིམ བདག་འཆི་བར་འགྱུར་རོ། །ཆོག་གི་ལན་ལ་ཙ་དང་པོར་གྱུར་ན་ཆུ་བདག་གི་ཕྱོགས་ན་བྲམ་ཟེའི་རུས་པ་སྟེ་རྐང་པས་ལྷག་པའི་ཁྲུ་དོའི་འོག་ནའོ། །དེ་མ་བཏོན་ན་ཁྱིམ་མེས་འཚིག་པར་འགྱུར་རོ། །ཚིག་གི་ལན་ལ་ས་དང་པོར་གྱུར་ན་རླུང་གི་ཕྱོགས ནས་བདག་གི་རིགས་ཀྱི་རུས་པ་སྟེ་ཕྱེད་དང་བཅས་པའི་ཁྲུ་དོའི་འོག་ཏུའོ། །དེ་མ་བཏོན་ན་མྱ་ངན་དང། བུད་མེད་ལོག་པར་སྤྱོད་པར་འགྱུར་རོ། །ཚིག་གི་ལན་ལ་ཧ་དང་པོར་གྱུར་ན་བྱང་ཕྱོགས་ན་རྐང་པ་གསུམ་ལྷག་པའི་ཁྲུ་དེའི་འོག་ན་རྗེ་རིགས ཀྱི་རུས་པའི་སེལ་ལོ། །དེ་མ་བཏོན་ན་མི་དང་མི་མོ་ཚེ་ཐུང་བར་འགྱུར་རོ། །ཚིག་གི་ལན་ལ་བ་དང་པོར་གྱུར་ན་དབང་ལྡན་ན་ཁྲུ་གསུམ་གྱི་འོག་ན་དམངས་རིགས་ཀྱི་རུས་པའོ། །ཡང་ན་ཞུམ་བུའི་རུས་པའམ། ལྕགས་སམ་སོལ་བའོ། །དེ་མ བ་ཉོན་པར་གྱུར་ན་རིགས་དང་ནོར་ཉམས་པར་འགྱུར་རོ། །ཚིག་གི་ལན་ལ་ཛ་དང་བོར་གྱུར་ན་དེའི་དབུས་ན་གཉིས་སྐྱེས་ཀྱི་དུས་པའོ། །དེ་མ་བཏོན་ན་རྒྱལ་པོས་འཚིར་བ་དང་དེའི་ཆད་པ་དང་ནོར་ཟད་པའི་ཉེས་པ་རྣམས་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད དུ་ཉེས་པ་དཔག་ཏུ་མེད་པ་བྱེད་པར་འགྱུར་བའི་ཕྱིར་དུས་པ་རྣམས་གདོན་པར་བྱའོ། །དེ་ནས་གཞོན་ནུ་མའི་མདུན་དུ་མཆོད་པ་བྱས་ན་ས་ཡུངས་ཀར་དང་ནིམ་པའི་ལོ་མ་ལ་སོགས་པ་ཆད་པ་གཡས་ལས་བཟུང་སྟེ་གཡས་ཕྱོགས་སུ་བསྐོར་ཞིང་ཆང་བ་གཡོན པས་གཟུང་ཞིང་གཡོན་ཕྱོགས་སུ་བསྐོར་ནས་མེ་ལ་ལན་གསུམ་དུ་འཕང་བར་བྱའོ། །ཞལ་བསིལ་གྱི་ཆུ་ཡང་འཕང་བར་བྱ་སྟེ་སྔགས་འདི་དག་གིས་སོ། །ོཾ་སརྦ་པཱ་བ་ད་ཧ་ན་བཛྲ་སརྦ་པཱ་པཾ་ད་ཧ་སྭཱཧཱ། དེའི་རྗེས་སུ་ཨརྒའི་བལ་གྱི་སྡོང་བུ་སྦྱར་ཏེ། ཛཡོ་ཏི་ཤམ ཏིའི་མར་ཁུ་འམ་ཏིལ་ནག་པོའི་མར་མེ་རབ་ཏུ་སྦར་ཏེ་རུས་པ་ཡོངས་སུ་བརྟག་པར་པའོ། །དེ་ལ་ཕྱོགས་གང་དུ་མར་མེའི་རྩེ་མོ་བརྒྱུག་པ་དེ་ལ་ངེས་པར་རུས་པ་ཡོད་པར་རིག་པར་བྱའོ། །ཡང་གང་དུ་རུས་པ་ཡོང་པ་དེར་མར་མེ་རྡུལ་གྱིས་ཉེ་བར་འཐིབས་པར འགྱུར་རོ། །དེ་ནས་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ནས་མེ་ཏོག་གིས་བརྒྱན་ཅིང་འབྲས་ཡོས་ཀྱིས་མཆོད་ནས་གདུག་པ་ཅན་གྱིས་ཉེ་བར་བསྒྱུར་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་ལངས་ནས་མེའི་ཕྱོགས་ནས་རླུང་གི་ཕྱོགས་སུ་སློབ་དཔོན་ཞལ་མངོན་པར་ཕྱོགས ཏ་ཨེ་སེང་ལྡེང་ཤིང་གི་མེ་རབ་ཏུ་སྦར་ནས་མེ་རབ་ཏུ་འབར་བའི་དབུས་སུ་ཁྲག་དང་ཐལ་བས་བྱུགས་པའི་གོས་འཛིན་པ་ཚངས་སྐུད་དང་ལྡན་པ་རིང་གས་རླུང་ལ་ཞོན་པ་མགྲིན་པ་རིང་བ་མགོ་རལ་པའི་ཐོར་ཚུགས་བཅིངས་པ་མིག་གསུམ་པ་གཡོ་བའི་བདག་ཉིད ཅན་ནུཾ་ཡིག་ལས་སྐྱེས་པའི་དབྱུ་གུ་རྩེ་གསུམ་དང། བགྲང་ཕྲེང་དང། བ་དན་དང། སྤྱི་བླུགས་ཀྱིས་མཚན་པའི་ལག་པ་བཞི་དང་ལྡན་པ་ནག་པོ་དང་དམར་པོའི་འདྲེས་མ་ཐལ་བའི་རྡུལ་གྱིས་ལུས་ལ་གོས་པ་དྲག་པོ་རླུང་གི་མེ་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་མེ་ལ སོགས་པའང་སྤྱན་དྲང་བར་བྱའོ། །ཡུངས་འབྲུ་ལྔ་དང། གནདྷ་མུ་ཏ་དང། སྤང་སྤོས་དང། རྨ་བྱའི་གཙུག་ཕུད་རྣམས་ཚ་བའི་མར་ཁུ་དང་བསྲེས་ཏེ་གཞན་ཏིལ་ལ་སོགས་པའི་སྲེག་རྫས་ཀྱི་སྦྱིན་སྲེག་བྱའོ། །ོཾ་མ་རུ་ཏ་ཡ་ག་ནཱ་ཡེ་སྭཱ་ཧཱ། སྔགས་འདིས་གདུག པ་ཅན་སྐྲོད་པའི་སྦྱིན་སྲེག་བྱའོ། །དེའི་རྗེས་སུ་ལངས་ཏེ་ཉལ་བར་བྱའོ། །དེ་ནས་སློབ་དཔོན་དག་པའི་ཉི་མ་གཉིས་པ་ལ་རང་གི་ཡི་དམ་ལྷའི་རྣལ་འབྱོར་བྱས་ནས་གཙུག་ལག་ཁང་ལ་སོགས་པའི་ས་གཞི་ལ་ཞིང་སྐྱོང་ལ་སོགས་པ་རྣམས་ལ་གཏོར་མ་དང་ཉེར སྤྱོད་ལ་སོགས་པ་ཕུལ་ནས་ཞུ་བར་བྱའོ། །སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་འགྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དབུང་བཅོམ་པ། །དེ་ལྟར བདག་གིས་བདུད་ཀྱི་དཔུང། །བཅོམ་ནས་གཙུག་ལག་ཁང་སོགས་བགྱི། །ཞེས་པ་ལན་གསུམ་བརྗོད་པར་བྱའོ། །སའི་ལྷ་མོ་ལ་གསོལ་བཏབ་ནས་ས་སྦྱངས་པའི་ཕྱིར་སེལ་ཡོངས་སུ་བརྟག་པར་བྱའོ། །དེ་ལ་ཇི་ལྟར་ལུས་ཀྱི་གནས་ལ་སེལ་ཡོད་ན་སྐྱེས་བུ རྣམས་ཀྱི་ཟུག་རྡུར་བྱེད་པ་དེ་བཞིན་དུ་ཁང་ས་གང་ཞིག་ལ་སེལ་ཡོད་ན། དེ་ལ་གནས་པའི་སྐྱེས་བུ་རྣམས་ལ་མི་འདོད་པའི་འབྲས་བུ་སྟེར་བར་འགྱུར་རོ། །ཁྱིམ་གང་སེལ་པོར་པ་དེར་ལྷ་དང་གཉིས་སྐྱེས་གནས་ཀྱང་མཆོད་པར་མི་འགྱུར་རོ། །བྲམ་ཟེ་དང། རྒྱལ་རིགས་དང་རྗེ་རིགས་དང། དམངས་རིགས་རྣམས་ཀྱང་འདོད་པ་ཆེ་བ་དང། ཆོས་ལ་སྨོད་པ་དང། སྡིག་པ་སྤྱོད་པ་དང། བཀྲ་ཤིས་དང། སྦྱིན་སྲེག་དང། བཟླས་པའི་བྱ་བ་རྣམས་སྤོང་བ་དང། པ་དང་མ་དང་བླ་མ་ཡང་སུན་འབྱིན་པ་དང། དབུལ་པོ དང། ནད་ཀྱིས་མནར་བ་དང། སྡིག་པའི་གྲོགས་པོ་རྣམས་མང་པོར་འགྱུར་རོ། །གཞན་ཡང་བ་ལང་གི་མགོ་བོའི་རུས་པས་ནི་ཕྱུགས་དང་ནོར་ཉམས་པར་འགྱུར་རོ། །རྟའི་མགོ་བོས་ནི་ཁྱིམ་བདག་ནོར་དང་ལྡན་ཞིང་མཚོན་ཆས་འཚོ་བར འགྱུར་རོ། །བ་ལང་གི་དུས་པ་སྤྱི་རྣམས་ཀྱིས་ནི་སྡུག་བསྔལ་གྱི་རྣམ་པ་རྣམས་ཉེ་བར་སྐྱེད་པར་བྱེད་དོ། །མིའི་རྐེད་པའི་རུས་བས་ནི་རིགས་ཉམས་པར་བྱེད་དོ། །མི་རུས་སྤྱི་རྣམས་ཀྱིས་ནི་བདག་པོ་ཉམས་པ་དང། ནོར་ཉམས་པ་དང། གསོང་པ་དང། འཆིང་བ དང། བུད་མེད་འཕྱོ་བ་དང། ཚངས་སྤྱོད་འཇོམས་པ་ལ་སོགས་པའི་ཉེས་པ་རྣམས་སུ་འགྱུར་རོ། །བོང་བུ་ཞུམ་བུའི་རུས་པ་རྣམས་ཀྱིས་ནི་བདག་པོ་འཇིགས་པ་དང། ཉེ་བར་སྐྲོད་པར་ཡང་འགྱུར་རོ། །ཁྱིམ་བྱའི་རུས་པས་ནི་སྡུག་བསྔལ་བར་བྱེད་དོ། །གླང པོ་ཆེའི་དུས་པས་ནི་བུད་མེད་རྣམས་ངན་དུ་སྤྱོད་པར་འགྱུར་རོ། །ལུག་གི་རུས་པས་ནི་ནོར་མེད་པ་དང་བློ་གྲོས་དམན་པར་ཡང་འགྱུར་རོ། །མྱུར་འགྲོའི་རུས་པས་ནི་བ་ལང་གི་རིགས་ཉམས་པར་འགྱུར་རོ། །རའི་རུས་པ་རྣམས་ཀྱིས་ཀྱང་ངོ། །རི་དགས་དང པས་ནི་ནང་དུ་བྱེད་དོ། །ར་གན་གྱིས་ནོར་ཉམས་པར་བྱེད་དོ། གྱིས་ཉེ་བར་འཚེ་བར་འགྱུར་རོ། །སྟག་གི་རུས་པས་ནི་མཆེ་བ་དང་དགྲའི་འཇིག་སྤར་བཤད་དོ། །ཕུབ་མས་ནི་འབྲུ་རྣམས་ཉམས་པར་བྱེད་དོ། །རྡུལ་གྱིས་ནི་གཞན་དུ་འཁྱམས་པར་བྱེད་དོ། ཐལ་བ་དང་སོལ་བདག་གིས་ནི་སྲེག་པའི་ཉེས་པའོ། །ཕག་གི་རུས་པས་ནི་ནང་དུ་བྱེད་དོ། །ར་གན་གྱིས་ནོར་ཉམས་པར་བྱེད་དོ། །ཟངས་མས་ཀྱང་ངོ། །རི་དགས་དང་བྱ་དང་སྲིན་པོའི་རུས་པ་རྣམས་ཀྱིས་འཆིའོ། །བྱི་བའི་ཐོད་པས་ནོར་དང་བུ་རྣམས་པར ཉམ་པ་བར་བྱེད་དོ། །སྒྲེ་མོ་དང་དབྱིག་དག་གི་རུས་པས་གཉེན་རྣམས་རང་འཁོན་པར་བྱེད་དོ། །སྤྲུལ་གྱི་རུས་པས་སྟོབས་དང་ཕུན་སུམ་ཚོགས་པ་ཉམས་པར་འགྱུར་རོ། །ལུག་གི་རུས་པས་ཚེ་ཐུང་བའོ། །ལྕགས་ཀྱིས་མིག་ནད་དེ། །རྡོ་ཡིས་འཇིག་པ་དང་སེམས གཡེང་བར་བྱེད་དོ། །རྩཝ་སྐམ་པོས་ནད་དོ། །ལོ་མ་སྐམ་པོས་གཞན་གྱི་བྲན་དུ་འགྱུར་རོ། །སྐྲ་ཡིས་སྡུག་པའོ། །མིའི་ཐོད་པས་ནི་བུ་དང་གཉེན་རྣམས་དང་བྲལ་བར་བྱེད་དོ། །ཤིང་སྐམ་པོས་དབུལ་པོར་འགྱུར་རོ། །སོའི་རུས་བས་བཞོན་པ་ཉམ་པར་བྱེད་དོ། །ཞུམ་བུའི བྱང་ཁོག་གིས་བུ་དང་བུད་མེད་དང་འབྲལ་བར་བྱེད་དོ། །མགྲིན་པའི་རུས་པས་འཆི་བར་བྱེད་དོ། །ལྕགས་སྒྲོག་གིས་ཆུང་མ་དང་ལྷན་ཅིག་པ་དང་འབྲལ་བར་བྱེད་དོ། །མིའི་ཐལ་གོང་གི་རུས་པས་ནད་མང་བར་སྟེར་བའོ། །སོགས་པས་ནོར་ཉམས་པར་བྱེད་དོ། །དབུང པས་ཕ་རོལ་གྱིས་བརྙས་པར་བྱེད་དོ། །རྫའི་སྣོད་ཆག་པོས་བུ་དང་བྲལ་བར་བྱེད་དོ། །ཁྲའི་རྐང་པས་ནོར་དང་བུད་མེད་ཉམས་པར་བྱེད་དོ། །གྱོ་དུམ་གྱིས་སྡུག་བསྔལ་དང་མིག་ནང་དུ་ཡང་འགྱུར་རོ། །དུད་འགྲོའི་རུས་པས་མྱ་ངན་སྟེར་རོ། །ཕྱུགས་ཀྱི་རུས་པས སྟོགས་པ་དང་སྒོམ་པ་སྟེར་རོ། །ཀཱཥེ་རུ་ཀའི་རུས་པས་ཕག་དང་མི་དག་ཞེ་སྡང་དང་ནང་དུ་ཡང་བྱེད་རོ། །ཞ་ཉེས་ནི་རྐེད་ནད་དོ། །ལྕགས་གསུམ་གྱི་སེལ་གྱིས་དགའ་བ་ཉམས་པར་བྱེད་དོ། །བརླུའི་དུས་པས་བུད་མེད་ངན་དུ་སྤྱོད་པར་འགྱུར་རོ། །བྱིན་པའི་དུས་བས འཆི་བ་སྟེར་རོ། །དུས་པ་ཚིག་པོས་འཆིང་བར་བྱེད་དོ། །འདྲེག་མཁན་གྱི་སྣོད་ཀྱིས་ཕ་རོལ་གྱིས་འཚེ་ཞིང་སྡུག་བསྔལ་དང་དབུལ་པོར་འགྱུར་རོ། །རྟ་རྨིག་གིས་རིང་དུ་འཁྱམས་པ་དང། ཉམས་པ་དང། ཉོན་མོངས་པས་འཚེ་བར་འགྱུར་རོ། །ཚེར་མས་རིང་དུ་ལ་བྱམས པའོ། །ཤལ་མ་ལཱི་ས་འཆི་བར་བྱེད་དོ། །སོར་གདུབ་དང་རྨ་བྱ་བྲིས་པས་མྱ་ངན་དང་འདོད་པ་ཉམས་པ་རབ་ཏུ་སྟེར་རོ། །འཁང་བས་ནི་ནོར་ཉམས་པར་བྱེད་དོ། །ལྷང་ཙེར་དང་ལྷམ་གྱིས་ངན་པ་རབ་ཏུ་སྟེར་རོ། །ཙ་བའི་རུས་པས་ནོར་ཉམས་པར་བྱེད་པའོ། །ཏ་ལུ་ཀའི་དུས་པས སེམས་རྨོངས་པར་བྱེད་དོ། །ཕྲག་པ་དང་འགྲམ་པའི་རུས་པས་འཆི་བ་དང་ནོར་ཉམས་པའོ། །མ་ཧེའི་རུས་པས་བུ་མོ་སྐྱེ་བར་བྱེད་དོ། །སྤྲེའུའི་རུས་པས་དོན་ཉམས་པའོ། །རྔ་མོའི་རུས་པ་རྣམས་ཀྱིས་སྦྱིན་བདག་འཆིའོ། །འཆད་པར་འགྱུར་བའི་དབང་ཕྱུག་དང་ གཙུག་ཏོར་འཁོར་ལོ་སྒྱུར་བ་དང། བརྒྱ་བྱིན་དང། རྡོ་རྗེ་འཇིགས་པ་དང། ཕུར་བུ་དང། རྣམ་ཐོས་སྲས་དང། བདུད་རྩི་འོད་དང། ཟླ་འོད་དང། རྡོ་རྗེ་རྒྱས་པ་དང། བཟང་སྐྱོང་དང། རྡོ་རྗེ་རྣོན་པོ་དང། རྡོ་རྗེ་གསུང་བ་དང། རྡོ་རྗེ་རྒྱུ་རྣམས་ཀྱི་རེ་མིག བཅུ་གསུམ་པོ་རྣམས་ལ་སེལ་གནས་ན་རིགས་མི་འཕེལ་བ་དང་བུ་མེད་པའི་ཉེས་པ་སྟེང་བར་འགྱུར་རོ། །ལྷ་མ་ཡིན་དང། རྡོ་རྗེ་ལས་དང། རྡོ་རྗེ་མེ་དང། ཉི་འོད་འབར་བ་དང། རྡོ་རྗེ་དྲི་དང། བྱམས་པ་དང། སྤོས་ཀྱི་གླང་པོ་དང། ཀུན་ཏུ་བཟང་པོ་དང། རྡོ་རྗེ་རིན་ཆེན་དང། རྡོ་རྗེ་སེམས་དཔའ་རྣམས་ཀྱིས་མིག་དགུ་ལ་སེལ་ཡོད་ན་བུད་མེད་འཆི་བར་འགྱུར་རོ། །ད་ནི་དགེ་བའི་མཚན་མ་རྣམས་བཤད་པར་བྱ་སྟེ། དེ་ལ་སྦལ་པའི་རུས་པས་ཆོས་དང་ནོར་སྟེང་བར་བྱེད་དོ། །གསེར་གྱིས་ནི་ནོར་དང་བུ་སྟེང་བར་བྱེད་དོ། །འབྲུ་ཡིས་བདེ་བ་འབབ པར་བྱེད་དོ། །ཉ་ཕྱིས་ཀྱི་བདེ་བ་དང་ཞི་བ་སྟེར་བར་བྱེད་དོ། །རུས་སྦལ་གྱི་རུས་པས་ནི་རིག་པ་ཐོབ་པ་དང་རྒྱས་པར་བྱེད་དོ། །དུང་གི་འདོད་པ་དང་ཡོ་བྱང་རབ་ཏུ་སྟེར་རོ། །བ་ལང་གི་རྭས་ནོར་དང་འབྲུ་སྟེར་རོ། །མུ་ཏིག་གི་འབྲས་བུས་དཔལ་སྟེང་རོ། །བྱི་རུས་ནད་མེད་པར བྱེད་དོ། །དངུལ་གྱིས་ཞི་བར་བྱེད་དོ། །དུས་སྦལ་དང་སྦལ་པ་གསོན་མ་འམ་མི་གསོན་པ་ཡང་རུང་སྟེ། དགེ་བའི་རབ་ཏུ་སྟེང་ངོ། །དབང་པོ་དང་མེ་དང། གཤིན་རྗེ་དང། མཚན་མོ་སྤྱོད་པ་དང། ཆུ་བདག་དང། རླུང་གི་ཕྱོགས་རྣམས་སུ་གནས་པའི་ཁྲོན་པས་ནི་གོ་རིམ བཞིན་དུ་མེ་ཡིས་འཇིགས་པ་དང། དགྲ་ཡིས་འཇིགས་པ་དང། འཐབ་མོ་དང། བུ་འཆི་བ་དང། བུད་མེད་གཡེམ་པ་དང། བུད་མེད་འཆི་པར་བྱེད་དོ། །བྱང་ཕྱོགས་ན་གནས་པའི་ཁྲོམ་པས་ནི་རྒྱས་པར་བྱེད་དོ། །དབང་ལྡན་ན་ཡོད་པས་ཞི་བར་བྱེད་དོ། །གཙང་པོས་འཁོར བའམ་ཕྱོགས་གཉིས་ན་གཙང་པོ་ཡོད་པའི་ས་དེ་དགེ་བར་བྱེད་དོ། །གཤིན་རྗེའི་ཕྱོགས་ན་གཙང་པོ་ཡོད་ན་མི་དགེ་བར་བྱེད་དོ། །ལྷོ་དང་ནུབ་ན་ནགས་དང་རི་དགས་གནས་པས་དགེ་བར་བྱེད་དེ། །ས་གཞི་གང་ཞིག་ཚ་བའི་དུས་ན་བསིལ་ལ་གྲང་གའི་དུས་སུ་དྲོ གདབ། དབྱར་ཀི་དུས་སུ་སྙོམས་པ་དེས་རིགས་བཞི་པོ་རྣམས་དགེ་བར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ལེགས་པར་ཡོངས་སུ་བརྟགས་ནས་ཁང་པའི་དབུས་སུ་སའི་ལྷ་མོ་རྣམ་པར་བསྒོམས་ཏེ་མཆོད་པ་ལ་སོགས་པ་བྱས་ནས་སླར་ཞུ་བ་བྱས་ཏེ། རྣམ པ་ཀུན་ཏུ་ཁྱོད་ཕྱག་འཚལ། །ཀྱེ་ཧོ་ལྷ་མོས་རབ་ཏུ་སྩོལ། །དཀོན་མཆོག་གསུམ་གྱི་བཞུགས་གནས་ཕྱིར། །གཙུག་ལག་ཁང་ནི་བཞེངས་པར་བྱ། །ོཾ་ཧཱུཾ་ཛཾ་ཛཾ་སྭཱ་ཧཱ། ཞེས་པ་ནི་ས་བླང་བའི་སྔགས་སོ། །དེ་ནས་མཆོད་བ་ལ་སོགས་པ་ཕུལ་ནས་ཡང་དག་པར མཆོད་དེ་སའི་ལྷ་མོ་ཡིད་ཀྱིས་བཏེག་སྟེ་ནམ་མཁའ་ལ་དགོད་པར་བྱའོ། །དེ་ལ་རེ་མིག་བརྒྱད་ཅུ་རྩ་གཅིག་གི་ལྷ་རྣམས་མཆོད་པའི་ཕྱིར་ཕྱོགས་བཞིའི་ཕྱོགས་རྣམས་སུ་རྩ་བཞི་བཅུའི་རང་བཞིན་བཅུ་རྣམས་བསྒོམ་པར་བྱའོ། །དེ་རྣམས་ལ་དང་པོར་མཆོད་པར བྱའོ། །དེ་ལ་ཤར་ཕྱོགས་ཀྱི་ཕྱི་རོལ་དུ་དང་པོ་དབང་ལྡན་ནས་གོ་རིམ་ཇི་ལྟ་བ་བཞིན་དུ་རྩ་བཅུ་སྟེ། རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང། འོད་བྱེད་པ་དང། འོད་འཕྲོ་བ་དང་སྤྱད་དཀའ་བ་དང། མངོན་དུ་གྱུར་པ་དང། རིང་དུ་གྱུར་པ་དང། མི་གཡོ་བ་དང། ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྤྲིན་ཞེས་པ་རྣམས་ནི་ཞལ་ནུབ་ཏུ་མངོན་པར་ཕྱོགས་པའོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ཕྱི་རོལ་ཏུ་དང་པོ་མ་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་རྩ་བཅུ་སྟེ་སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང བསམ་གཏན་དང། ཤེས་རབ་དང། ཐབས་དང། སྨོན་ལམ་དང། སྟོབས་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྣམས་ཞལ་བྱང་དུ་མངོན་པར་ཕྱོགས་པའོ། །དེ་བཞིན་དུ་ཡང་ནུབ་ཕྱོགས་ཀྱི་ཕྱི་རོལ་ཏུ་དང་པོ་བདེན་བྲལ་ནས་གོ་རིམས་ཇི་ལྟ་བ བཞིན་དུ་རྩབ་བཅུ་སྟེ། ཆེ་དང། སེམས་དང། ཡོ་བྱད་དང། ལས་དང། སྐྱེ་བ་དང། རྫུ་འཕྲུལ་དང། མོས་པ་དང། སྨོན་ལམ་དང། ཡེ་ཤེས་དང། ཆོས་རྣམས་ལ་དབང་བའི་རང་བཞིན་ཏེ་དེ་བཞིན་དུ་ཤར་དུ་ཕྱོགས་ནས་བཞུགས་པའོ། །དེ་བཞིན་དུ བྱང་ཕྱོགས་ཀྱི་ཕྱི་རོལ་དུ་དང་པོ་རླུང་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་རྩ་བཅུ་སྟེ། ནོར་རྒྱུན་མ་དང། རིན་ཆེན་སྣང་མ་དང། གཙུག་ཏོར་རྣམ་པར་རྒྱལ་མ་དང། འོད་ཟེར་ཅན་དང། རི་ཁྲོད་མ་ལོ་མ་ཅན་དང། སྒོ་མཛའ་ཡས་མ་དང། ཛཱ་གུ ལི?་དང། ཙུན་ད་དང། ཤེས་རབ་སྤེལ་མ་དང། སངས་རྒྱས་ཀུན་གྱི་མཛོད་ལྡན་མ་རྣམས་ཏེ། གཟུངས་མ་བཅུའི་རང་བཞིན་རྣམས་ནི་ཞལ་ལྷོར་མངོན་པར་ཕྱོགས་པའོ། །དེ་ལ་རབ་ཏུ་དགའ་བ་ལ་སོགས་པ་བཅུ་ནི་དམར་པོ་དང། དཀར་པོ་དང། དམར་སྐྱ དང། ནག་པོ་དང། སེར་པོ་དང། གསེར་དང། ནམ་མཁའ་དང། སྐྱེའོ་དང། དཀར་པོ་དང། སེར་པོའི་ཁ་དོག་རྣམས་སོ། །ཕྱག་གཉིས་པ་སྟེ། ཕྱག་གཡས་པ་རྣམས་ན་རྡོ་རྗེ་འཛིན་པའོ། །གཡོན་པ་རྣམས་ནི་ཡིད་བཞིན་གྱི་ནོར་བུ་དང། པདྨ་དཀར་པོ དང། སྣ་ཚོགས་པདྨའི་སྟེང་ན་ཉི་མ་དང། ཨཽཏཔལ་སྔོན་པོ་དང། མ་ར་ཀ་ཏ་དང། པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་དང། པདྨའི་སྟེང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་དམར་པོ་དང རལ་གྲིས་མཚན་པའི་ཨཽཏཔལ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་རྣམས་འཛིན་པའོ། །སྦྱིན་པ་ལ་སོགས་པ་རྣམས་ནི་དཀར་པོ་དང། དཀར་པོ་དང། སེར་པོ་དང། སྔོན་པོ་དང། སྔོན་པོ་དང། སེར་པོ་དང། སྐྱ་བོ་དང། ནག་པོ་དང། དམར་པོ དང། དཀར་པོའི་ཁ་དོག་རྣམས་སོ། །ཕྱག་གཉིས་ཏེ་ཕྱག་གཡས་པ་རྣམས་ན་ཡིད་བཞིན་གྱི་ནོར་བུ་འཛིན་པ་རྣམས་སོ། །གཡོན་ན་འབྲས་ཀྱི་སྙེ་མ་འཛིན་པ་དང། ཨ་ཤོ་ཀའི་ལོ་མ་དང། པདྨ་དཀར་པོ་དང། ཨཽཏཔལ་སྔོན་པོ་དང། པདྨ་དཀར་པོ་དང། པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང། པདྨ་སེར་པོ་ལ་གནས་པའི་རྡོ་རྗེ་དང། ཨཽཏཔ་ལ་སྔོན་པོ་ལ་གནས་པའི་རལ་གྲི་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང། རིན་པོ་ཆེའི་རྒྱན་གྱིས བརྒྱན་པའི་བྱང་ཆུབ་ཀྱི་ཤིང་རྣམས་འཛིན་པའོ། །ཚེལ་དབང་བ་ལ་སོགས་པ་རྣམས་ནི་དམར་པོ་དང། དཀར་པོ་དང་སེར་པོ་དང། ལྗང་ཀུ་དང། སྣ་ཚོགས་པའི་མདོག་དང། ནག་པོ་དང། སྐྱ་བོ་དང། སེར་པོ་དང། སྔོན་པོ་དང། དཀར་པོའི་མདོག་རྣམས་སོ། །ཕྱག་གཉིས་ཏེ གཡས་པ་རྣམས་ན་པདྨ་འཛིན་པའོ། །གཡོན་པ་ན་པདྨ་རཱ་ག་ལ་གནས་པའི་འོད་དཔག་མེད་ཀྱི་སྐུ་དང། རྡོ་རྗེ་དམར་པོ་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང། སྣ་ཚོགས་རྡོ་རྗེ་དང། ཁ་དོག་སྣ་ཚོགས་པའི་འཁྲི་ཤིང་དང། པདྨ་ལ་གནས་པའི་ཟླ་བ་དང་ཉི་མ་དང། བྲི ཡང་ཀུའི་མེ་ཏོག་གི་སྙི་མ་དང། ཨཽཏཔལ་དང། ཨཽཏཔལ་སྔོན་པོ་ལ་གནས་པའི་རལ་གྲི་དང། པདྨ་ལ་གནས་པའི་བུམ་པ་བཟང་པོ་ཕྱག་ན་བསྣམས་པའོ། །ནོར་རྒྱུན་མ་ལ་སོགས་པ་རྣམས་ནི་སེར་པོ་དང། དམར་པོ་དང། དཀར་པོ་དང། སྐྱ་པོ་དང། སྔོན་པོ་དང། དཀར་པོ དང། ལྗང་གུ་དང། དཀར་པོ་དང་སྐྱ་བོ་དང། སེར་པོའི་ཁ་དོག་རྣམས་སོ། །ཕྱག་གཉིས་པ་སྟེ་ཕྱག་གཡས་པ་རྣམས་ན་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །གཡོན་པ་རྣམས་ན་འབྲས་ཀྱི་སྙེ་མ་དང། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང། ནོར་བུ་ཆུ་ཤེལ་གྱི་བུམ་པ་དང ཁབ་དང། སྐུད་ལ་དང། རྨ་བྱའི་སྒྲོ་དང། དུག་གི་མེ་ཏོག་གི་སྙེ་མ་དང། གཏེར་གྱི་བུམ་པ་ཆེན་པོ་དང། ཕྲེད་པ་འཕྱང་བའི་སྤྱི་བླུགས་དང། ཨཽཏཔལ་སྔོན་པོ་ལ་གནས་པའི་རལ་གྲི་དང། པདྨ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་པའི་སྒྲོན་འཛིན་པོ་རྣམས་ས། །ལྷ་མོ བཞི་བཅུ་པོ་ནི་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུག་པའོ། །དེ་ནས་མཆོད་པའི་སྔགས་ནི། ཨོཾ་ཨ:པྲ་མུ་དྷི་ཏཱ་ཡཻ་ན་མ:སྭཱཧཱ། ཨོཾ་བི་མ་ལཱ་ཡཻ་ན་མ:སྭཱཧཱ། ཨོཾ་པྲ་བྷཱ་བ་རཱི་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཨ་ཙིཥཾ་ཏཱི་ཡཻ་ན་མོཾ་སུ་དུ་རྫ་ཡཱ་ཡོན་མ:སྭཱ་ཧཱ། ཨོཾ་ཨ་གྷི་མུ་ཁཱི་ཡཻ་ན་མཤཱི་ཡ་པཱ་ར་མི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཀྵཱནྟི་པཱ་ར་མི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་བཱིརྱ་པཱ་ར་མི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་དྷ་ན་པཱ་ར་མི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་པྲཛྙཱ་བཱ་ར་མི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཨཽ་པ་ལ་པཱ་ར་མི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་པ་ལ་པཱ?་ར་མི་ཏཱ་ཡཻ་ན མ:སྭཱ་ཧཱ། ཨོཾ་པྲ་ཎི་དྷ་པཱ་ར་མི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཛྙཱ་ན་པཱ་ར་མི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཨཱ་ཡུར་བ་ཤི་ཏཱ་ཡཻ་ན་མ:སྭཱ་ཧཱ་ཨོཾ་ཙཏྟི་བ་ཤི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་པ་རི་སྐཱ་ར་བ་ཤི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཀརྨ་བ་ཤི་ཏཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཨཽ་པ་པ་ཏ་ཏི་བ་ཤི་ཏཱ ཡ་ཨཻ་ན་མཧཱ། ཨོཾ་ཨཥྞཱི?་ཥ་བི་ཛ་ཡཱ་ཡཻ་ན་མཏཱ?། དེའི་རྗེས་སུ་རེ་མིག་བརྒྱད་ཅུ་རྩ་གཅིག་གི་གནས་སུ་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པའི་ལྷ་རྣམས་བསྒོམ་པར་བྱའོ། །རང་རང་གི་སྔགས་ཀྱི་དཱུ་ར་བ་དང། ཀུན་ད་དང། འབྲས་མཉམས་པ་དང། འབྲས་ཡོས་དང། ཀུ་སུམ་བྷ་དང། འབྲས་བུ ལ་སོགས་པ་རྣམས་ཀྱི་མཆོད་པས་མཆོད་པར་བྱའོ། །དབུས་ཀྱི་རེ་མིག་ལ་རྣམ་པར་སྣང་མཛད་ཆེན་པོ་སྐུ་མདོག་དཀར་པོ་ཞལ་བཞི་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པའོ། །ོཾ་བཛྲ་དྷཱ་ཏ་བེ་ན་མ:སྭཱ་ཧཱ། དེ་ནས་གཉིས་པ་ལ་རེ་མིག་བརྒྱད་དེ། ཤར་ལ་སོགས་པའི་ཕྱོགས་སུ་སེམས་མ་རྡོ་རྗེ་མ་དང། རིན་ཆེན་རྡོ་རྗེ་མ་དང། ཆོས་ཀྱི་རྡོ་རྗེ་མ་དང། ལས་ཀྱི་རྡོ་རྗེ་མ་རྣམས་སོ། །མེ་ལ་སོགས་པའི་མཚམས་རྣམས་སུ་རྡོ་རྗེ་སྒེག་མོ་དང། རྡོ་རྗེ་ཕྲེང་བ་མ་དང། རྡོ་རྗེ་གླུ་མ་དང། རྡོ་རྗེ་གར་མ་རྣམས་དཀར པོ་དང། སེར་པོ་དང། དམར་པོ་དང། ཁ་དོག་སྣ་ཚོགས་པ་རྣམས་སོ། །རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་དང། རིན་པོ་ཆེའི་རྡོ་རྗེ་དང། རིན་པོ་ཆེའི་ཕྲེང་བ་དང། བི་ཝང་དང། གང་བྱེད་པའི་ཚུལ་ལོ། །ོཾ་བཛྲ་བཛྲི་ཎི་ན་མ:སྭཱ་ཧཱ། ཨོཾ་རཏན་བཛྲི་ཎི་ན་མ: སྭཱ་ཧཱ། ཨོཾ་དྷརྨ་བཛྲི་ཎི་ན་མ:སྭཱ་ཧཱ། ཨོཾ་ཀརྨ་བཛྲི་ཎི་ན་མ:སྭཱ་ཧཱ། ཨོཾ་བཛྲ་ལ་སྱན་མ:སྭཱ་ཧཱ། ཨོཾ་བཛྲ་མཱ་ལེ་ན་མ:སྭཱ་ཧཱ། ཨོཾ་བཛྲ་གཱི་ཏྱེན་མ:སྭཱ་ཧཱ། ཨོཾ་བཛྲ་ནིར་ཏྱེ་ན་མ:སྭཱ་ཧཱ། གསུམ་པའི་རེ་མིག་བཅུ་དྲུག་པོ་རྣམས་ལ་དང་པོ་དབང་ལྡན་ནས་རེ་མིག་བཞི་ལ་རྡོ་རྗེ་སེམས དཔའ་དང། རྡོ་རྗེ་རྒྱལ་པོ་དང། རྡོ་རྗེ་ཆགས་པ་དང། རྡོ་རྗེ་ལེགས་པ་རྣམས་སོ། །དང་པོ་མི་ནས་རེ་མིག་བཞི་ལ་རྡོ་རྗེ་རིན་པོ་ཆེ་དང། རྡོ་རྗེ་གཟི་བརྗིད་དང། རྡོ་རྗེ་རྟོག་དང། རྡོ་རྗེ་བཞད་པ་རྣམས་སོ། །དང་པོ་བདེན་བྲལ་ནས་རེ་མིག་བཞི་རྡོ་རྗེ་ཆོས་དང། རྡོ་རྗེ་རྣོན་པོ་དང། རྡོ་རྗེ་རྒྱུ་དང། རྡོ་རྗེ་གསུང་བ་རྣམས་སོ། །དང་པོ་རླུང་ནས་རེ་མིག་བཞི་ལ་རྡོ་རྗེ་ལས་དང། རྡོ་རྗེ་བསྲུང་བ་དང། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་མཚམས་རྣམས་སོ། །སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཞལ་གཅིག་པ་ཕྱག་གཉིས་པ་རྣམས་ཏེ། དཀར་པོ་དང། སེར་པོ་དང། དམར་པོ་དང། སྔོན་པོ་དང། སེར་པོ་དང། དམར་པོ་དང། སྔོན་པོ་དང། དཀར་ཅུང་ཟད་དམར་པོ་དང། སྔོན་པོ་དང། སེར་པོ་དང། དམར་པོ་དང། སྣ་ཚོགས་དང། སེར་པོ་དང། ནག་པོ་དང། སེར་པོའི་ཁ་དོག་རྣམས་སོ། །རྡོ་རྗེ་དང། ལྕགས་ཀྱུ དང། མདའའགེངས་པ་དང། མཛུབ་མོ་འཕེན་པའི་ཚུལ་དང། རྡོ་རྗེ་སེར་པོ་དང། ཉི་མ་དང། རྒྱལ་མཚན་དང། སོའི་ཕྲེང་བ་དང། པདྨ་དང། རལ་གྲི་དང། འཁོར་ལོ་དང། ཆོས་ཀྱི་དུང་དང། སྣ་ཚོགས་རྡོ་རྗེ་དང། གོ་ཆ་དང། མཆེ་བ་དང། རྡོ་རྗེའི་ཁུ་ཚུར་རྣམས ཏེ་རང་རང་གི་མཚན་མ་འཛིན་པའོ། །ོཾ་བཛྲ་སཏྭཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་རཱ་ཛཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་རཱ་གཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་སཱ་དྷ་བྷེ་ན་མ:སྭཱ་ཧཱ། ཨོཾ་བཛྲ་རཏྭཱ?་ཡན་མ:སྭཱ་ཧཱ། ཨོཾ་བཛྲ་ཏེ་ཛ་ཡན་མ:སྭཱ་ཧཱ། ཨོཾ་བཛྲ་ཀེ་ཏ་བེན་མན་མ:སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་ཏཱིཀྵྞ་ཡན་མ:སྭཱ་ཧཱ། ཨོཾ་བཛྲ་ཧེ་ཏ་བེ་ན་མ:སྭཱཧཱ། ཨོཾ་བཛྲ་བྷཱ་ཥཱ་ཡ་ན་མ:སྭཱཧཱ། ཨོཾ་བཛྲ་ཀརྨ་ཎེ་ན་མ:སྭཱ་ཧཱ། ཨོཾ་བཛྲ་རཀྵཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་ཡཀྵཱ་ཡན་མ:སྭཱ་ཧཱ། ཨོཾ་བཛྲ་སརྦ? ཡེ་ན་མ:སྭཱ་ཧཱ། དེ་བཞིན་དུ་བཞི་པ་ལ་རེ་མིག་ཉི་ཤུ་རྩ་བཞི་སྟེ། དང་པོ་དབང་ལྡན་ནས་རྡོ་རྗེ་དྲི་མ་དང། བྱམས་པ་དང། དོན་ཡོད་མཐོང་དང། རྡོ་རྗེ་ལྕགས་ཀྱུ་དང། ངན་སོང་ཀུན་འཇོམས་དང། མྱ་ངན་དང་མུན་པ་འཇོམས་པའི་བློ་གྲོས་རྣམས་སོ། །དང པོ་མེ་ནས་རྡོ་རྗེ་བདུག་སྤོས་མ་དང། སྤོས་ཀྱི་གླང་པོ་དང། དཔའ་བར་འགྲོ་བ་དང། རྡོ་རྗེ་ཞགས་པ་དང། ནམ་མཁའ་མཛོད་དང། ཡེ་ཤེས་རྟོག་རྣམས་སོ། །དང་པོ་བདེན་བྲལ་ནས་རྡོ་རྗེ་མེ་ཏོག་མ་དང། བདུད་རྩི་འོང་དང། ཟླ་འོང་དང། རྡོ་རྗེ་རྒྱས་པ་དང། བཟང སྐྱོང་དང། དྲ་བ་ཅན་གྱི་འོད་རྣམས་སོ། །དང་པོ་རླུང་ནས་རྡོ་རྗེ་མར་མེ་མ་དང། རྡོ་རྗེ་སྙིང་པོ་དང། མི་ཟད་པའི་བློ་གྲོས་དང། རྡོ་རྗེ་འབེབས་པ་དང། སྤོབས་པ་བརྩེགས་པ་དང། ཀུན་ཏུ་བཟང་པོ་རྣམས་ཏེ། སྣ་ཚོགས་དང། སེར་པོ་དང། གསེར་དང། དཀར པོ་དང། སྐྱ་པོ་དང། དཀར་སྐྱ་དང། དཀར་པོ་དང། སྔོན་པོ་དང། དཀར་པོ་དང། ནག་པོ་དང། སྐྱ་བོ་དང། སྔོན་པོ་དང། སེར་པོ་དང། དཀར་པོ་དང། སྐྱ་བོ་དང། དམར་པོ་དང། དམར་པོ་དང། དམར་པོ་དང། ནམ་མཁའ་དང། ནམ་མཁའ་དང། དཀར་པོ་དང། སྣ་ཚོགས་དང། དམར་པོ་དང། སེར་པོའི་ཁ་དོག་རྣམས་སོ། །རྡོའི་དུང་དང། ཀླུ་ཤིང་གི་མེ་ཏོག་དང། ཆུ་སྐྱེས་ཀྱི་སྤྱན་དང། ལྕགས་ཀྱུ་དང། ལྕགས་ཀྱུ་དང། དབྱུག་པ་དང། པོག་ཕོར་དང། དྲིའི་དུང་དང། རལ་གྲི་དང། ཞགས་པ་དང། དམ་པའི་ཆོས དང། གཏེར་གྱི་རྒྱལ་མཚན་དང། མེ་ཏོག་གི་ཟ་མ་ཏོག་དང། བུམ་པ་དང། ཟླ་བ་དང། རིན་པོ་ཆེའི་ལྕགས་སྒྲོག་དང། རིན་པོ་ཆེ་དང། དྲ་བ་དང། མར་མེའི་སྡོང་པོ་དང། རྡོ་རྗེ་དང། བུམ་པ་དང། རྡོ་རྗེ་དང། རྡོ་རྗེ་དྲིལ་བུ་དང། མཛུབ་མོ་འཕེན་པའི་ཚུལ་དང རིན་པོ་ཆེའི་སྙེ་མ་རྣམས་ཕྱག་རྣམས་ནའོ། །སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་ལ་འདིར་ཡང་མཆོད་པའི་སྔགས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ། ཨོཾ་བཛྲ་དྷུ་པཱ་ཡཻ་ན་མ།སྭཱ་ཧཱ། ཨོཾ་པུཊཔཱ?་ཡེད་ན་མ:སྭཱ་ཧཱ། ཨོཾ་བཛྲ་དཱ་པཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་བཛྲ་གནདྷཱ ཡཻ་ན་མ:སྭཱ་ཧཱ། ཨོཾ་བཛྲ་མཻ་ཏྲེ་ཡ་སཕ་ར་ཎཱ་ཡ་ན་མ:སྭཱ་ཧཱ། ཨོཾ་ཨ་མོ་གྷ་དར་ཤིན་ནི་མ:སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ཛ་ཧ་ཡ་ན་མ:སྭཱ་ཧཱ། ཨོཾ་སརྦ་ཤོ་ཥ་ཏ་མོ་ནི་རྒྷ་ཏ་ཡེ་ན་མ:སྭཱ་ཧཱ། ཨོཾ་གནདྷ་ཧ་སྟི་ན་ན་མ:སྭཱ་ཧཱ། ཨོཾ་ཤཱུ་ར་ག་མཱ་ཡ་ན་མ:སྭཱ་ཧཱ། ཨོཾ་ག་ག་ན་གཉྫཱ་ཡ་ན་མ: སྭཱ་ཧཱ། ཨོཾ་ཛྙཱ་ན་ཀེ་ཏ་བེ་ན་མ:སྭཱ་ཧཱ། ཨོཾ་ཨ་མྲི་ཏ་པྲ་བྷཱ་ཡ་ན་མ:སྭཱ་ཧཱ། ཨོཾ་ཙནྡྲ་པྲ་བྷཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བྷ་དྲ་པཱ་ལཱ་ཡ་ན་མ:སྭཱ་ཧཱ། ཨོཾ་ཛཱ་ལ་ནཱི་པྲ་བྷཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་གནདྷཱ?་ཡ་ན་མ:སྭཱ་ཧཱ། ཨོཾ་ཨ་ཀྵ་ཡ་མ་ཊི་ཡེ་ན་མ:སྭཱ་ཧཱ། ཨོཾ་པྲ་ཏེ་བྷན་ཀུ་ཊཱ་ཡན་མ: སྭཱ་ཧཱ། ཨོཾ་ས་མནྟ་བྷ་དྲཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་ཨཾ་ཀུ་ཤཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་པཱ་ཤཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་སཕོ?་ཊཱ་ཡ་ན་མ:སྭཱ་ཧཱ། ཨོཾ་བཛྲ་བེ་ཤཱ་ཡ་ན་མ:སྭཱ་ཧཱ། དེ་ནས་ལྔ་པ་ལཱ་རེ་མིག་སུམ་ཅུ་རྩ་གཉིས་སོ། །དང་པོ་དབང་ལྡན་ནས་བརྒྱད་ནི་གོ་རིམས་བཞིན དུ་དབང་ཕྱུག་ཆེན་པོ་དང་གཙུག་ཏོར་འཁོར་ལོ་སྒྱུར་བ་དང། ཚངས་པ་དང། དབང་པོ་དང། ཉི་མ་དང། ལག་པ་དང། རྡོ་རྗེ་དབྱུག་པ་དང། རྡོ་རྗེ་འབར་པའི་ཉི་མ་རྣམས་སོ། །དེ་བཞིན་དུ་དང་པོ་མེ་ནས་རེ་མིག་བརྒྱད་ལ་མེ་དང། རྡོ་རྗེ་ས་འོག་དང། སྒྲ་གཅན་དང། དམིགས དམར་དང། གཤིན་རྗེ་དང། གཞན་གྱིས་མི་ཐུབ་པ་དང། རྡོ་རྗེ་དུས་དང། ལྷ་མ་ཡིན་རྣམས་སོ། །དེ་བཞིན་དུ་དང་པོ་བདེན་བྲལ་ནས་རེ་མིག་བརྒྱད་ལ་མཚན་མོ་སྤྱོད་པ་དང། འོག་གི་ཀླུ་དང། ས་དང། རྡོ་རྗེ་གཙུག་ཏོར་དང། ཆུ་བདག་དང། པ་བསངས་དང། ཏོག་དང སྤེན་པ་རྣམས་སོ། །དེ་བཞིན་དུ་དང་པོ་རླུང་ནས་རེ་མིག་བརྒྱད་ས་རླུང་དང། ནག་པོ་ཆེན་པོ་དང། ཕུར་བུ་དང། རྣམ་ཐོས་སྲས་དང། ཟླ་བ་དང། བདུད་རྩི་འཁྱིལ་པ་དང། རྡོ་རྗེ་ཧཱུཾ་མཛད་དང། རྡོ་རྗེ་འཇིགས་པ་རྣམས་ཏེ། དཀར་པོ་དང། སྐྱ་བོ་དང། གསེར་དང། སེར་པོ་དང་ དམར་པོ་དང། གསེར་དང། སྔོན་པོ་དང། དུད་ཁ་དང། དམར་པོ་དང། ནག་པོ་དང། སྔོན་པོ་དང། དམར་པོ་དང། ནག་པོ་དང། སེར་པོ་དང། དཀར་པོ་མ་ཡིན་པ་དང། སེར་པོ་དང། ནག་པོ་དང། དཀར་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་དང། སྐྱ་བོ་དང། སྣ་ཚོགས་དང། དུད་ཁ་དང། ལྗང་གུ་དང། ནག་པོ་དང། སེར་པོ་དང། གསེར་དང། དཀར་པོ་དང། སྔོ་བསངས་དང། སྔོན་པོ་དང། ནག་པོའི་ཁ་དོག་རྣམས་སོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་དང། རྡོ་རྗེ་དབྱུག་པ་དང། གཞན་གྱིས མི་ཐུབ་པ་དང། རྡོ་རྗེ་གཙུག་ཏོར་དང། བདུད་རྩི་འཁྱིལ་བ་དང། མེའི་ཉི་མ་དང། རྡོ་རྗེ་དུས་དང། ནག་པོ་ཆེན་པོ་དང། རྡོ་རྗེ་འཇིགས་པ་དང། རྡོ་རྗེས་འོག་དང། གཙུག་ཏོར་འཁོར་ལོ་སྒྱུར་བ་ཇི་སྙེད་པ་མཆོད་པར་བྱའོ། །དེའི་རྗེས་སུ་ཉི་མ་ལ་སོགས་པ་རྣམས སོ། །དེའི་ཕྱི་ནས་བརྒྱ་བྱིན་ལ་སོགས་པ་རྣམས་སོ། །དེ་ལ་མྱུར་དུ་སྣ་ཚོགས་ཆུས་སྐྱེས་དང་ཉི་མ་ལ་འཇིགས་བྱེད་དང། དུས་མཚན་མོ་གཡས་བརྐྱང་གི་ཞབས་ཀྱིས་མནན་པ་ཁྲོ་བོ་བསྐལ་པའི་མེ་འབར་བ་ལྟར་གསལ་བ་བཞིན་མི་སྡུག་པ་།ཆེ་བ་གཙིགས པ་འཇིགས་ཤིང་སྨིན་མ་འཁྱོག་པོ་བསྡུས་པ་དམར་ཞིང་ཟླུམ་པའི་སྤྱན་གསུམ་མངའ་བ་ཐོད་པ་ལྔས་དབུ་ལ་བརྒྱན་པ་མགོ་རློན་པའི་ཕྲེང་བ་དང་ལྡན་པའོ། །ཕྱག་རྒྱ་དྲུག་དང་ལྡན་པ་ཀླུ་བརྒྱད་ཀྱི་རྒྱན་གྱིས་སྤྲས་པ། འཇིག་རྟེན་གསུམ་ལས་རྣམ་པར རྒྱལ་པའི་ཕྱག་རྒྱ་དང། རྡོ་རྗེ་དང། རྡོ་རྗེ་དྲིལ་བུ་བསྣམས་པའི་རྡོ་རྗེ་ཧཱུཾ་མཛད་རྣམ་པར་བསྒོམ་པར་བྱའོ། །ོཾ་བཛྲ་ཧཱུཾ་ཀ་རཱ་ཡ་ན་མགར་སྡིགས་མཛུབ་ཀྱིས་ཞགས་པ་འཛིན་པ། གཡས་པ་རྣམས་ན་རྡོ་རྗེ་ཐོབ་དང། རྡོ་རྗེས་མཚན་པའི་དབྱུག་པ་དང། པདྨ་དང་སྣ་ཚོགས་རྡོ་རྗེ་དང། ལྕགས་ཀྱུ་དང། གཏུན་ཤིང་དང། རྩེ་གསུམ་དང། རལ་གྲི་དང། དགྲ་སྟ་དང། འཁོར་ལོ་རྣམས བསྣམས་པའོ། །ལྷག་མ་རྣམས་ནི་རྡོ་རྗེ་ཧཱུཾ་གི་རང་བཞིན་ནོ། །ོཾ་བཛྲ་ད་ཎ་ཌཱ་ཡ་ན་མ་ཨོཾ་མ་ཧཱ་ཀཱ་ལཱ་ཡན་མན་རྡོ་རྗེ་དང་གཡོན་ན་པདྨ་ལ་གནས་པའི་ཟླ་བའོ། །ར་ལ་མིག་དམར་རོ། །གཡས་ན་རྡོ་རྗེ་གཡོན་ན་མི་བཟུང་ནས་ཟ་བའོ། །པདྨ་ལ་ལག་པའོ། །མངའ་དང་གཞུ་འཛིན་པའོ། །སྦལ་པ་ལ་ཕུར་བུའོ། །བགྲད་ཕྲེང་དང། སྤྱི་བླུགས་འཛིན་པའོ། །པདྨ་ལ་པ་བ་སངས་སོ བགྲང་ཕྲེང་དང། སྤྱི་བླུགས་འཛིན་པའོ། །རུས་སྦལ་ལ་སྤེན་པའོ། །ལག་པ་གཡས་ན་རྡོ་རྗེ་དང་གཡོན་ན་དབྱུག་པའོ། །སྒྲ་གཅན་ནི་སྤྲིན་གྱི་སྟེང་ན་གནས་པ་ལུས་ཕྱེད་པ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་འཛིན་པའོ། །མཇུག་རིངས་ནི་ཁྲོ་བོ་པདྨ་ལ་གནས་པ་རལ་གྲི དང་ཞགས་པ་འཛིན་པའོ། །ོཾ་སཱུརྱཱ་ཡ་ན་མཡ་ཨཱ་ཡ་ན་མསྦྲུལ་དང་དུང་འཛིན་པའོ། །ལུས་ངན་པོ་ནི་མི་ལ་ཞོན་པ་ལྕགས་ཀྱུ་དང་དབྱུག་པ་འཛིན་པའོ། །མ་ནི་ར་ལ་ཞོན་པ་དགང་གཟར་དང་སྤྱི་བླུགས་ཐོགས་པའོ། །སྲིན་པོའི་བདག་པོ་ནི་ར་ལ་ཞོན་པ་རལ་གྲི་དང་ཕུབ་ཐོགས་པའོ། །རླུང་ནི་རི་དགས་ལ་ཞོན་པ་རླུང་གི་བདན ཐོགས་པའོ། །དབང་ལྡན་ནི་ཁྱུ་མཆོག་ལ་ཞོན་པ་རྩེ་གསུམ་དང་ཐོང་པ་ཐོགས་པའོ། །ལྷ་མ་ཡིན་ནི་འབོལ་སྟན་ལ་གནས་ལ་རལ་གྲི་དང་ཕུབ་ཐོགས་པའོ། །ཀླུ་ནི་པདྨ་ལ་གནས་པ་ལ་ལག་པ་ཐལ་མོ་སྦྱར་བའོ། །ས་ནི་པདྨ་ལ་གནས་པ་བདུད རྩིའི་བུམ་པ་འཛིན་པའོ། །ཚངས་པ་ནི་དང་པ་ལ་གནས་པ་གདོང་བཞི་པ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །ོཾ་ཨ་ཁ་ཎ་ཌ་ལཱ་ཡ་ན་མསྭཱ་ཧཱ། ཨོཾ་རཱཀྵ་ས་བྷི་ལ་ཏ་ཡེ་ན་མདང། ཙོམ?་པ་ཀ་ལ་སོགས་པ་དྲི་ཞིམ་པོར་བསྐ་བའི་ཤིང་ཡམ་ཤིང་ངོ། །རྗེ་རིགས་ཀྱི་མེ་ལ་འདོད་པའི་མེ་རབ་ཏུ་སྦར་ཏེ་ཉི་མ་སར་བ་འདྲ་བ་ཞལ་གཅིག་སྤྱན་གསུམ་པ་ཞགས་པ་དང། ལྕགས་ཀྱུ་དང་དབྱུག་པ་དང། སྤྱི་བླུགས་འཛིན་པ་རལ་པའི་ཚོགས་མེད པོས་སྤྱི་བོར་ཉེ་བར་བརྒྱན་པ། སྐྱེ་བོ་དཔག་ཏུ་མེད་པའི་བདེ་བ་འབེབས་པར་བྱེད་པ་ཧྲཱིདང། བར་དར་དང། བེ་ཀཾ་ཀ་དང། ཨ་འོ་ཀ་དང། ཀཱསྨ་རི་དང། བ་ལཱ་ཥ་ལ་སོགས་པའི་ཡེ་ཤིང་ངོ། །པདྨ་དང། ཨཽཊཔལ་དང། དྲི་ཞིམ་པོའི་མེ་ཏོག་ལ་སོགས་པ་དང། ཏིལ་ལ་སོགས་པའི་འབྲུ་རྣམས་ཀྱི་སྦྱིན་སྲེག་བྱའོ། །སྔགས་ནི་ཨོཾ་ཀཱ་མཱགན་ཡ་སྭཧཱ དེ་ནས་ཁང་པ་ཐམས་ཅད་ཀྱི་ལྷ་རྣམས་ཡིད་ཀྱིས་ནམ་མཁའ་ལ་བཞུགས་སུ་གསོལ་ལོ། །དེ་ལ་ཡང་ལས་བྱེད་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་རྣམ་པ་ལག་ན་རྡོ་རྗེས་མཚན་པའི་ཏོག་ཆེ་ཐོགས་པ་ཧཱུཾ་མཛད་རྫོགས་པའི་ཤིན་ཏུ་དཔའ་བ་བསྒོམ་པར་བྱའོ། །རྡོ རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཚིམ་པར་བྱས་ནས་ཡང་དབང་པོ་དང་ནོར་གྱི་དབང་ཕྱུག་གི་ཕྱོགས་སུ་གདོང་ཕྱོགས་ཏེ་ལག་པ་གཡོན་པས་ཕྱི་ནས་བཟུང་སྟེ་མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ཀྱི་རེ་མིག་ཏུ་བརྐོ་སྟེ་ཁམ བཞི་བརྐོ་བར་བྱའོ། །སྔགས་ནི་ཨོཾ་གྷཱ་ཏ་ཡ་སརྦ་པཱ་བན་ནཱ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ། དེའི་ས་གསེར་ལ་སོགས་པའི་སྣོད་དུ་བླངས་ཏེ་ཞི་བ་ལ་གཏོར་མ་དང་བཅས་ཏེ་མའི་ཕྱོགས་ཀྱི་ཕྱི་རོལ་ཏུ་སྦྱིན་བདག་གིས་འཕང་པར་བྱའོ། །དེ་ནས་སའི་དབུས་སུ་རྨ་ལྔ གདོད་པར་བྱས་ཏེ་ས་དེ་ཁྱབ་པར་གཏོར་རོ། །དེ་ནས་རྨ་དྲུག་གིས་གདོད་པར་བྱའོ། །དེ་བཞིན་དུ་རྨ་བདུན་བཏོད་པ་ལ་སོགས་པ་ནས་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་བྱེད་ལས་བྱེད་པས་བརྐོ་བར་བྱའོ། །བུས་ནུབ་ཙམ་སྦྱངས་པར་བྱའོ། །པཎྜི ཏ་ཆེན་པོ་རིགས་ཀྱི་སྦྱིན་པ་ཞེས་བྱ་བས་མཛད་པའི་བྱ་བ་བསྡུས་པ་ལས་རབ་ཏུ་བྱེད་པ་གཉིས་པའོ། ། །།དེ་ནས་བཏབ་ནས་ཛཱཾ་གུ་ལི་ལ་མཆོད་པར་བྱའོ། །ཁང་ས་ལ་ཐིག་ལེགས་པར་བཏབ་ནས་འབད་པས་ལྟོ་འཕྱེ་བརྟག་པར་བྱའོ།། པུས་ནུབ་ཙམ་དུ་སྦྱངས་པའི་ས་གཞིའི་ལྷོ་ཕྱོགས་ནས་བྱང་དུ་མངོན?་པར་ཕྱོགས་ཏེ་གནས་ནས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་བྱས་ཏེ། དེ་ནས་བདག་ཉིད་དོན་ཡོད་གྲུབ་པའི་གཟུགས་སུ་རྣམ་པར་བསྒོམ་པར་བྱའོ། །གླང་རྨོ་བའི་སྐྱེས་བུ་ནི་རྡོ་རྗེ་ལས ཀྱི་རང་བཞིན་ནོ། །ོཾ་བཛྲཾ་ཀརྨ་ཀཾ་ཞེས་པ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་གླང་གཅིག་ནི་ཞང་པོ་སྟེ་རྡོ་རྗེ་གནོད་སྦྱིན་གྱི་རང་བཞིན་ནོ། །ོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་གླང་དེའི་སྲིད་མོའི་བུ་ནི་རྡོ་རྗེ་བསྲུང? བའི་རང་བཞིན་ནོ། །ོཾ་བཛྲ་རཀྵ་ཧཱུཾ་ཞེས་པས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་གསེར?་གྱི་གཤོལ་ནི་རྡོ་རྗེ་མཚམས་ཀྱི་རང་བཞིན་ནོ། །ོཾ་བཛྲཾ་ས་ན་ཏི་དེ?་ཞེས་བྱ་བའི་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དབང་ལྡན་དུ་ཁ་ཕྱོགས་ཏེ བཞུགས་ནས་མཆོད་པ་ལ་སོགས་པ་བྱས་ཏེ། ནས་བཏབ་ནས་ས་གཞི་ལ་གསེར་གྱི་གཤོལ་གྱིས་ཁྱུ་མཆོག་དེ་དག་གིས་རྨོ་བར་བྱའོ། །དེ་ནས་ནྱ་གྲོ་དྷ་དང། ཨཽ་དུམ་བ་ར་དང། ཙམ་པ་ཀ་ལ་སོགས་པའི་ཤིང་སྐམ་པོས་དགེ འདུན་གྱི་ཚང་མང?་ནས་མེ་བླངས་ནས་མེ་རབ་ཏུ་སྦར་བར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་བདེ་བས་གང་བར་བྱ་བའི་སེམས་དང་ཕུན་སུམ་ཚོགས་པ་དང། སྟོབས་དང་ནད་མེད་པ་དང། རྒྱས་པར་བྱ་བའི་ཕྱིར་དབང་ཆེན་གྱི་དཀྱིལ འཁོར་གྲུ་བཞི་སེར་པོ་ལ་གནས་པའི་ན་བཟའ་སེར་པོས་བརྒྱན་ཅིང་དབྱུག་པ་དང། ཕྲེང་བ་དང་སྤྱི་བླུགས་དང་མཆོག་སྦྱིན་དང་ཕྱག་བཞིའོ། །སྤྱན་གསུམ་སྐུ་མདོག་སེར་པོ་ཞལ་གཅིག་པ་མཆོད་ཕྱིར་ཐོགས་པ་དང་ལྡན་པ་རལ་པའི་ཐོར་ཚུགས ཅན། ཧཱུཾ་ཡིག་སེར་པོ་ལས་ཡང་དག་པར་བྱུང་བའི་དབང་ཆེན་ལ་མེ་འབར་བའི་མེ་ལ་དེའི་དབུས་སུ་ཡེ་ཤེས་ཀྱི་མེ་བསམ་ཞིང་གཞུག་པར་བྱའོ། །ཞལ་བསིལ་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་ཅིང་བསྟོད་པར་བྱའོ། །ས་མའི་ཡཾ་ཤིང དང་དག་ཆུང་དང། ཨ་མྲ་དང། བིལ་བ་དང། ཀཎ་ཋ་ཀ་པ་ལ་དང། ཀརྞི་ཀ་ལ་སོགས་པའི་མེ་ཏོག་སེར་པོ་དང། ཞོ་དང་བུ་རམ་གྱི་ཟན་དང། ཏིལ་དང། འབྲས་ཡོས་དང། ཀ་ར་དང་འབྲས་ལ་སོགས་པའི་རིམ་པས་སྦྱིན་སྲེག་བྱའོ། །ོཾ་མ་ཧེནྡྲ་ཨགན་ཡེ་སྭཱ ཧཱ། ཞག་གསུམ་དང་ལྔ་དང་བདུན་གྱིས་ནས་རྣམས་སྐྱེས་ན་མཆོག་དང་འབྲིང་དང་དམན་པའི་ས་གཞིར་ཤེས་པར་བྱའོ། །གང་སྐྱེས་པའི་ནས་སྔོན་པོའི་གནས་སྐབས་སུ་ལྷ་རྣམས་ཀྱི་ལོངས་སྤྱོད་དུ་བྱའོ། །དེའི་རྗེས་སུ་རང་གི་ལྷག་པའི་ལྷའི་རྣལ འབྱོར་དང་ལྡན་པའི་སྔགས་པས་ཛཱཾ་གུ་ལཱིའི་མཆོད་པ་བྱས་ནས་བརྩམ་མོ། །དེ་ནས་དབང་ལྡན་གྱི་ཕྱོགས་ཀྱི་ཆར་རྒྱད་ཁྲུ་ངོ་གྲུ་བཞི་པ་དེའི་ཕྱེད་འོག་ཏུ་དོང་བརྐོ་བར་བྱའོ། །ཡང་དེའི་དབང་ལྡན་གྱི་ཕྱི་རོལ་དུ་དེའི་ཕྱེད་ཟླུམ་པོར་དོང་འབྲུ་བར་བྱའོ། །དེ་གཉིས ཀའི་ས་བ་ལང་གི་ལྕི་བས་བྱུག་པར་བྱའོ། །དེ་ལ་དོང་གྲུ་བཞི་པར་ལོ་མ་ཅན་གྱི་ཤིང་ལོ་བཅུག་ནས་བུམ་པའི་ཆུས་དགང་བར་བྱའོ། །ཛཱཾ་ལས་སྐྱེས་པའི་རྡོ་རྗེ་ཛཱཾ་གུ་ལཱི་སེར་མོ་སེར་པོ་དང། ནག་པོ་དང་དཀར་པོའི་རྩ་བ་དང་གཡས་དང་གཡོན་གྱི་ཞལ་གསུམ་མོ། །གདེངས ཀ་རྒྱས་པ་བདུན་དང་ལྡན་པའི་རིན་པོ་ཆེའི་ཅོད་པན་ཅན་ཕྱག་དྲུག་གི་གཡས་པ་དག་ན་རྡོ་རྗེ་དང། པདྨ་འཛིན་པ་དང། གཡོན་པ་དག་ན་གཞུ་དང་ཞགས་པ་དང་བཅས་པའི་སྡིག་མཛུབ་དང། རང་གི་ཐབས་ལ་འཁྱུད་པ། གོས་སྣ་ཚོགས་པ་དང་ཀླུའི་རྒྱན་གྱིས་བརྒྱན་པ སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་སྟན་ལ་འོད་ཀྱིས་གནས་པའོ། །ཛཱཾ་གུ་ཀཱི་བསྒོམས་ཏེ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མཆོད་ཡོན་ལ་སོགས་པ་ཕུལ་ནས་དེ་བཞིན་དུ་ཞུ་བར་བསམ་མོ། །མེ་ཏོག་དང། སྤྲོས་དང། མར་མེ་དང། དྲི་དང། ཞལ་ཟས་དང། ཞོ དང། བུ་རམ་གྱིས་ཟས་དང། བདུད་རྩི་ལྔ་དང། རིན་པོ་ཆེ་ལྔ་དང། འབྲུ་ལྔ་དང། དྲི་ལྔ་དང། ནཱ་ག་གེ་སར་དང། དངུལ་ཆུ་དང། ནས་དང། ཏིལ་དཀར་པོ་དང། རག་ཆུང་གི་འབྲས་བུ་དང། ལེ་བརྒན་རྩི་དང། པྲི་ཡང་ཀུ་དང་གསེར་དང། དངུལ་གྱི་པདྨ་དང། མཆོད ཡོན་ལ་སོགས་པ་དབུས་སོ། །དེ་ནས་དེའི་ཉེ་བ་རུ་འོ་མ་དང་ཆུས་ཡོངས་སུ་གང་བའི་ཆུ་སྣོད་རྟགས་ཀྱིས་མཚན་པ་གཞག་པར་བྱའོ། །དེ་ལ་ཡང་བཅོམ་ལྡན་འདས་མ་རྣམ་པར་བསྒོམས་ཏེ་མཆོད་པ་བྱས་ནས་ཡི་གེ་གཅིག་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར བྱའོ། །ོཾ་ཨཱདོང་གི་ལྷ་མོ་བཏེག་སྟེ་ཆུ་སྣོད་ལ་རབ་ཏུ་གཞུག་པར་བྱའོ། །ཆུ་སྣོད་ཀྱང་ཛཱཾ་གུ་ཀཱི་གནས་སུ་གཞག་པར་བྱའོ། །དེ་དང་ཉེ་བར་སྨྱུག་མ་ཤིན་ཏུ་རིང་པོའི་སྟེང་དུ་གདུགས་དཀར་པོ་བ་དན་འཕྱང་བའོ། །དཱུར་བ་དང་ཀུན་ང་དང། སྣ་མའི་མེ་ཏོག་དང་བཅས་པས་མཆོད པར་བྱའོ་དེ་ནས་མཚན་མོའི་ཐུན་དང་པོ་ལ་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པས་སློབ་དཔོན་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་དང་ལྡན་པ་ལ་བྱང་ཕྱོགས་ཀྱི་སྒྲུབ་བ་པོས་རྡོ་རྗེ་དྲིལ་བུ་བཟུང་ནས་གསོལ་བ་གདབ་པར་བྱའོ། །དེ་བཞིན་གཤེགས པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །གཙོ་བོའི་གཙུག་ལག་ཁང་དུ་བརྟག་།དེ་ནས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་ལྗགས་བླ་མས་བསམས་ནས། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །སངས་རྒྱས་རྣམས ཀྱིས་བདག་ལ་དགོངས། །འདིར་བདག་བསམ་པ་དགེ་བ་ཡིས། །ལྷ་ཁང་གཙུག་ལག་ཁང་གནས་བྱ། །སངས་རྒྱས་ལ་སོགས་ཀུན་བྱོན་ནས། །དངོས་གྲུབ་རྣམས་ནི་བདག་ལ་སྩོལ། །ཞེས་པས་སངས་རྒྱས་ལ་སོགས་པ་རྣམས་ལ་བདག་གིས་ཞུ་བར་བྱའོ། ། བགེགས་དང་བདུད་ཐམས་ཅད་ཉེ་བར་བསྐྲད་པར་བྱ་སྟེ། འཆད་པར་འགྱུར་བའི་གོ་རིམ་གྱིས་རིམ་པས་སོ། །གོ་རིམས་ངེས་པའི་བར་དུ་ཆོ་ག་ཇི་ལྟ་བས་མཎྜལ་ཟླུམ་པོ་བྱས་ཏེ་ཉེར་སྤྱོད་ལྔའི་མཆོད་པ་རྣམས་ཀྱིས་ཡོངས་སུ་མཆོད་དེ་བུམ་པ་ལྷག་པར་གནས་པར་བྱའོ།། དེ་ལྔ་བཅུ་རྩ་གསུམ་དང། བཅུ་གཅིག་དང། ཡང་ན་ལྔའོ། །ལྔ་བཅུ་རྩ་གསུམ་གྱི་ཕྱོགས་ལ་དཀྱིལ་འཁོར་པ་ཐམས་ཅད་ཀྱི་སོ་སོའི་རེ་རེའོ། །ལས་ཐམས་ཅད་པའི་བུམ་པ་གཅིག་སྟེ་ལྔ་བཅུ་རྩ་བཞིའོ། །བཅུ་གཅིག་གི་ཕྱོགས་ལ་རྣམ་པར་སྣང་མཛད་ཆེན་པོ དང་སེམས་མ་རྡོ་རྗེ་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ་། མི་བསྐྱོད་པ་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ་།རིན་ཆེན་འབྱུང་ལྡན་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ་།འོད་དཔག་མེད་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ་།དོན་ཡོད་གྲུབ་པ་ལ་སོགས པ་ལྔ་རྣམས་ཀྱི་གཅིག་གི་། སྒེག་མོ་ལ་སོགས་པ་བཞི་པོ་རྣམས་ཀྱི་གཅིག་གོ་།བདུག་སྤོས་མ་ལ་སོགས་པ་བཞི་པོ་རྣམས་ཀྱི་གཅིག་གོ་།རྡོ་རྗེ་ལྕགས་ཀྱུ་དང་བྱམས་པ་ལ་སོགས་པ་ལྔ་པོ་རྣམས་ཀྱི་གཅིག་གོ་།རྡོ་རྗེ་ཞགས་པ་དང། སྤོས་ཀྱི་གླང་པོ་ལ སོགས་པ་ལྔ་རྣམས་ཀྱི་གཅིག་གོ་། རྡོ་རྗེ་རྒྱས་པ་དང་བདུད་རྩི་འོད་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ་།རྡོ་རྗེ་འབེབས་པ་དང། རྡོ་རྗེ་སྙིང་པོ་ལ་སོགས་པ་ལྔ་རྣམས་ཀྱི་གཅིག་གོ་།ལས་ཐམས་ཅད་པའི་བུམ་པ་གཅིག་དང་བཅས་པས་བཅུ་གཉིས་སོ། །ལྔའི་ཕྱོགས་ལ རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་དང་སེམས་མ་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་བཞི་དང་དགུ་ལ་གཅིག་གོ་། སྒེག་མོ་ལ་སོགས་པའི་ལྷ་མོ་བརྒྱད་ལ་གཅིག་གོ་།རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་དྲུག་ལ་གཅིག་གོ། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ལ་གཅིག་གོ་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཁྲོ་བོ་བཞི་རྣམས་ལ་གཅིག་གོ་།ལས་ཐམས་ཅད་པའི་བུམ་པ་གཅིག་དང་བཅས་ཏེ་དྲུག་གོ་།དེ་ལ་ལས་ཐམས་ཅད་པའི་བུམ་པའི་མཚན་ཉིད་ནི་ལྟོ་བཟླུམ་པོ་ལ ཆ་ལྔ་བཅུ་པ་ཆ་གཅིག་གིས་མཆོག་པའོ། །ཇི་སྲིད་མཆུའི་མཐར་ཐུག་པའི་དཔངས་སུ་ཆ་ཉི་ཤུ་རྩ་གཅིག་གོ་།དེའི་མཆུ་འོག་ཏུ་འཆང་བ་ལ་ཆ་གཉིས་སོ། །ཁའི་བུག་པ་ལ་ཆ་བཅུ་གསུམ་མོ། །མགྲིན་པའི་འོག་གི་བུག་པ་ལ་ཕྱེད་དང་བཅས་པའི་ཆ་ལྔའོ། །མགྲིན་པའི དཔངས་ལ་?་པས་ལྷག་པའི་སོར་བརྒྱད་དོ། །མཆུའི་འོག་གི་ཆར་འཕྲེད་ལ་རྐང་པ་དང་བཅས་པའི་ཆ་བཅུ་དྲུག་གོ་།དེ་ནས་དཀར་པོས་ཁ་བསྒྱུར་ནས་དཀར་པོར་བྱས་ལ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་མཚན་མ་རྣམས་བྲི་བར་བྱའོ། །རྣམ་པར་སྣང་མཛད་ཆེན་པོའི་རྡོ རྗེ་རྩེ་ལྔ་པ་དཀར་པོའོ། །སེམས་མ་རྡོ་རྗེའི་མའི་རྡོ་རྗེ་སྔོན་པོའོ། །རིན་ཆེན་རྡོ་རྗེ་མའི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །ཆོས་ཀྱི་རྡོ་རྗེ་མའི་རྡོ་རྗེས་མཚན་པའི་པདྨའོ། །ལས་ཀྱི་རྡོ་རྗེ་མའི་སྣ་ཚོགས་རྡོ་རྗེའོ། །མི་བསྐྱོད་པའི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ། །རྡོ་རྗེ་སེམས་དཔའ་ཨི རྡོ་རྗེ་དཀར་པོའོ། །རྡོ་རྗེ་རྒྱལ་པོའི་རྡོ་རྗེ་མཚན་པའི་ལྕགས་གྱུའོ། །རྡོ་རྗེ་ཆགས་པའི་མདའའགེངས་པའོ། །རྡོ་རྗེ་ལེགས་པའི་རྡོ་རྗེ་དང་བཅས་པའི་ཕྱག་གཉིས་ཀྱིས་ལེགས་པ་རབ་ཏུ་སྦྱིན་པར་བྱེད་པའོ། །རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེས་མཚན་པའི་རིན་པོ་ཆེའི།། རྡོ་རྗེ་རིན་ཆེན་གྱི་རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཕྲེང་བའོ། །རྡོ་རྗེ་གཟི་བརྗིད་ཀྱི་ཉི་མའོ། །རྡོ་རྗེ་ཏོག་གི་མིང་བཞིན་ནོར་བུའི་རྒྱལ་མཚན་ནོ། །རྡོ་རྗེ་གཞང་པའི་རྡོ་རྗེས་མཚན་པའི་སོའི་ཕྲེང་བའོ། །འོད་དཔག་མེད་ཀྱི་རྡོ་རྗེ་མཚན་པའི་པདྨའོ། རྡོ་རྗེ་ཆོས་ཀྱི་དར་བ་དང་བཅས་པའི་པདྨའོ། །རྡོ་རྗེ་རྣོན་པོའི་རལ་གྲི་དང་པོ་ཏིའོ། །རྡོ་རྗེའི་རྒྱུའི་འཁོར་ལོ་རྩིབས་བརྒྱད་པའོ། །རྡོ་རྗེ་གསུང་བའི་ཆོས་ཀྱི་དུང་ངོ། །དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་ལས་ཀྱི་དེ་བཞིན་ནོ། །རྡོ་རྗེ་བསྲུང་བའི་རྡོ་རྗེ་ལས བྱས་པའི་གོ་ཆའོ། །རྡོ་རྗེ་གནོད་སྦྱིན་གྱི་རྡོ་རྗེས་མཚན་པའི་མཆེ་བ་བཟུང་ངོ། །རྡོ་རྗེ་མཆིམས་ཀྱི་རྡོ་རྗེ་ཁུ་ཚུར་དག་གིས་བཟུང་བའི་རྡོ་རྗེ་རྩེ་ལྔ་པའོ། །རྡོ་རྗེ་སྒེག་མོའི་རྡོ་རྗེ་གཉིས་སོ། །རྡོ་རྗེ་ཕྲེང་བ་མའི་རིན་པོ་ཆེའི་ཕྲེང་བ་པོའོ། །རྡོ་རྗེ་གླུ་མའི་པི་ཝང་ངོ། །རྡོ་རྗེ གང་མའི་རྡོ་རྗེ་རྩེ་གསུམ་གྱིས་མཚན་པའི་ལག་པ་གཉིས་སོ། །རྡོ་རྗེ་བདུག་སྤོས་མའི་ཕོག་ཕོར་རོ། །རྡོ་རྗེ་མེ་ཏོག་མའི་མེ་ཏོག་གི་སྣོད་དོ། །མར་མེ་མའི་མར་མའི་སྡོང་པོའོ། །དྲི་མའི་དྲེའི་དུང་སེར་པོའོ། །བྱམས་པའི་ཡལ་ག་དང་བཅས་པའི་ཀླུ་ཤིང་གི་མེ ཏོག་གོ་། དོན་ཡོད་གཟིགས་ཀྱི་སྤྱན་དང་བཅས་པའི་ཆུ་སྐྱེས་སོ། །ངན་སོང་ཀུན་འཇོམས་ཀྱི་ལྕགས་ཀྱུའོ། །མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ཀྱི་དབྱུག་པའོ། །སྤོས་ཀྱི་གླང་པོའི་དུང་ངོ། །དཔའ་བར་འགྲོ་བའི་རལ་གྲིའོ། །ནམ་མཁའ་མཛོད ཀྱི་པདྨ་ལ་གནས་པའི་ཆོས་ཀྱི་མཛད་དོ། །ཡེ་ཤེས་ཏོག་གི་ཡིད་བཞིན་ནོར་བུའི་རྒྱན་མཚན་ནོ། །བདུད་རྩི་འོད་ཀྱི་བུམ་པའོ། །ཟླ་འོད་ཀྱི་ཟླ་བའོ། །བཟང་སྐྱོང་གི་འབར་བ་དང་བཅས་པའི་རིན་པོ་ཆེའོ། །དྲ་བ་ཅན་གྱི་འོད་ཀྱི་རྡོ་རྗེའི་གུར་རོ། །རྡོ་རྗེ་སྙིང པོ་རི་རྡོ་རྗེ་དང་ཨཽཏཔལ་སྔོན་པོའོ། །བློ་གྲོས་མི་ཟད་པའི་བུམ་པའོ། །སྤོབས་པ་རྩིགས་པའི་པདྨ་ལ་གནས་པའི་རིན་པོ་ཆེ་བརྩེགས་པའོ། །ཀུན་ཏུ་བཟང་པོའི་རིན་པོ་ཆེའི་སྙེ་མའོ། །རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུའོ། །རྡོ་རྗེ་ཞགས་པའི་ཞགས་པའོ། རྡོ་རྗེ་རྒྱས་པའི་ལྕགས་སྒྲོག་གོ་། རྡོ་རྗེ་འབེབས་པའི་རྡོ་རྗེས་མཚན་པའི་དྲིལ་བུའོ།། །།དེའི་རྗེས་སུ་ཆུ་འགྲམ་དུ་རིན་པོ་ཆེ་ལྔ་དང། སྨན་ལྔ་དང། འབྲུ་ལྔ་དང། དྲི་ལྔ་བུམ་པའི་ནང་དུ་བྱས་ཏེ་ཡལ་ག་རྒྱས་པའི་ལོ་མས་ཁ་བརྒྱན་ཏེ་མེ་ཏོག་གི་ཕྲེང་པ དང་བཅས་ཤིང་གོས་གཟུང་གིས་མགུལ་པ་བརྒྱན་ནས་རྒྱལ་མཚན་དང། དར་དང། གསེར་ལས་བྱས་པའི་ཐིག་ལེ་དང། མིག་གཉིས་དང། ལེ་བརྒན་རྩི་དང། མཆོད་ཕྱིར་ཐོགས་ཀྱིས་ཉེ་བར་བརྒྱན་པར་བྱས་ལ། འབྲས་ཡོས་དང། འབྲུ་མཉམས་པ་དང། མེ ཏོག་དང། པྲི་ཡང་ཀུ་དང། གོ་ཡུ་རྣམས་ཀྱིས་ནང་བཀང་སྟེ། ཀུ་ཤ་སར་པའི་སྟན་འཁྱིལ་པ་ལ་བཞག་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཱུར་བ་དང། ཀུན་དང། ས་ལ་མ་ལྷུང་བའི་བའི་ལྕེ་བ་དང། རས་དཀར་པོ་རྣམས ཀྱིས་བསྲུང་བར་བྱའོ། །དེ་ནས་སློབ་དཔོན་ཁྲུས་བྱས་ནས་མཉམ་པར་འདུག་སྟེ། མྱུར་དུ་བཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་གྱི་བུམ་པ་ལ་ཨ་ཡིག་ལས་སྐྱེས་པའི་ཆོས་འབྱུང་དཀར་པོ་ནང་དུ་གནས་པ་བསྒོམ་པར་བྱའོ། །དེའི རྫས་སུ་རང་རང་གི་ས་བོན་གྱི་མཚན་མ་ཡོངས་སུ་གྱུར་པ་ལས་རང་རང་གི་ལྷ་རྣམས་རྣམ་པར་བསམ་པར་བྱའོ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མདུན་དུ་ལྟས་ནས་ཞབས་བསིལ་དང་ཞལ བསིལ་ལ་སོགས་པ་དབུལ་བར་བྱའོ། །དེ་དམ་ཚིག་སེམས་དཔའ་ལ་བཅུག་སྟེ་ཆགས་པ་ཆེན་པོས་བཞུ་ནས་སླར་ཡང་བྱང་ཆུབ་སེམས་ཀྱི་གཟུགས་ཀྱིས་བདུད་རྩིར་གྱུར་པར་བསམ་པར་བྱའོ། །མཚོན་མ་ལ་དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ་དག གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་མེ་ཏོག་གི་ཕྲེང་བ་དང་བཅས་ཏེ་སྐུད་པ་ལྔ་རྡོ་རྗེ་ལ་བཅིངས་ཏེ་བུམ་པ་ལ་བཞག་ནས་གཡོན་པ་དྲིལ་བུ་དང་བཅས་པའི་གཡོན་པའི་ཁུ་ཚུར་གྱིས་བཟུང་ངོ། །ོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ་ཞེས་པ་ནི་འཁོར ལོའི་དབང་ཕྱུག་གི་སྙིང་པོའི་སྔགས་ཏེ་ལན་བདུན་དུ་མངོན་པར་བསྔག་པར་བྱའོ། །ོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ནི་ལས་ཐམས་ཅད་པའི་སྔགས་ཏེ། གསུམ་དུ་མངོན་པར་བསྔག་པར་བྱའོ། །ཡང་རྡོ་རྗེ་གནོད་བྱིན་གྱི་སྔགས་ཀྱིས་དེ་བཞིན་དུ བསྔགས་ཏེ་མེ་ཏོག་གསུམ་གཞུག་པར་བྱའོ། །སོ་སོའི་སྔགས་ནི་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེའི་རྗེས་སུ་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་ལས་ཐམས་ཅད་པའི་བུམ་པ་བཟུང་ནས་མངོན པར་བྲན་ཏེ་གཏོར་མ་ཕུལ་ནས་ཀུན་ཁྱབ་ཅེས་པ་ལ་སོགས་པའི་བསྟོད་པ་སྔོན་དུ་སོང་བས་དྲིལ་བུ་དཀྲོལ་བར་བྱའོ། །ཀུན་ཁྱབ་སྲིད་པའི་རྩེ་མོའི་རྩེའི། །བདེ་གཤེགས་རྒྱལ་བའི་བདག་པོ་སྟེ། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྣམ་པར་སྣང་མཛད་ཕྱག འཚལ་བསྟོད། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །རྡོ་རྗེ་རིན་ཆེན་ཁྱོད་ཕྱག་འཚལ། །རྡོ་རྗེ་ཆོས་ཁྱོད་ཕྱག་འཚལ་བསྟོད། །རྡོ་རྗེ་ལས་ཁྱོད་ཕྱག་འཚལ་ལོ། །དེ་ནས་བུམ་པ་དེ་རྣམས་ནས་ཆུ་ཅུང་ཟད་བླངས་ཏེ་ལས་ཐམས་ཅད་པའི་བུམ་པར་བླུག་གོ། སློབ་དཔོན་གང་ཞིག་རྡོ་རྗེ་དབྱིངས་ལ་མི་སྤྲོན་དེའི་རང་གི་ཡི་དམ་ལྷའི་སྤྲོ་བས་སོ་སྦྱང་པ་དང་རབ་ཏུ་གནས་པའི་མཐར་ཐུག་པའི་བྱ་བ་ཐམས་ཅད་བྱེད་པ་ལ་འགལ་བ་མེད་དོ། ། །།ད་ནི་བུམ་པ་གཞག་པའི་རིམ་པ་བརྗོད་པར་བྱ་སྟེ། དེ་ལ་དཀྱིལ འཁོར་གྱི་ཤར་གྱི་སྒོ་ནས་བརྩམས་ནས་གཡས་སྐོར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་རྣམས་ནས་མི་བསྐྱོད་པའི་བུམ་པའི་མཐར་ཐུག་པ་དགོད་པར་བྱའོ། །ཤར་གྱི་སྒོ་ལ་འཁོར་ལོའི་དབང་ཕྱུག་གི་རྣམ་པར་རྒྱལ་བའི་བུམ་པ་དང། དེའི རྗེས་སུ་རིམ་གྱིས་རྡོ་རྗེ་ལྕགས་ཀྱུ་དང། རྡོ་རྗེ་ཆགས་པ་དང། རྡོ་རྗེ་ལེགས་པ་དང། ངན་སོང་ཀུན་འཇོམས་དང། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་དང། རྡོ་རྗེ་སྒེག་མོ་དང། སེམས་མ་རྡོ་རྗེ་མ་དང། རྡོ་རྗེ་བདུག་སྤོས་མ་དང། སྤོས ཀྱི་གླང་པོ་དང། དཔའ་བར་འགྲོ་བ་དང། རྡོ་རྗེ་གཟི་བརྗིད་དང། རྡོ་རྗེ་རིན་ཆེན་རྣམས་ཀྱི་བུམ་པ་བཅུ་གསུམ་མོ། །དེ་བཞིན་དུ་ལྷོའི་སྒོ་ནས་བརྩམས་ནས་རིན་ཆེན་འབྱུང་ལྡན་དང། རྡོ་རྗེ་ཞགས་པ་དང། རྡོ་རྗེ་ཏོག་དང། རྡོ་རྗེ་བཞད་པ་དང། ནམ་མཁའ་མཛོད་དང ཡེ་ཤེས་ཏོག་དང། རྡོ་རྗེ་ཕྲེང་བ་མ་དང། རིན་ཆེན་རྡོ་རྗེ་མ་དང། རྡོ་རྗེ་མེ་ཏོག་མ་དང་བདུད་རྩི་འོད་དང། ཟླ་འོད་དང། རྡོ་རྗེ་རྣོན་པོ་དང། རྡོ་རྗེ་ཆོས་རྣམས་ཀྱི་བུམ་པ་བཅུ་གསུམ་མོ། །དེ་བཞིན་དུ་ནུབ་སྒོ་ནས་བརྩམས་ནས་འོད་དཔག་མེད་དང། རྡོ་རྗེ་རྒྱས་པ དང། རྡོ་རྗེ་རྒྱུ་དང། རྡོ་རྗེ་གསུང་བ་དང། བཟང་སྐྱོང་དང། དྲ་བ་ཅན་གྱི་འོད་དང། རྡོ་རྗེ་གླུ་མོ་དང། ཆོས་རྡོ་རྗེ་མ་དང། རྡོ་རྗེ་མར་མེ་མ་དང། རྡོ་རྗེ་དྲི་མ་དང། བློ་གྲོས་མི་ཟད་པ་དང། རྡོ་རྗེ་བསྲུང་བ་དང། རྡོ་རྗེ་ལས་རྣམས་ཀྱི་བུཾ་པ་བཅུ་གསུམ་མོ། །དེ་བཞིན དུ་བྱང་སྒོ་ནས་བརྩམས་ནས་དོན་ཡོད་གྲུབ་པ་དང། རྡོ་རྗེ་འབེབས་པ་དང། རྡོ་རྗེ་གནོད་སྦྱིན་དང། རྡོ་རྗེ་མཚམས་དང། སྤོབས་པ་བརྩེགས་པ་དང། ཀུན་ཏུ་བཟང་པོ་དང། རྡོ་རྗེ་གར་མ་དང། ལས་ཀྱི་རྡོ་རྗེ་མ་དང། དྲི་རྡོ་རྗེ་མ་དང། བྱམས་པ་དང། དོན་ཡོད་གཟིགས་དང། རྡོ་རྗེ་རྒྱལ་པོ་དང། རྡོ་རྗེ་སེམས་དཔའ་དང། མི་བསྐྱོད་པ་རྣམས་ཀྱི་བུམ་པ་བཅུ་བཞི་རྣམས་སོ། །ལས་ཐམས་ཅད་པའི་བུམ་པ་ནི་དབང་ལྡན་གྱི་ཕྱི་རོལ་གྱི་ཕྱོགས་བལྟས་ནས་བུམ་པའི་འཕྲེང་བ་རྣམས་ཀྱི་བར་དུ་གཞག་པར བྱའོ། །དེའི་ཕྱིར་དང་པོ་ལྷག་པར་གནས་པར་བྱས་པའི་བུམ་པ་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་ལ་གཡས་ཕྱོགས་སུ་བསྐོར་བ་ལ་ལན་རེ་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོའི་འཁོར་ལོ་དང་འོད་ཟེར་གྱི་ཕྲེང་བའི་སའི་ཕྱི་རོལ་ཏུ་བུམ་པ་རྣམས གཞག་པར་བྱའོ། །བུམ་པ་དགོད་པའི་དུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་རྣམས་བཀླག་པར་བྱའོ། །ག་བུར་དང་ཨ་ཀ་རུ་དང་སིཧལ་ལ་སོགས་པའི་བདུག་སྤོས་ཀྱི་སྣོད་དང་མར་མེ་ལ་སོགས་པ་རྣམས་ཀྱིས་ཀྱང དཀྱིལ་འཁོར་ལ་མཆོད་པར་བྱའོ། །དེ་ནས་སྔ་དྲོའི་ཐུན་ལ་སློབ་དཔོན་དྲི་བཟངས་ཀྱི་ཆུ་ལ་ཁྲུས་བྱས་ནས་ལས་ཐམས་ཅད་པའི་བུམ་པའི་ཆུས་བདག་ཉིད་ལ་འཐོར་འཐུང་བྱས་ནས་བསྲུང་བའི་འཁོར་ལོ་ལ་སོགས་པ་བསྒོམ་པ་དང་སྔགས་དང ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར་བསྲུང་བར་བྱའོ། །རྡོ་རྗེ་དང་དྲིལ་བུ་བཟུང་ནས་ཨོཾ་བཛྲ་ཨཽད་བྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་འདི་བརྗོད་ནས་སྒོ་དབྱེ་བར་བྱའོ། །ཏིང་ངེ་འཛིན་གསུམ་བསྒོམ་པར་བྱས་ནས། ཡང་དཔུང་བཟང་གི་ཚིགས་སུ་བཅད པ་རབ་ཏུ་བྱེད་པ་དྲུག་པ་ནས་བཤད་པའི་ཆོ་གས་གཏོར་མཆེན་པོ་ཕུལ་ཏེ། དེ་ལ་གནས་པའི་ལྷ་རྣམས་ཡིད་ཀྱིས་ནམ་མཁའ་ལ་བཞུགས་སུ་གསོལ་ལོ། །འདིར་གཙུག་ལག་ཁང་ལ་སོགས་པའི་ས་གཞི་ལ་བགེགས་རྣམས་མེད་པར་བསམ་པར་བྱའོ། །དེའི རྗེས་ལ། ཤར་དང་བྱང་དུ་བརྒྱུག་པ་ཡི། །རི་མོ་བདུན་བདུན་རབ་ཏུ་སྦྱར། །རེ་མིག་སུམ་ཅུ་རྩ་དྲུག་སྟེ་།མཉམ་དུ་ཁང་པའི་ས་གཞི་པོ་ལ། །དབུས་ཀྱི་གནས་ནི་བཞི་པོ་ལ། །དེ་ལ་སྔགས་པ་གནས་པར་བྱ། །དེ་ཕྱི་མེ་མཚམས་རེ་མིག་སོགས། །རེ་མིག་བཅུ་གཉིས གོ་རིམས་བཞིན། །སྤྲིན་གྱི་སྒྲེ་དང། ཁྲོ་བོ་གཟེགས་མ་དང། ཤེས་རབ་མཐར་བྱེད་དང། གསུས་པོ་ཆེ་དང། འཇིག་རྟེན་གསུམ་རབ་ཏུ་སྒྲུབ་པ་དང། པདྨ་མཐར་བྱེད་དང། རྒྱལ་བ་དང། དཔའ་བོ་རྣམ་པར་གནོན་པ་དང། བདུད་རྩི་འཁྱིལ་པ་དང། རྣམ པར་རྒྱལ་བ་དང། རྣམ་པར་རྒྱལ་བ་ཆེན་པོ་དང། གཤིན་རྗེ་མཐར་བྱེད་རྣམས་གཡས་སྐོར་གྱིས་བཀོད་ནས་མཆོད་པར་བྱའོ། །དེ་བཞིན་དུ་དེའི་ཕྱིར་མེ་ལ་སོགས་པའི་རོ་མིག་ཉི་ཤུ་པོ་རྣམས་ལ་ཊཀྐི་དང། མཐར་སྤྱོད་དང། རྡོ་རྗེ་ཞགས་པ་དང། ཡལ ག་ཅན་དང། རིན་ཆེན་གཙུག་ཏོར་དང། དབྱུག་པ་སྔོན་པོ་དང། སྦྱང་དཀའ་བ་དང། རྡོ་རྗེ་རྒྱས་པ་དང། འཇིགས་བྱེད་དང། རབ་ཏུ་གཏུམ་པོ་དང། སྟོབས་པོ་ཆེ་དང། གོམ་བསྐྱོད་དང། རྡོ་རྗེ་འབེབས་པ་དང། རྡོ་རྗེ་གད་རྒྱངས་དང། རྡོ་རྗེ་རྣམ་འཇོམས་དང མི་གཡོ་བ་དང། རྣམ་འཇོམས་དང། རྡོ་རྗེ་ལྕགས་ཀྱུ་དང། རྡོ་རྗེ་གནམ་ལྕགས?་དང། བལྟ་བར་མི་བཟོད་པ་རྣམས་དགོད་པར་བྱས་ནས་མཆོད་པར་བྱའོ། །དེ་ལ་སྤྲིན་གྱི་སྒྲ་དང། གསུས་ཆེ་དང། རྒྱལ་བ་དང། རྣམ་པར་རྒྱལ་བ་རྣམས་དང་པོར་མཆོད་པར་? རང་རང་གི་རེ་མིག་ལ་རང་རང་གི་ཕུར་བུས་གདབ་པར་བྱའོ། །ོཾ་ཨཱརྣམས་ཀྱིས་རང་རང་གི་རེ་མིག་རྣམས་ལ་རང་རང་གི་ཕུར་བུས་གདབ་པར་བྱའོ། །ོཾ་ཨཱ་ཨོཾ་ཨཱཔ་ལཱ་ལཱ་ཡ་ཧཱུཾ་སྭཱ་ཧུ། ཨོཾ་ཨཱམཱ་ཡ་ཧཱུཾ་སྭཱཧཱ། ཨོཾ་ཨཱཊཊ་ཏ་སཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱམེད་ཅིང་དུམ་བུ་གཅིག་ཏུ་གྱུར་པ་རྡོ་རྗེའི་ར་བ་དང། གུར་དང་མདའི་དྲ་བ་དང། བ་དན་དང། འོག་གི་གནས་ཀྱང་འབར་ཞིང་འབར་བཟོད་པར་དཀའ་བའི་སྣ་ཚོགས་རྡོ་རྗེའི་ས་གཞིར་རྣམ་པར་བསྒོམ་མོ། །དེའི་དབུས་སུ་མྱུར་དུ་བདག་ཉིད་རྡོ་རྗེ སེམས་དཔའ་ཨི་གཟུགས་སོ། །གཞན་དུ་ཡང་བསྒྱུར་ཏེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང། མིང་གཞན་རྡོ་རྗེ་ཧཱུཾ་མཛད་ཅེས་པ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མ་ཞབས་གཉིས་ལས་གཡས་བརྐྱང་བས་མནན པ་ཁྲོ་བོ་བསྐལ་པའི་དུས་ཀྱི་མཛའ་ཨི་མའི་འོད་ཟེར་གྱི་ཚོགས་པ་འདྲ་བ། འགྲོ་བ་མ་ལུས་པའི་བགེགས་ཀྱི་ཚོགས་རྣམས་ཟ་བར་བྱེད་པ་ལྟ་བུ་སྔོན་པོ་དང་སེར་པོ་དང་ལྗང་གུའི་རྩ་བ་དང། གཡས་དང་གཡོན་པའི་ཞལ་གསུམ་གསལ་བར་བྱས་པ། མཆེ་བ གཙིགས་ཤིང་ལྗགས་བསྐྱོད་པ་ཞལ་སོ་སོའི་སྨིན་མ་འཁྱོག་པོ་བསྡུས་པ། དམར་ཞིང་ཟླུམ་པོའི་སྤྱན་གསུམ་པ་ཕྱག་རྒྱ་དྲུག་དང་ལྡན་པ་དཔྲལ་བའི་སྟེང་དུ་ཐོད་པ་ལྔ་དང་མི་མགོ་རློན་པ་ཁྲག་འཛག་པའི་ཕྲེང་བ་འཕྱང་བ་འཕྱང་བས་རྣམ་པར་བརྒྱན་པ་དེའི་མགོ པོའི་སྐ་རགས་དང། སྟག་གི་པགས་པའི་ཤམ་ཐབས་འཛིན་པ་སྐྲ་དམར་སེར་གྱེན་དུ་འབར་ཞིང་དགའ་བོ་སྔོན་པོས་དཀྲིས་པའོ། །འཇོག་པོ་ལ་སོགས་པ་ཀླུའི་རྒྱལ་པོ་རྣམས་ཀྱིས་བརྒྱན་ཅིང་རྡོ་རྗེ་དྲིལ་བུས་མཚན་པའི་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ཏེ རྒྱབ་གཉིས་སྦྱར་ནས་མཐེ་ཆུང་གཉིས་ལྕགས་སྒྲོག་བཞིན་དུ་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པའོ། །གཡས་པའི་ཕྱག་གཉིས་ལྕགས་ཀྱུ་དང་ཞགས་པའོ། ། གཡོན་པ་དག་ན་ཐོད་པ་དང་ཁ་ཊཝཱཾ་ག་འཛིན་པའོ། །ཕྱོགས་ཀྱི་ཞལ་ཞལ་ནས་ཧཱུཾ་གི་སྒྲ་སྒྲོག་པ་རང་གི་སྙིང་གའི་ཧཱུཾ་གི་ཡི་གེའི་འོད་ཟེར་འཕྲོས་པས་ཕྱོགས་ཕྱོགས་ནས་བགེགས་རྣམས་དགུག་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒྲུབ་པ་པོ་སྤྲིན་གྱི་སྒྲ་ལ་སོགས པའི་རྣམ་པར་སོ་སོར་བསྒྱུར་བར་བྱས་ལ་རང་རང་གི་ཕུར་བུ་གདབ་པར་བྱའོ། །དང་པོ་མེའི་མཚམས་ལ་སོགས་པའི་ཟུར་བཞི་ལ་ཕྱི་རོལ་དུ་འཆད་པར་འགྱུར་བའི་རང་རང་གི་སྔགས་ཀྱིས་ཕུར་བུས་གདབ་པར་བྱའོ། །དེ་ཡང་?་བུའི་རིང་པའི་ཚད་ནི་སོ?་བཅོ་བརྒྱད དང་བཅུ་གཉིས་དང་བརྒྱད་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་སོར་དྲུག་དང་བཞི་དང་ཕྱེད་ཀྱིས་ལྷག་པའི་གཉིས་ཀྱི་ཚད་ཀྱིས་བསྲིང་བར་བྱའོ། །གསེར་ལས་སྐྱེས་དང་སེང་ལྡེང་དག་ལ་ཐམས་ཅད་པའི་བུམ་པའི་ཆུས་བཀྲུས་ལས་ཐམས་ཅད་པའི་སྔགས་ཀྱིས བྱིན་གྱིས་བརླབ་པོ། །དེ་ནས་རི་མོ་ཉི་ཤུ་རྩ་བརྒྱད་ཀྱི་རྩེ་མོ་ལ་གོ་རིམས་བཞིན་དུ་དང་པོ་དབང་ལྡན་ནས་བརྩམས་ཏེ་མི་གཡོ་བ་དང། རྣམ་འཇོམས་དང། རྡོ་རྗེ་ལྕགས་ཀྱུ་དང། རྣམ་པར་རྒྱལ་བ་ཆེན་པོ་དང། གཤིན་རྗེ་མཐར་བྱེད་དང། རྡོ་རྗེ་གནམ་ལྕགས་དང བལྟ་བར་མི་བཟོད་པ་རྣམས་ཀྱི་སྔོན་པོ་དང། སེར་པོ་དང། དཀར་པོ་དང། སྐྱ་བོ་དང། སྔོན་པོ་དང། སེར་པོ་དང། དཀར་པོ་རྣམས་དོན་གྲུབ་དང་ཙན་དན་དམར་པོ་རྣམ་པར་བྱུགས་ཏེ། མེ་ཏོག་དམར་པོ་དང་མཆོད་ཕྱིར་ཐོགས་ཀྱིས་ཉེ་བར་བརྒྱན་ཏེ། ལྟེ་འོག་མན ཆད་རྩེ་མོ་གཅིག་པའི་རྣམ་པ་སྟེ་མི་གཡོ་བ་ལ་སོགས་པའི་ཁྲོ་བོའི་མིང་གི་རྣམ་པའོ། །དེ་བཞིན་དུ་མེའི་མཚམས་ནས་བརྩམས་ཏེ་ཊཀྐི་དང། མཐར་སྤྱོད་པ་དང། རྡོ་རྗེ་ཞགས་པ་དང། ཁྲོ་བོ་གཟེགས་མ་དང། ཤེས་རབ་མཐར་བྱེད་དང། འབྲོས་པ་དང། རིན ཆེན་གཙུག་ཏོར་རྣམས་ཀྱི་སྔོན་པོ་དང། སྐྱ་བོ་དང་ནག་པོ་དང། སྔོན་པོ་དང། དཀར་པོ་དང། ལྗང་གུ་དང། སེར་པོ་རྣམས་སོ། །ལྷག་མ་སྔོན་བཞིན་དུའོ། །དེ་བཞིན་དུ་དང་པོ་བདེན་བྲལ་ནས་བརྩམས་ཏེ་དབྱུག་པ་སྔོན་པོ་དང། སྦྱང་དཀའ་བ་དང། རྡོ་རྗེ་རྒྱས་པ་དང འཇིག་རྟེན་གསུམ་རབ་ཏུ་སྒྲུབ་པར་བྱེད་པ་དང། པདྨ་མཐར་བྱེད་དང། འཇིགས་བྱེད་དང། རབ་ཏུ་གཏུམ་པོ་རྣམས་སྔོན་པོ་དང། སེར་པོ་དང། དམར་པོ་དང། སྔོན་པོ་དང། དམར་པོ་དང། ལྗང་གུ་དང། སེར་བ་རྣམས་ཀྱང་འདིར་སྔོན་བཞིན་དུའོ། །དེ་བཞིན་དུ དང་པོ་རླུང་གི་མཚམས་ནས་བརྩམས་ཏེ། སྟོབས་པོ་ཆེ་དང། གོམ་བསྐྱོད་དང། རྡོ་རྗེ་འབེབས་པ་དང། དཔའ་བོ་རྣམ་པར་གནོན་པ་དང། བདུད་རྩི་འཁྱིལ་པ་དང། རྡོ་རྗེ་གད་རྒྱངས་ཅན་དང། རྡོ་རྗེ་རྣམ་འཇོམས་རྣམས་སྔོན་པོ་དང། སྔ་པ་སངས་དང སྣ་ཚོགས་མདོག་དང། དཀར་པོ་དང། སྔོན་པོ་དང། དཀར་པོ་དང། ལྗང་གུ་རྣམས་སོ། །འདིར་ཡང་ལྷག་མ་རྣམས་སྔོན་བཞིན་དུའོ། །དེ་ནས་ཡང་མི་གཡོ་བ་ལ་སོགས་པ་ཁྲོ་བོ་ཉི་ཤུ་རྩ་བརྒྱད་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཐོ་བས་མཚན་པ་ལག་པ་གཡས་ནས ལྟེ་བའི་སྟེང་དུ་རང་གཟུགས་སོ། །འོག་རྩེ་མོ་གཅིག་པའི་རྣམ་པ་ལག་པ་གཡོན་དུ་བསྒོམ་པར་བྱའོ། །ོཾ་བཛྲ་ཨ་ཙ་ལ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བི་གྷན་ཨཱཛྙཱ་པ་ཡ་ཏི་བཛྲ་དྷཱ་རགྱི་མགོ་ལ་ཕུང་བུས་གདབ་བོ། །ཕུར་བུ་མི་གཡོ་བའི་རྣམ་པར་བསམ་པར་བྱའོ། །དེ་བཞིན་དུ་ཨོཾ་བཛྲ་མུང་གར་བཛྲེ་ཀཱི་ལ་ཡ་ཨ་ཀོཊ་ཡ་ཧཱུཾ། ཞེས་བརྗོད་ནས་བརྡུང་བར་བྱའོ། །དེ་བཞིན་ཨོཾ་བཛྲ་བི་དྲཱ་བ་ཀཱ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བི་གྷྣཱན?་ཀཱ་ཡ་བཱཀྩིཏྟི?་ཀཱི་ལ་ལ་ཧཱུཾ་ཕཊ། ོཾ་བཛྲ་ཨཾ་ཀུ་ཥ་མཧཱ་ཀྲོདྷ་ཀཱི་ལ་ཡ་སརྦ་བིགྷྣཱན་ཛྙ་པ་ཡ་ཏི་བཛྲ་དྷ་ར:སརྦ་ཨ་མྲི་ཏེ་ཀཱ་རཱ་ཎཱ་ཀཱ་ཡ་བཀྩིཏྟི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཛཱ་ལ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་ཨཻནྡྲ་ཎཱི་ཀཱ་ཡ་བཱཀྩིཏྟི་ཀཱི་ལ་ཡི་ཧཱུཾ་ཕཊ། ཨོཾ་ཨཱ:ཡ་མཱནྟ? ཀྲིཏ་མཧ་ཀྲོདྷ་ཀཱི་ལ་ཡ་སརྦ་བིགྷཱནཱ་ཛྙཱ་ལ་ཡ་ཏི་བཛྲ་དྷཱ་རི:སཱུརྱ་ནཱཾ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀྩི་ཏཱཾ?་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ས་ནི་མཧཱ་ཀྲོ་དྷ་ཀཱཾ་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རར་ཨཱིཀྵ་མཧཱ་ཀྲོདྷ་ཀཱི་ལ་ཡ་སརྦ་བིགྷྣཱ?་ནཱ་ཛྙཱ་པ་ལ་ཏི་བཛྲ་དྷ་རབྱའོ། །ཤར་དུའོ། །ོཾ་བཛྲ་ཊཀྐི་རཱ་ཛ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨན་ཏ་ཙ་ར་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དྷརྨ་ཀི་ན་ན་ར་རཱ་ཛཱ་ས་པ་རི་བཱ་རཱ་ཎཱི་ཀཱ་ལ་བ་ཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཤ་མཧཱ་ཀྲོ་དྷ་ཀཱི་ལ་ཡ སརྦ་བིགྷྣནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་ཨརྠ་སིདྡྷི་བིདྱ་དྷ་རཱ་ན་སརྦ་དུཥྚ་ས་པ་རི་བ་རཱ་ཎཱཾ་ཀཱ་ཡ་བཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་ནི་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱ?ནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཀྩིཏྟཾ་ཀཱི་ལ་ལ་ཧཱུཾ?་ཕཏ། ཨོཾ་ཨཱ:པྲཛྙཱ་རྦ?་ཏ ཀྲིཏ་མཧཱ་ཀྲོ?་དྷ་ཀཱི་ལ་ཡཱ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་པཉྩ་ཤི་ཁ་གནདྷ་རྦ་རཱ་ཛ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀྩི་ཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བཱ་ལ་ཡ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏ་བཛྲ་དྷ་ར:སརྦ་དུཥྚ་བྷྲཾ་ག་རི་ཏི་ས་པ་རི་པཱ་རཱ་ཎཱཾ་ཀཱ་ཡ་བཀྩིཏྟཾ ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཏན་ཤི?་ཁ་ར་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་པ་ལ་བ་དྲ་ས་པ་རི་པཱ་རཱ་ཎཱཾ་ཀཱ་ཡ་བཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ལྷོ་རུའོ་ཨོཾ་ཨཱ:ནཱི་ལི་ད་ན་དཱ?་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:དརྦ་དུཥྚ ནི་རི་དྱ་ས་པ་རི་བཱ་རཱཏྲཱཾ་ཀཱ་ཡ་བཱཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱསརྦ་དུཥྚ་པེ་མ་ཙེ་ཏ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཀྩིཏྟཾ་ཀི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏྲེ་ལོ་ཀྱེ་པྲ་ས་དྷ་ཀ་མཧཱ་ཀྲོ་དྷ་ཀི་ལ་ཡ་སརྦ་བགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་བ་རུ་ཎ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ:པདམཱནྟ་ཀྲི་ཏཾ་མིཧཱ་ཀྲོདྷ་ཀཱི་ལ་ཡ སརྦ་བིགྷྣཱ?ནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་བ་རུ་ཎ་ས་པ་རི་པཱ་རཱ་ཎཱཾ་ཀྵ?་ཡ་བཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཕཱི་མ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱ་ནཱཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་བ་ལི་ར་སུ་རནྡྲ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ོཾ་བཛྲ་པྲ་ཙན་ཌ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་པྲཧལཱ་ད་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀྩི་ཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ནུབ་ཏུའོ། །ོཾ་ཨཱརི་བཱ་རཱ་ཏཱཾ་ཀཱ་ཡ་བཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ད་ནཱིཀྵེ་པ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་མཧཱ་ཀཱ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་བེ་ཤ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བྷིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར: སརྦ་དུཥྚ་བི་ནཱ་ཡ་ཀཱ་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀྩི་ཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ:བཱི་རི་བ་ཀྲཱནྟྲ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རདྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་ཛ་ཡ་ཀ་ར་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཊ་ཊ་ཧཱ་ས་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱ་ཛྙཱ་པ་ཡ་ཏི་བཛྲ་དྷ་རོཾ་བཛྲ་བི་དཱ་ར་ཎ་མཧཱ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱནཱཛྙཱ་པ་ཡ་ཏི་བཛྲ་དྷ་ར:སརྦ་དུཥྚ་བ་སཏྟ?་ས་པ་རི་བཱ་རཱ་ཎཱཾ་ཀཱ་ཡ་བཱཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཕཊ། བྱང་དུའོ། །དེ་བཞིན་དུ་བགེགས་ཀྱི་ཚོགས་རྣམས་ལ་ཕུར་བུས་གདབ་པས་ལུས་ཀྱི་ངན་དུ་སྤྱོད་བ་དང། ངག་གི་ངན དུ་སྤྱོད་པ་དང། ཡིད་ཀྱི་ངན་དུ་སྤྱོད་པ་རྣམས་བཅོམ་ནས་བདེ་བ་ཆེན་པོ་དང་དེ་བཞིན་ནོ་རོ་གཅིག་པར་ཡང་དག་པར་གནས་ཤིང་བགེགས་ལྷག་མ་རྣམས་རིང་དུ་འབྲོས་པར་བསམ་ཞིང་རྣམ་པ་ཐམས་ཅད་དུ་བགེགས་མེད་པའི་སའི་ཆ་ལྷག་པར གྲོལ་ལོ་ཞེས་པ་ནི་རིམ་པ་གཅིག་གོ་། ཡང་ན་ཨོཾ་ཨཱ:ཡ་མནྟ་ཀྲིཏ་སརྦ་དུཥྚ་ཨཽ་བེནྡྲཾ?་ས་པ་རི་བཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ:ཊཀྐི་རཱ་ཛཱ་སརྦ་དུཥྚ་བིགྷྣཱན?་ས་པ་རི་པཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ:མེ་གྷ་ནཱ་ད་མ་ཧཱ་ཀྲོ་དྷ་སརྦ་དུཥྚ་བིགྷྣཱཾ་ས་བ་རི་བཱ རཱ?་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ:པྲཛྙཱནྟ་ཀྲིཏ་སརྦ་དུཥྚ་ཡ་མཱ་ན་ས་པ་རི་བཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ:ནཱི་ལ་ད་ཎ་སརྦ་དུཥྚ་ནཻ་རི་ཏྱ་ས་པ་རི་པཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་མ་ཧོ་ད་ར་མཧཱ་ཀྲོ་དྷ་སརྦ་དུཥྚ་བིགྷྣཱཾ?་ས་པ་རི་བཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཀྲིཏ་སརྦ་དུཥྚ་ནཱ་གཱཾ་ས་པ་རི་བཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ:མཧཱ་བ་ལ་སརྦ་དུཥྚ་པཱ་ཡཱུན་ས་པ་རི་བཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ:ཛ་ཡ་མཧཱ་ཀྲེ་དྷ་སརྦ་དུཥྚ་བིགྷྣཱཾ་ས་པ་རི་བཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ:བིགྷྣཱནྟ་ཀྲིཏ་སརྦ་དུཥྚ་ཀུ་བེ་རཱ་ན་ས་པ་རི?་བཱ་དཱ་ན ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱགཟིགས་མ་དང། འཇིག་རྟེན་གསུམ་རབ་ཏུ་སྒྲུབ་པ་དང། དཔའ་བོ་རྣམ་པར་གནོན་པ་རྣམས་ཀྱི་གནས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་གཤིན་རྗེ་དང། ཤེས་རབ་དང། པདྨ་དང། བགེགས་མཐར་བྱེད་རྣམས་ཤེས་པར་བྱའོ། །དེ་བཞིན་དུ་བལྟ་བར་མི བཟོད་དང། ཊཀྐི་དང། རིན་ཆེན་གཙུག་ཏོར་དང། དབྱུག་པ་སྔོན་པོ་དང། སྟོབས་པོ་ཆེ་དང། རྡོ་རྗེ་རྣམ་འཇོམས་དང། མི་གཡོ་བ་རྣམས་ཀྱི་གནས་རྣམས་ལ་ཊཀྐི་དང། སྤྲིན་གྱི་སྒྲ་དང། དབྱུག་པ་སྔོན་པོ་དང། གསུས་པོ་ཆེ་དང། སྟོབས་པོ་ཆེ་དང། རྒྱལ བ་དང། མི་གཡོ་བ་དང། རྣམ་པར་རྒྱལ་བ་རྣམས་ཏེ། ཁྲོ་བོ་བརྒྱད་ཤེས་པར་བྱའོ་ཞེས་པ་ནི་ཕུར་བུ་བཅུ་གཉིས་གདབ་བོ་ཞེས་པ་ནི་རིམ་པ་གཉིས་པའོ། །ཡང་ན་གཤིན་རྗེ་མཐར་བྱེད་ལ་སོགས་པའི་གནས་གང་ལ་རྡོ་རྗེ་ལྕགས་ཀྱུ་དང། རྡོ་རྗེ་ཞགས པ་དང། རྡོ་རྗེ་རྒྱས་པ་དང། རྡོ་རྗེ་འབེབས་པ་དང། ཁྲོ་བོ་བཞིའི་རྣམ་པའི་ཕུར་བུས་དེ་བཞིན་དུ་གཞན་ལའོ་ཞེས་པ་ནི་ཕུར་བུའི་ཆོ་གའོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་ནམ་མཁའ་ལ་དེ? བཞིན་གཤེགས་པ་ཐམས་ཅད་དམིགས་ཏེ་ཡང་དག་པར་མཆོད་པར་བྱའོ། །གཞོན་ནུ་མ་མཉམ་པས་བྱས་པ་འམ་དཔའ་བའ་ཨི་དྲིན་གྱིས་ཉོས་པའི་སྐུད་པ་ལྔ་ལྔ་དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་དང། ནག་པོའི་ཁ་དོག་རྣམས་སོ་སོར ཁ་བསྦྱར་ནས་བྲུཾ་ཨཾ་ཛྲཾ་ཁཾ་ཧཱུཾ་ཞེས་པ་དེ་བཞིན་གཤེགས་པ་ལྔའི་ས་བོན་རྫོགས་པས་དེ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་སུ་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་རྣམས་ལ་བྲུཾ་ཡིག་ལ་སོགས་པའི་ས་བོན་རྫོགས་པ་ལས ཡེ་ཤེས་ཀྱི་ཐིག་གི་འོད་ཟེར་གྱི་རང་བཞིན་རྣམས་བལྟའོ། །ོཾ་ཨཱཧཱུཾ། ཨོཾ་ཨཱགཉིས་རབ་ཏུ་བསྐྱོད་ནས་མིག་གི་རྫི?་མ་འབར་ཞིང་བསྟ་བའི་ལྕགས་ཀྱུས་དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་བསྐུལ་ནས་གདན་དྲངས་ཏེ་སོ་སོའི་ཁ་དོག་དེ་བཞིན་དུ་གཞུག་པར་བྱའོ། །དེའི་ཕྱིར་དེ་རྣམས་མེ་ལོང་ལྟ་བུ་ལ་སོགས པའི་ཡེ་ཤེས་ལྔའི་རང་བཞིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་སོ་རེ་རེ་ལ་ཡེ་ཤེས་བཞིའི་རྗེས་སུ་འབྲངས་ནས་ཉི་ཤུ་རྩ་ལྔའི་དབྱེ་བ་རྣམས་སུ་འགྱུར་རོ། །དེའི་རྗེས་སུ་ལས་ཐམས་ཅད་པའི་གཟུགས་ཀྱི་ལས་ཀྱི་སློབ་དཔོན་གྱི་བཟུང་ནས ལྷན་ཅིག་ཏུ་དང་པོ་རེ་རེ་ལ་སྐུད་པ་ལྔ་ལྔའི་ཐིག་སྐུད་བསྒྲིལ་བར་བྱའོ། །དེའི་རྗེས་སུ་དེ་བཞིན་དུ་བསྒྲིལ་བའི་ལྔ་པོ་ཐིག་སྐུད་གཅིག་ཏུ་བྱའོ། །ོཾ་ཨ་ནྱོ་ནྱཱ་ནུ་ག་ཏཱ:སརྦ་དྷརྨ:པ་ར་སྤ་རཱ་ནུ་པྲ་བིཥྚ་སརྦ་དྷརྨ:་ཏྱན་ཏཱ་ནུ་པྲ་པིཥྚཧཱུཾ་ཞེས་བརྗོད་ནས་བསྒྲིལ་པར་བྱའོ། །བསྒྲིལ་བ་བར་དུ་བལྟབ་ནས་གསེར་ལ་སོགས་པའི་སྣོད་དུ་བཞག་ནས་དྲི་དང་མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིས་མཆོད་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །ོཾ་བཛྲ་ས་མ་ཡ་སཱ་ཏྲཾ་མཱ་ཏི་ཀྲམ ཧཱུཾ། ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་བཟླས་ནས་ལྷག་པར་གནས་པར་བྱའོ། །ཡང་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་བུམ་པ་ཐམས་ཅད་ཀྱིས་ཆུས་ལེགས་པར་གཏོར་ཏེ་མེ་ཏོག་གཅལ་དུ་བཀྲམ་ནས་ནམ་མཁའ་ཨི་མཐིལ་དུ་སོང་སྟེ་ཡོངས? ལྷའི་དཀྱིལ་འཁོར་ལ་དམིགས་ཏེ་མཆོད་ཡོན་སྔོན་དུ་ཕུལ་ནས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཕྱག་འཚལ་ཏེ། རང་དེའི་རྣལ་འབྱོར་དང་ལྡན་པས་བྱང་ཕྱོགས་ཀྱི་སྒྲུབ་པ་པོ་ལས་ཐམས་ཅད་པའི་གཟུགས་སུ་རྣམ་པར་བསམ་མོ། །རང་དང་དེའི ཡང་གཡས་ཕྱོགས་དང་གཡོན་གྱི་མིག་དག་ལ་ཛཛ་ཡིག་ལས་སྐྱེས་པའི་འོད་ཟེར་སེར་པོ་ལ་ཟླ་བ་དང་ཉི་མ་བསམས་ནས་ཐིག་སྐུད་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ་ལེ་བར་གཟུང་བར་བྱའོ། །དེ་ལ་ཡང་བྱང་ཕྱོགས་ཀྱི་སྒྲུབ་པ་པོས་དེ་བཞིན་དུ་ཐིག་སྐུད བཟུང་ནས། ཛཛལྷོ་ཕྱོགས་སུ་ཁ་བྱང་དུ་ཕྱོགས་པས་ཚངས་པའི་ཐིག་གཉིས་ལྟེ་བ་ནས་མཉམ་དུ་བར་སྣང་ལ་གདབ་པར་བྱའོ། །ལག་པ་གཡས་པ་རྡོ་རྗེ་དང་བཅས་པའི་སོར་མོ་དག་གིས་ཐིག་སྐུད་བླངས་ཏེ་སེ་གོལ་གྱི་སྒྲ་དང་བཅས་པས་གདབ་བོ། །ཐིག་གདབ་པ་ཐམS ཅད་དུ་ཡང་ངོ། །ོཾ་བཛྲ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཧཱུཾ་ཨོཾ་ཏྲཾ་ཨ་ཧཱགཞུག་པར་བྱའོ། །འདིའི་སྒྲ་ནི་སེམས་ཅན་གྱི་དོན་དུ་འགྱུར་བའི་དུས་སོ། །དེ་འདིར་འོངས་སོ་ཞེས་པའི་བརྡའོ། །གང་གི་ཕྱིར་ཐམས་ཅད་དུ་ཡང་སློབ་དཔོན་དང་བྱང་ཕྱོགས་ཀྱི་སྒྲུབ་པ་པོ་ཡང་གཡས་བསྐོར་གྱིས་འགྲོ་བར་བྱའོ། །ནམ་མཁའ་ཨི ཐིག་གཉིས་བཞིན་དུ་ས་ལ་ཚངས་པའི་ཐིག་གཉིས་ཐིག་སྐུད་དང་བཅས་པའི་ལག་པ་དག་གིས་གདབ་པར་བྱའོ། །དེ་ནས་ཊཀྐིའི་ཕུར་བུའི་གནས་དང་རྡོ་རྗེ་རྣམ་འཇོམས་ཀྱི་ཕུར་བུ་དག་ལ་ཁ་མངོན་པར་ཕྱོགས་ཏེ་ཤར་ཕྱོགས་ཀྱི་ཐིག་གདབ་པར་བྱའོ།། དེའི་རྗེས་སུ་རྡོ་རྗེ་མཐར་སྤྱོད་པའི་ཕུར་བུ་ལ་ཕྱིན་ཏེ། རྡོ་རྗེ་གད་རྒྱངས་ཀྱི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་ཤར་གྱི་རྩ་བའི་ཐིག་གདབ་པར་བྱའོ། །དེ་ནས་ཁྲོ་བོ་སྟོབས་པོ་ཆེའི་ཕུར་བུ་ལ་བྱིན་ཏེ། རིན་ཆེན་གཙུག་ཏོར་གྱི་ཕུར་བུ་དག་ལ་ཁ་མངོན པར་ཕྱོགས་ཏེ་ནུབ་ཕྱོགས་ཀྱི་ཐིག་གདབ་བར་བྱའོ། །དེའི་རྗེས་སུ་རྐང་པ་བསྐྱོད་པའི་ཕུར་བུའི་གནས་དང། རྡོ་རྗེ་ཡལ་གའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་ནུབ་ཀྱི་རྩ་བའི་ཐིག་གདབ་པར་བྱའོ། །དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་རབ་ཏུ་གཏུམ་པོའི་ཕུར བུའི་གནས་དང་མི་གཡོ་བའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་བྱང་ཕྱོགས་ཏེ་བྱང་ཕྱོགས་ཀྱིས་ཐིག་གདབ་པར་བྱའོ། །དེའི་རྗེས་སུ་རྡོ་རྗེ་འཇིགས་བྱེད་ཀྱི་ཕུར་བུའི་གནས་དང་རྡོ་རྗེ་འཇོམས་པའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་བྱང་གི་རྩ པའི་ཐིག་གདབ་བར་བྱའོ། །དེ་ནས་རྡོ་རྗེ་བལྟ་བར་མི་བཟོད་པའི་ཕུར་བུ་ལ་བྱིན་ཏེ་དབྱུག་པ་སྔོན་པོའི་ཕུར་བུ་དག་ལ་གདོང་ཕྱོགས་ཏེ་ལྷོ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་རྡོ་རྗེ་གནམ་ལྕགས་ཀྱི་ཕུར་བུའི་གནས་དང་ཁྲོ་བོ་ཆེན་པོ་སྦྱང་དགའ་?་པའི་ཕུར བུ་དག་ལ་གདོང་མངོན?་དུ་ཕྱོགས་ཏེ་ལྷོའི་རྩ་བའི་ཐིག་གདབ་བོ། །དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཞགས་པའི་ཕུར་བུ་ལ་བྱིན་ཏེ་ཁྲོ་བོ་ཆེན་པོ་རྡོ་རྗེ་བདུད་རྩི་འཁྱིལ་པའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་གཞོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས རྡོ་རྗེ་འབེབས་པའི་ཕུར་བུ་ལ་བྱིན་ཏེ་ཤེས་རབ་མཐར་བྱེད་ཀྱི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་གཞོགས་ཀྱི་ཐིག་གདབ་པར་བྱའོ། །དེའི་རྗེས་སུ་པདྨ་མཐར་བྱེད་ཀྱི་ཕུར་བུའི་གནས་དང་རྡོ་རྗེ་ལྕགས་ཀྱུའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་གཞོགས?་ཀྱི ཐིག་བདབ་པར་བྱའོ། །དེ་ནས་གཤིན་རྗེ་མཐར་བྱེད་ཀྱི་ཕུར་བུའི་གནས་དང་རྡོ་རྗེ་རྒྱས་པའི་ཕུར་བུ་དག་ལ་གདོང་མངོན་པར་ཕྱོགས་ཏེ་གཞོགས་ཀྱི་ཐིག་གདབ་བོ། །ཐིག་གདབ་པ་ཐམས་ཅད་ལ་སཽ་ལ་གཡས་ཕྱོགས་སུ་བསྐོར་བ་རེ་རེ་བྱས་ནས་གདབ་གོ་། དེ་ནས་ཐིག་བཏབ་པའི་མཐར་བདེན་བྲལ་གྱི་མཚམས་སུ་ཕྱིན་ནས་དབང་ལྡན་དུ་ཁ་ཕྱོགས་ཏེ་གཏོར་མ་དང་མཆོད་པ་སྔོན་དུ་འགྲོ་བས། ཨོཾ་ཨཱཔ་རྣམས་ཀྱི་ཐུགས་ཀར་རབ་ཏུ་ཞུགས་ཏེ་ཁ་དོག་ལྔའི་ཐིག་སྐུད་ཇི་ལྟ་བའི་གནས་ལ་གནས་པར་བྱའོ། །ཞེས་པ་ནི་ཐིག་གདབ་པའི་རིམ་པའོ།། །།རྟགས་མེད་དངོས་གྲུབ་མེད་དེ་ཐིག་སྐུད་ཆད་གྱུར་བླ་མ་འཆི། །ཞེས་པའི་གསུང་ལས་མཚན་མ་རྣམས ནི་ཉེ་བར་མཚོན་པར་བྱ། །རྟགས་ནི་ཐིག་སྐུད་ཆད་དང་དུ་དང་ཐིག་སྐུད་འགོངས?་པ་དང། །ལུས་ལ་རེག་དང་མིང་ནི་ཡོངས་སུ་གྲགས་ལ་སོགས་པ་རྣམས། །དེ་ལ་ཐིག་སྐུད་ཆད་ནས་འདིས་སློབ་དཔོན་འཆིའོ། །ཁྱི་དང་ཅི་སྤྱད་དང་བྱ་རྒོད་དང་སྡིག་པའི་སྒྲ་བྱུང་ན་སྦྱིན་བདག འཆི་བར་བཤད་དེ། །ཞུམ་བུས་ཐིག་སྐུད་འགོངས་ན་དེའི་རུས་པ་ཡོད་དོ། །ཡང་ན་གླང་གིའོ། །ཕོང?་བུས་འགོངས་ན་དེའི་རུས་པའོ། །ཁྱི་ཡིས་འགོངས་ན་དེའི་རུས་པའོ། །ར་དང་ལུག་གི་འགོངས་ན་དེ་དག་གི་རུས་པ་འམ་ཡང་ན་བ་ལང་གི་རུས་པའོ། །རྟ་ཡིས ནི་རྟའི་རུས་པའོ། །གླང་པོ་ཆེ་ཡིས་ནི་གླང་པོ་ཆེའི་རུས་པའོ། །ཡང་ན་རྔ་མོའི་རུས་པའོ། །རྟ་མཆོག་གིས་ནི་དེའི་རུས་པ་འམ་མ་ཧེ་འམ་ཅེ་སྤྱང་གི་རུས་པའོ། །རི་དགས་ཀྱིས་ནི་རི་དགས་ཀྱི་རུས་པའོ། །གཟིག་གིས་ནི་གཟིག་གི་རུས་པའོ། །ཕག་པས་ནི སྟག་གི་རུས་པའོ། །སྟག་གིས་ནི་གླང་པོ་ཆེའི་རུས་པའོ། །བྱི་བས་ནི་བྱི་བའི་རུས་པའོ། །སྦྲུལ་གྱིས་ནི་སྦྲུལ་གྱི་རུས་པའོ། །རུས་སྦལ་གྱིས་རུས་སྦལ་གྱི་རུས་བའོ། །གལ་ཏེ་སློབ་དཔོན་ནམ། བཟོ་བོ་འམ། སྦྱིན་བདག་གམ། ངེས་པར་སྦྱོར་བའི་སྐྱེ བོ་རྣམས་ཀྱི་ནང་ནས་གང་ལ་ལ་མགོ་བོ་གཡའ་བར་གྱུར་ན་དེ་ལ་མི་གང་གི་འོག་ན་རུས་པ་ཡོད་དོ། །སྨིན་མཚམས་ཀྱི་རེག་བྱས་ནི་ཁྲུ་གསུམ་ན་གསེར་ཡོད་དོ། །ཡང་ན་མཆིང་བུའོ། །མིག་གི་རེག་བྱས་ནི་མིག་གི་མཐར་ཐུག་པའི་འོག་ནས་མུ་ཏིག་གོ་།ཁའི རེག་བྱས་ནས་ནི་ཁྲུ་གསུམ་གྱི་འོག་ན་སྒྲ་འམ་ཤིང་ཡོད་དོ། །སོའི་རེག་བྱས་ནི་ཁྲུ་གསུམ་ན་སོ་རྗེས་སུ་དཔག་པར་བྱའོ། །རྣ་བ་གཡའ་ན་རྣ་བ་མན་ཆད་ཀྱི་འོག་ཏུ་དངུལ་ལོ། །གསེར་རམ་ཡང་ན་བྱུ་རུར་འགྱུར་རོ། །མགྲིན་པའི་རེག་བྱས་ནི་དེའི་ཚད་ཀྱི་འོག་ན་ངོ ཤལ་ལོ། །ཡང་ན་ལྕགས་སྒྲོག་གམ། ཡང་ན་སོལ་བ་འམ་ལག་གདུབ་ཁྲུ་གསུམ་གྱི་འོག་ནའོ། །ཕྲག་པའི་རེག་བྱས་ནི་དེའི་ཚད་ཀྱི་འོག་ན་དེའི་རྒྱན་ནོ། །མཚན་འོག་གི་རེག་བྱས་ནི་མཆན་འོག་གི་ཚང་མན་ཆད་ན་ལྕགས་ཀྱི་སེལ་ལོ། །དཔུང་པ་ལ་ཟུག་རྔུ བྱུང?་ན་མགྲིན་པའི་ཚད་ཀྱི་འོག་ན་དེའི་རྒྱན་ནོ། །རྣ་བ་གཡས་པའི་རེག་བྱས་ནི་རྐེད་པ་ཙམ་གྱི་འོག་ན་ཐོང་པའམ་ཡང་ན་སའི་རང་བཞིན་གྱི་ཐོད་པའོ། །ལག་པ་གཡོན་པའི་རེག་བྱས་ནི་པུས་ནུབ་ཀྱི་འོག་ན་ཁྲིའི་རྐང་པའོ། །རྩིབS་ལོགས་གཡས་ན་མི་ཕྱེད ཙམ་གྱི་འོག་ན་རྡུལ་ལོ། །བརླའི་རེག་བྱས་ནི་རྐེང་པ་ཙམ་གྱི་འོག་ན་ཕྱུགས་ཀྱི་རུས་པའོ། །རྒྱབ་ཀྱི་རེག་བྱ་ནས་དི་རྒྱབ་ཀྱི་རུས་པ་སྟེ་དེའི་ཚད་ཀྱི་འོག་ནའོ། །རྐེང་པའི་རེག་བྱས་ནི་ཁྲུ་བོའི?་འོག་ན་ལྕགས་ཀྱི་མཐུར་མར་བཤད་དོ། །རྟགས་ཀྱི་རེག་བྱས་ནི་ཁྲུ་གང གི་ཚང་ན་ལྕགས་གསུམ་གྱི་སེལ་ལོ། །པུས་མོའི་རེག་བྱས་དེའི་རུས་པ་འམ་སོར་བཅུ་གཅིག་གི་འོག་ན་རྟའི་རྨིག་པའོ། །རྐང་པའི་རེག་བྱས་སོར་བཅུ་གཉིས་ཀྱི་འོག་ན་ཤཱལ་མའི་འམ་ཡང་ན་ཚེར?་མའོ། །རྐང་པའི་མཐེབ་ཆུང་གི་རེག་བྱས་སོར་བརྒྱད? ཀྱི་འོག་ན་འཁར་བའོ། །རྟིང་པའི་རེག་བྱས་སོར་བཅུ་གཉིས་ཀྱི་འོག་ན་ལྷང་ཚོར་རོ། །ཐིག་འདེབས་པའི་དུས་སུ་སྦྱིན་བདག་གི་རེག་བྱས་ནི་དུས་པའོ། །སྐྱེས་བུ་གཞན་གང་ཞིག་གམ་སྲོག་ཆགས་གང་ཞིག་གི་མིང་ཡོངས་སུ་གག་པ་ན་དེའི་རུས་པ་སྟེ དེ་ལ་ངེས་པར་ཡོད་དོ། །གང་ནས་བ་ལང་གློ་བུར་དུ་འོངས་ནས་གལ་ཏེ་ལྕི་བ་བཏང་ན་དེའི་འོག་ནས་ངེས་པར་དེའི་ཚད་ཀྱི་གསེར་ཡོད་དོ་ཞེས་པ་ནི་ངེས་པའོ། །གལ་ཏེ་བྱིས་པ་དང་གཞོན་ནུ་མ་འགའ་ཞིག་གློ་བུར་དུ་འོངས་ནས་དེར་ཕྱི་ས་བཅགས་ན་དེའི་འོག་ནས ངེས་བར་དེའི་ཚང?་ཀྱི་དངུལ་ལོ། །སྦལ་པའི་སྒྲ་གྲག་ན་ཆུའི་འཇིགས་པའོ། །ནེ་ཙོ?་དང། བྱིའུ་སཱ་རི་ཀ་དང། ངང་པ་དང། ཁུ་བྱུག་དང། རྨ་བྱ་དང། ཤང་ཤང་དང་དུད་པ་དང། ཁྱུ་མཆོག་རྣམས་ཀྱི་སྒྲ་ཡིད་དུ་འོང་བས་ནི་སྐྱེ་བོ་རྣམས་དགེ་བར་འགྱུར་རོ། །སེང་གེ དང་གླང་པོ་ཆེ་དང། སྤྲིན་གྱི་སྒྲ་ཡིད་དུ་འོང་བས་ནི་རིགས་དང། ནོར་དང། འབྲུ་དང། དོན་ཐོབ་པ་ལ་སོགས་པར་འགྱུར་རོ། །དུང་དང། བཀྲ་ཤིས་ཀྱི་གླུ་དང། བྱིས་པ་རྣམས་རྩེ་བར་བྱེད་ན་དོན་གྲུབ་པོ། །དུ་བ་མཐོང་ན་སེམས་སྡུག་བསྔལ་བའོ། །དན་པ་དང་དམན པ་དང། ནད་པ་དང། ཡོངས་སུ་མནང་བའི་སྐྱེ་བོ་མཐོང་ན་ནད་དོ། །རྒྱལ་མཚན་དང། གདུགས་དང། བ་དན་དང། དྲིལ་བུ་དང། རྒྱན་དང་ཟས་དང། ཞོའི་དབང་པོ་དང། མེ་འབར་བ་དང། འབྲས་བུ་དང། ཉ་ཟུང་དང། རྒྱལ་བའི་ཡན་ལག་ལ་སོགས་པ་མཐོང་ནད་གི? བར་འགྱུར?་རོ། །མཁས་པ་དང། བྲམ་ཟེ་དང། དགེ་སློང་དང། ལེགས་པའི་སྐྱེ་བོ་མཐོང་ན་ཆོས་ཀྱིའོ་ཞེས་པ་ནི་རྟགས་རྣམས་གསུངས་པའོ། །དེའི་རྗེས་སུ་ཐིག་འདེབས་པ་ན་སློབ་དཔོན་གྱིས་སྐྱེ་བོ་དང་ནོར་དང། སྟོབས་འཕེལ་བར་བྱ་བའི་ཕྱིར་ལག་པ་གཡས པ་རྡོ་རྗེ་དང་འདོད་པ་སྦྱིན་པའི་གསེར་གྱི་ཐུར་པ་དང་བཅས་ཏེ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་སྐོར་གྱིས་ཕྱོགས་ཀྱི་ཐིག་རྣམས་གྲི་བར་བྱའོ། །དེ་བཞིན་དུ་ལག་པ་གཡོན་པ་དྲིལ་བུ་དང་བཅས་ཏེ་རྩ་བའི་ཐིག་རྣམས་བྲི་བར་བྱའོ། །དེ་ནས་ཁང་པ ལ་ཀླུ་ཡོངས་སུ་བརྟག་པར་བྱའོ། །དེ་ལ་གཞུའི་ཁྱིམ་དུ་བཞུགས་པ་ནས་བརྩམས་ཏེ་ཉི་མ་དགུ་བཅུ་ཐམས་པ་སྟེ་ཇི་སྲིད་ཉའི་ཁྱིམ་དུ་མ་ཞུགས་བར་དུ་དེ་ལ་ལྷོ་ཕྱོགས་སུ་མགོ་བསྟན་ནུབ་ཏུ་ཁ་བསྟན་ནས་ཀླུ་ཉལ་ལོ། དེ་ནས་ཉའི ཁྱིམ་དུ་བཞུགས་པ་ནས་བརྩམས་ཏེ་ཇི་སྲིད་འཁྲིག་པའི་ཁྱིམ་དུ་མ་ཞུགས་པར་དུ་དེ་ལ་ནུབ་ཕྱོགས་སུ་མགོ་དང་བྱང་ཕྱོགས་སུ་ཁ་མངོན་པར་ཕྱོགས་ཏེ་ཀླུ་ཉལ་ལོ། །དེ་བཞིན་དུ་འཁྲིག་པའི་ཁྱིམ་དུ་ཞུགས་པ་ནས་བརྩམས་ཏེ་ཇི་སྲིད་བུ་མོའི་ཁྱིམ་དུ མ་ཞུགས་བར་དུ་དེ་ལ་བྱང་དུ་མགོ་དང་ཤར་དུ་ཁ་མངོན་པར་ཕྱོགས་ཏེ་ཀླུ་ཉལ་ལོ། །དེ་བཞིན་དུ་བུ་མོའི་ཁྱིམ་དུ་ཞུགས་པ་ནས་བརྩམས་ཏེ་ཇི་སྲིད་གཞུའི་ཁྱིམ་དུ་མ་ཞུགས་བར་དུ་དེ་ལ་ཤར་དུ་མགོ་དང་ལྷོར་ཁ་མངོན་པར་ཕྱོགས་ཏེ་གླུ་ཉལ་ལོ།། འདིར་བཤད་པ་ནི་ཆོས་ཀྱི་རིམ་པས་རེ་མིག་རེ་རེ་ལ་འཕོས་ཏེ་ཀླུའི་འཕོ་བར་འགྱུར་རོ། །ད་ནི་ཁང་པའི་ཀླུའི་མཆན་འོག་གི་ཆ་ལ་བརྐོ་སྟེ། དེ་ལ་མགོ་བོ་ནས་འོག་ཏུ་མིག་ཉི་ཤུ་རྩ་བདུན་ནོ། །རྒྱབ་ཀྱི་མཐར་ཕྱེད་དང་བཅས་པའི་རེ་མིག་བཅུ་གསུམ ཡོངས་སུ་སྤངས་པ་ནི་ས་བདག་ཀླུའི་མཆན་འོག་ནི་ཕྱོགས་སོ། །དེ་ཡང་རེ་མིག་དགུའི་སྲིད་དང་ཞེང་དུ་དེའི་ཕྱེད་དོ། །ཡང་ན་ཤར་གྱི་མཛའ་ལས་དང་ནུབ་ཀྱི་མཛའ་ལས་བཅུ་ཆ་ནི་མཆན་འོག་གི་སྲིད་དོ། །དེའི་ཕྱེད་ནི་ཞེང་ངོ། །མཆན་འོག་གི་སྟེང་དུ མགོ་བོའི་མཐར་ཐུག་པ་ལ་མཆན་འོག་གི་སྲིད་ཀྱི་སུམ་འགྱུར་རོ། །མཆན་འོག་གི་སྲིད་དང་ཞེང་དག་དང་མཉམ་པ་ནི་རྒྱབ་ཀྱི་མཐར་རོ། །དེ་བཞིན་དུ་ལྷོ་དང་བྱང་དང་ནུབ་དང་ཤར་དང་བྱང་དང་ལྷོ་ལའོ། །ས་བདག་ཀླུའི་མགོ་བོ་ལ་བརྐོས་ན་ཕ?་དང་བུ?་ལ སོགས་པ་འཆིའོ། །རྒྱབ་ཀྱི་ཕྱོགས་ལ་བརྐོས་ན་སྦྱིན་བདག་འཆིའོ། །ཡང་ན་ཡུལ་ནས་འཐོན་པར་འགྱུར་རོ། །མཇུག་མ་ལ་ནི་བ་ལང་དང་མ་ཧེ་ལ་སོགས་པ་ཉམས་པར་འགྱུར་རོ་ཞེས་སོ། །གཙུག་ལག་ཁང་གི་སའི་ཆ་ལས་བདག་ཀླུའི་མཚན་ཉིད་ཀྱི དོང་གང་བ་ས་བདག་ཀླུའི་མཆན་གྱི་ཆ་ལ་དང་པོ་བརྐོ་བར་བྱའོ། །ཁྲུ་བཅུ་དྲུག་གི་ཁང་མིག་ཉེ་བར་མཚོན་པར་འགྱུར་བ་ལ་གཙུག་ལག་ཁང་གི་སའི་ཆ་ལ་ཉི་མ་སོ་སོ་ལ་ཅུང་ཟད་རྐང་པས་དམན་པའི་སོར་བཅུ་གསུམ་ས་བདག་ཀླུའི་འཕོ་བར་འགྱུར་རོ། །དེ་བཞིན དུ་ཁྲུ་བཅུ་བཞིའི་ཚང་དུ་ཁང་མིག་ཏུ་ཉེ་བར་མཚོན་པར་འགྱུར་བ་ལ། གཙུག་ལག་ཁང་གི་སའི་ཆ་ལ་ཉི་མ་སོ་སོ་ལ་ཅུང་ཟད་ལྷག་པའི་ཕྱེད་དང་བཅས་པའི་ནས་གཅིག་གིས་ལྷག་པའི་སོར་བཅུ་གཅིག་གིས་ས་བདག་ཀླུའི་འཕོ་བར་འགྱུར་རོ། །དེ་བཞིན་དུ ཁྲུ་བཅུ་གཉིས་ཀྱི་ཚང་ཀྱི་ཁང་མིག་ཏུ་འགྱུར་བ་ལ་གཙུག་ལག་ཁང་གི་སའི་ཆ་ལ་ཉི་མ་སོ་སོ་ལ་ཅུང་ཟད་བཞི་གསུམ་གྱིས་དམན་པའི་ནས་ལྷག་པའི་སོར་དགུ་ས་བདག་ཀླུའི་འཕོ་བར་འགྱུར་རོ། །དེ་བཞིན་དུ་ཡང་ཁྲུ་བཅུའི་ཚད་ཀྱི་ཁང་མིག་ཏུ་འགྱུར་བ་ལ གཙུག་ལག་ཁང་གི་སའི་ཆ་ལ་ཉི་མ་སོ་སོ་ལ་ལ་སོར་བརྒྱད་ས་བདག་ཀླུའི་འཕོ་བར་འགྱུར་རོ། །གཞན་ཡང་མཆན་འོག་གི་མཚན་ཉིད་གསུངས་པ། ཁྲུ་བཅུ་དྲུག་གི་ཚད་ཀྱི་ཁང་མིག་གི་སའི་ཆ་ལས་བདག་ཀླུའི་མགོ་བོའི་འོག་ཏུ་དེ་ལས་སོར་བཅུ་གཅིག་དང ཁྲུ་བཅུ་བཞིའོ། །རྒྱབ་ཀྱི་མཐར་བྱེད་དང་བཅས་པའི་སོར་བཞི་ལྷག་པའི་ཁྲུ་བདུན་ཡོངས་སུ་སྤངས་ནས་སྲིད་དུ་ཅུང་ཟད་ལྷག་པའི་སོར་བཅུ་དགུ་ལྷག་པའི་ཁྲུ་བཞིའི་ཚད་དོ། །ཞེང་དུ་ཕྱེད་དང་བཅས་པའི་སོར་མོ་དགུ་ལྷག་པའི་ཁྲུ་དོའི་ཚད་ནི་ས་བདག་ཀླུའི མཆན་འོག་གི་ཆའོ?། །དེ་བཞིན་དུ་ཁྲུ་བཅུ་བཞིའི་ཚད་ཀྱི་ཁང་མ་ལ་གཙུག་ལག་ཁང་གིས་གཞི་ལས་བདག་ཀླུའི་སྤྱི་བོ་ནས་འོག་ཏུ་སོར་ལྔ་ལྷག་པའི་ཁྲུ་བཅུ་གསུམ་རྒྱབ་ཀྱི་མཐར་སོར་བཅུ་དྲུག་ལྷག་པའི་ཁྲུ་དྲུག་ཡོངས་སུ་སྤངས་ཏེ་སྲིད་དུ་སོར་མ་བཅུ ལྷག་པའི་ཁྲུ་བཞིའི་ཚད་དང། ཞིང་དུ་སོར་མོ་ལྔ་ལྷག་པའི་ཁྲུ་དོའི་ཚད་ནི་ས་བདག་ཀླུའི་མཚན་འོག་གོ་།དེ་བཞིན་དུ་ཁྲུ་བཅུ་གཉིས་ཀྱི་ཚད་ཀྱི་ཁང་མིག་ཏུ་འགྱུར་བའི་གཙུག་ལག་ཁང་གི་སའི་ཆ་ལ་ས་བདག་ཀླུའི་མགོ་བོ་ནས་འོག་ཏུ་སོར་མོ་ལྔ་ལྷག པའི་ཁྲུ་བཅུའོ། །རྒྱབ་ཀྱི་མཐར་ཐུག་པ་ལ་སོར་ལྔ་ལྷག་པའི་ཁྲུ་ལྔ་ཡོངས་སུ་སྤངས་ཏེ་སྲིད་དུ་སོར་མོ་བཅུ་ལྷག་པའི་ཁྲུ་གསུམ་གྱི་ཚད་དང། ཞེང་དུ་སོར་མོ་བཅུ་བདུན་ལྷག་པའི་ཁྲུའི་ཚད་ཀྱི་ས་བདག་ཀླུའི་མཆན་འོག་གི་ཆའོ། །དེ་བཞིན་དུ་ཁུ བཅུའི་ཚད་ཀྱི་ཁང་མིག་གི་གཙུག་ལག་ཁང་གི་སའི་ཆ་ལ་ས་བདག་ཀླུའི་མགོ་བོ་ནས་འོག་ཏུ་ཁྲུ་དགུའོ། །རྒྱབ་ཀྱི་མཐར་སོར་མོ་བཅུ་གསུམ་ལྷག་པའི་ཁྲུ་བཞི་ཡོངས་སུ་སྤངས་ཏེ་སྲིད་དུ་ཁྲུ་གསུམ་གྱི་ཚང་དང། ཞེང་དུ་སོར་བཅུ་གཉིས་ལྷག་པའི་ཁྲུའི་ཚད་ནས་བདག ཀླུའི་མཚན་འོག་ཆའོ། །གླུ་དེ་ཡང་དུང་དང། ཀུན་དང། ཟླ་བའི་ཁ་དོག་ལྟ་བུ་ལག་པ་གཡོན་པས་རང་གི་མགོ་བོའི་འོག་ནས་བརྟེན་པ་ལག་པ་གཡས་པའི་རིན་པོ་ཆེ་འཛིན་ཅིང་རང་གི་རྐེད་པར་བཞག་པ། ལྟེ་བ་མན་ཆད་ལག་འགྲོའི་རྣམ་པ་ཅན། དེའི་སྟེང་དུ་མེའི གཟུགས་ལ་གདེངས་ཀ་བདུན་དང་ལྡན་པ་སྟེ། གཙུག་ལག་ཁང་ལ་སོགས་པའི་ས་གཞི་ལ་མངོན་པར་ཁྱབ་ཅིང་ཉལ་ལོ། །ཀླུ་བརྒྱད་ནི་ས་བདག་ཀླུའི་ལུས་ལ་གནས་པ་སྟེ་འོ་མའི་རོའི་ཉེ་བར་སྤྱད་པས་མཆོད་པར་བྱའོ། །དེ་ལ་མཇུག་མའི་རྩེ་མོ་ལ་རིགས་ལྡན་སྐུ མདོག་སྔོན་པོའོ། །གསང་གནས་ལ་སྟོབས་ཀྱི་རྒྱུ་སྔོ་བསངས་དཱུར་བའི་ཁ་དོག་གོ་།ལྟེ་བ་ལ་དུང?་སྐྱོང་པདྨའི་སྡོང་བུའི་མདོག་གོ་།དཔུང་པའི་ཕྱོགས་པདྨ་ཆེན་པོ་མཆིང་བུའི་མདོག་གོ་།སྙིང་གར་ནོར་རྒྱས་སྔོ་བསངས་དཱུར་བའི་མདོག་ག་།མགུལ་པ་ལ་འཇོག་། པོ་དམར་བོའོ། །རྣ་བ་ལ་པདྨ་དཀར་བོའོ། །སྤྱི་གཙུག་ན་ཀླུ་དགའ་བོ་སྔོན་པོའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྐུའི་ངོ་བོར་ས་བདག་བསྒོམ་པར་བྱའོ། །ོཾ་ཨཱ:བ་རུ་ཎཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ:ཀུ་ལི་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ:ཀ?་ཀོ་ཊ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ ཱ:ཤཾ་ཁ་པཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ:མཧཱ་པདམཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ:བཱ་སུ་ཀི་ནེ་ཧཱུཾ་སྭཱཧཱ། ཨོཾ་ཨཱ:ཏཀྵ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ:པདམཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ:་ནན་ཏཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པ་ནི་མཆོད་པའི་སྔགས་སོ། །དེ་ནས་ཐམས་ཅད་དུ་ས་གཞིའི འོག་གི་ལྷ་རྣམས་དང། སའི་ལྷ་རྣམས་སྔོན་དུ་འགྲོ་བས་ཡིད་ཀྱིས་བཏེག་ནས་ནམ་མཁའ་ལ་དགོད་པར་བྱའོ། །དེ་ལ་ཟུག་རྔུ་དང་ཉེས་པ་ཡོངས་སུ་གཞོམ་པའི་ཕྱིར་སའི་ཆ་ལ་མཚམས་ཀྱང་ཡོངས་སུ་བརྟག་པར་བྱའོ། །དེ་ལ་མཚམས་ནི་རྣམ་པ་ལྔ་སྟེ། མཚམས དང་ཉེ་བའི་མཚམས་དང། ལས་ཀྱི་མཚམས་དང། ཚུལ་ལུགས་ཀྱི་མཚམས་དང། ཕྱོགས་ཀྱི་མཚམས་ཞེས་སོ། །དེ་ལ་རེ་མིག་དྲུག་ཅུ་རྩ་བཞིར་བྱ་ལ་དེ་བཞིན་དུ་མཚམས་ནི་བཅོ་བརྒྱད་དུ་རིག་པར་བྱ་སྟེ། དབུས་ཀྱི་མཚམས་གཉིས་དང། དེ་དག་གི་གཞོགས་གཉིས སུ་ཉེ་བའི་མཚམས་བཞི་དང། དེའི་ཕྱི་རོལ་ཏུ་ལས་ཀྱི་མཚམས་བཞི་དང། དེ་བཞིན་དུ་དེའི་ཕྱི་རོལ་དུ་ལུགས་ཀྱི་མཚམས་བཞི་དང་དེ་བཞིན་དུ་ཐམས་ཅད་ཀྱི་ཕྱི་རོལ་དུ་ཕྱོགས་ཀྱི་མཚམས་བཞིའོ། །དཔུས་ཀྱི་མཚམས་ལ་བརྐོས་ན་བུ་ལ་སོགས་པ་ཉམས་པར འགྱུར་རོ། །ཉེ་བའི་མཚམས་ལ་ནི་ཡུལ་སྟོངས་པར་འགྱུར་རོ། །ལས་ཀྱི་མཚམས་ལ་ནི་ཕྲ་མོའི་ཉེས་པའོ། །ལུགས་ཀྱི་མཚམས་ལ་ནི་སྦྱིན་བདག་འཆིའོ། །ཕྱོགས་ཀྱི་མཚམས་ལ་ནི་ཡོ་བྱད་ཉམས་པ་དང་དབུལ་པོར་འགྱུར་རོ། །དེའི་ཕྱི་མཚམས་རྣམས་ལ བདེ་བར་མི་བྱའོ། །དེ་ལ་ཤར་ཕྱོགས་སུ་གླང་གི་ཁྱིམ་གྱི་རང་བཞིན་ལ་ཕྱོགས་དང་ལུགས་དང་ལས་ཀྱི་མཚམས་རྣམས་ཀྱི་ལུགས་ཀྱི་མཚམས་ལ་གནས་པའི་རིག་མ་གཟུགས་ཅན་མ་ཁ་དོག་དཀར་མོ་ཆོས་ཀྱི་ཕྱག་རྒྱའི་ཚུལ་དུ་བྱས་པ་པདྨ་དང་ཟླ་བའི སྟེང་དུ་གནས་པ་མཆོད་པ་བྱའོ། །ོཾ་བཛྲ་རཱུ་པི་ཎཱི་ཡེ་ཨ་སྭཱ་ཧཱ། དེ་ནས་འཁྲིག་པའི་ཁྱིམ་གྱི་རང་བཞིན་ལ་ཉེ་བའི་མཚམས་དང་དབུས་ཀྱི་མཚམས་དང་ཉེ་བའི་མཚམས་རྣམས་ཀྱི་དབུས་ཀྱི་མཚམས་ལ་གནས་པའི་རིག་མ་འོང་བྱེད་མ་སྐུ་མདོག དཀར་མོ་མཆོད་པར་བྱའོ། །ོཾ་བཛྲ་བྷཱསྐཱ་རཱི་ཡཻ་ཨཱ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེའི་རྗེས་སུ་ཀར་ཀ་ཊའི་ཁྱིམ་གྱི་རང་བཞིན་ལ་ལས་དང་ལུགས་དང་ཕྱོགས་ཀྱི་མཚམས་རྣམས་ཀྱི་ལུགས་ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་ཧཱུཾ་མཛད མ་སྐུ་མདོག་སྔོན་མོ་མཆོད་པར་བྱའོ། །ོཾ་བཛྲ་ཧཱུཾ་ཀཱ་རི་ཡེ་ཨཻ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་སེང་གེའི་ཁྱིམ་གྱི་རང་བཞིན་ལ་ཕྱོགས་དང་ཁུགས་དང་ལྕགས་དང་ལས་ཀྱི་མཚམས་རྣམས་ཀྱི་ལུགས་ཀྱི་མཚམS ལ་གནས་པའི་རིག་མ་རྡོ་རྗེ་སྒེག་མོ་སྐུ་མདོག་སེར་མོ་མཆོད་པར་བྱའོ། །ོཾ་བཛྲ་བི་ལཱ་སི་ནཱི་ཡཻ་ཨའི་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་ནས་བུ་མོའི་ཁྱིམ་གྱི་རང་བཞིན་ལ་ཉེ་བའི་མཚམས་དང་དབུས་ཀྱི་མཚམས་དང་ཉེ་བའི་མཚམས་རྣམས་ཀྱི་དབུས་ཀྱི མཚམས་ལ་གནས་པའི་རིག་མ་རྡོ་རྗེ་རྨོངས་བྱེད་མ་ཞེས་པ་ཅུང་ཟད་སྐུ་མདོག་སེར་མོ་མཆོད་པར་བྱའོ། །ོཾ་བཛྲ་མོ་ཧ་ནཱི་ཡཻ་ཨཽ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེའི་རྗེས་སུ་སྲང་གི་ཁྱིམ་གྱི་རང་བཞིན་ལ་ལས་དང་ལུགས་དང་ཕྱོགས་ཀྱི་མཚམས་རྣམS ཀྱི་ལུགས་ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་མཁའ་སྦྱར?་མ་ཞེས་པ་ནམ་མཁའ་ཨི་མདོག་ཅན་མཆོད་པར་བྱའོ། །ོཾ་བཛྲ་ཁེ་ཙེ་རེ་ཡཻ?་ཨཱ་སྭཱ་ཧཱ། ལྷག་མ་ནི་མངོན་བཞིན་ནོ། །དེ་བཞིན་དུ་ནུབ་ཕྱོགས་སུ་སྡིག་པའི་ཁྱིམ་གྱི་རང་བཞིན་ལ་ཕྱོགས་དང་ལུགས་དང ལས་ཀྱི་མཚམས་རྣམས་ཀྱི་ལུགས་ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་གནམ་ལྕགས་མ་སྐུ་མདོག་དམར་མོ་མཆོད་པར་བྱའོ། །ོཾ་བཛྲ་ས་ནཱི་ཡཻ་ཨེ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་ནས་གཞུའི་ཁྱིམ་གྱི་རང་བཞིན་ལ་ཉེ་བའི་མཚམས་དང་དབུས ཀྱི་མཚམས་དང་ཉེ་བའི་མཚམས་རྣམས་ཀྱི་དབུས་ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་མ་ཞེས་པ་སྐུ་མདོག་དམར?་མོ་མཆོད་པར་བྱའོ། །ོཾ་བཛྲ་རཱ་ས་ནཱ་ཡེ་ཨཻ?་སྭཱཧཱ། ལྷག་མ་ནི་སྔོན་མ་བཞིན་དུའོ། །དེའི་རྗེས་སུ་ཆུ་སྲིན་གྱི་ཁྱིམ་གྱི་རང་བཞིན་ལ་ལ། ལས་དང?་ལུགས་དང?་ཕྱོགས་ཀྱི་མཚམས་རྣམས་ཀྱི་ལུགས་ཀྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་སྐྲག?་བྱེད་མ་ཞེས་པ་ཁ་དོག་སྔོན་མོ་མཆོད་པར་བྱའོ། །ོཾ་བཛྲ་ཏྭཱ་ས་ནཱ་ཡཻ་ཨོ་སྭཱ་ཧཱ། ལྷག་མ་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་བྱང་ཕྱོགས་སུ་བུམ པའི་ཁྱིམ་ཕྱི་རང་བཞིན་ལ་ཕྱོགས་དང། ལུགས་དང་ལས་ཀྱི་མཚམས་རྣམས་ཀྱི་ལུགས་ཀྱི་མཚམས་ལ་གནས་པའི་རེག་མ་རེག་བྱ་རྡོ་རྗེ་མ་ཞེས་པ་སྐུ་མདོག་ལྗང་གུ་མཆོད་པར་བྱའོ། །ོཾ་བཛྲ་སཕ་ར་ཤ་ནཱི་ཡཻ་ཨཽ?་སྭཱཧཱ། ལྷག་མ་ནི་སྔོན་མ་བཞིན་དུའོ། །དེ་ནས ཉའི་ཁྱིམ་གྱི་རང་བཞིན་ལ་ཞེ་བའི་མཚམས་དང་དབུས་ཀྱི་མཚམས་དང་ཉེ་བའི་མཚམས་རྣམས་ཀྱི་དབུས་ཀྱི་མཚམས་ལ་གནས་པའི་རིག་མ་སེམས་རྡོ་རྗེ་མ་ཞེས་པ་དཱུར?་བའི་མདག་ཅན་མཆོད་པར་བྱའོ། །ོཾ་བཛྲ་ཙ་ཏ་ནཱི་ཡཻ་ཨཾ་སྭཱ་ཧཱ། ལྷག་མ་ནི་སྔོན་ཡིན་ན དུའོ། །དེའི་རྗས་སུ་ལུག་གི་ཁྱམ་གྱི་རང་བཞིན་ལ་ལས་དང་ལུགས་དང། ཕྱོགས་ཀྱི་ལམ་མཚམས་རྣམས་ཀྱི་ལུགས་གྱི་མཚམས་ལ་གནས་པའི་རིག་མ་རྡོ་རྗེ་གྱེས་མ་ཞེས་པ་དུ་བའི་མདོག་ཅན་མཆོད་པར་བྱའོ། །ོཾ་བཛྲ་པ་ཀཱ་ཤི་ནཱཾ་ཡ་ཨཱསྔོན་མ་བཞིན་དུའོ། །དེའི་རྗེས་ལ་ལས་བྱེད་པ་ཏོག་རྩེས་མཚན་ལ་རྡོ་རྗེ་ལས་ཀྱི་རས་བཞིན་དུ་རྣམ་པར་བསྒོམ་སྟེ་སོ་རྩི་ལ་སོགས་པ་རྣམས་ཀྱིས་ཚིམ་པར་བྱས་ཏེ་ལག་པ་གཡོན་པས་སྨད་ནས་བཟུང་སྟེ་ཤར་དང་བྱང་ཕྱོགས་སུ་གདོང་ཕྱོགས་ཏེ་དོང་གང བ་བརྐོ་བར་བྱའོ། །དེ་ནས་ནོར་དང་སྐྱེ་བོ་དང་སྟོབས་དང་རིག་པ་རྣམས་འཕེལ་བའི་ཕྱིར་པདྨ་དང་ཉི་མའི་སྟེང་དུ་ཨེ་ཎེ་ཡ་ཤ་ར་ས་ལ་གནས་པ་ལག་པ་གཡས་པ་དག་ན་ལྕགས་ཀྱུ་དང་བགྲང་ཕྲེང་ངོ། །གཡོན་པ་དག་ན་སྙིང་ག་ན་ཞགས་པ་དང་སྤྱི་བླུགས འཛིན་པའོ། །ཡན་ལག་མཆོག་ལ་རལ?་པའི་ཅོད?་པན་བཅིངས་པ་ཡངས་པའི་སྤྱན་གསུམ་གྱིས་གདོང་རྒྱན་པ་མཆོད་ཕྱིར་ཐོགས་དང་གོས་དམར་པོའི་རྒྱན་གྱིས་བརྒྱན་པ་སྒེག་པ་དང་བཅས་པའི་མེ་དམར་པོ་སྤྱན་དྲངས་ཏེ་མཆོད་ཡོན་ལ་སོགས་པའི ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་ཕར་མཆོད་པར་བྱའོ། །ཛ་བ་དང་མྱ་ངན་མེད་དང། ཨརྐ་དང་ཀོ་ཀེ?་ལེའི་ཡམ་ཤིང་རྣམས་སྔོན་དུ་འགྲོ་བས་སྤྱིན་སྲེག་བྱའོ། །ོཾ་ལོ་ཧི་ཏཱགནཱ་ཡེ་སྭཱ་ཧཱ། ཏིལ་ལ་སོགས་པ་རྣམས་ཀྱི་སྦྱིན་སྲེག་བྱའོ། །པཎྜི་ཏ་ཆེན་པོ རིགས་ཀྱི་སྦྱིན་པ་ཞེས་བྱ་བས་མཛད་པའི་བྱ་བ་བསྡུས་པ་ལ་རབ་ཏུ་བྱེད་པ་གསུམ་པའོ། ། །།སོ་ཕག་མཚན་ཉིད་ཡང་དག་པར་ཤེས་དང་ཕྱོགས་བཟུང་དེ་ནས་ནི། །ཡང་དག་འཕེལ་དང་ཟད་པ་དང། །ཁང་བཟང་མཚན་ཉིད ཤེས་པ་དང། །ལྷ་དང་ཕྱོགས་སྐྱོངས་ཡི་ལྷ། །ཆོ་ག་ཇི་བཞིན་ཡང་དག་མཆོད། །སོ་ཕག་བྱ་བའི་ཕྱིར་རབ་ཏུ་རྨོངས་བྱེད་ཀྱི་མེ་ལ་སྦྱིན་སྲེག་བྱའོ། །དེ་ལ་སོ་ཕག་གི་ཆ་ལྔ་ནི་སྲིད་དུའོ། །ཆ་གསུམ་ནི་ཞེང་དུའོ། །རྩིག་ཞིང་གི་ཕྱེད་ནི་སོ་ཕག་གི་སྲིད་དོ།། ཞེས?་གིས་སུམ་ཆ་ནི་དབངས་སོ། །དེ་སློབ་དཔོན་བདག་ཉིད་སྦྱིན་བདག་དང་ལྷན་ཅིག་ཏུ་ས་ཕོག་འཇོག་པའི་ས་ལ་གཏོར་མ་དང་མཆོད་པ་སྔོན་དུ་འགྲོ་པས་རང་གི་སྙིང་གར་ཟླ་བ་ལ་གནས་པའི་བྲུམ་ཡིག་གི་འོད་ཟེར་གྱི་རྡུལ་ཕྲ་རབ་ཚོགས་ཕའི་གཟུགས སུ་སོ་ཕག་བྱ་བའི་ཕུང་པོ་རྣམ་པར་བསྒོམས་ལ་བུམ་པའི་ཆུས་གཏོར་ནས་ཉེར་སྤྱོད་ལྔས་མཆོད་དེ་འདིས་རྣམ་པར་སྦྱངས་པར་བྱའོ། །གང་གི་རང་བཞིན་དེ་བཞིན་གཤེགས། །འགྲོ་འདི་དེ་ཡི་རང་བཞིན་ཉིད། །དེ་བཞིན་གཤེགས་པའི་རང་བཞིན ངེས། །འགྲོ་བ་འདི་ཡི་རང་བཞིན་ལ། །ལས་བྱེད་པ་ནི་རྡོ་རྗེ་བསྲུང་བའི་ངོ་བོ་ཉིད་ཀྱི་གཟུགས་སུ་བསྒོམས་ཏེ། དེའི་ལག་པའི་མཐིལ་གྱི་ཆུ་སྐྱེས་གཡོན་དང་གཡས་སུ་ཟླ་བ་དང་ཉི་མ་བསྒོམས་ཏེ། དཀར་པོ་དང་དམར་པོའི་དྲི་དང་མེ་ཏོག་རྣམས་ཀྱིས ཚིམ་པར་བྱས་ཏེ་ལས་བྱེད་པ་དེ་ལ་ཡོན་ཕུལ་ཏེ་དེ་ནས་སོ་ཕག་བྱའོ་ཞེས་སོ། །དེ་ནས་ཕྱོགས་བཟུང་བ་གསུངས་ཏེ། དེ་ནས་ལུག་ཏུ་འཕོ་བའི་ཉི་མ་རྣམ་པར་དག་པ་ལས་གཞི་མཉམ་པོར་བྱས་ཏེ་དབུས་སུ་ཆུ་བླུགས་ནས་བརྟག་ཅིང་ཕྱོགས་མཉམ པོར་བསྒྲུབ་པར་བྱའོ། །དེ་ལ་སྲིད་དུ་སོར་བཅུ་གཉིས་པའི་དབུས་སོར་གསུམ་གྱིས་འཁོར་བརྩེ་མོ་ཁབ་ཀྱི་རྣམ་པ་རི་མོ་དྲག་པོ་བྲིས་པའི་སེང་ལྡེང་གི་ཐུར་ཤིང་སའི་དབུས་དཀྱིལ་འཁོར་གྱི་སྟེང་དུ་གཟུགས་སོ། །དབུས་ནས་ཕ་མའི་མཐར་ཐུག་པ ཐུར་ཤིང་གི་སྲིད་དང་མཉམ་པའི་དཀྱིལ་འཁོར་གྱི་དབུས་སུའོ། །དེ་ལ་དང་པོ་ཉི་མ་ཤར་བའི་དུས་སུ་ནུབ་ཕྱོགས་སུ་གྲིབ་མ་བབས་པའི་སར་མཚན་མ་བྱས་པས་ནུབ་ཕྱོགས་འགྲུབ་པོ། །དེ་བཞིན་དུ་ཉི་མ་གུང་གི་དུས་སུ་བྱང་ཕྱོགས་སུ་གྲིབ་མ་བབས་པའི་སར མཚན་མ་བྱས་པས་བྱང་ཕྱོགས་འགྲུབ་པོ། །དེ་བཞིན་དུ་ཉི་མ་ནུབ་ཀའི་དུས་སུ་ཤར་ཕྱོགས་ཀྱི་གྲིབ་མ་བབས་པའི་སར་མཚན་མ་བྱས་པས་ཤར་ཕྱོགས་འགྲུབ་བོ། །ཤར་ནས་ནུབ་ཀྱི་བར་ལ་སོར་དགུ་བཅུ་རྩ་དྲུག་གོ། །།ད་ནི་འཕེལ་བ་དང ཟད་པ་བརྗོད་པར་བྱ་སྟེ། ཞེང་གིས་སྲིད་ལ་བསྒྱུར་བྱས་ཏེ། །དེ་ནས་ཉི་ཤུ་བཞི་ཡིས་བསྒྱུར། །ནོར་གྱིས་གང་ཐོབ་ལྷག་མ་ནི། །འདི་ནི་འཕེལ་བར་ངེས་པར་བསྟན། །ཚོགས་པ་ནོར་གྱིས་བསྒྱུར་བ་ལ། །རྒྱུ་སྐར་རྣམས་ཀྱིས་རབ་ཏུ་བགོ?་།སྐར་མས་བསྒོམས་པའི ལྷག་མ་ནི། །དེ་ནི་སྐར་མར་ངེས་པར་བསྟན། །སྐར་མ་ལ་ནི་ནོར་གྱིས་བགོ་།ལྷག་མ་གང་དེ་ཟད་པའོ། །རྣམ་པ་ཀུན་དུ་སྐར་མ་ལ། །གཞིས་བསྒྱུར་གཟའ་མཆོག་གི་བགོས་པའི། །ལྷག་མ་རྣམས་ནི་ཆ་ཤས་སོ། །ཚོགས་ལ་བཀྲ་ཤིས་ཀྱིས་སྤེལ་ལ། །མ་ཁཱ? རོས་ཐོབ་པའི་ལྷག་མ་ནི། །འཚོ་འགྱུར་དེ་ལ་ཕུང་པོས་བགོ། འཚོ་བའི་ལྷག་མར་གང་གྱུར་པ། །དེ་ནི་རྟག་ཏུ་འཆི་བའོ། །འདིའི་དོན་ནི་ཁང་མིག་གི་སྲིད་ཀྱི་ཁྲུའི་གྲངས་ལ་ཞེང་གི་གྲངས་ཀྱིས་བསྒྱུར་བར་བྱའོ། །དེ་བཞིན་དུ་ཁྲུ་གང་བའི་སྲིད་ཀྱི་སོར་གྱི་གྲངས་ལ ཁྲུ་གང་བའི་ཞེང་གི་སོར་གྱི་གྲངས་ཀྱིས་བསྒྱུར་པར་བྱའོ། །བསྒྱུར་བའི་ཁྲུའི་གྲངས་ལ་ཡང་ཉི་ཤུ་རྩ་བཞིས་བསྒྱུར་བས་ཐམས་ཅད་སོར་དུ་འགྱུར་རོ། །ཁྲུ་གང་གའི་སོར་མོ་རྣམས་ཀྱིས་བསྣན་པར་གྱུར་པ་ལ་བརྒྱད་བརྒྱད་ཀྱིས་དགོའོ། །དེ་ནས་གང་ཐོབ་པའི་ལྷག མ་ནི་རྒྱལ་མཚན་ལ་སོགས་པ་འཕེལ་ཞེས་བརྗོད་དེ་འཕེལ་བའོ། །དེ་བཞིན་དུ་ཚོགས་ལ་བརྒྱད་ཀྱིས་བསྒྱུར་ལ་ཉི་ཤུ་རྩ་བདུན་གྱིས་བགོ་བར་བྱའོ། །དེའི་ལྷག་མ་རྣམས་ནི་སྨིན་དྲུག་ལ་སོགས་པའི་སྐར་མ་རྣམས་སུ་འགྱུར་རོ། །སྐར་མའོ། །སྨིན་དྲུག་ལ་སོགས པའི་སྐར་མ་རྣམས་ལ་བརྒྱད་བརྒྱད་ཀྱིས་བགོས་པའི་ལྷག་མ་ནི་ཟད་པར་འགྱུར་ཏེ་ཟད་པའོ། །སྨིན་དྲུག་ལ་སོགས་པའི་སྐར་མ་རྣམས་ལ་བཞིས་བསྒྱུར་ཏེ་དགུ་དགུས་བགོས་པའི་ལྷག་མ་རྣམས་ནི་ཉི་མ་ལ་སོགས་པའི་གཟར་འགྱུར་ཏེ་དེ་ནི་ཆ ཤས་ཡིན་ཏེ་ཆ་ཤས་སོ། །དེ་བཞིན་དུ་བཅུ་གཉིས་ཀྱིས་བགོས་ལ་གང་ལྷག་མ་རྣམས་ལུག་ལ་སོགས་པར་འགྱུར་ཏེ་དུས་སྦྱོར་རོ། །དེ་བཞིན་དུ་ཚོགས་ལ་བརྒྱད་ཀྱིས་བསྒྱུར་ལ་དེ་ལ་དྲུག་ཅུས་བགོས་པའི་ལྷག་མ་རྣམས་ནི་འཚོ་བར་འགྱུར་ཏེ་འཚོ་བའོ།། འཚོ་བ་ལ་ལྔ་ལྔས་བགོས་ལ་གང་ཐོབ་པའི་ལྷག་མ་ནི་ས་ལ་སོགས་པའི་བསྐལ་པར་འགྱུར་ཏེ་འཇིག་པའོ། །འདིར་ཤར་ཕྱོགས་སུ་རྒྱལ་མཚན་ནི་འདབ་ཆགས་རྒྱལ་པའོ། །མེར་དུ་ནི་ཞུམ་པའོ། གཤིན་རྗེའི་ཕྱོགས་སུ་སེང་གེའོ། །བདེན་བྲལ་དུ་ཁྱིའོ། །ཆུ བདག་ཏུ་ཁྱུ་མཆོག་ནི་ལྕེ་གཉིས་པའོ། །རླུང་དུ་བོང་བུ་ནི་བྱི་བའོ། །བྱང་དུ་གླང་པོ་ཆེའོ། །དབང་ལྡན་དུ་བྱ་རོག་ནི་ལུག་གོ་།འདི་རྣམས་ཀྱི་འདབ་ཆགས་སྤྲུལ་དག་དང། ཞུམ་བུ་དང་བྱི་བ་དག་དང་སེང་གེ་དང་གླང་པོ་ཆེ་དག་དང། ལུག་དང་ཁྱི་དག་ནི་ཕན་ཚུན་དུ་མི་མཐུན པའོ། །ཁང་མིག་གི་སྲིད་དང་ཞེང་གི་གནས་ལ་ཁྲུ་དང་སོར་གྱི་གྲངས་རྣམས་ལ་ཕན་ཚུན་མི་མཐུན་པ་མ་ཡིན་པ་དེ་བཞིན་དུ་བྱའོ།། །།ད་ནི་ཁང་བཟངས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། སྲིད་ཀྱི་བྱེད་དུ་གྱུར་པ་ནི་ཞེང་ངོ། །འོན་ཀྱང་ཚད་ཅུང་ཟད ལྷག་པར་བྱའོ། །ཁང་མིག་གི་སྲིད་ཀྱི་སུམ་ཆ་གཅིག་ནི་ཐེམ་དུ་བཤད་དོ། །གདུང་གི་མཐར་ཐུག་པ་ནི་འོག་གི་ཆའོ། །དེ་བཞིན་དུ་དེ་དང་མཉམ་པ་ནི་སྟེང་གི་ཆའོ། དོང་དགང་པའི་ཁྱད་པར་ལ་ཁ་ཅིག་ཏུ་སྐ་རགས་གསུམ་དང་ལྡན་པའོ། །ཁ་ཅིག་ཏུ་སྐ་རགས ལྔ་དང་ལྡན་པའོ། །ཁ་ཅིག་དུ་སྐ་རགས་བདུན་དང་ལྡན་པའོ། །ཁ་ཅིག་ཏུ་ཆུའི་མཐར་ཐུག་པའོ། གཅིག་ཏུ་རྡོ་བའི་མཐར་ཐུག་པའོ། །ཞེས་པ་ནི་གྲོགས་སུ་བྱའོ། །ཆུ་འགྲོ་བའི་གནས་ཀྱི་ངེས་པར་བརྗོད་པ་ནི་དེ་ལ་གང་དུ་དགེ་པ་དང་སྐྱེ་བོ་དང་ནོར་འཕེལ པར་འདོད་པས་དེ་ལ་རླུང་གི་ཕྱོགས་རྡོ་རྗེ་འབར་བ་དང་ནག་པོ་ཆེན་པོའི་ར་མིག་དག་ལ་བྱང་ཕྱོགས་སུ་ཆུ་འགྲོ་བར་བྱའོ། །གང་དུ་ཚེ་དང་ནད་མེད་པ་དང་བདེ་བ་འཕེལ་བར་འདོད་པས་དེ་ལ་དབང་ལྡན་གྱི་ཕྱོགས་སུ་དྲི་རྡོ་རྗེ་མ་དང། གཙུག་ཏོར་ཅན་མའི་རེ་མིག་བདག ལ་ཆུ་འགྲོ་བར་བྱའོ། །ཉེས་པ་མེད་པར་བྱ་བའི་ཕྱིར་རྩ་དང་མཚམས་དང་སྒོ་འབུབས་པ་ཡོངས་སུ་སྤང་བར་བྱའོ། །དེ་ནས་ཁང་མིག་ཞིང་གི་ཆ་གསུམ་གྱི་ཆ་གཅིག་གམ་ཡང་ན་བཞི་ཆ་གཅིག་གི་སྟེགས་བུ་དང། ཆུ་ལྷུང་བ་དང། ལག་འགྲོ་དང། མྱོས་པ་སྲུང་བ དང་རྩེ་མོའོ། །དེའི་ཕྱེད་ཀྱི་ཚད་ནི་རྩིག་པའོ།། །།ད་ནི་བྱེ་བྲག་གི་མཚན་ཉིད་བརྗོད་པར་བྱ་སྟེ། ཁང་པ་གཅིག་པ་དང། ཁང་པ་གཉིས་པ་དང། ཁང་པ་གསུམ་པ་དང། ཁང་པ་བཞི་པའི་ཁང་བཟངས་ལ་གལ་ཏེ་ནུབ་ཏུ་ཁང་པ་གཅིག་པའི་ཁང་བཟངས་ནི དེས་ནོར་ཉམ་པར་འགྱུར་རོ། །དེ་བཞིན་དུ་བྱང་གི་ཁང་པ་ཁང་གཅིག་ཏུ་གྱུར་ན་སྦྱིན་བདག་མི་འཚོའོ། །དེ་བཞིན་དུ་ཤར་གྱི་ཁང་པ་ཁང་གཅིག་ཏུ་གྱུར་ན་རིགས་རྒྱུད་མི་འཕེལ་ལོ། །དེ་ནས་ཡང་ལྷོ་ཕྱོགས་སུ་གནས་པ་བྱང་དུ་སྒོ་མངོན་པར་ཕྱོགས་པའི་ཁང བཟང་ནི་སྐྱེ་བོ་དང་ནོར་དང་ཚེ་རབ་ཏུ་སྟེར་བར་འགྱུར་རོ། །ཁང་པ་གཉིས་པའི་ཁང་བཟངས་ནི་གཤིན་རྗེའི་སློབ་མ་དང། ཁྱིམ་གྱི་ཐབ་དང། མཆིང་བུ་དང། དབྱུག་པའི་མིག་དང་རླུང་གི་མིག་དང་དོན་གྲུབ་པ་རྣམས་སོ། །འཆི་བ་དང་ནོར་ཟད་པ་དང་གཉེན་དང་མི་མཐུན པ་དང་རྒྱལ་པོའི་ཆད་པ་དང་འཐབ་མོ་དང་དོན་ཐོབ་པར་བྱེད་པ་རྣམས་སོ། །དེ་ལ་ནུབ་དང་བྱང་ནི་གཤིན་རྗེའི་སློབ་མའོ། །ཤར་དང་ནུབ་ནི་ཁྱིམ་གྱི་ཐབ་པོ། །ལྷོ་དང་བྱང་ནི་མཆིང་བུའོ། །ཤར་དང་བྱང་ནི་དབྱུག་པའི་དམིག་གོ་ཤར་དང་ལྷོ་ནི་རླུང་གི་དམིག་གོ། ལྷོ་དང ནུབ་ནི་དོན་གྲུབ་པའོ། །གཤིན་རྗེ་དང། ཆུ་བདག་དང། བྱང་དང་ཤར་དུ་ཁང་པ་དང་མི་ལྡན་པའི་ཁང་བཟངས་ནི་གོ་རིམས་བཞིན་དུ་ཐབ་དང། ཕྱོགས་འཇོམས་པ་དང་གསེར་གྱི་ནམ་མཁའ་དང་ཞིང་བཟང་པོར་ཞེས་བརྗོད་དོ། །དེ་ལ་ཐབ་ནི་ཡོ་བྱད་ཉམས་པར བྱེད་དོ། །ཕྱོགས་འཇོམས་པ་ནི་བུ་འཆི་བ་དང་དགྲར་བྱེད་དོ། །གསེར་གྱི་ནམ་མཁའ་ནི་དོན་ཐམས་ཅད་དང་ཕུན་སུམ་ཚོགས་པ་དང་བདེ་བ་རབ་ཏུ་སྟེར་རོ། །ཞིང་བཟང་པོ་ནི་ཆོས་དང་ནོར་དང་བ་ལང་དང་དུད་འགྲོ་རྣམས་འཕེལ་བར་བྱེད་དོ། །ཁང་པ གསུམ་པ་ཡིའོ། །ཁང་པ་བཞི་པའི་ཁང་བཟང་ལ་འདོད་ལྡན་དང། བཀྲ་ཤིས་དང། འཕེལ་ལྡན་དང། གཡུང་དྲུང་འཁྱིལ་པ་དང། དོན་ཐམས་ཅད་གྲུབ་པ་ཞེས་སོ། །དེ་ལ་འདིར་འདོད་ལྡན་བརྗོད་པར་བྱའོ། །གང་ལ་ཤར་དང་བྱང་དང་ནུབ་ཀྱི་ཕྱོགས་རྣམས་སུ ཕྱོགས་གཅིག་ལ་རྩ་བའི་སྒོ་གཅིག་གིས་ཉེ་བར་བརྒྱན་པ། དོང་བཀང་བའི་ཕྱི་དང་ནང་དང་དབུས་ཀྱི་གནས་ལ་རྩིག་པ་གསུམ་གྱིས་ཉེ་བར་མཚན་པའོ། །སྟེང་གི་ཆ་ལ་རྩིག་པ་གཉིས་ཀྱིས་རྣམ་པར་བརྒྱན་པ་འམ། ཡང་ན་རྩིག་པ་གཅིག་གིས་རྣམ་པར་བརྒྱན པའོ། །དེ་ལ་གང་རྩིག་པ་གཅིག་གིས་རྣམ་པར་བརྒྱན་པ་དེའི་རྩིག་པའི་གནས་ལ་ཀ་བའི་ཕྲེང་བས་བརྒྱན་པའོ། །གཉིས་ཀའི་མཐར་ཐུག་པ་ནི་སྲིད་དོ། །དེ་ཡང་ཁྲུ་སུམ་ཅུ་ནས་བརྩམས་ཏེ་ཇི་སྲིད་ཁྲུ་སྟོང་གི་བར་དུའོ། །སྲིད་ཀྱི་ཆ་ལྔའི་ཆ་གཅིག་ནི་ཞེང་གི་ཆད་དོ།། ཞེང་གི་ཆ་ལྔ་ལ་གསུམ་ནི་ནང་གི་དབུས་ཀྱི་རྩིག་པ་དང་ཀ་བ་ཡང་ངོ། །ནང་ལ་སྟེང་འོག་ཆ་གཉིས་ཀ་ལ་ཀ་བའི་ཕྲེང་བ་བྱའོ། །སྒོ་ཕྱི་མ་དང་ནང་མི་ལ་སྒོ་ཀྱོག་པོ་མི་བྱའོ། །དེ་ཡང་འདོད་ལྡན་ཐམས་ཅད་མཚུངས་པར་ལྡན་པ་ནི་ཚེ་དང་སྐྱེ་བོ་དང་ནོར་དང་བདེ བ་དང་ཕུན་སུམ་ཚོགས་པ་རབ་ཏུ་སྟེར་བར་འགྱུར་རོ། །དེ་བཞིན་དུ་ཤར་ནུབ་གཉིས་དང། ལྷོ་བྱང་གཉིས་ཀྱི་མཐར་ཐུག་པའི་སྲིད་དུ་གྱུར་པ་གང་ཡིན་པ་དེ་ནི་བཀྲ་ཤིས་མ་ཞེས་པའི་ཁང་བཟངས་སོ། །སྲིད་ཀྱི་དྲུག་ཆའི་ཆ་གཅིག་གི་ཚད་ནི་ཞེང་ངོ། །ཁང་པའི གཞོགས་གཉིས་ཀྱི་གནས་དེ་དག་མཉམ་པོའི་ཞེང་ངོ། །སྲིད་ནི་ཞིང་གི་ཉིས་འགྱུར་རོ། །དེ་ལ་རིང་པོ་དག་ལ་སྒོ་གཉིས་གཉིས་སོ། །ཁང་པ་ཐུང་བ་དག་སྒོ་ལ་རེ་རེའོ། །དེ་ཡང་ཁང་བཟངས་བཀྲ་ཤིས་མ་སྟེ། དེ་ལ་གནས་པའི་སེམས་ཅན་རྣམས་ཀྱི་ནོར་དང སྐྱེ་བོ་དང་གཉེན་དང་ཚེ་དང་དུད་འགྲོ་དང་གྲགས་པ་འཕེལ་བར་བྱེད་དོ། །གང་ལ་གཡས་གཡོན་གཞོགས་དག་ཁང་ཆུང་གཉིས་དང་ལྡན་ཞིང་སྒོ་བྱང་དུ་བལྟ་བ་ནི་ལྷོའི་ཁང་པའོ། །ནུབ་དང་བྱད་དང་ཤར་གྱི་ཁང་པའི་གནས་ལ་ཁང་ཆུང་དང་མི་ལྡན་པར་གྱུར པ་དེ་ནི་གོང་དང་འབྲུ་འཕེལ་བ་སྟེ་འཕེལ་ལྡན་ཞེས་བཤད་དོ། །གང་ལ་གཞོགS་གཡོན་དུ་ཁང་ཆུང་དང་ལྡན་པའི་ཁང་པ་བཞིར་གྱུར་པ་དེ་ནི་ནོར་དང་སྐྱེ་བོ་དང་བདེ་བ་འབབ་པའི་སྟེ། གཡུང་དྲུང་འཁྱིལ་པ་ཞེས་གསུངས་སོ། །གང་ཡང་ཁང་ཆུང་བཞི་དང་བཅས་པའི་ཁང་པ བརྒྱད་དུ་གྱུར་པ་དེ་ནི་ནོར་དང་འབྲུ་འཕེལ་ཏེ། དོན་ཐམས་ཅད་གྲུབ་པ་ཞེས་གསུངས་སོ། །ལྷ་གང་གི་བྱེ་བྲག་ནི་གྲུ་བཞི་པར་རེ་མིག་བརྒྱད་ཅུ་རྩ་གཅིག་བྱ་སྟེ། ཕྱི་རོལ་ཏུ་རེ་མིག་སུམ་ཅུ་རྩ་གཉིས་ཀྱི་དང་པོ་དང་གཉིས་པའི་གནས་དག་གིས་རྩིག་པའི་ལུས་སོ། །གནས དང་པོའི་ཞེང་དང་མཚུངས་པ་དཔངས་སུ་སྟེ་གཉིས་པའི་རེ་མིག་ཏུའོ། །དེའི་སྟེང་དུ་གསུམ་པ་དང་བཞི་པ་དག་རྩིག་པ་བྱ་སྟེ། འོག་གི་གནས་ཀྱི་སྲིད་ཀྱི་དགུའི་ཆ་རྣམས་ལ་དྲུག་གི་ཆས་སྟེང་གི་གནས་དག་གི་ཞེས་སོ། །དེ་ནས་རེ་མིག་དགུར་བྱས་ལ་ཕྱིའི་རེ་མིག་ཏུ རྩིག་པ་བྱའོ། །དཔངས་སུ་གསུམ་པའི་གནས་ལ་དང་པོའི་གནས་ཀྱི་སུམ་ཆའི་ཆ་གཅིག་གིས་སོ། །དེའི་ཉིས་འགྱུར་གྱིས་གནས་བཞི་པའི་དབངས་སོ། །སྟེགས་བུ་ནི་རྩིག་པ་གཉིས་སོ། །དེ་ལ་རྩིག་རྨང་གཞན་པར་གསུངས་སོ། །ཡང་དག་པར་སྦྱངས་པ་རྣམས ལས་བཟང་པོས་ཡོངས་སུ་བཀང་བ་རྣམས་ཡང་དག་པར་བརྡུང་ཞིང་དོང་བཀང་ལ། གསེར་དང་དངུལ་གྱི་པདྨའི་སྟེང་དུ་གསེར་དང་དབུལ་གྱི་བུམ་པ་རུས་སྤལ་གྱི་སྟེང་དུ་དགོད་དོ། །དེའི་སྟེང་དུ་གཡས་སྐོར་དུ་མེ་ལ་སོགས་པའི་མཚམས་རྣམས་སུ་ཨཻནྡྲ་ནཱི་ལ་དང། རྡོ་རྗེ་ས?་ལམ་དང། མ་ར་ག་ཏ་དང། པདྨ་རཱ་ག་དང། པུཥཔ་རག་རྣམས་དང། བདུད་རྩི་ལྔ་དང། དྲི་ལྔ་དང། དངུལ་ཆུས་ནང་ཡོངས་སུ་དགང་པར་བྱའོ། །ཇི་ལྟར་འབྱོར་པས་གསེར་དང་དངུལ་དང། ཟད་མ་ལས་ཡོངས་སུ་བྱས་ཏེ་ཁ་དགབ་པར་བྱའོ། །ོཾ་བཛྲ་ཡཀཱ ཧཱུཾ་ཞེས་པའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །སྦྲང་གི་བུམ་པ་བཞི་ཟུར་བཞིར་གཞག་པར་བྱའོ། །དེའི་སྟེང་དུ་ལེགས་པར་བྱས་པའི་སོ་ཕག་གཞག་པར་བྱའོ།། །།དེ་ནས་ཡོངས་སུ་སྦྱངས་པའི་སའི་དབུས་སུ་སློབ དཔོན་གྱིས་ཏིང་ངེ་འཛིན་གསུམ་བསྒོམས་ནས་སྔོན་དུ་ཡིད་ཀྱི་རང་བཞིན་གྱི་མཆོད་པ་རྣམས་ཀྱིས་དེ་ན་གནས་པའི་ལྷ་དང། ཕྱོགས་སྐྱོང་དང། ཀླུ་དང། སའི་ལྷ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་ཡོན་དང་ཞབས་བསིལ་དང་ཞལ བསིལ་གྱིས་ཡང་དག་པར་མཆོད་པར་བྱའོ། །ཕྱིའི་མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས་ནམ་མཁའ་ལ་གཞག་པར་བྱའོ། །དེ་ནས་ཨོཾ་བྷུ་ཁམ་ཞེས་པའི་སྔགས་ཀྱིས་སྟོང་པར་བྱས་ཏེ་སའི་ཆ་ལ་ཧཱུཾ་ལམ་ཧཱུཾ་ཞེས་པའི་སྔགས་ཀྱིS རྡོ་རྗེའི་རྡུལ་གྲ་རབ་ཀྱི་རང་བཞིན་དུ་རྣམ་པར་བསྒོམ་པར་བྱའོ། །ོཾ་མེ་དེ་ནི་བཛྲི་བྷ་བ་བཛྲ་བན་དྷ་ཧཱུཾ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། དེ་ནས་ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་གསུམ་དང་ཏྲཾ་ཞེས་བརྗོད་པས་ཧཱུཾ་ཡིག་གི་འོད་ཟེར་གྱིས་སོར་མོའི་རྩེ མོ་ལས་གདེངས་ཀའི་སྒྲས་ཡེ་ཤེས་ཀྱི་སའི་ལྷ་མོ་བསྐུལ་ནས་འཐོན་ཏེ། ལག་པ་གཉིས་ཀྱིས་གསེར་གྱི་བུམ་པ་འཛིན་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སའི་ལྷ་མོ་སེར་མོ་རྣམ་པར་བསྒོམས་ལ་ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་ཕུལ་ནས མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་པར་བྱའོ། །ལྷ་མོ་ཁྱོད་ནི་ཞེས་པ་ལ་སོགས་པ་ནས་བདག་གིས་གཙུག་ལག་ཁང་བཞེངས་བྱ་ཞེས་པའི་བར་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དེའི་ནང་གི་ཕྱོགས་གཅིག་ལ་ཐིམ་པར་རྣམ་པར་བསྒོམ་པར་བྱའོ།། དེ་ནས་དེའི་ས་ཕྱོགས་སུ་ཡཾ་རཾ་བཾ་སུཾ་གི་ཡི་གེ་རྣམས་ལས་སྐྱེས་པའི་རླུང་དང་མེ་དང་ཆུ་དང་ས་དང་རི་རབ་ཀྱི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དེའི་འོད་ཟེར་གྱི་ཚོགས་ཀྱིས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང། རྡོ་རྗེ་ར་བ་དང། རྡོ་རྗེའི་གུར་དང། བླ་རེ་ཡང་རྣམ་པར་བསྒོམས་པར་བྱའོ། །སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་བྲུཾ་ལས་སྐྱེས་པའི་འཁོར་ལོས་མཚན་པའི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་གཙུག་ལག་ཁང་གི་ཕྱོགས་རྣམས་པར་བསློམས་ནས་སོ་ཕག་བྱིན་གྱི་བརླབ་པར་བྱའོ། །ོཾ་བཛྲ་? ཀཾ་ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་སན་ཏི་བཾ་ཞེས་པའི་སྔགས་ཀྱིས་སོ། །དེ་ལ་ཐམས་ཅད་དུ་བ་ལང་གི་རྨིག་རྗེས་ཅན་དང། ཡོན་པོ་དང། ཟེགས་པོ་དང། གྲོག་ཚང་དང། སྲིན་བུས་ཟོས་པ་དང། ཆ་ཤས་ཉམས་པའི་སོ་ཕག་རྣམས་ཡོངས་སུ སྤངས་ཏེ། སོ་ཚོས་པ་དང། བཟང་བ་དང། མཁྲེགས་པ་དང། ཟུར་དང་བཅས་པའི་སོ་ཕག་ཡང་དག་པར་བཟུང་སྟེ་པདྨའི་སྟེང་དུ་གཞག་པར་བྱའོ། །བྲུཾ་ཡིག་ལས་རྡུལ་ཕྲ་རབ་ཚོགས་པའི་གཟུགས་སུ་བསྒོམས་ནས་བུམ་པའི་ཆུས་གཏོར་བར་བྱའོ། །ཉེར སྤྱད་ལྔ་དང། དྲི་ལྔ་དང། ཉིན?་དྷུ་ད་དང། མེ་ཏོག་དམར་པོ་དང། པྲི་ཡཾ་ཀུའི་མེ་ཏོག་དང། ཏིལ་དཀར་པོ་དང། ཚངས་སྐུད་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་སའི་བདག་པོ་དང། རྩིག་པའི་ལས་བྱེད་པ་དང། ལྟད་མོ་བའི་མི་རྣམས་ལ་ཇི་ལྟར འབྱོར་པའི་ལག་གདུབ་དང། སོར་གདུབ་དང། གོས་དང། རིན་པོ་ཆེའི་ཕྲེང་བ་དང། གོ་ཡུ་དང། གོ་ལ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་ཚིམ་པར་བྱའོ། །སྦྱིན་བདག་གི་ལག་པས་སོ་ཕག་གཏད་པར་བྱའོ། །དེ་ནས་བྱང་ཤར་དུ་ཁ་ཕྱོགས་པས་སའི་གནS ནས་རླུང་རྒྱུ་བ་ན་དེ་བཞིན་གཤེགས་པ་རྣམས་ཟླ་བ་དང་ཉི་མའི་སྣང་བ་མཆོག་ལ་རྩིག་པ་ལ་སོགས་པ་གཡས་བསྐོར་དུ་སོ་ཕག་རྣམས་དང་པོ་བྱང་དམ་ཤར་ནས་བརྩམས་ཏེ་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་ཟུར་རྣམས་སུ་གཞག་པར་བྱའོ། ། དེ་ནས་སློབ་དཔོན་དང་བཅས་པས་རྡོ་རྗེ་བསྲུང་པའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ོཾ་བཛྲ་རཀྵ་དྷི་ཌཧོ་མེ་བྷ་བ་རཀྵ་སརྦ་སྭཱ་ཧཱ། ལན་བདུན་དུའོ། །ལག་པ་གཡས་པའི་རྡོ་རྗེས་ཨོཾ་བྲུཾ་སརྦ་ཏ་ཐཱ་ག་ཏ་སརྦ་བུདྡྷ་ལ་ཡ་མཱ་དྷི་?་?་ སྭཱཧཱ་ཞེས་པའི་སྔགས་འདིས་སོ་སོའི་ཟུང་ལ་ལན་བདུན་དུ་བྱིན་གྱིས་བརླབ་པར་བྱའོ། །ཡི་གེ་བརྒྱ་པས་བརྟན་པར་བྱས་ནས་བུམ་པའི་ཆུས་གཏོར་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་དྲིལ་བུ་དཀྲོལ་བར་བྱའོ། །དེའི དུས་སུ་དམ་པའི་ཆོས་ཀློག་པ་དང། བཀྲ་ཤིས་ཀྱི་གླུ་དང། རྔ་ལ་སོགས་པ་རོལ་མོའི་སྒྲ་དགའ་བར་བྱའོ། །སྦྱིན་བདག་གིས་ཡང་དག་པར་སྤྲོ་བ་དང་བཅས་པས་ཆུའི་རྒྱུན་སྦྲེང་བར་བྱའོ། །དེ་ནས་རིག་མ་ལ་སོགས་པ་མཛའ་དག་རྗེས་སུ་ཆགས་པས་སྣ་ཚོགས པདྨའི་སྟེང་དུ་སྒེག་པ་དང་རོལ་པའི་མཆོག་དང་སྣ་ཚོགས་པའི་གོས་དང་ཚངས་སྐུད་ཀྱིས་བརྒྱན་པ། ཤིན་ཏུ་རྣམ་པར་དག་པའི་སྤྱན་ཡངས་ཤིང་དུལ་བ་མཛེས་པས་རྣམ་པར་བརྒྱན་པར་གྱུར་པ་ཞལ་མཛེས་པ་རལ་པའི་ཐོར་ཚུགས་ལ་རིན་པོ་ཆེའི་ཅོད་པན བཅིངས་པ་ཕྱག་བཞི་ནི་མཆོག་སྦྱིན་དང་འབྲང་ཕྲེང་དང། དབྱུག་གུ་གསུམ་པ་དང་སྤྱི་བླུགས་ཀྱིས་རྣམ་པར་བརྒྱན་ཅིང་ཤིན་ཏུ་མཛེས་པ་གུར་གུམ་གྱི་མདོག་ལྟ་བུ་ཞི་བའི་གཟུགས་ཅན་མཐུ་དང་ལྡན་པའི་མེས་ཚིམ་པར་བྱའོ། །དྲི་བཟང་པོའི་ཤིང་གི་ཡམ་ཤིང དང། དྲི་བཟངས?་ཀྱི་ལྡེ་གུ་དང། ཏིལ་ལ་སོགས་པའི་འབྲུ་རྣམས་ཀྱིས་སྦྱིན་སྲེག་བྱའོ། །སྔགས་ནི་ཨོཾ་པྲ་མོ་ཧ་ནཱགན་ཡཻ་སྭཱ་ཧཱ། ཞེས་སོ། །པཎྜི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པ་ཞེས་བྱ་བས་མཛད་པའི་བྱ་བ་བསྡུས་པ་ལས་རབ་ཏུ་བྱེད་པ་བཞི་པའོ།། །།ཤིང གི་ལས་ཞེས་གསུངས་པས་དེ་བརྗོད་པར་བྱ་སྟེ། ནགས་བལྟས་དེ་ནས་བློ་ལྡན་གྱིས། །སྒོ་ནི་ཡང་དག་གདོད་པར་བྱ། །གནས་པའི་ཤིང་གི་རྩེ་མོ་ཡིས། །བདུད་རྩིའི་མེ་ལ་སྦྱིན་སྲེག་བྱ། །དེ་ལ་ཚེས་དང་གཟའ་དང་རྒྱུ་སྐར་བཟང་པོ་ལ་མཆོད་རྟེན་ནམ། གཙུག ལག་ཁང་ལ་སོགས་པ་རྣམས་ཀྱི་སྲོག་ཤིང་དང་སྒོ་དང་ཀ་བ་ལ་སོགས་པའི་ཤིང་གི་རྩེ་མོའི་མཛའ་ཐུག་པ་རྣམས་ཀྱི་སྲིད་དང་ཞེང་དུ་གནས་པ་དག་ཐིག་འཛིན་པ་རྣམས་ཀྱིས་ལེགས་པར་གྲོས་བྱ་སྟེ། ཤིང་མཁན་གྱི་འཁོར་དང་ཚོགས་པ་རྣམས་ཀྱི སྦྱིན་བདག་དང་སློབ་དཔོན་དང་བཅས་པས་ནགས་ཚལ་བལྟར་འགྲོ་བར་བྱའོ། །རྙེད་པ་དང་ཚལ་གྱི་ཉེ་འཁོར་དུ་དུས་བརྟགས་ཏེ་བདག་ཉིད་ལས་ཐམས་ཅད་པའི་སྐུར་བསྒོམས་ཏེ་རྐང་པ་གཡས་པ་མདུན་དུ་བྱས་ཏེ། བྱང་ཤར་གྱི་ཕྱོགས་སུ་ཞལ་བསྟན་ནས་སློབ དཔོན་ནགས་ཀྱི་ཕྱོགས་སུ་རབ་ཏུ་འཇུག་པར་བྱའོ། །ལོ་ཉིས་བརྒྱ་མ་ལོན་པའི་ཤིང་སར་བའི་སྡོང་པོ་རྣམས་བཟུང་བར་བྱའོ། །དེ་ནས་ཡང་གེ་སར་གཉིས་པ་དང། མ་དྷུ་ར་དང། ཏིཏྟིའི་སྙིང་པོ་དང། ཤུག་པ་དང། སེང་ལྡེང་དང། གམཧཱ་རི་དང། སྦྲང་གི་ཤིང་དང། མྱ་ངན་མེད་དང། བ་ཀུ་ལ་དང། རྣམ་པར་རྒྱལ་བྱེད་དང། ཙན་དན་དང། ཙམ་པ་ཀ་དང། ཙཱུ་ཏ་དང། ཀི?་ཤུ་ཀ་དང་པ་ལ་ཤ་དང། པིཙྪི་ལ་དང། བ་ལ་ད་དང། ཐང་ཤིང་དང། ས་ལ་དང། ཏྲཱ་ལ་དང། གྲན་ཐི་ལ་རྫུན་དང། ཛ་མཱུ་དང། བྷ་ཎ་ཌི་ལ་དང། རོ་ཧི་ཎི་ལ ས་ཨོགས་པ་དཔག་ཏུ་མེད་པའི་ཤིང་རྣམས་གང་ལ་གང་ཉེ་བར་འོས་པའི་ཤིང་དེ་རྣམས་ལེགས་པར་རྣམ་པར་བརྟགས་ནས་ཕྱི་དྲོའི་དུས་སུ་ལས་ཐམས་ཅད་པའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་ཡང་དག་པའི་སྤྲོ་བ་དང་ལྡན་པས་ཤིང་མཁན་དང་བཅས པའི་བཟོ་བོ་རྣམས་ཡང་དག་པར་བསྲུང་བ་བྱའོ། །ཉེར་སྤྱད་ལྔས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྱོགས་ཀྱི་བདག་པོ་དང། ནགས་ཚལ་དང་ཤིང་གི་ལྷ་ལ་སོགས་པ་རྣམས་ཡང་དག་པར་མཆོད་ཅིང་ཕྱོགས་ཀྱི་གཏོར་མ་ཡང་དབུལ་བར བྱའོ། །ཤིང་མཁན་དང་བཅས་པའི་བཟོ་བོ་རྣམས་བཟའ་བ་དང་བཏུང་བའི་སྟོན་མོ་དང། སུ་རྩི་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་ཚིམ་པར་བྱའོ། །ཡི་དམ་གྱི་ལྷ་རྣམས་ཀྱང་བདག་ལ་དགོངས་སུ་གསོལ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས གསོལ་པ་གདབ་པར་བྱའོ། །སེམས་རབ་ཏུ་དགའ་བས་ཤིང་མཁན་དང་བཅས་པའི་བཟོ་བོ་རྣམས་དང་ལྷན་ཅིག་ཡི་དམ་ལྷའི་རྣལ་འབྱོར་གྱིས་ཞེ་བར་མཐུན་པས་ཉལ་བར་བྱའོ། །དེ་ནས་རྨི་ལམ་བཟང་པོ་བདེན་པའི་དབང་དུ་ངེས་ན་མཚམས་སྦྱར་བར་བྱའོ།། རྨི་ལམ་ངན་ན་ལས་ཐམས་ཅད་པའི་བཟླས་པ་བྱའོ། །དེ་ནས་ནང་པར་སྔ་བར་མཆོད་པ་ཐམས་ཅད་དང་ཡང་དག་པར་ལྡན་པས་སློབ་དཔོན་གྱིས་རྣམ་པར་སྣང་མཛད་ཆེན་པོའི་རྣལ་འབྱོར་ལ་ཞུགས་ཏེ། ལྷ་རྣམས་ཀྱི་གཟུགས་ཀྱི་ཤིང་གི རྒྱལ་པོ་རྣམས་ཡང་དག་པར་མཆོད་པར་བྱའོ། །དེ་ལ་དེ་རྣམས་ཀྱང་ཤིང་གི་ལྷ་རྣམས་དང་དེ་རྣམས་ཀྱི་ཞིང་སྐྱོང་རྣམས་སོ། །ཤུག་པ་དང་གེ་སར་གཉིས་པ་དང་ཙམ་པ་ཀ་དང་མྱ་ངན་མེད་ཀྱི་ཤིང་རྣམས་ལ་ཤིང་གི་ལྷ་གསང་བ་མ་དང། ཞིང་སྐྱོང་ནག་པོ་ཆེན པོའོ། །ནེ་མཱི་དང་སཱ་ལ་དང་ཐང་ཤིང་ལ་འཇིག་རྟེན་གྱི་མ་མོ་དང། ཞིང་སྐྱོང་རི་རབ་ཆེན་པོའོ། །ཧ་རི་ཏ་དང་ཨ་རུ་པའི་ཤིང་དང་ནྱ་གྲོ་དྷའི་ཤིང་རྣམས་ལ་ཀརྞ་མ་ཊི་ཀ་མ་དང། ཞིང་སྐྱོང་ཤིང་ཏུ་སྟོབས་ཅན་ནོ། །ཙུ་ཏའི་ཤིང་ལ་ཨ་བི་ཀ་མ་དང། ཞིང་སྐྱོང སྟོབས་ཅན་ནོ། །ཏཱ་ལའི་ཤིང་ལ་ཤམ་ཀ་རི་ཀ་དང། ཞིང་སྐྱོང་སྐྲ་གྱེན་དུ་བརྫེས་པའོ། །ཀ་དམ་པའི་ཤིང་ལ་ཞལ་བཟང་མོ་དང། ཞིང་སྐྱོང་དྲིལ་བུ་ཆེན་པོའོ། །འཇམ་འབྲས་ཤིང་ལ་འཇམ་འབྲས་ལ་གནས་མ་དང། ཞིང་སྐྱོང་གཏུམ་པོའི་དྲིལ་བུའོ། །སྦྲང གི་ཤིང་ལ་ཤེ་ཀ་དང། ཞིང་སྐྱོད་སྐྱེས་བུའི་དབང་ཕྱུག་གོ་།གསེར་ཤིང་ལ་གཏུམ་མོ་དང། ཞིང་སྐྱོང་བཟང་པོའོ། །ཤྲིཾ་གའི་ཤིང་ལ་བཀྲ་ཤིས་ཆེན་མོ་དང། ཞིང་སྐྱོང་མེའི་ཞལ་ལོ། །དེ་ནས་ལས་དང་མཐུན་པར་ཤིང་གི་ལྷ་རྣམས་དང། གང་གི་ཞིང་སྐྱོང གི་རྣམ་པ་ཡང་རྣམ་པར་བསྒོམས་ཏེ་རང་རང་གི་སྔགས་ཀྱིས་མཆོད་པར་བྱའོ། །དེ་ལ་ཨོཾ་མཾ་མཧཱ་ཀཱ་ལ་ཡ་ན་མ:སྭཱ་ཧཱ། ཞིང་སྐྱོང་གིའོ། །ོཾ་གཾ་གུ་ཧཡ་ཀཱ་ཡཻ་ན་མ:སྭཱ་ཧཱ། དེ་བཞིན་དུ་ཨོཾ་མཾ་མཧཱ་མེ་ར་བེ་ན་མ:སྭཱཧཱ། ཨོཾ་ལཾ་ལོ་ཀ་མཱ་ཏྲི་ཀཱ་ཡཻ་ན་མ:སྭཱ་ཧཱ། ོཾ་ཨཾ་ཨ་ཏི་བ་ལཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཀཾ་ཀརྞ་མཊི་ཀཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་བཾ་པ་ལཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཨཾ་ཨཾ་བི་ཀཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་ཨའུཾ་ཨཱཽར?་དྷ་ཀོ་ཥཱ་ཡ་ན་མ:སྭཱ་ཧཱ། ཨོཾ་ཤཾ་ཤཾ་ཀ་རི་ཀཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་གྷཾ་མཧཱ། གྷན་ཌ་ཡ་ན་མ:སྭཱ་ཧཱ། ཨོཾ་སུཾ སུ་མུ་ཁཱ་ཡེ་ན་མ:སྭཱ་ཧཱ། ཨོཾ་ཙཾ་ཙཎྜ་གྷཎྜཱ་ཡ་ན་མ:སྭཱ་ཧཱ། ཨོཾ་ཀཾ་ཀ་རཉྫ་བ་སི་ནྱཻ་ན་མ:སྭཱ་ཧཱ། ཨོཾ་སུཾ་སུཾ་སེ་ཤཱ་རཱ་ཡ་ན་མ:སྭཱ་ཧཱ། ཨོཾ་ཤཾ་ཤེ་ཀཱ་ཡཻ་ན་མ:སྭཱ་ཧཱ། ཨོཾ་སུཾ་སུ་ཛ་ནེ་ཏྲི་ན་མ:སྭཱ་ཧཱ། ཨོཾ་ཙ་ཙཎྜཱ་སྱེ?་ན་མ:སྭཱ་ཧཱ། ཨོཾ་བཾ་བཧྣི?་མུ་ཁཱ་ཡ་ན་མ:སྭཱ་ཧཱ། ཨོཾ་མཾ མཧཱ་ལཀྵེ?་ན་མ:སྭཱ་ཧཱ། གཙུག་ལག་ཁང་གི་ཆེད་དུ་ནི། །དི་རིང་ཤིང་གཅོད་བདག་སྤྲོ་པས། །དེ་ནི་ཁྱོད་རྣམས་བཟོད་མཛད་ནས། །ཤིང་གཞན་ལ་ནི་འདིར་གནས་མཛོད། །ཅེས་པའི་ཚིགས་སུ་བཅད་པ་བརྗོད་ནས་ཤིང་ལ་གནས་པའི་ལྷ་རྣམས་ལ་གསོལ་པ་གདབ་པར བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཤིང་གཞན་ལ་སོང་བར་བསམ་པར་བྱའོ། །དེ་ནས་བསྲུང་བའི་ཆེད་དུ་རྨ་བྱ་ཆེན་མོ་བཀླག་པར་བྱའོ། །དེའི་རྗེས་ལ་ལས་ཐམས་ཅད་པའི་གཟུགས་ཀྱི་ཤིང་མཁན་ལ་གསེར་དང་གོས དང་སོ་རྩི་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་མཉེས་པར་བྱས་ནས་སྟ་རེ་ལ་ཡང་སྤྲང་རྣམ་པར་བྱུགས་ཏེ། ཤིང་མཁན་དེས་ཀྱང་དགེ་བའི་སེམས་ཀྱིས་ལག་པ་གཡས་པ་བསྟོད་ནས་བྱང་ཤར་དུ་གདོང་ཕྱོགས་ཏེ་ཉི་མ་ལ་བལྟས་ནས་ཤིང་བཤད་པར་བྱའོ། དེ་ལ་ཡང་དགེ་བ་དང་མི་དགེ་བའི་མཚན་མ་བལྟ་བར་བྱའོ། །མི་དགེ་བའི་མཚན་མ་རྣམས་ཡོངས་སུ་སྤང་ཞིང་དགེ་བའི་མཚན་མ་རྣམས་ཡང་དག་པར་གཟུང་བར་བྱའོ། །གང་གི་ཚེ་བྱང་ཕྱོགས་སུ་ཤིང་འགྱེལ་བ་དེའི་ཚེ་སྦྱིན་བདག་གི་ནོར་དང་འབྲུ་ལས་འགྲུབ ཕར་འགྱུར་རོ། །དབང་ལྡན་གྱི་ཕྱོགས་སུ་འགྱེལ་ན་རིག་པ་དང་ཤེས་པ་དང་ལུང་དུ་འགྱུར་རོ། །གང་གི་ཚེ་དབང་པོའི་ཕྱོགས་སུ་ཤིང་འགྱེལ་ན་དེའི་ཚེ་རྒྱལ་བ་དང་དཔའ་མོ་དང་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་བཞིན་དུ་ཡང་ཤིང་གཞན་ལ་མ་གཉེས་པར་བར དུ་གང་གི་ཚེ་འགྱེལ་བ་དེའི་ཚེ་དགེ་བ་དང་བདེ་བ་དེ་བཞིན་དུ་འགྱུར་རོ། །གང་གི་ཚེ་ཤིང་གཞན་ལ་གཉིས་ཤིང་འགྱེལ་ན་སྦྱིན་བདག་ལ་འཇིགས་པ་ཆེན་པོར་འགྱུར་རོ། །མེ་དང་གཤིན་རྗེ་དང། བདེན་བྲལ་དང། ཆུ་བདག་དང། རླུང་གི་ཕྱོགས་རྣམས་སུ་འགྱེལ་ན་མེའི འཇིགས་པ་དང་འཆི་བ་དང་སྲིན་པོ་དང་ཆུ་དང་རླུང་གི་འཇིགས་པ་རྣམས་སུ་གྲངས་ཇི་ལྟ་བ་བཞིན་དུ་འགྱུར་རོ། །སྐད་འདར་ཞིང་རིང་པོར་ལྷུང་ན་ཡང་སྦྱིན་བདག་ལ་སྡུག་བསྔལ་གྱི་མཚན་མར་འགྱུར་རོ། །གཅོད་པའི་ཚེ་གལ་ཏེ་རྔ་མོ་དང་ཁྱི དང་ཅེ་སྤྱར་དང་སྤྲུལ་དང་ཕག་དང་བྱ་རྒོད་དང་བྱ་རོག་ལ་སོགས་པའི་གདུག་པ་ཅན་གྱི་བྱ་རྣམས་བལྟ་བར་བྱེད་ན་དེའི་ཚེ་ངེས་པར་གསོད་པ་དང་འཆི་བ་དཔག་ཏུ་མེད་པའི་བགེགས་རྣམས་སུ་འགྱུར་རོ། །ཤིང་ལས་གལ་ཏེ་ཁྲག་འཛག་ན་དེའི་ཚེ་སྦྱིན་བདག འཆི་བར་འགྱུར་རོ། །ཞོ་དང་མར་དང་སྦྲང་དང་འོ་མ་འབབ་ན་གསོད་པ་དང་འཆིང་བ་ལ་སོགས་པའི་འཇིགས་པ་རྣམས་སུ་འགྱུར་རོ། །འོན་ཀྱང་གང་གི་ཚེ་ཤིང་རྣམས་ཀྱི་རང་བཞིན་མངར་བ་དང་ཚ་བ་དང་ཁ་བ་དང་བསྐྲ་བ་ལ་སོགས་པའི་རོར་གྱུར་པ་དེའི་ཚེ ཉེས་པ་མེད་དོ། །བཙོད་ཀྱི་མདོག་གིས་སྤལ་བར་ཤེས་པར་བྱ་སྟེ། ངེས་ཀྱང་ནང་དུ་འགྱུར་རོ། །དེ་བཞིན་དུ་ཁ་དོག་སྐྱ་པོས་བྲི་བར་ཤེས་པར་བྱ་སྟེ། ནང་དུ་འགྱུར་ཏེ་ཤིང་དེས་ཀྱང་ཆོམ་རྐུན་གྱིས་འཇིགས་པར་འགྱུར་ཞིང་གློའི་ནད་སྐྱེ་བར་འགྱུར་རོ། །ཁ་དོག་སེར་པོས ཤིང་གི་ནང་དུ་ཤེས་པར་བྱ་སྟེ། དེས་ཀྱང་ནོར་ཉམས་པར་འགྱུར་རོ། །ཕུག་རོན་གྱི་ཁ་དོག་གིས་དེའི་ནང་དུ་ཁྱིམ་གྱི་ད་ཡིག་ཏུ་ཤེས་པར་བྱ་སྟེ། དེས་སྦྱིན་བདག་དབུལ་པོར་འགྱུར་རོ། །སྐྱ་རེངས་ཀྱི་མདོག་གིས་རྩངས་པར་ཤེས་པར་བྱ་སྟེ། དེས་ནད་དཔག་ཏུ་མེད པ་སྐྱེ་བར་འགྱུར་རོ། །ཁ་དོག་ལྗང་གུས་སྦྲུལ་འབྱུང་བར་འགྱུར་ཏེ། དེས་ཀྱང་དེ་བཞིན་དུ་ནོར་ཟད་པར་བྱེད་དོ། །རལ་གྲིའི་ཁ་དོག་གིས་ཆུར་ཤེས་པར་བྱ་སྟེ། དེས་དེ་བཞིན་དུ་ཆུས་འཇིགས་པར་འགྱུར་རོ། །གདུགས་དང་རྒྱལ་མཚན་དང། དཔལ་གྱི་བེའུ་དང། བུམ་པ་དང། རྔ་ཡབ་དང། འཁོར་ལོ་དང། ཆུ་སྐྱེས་དང། གཡུང་དྲུང་དང། འཇུག་བཞིན་པའི་ལྕགས་ཀྱུ་རྣམས་ནི་དགེ་བའི་མཚན་མའོ། །དེ་ལྟ་བུ་ལ་སོགས་པ་མ་ལུས་པའི་དགེ་བའི་མཚན་ཉིད་རྣམས་ཡོངས་སུ་ཤེས་ནས་ཤིང་བཅད་པར་བྱའོ། །དེ་ནས་རྣམ པར་བཅད་པའི་ཤིང་རྣམས་ཀྱང་ཡང་དག་པར་གཞལ་བར་བྱ་སྟེ། རྩ་བ་དང། དབུས་དང། རྩེ་མོའི་ཆའི་མཛེར་པ་ཅན་རྣམས་སྤངས་ཏེ་བཅུ་ཆའི་ཆ་གཅིག་གིས་ལྷག་པའི་ཚད་དུ་ཤེས་པར་བྱའོ། །ཇི་ལྟར་ཤིང་རྣམས་ཀྱི་ནགས་ཀྱི་ལྟད་མོ་བཞིན་དུ་མཆོད་རྟེན་དང སྐུ་གཟུགས་ལ་སོགས་པའི་དོན་དུ་རྡོ་རྣམས་ཀྱི་ཡང་རི་ལྟར་འགྲོ་བར་བྱའོ། །རྡོ་བ་ཡང་བཀྲ་ཤིས་པ་རྣམས་གཟུང་ཞིང་བཀྲ་མི་ཤིས་པ་རྣམས་ཡོངས་སུ་སྤང་བར་བྱའོ། །དེ་ལ་རིའི་འགྲམ་དུ་གནས་ནས་ཕྱོགས་བཅུན་གནས་པའི་རྡོ་རྣམས་འཐུག་པ་དང་སྲ བ་དང་དྲི་ཞིམ་པ་དང་སྐད་སྙན་པ་དང་རེག་བྱ་བསིལ་བ་དང་ན་ཚོད་པར་མ་རྣམས་དང། བརྟན་པ་དང་གཉེན་པ་དང་གཤིན་ཏུ་འཇམ་པ་དང་སར་པ་རྣམས་ཏེ། དེ་གཉིས་ངེས་པར་བསྔགས་ཏེ། དཀར་བ་དང་སེར་བ་ལྗང་གུ་དང་དམར་པོ་དང་རྡོ་ནགས་ཀྱང་གལ་ཏེ རི་མོ་དཀར་པོ་ཕྲ་མོ་དང་ཐིག་ལེ་རྣམས་དང་ལྡན་པར་གྱུར་ན་དེའི་ཚེ་བློ་དང་གཉེན་དང། རུས་དང་རིགས་དང་རྒྱལ་པོའི་ཕུན་སུམ་ཚོགས་པ་དང་གཡོག་རྣམས་དགེ་བར་འགྱུར་རོ། །སྟེང་དང་བྱང་དང་དབང་ལྡན་དང་ཤར་ཕྱོགས་སུ་གདོང་ཕྱོགས་ན་གྲངས་ཇི་ལྟ་བ བཞིན་དུ་མཁའ་ལ་སྤྱོད་པའི་དངོས་གྲུབ་དང་སྐྱེ་བ་དང་ནོར་དང་རིགས་འཕེལ་བ་དང། ཐར་པ་དང་མངོན་པར་འདོད་པའི་དངོས་གྲུབ་སྟེར་བའི་རྡོ་རྣམས་གཟུང་ངོ། །ཤིན་ཏུ་སྙི་བ་དང་བཟོང་བསྣུན་པ་ཡང་མི་བཟོད་པ་དང་སྟོབས་མེད་པ་རྣམས་དང། རྩུབ་པ་དང མདོག་ངན?་པ་དང་སྒྲ་ངན་པ་དང་རྡོ་རྒན་པ་རྣམས་དང། དེ་གཉིས་ཡོངས་སུ་སྤངས་ཏེ། དེ་བཞིན་དུ་རྡོ་བཟང་བ་དང་ངན་པ་ཤེས་ནས་བཀྲ་ཤིས་པའི་རྡོ་རྣམས་པའི་རྣམ་ལྔས་བྱུགས་ཏེ་དྲི་བཟངས་ཀྱི་ཆུས་ཁྲུས་བྱས་ནས་དྲི་ལ་སོགས་པས་མཆོད་པར་བྱས་ཏེ། ཤིང གི་སྐབས་སུ་གསུངས་པའི་ལས་ཐམས་ཅད་འདིར་ཡང་བྱའོ། །དེ་ནས་གྲོང་ཁྱེར་དུ་ཞུགས་པའི་དུས་སུ་ཤིང་རྣམས་དང་རྡོ་རྣམས་ལ་རྒྱལ་པོ་འམ་གྲོང་ཁྱེར་གྱི་སྐྱེ་བོ་རྣམས། གཏམ་སྨྲ་ཞིང་ཆང་གི་དགའ་བས་སྤྲོ་སེམས་རྒྱས་པའི་སྐྱེ་བོ་རྣམས་ཀྱིས་དྲང་བར་བྱའོ། ། བུམ་པ་གང་བ་དང་མར་མེ་དང། སྣ་ཚོགས་པའི་རྔ་དང་རོལ་མོ་དང་ཅ་ཅོ་དང་སྐྱེ་བོ་རྣམས་དང་བདག་པོ་རྣམས་ཀྱིས་ཤིང་ཏུ་གུས་པ་དང་བཅས་པས་འཇུག་པར་བྱའོ། །ཡངས་ཤིང་མཉམ་པའི་ས་གཞི་ལ་འབྲས་ཕྱེའི་ཆུ་སྐྱེས་ཀྱི་དབུས་སུ གཞག་པར་བྱའོ། །འདིར་སྒོ་ལ་སོགས་པ་གཟུགས་པ་ནི་མཆུ་ཟླ་དང། དཔོ་ཟླ་དང། ས་གའི་ཟླ་བ་དང། སྣོན་ཟླ་དང། ཆུ་སྟོང་ཟླ་བ་དང། སྨིན་དྲུག་ཟླ་པ་རྣམས་ལ་ཆོས་གཉིས་དང། གསུམ་དང། ལྔ་དང། བདུན་དང། བཅུ་དང། བཅུ་གསུམ་དང བཅུ་བཞི་རྣམས་ལ་གཟའ་ཟླ་བ་དང། གཟའ་ལག་དང། ཕུར་བུ་དང་པ་བ་སངས་རྣམས་ལ། སྐར་མ་སྣར་མ་ལ་ནོར་རྙེད་པའི་ཕྱིར་རོ། །མགོ་ལ་ཞི་བའི་ཕྱིར་རོ། །སྐར་མ་ལག་ལ་སྐལ་བ་བཟང་པོའི་ཕྱིར་རོ། །རྒྱལ་ལ་རྒྱལ་བ་དང་ཕྱི་ནས་སྐྱེ་བོ་རྣམས་འཕེལ་བའི ཕྱིར་རོ། །མེ་བཞི་ལ་དངོས་གྲུབ་ཀྱི་ཆེད་དུའོ། །སྣརོན་ལ་བདེ་བའི་ཕྱིར་རོ། །སྣུབས་དང་གྲོ་བཞིན་ལ་ལུང་ཡོངས་སུ་ཤེས་པའི་ཕྱིར་རོ། །ཆུ་སྟོད་ལ་བུ་ཡོངས་སུ་འཕེལ་བའི་ཕྱིར་རོ། །ཁྲུམས་ལ་ནོར་འཕེལ་པའི་ཕྱིར་རོ། ཞི་པའི་གཟའ་ལ་བརྟེན་ཏེ་དུས་སྦྱོར་བཟང པོ་དང་ཐང་ཅིག་བཟང་པོ་རྟག་པར་བྱའོ། །ད་ནི་ཤིང་ལ་སོགས་པའི་ཚད་བརྗོད་པར་བྱའོ། །དེ་ལ་གོ་རིམས་བཞིན་དུ་བྲམ་ཟེ་དང། རྒྱལ་རིགས་དང། རྗེ་རིགས་དང། དམངས་རིགས་རྣམས་ཀྱི་ཕལ་ཆེ་བས་ཞི་པ་དང་རྒྱས་པ་དང་དབང་དང་རྒྱས་པ་ལ་དགེ་པ་རྣམS ཀྱི་རྒྱལ་མཚན་དང་སེང་གེ་དང་གླང་པོ་ཆེ་དང་བ་ལང་ཀུན་ནས་སྣོན་པར་ཤེས་པར་བྱའོ། །དེ་བསན་ནས་དང། སོར་མོ་དང། ཁྲུའི་ཚད་ཀྱིས་སོ། དེ་ལ་རྡུལ་ཕྲ་རབ་བདུན་གྱིས་རྡུལ་ཕྲན་ནོ། །རྡུལ་ཕྲན་བདུན་གྱིས་རྡུལ་ཕྲ་མོ་བདུན་གྱིས་རི་བོང རྡུལ་ལོ། །རི་བོང་རྡུལ་བདུན་གྱིས་ལུག་རྡུལ་ལོ། །ལུག་རྡུལ་བདུན་གྱིས་གླང་རྡུལ་ལོ། །གླང་རྡུལ་བདུན་གྱིས་སྲོ་མའོ། །སྲོ་མ་བདུན་གྱིས་ཤིག་གོ། ཤིག་བདུན་གྱིས་ནས་སོ། །ནས་དྲུག་གིས་མཐེབ་ཆུང་གི་སོར་རོ།། ནས་བདུན་གྱིས་གུད་མོའི་སོར་རོ། །ནས་བརྒྱད་ཀྱིས་མཐེབ་ཆེན་གྱི་སོར་རོ། །སོར་བཅུ་གཉིས་ཀྱི་མཐོའོ། །མཐོ་གཉིས་ལ་ཁྲུ་གང་སྟེ་ཞེས་པ་ནི་རིགས་ཀྱི་དབྱེ་བ་དང། སོར་གྱི་དབྱེ་བའོ། །དེ་ལ་ཁང་བཟངས་རྣམས་ཀྱིས་བརྒྱད་ཆ་འམ་དགུ་ཆའམ་བཅུ་ཆས་སྒོའི་ཞེང་ངོ། །དེ་ཡང སུམ་ཅུ་སོ་གཉིས་སོ། །དེའི་ཉིས་འགྱུར་སྲིད་དོ། །ཆ་བཅུ་གཉིས་ཀྱིས་རེ་བཞི་སྟེ་ཐེམ་པ་ཡང་ངོ། །ཡང་ན་ཕྱེད་དང་བཅས་པའི་ཆ་བརྒྱད་ཀྱིས་སོ། །ཕྱེད་དང་བཅས་པའི་ཆ་དྲུག་གིས་དཔུང་པའོ། །ཡང་ན་ཕྱེད་དང་བཅས་པའི་ཆ་བཞིས་སོ། །དེའི་ཕྱིར་རུ་ཕྱེད་དང་བཅས་པའི་ཆ གཉིས་ཀྱི་ཚད་ཀྱིས་ཉེ་བའི་དབུང་པའོ། །ཡང་ན་བྱེད་དང་བཅས་པའི་ཆ་གཅིག་གིས་སོ། །དེའི་ཕྱི་རོལ་ཏུ་ཆ་ལྔའི་ལོ་མ་སྟེ་མཉམ་པ་དང་མི་མཉམ་པར་བྱའོ། །ཐེམ་པ་དང་སྒོ་ཁྱུད་ནི་ཕྱེད་དང་བཅས་པའི་ཆ་བཅུ་བཞིས་སོ། །ཆ་ཉི་ཤུ་རྩ་གཅིག་གིས་ཡལ་གའོ། །དེའི་སྟེང དང་འོག་ཏུ་རིམ་པ་ཇི་ལྟ་བ་བཞིན་བྱེད་དང་བཅས་པའི་ཆ་དྲུག་པ་ཅན་ནམ་ཆ་ལྔ་པ་ཅན་ནོ། །འདིར་ཤིང་གི་ལས་རྣམས་ལ་ཇི་ལྟར་རྗེས་སུ་མཐུན་པའོ། །རྡོ་རྗེ་དང་རིན་པོ་ཆེ་དང། པདྨ་དང་འཁོར་ལོ་དང། ལྷ་དང་ཀླུ་དང་གནོད་སྦྱིན་དང། རིགས་འཛིན་ལ་སོགས་པས བརྒྱན་པའི་རྟ་བབས་ལ་སོགས་པས་ཀྱང་ཇི་ལྟར་མཛེས་པ་བཞིན་དུ་བྱའོ། །ལྷའི་གནས་ལ་ནི་རེ་མིག་གཉིས་ཀྱིས་སྒོའི་ཞེད་ངོ། །ལྷག་མ་ནི་སྔོན་མ་བཞིན་ནོ། །ཀ་བ་རྣམས་ཀྱི་ཚོགས་པ་ཐམས་ཅད་ཟླུམས་དང་སྲིད་དུ་ལྡན་པ་མཆོག་ཏུ་མཛེས་ཤིང་སྙོམས་ལ་དབྱིབS ལེགས་བ་ཤིན་ཏུ་བརྟན་པའི་ཤིང་རྣམས་ལ་བྱའོ། །མ་ཡོ་ཞིང་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་ལ་ཕྱེད་དང་བཅས་པའི་ཆ་བརྒྱད་དམ་བདུན་གྱིས་ཀ་པའི་ཞེད་ངོ། །སྲིད་དུ་གནས་དང་རྗེས་སུ་མཐུན་པར་བྱའོ། །ཟླ་བའི་རི་མོའི་འོག་གི་ཕྱོགས་ཀ་པའི སྲིད་ཀྱི་དབུས་སོ། །དེའི་སྟེང་དུ་དྲུག་ཆ་ཡོངས་སུ་སྤངས་ནས་Fཕྱེད་དང་བཅས་པའི་ཆ་གཉིས་ཀྱིས་བརྒྱད་ཀྱི་ཆའོ། །དེའི་སྟེང་དུ་ཕྱེད་དང་བཅས་པའི་ཆ་གཅིག་གིས་ཆ་བཅུ་དྲུག་པའི་དོ་ཤལ་གྱི་སྣམ་བུ་སྟེ། ཡང་ན་པདྨའོ། དེའི་སྟེང་དུ་ཆ་བརྒྱད་ཀྱིས་ཀ་བ་རྭ་དང་བཅS་ པའི་ནོར་བུའི་ཆའོ། །དེའི་སྟེང་དུ་ཕྱེད་དང་བཅས་པའི་ཆ་གཉིས་ཀྱིས་ཆ་བརྒྱད་པའོ། །དེའི་སྟེང་དུ་ཆ་གཅིག་གིས་དོ་ཤལ་གྱི་སྣམ་དུའོ། །ཡང་ན་ཀླུ་ཤིང་གི་མེ་ཏོག་གི་ཕྲེང་བའོ། །དེའི་སྟེང་དུ་ཆ་གཉིས་པའི་བརྒྱད་ཀྱིས་ཆའི་པདྨ་གཉིས་སོ།། དེའི་སྟེང་དུ་ཆ་གསུམ་གྱིས་གྲུ་བཞིའོ། །དེའི་སྟེང་དུ་ཆ་གཅིག་གིས་བརྒྱད་ཀྱི་ཆའོ། །དེའི་སྟེང་དུ་ཆ་ཕྱེད་ཀྱིས་ཟླུམ་པའོ། །དེའི་སྟེང་དུ་ཆ་དྲུག་གིས་ཅིར?་ཀའོ། །དེའི་སྟེང་དུ་ཆ་གཅིག་གིས་ཟླུམ་པོའི་རྩེ་མོའོ། །དེའི་སྟེང་དུ་ཆ་གཅིག་གིས་ཆ་བརྒྱད་པའི་པདྨའོ། །དེའི་སྟེང དུ་ལྷག་མ་རྣམས་གྲུ་བཞིའོ། །དེའི་སྟེང་དུ་ཕྱམ་འཛིན་པའི་གདུང་བཞི་བཅུ་རྩ་ལྔའི་ཆས་མཛའ་གཉིས་སུའོ། །དེའི་སྟེང་དུ་ཇི་ལྟ་བའི་ཚད་ཀྱིས་ཕྱམ་རྣམས་བསྒྲིབ་པར་བྱའོ། །དེ་ལ་སྒོ་རྣམས་དང་ཀ་བ་རྣམས་ཀྱིས་ཕྱིར་སྤོས་དཀར་དང་མར་ཁུས་རྣམ་པར་བྱུགས་ཏེ་ལི ཁྲི་ལ་སོགས་པའི་བརྒྱན་རྣམས་ཀྱིས་བརྒྱན་པར་བྱའོ། །སྣ་ཚོགས་པའི་གོས་ལ་སོགས་པ་འཕྱང་བ་དང་གདུགས་དང་པྲི་ཡང་ཀུ་དང་མེ་ཏོག་དང། གུར་གུམ་དང་དུང་བ་དང་ཀུན་དེ་དང་བྱང་ཆུབ་ཀྱི་ཤིང་དང་མེ་ལོང་དང། མེ་ཏོག་གི་ཕྲེང་བ་དང་ཉེར་སྦྱང་ལྔ་དང། འབྲས་བུ་ལ སོགས་པ་རྣམས་ཀྱང་བསྡོགས་བྱས་ཏེ། དེ་ནས་སྒོ་སོ་སོའི་ཕྱོགས་རྣམས་སུ་གཅིག་གམ་གསུམ་མམ་ལྔ་འམ་བདུན་ནམ་ཐམས་ཅད་ཀྱི་སྒོ་རྣམས་དང་ཀ་བ་རྣམས་རང་རང་གི་ཕྱོགས་སུ་རྣམ་པར་གནས་པའི་ཁྲོ་བོའི་རྒྱལ་པོའི་སྔགས་རྣམས་ཀྱིས་ཡང་དག་པར་གནས པར་བྱའོ། །དེ་ནས་སྒོ་གཅིག་པའི་ཕྱོགས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་སྒོ་བཞི་པ་རྣམས་ཀྱི་ས་བོན་ཧཱུཾ་གི་ཡི་གེའོ། །དེ་ལ་འདིའི་དོན་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པས་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་དང། ཉི་མའི སྟེང་དུ་སྐུ་མདོག་དཀར་པོ་ཕྱག་གཡས་ན་ཞགས་པ་དང་ལྕགS་ཀྱུ་བསྣམས་པ། དཔལ་རྡོ་རྗེ་རྣམ་པར་རྒྱལ་བ་ཁྲོ་བའི་རྒྱལ་པོ་ཆེན་པོ་གཡས་བརྐྱང་གིས་བཞུགས་པ་དྲི་མ་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཉི་མ་ལ་གནས་པ་བསྒོམས་ནས། ཨོཾ་ཨཱ:བཛྲ་བཛཱ ཡ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ་ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བྱིན་གྱིས་བརླབ་པར་བྱའོ། །དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་གདན་གྲངས་ཏེ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ཅིང་བསྟོད་ནས་དམ་ཚིག་སེམས་དཔའ་དང་ལྷན་དུ་གྱུར་པར་བ་བལྟའོ།། དེ་ཡོངས་སུ་གྱུར་པ་ལས་ཤར་གྱི་སྒོར་རྣམ་པར་བསམ་པར་བྱའོ། །དེ་ལ་གལ་ཏེ་ཡང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་དེས་རོ་གཅིག་པ་ཉིད་ཀྱང་བྱ་སྟེ། དབྱེར་མེད་པ་ལས་དབྱེ་བའོ། །དེ་ཇི་ལྟར་ཏིང་ངེ་འཛིན་གང་གིས་སེམས་ཅན་ཐམས་ཅད དྲི་མ་མེད་པར་བྱེད་པ་དེ་དྲི་མ་མེད་པའི་ཏིང་ངེ་འཛིན་ཞེས་བརྗོད་དོ། །དེ་བཞིན་དུ་ལྷོའི་སྒོར་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཞབས་གཡས་བརྐྱང་གིས་བཞུགས་པ་སྐུ་མདོག་ལྗང་གུ་ཕྱག་གཉིས་པ་རལ་གྲི་དང་པདྨས་ཕྱག་མཚན ནམ་མཁའ་མཛད་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་ཁྲོ་བོ་ཐེགས་མ་ཞེས་པ་ཁྲོ་བོའི་རྒྱལ་པོ་བསྒོམས་ནས། ཨོཾ་ཨཱ:བཛྲ་ཀ་ནི་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ་ཞེས་པ་འདིས་བརྒྱ་རྩ་བརྒྱད་བྱིན་གྱིས་བརླབ་པར་བྱའོ། །དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་གདན་གྲངས་ཏེ་མཆོད ཡོན་ལ་སོགས་པ་གུལ་ཏེ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དམ་ཚིག་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་ནས་དེ་ཡོངས་སུ་གྱུར་པ་ལས་ལྷོའི་སྒོར་རྣམ་པར་བསམ་པར་བྱའོ། །དེ་བཞིན་དུ་ནུབ་ཀྱི་སྒོར་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ ས་ཀྱེས་དང་ཉི་མའི་སྟེང་དུ་ཞབས་གཡས་བརྐྱང་གིས་བཞུགས་པ་སྐུ་མདོག་དམར་པོ་པདྨ་དང་ལྕགས་ཀྱུ་བསྣམས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་རང་བཞིན་འཇིག་རྟེན་གསུམ་རབ་ཏུ་སྒྲུབ་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམ་པར་བསྒོམས་ནས་ཨོཾ་ཨཱདྷ་ཀ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་བྱིན་གྱིས་བརླབ་པར་བྱའོ། །སྔོན་མ་བཞིན་དུ་བྱས་ནས་ནུབ་ཀྱི་སྒོར་རྣམ་པར་བསམ་པར་བྱའོ། །དེ་བཞིན་དུ་བྱང་གི་སྒོར་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་དང། ཉི་མའི་སྟེང་དུ་སྡིགས་མཛུབ་དང བཅས་པའི་ཞགས་པ་དང་སྣ་ཚོགས་རྡོ་རྗེ་ཕྱག་ན་བསྣམས་པ་སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་གྱི་རང་བཞིན་དཔའ་ཁོ་རྣམ་པར་གནོན་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམ་པར་བསྒོམས་ནས། ཨོཾ་ཨཱ:བཱིར་བི་ཀྲཎྟ་མཧཱ་གྲོ་དྷ་རཱ་ཛ་ཧཱུཾ་ཞེས་པ འདིས་ལན་བརྒྱ་རྩ་བརྒྱད་བྱིན་གྱིས་བརླབས་ནས་སྔོན་མ་བཞིན་དུ་བྱང་སྒོར་རྣམ་པར་བསམ་པར་བྱའོ། །དེ་བཞིན་དུ་དབང་ལྡན་གྱི་དང་པོ་ནས་དབང་ལྡན་གྱི་མཐར་ཐུག་པའི་སྒོ་ཉི་ཤུ་རྩ་བཞི་རྣམས་སུ་ཧཱུཾ་ཡིག་ལས་སྐྱེས་པའི་མི་གཡོ་བ་དང། རྣམ་པར་འཇོམས་པ་དང རྡོ་རྗེ་ལྕགས་ཀྱུ་དང། གཤིན་རྗེ་མཐར་བྱེད་དང། རྡོ་རྗེ་གནམ་ལྕགས་དང། བལྟ་བར་དཀའ་བ་དང། འདོད་པའི་རྒྱལ་པོ་དང། མཐར་སྤྱོད་པ་དང། རྡོ་རྗེ་ཞགས་པ་དང། ཤེས་རབ་མཐར་བྱེད་དང། པ་ལཱ་ལ་དང། རིན་ཆེན་གཙུག་ཏོར་དང། དབྱུག་སྔོན་ཅན་དང། རྒྱལ་དཀར བ་དང། རྡོ་རྗེ་རྒྱལ་བ་དང། པདྨ་མཐར་བྱེད་དང། འཇིགས་བྱེད་དང། རབ་གཏུམ་དང། སྟོབས་པོ་ཆེ་དང། རྐང་པ་བསྐྱོད་པ་དང། རྡོ་རྗེ་འབེབས་པ་དང། བདུད་རྩི་འཁྱིལ་པ་དང། རྡོ་རྗེ་གཞད་པ་དང། རྡོ་རྗེ་རྣམ་པར་འཇོམས་པའི་གཟུགས་རྣམས་ཕྱག་གཉིས་པ་ཕྱག གཡོན་པ་རྣམས་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཕྱག་གཡས་པ་རྣམས་ན་རང་རང་གི་མཚད་མས་མཚན་པའོ། །སྔོན་པོ་དང། སེར་པོ་དང། དཀར་པོ་དང། སྔོན་པོ་དང། སེར་པོ་དང། དར་པོ་དང། ནག་པོ་དང། སྔོན་པོ་དང། དཀར་པོ་དང། ལྗང་གུ་དང། སེར པོ་དང། ནག་པོ་དང། སེར་པོ་དང། དམར་པོ་དང། སྐྱ་རེངས་དང། ལྗང་གུ་དང། སྣ་ཚོགས་དང། ནག་པོ་དང། དཀར་པོ་དང། ལྗང་གུའི་ཁ་དོག་རྣམས་སོ། །གསེར་དང་དངུལ་གྱི་བུམ་པ་ཟུང་གི་སྟེང་དུ་དགོད་པར་བྱའོ། །དེ་ལ་མི་གཡོ་བ་ནི་སེམས་ཅན་ལ་བྱིན་གྱིས བརློབ་པ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རལ་གྲིའོ། །ོཾ་ཨཱ:་ཙལ་མཧཱ་ཀྲོ་དྷརཱ་ཛ་ཧཱུཾ། རྣམ་པར་འཇོམས་པ་ནི་དམ་ཚིག་ཆེན་པོ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྒྱལ་མཚན་ནོ། །ོཾ་ཨཱམཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་ལྕགས་ཀྱུ་ནི་དམ་ཚིག་གི་ལྕགས་ཀྱུའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་ལྕགས་ཀྱུའོ། །ོཾ་ཨཱ:བཛྲ་ཨཾ་གུ་ཀུ་ཤ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། གཤིན་རྗེ་མཐར་བྱེད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཉེས་པའི་ཏིང་ངེ་འཛིན་གྱི་རང བཞིན་ནོ། །དེའི་ཕྱག་མཚན་ནི་སྣ་ཚོགས་རྡོ་རྗེའི་ཐོ་བའོ། །ོཾ་ཨཱབ་ནི་འོད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་བརླབས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་འཁོར་ལོའི། །ོཾ་ཨཱ:དཱུར་ནཱི་རིཀྵ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། འདོད་པའི་རྒྱལ་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པའི་དམ་ཚིག་གི་ཏིང་ངེ་འཛིན་གྱི རང་བཞིན་ནོ། དེའི་ཕྱག་མཚན་ལྕགས་ཀྱུའོ། །ོཾ་ཨཱཚིག་འབེབས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེ་ཞགས་པའོ། །ོཾ་ཨཱ:བཛྲ་དཱ་ཤ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། །ཤེས་རབ་མཐར་བྱེད་ནི་ནོར་བུ་རིན་པོ་ཆེ་རྡོ་རྗེའི་ཏིང་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེས་མཚན་པའི་དབྱུག་པའོ། །ོཾ པྲཛྙན་ཏ་ཀ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། པ་ལྔ་ལ་ནི་མཐོན་པོའི་བྱིན་གྱིས་བརླབས་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་ཐོ་བའོ། །ོཾ་ཨཱ:པ་ལཱ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རིན་ཆེན་གཙུག་ཏོར་ནི་དགའ་བ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི ཕྱག་མཚན་ནི་ལྕགས་ཀྱུའོ། །ོཾ་ཨཱ:རཏན་ཤི་ཁ་ར་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། དབྱུག་ག་སྔོན་པོ་ཅན་ནི་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་དབྱུག་པའོ། །ོཾ་ཨཱ:ནཱི་ལ་དཎྜ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྒྱལ་དཀའ་བ་ནི་ཆོས་ཉིད་བྱིན་གྱིས་བརླབས པའི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་མདུང་ངོ། །ོཾ་ཨཱ:དུ་རྫཱ་ཡ་མཧཱ་ཀྲོ་དྷ་རཱུ་ཛ་ཧཱུཾ། རྡོ་རྗེ་རྒྱས་པ་ནི་ཡང་དག་པའི་འཕྲོ་བའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་ལྕགས་སྒྲོག་གོ་།ོཾ་ཨཱ:བཛྲ་སཕོ་ཊ་མཧཱ་ཀྲོ་དྷ་དཱ་ཛ་ཧཱུཾ། པདྨ མཐར་བྱེད་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་པདྨའོ། །ོཾ་ཨཱ:པདྨནྟ་ཀ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། འཇིགས་བྱེད་ནི་སྡུག་བསྔལ་གཅོད་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རལ་གྲིའོ། །ོཾ་ཨཱ:བྷི་མ་མཧཱ ཀྲོ་དྷ་རཱ་ཛ་ཧཱུཾ། རབ་གཏུམ་ནི་ལེགས་པར་རབ་ཏུ་གནས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེ་གྱེས་པའོ། །ོཾ་ཨཱ:པྲ་ཙཎྜ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། སྟོབས་པོ་ཚ་ནི་ལས་ཀྱི་བྱིན་གྱིས་བརླབས་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྩེ གསུམ་མོ། །ོཾ་ཨཱ:མཧཱ་བ་ལ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྐང་པ་སྤྱོད་པ་ནི་གསུང་རྡོ་རྗེའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་མངའ་དང་གཞུའོ། །ོཾ་ཨཱ:པཱ་ད་ནི་ཀྵཻ་པ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་འབེབས་པ་ནི་དམ་ཚིག་འབེབས་པའི་ཏིང་ངེ་འཛིན་གྱི རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེ་དྲི་?་བུའོ། །ོཾ་ཨཱ་བཛྲ་ཡ་བེ་ཤ་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། བདུད་རྩི་འཁྱིལ་པ་ནི་དོན་ཡོང་རྡོ་རྗེ་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེའོ། །ོཾ་ཨཱ:་མྲི་ཏཀུཎྜ་ལི་མཧཱ་ཀྲོདྷ་རཱ་ཛ་ཧཱུཾ། རྡོ་རྗེ་གཞན་པ་ནི་རྡོ་རྗེ བརྟན་པོའི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རལ་གྲིའོ། །ོཾ་ཨཱ:བཛྲ་ཨཥྚ་ཧས་མཧཱ་ཀྲོ་དྷ་རཱ་ཛ་ཧཱུཾ། རྡོ་རྗེ་རྣམ་པར་འཇོམས་པ་ནི་བདུད་ཀྱི་སྟོངས་རབ་ཏུ་འཇོམས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེའི་ཕྱག་མཚན་ནི་རྡོ་རྗེ་རྩེ་ལྔ་པའོ། །ོཾ་ཨཱཛ་ཧཱུཾ། ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །ཀ་བ་རྣམས་རིན་པོ་ཆེ་དང་བཅས་པའི་རྡོའི་སྟེང་དུ་གཟུགས་པར་བྱའོ། །དེ་ལ་ཤར་གྱི་ཕྱོགས་སུ་གསུམ་དང་ལྔ་དང་བདུན་གཞོན་ནུ་མ་རྣམས་ཀྱི་ཀ་བ་བཞི་ཟུང་དང་ལྡན་པ་ནི་ཡང་དག་པར་སྤོང་བ་བཞི་པོ་རྣམས་སོ།། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ཀ་བཟུང་དྲུག་པོ་རྣམས་སོ། །བསྡུ་བའི་དངོས་པོ་བཞི་དང། ཚད་མེད་པའི་གནས་གཞིའི་ངོ་བོ་ཉིད་ནི་ཀ་བ་བརྒྱད་ཟུང་དང་ལྡན་པ་སྟེ། ལྷག་པར་མོས་ཤིང་རང་རང་གི་ཕྱོགས་སུ་གནས་པའི་ཁྲོ་བོའི་སྔགས་ཀྱི་བྱིན་གྱིས་བརླབས་ནས་ཧཱུཾ་ཡིག གི་ས་བོན་ལས་བྱུང་བ་དགོང་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་དྲན་པ་ཉེ་བར་གཞག་པ་བཞིའི་རང་བཞིན་རྣམས་དང། བྱེད་པ་དྲུག་གི་རང་བཞིན་རྣམས་དང། བདེན་པ་བཞི་དང་བསམ་གཏན་བཞི་པོ་རྣམས་སོ། །དེ་བཞིན་དུ་ནུབ་ཕྱོགས་སུ་རྫུ་འཕྲུལ་གྱི་རྐང་པ་རྣམས་དང། མངོན་པར་ཤེས་པ་དྲུག་གི་རང་བཞིན་རྣམས་དང། མི་འཇིགས་པ་བཞི་རྣམས་སོ། །དེ་བཞིན་དུ་བྱང་ཕྱོགས་སུ་སོ་སོ་ཡང་དག་པར་རིག་པ་བཞི་དང། རྗེས་སུ་དྲན་པ་དྲུག་གི་རང་བཞིན་དང། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་རྣམས་སོ། །དེ་ནས སྒོ་རྣམས་དང་ཀ་བ་རྣམས་ལ་མཉམ་དུ་སོ་ཕག་གི་ཕྲེང་བ་མཉམ་དུ་དེ་བཞིན་དུ་གཞག་པར་བྱའོ། །ཀ་བའི་སྟེང་དུ་གདུང་འཛིན་བཀོད་ནས་དེའི་སྟེང་དུ་གདུང་དགོད་དོ། །གདུང་གི་སྟེང་དུ་གདུང་དང་མཉམ་པའི་རྩིག་པའི་སྟེང་དུ་ཀླུའི་སྟོབས་སམ་ཡང་ན་ངོ་ཤལ གྱི་སྣམ་བུའོ། །དེའི་སྟེང་དུ་སེང་གེ་རྣམས་ཀྱི་ལ་ནས་བྱས་པའམ་མ་བྱས་པའོ། །དེའི་སྟེང་དུ་རྗེས་སུ་འགུགས་པ་རྣམས་སོ། །དེའི་སྟེང་དུ་སོ་ཕག་རྣམས་ཀྱིས་བྱས་པའི་གཞིའོ། །དེའི་སྟེང་དུ་མགྲིན་པའོ། །གང་གི་ཚེ་སོ་ཕག་གི་རང་བཞིན་ཡིན་ན་དེའི་ཚེ་གདུང གི་སྟེང་དུ་གསེར་གྱི་སྣམ་བུ་བྱའོ། །དེའི་སྟེང་དུ་པདྨའི་འདབ་མའོ། །དེའི་སྟེང་དུ་གཞིའོ། །དེའི་སྟེང་དུ་མགྲིན་པའོ། །ཕྱི་རོལ་ཏུ་འདོད་ཡོན་གྱི་སྟེངས་བུ་སྟེ་ཕྱེད་ཀྱི་ཚད་ཀྱིས་ཐེམ་པའོ། །དེ་ནས་སྒོའི་གནས་དང་བར་དུ་མེའི་མཆོད་པ་གསུངས་སོ། །དེ་ལ་སྟེང་གི་ཕྱོགས སུ་སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུའི་ལུས་ལ་རི་དགས་ནག་པོའི་པགས་པའི་ན་བཟའ་ཅན་རྒྱན་དང་བྲལ་བ་ཐུགས་ཞི་བ་རལ་པའི་ཐོར་ཚུགས་ཅན་མཆོག་སྦྱིན་དང། བགྲང་ཕྲེང་དང་རིལ་པ་སྤྱི་བླུགས་དང། དབྱིག་པ་ཕྱག་ན་བསྣམས་པ་ཚངས སྐུར་དང་བཅས་པ་གོས་སྣ་ཚོགས་པ་འཆང་བ་ཆུ་སྐྱེས་ལ་གནས་པའི་ཉི་མའི་གདན་ལ་ཉི་མའི་འོད་ཅན་དཀའ་ཐུབ་ལ་གནས་པའི་དྲང་སྲོང་ཆེན་པོའི་མེ་ལ་སྦྱིན་སྲེག་བྱའོ། །ོཾ་ཏ་པ་སཱགན་ཡེ་སྭཱཧཱ། དེ་ནས་གནས་ཇི་ལྟ་བར་སོ་ཕག མཉམ་པོ་ལ་འཛིན་བྱེད་ཀྱི་ཤིང་ལ་མཉམ་དུ་གཞག་པར་བྱའོ། །དེ་ནས་དྲ་སྒོའི་མཚན་ཉིད་བརྗོད་པར་བྱའོ། །དེ་ལ་སྒོའི་སུམ་ཆའི་ཆ་གཅིག་གིས་དྲ་སྒོའོ། །དཀྱིལ་དུ་སྲོག་ཆགས་ཀ་པ་ཀ་ཌ་ཀ་ལྟ་བུའོ། །དགུའི་ཆས་མ་ཐེམ་འོག་གི་ཤིང་ངོ། །ཉི་ཤུའི་ཆས སྒོ་ཁྱུད་དེ། །ཉི་ཤུ་རྩ་གཞིའི་ཆས་ལོ་མའོ། །དེའི་སྟེང་སྔ་འོག་ཏུ་ཕྱེད་རང་བཅས་པའི་བཞི་ཆའོ། །བརྒྱད་ཀྱིས་ཆས་འབབས་སོ། །ཕྱེད་དང་བཅས་པའི་བཞིའི་ཆས་སྟེང་གི་སྒོ་ཁྱུད་དོ། །ཉི་ཤུ་རྩ་བརྒྱད་ཀྱི་ཆས་ལོ་མའོ། །དྲུག་གི་ཆས་སྟེང་དང་འོག་ཏུའོ།། ཕྱེད་དང་བཅས་པའི་བཞི་ཆས་དཔུང་པའོ། །ཕྱེད་དང་བཅས་པའི་ཆ་གཅིག་གིས་ཉེ་བའི་དཔུང་པའོ། །ཕྱེད་དང་བཅས་པའི་སུམ་ཆོས་ཀ་བའོ། །དེའི་སྟེང་དུ་སུམ་ཆས་འདགས་པའི་ཤིང་ངོ། །ཕྱེད་དང་བཅས་པའི་ཆ་གཉིས་ཀྱིས་དཔུང་པའི་བར་དང་ཀ་བའི བར་གྱི་ཤིང་ངོ། །ཕྱེད་དང་བཅས་པའི་ཆ་བཞིས་ལོ་མའོ། །མ་ཐེམ་དང་བཅས་པས་ཡོངས་སུ་བརྒྱན་པ་བྱའོ། །དེའི་སྟེང་དུ་རྗེས་སུ་འདྲེན་པ་རྣམས་སོ། །རིག་འཛིན་མི་མོ་གདུང་འདྭགས་པ་ལ་སོགས་པ་སྣ་ཚོགས་པའི་བརྒྱན་གྱིས་བརྒྱན་པའམ་ཇི་ལྟར མཛེས་པ་བཞིན་དུ་བྱའོ། །དེ་ལ་དེ་ལྟ་བུའི་ཚུལ་གྱི་དྲ་སྒོ་གསུམ་པ་འམ་ལྔ་པ་འམ་བདུན་པ་བྱའོ། །ས་ཕག་མཉམ་པ་དང་མི་མཉམ་པ་ཉིད་དགོད་པར་བྱའོ། །དེའི་སྟེང་དུ་ཇི་ལྟར་གནས་པའི་ཤིང་ཟུང་དང་སོ་ཕག་མི་མཉམ་པར་དགོད་པར་བྱའོ།། གང་གི་ཚེ་དྲ་སྒོ་གསུམ་པ་རྣམས་ལ་ནི་དེའི་ཚེ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ངོ་བོ་ཉིད་རྣམས་སོ། །གང་གི་ཚེ་ལྔ་ཡིན་པ་དེའི་ཚེ་ལྷའི་སྤྱན་དང། ཤེས་རབ་ཀྱི་སྤྱན་དང། ཆོས་ཀྱི་སྤྱན་དང། ཡེ་ཤེས་ཀྱི་སྤྱན་དང། སངས རྒྱས་ཀྱི་སྤྱན་གྱི་ངོ་བོ་ཉིད་རྣམས་སོ་གང་གི་ཚེ་བདུན་ཡིན་པ་དེའི་ཚོ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོ་ཉིད་རྣམས་སོ་། དེ་ནས་མེ་ལ་སོགས་པའི་ཟུར་རྣམས་སུ་ཁང་པ་རྣམས་ལ་གདུང་གྲུ་བཞི་པར་གྱུར་པའི་ཤིང་རྣམས་ཀྱི་ནང་གི་ཟུར་གྱི་སྟེང་དུ་ནོར་འཛིན་རྣམས་ཀྱི འོག་ཏུ་ངོ་ཤལ་གཉིས་པ་དགོད་པར་བྱ་བ་ཡང་དགའ་བ་འཁྱིལ་པའི་རིམས་པས་སོ། །དེའི་སྟེང་དུ་གདུང་རྣམས་ཀྱི་སྟེང་དུ་ཕྱི་དང་ནང་དུ་རྩིགས་པ་རྣམས་དང་མཉམ་པའི་མཐར་ཕུར་བུ་གཉིས་གདབ་པར་བྱའོ། །དེ་དག་གི་དབུས་སུ་དབུས་ཀྱི་ཕུར་བུ་གདབ པར་བྱའོ། །མཛའ་ཨི་ཕུར་བུ་དང་དབུས་ཀྱི་ཕུར་བུ་དག་གི་དབུས་སུ་ལོགས་ལ་ཕུར་བུ་གཉིས་གདབ་པར་བྱའོ། །དབུས་ཀྱི་ཕུར་བུའི་སྟེང་དུ་ཇི་ལྟར་གནས་པའི་ཀ་བ་རྣམས་དགེད་པར་བྱའོ། །ལོགས་ཀྱི་ཕུར་བུ་རྣམས་ཀྱི་སྟེང་དུ་རང་རང་གི་གནས་ལ་སྟོབས་ཀྱི་དཔུང པ་རྣམས་དགོད་པར་བྱའོ། །སྟོབས་ཀྱི་དཔུང་པ་རྣམས་ཀྱི་སྟེང་དུ་ཤིང་དཀར་པོ་གཉིས་གཞག་པར་བྱའོ། །དེ་ནས་ཁང་བཟངས་ཀྱི་རྩེ་མོའི་སྟེང་དུ་གཡས་དང་གཡོན་དུ་རྩེ་མོར་ནོར་དང་སྐྱེ་བོ་རྣམས་པར་འཕེལ་བ་དང་དུག་གཞོམ་པའི་ཕྱིར་ཡང་ཀུ་རུ་ཀུ་ལླེའི གཟུངས་དང། ཛཱཾ་བུ་ལཱིའི་གཟུངས་ཀྱང་མངོན་པར་བྲིས་ཏེ་གསེར་དང་དངུལ་ལས་བྱས་པའི་པདྨའི་སྟེང་དུ་ཡང་དག་པར་བཞུགས་ལ། དེའི་སྟེང་དུ་དགེ་བའི་ཆོས་གྲངས་དང། ཡུད་ཙམ་ལ་སྐར་མགོ་དང་མངོན་རུ་དང་ནགས་ཀྱི་ཤིང་གི་ཡལ་ག་མ་རྙིངས་པའི དུས་སུ་ཁཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་གཟུགས་སྟེང་གི་ཤིང་ལ་རྣམ་པར་བསྒོམས་ལ། དཔལ་ལྡན་གཙུག་ཏོར་འཁོར་ལོ་སྒྱུར་བའི་སྔགས་ལན་བརྒྱ་རྩ་བརྒྱད་ཡང་དག་པར་བཟླས་ལ་མཆོད་པ་བྱས་ནས་ཡང་དག་པར་དགོད་པར་བྱའོ།། ཕྱོགས་རྣམས་སུ་རང་རང་གི་དེ་བཞིན་གཤེགས་པའི་བུམ་པ་རྣམས་ཀྱི་ཆུས་མངོན་པར་དབང་བསྐུར་ཏེ། སྣ་ཚོགས་པའི་གདུགས་དང་གོས་དང་ལོ་མ་རྣམས་ཀྱི་བརྒྱན་པ། སྣ་ཚོགས་པའི་རྒྱན་གྱིས་རྣམ་པར་བརྒྱན་པ། ཨཻ་རཎྜའི་ལོ་མའི་མེ?་དང་ ལྕགས་ཀྱིས་ཀྱང་ཡང་དག་པར་བསྲུང་བར་བྱའོ། །རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པས་རང་རང་གི་ཕྱོགས་ཀྱི་བདག་པོའི་དེ་བཞིན་གཤེགས་པའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཡི་གེ་བརྒྱ་བས་བརྟན་པར་བྱའོ། །ན་མ:ས མནྟ་བུདྡྷཱ་ནཱཾ། ཨོཾ་མཧཱ་བྲ་ཏྱཾ་གི་རོཥྛི་ཥ་ཙཀྲ་བརྟི་སརྦ་ཡནྟཱ་མནྟཱ་བནདྷཱ་ཨཻནད་བྷུ་བ་ན་བན་དྷཾ་པྲིཀྵ་དེ་བཾ་བན་དྷཾ་དྷ་ར་ཡ་ཨཾ་ཧ་བ་སི་ནཱཾ་ཡེ་ན་ཀེ་ན་ཙིཏྟ་བྷ་ཡཱ་དི་ཀཾ། ཙྪིནད་ཙྪིནད། བྷིནད་བྷིནད། ཙི་རི་ཙི་རི། གི་རི་གི་རི། མི་རི་མི་རི། ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། འདི་ནི་གཙུག ཏོར་འཁོར་ལོ་སྒྱུར་བའི་སྔགས་སོ། །དེ་ལ་ཀུ་རུ་ཀུལླེའི་གཟུངས་སྔགས་ནི། ན་མོ་རཏན་ཏྲ་ཡཱ་ཡ། ན་མ:སརྦ་བུདྡྷ་བོ་དྷི་སཏྭེ་བྷཡོ། ན་མོ་ཨཥྚ་མཧཱ་ཧཡ་བུ་ག་ལཱ་ཡ། ན་མ:ས་པ་ཏ་བྷཡནནྟ་ཀུ་?་ནཱི། པཱ་སུ་ཀི་ཀུ་ལཱ་ནཱཾ། ཏཀྵ་ཀ་ཀུ་ལཱ་ནཱཾ། ཤཾ་ཁ་བཱ་ལ་ཀུ་ལཱ་ཙཱ?། ཀ་ར་ཀོ་ཊ་ཀུ་ལཱ་ནཱཾ། པདྨ་ཀུ་ལཱ་ནཱཾ། མཧཱ་པདྨ་ཀུ་ལཱ་ནཱཾ། ཀུ་ལི་ཀ་ཀུ་ལཱ་ནཱཾ་བཱ་ལ་ཧཱ་གུ་ལཱ་ནཱཾ། སུཎྜ་རི་ཀ་ཀུ་ལཱ་ནཱཾ། གྷ་ཎ་ཀ་ཀུ་ལཱ་ནཱཾ། མེ་གྷ་ཀུ་ལཱ་ནཱཾ། ཛཝ་ལ་དྷ་ར་ཀུ་ལཱ་ནཱཾ་ཛི་མུ་ཏི ཀུ་ལཱ་ནཱཾ?། བ་སནྟ་ཀུ་ལཱ་ནཱཾ?། ཨཻ་རཱ་པ་ཏི་ཀུ་ལཱ་ནཱཾ། ཀུ་མུ་ཏ་ཀུ་ལཱ་ཙཱ?། ཀ་ཧྲཱ?་ར་ཀུ་ལཱ་ནཱཾ། སི་གན་དྷི་ཀ་ཀུ་ལཱ་ནཱཾ། ཧ་ན་ཧ་ན་ཤ་རེ་ཎ། བནདྷ་བནདྷ་ཙ་བ་ན། ཏཱ་ཌ་ཡཱ་ཏཱ་ཌ་ཡ། ཨཽཏཔ་ལ་ན། བྷི་ཏཱ་ནཱ་མ་བྷྲ་ཡཾ་དེ་ཧི་པྲ་ལ་ཡ་ཀ་ལ་ཨཻཾ་པ་ཛ་ཛ་ལ་དྷ་རི་མ་བྷ་ཏཱ་ར ཡ། ?་ཏཾ། ནཱ་བྷ་བ་ཥཱ་ཀུ་རུ་ཕུར་ཎེ་ཊ་ཀསྨི་རེ་ཀསྨི་ར་མུཀྟེ། ཨ་བྷེ་ཨ་བྷ་ནི། ཨ་གྷ་ནཱ་གྷ་ནེ། ཨཻ་ལི་མི་ལི་ཡེ། མི་ལེ་ཡེ། ཨཻ?་ལི་མི་ལི་ཡེ། ཨ་ཨ་ཀ་སྱ་ཡི་ཡེ་ཤྭེ་ཏེ་ཤྭེ་ཏེ་ཏུན་ཌེ་། ནནྟཀྵེ་སྭཱཧཱ། ཨོཾ་ཨ་ཥེ་ཛ་ཧྲེ་ཤཱུ་ལ་ཛི་ཧྭ་བཛྲ་ཀ་ཡ། གྲ་ས་གྲ་ས། ཛཝ་ལ་ཛཝ་ལ་མཧཱ་ཛཝ་ལ མཧཱ་ཡོ་གེ་ཤྭ་རི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། འདི་ནི་ཛཾ་གུ་ལིའི་གཟུངས་སོ། །དེ་ནས་ཤིང་གི་འབྲས་བུ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་ལྷ་རྣམས་མཉེས་བར་བྱ་བའི་ཕྱིར་སྦྱིན་སྲེག་གི་བདུད་རྩིས་མེ་ལྷ་ཡང་དག་བར་ཚིམ་པར་བྱའོ། །པདྨ་དང་ཉི་མའི སྟེང་དུ་སྐུ་མདོག་པདྨ་དམར་པོ་ལྟ་བུ་ཕྱག་བཞིས་ཞགས་པ་དང་ལྕགས་ཀྱུ་དང་དབྱིག་པ་དང་སྤྱི་བླུགས་བསྣམས་པ། སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པ་པ་ལ་ཨ་རྒའི་ཤིང་གི་ཡམ་ཤིང་གིས་སྔོན་མ་བཞིན་དུ་འབྲུ་ལ་སོགས་པས སྦྱིན་སྲེག་བྱའོ། །ོཾ་ཨ་མྲི་ཏ་ཨགནཱ་ཡེ་སྭཱཧཱ། རྩ་གསུམ་རྣམ་པར་དག་པར་མགོའི་ཤིང་སྟོབས་འཛིན་པའི་ཤིང་རྣམས་སོ། །རྩ་ལྔའི་རྣམ་པར་དག་པ་ཕུར་བུ་ལྔའོ། །རྩ་དཔག་ཏུ་མེད་པའི་རང་བཞིན་ནི་ཤིང་ལྷག་མ་རྣམས་སུ་རིག་པར་བྱའོ། །དེ་ལ མགོའི་ཤིང་རྣམས་ཀྱི་སྟེང་དུ་ཁོང་དོག་གི་ཤིང་རྣམས་དགོད་པར་བྱའོ། །ཁང་བཟངས་ཀྱི་སྟེང་དུ་བསླང་བའི་ཕྱེད་ལྷག་པས་ཡོན་ཏན་སུམ་འགྱུར་གྱི་ཚང་དམ་ཡོན་ཏན་བཞི་འགྱུར་གྱི་ཚད་ཀྱིས་ཁང་ཐོག་གི་ཤིང་རྣམས་ཀྱི་སྲིད་དོ། །རྡོ་རྗེའི་མངའ་ཨི ད་བའི་རང་བཞིན་རྣམས་ནི་ཨོཾ་བཛྲ་ཤ་ར་ཛ་ལ་ཏྲཾ། དེ་རྣམས་ཀྱི་སྟེང་དུ་ཐོག་གི་ཤིང་རྣམས་དགོད་པར་བྱའོ། །རྩའི་གཙོ་བོའི་རང་བཞིན་ལ་ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་པའི་སྔགས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ཤིང་གི་ལས་གཞན རྣམས་ནི་གཞུང་མངས་པས་འཇིགས་པས་མ་བཤད་དོ། །ཞེས་པ་ནི་དཔལ་པཎྜི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པས་མཛད་པའི་བྱ་བ་བསྡུས་པའི་པཉྫི་ཀཱ་ལས་རབ་ཏུ་བྱེད་པ་ལྔ་པའོ།། །།རྡོ་རྗེ་སློབ་དཔོན་རབ་ཞུགས་ནས། །འདིར་ནི་ཏིང འཛིན་གསུམ་བསྒོམས་ཏེ། །གོ་རིམས་བཞིན་དུ་དེ་ནས་ནི། །ཐིག་གདབ་རྡུལ་ཚོན་བགྱི་བ་དང། །མེ་ཡི་བྱ་བ་རྣམ་པ་དང། །སྟེགས་བུ་དགོང་བྱ་དེ་ནས་ནི། །དམ་པའི་མཚན་ཉིད་ཡོངས་རྫོགས་ནས། །སྐུ་གཟུགས་རྣམས་ནི་བཞུགས་པར་བྱ། །དེ་ལ་གཙུག ལག་ཁང་དུ་སྐུ་གཟུགས་དང་གཎ་ཌི་ཀ་དང། སྟེགས་བུ་དང། སྦྱིན་སྲེག་གི་ཐབ་ལ་སོགས་པ་ཡོངས་སུ་རྫོགས་པ་ལ་སྔོན་དུ་གསུངས་པའི་རིམ་པས་སློབ་དཔོན་ལ་གསོལ་བ་བཏབ་ལ་ཉེས་པ་ཞི་བར་བྱ་བའི་སྦྱིན་སྲེག་བྱ་སྟེ། དགེ་བའི ཚེས་གྲངས་དང་རྒྱུ་སྐར་དང་ཡུད་ཙམ་རྣམས་ལ་དཀྱིལ་འཁོར་བྲི་བ་དོན་དུ་བགེགས་མེད་པར་བྱ་བ་ལ་རང་གི་ཁྱིམ་དུ་ལྷའི་རྣལ་འབྱོར་བྱས་ཏེ། དད་པས་སྦྱིན་བདག་གིས་ཕུལ་བའི་གོས་དང་རྒྱན་དང་སོ་རྩི་དང་ཡོན་ཏན་ལ་སོགས་པ་ཉེར་སྤྱོད་ལྔའི་མཆོད པ་སྔོན་དུ་འགྲོ་བའི་གོས་དང་དབུ་རྒྱན་དང། རྒྱན་གྱི་ཁྱད་པར་གྱིས་བརྒྱན་ཏེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བཟུང་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ང་རྒྱལ་གྱིས་རང་གི་ཁང་པ་ནས་ཕྱིར་ཞུགས་ནས་རྡོ་རྗེའི་རྐང་སྟབས་ཀྱིས་གོར་བྱས་ཏེ་ལས རྣམས་སུ་གཏོར་མ་དབུལ་བར་བྱ་སྟེ། རང་རང་གི་གནས་ན་གནས་པའི་ལྷ་དང་ཀླུ་དང། གནོད་སྦྱིན་ལ་སོགས་པ་རྣམས་ཀྱི་ཡང་མཆེད་པའི་དུས་སུ་དེའི་ཕྱག་རྒྱ་རབ་ཏུ་བསྟན་ནས་རང་རང་གི་སྔགས་ཀྱི་མཆོད་པར་བྱ་ཞིང། སྒེག་མོ་ལ་སོགས་པ བརྒྱད་པོ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་ཆེན་པོའི་ཁང་པའི་དབང་ལྡན་གྱི་མཚམས་ནས་རབ་ཏུ་འཇུག་པར་བྱའོ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་རབ་ཏུ་འཇུག་པའོ།། །།དེའི་རྗེས་ལ་ཏིང་ངེ་འཛིན་གསུམ་བསྒོམ་པའི་ཆེད་དུ་ལྷའི་རྣལ འབྱོར་གྱི་ཆོ་ག་ནི། ཨོཾ་སྭ་བྷཱ་བ་ཤུ་བྷ:སྭ་ཧཱ་བ་ཤུདྡྷོ་ཧཾ། བདག་མེད་པ་ལ་ལྷག་པར་མོས་པས་ནང་གི་བདག་ཉིད་ཀྱི་ཁྲུས་བྱས་ནས་ཧཱུཾ་ཡིག་དང་རྡོ་རྗེ་ཡོངས་སུ་གྱུར་བ་ལས་བདག་ཉིད་རྡོ་རྗེ་མེ་དང་ཉི་མ་འབར་བར་བསྒོམ པར་བྱའོ། །སྐུ་མདོག་མཐིང་ནག་ཕྱག་བརྒྱད་པ་ཞལ་བཞི་པའི་རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུས་ཤེས་རབ་ལ་འཁྱུད་པའི་ཚུལ་ཅན། ཕྱག་གཞན་གཉིས་ཀྱིས་རལ་གྲི་དང་སྡིགས་མཛུབ་དང་ཞགས་པ། ཕྱག་གཞན་གཉིས་ཀྱི འཁོར་ལོ་དང་ཁ་ཊཝཾ་ག་། ཕྱག་གཞན་གཉིས་ཀྱི་མདའ་དང་གཞུ་བསྣམས་པ། རྩ་བའི་ཞལ་ནག་པོ་གཡས་དཀར་པོ། །གཡོན་དམར་པོ། རྒྱབ་སེར་པོ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་པ། སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན་པ། གཡོན་བརྐྱང་གིས་ཁྱབ་འཇུག་དང་དཔལ མོ་ཀུན་ནས་མནན་པ། ཁྲོ་བོའི་གཟུགས་གྱི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་བསྒོམ་པར་བྱའོ། །དེ་ལ་ཧྲཱི:ཡིག་ལས་མགྲིན་པར་པདྨ་འདབ་མ་བརྒྱད་པ་ལྕེའི་པད་འདབ་ལ་ཧཱུཾ་ཡིག་ལས་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པས་མཚན་པ་བསྐྱེད་ལ་འདིས་བྱིན་གྱིས བརླབས་ན་རྡོ་རྗེའི་ལྕེའོ། །ལག་པ་གཉིས་ལ་ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར་གཉིས་སོ། །དེ་དག་གི་སྟེང་དུ་ཧཱུཾ་ཡིག་གཉིས་ལས་སོ་རྡོ་རྗེ་རྩེ་ལྔ་པ་གཉིས་བསམ་པར་བྱའོ། །ལག་པའི་སོར་མོ་རྣམས་ཀྱང་རྩེ་མོའི་རྣམ་པས་བགེགས་རྣམས་འཇོམས་པར་བྱའོ། །ོཾ་བཛྲ ཛཝ་ལྔ་ན་ལཱརྐྐ་ཧཱུཾ་བཾ། ཁྲོ་བོ་ཁྱོད་ཀྱིས་འདི་རྣམས་བཅིང་བར་བྱའོ། །ོཾ་གྲིཧྞ་བཛྲས་མ་ཡ་ཧཱུཾ་བཾ་རྡོ་རྗེ་བཅིངས་པའི་མཐིལ་དུ་བྱས་ནས་གཡོག་པར་བྱའོ། །ཁྲོ་བོའི་སེམས་ཀྱིས་རྡོ་རྗེ་མཐེབ་ཆེན་གྱིས་བཅད་ཅིང་ཁྲོ་བོ་ཁྱོད་ཀྱིས་འདི་རྣམས་དྲན་པར་བྱའོ། །དེ་ནས་མེ་ཏོག ཕྲེང་བ་ལ་སོགས་པའི་དབང་འཛིན་པས་ཨོཾ་བཛྲ་ཛཱ་ལཱ་ན་ལཱརྐ་ཧཱུཾ་ཨ་བྷིཥིཉྩ་ཏུ་མཱཾ། རྡོ་རྗེ་བཅིངས་པའི་མཐེབ་ཆེན་གཉིས་ཀྱི་ཚིགས་ཀྱིས་མཉེས་པས་མགོ་བོ་དང་དཔྲལ་བའི་སྟེང་དང་རྣ་བ་གཡས་ཀྱི་སྟེང་དང་རྒྱབ་དང་རྣ་བ་གཡོན་གྱི་སྟེང་དུ་གཟུང་བར་བྱའོ། །འདི རྣམས་རྡོ་རྗེ་ཁྱོད་ཀྱིས་བྱ་པའོ། །ོཾ་ཌུཾ་གྱི་གོ་ཆས་གོ་ཆར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙིང་གར་མདུད་པའི་ཚུལ་བྱའོ། །དེ་བཞིན་དུ་མགྲིན་པ་དང་རྒྱབ་དང་སླར་ཡང་སྙིང་ག་དང་ནུ་མའི་བར་དང་སླར་ཡང་སྙིང་ག་དང་མགྲིན་པ་དང་རྒྱབ་དང་དཔྲལ་བར་མདུད པའི་ཚུལ་རྣམས་བྱས་ནས་མགོ་བོར་རྩོད་པན་གི་དབང་བསྐུར་སྦྱོར་བའི་མཐར་མཉམ་པ་ཉིད་ཀུན་གཞི་དང་ལྡན་པ་རྡོ་རྗེ་དགྱེས་པ་ཞེས་སོ། །ོཾ་བཛྲ་ཛཝ་ལཱ་ན་ལཱརྐྐ་ཧཱུཾ། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཀོད་ནས་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་བགེགས ཐམས་ཅད་ལ་འཕང་བར་བྱའོ། །དེ་ནས་རྡོ་རྗེ་མེ་འོད་ཀྱི་ང་རྒྱལ་གྱིས་བགེགས་བསྲེགས་པ་ལ་སོགས་པ་བྱའོ། །ཧཱུཾ་བཛྲ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ། ནང་དུ་རྡོ་རྗེ་བཅིངས་ལ་མཐེབ་ཆེན་གྱིས་རྡོ་རྗེ་བསླང་ལ་སོང་མོ་རྣམས་? བའི་སྙིང་པོའོ། །འདེའི་རྡོ་རྗེ་མེ་འོད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེའི་རྗེས་སུ་རྡོ་རྗེའི་མིག་གིས་བགེགས་ཐམས་ཅད་བཅིང་བར་བྱ་བ་ནི་རྡོ་རྗེས་བཅིངས་ནས་གཡོན་པ་དང་གཅིག་ཤོས་རབ་ཏུ་བརྐྱང་སྟེ་མིག་གཉིས་ལ་དགོད་པར་བྱ་བ་ནི་རྡོ་རྗེའི་མིག་གི་དམ་ཚིག གི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བསྲུང་བའི་ང་རྒྱལ་གྱིས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །ོཾ་བཛྲ་དྲི་ཌཧོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ། རབ་ཏུ་བརྐྱང་བའི་རྡོ་རྗེ་བཅིངས་པས་གཞི་ལ་རབ་ཏུ་བཀོད་པ་ནི་རྡོ་རྗེ་བསྲུང་བའི་དམ་ཚིག་གི་ཕྱག་རྒྱའོ།། དེའི་རྗེས་ལ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་གྱིས་སྟེང་བཅིང་བར་བྱ་སྟེ། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ཞིང་སྤྱི་བོར་སྡིགS་མཛུབ་ལྕགས་ཀྱུའི་རྣམ་པས་གཟུང་བར་བྱ་བ་ནི། རྡོ་རྗེ་འཇིགས བྱེད་ཀྱི་མིག་གི་ཕྱག་རྒྱའོ། །དེ་བཞིན་དུ་སྟེང་བཅིང་བར་བྱ་ཞིང་རྡོ་རྗེ་གནོད་སྦྱིན་གྱི་ང་རྒྱལ་གྱིས། ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་ཐལ་མོས་མཐེ་བ་ཆེན་གཉིས་རབ་ཏུ་བརྐྱང་སྟེ་སྡིགས་མཛུབ་གཉིས་མཆེ་བ་བཞིན་བྱས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག རྒྱའོ། །དེ་ནས་གཙུག་ཏོར་འཁོར་ལོ་སྒྱུར་བའི་ང་རྒྱལ་གྱིས་ཤར་ལ་སོགས་པའི་ཕྱོགས་བཅིང་བར་བྱའོ། །ོཾ་ཧཱུཾ་བནདྷ་ཧཱུཾ། ཡང་ན་ཏྲཾ་ཞེས་སོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་ལྕགས་སྒྲོག་གོ་བཅིངས་ཏེ་སྡིགས་མཛུབ་གཉིས་ཀྱི་རྩེ་མོ་གདོང དུ་ཡོངས་སུ་འཁོར་བ་གཙུག་ཏོར་དུ་དགོད་པ་ནི་རྡོ་རྗེ་གཙུག་ཏོར་གྱི་དམ་ཚིག་གི་ཕྱག་རྒྱའོ། །དེའི་རྗེས་ལ་རྡོ་རྗེ་ཞགས་པའི་ང་རྒྱལ་གྱིས་བགེགས་ཐམས་ཅད་བཅིང་བར་བྱའོ། །ཧཱུཾ་བཛྲ་པཱ་ཤ་ཧྲཱི:རྡོ་རྗེ་ཁུ་ཚུར་གཉིས་རབ་ཏུ་བརྐྱང་སྟེ་དཔུང་པ མདུད་པ་བྱས་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ང་རྒྱལ་གྱི་ནུབ་ཀྱི་ཕྱོགས་བཅིང་བར་བྱའོ། །ོཾ་བཛྲ་པཱ་ཏ་ཀེ་པ་ཏཾ་གེ་ནི་རཊ། རྡོ་རྗེ་བཅིངས་པས་མཐེབ་ཆེན་གཉིས་སྐྱིལ་ཀྲུང་བྱས་ཏེ་རྩེ་མོར་བྱས་ལ་རྩེ་མོར་མཉམ་པའི་ཁ་བྱེ་བའི གདོང་གི་རྩེ་མོ་ནི་རྡོ་རྗེ་བ་དན་གྱི་དམ་ཚིག་གི་ཕྱག་རྒྱའོ། །ཟ་ཞིམ་པའི་མཐར་རྣམ་པར་དྲལ་བའི་བ་དན་ནི་རྡོ་རྗེ་བ་དན་གྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་དུས་ཅན་གྱི་ང་རྒྱལ་གྱི་བགེགས་རྣམས་ཟ་བར་བྱ་ཞིང་བྱང་ཕྱོགས་བཅིང་བར་བྱའོ། །ཧྲི་བཛྲ་ཀཱ་ལི རུཊ་མཊ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཞིན་དུ་གདོང་དུ་བསྟན་པར་བྱ་བ་ནི་རྡོ་རྗེ་དུས་ཅན་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་རྩེ་མོའི་ང་རྒྱལ་གྱིས་ལྷོ་ཕྱོགས་པ་ཅིང་བར་བྱའོ། །ོཾ་བཛྲ་ཤི་ཁ་ར་དུ་ཊ་མཊ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འགུགས་པའི་ཚུལ བྱས་ནས་ལྷོ་ཕྱོགས་ཀྱི་བགེགས་རྣམས་ལ་བསྣུན་པར་བྱའོ། །རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །དེ་ལ་རྡོ་རྗེ་ལས་ཀྱི་ང་རྒྱལ་གྱིས་རྡོ་རྗེའི་ར་བ་སྦྱིན་པར་བྱའོ། །ཧཱུཾ་བཛྲ་ཀརྨ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་ཕན་ཚུན་དུ་རྒྱབ་གཉིས་སྦྱར་ལ་མཐེའུ་ཆུང་གཉིས་ལྕགས སྒོག?་ཏུ་བྱས་ལ་སྡིགས་མཛུབ་དང་གུང་མོ་དག་བསླང་ལ་མིང་མེད་སྦ་བར་བྱའོ། །རྡོ་རྗེ་ལས་ཀྱི་ར་བའི་ཕྱག་རྒྱའོ། །དེའི་རྗེས་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ནང་གི་ར་བ་བྱའོ། །བཛྲ་ཧཱུཾ་ཀ་རེ་ཎ་ཧཱུཾ། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ལས་དབུས་མ་གཉིས་བསྐུམ པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་མཚམས་ཀྱི་ང་རྒྱལ་གྱིས་རྡོ་རྗེའི་གུར་སྦྱིན་པར་བྱའོ། །ོཾ་བཛྲ་བནདྷ་བཾ། རྡོ་རྗེ་བཅིངས་ནས་སྟེང་དུ་འགྱིང་ཞིང་རབ་ཏུ་བརྐྱང་བ་ནི་གུར་གྱི་ཕྱག་རྒྱའོ། །སླར་ཡང་རྡོ་རྗེ་མེ་འོད་ཀྱི ང་རྒྱལ་གྱིས་དེའི་ཕྱག་རྒྱ་དང་ལྡན་པས་མཆོད་པའི་ཡན་ལག་རྣམས་སྦྱང་བར་བྱའོ། །ོཾ་བཛྲཱ་ན་ལ་ཧ་ན་ད་ཧ་པ་ཙི?་མ་ཐ་བྷཉྫ་ར་ཎ་ཧཱུཾ། དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་དུང་བྱིན་གིས་བརླབ་པར་བྱའོ། །ོཾ་བཛྲ་ཡཀྵ་ཧཱུཾ། སླར་ཡང་རྡོ་རྗེ་བསྲུངས་བའི ཕྱག་རྒྱས་དུང་བྱིན་གྱིས་བརླབ་པར་བྱའོ། །ོཾ་བཛྲ་རཀྵ་ཨ། སླར་ཡང་རྡོ་རྗེ་མོའི་ཕྱག་རྒྱས་དུང་བྱིན་གྱིས་བརླབ་པར་བྱའོ། །ོཾ་བཛྲ་ཤི་ཁ་ར་རུཊ་མཊ་ཅེས་བྱ་བ་ནི་དུང་གསུམ་མོ། །སླར་ཡང་དུང་གསུམ་རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་གི་ཕྱག་རྒྱ་དང་རྣ་བ པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ོཾ་བཛྲ་སཏྭ་ཧཱུཾ། བཛྲ་དྷཱ་ཏུ་ཧཱུཾ། དེ་ལི་དུང་གི་ཆུས་མཆོད་པ་ཐམས་ཅད་བསང་གཏོར་བྱའོ། །ོཾ་བཛྲ་རཀྵ་ཧཱུཾ་ཞེས་པའི་སྔགས་ཀྱིས་སོ། །ོཾ་བཛྲ་པུཥཔེ་ཧཱུཾ། མེ་ཏོག་གི། ཨོཾ་བཛྲ་དཱུ་པེ་ཧཱུཾ། བདུག་སྤོས་སོ། །ོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་མར་མེའོ། །ོཾ་བཛྲ་གནདྷེ་ཧཱུཾ། དྲིའོ། །ོཾ་བཛྲ་ནེ་བིདྱ་ཧཱུཾ། ཞལ་ཟས་སོ། །རང་རང་གི་ཕྱག་རྒྱ་ལྡན་པས་བྱིན་གྱིས་བརླབ་པར་བྱའོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱ་མཱ་བྱ་ནུ་ཏ་པན་ན་ཏྭཱཏ་ཨོཾ་ཨཱ:ཧཱུཾ། རལ་གྲིའི་ཕྱག་རྒྱས་གཏོར མ་སྟེ། རྡོ་རྗེ་བཅིངས་ནས་རལ་གྲི་འདྲེན་པ་ནི་རལ་གྲིའི་ཚུལ་ལོ། །གཞན་མཆོད་པའི་ཡན་ལག་རྣམས་ནི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། །ོཾ་བཛྲཱ་སཏྭ་ཧཱཾ། ཨོཾ་བཛྲ་ས་ནི་ཧཱུཾ་གདན་ནོ། །འདི་ནི་བསྲུང་བའི་འཁོར་ལོའོ།། །།དེའི རྗེས་ལ་རྡོ་རྗེའི་རྒྱུའི་ལས་ཀྱི་ཕྱག་རྒྱས་མདུན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བསྐྱེད་པར་བྱའོ། །ོཾ་བཛྲ་ཙཀྲ་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་རྩེ་མོ་གཉིས་ཀྱི་མཐར?་རྡོ་རྗེ་བཅིངས་པས་སོ། །རྡོ་རྗེ་འཁོར་ལོ་ཞེས་རྣམ་པར་གྲགས་པས་དཀྱིལ་འཁོར ཐམས་ཅད་བསྒྲུབ་པའོ། །འདིས་ཕྱོགས་ཐམས་ཅད་དུ་གཡས་སུ་བསྐོར་བས་དཀྱིལ་འཁོར་ཐམས་ཅད་བསྲུང་བར་འགྱུར་རོ། །དེའི་ཕྱག་རྒྱས་གདོང་དུ་བལྟས་ནས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དཀྱིལ་འཁོར་དུ་རབ་ཞུགས་པར་འགྱུར་རོ། །དེ་ལ མངོན་སུམ་དུ་དཀྱིལ་འཁོར་བལྟས་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་དགུག་པ་དང་གཞུག་པར་བྱའོ། །བཅིང་བ་དང་དབང་དུ་བྱ་བ་རྣམས་བྱས་ཏེ་མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །ོཾ་བཛྲཱ་ཀུ་ཤ་ཛབཾ། ཨོཾ་བཛྲཱ་བེ་ཤ་ཧོ:དེ་ནས་མཆོད་ཡོན་གྱི་ཕྱག་རྒྱས་མཆོད་ཡོན་དབུལ་བར་བྱའོ། །ོཾ་བཛྲ་དྷཱ་ཏུ་པྲ་བ་ར་ས་ཏ་ཀཱ་རཱརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ལན་གསུམ་དུའོ། །ོཾ་བཛྲ་དྷ་ཏུ་པྲ་བ་ར་ས་ཏ་ཀཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱཧཱ། ཞབས་བསིལ་བར་བྱའོ། །ོཾ་བཛྲ་དྷཱ་ཏུ་བྲ་བར སཏྭ་གཱ་རཱ་ཨཉྩ་མ་ན་པྲ་ཏཱིཙྪ་སྭཱཧཱ། ཞལ་བསིལ་ལོ། །ོཾ་བཛྲ་རཀྵ་ཧཱུཾ་བསང་གཏོར་བྱའོ། །དེ་ནས་དཀྱིལ་འཁོར་ལ་མེ་ཏོག་དགོད་པར་བྱ་སྟེ། ཨོཾ་བཛྲ་དྷཱ་ཏུ་ཧཱུཾ་དབུས་སོ། །ོཾ་བཛྲ་སཏྭ་ཧཱུཾ་ཤར་དུའོ། །ོཾ་བཛྲ་རཏན་ཏྲཱཾ་ལྷོ་རུའོ། །ོཾ་དྷརྨ་བཛྲ་ཧྲཱིབ་ཨཛྲ་ཨབཛྲ་ཏྭ?་ས་ཧཱཾ། མི་བསྐྱོད་པའི་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་ཡང་ངོ། །ོཾ་བཛྲ་དྷརྨ་ཧྲཱི:ོཾ་བཛྲ་ཏཱི་ཀྵ་ཧཱུཾ། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ཥ་རཾ། སྔོན་མ་བཞིན་དུ་འོད་དཔག་མེད་ཀྱི་ཡང་ངོ། །ོཾ་བཛྲ་ཀརྨམཱ་ཀཾ། ཨོཾ་བཛྲ་རཀྵ་ཧཱུཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཤནྟི བ?། སྔོན་མ་བཞིན་དུ་དོན་ཡོད་གྲུབ་པ་ཡིའོ། །ཞེས་པ་འདི་རྣམས་སྙིང་པོ་རེ་མིག་གིའོ། །ོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལྱ་ཏྲཾ། ཨོཾ་བཛྲ་གཱི་ཏི་ཧྲཱི:ོཾ་བཛྲ་ནརི་ཏྱེ་ཨ། ཕྱི་མེ་ལ་སོགས་པའི་དཀྱིལ་འཁོར་གྱི་མཚམས་བཞི་ལ་ཕྱིའི་དཀྱིལ་འཁོར་གྱི་ཟུར་བཞི རྣམས་སུ་བདུག་སྤོས་མ་ལ་སོགས་པ་རྣམས་སོ། །ོཾ་བཛྲ་དྷུ་པ་ཧཱུཾ། ཨོཾ་བཛྲ་པུཥཔེ་ཏྲཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲིཛ་ཧ་སརྦ་པཱ་པ་བི་ཤོ་དྷ་ནི་ཧཱུཾ། ཨོཾ་བཛྲ་ཥོ་ཀ་ཏ་མོ་ནིར་གཏན་མི་ཏི་ཧཱུཾ། ཤར་དུ། ཨོཾ་བཛྲ་གནདྷ་ཧ་སྟི་ནི་ཧཱུཾ། ཨོཾ་སཱུ་རཾ་ག་མེ་ཧཱུཾ། ཨོཾ་ག་ག་ནི་ག་ག་ན་ལོ་ཙ་ནི་ཧཱུཾ། ཨོཾ་ཛྙཱ་ན་ཀེ་ཏུ་ཛྙཱ་ན་པ་ཏི་ཧཱུཾ། ལྷོ་རུ། ཨོཾ་ཨ་མྲི་ཏ་བྷ་ཨ་མྲི་ཏ་བ་ཏི་ཧཱུཾ། ཨོཾ་ཙནྡྲེ་ཙནྡྲེ་སྤེ་ཙནྡྲ་བྱ་བ་ ལོ་ཀ་ནི་སྭ་ཧཱ། ཨོཾ་བྷ་དྲ་བ་ཏི་བྷ་དྲ་པཱ་ལེ་སྭཱ་ཧཱ། ཨོཾ་ཛྲཱ་ལི་ནི་མཧཱ་ཛཝ་ལི་ནི་ཧཱུཾ་ནུབ་ཏུ། ཨོཾ་བཛྲ་གརྦྷེ་ཧཱུཾ། ཨོཾ་ཨཀྵ་ཡེ་ཧཱུཾ། ཨཀྵ་ཡ་ཀརྨཱ་བ་ར་ན་བི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་པྲ་ཏི་བྷ་ཎ་ཀུ་ཌེ་སྭཱ་ཧཱ། ཨོཾ་ས་མནྟ་བྷ་དྲེ་ཧཱུཾ། བྱང་དུ་ཨོཾ་བཛྲི་ཀུ་ཤ་ཛ:ོཾ་བཛྲ་པཱ་ཤ་ཧཱུཾ། ོཾ་བཛྲ་སཕོ་ཊ་བཾ་ཨོཾ་བཛྲཱ་བོ་ཤ་ཧོ:ཤར་ལ་སོགས་པའི་སྒོ་རྣམས་ལ་སླར་ཡང་རྣམ་པར་སྣང་མཛད་ཀྱི་མདུན་དུ། །ོཾ་སཏྭ་བཛྲི་ཧཱུཾ་ལྷོ་རུ། ཨོཾ་རཏན་བཛྲཱི་ཏྲཾ། ནུབ་ཏུ། ཨོཾ་དྷརྨ་བཛྲི་ཧྲཱི:བྱང་དུ། ཨོཾ་ཀརྨ་བཛྲི་ཨ་ཞེས་པ་ནི་མེ་ཏོག་དགོད་པའི་རིམ་པ་ཇི་ལྟ་བ་བཞིན་ནོ།། དེ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱ་སྟེ། ཨོཾ་ཨཱ:བཛྲ་པུཥཔེ་ཧཱུཾ། ཨོཾ་ཨཱ:བཛྲ་དྷུ་པེ་ཧཱུཾ། ཨོཾ་ཨཱ:བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་ཨཱ:བཛྲ་གནདྷེ་ཧཱུཾ། ཨོཾ་ཨཱ:བཛྲ་ནཻ་བི་དྱཱ་ཧཱུཾ། དེ་ནས་སྒེག་མོ་ལ་སོགས་པ་བརྒྱད་ཀྱི་ཕྱག་རྒྱ་བཅིངས་ནས། ོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་བཛྲོད་བྷ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ད་བྷ་བ་ཤཱི་ལ་བཱ་ར་མི་པཱུ་ཛཡེ་ཏྭཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ད་བྷ་བ་ཀྵནྟི་པཱ་ར་མི་ཏཱ་པཱུ་ཛཡེ་ཧྲཱི:ོཾ་སརྦ་ཏ་ཐཱ་ག་ཏོད་བྷ་བ་མཧཱ་བཱིརྱ་པཱ་ར་མི་ཏཱ་པཱུ་ཛཡེ་ཨ:ོཾ་སརྦ་ཏ་ཐཱ་ག་ཏོད་བྷ་བ་སརྦ དུརྒ་ཏི་བེ་ཤོ་དྷ་ནི་པུཥཔ་བྱ་ལོ་ཀ་ནི་པྲཛྙཱ་པཱ་ར་མི་ཏཱ་པཱུ་ཛཡོ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་པཱ་པ་བི་ཤོ་དྷ་ནི། དྷ་མ་དྷ་མ། དྷཱུ་པ་ཡ་དྷུ་པ་ཡི། དྷཡཱ་ན་པཱ་ར་མི་ཏཱ་པཱུ་ཛཡེ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་སརྦ་པཱ་པ་བི་ཤོ་དྷེ་ནི་ཛྙཱ་ནཱ་ལོ་ཀ་ཀ་རི་པྲ་ཎི་དྷི་པཱ་ར་མི་ཏཱ་པཱུ་ཛཡོ་ཧྲཱི: ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་པཱ་པ་གནདྷ་ནཱ་ཤ་ནི་བཛྲ་གནདྷོ་པ་ཡ་པཱ་ར་མི་ཏཱ་པཱུ་ཛཡ་ཨཱ:ཧཱུཾ་ཕཊ། འདིར་དེ་ནས་གསུངས་པའི་ལས་ཀྱི་ཕྱག་རྒྱས་ཡང་དག་པར་མཆོད་དེ། དེ་ནས་དྲིལ་བུ་དཀྲོལ་བར་བྱ་སྟེ། མཚུངས་མེད་གཡོ་མེད་རང་བཞིན་སྙིང་པོའི་ཆོས་ཉིད ཅན། །?་བརྩེ་བའི་བདག་ཅན་འགྲོ་བའི་སྡུག་བསྔལ་འཕྲོག་བྱེད་པ། །ཀུན་ནས་ཡོན་ཏན་དངོས་གྲུབ་ཀུན་ནི་སྩོལ་མཛད་ཅིང། །དྲི་མེད་གཡོ་མེད་མི་མཆོག་མཚུངས་མེད་ཆོས་ཅན་ཏེ། །ནམ་མཁའ་དང་མཚུངས་དཔེ་ནི་གཅིག་ཉིད་མེད་གཡོ་མེད་གྱུར་ཅིང། །ཡོན་ཏན རྒ་ཤེས་ཕྱེ་མའི་ཟེགས་མའང་མཚམས་མེད་པ། །རྟག་ཏུ་སེམས་ཅན་ཁམས་ལ་མཆོག་གི་དངོས་གྲུབ་སྩོལ། །དཔེ་དང་བྲལ་བ་འདི་ནི་སྔགས་ཀྱི་དངོས་གྲུབ་བོ། །རྟག་ཏུ་དྲི་མེད་སྙིང་རྗེའི་ཤུགས་ཀྱི་བཞེངས་གྱུར་ཅིང། །སྨོན་ལམ་གྲུབ་ཅིང་འགག་མེད་བདེ་བ་ཉིད་དུ འཇུག་། འགྲོ་བའི་དོན་གྲུབ་པ་ལ་མཆོག་ཏུ་ཉེ་བར་བསྙེན། །བརྩེ་བ་ཆེན་པོའི་བདག་ཉིད་རྟག་ཏུ་གསལ་བར་མཛད། །འགག་མེད་སྙིང་རྗེའི་སྤྱོད་པ་གཡོ་མེད་རབ་འཇུག་པ། །འཇིག་རྟེན་གསུམ་དུ་མཆོག་གི་བདེ་བ་སྩོལ་མཛད་པ། །དཔག་མེད་དཔག་ཏུ་མེད་པར ལེགས་པར་ཡོངས་རྫོགས་གྱུར། །བདེར་གཤེགས་འཇུག་པ་འམ་ལེགས་པའི་ཆོས་ཉིད་ངོ་མཚར་ཅན། །དམ་ཚིག་གསུམ་པ་ཀུན་ལ་དངོས་གྲུབ་མཆོག་སྩོལ་མཛད། །ཅེས་པའི་བསྟོད་པས་ཉེ་བར་བསྡུས་ནས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་ལྔ ཡིས་ཕྱག་རྒྱའོ། །ཤར་གྱི་ཕྱོགས་ནས་ལུས་ཀྱི་རྡོ་རྗེའི་ཐལ་མོ་སྦྱོར་བ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱིཀྩཏྟ་པྲ་ཎ་མེ་ན་བཛྲ་བནདྷ་ནཱཾ་ཀ་རོ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ?་ཛོ་བསྠ?་ནཱ་ཡཱཏྨ་ནཱི་ནིརྱཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ མཱཾ། ལྷོ་ནས་རྡོ་རྗེའི་ཐལ་མོ་སྦྱར་བ་སྙིང་གར་བཟུང་སྟེ་དཔྲལ་བ་ས་ལ་རེག་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྷི་ཥེ་ཀ་ཡཱཏྨཱ་ནཱི་ནིརྱཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྟ་ན་ཡ་བྷི་ཥིཉྩ་མཱི་ནུབ་ནས་རྡོ་རྗེའི་ཐལ་མོ་སྤྱི་བོར་སྦྱར་བ་གདོང་དུ་བཟུང་སྟེ་ས་ལ་རེག བར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟན་ཨཱ་ཏྭ་ནཱཾ་ནིརྱཱ་ཏ་ཡ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡམ། བྱང་ནས་མགོ་བོས་ཕྱག་འཚལ་བའི་ཐལ་མ་སྦྱར་བ་སྙིང་གར་བཟུང་སྟེ་ས་གཞི་ལ་རེག་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ ཏྨཱ་ནཱཾ་ནིརྱཱ་?་མི། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲ་ཀརྨ་ཀུ་རུ་སྭ་མཱི། དེ་ནས་པུས་མོའི་ལྷ་པས་ལ་རབ་ཏུ་བཙུགས་ཏེ། སྙིང་གར་ཐལ་མོ་སྦྱར་ནས་སྡིག་པ་རབ་ཏུ་བཤགས་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད བདག་ལ་དགོངས་སུ་གསོལ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་ཕྱག་རྒྱ་དང་བསང་སྔགས་དང་རིག་སྔགས་དང་ལྷ་རྣམས་ཐམས་ཅད་བདག་མེད་འདི་ཞེས བགྱི་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་བགྱིས་ཏེ། རྡོ་རྗེ་དང་རིན་པོ་ཆེ་དད་པདྨ་དང་ལས་ཀྱི་རིགས་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་དང ལྷ་རྣམས་ཐམས་ཅད་ཀྱི་མདུན་དུ་ཡང་སྡིག་པ་ཐམས་ཅད་བདག་གིས་ས་སོར་བཤགས་སོ། །ཕྱོགས་བཅུ་རབ་འབྱམས་རྣམས་ཀྱི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རང་སངས་རྒྱས རྣམས་དང། འཕགས་པ་ཉན་ཐོས་རྣམས་དང་ཡང་དག་པར་འགྱུར་པའི་ཡང་དག་པར་རྒྱུན་ཏུ་བཞུགས་པ་རྣམས་དང། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདS ཆོས་ཀྱི་འཁོར་ལོ་མི་བསྐོར་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་འདེབས་སོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ཐམས་ཅད་ལ་ཡོངས་སུ་མྱ་ངན་ལས་མི་འདའ་པར གསོལ་བ་འདེབས་སོ། །ཞེས་པ་ནི་སྡིག་པ་བཤགས་པ་ལ་སོགས་པའོ། བདུག་སྤོས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། སྣང་གསལ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀ་པཱུ་ཛ་མེ་གྷེ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་གནདྷ་པཱུ་ཛ་མེ་གྷ?་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། ཕྱག་འཚལ་ཞིང་ཐལ་མོ སྤྱད་བས་རིན་པོ་ཆེའི་རྣམ་པར་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷཡཾ་ག་རཏན་ལཾ་ཀཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། བཞད་མའི་ཚུལ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཏ་སྱ་ལཱ་སྱ་ར་ཏ? ?་ཊ་སཽ་ཁྱཱ་ནུཏྟ་ར་པུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། གོས་རབ་ཏུ་འབུལ་བའི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷཡཾ་ག་ཏྲཱཾ་ལཾ་ཀཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡ་ཧཱུཾ། རྡོ་རྗེ་སེམས་དཔའ་ཨི་ལས་ཀྱི་ཕྱག རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱུ་ཛ་མ་གྷ་ས་མུ་དྲ་སཕ་ར་ན་ས་མ་ཡེ་ཧཱུཾ། སྒེག་མོའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲོད་བྷ་བ་དྷ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ ས་མ་ཡེ་ཧཱུཾ། ཕྲེང་བའི་ལས་ཀྱི་ཕྱག་རྒྱ་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ནུཏྟ་ར་བོ་ཌཧཡ་ཧཱ་ར་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛ་མེ་ག་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། གླུ་མའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏེ་ནུཏྟ་ར་དྷརྨཱ་བོ་དྷི་ཀཱནྟ་པཱི་ར་མི་ཏཱ་པཱུཛ མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། གར་མའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་སཱ་ར་པ་རི་དྱཾ་གཱ་ནུཏྟ་ད་བཱིརྱ་སཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ན་ས་མ་ཡེ་ཧཱུཾ། བདུག་སྤོས་མའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་སོ་ཁྱ་བི་ཧྭ་ར་དྷཡ ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག་མའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱི་ག་ཏཱ་ནུཏྟ་ར་ཀླེ་ཤ་ཙྪོ་དེ་ནི་མཧཱ་པྲཛྙཱ་པ་ར་མི་ཏཱ་པཱུ་ཛ་མ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། སྣང་བསལ་མའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ ཐཱ་ག་ཏཱ་མ་ཧཱ་པྲ་ཎི་དྷི་པ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ལས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་པ་ཡ་གྷནདྷ་ནཱ་ཤ་ནི་བཛྲ་གནདྷོ་པ་ཡ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་སྤྱི་བོར་ཕྱག་འཚལ བའི་ཐལ་མོ་སྦྱར་ནས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནི་རྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། གདོང་དུ་ཐལ་མོ་སྦྱར་བ་ཅུང་ཟད་ཕྱེ་བས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་བཱག་ནི་རྱཱ་ཏ་ནི་པཱུ་ཛ་མེ་གྷ་ས་མུ་དྲ སཕ་ར་ཎ་ས་མ་ཡེ་ཧཱུཾ། སྙིང་གར་ཐལ་མོ་ཡང་དག་པར་སྦྱར་བས་འདི་ཉིད་བརྗོད་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནིརྱཱ?་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། འཁྱུད་པའི་ཚུལ་གྱིས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་གུ་ཧཡ་ནིརྱཱ་ཏ་ན་བཱུ་ཛ་མེ་གྷ་ས་མུ་དྲ སཕ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་མཆོད་པའི་རྣམ་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ནས་བདག་ཉིད་དབུལ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཕུལ་ནས་དུས་ཐམས་ཅད་རྒྱུན དུ་བདག་ཡོངས་སུ་བཟུང་དུ་གསོལ། མགོན་པོ་བརྩེ་བ་ཆེན་པོ་རྣམས་ཀྱི་དམ་ཚིག་ཆེན་པོ་རྣམས་ཀྱང་སྩལ་དུ་གསོལ། དེ་ནས་ཡང་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་དགེ་བའི་རྩ་བ་འདི་ཡིས་སེམས་ཅན་ཐམས་ཅད་ཀྱི འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ཡིན་པ་ཐམས་ཅད་དང་བྲལ་ཞིང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་ཞིང་དགའ་བ་དང་བཅས་ཤིང་ཡིད་བདེ བ་དང་བཅས་པ་ཡིས་མིའི་མཆོག་སངས་རྒྱས་སུ་གྱུར་ཅིག་། བདག་གི་དགེ་བའི་རྩ་བ་འདི་དང་བདག་གི་དགེ་བའི་ལས་ཀྱིས་ཡུན་མི་རིང་བར་སངས་རྒྱས་ནས་འཇིག་རྟེན་རྣམས་ལ་ཆོས་སྟོན་ཅིང་འགྲོ་བ་ལ་ཕན་པ་དང་རྟག་ཏུ་སེམས་ཅན་སྡུག་བསྔལ མང་པོས་མནར་བ་རྣམས་བསྒྲལ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས མཆོག་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བརླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གི་སོ་སོར་བརྟན་པོར་བཟུང། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེའི་དྲིལ་བུའི་ཕྱག་རྒྱ་ཡང། །དེ་ཉིད་སོ་སོར་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་པ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཅན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར བཟུང་བར་བགྱི། །ལས་ཀྱི་རིག་མཆོག་ཆེན་པོ་ལ། །སྡོམ?་པ་ཐམས་ཅད་ལྡན་པར་ནི། །ཀུན་ནས་སོ་སོར་བཟུང་བར་བགྱི། །མཚོང་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་དག་གི་བསྐྱེད བགི་ཞིང། །སྡོམ་བ་མ་ལུས་བཟུང་བགྱིས་ནས། །མ་སྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོང། །ཅེས་པས་སྡོམ་པ་བཟུང་བར་བྱའོ། འདི་ནི་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་རྣལ་འབྱོར་རོ། །དེའི་རྗེས་ལ་གཟུགས་བརྙན་ལ་སོགས་པའི་སྦྱོར་བས་ཕྱག་རྒྱ་བཅིང་པ་སྔོན་དུ་འགྲོ་བས་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ། །བད?་སྐོར་བྱས་ནས། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏ། སརྦ་དྷརྨ:ཐལ་མོ་ཡང་དག་པར་སྦྱར་ནས། ཨོཾ་པར་སྤ་རཱ་ནུ་པྲ་བིཥྚ:སརྦ་དྷརྨཱ། རྡོ་རྗེ་ཐལ་མོ་སྦྱར་བས། ཨོཾ་ཨ་ཏྱན་ཏཱ་ནུ་པྲ་བིཥྚ:སརྦ་དྷརྨ:རྡོ་རྗེ་བཅིངས་ནས། ཨོཾ་བཛྲ་བནདྷ་ཏྲཊ། ལན་གསུམ་རྡོ་རྗེ་བཅིངས་ནས་སྙིང་གར་སྤྲོ་བར་བྱའོ།། རྡོ་རྗེ་བཅིངས་པའི་གྲོལ་བའོ། །རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྙིང་གར་ཨ་ཡིག་ལས་རྡོ་རྗེ་བལྟ་བར་བྱའོ། །ོཾ་ཏིཥྛ་བཛྲ་དྲི་ཌཧོ་མེ་བྷ་བ་སཱ་ཤྭ་ཏོ་མེ་བྷ་བ་ཧྲི་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷམམེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ:ོཾ་བཛྲཱ་བེ་ཤ་ཨཔར་སྤ་རཱ་ནུ་ག་ཏ་སརྦ་དྷརྨམཱ:ོཾ་བཛྲ་མུཥྚི་བཾ་སོ་སོ་སོ་སོར་སྙིང་གར་རྡོ་རྗེའི་ཁུ་ཚུར་བཟུང་བར་བྱའོ། །དེའི་རྗེས་ལ་རྡོ་རྗེའི་བཅིང་བ་བཅིངས་ནས་རྡོ་རྗེའི་ཕྱག་རྒྱ་གཉིས་ཀྱི་བར་དུ་བསླང་ནས་འཕང་བར་བྱའོ། །སྐད་ཅིག་ལས་སྟེང་དུ་འགྲོ་སྟེ་མཆོག་ཏུ་འདྲེན པའོ། །ོཾ་སརྦཱ་པ་ཡཱ་ཀརཥ་ན་པི་ཤོ་དྷ་ནི་ས་མ་ཡ་ཧཱུཾ་ཕཊ། སྡིག་པ་ལས་འདྲེན་པའོ། །ོཾ་བཛྲ་པཱ་ཎི་བི་སཕོ་ཊ་ཡ་སརྦཱ་པ་ཡ་བནདྷན་ནི་པྲ་མོཀྵ་ཡ་སརྦ་པཱ་ཡ་ག་ཏི་བྷཡ:སརྦ་སཏྭན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཧཱུཾ་ཏྲཊ། ཅེས་བརྗོད་ནས་སྡིག་པ་ལན་གསུམ་དུ་དྲལ བར་བྱའོ། །རྡོ་རྗེ་བཅིང་ནས་བརྟན་པར་བྱས་ཏེ་གུང་མོ་ཁར་ལྡན་ཞིང་བཞི་པོ་མཐར་བྱས་ནས་ཁའི་ནུས་པས་སྡིག་པ་སྐད་ཅིག་ལ་དྲལ་བར་བྱའོ། །རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱས་བཅིངས་ནས་སྔགས་ལན་གསུམ་བརྗོད་པར་བྱའོ། །ོཾ་བཛྲ་མུ: པཱ་པ་བི་ས་ར་ཛ་ནཾ། དེ་བཞིན་དུ་ཕྱག་རྒྱ་ཐམས་ཅད་ཀྱི་འཕེན་པར་བྱེད་པར་འགྱུར་རོ། །འདིས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་ངེས་པའི་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་པ་འདྲ་བར་འགྱུར་རོ། །དེ་ནས་རང་གི་ཐུགས་ཀར་གྱུར་པའི་རྡོ་རྗེའི་དབུས སུ་རྡོ་རྗེ་སེམས་དཔའ་ངོ་བོ་ཡིད་ཀྱིས་གསལ་བར་བྱས་ནས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དབྱངས་ཡིག་བཅུ་དྲུག་དང་བཅས་པའི་འདིས་ཟླ་བའི་དཀྱིལ་འཁོར་ལའོ། །སླར་ཡང་ཀ་ཡིག་ལ་སོགས་པའི་གསལ་བྱེད་གཉིས་ལ་ཟླ བའི་དཀྱིལ་འཁོར་ལའོ། །དེའི་སྟེང་དུ་སྙིང་གར་རྩེ་ལྔ་པ་དཀར་པོ་དང་བཅས་པའི་འོད་ཟེར་དང་བཅས་པའི་མཚན་མ་བལྟ་བར་བྱའོ། །གཞན་འདི་རྣམས་ཀྱང་རྡོ་རྗེ་ལས་བྱུང་བ་རང་རང་གི་ཕྱག་རྒྱ་ཡིས་ང་རྒྱལ བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་རང་ཉིད་ཀྱི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །རྡོ་རྗེའི་ང་རྒྱལ་དང་འཁོར་ལོའི་ང་རྒྱལ་དང་རིན་པོ་ཆེའི་ང་རྒྱལ་དང་པདྨའི་ང་རྒྱལ་དང་སྣ་ཚོགས་རྡོ་རྗེའི་ང་རྒྱལ་ལོ། །རྡོ་རྗེའི་ང་རྒྱལ་དང། ལྕགས་ཀྱུའི་ང་རྒྱལ་དང། མདའི ང་རྒྱལ་དང། མཉེས་པའི་ང་རྒྱལ་དང། མེའི་ང་རྒྱལ་དང། ཉི་མའི་ང་རྒྱལ་དང། ཏོག་གི་ང་རྒྱལ་དང། འཛུམ་པའི་ང་རྒྱལ་དང། པདྨའི་ང་རྒྱལ་དང། རལ་གྲིའི་ང་རྒྱལ་དང། འཁོར་ལོའི་ང་རྒྱལ་དང། ལྕེའི་ང་རྒྱལ་དང། ལྕེའི་ང་རྒྱལ་དང། ལས་ཀི་ང་རྒྱལ་དང། མཆོག་གི་ང རྒྱལ་དང། མཆེ་བའི་ང་རྒྱལ་དང། ཁུ་ཚུར་གྱི་ང་རྒྱལ་ལོ། །རྡོ་རྗེ་གཉིས་ཀྱི་ང་རྒྱལ་དང། རིན་པོ་ཆེའི་ཕྲེང་བའི་ང་རྒྱལ་དང། པི་ཝང་གི་ང་རྒྱལ་དང། གར་གྱི་ལག་པའི་འདབ་མའི་ང་རྒྱལ་དང། བདུག་སྤོས་ཀྱི་ང་རྒྱལ་དང། མེ་ཏོག་གི་ང་རྒྱལ་དང། སྣང གསལ་གྱི་ང་རྒྱལ་དང། དྲིའི་ང་རྒྱལ་ལོ། །ལྕགས་ཀྱུའི་ང་རྒྱལ་དང། ཞགས་པའི་ང་རྒྱལ་དང། རྒྱས་པའི་ང་རྒྱལ་དང། དྲིལ་བུའི་ང་རྒྱལ་ལོ། །རང་རང་གི་སྙིང་པོ་བཟླས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་སུ་རབ་ཏུ བཞུགས་པའི་རང་རང་གི་ཕྱག་རྒྱས་བསམ་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདིའོ། །རྡོ་རྗེ་དབྱིངས་བདག་གོ། རྡོ་རྗེ་སེམས་དཔའ་བདག་གོ། རིན་ཆེན་རྡོ་རྗེ་བདག་གོ་།པདྨ་རྡོ་རྗེ་བདག་གོ་།སྣ་ཚོགས་རྡོ་རྗེ་བདག་གོ། རྡོ་རྗེ་སེམས་དཔའ་བདག་གོ་།རྡོ་རྗེ་རྒྱལ་པོ་བདག གོ་། རྡོ་རྗེ་ཆགས་པ་བདག་གོ་།རྡོ་རྗེ་ལེགས་པ་བདག་གོ། རྡོ་རྗེ་འསྙེམས་པ་བདག་གོ་།རྡོ་རྗེ་ཁྱབ་བདག་བདག་གོ། རྡོ་རྗེ་མཆོད་སྡོང་བདག་གོ། རྡོ་རྗེ་དགྱེས་པ་བདག་གོ་།རྡོ་རྗེ་སྤྱན་བདག་གོ། རྡོ་རྗེའི་བློ་བདག་གོ་།རྡོ་རྗེའི་རྒྱན་བདག་གོ་།རྡོ་རྗེ་གསུང་པ་བདག་གོ་།རྡོ་རྗེ་ལས བདག་གོ། རྡོ་རྗེ་བརྩོན་འགྲུས་བདག་གོ་།རྡོ་རྗེ་གཏུམ་པོ་བདག་གོ། རྡོ་རྗེ་ཁུ་ཚུར་བདག་གོ། རྡོ་རྗེ་སྒེག་མོ་བདག་གོ་།རྡོ་རྗེ་ཕྲེང་མ་བདག་གོ་།རྡོ་རྗེ་གླུ་མ་བདག་གོ་།རྡོ་རྗེ་གར་མ་བདག་གོ། རྡོ་རྗེ་བདུག་སྤོས་མ་བདག་གོ། རྡོ་རྗེ་མེ་ཏོག་མ་བདག་གོ། རྡོ་རྗེ སྣང་གསལ་མ་བདག་གོ། རྡོ་རྗེ་དྲི་མ་བདག་གོ། རྡོ་རྗེ་ལྕགས་ཀྱུ་མ་བདག་གོ། རྡོ་རྗེ་ཞགས་པ་མ་བདག་གོ། རྡོ་རྗེ་རྒྱས་པ་མ་བདག་གོ་།རྡོ་རྗེ་འབེབས་པ་མ་བདག་གོ་།ཞེས་གསུངས་པས་རང་གི་སྙིང་ག་རང་རང་གི་ལྷ་རྣམས་ཀྱི་སྐུར་བསམ་པར་བྱའོ། །འདི་རྣམས བྱས་ནས་རང་རང་གི་སྙིང་གར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བསྒོམ་པར་བྱའོ། །བདག་ཉིད་རྡོ་རྗེ་སེམས་དཔའ་ཨི་སྐུར་རྣམ་པར་བསྒོམས་ཏེ། རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ས་མ་ཡ་ཧཾ། ས་མ་ཡ་ཨ་ཧཾ། ས་མ་ཡ་སཏྭཱ་ཧཾ། དེ་ཡིས་དེ་བཞིན་དུ་ཕྱག་རྒྱས་སྙིང་ག་མཛོད་སྤུ་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་སྦྱིན་གྱིས་བརླབ་པར་བྱའོ། །དམ་ཚིག་སེམས་དཔའ་བདག་ཉིད་ལ་བྱིན་གྱིས་བརླབ་པོ། །ོཾ་བཛྲ་སཏྭ་ཧཱུཾ། ཞེས་བརྗོད་ནས་རྡོ་རྗེ་གསོར བར་བྱའོ། །སླར་ཡང་རང་སྙིང་གར་ཟླ་བ་ལ་རྡོ་རྗེའི་འོད་ཟེར་ཡང་དག་པར་འཕྲོ་ཞིང་རྡོ་རྗེའི་རྒྱུའི་ལས་གྱི་ཕྱག་རྒྱས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་སྤྲུལ་བར་བལྟ་བར་བྱའོ། །རྡོ་རྗེ་དམ་ཚིག་གི་ཕྱག་རྒྱས་དམ་ཚིག་སེམས་དཔའ་ཨི་དམ་ཚིག དག་གོ་། རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྔོན་མ་བཞིན་དུ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་ལན་གསུམ་དུ་བརྗོད་པར་བྱའོ། །དཀྱིལ་འཁོར་གཉིད་པོ་གཅིག་ཏུ་གྱུར་པར་བལྟའོ། །བདག་ཉིད་ནམ་མཁའ་ཤིན་ཏུ་ཕྲ་བའི་གཟུགས་སུ བྱས་ནས་སེམས་རྡོ་རྗེ་ཅན་དུ་བཅིངས་ཏེ་མེ་ཏོག་གི་ཕྲེང་བ་བཟུང་ནས་དཀྱིལ་འཁོར་དུ་རབ་ཏུ་འཇུག་པར་བྱའོ། །ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་བཞུགས་དེ་འདིའོ། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཅི་འདྲ་དེ་འདྲར ཤོག། འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། བསོད་ནམས་མཐུ་ཡང་ཅི་འདྲར་འགྱུར། །དེ་ལྟར་དཀྱིལ་འཁོར་འགྱུར་བར་ཤོག་།པྲ་ཏིཙྪ་བཛྲ་ཧོ:ཞེས་པས་མེ་ཏོག་དོར་རོ། །དེ་ནས་མེ་ཏོག་ཕྲེང་པའི་དབང་བླང་བར་བྱ་སྟེ། ཨོཾ་པྲ་ཏི་? སྭ་མི་མཾ་སཏྭ་མ་ཧཱ་བ་ལ། མེ་ཏོག་ཕྲེང་བའི་དབང་ངོ། །སེམས་རྡོ་རྗེ་ཅན་དུ་བཅིངས་ནས་མིག་དབྱེ་བར་བྱ་སྟེ། ཨོཾ་དི་རིང་རྡོ་རྗེ་སེམས་དཔའ་རང། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །རྡོ་རྗེའི་མིག་ནི་འབྱེད་པར་མཛད། །དགྱེས་པའི་རྡོ་རྗེ་ལྟོས ཤིག་ཅེས་མིག་དབྱེ་བར་བྱའོ། །དེ་ནས་དཀྱིལ་འཁོར་བརྟན་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཐར་ཐུག་པའོ། །དེ་ནས་སྤྱི་བོར་རྡོ་རྗེ་བཟུང་སྟེ་སེམས་དཔའ་རྡོ་རྗེ་ལ་སོགས་པ་བླངས་ནས་བུམ་པའི་ཆུས དབང་བསྐུར་བར་བྱའོ། །ོཾ་བཛྲ་བྷི་ཥིཉྩ་མཱཾ། ཆུའི་དབང་པོ། །དེ་ནས་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བླང་བར་བྱའོ། །ོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ། བཛྲི་ཎི་ཨ་བྷི་ཥིཉྩ་མཾ། གཙུག་ཏོར་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས བཞུགས་པར་བསམ་པར་བྱའོ། །རྡོ་རྗེའི་ཐལ་མོ་བཅིངས་ནས་མཐེབ་ཆེན་གཉིས་སྐྱིལ་ཀྲུང་བསྐུམ་པའི་རྩེ་མོར་མཉམ་དུ་གུང་མོ་གཟུང་ནས་ཡན་ལག་མཆོག་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བསམ་པར་བྱའོ། །ོཾ་བཛྲ་བཛྲི་ཎི་ཧཱུཾ། ཨ་བྷི་ཥིཉྩ་མཾ། དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་མཐིང་ག་ས་གནོན་གྱི་ཕྱག་རྒྱ་མཛད་པ། དེ་ལ་དེ་བཞིན་དུ་དབུས་སུ་རྡོ་རྗེའི་མཛའ་དང་རྡོ་རྗེ་མ་བསམ་པར་བྱའོ། །ོཾ་རཏན་བཛྲི་ནི་ཧཱུཾ། །ས་བྷི་ཥིཉྩ་མཱཾ། རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན གྱི་ཕྱག་རྒྱ་སྟེ་གུང་མོ་དག་དམད་པོར་བྱས་ནས་རིན་ཆེན་རྡོ་རྗེ་བསམ་པར་བྱའོ། །ོཾ་དྷརྨ་བཛྲ་ཎི་ཧཱུཾ། ཨ་བྷི་ཥིཉྩ་མཾ། མགོ་བོའི་རྒྱབ་ཏུ་འོད་དཔག་མེད་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ། གུང་མོ་དང་མིང་མེད་ཀྱི་མཐར་པདྨ་དང་འདིས་ཆོས་ཀྱི རྡོ་རྗེ་མ་བསམ་པར་བྱའོ། །ོཾ་ཀརྨམ་བཛྲི་ཎཱི་ཧཱུཾ། ཨ་བྷི་ཥིཉྩ་མཱཾ། རྣ་བ་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་མི་འཇིགས་པའི་ཕྱག་རྒྱ་རབ་ཏུ་བརྒྱད་པ་སོར་མོ་རྣམས་ལས་ཀྱི་རྡོ་རྗེ་མ་བསམ་པར་བྱའོ་ཞེས་པ་ནི་དབུ་རྒྱན་གྱི དབང་པོ། །དེའི་རྗེས་ལ་སྔོན་མ་བཞིན་དུ་གོ་ཆ་བྱ་སྟེ། ལག་མཐིལ་ཡང་མཉམ་དུ་བྱའོ། །དེ་ནས་རྡོ་རྗེའི་དབང་བླང་བར་བྱའོ། །སྙིང་གར་རྡོ་རྗེ་རབ་བཟུང་ནས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་སྐུར། །འདི་ནི་སངས་རྒྱས་ཐམས་ཅད ཉིད། །རྡོ་རྗེ་རབ་ཏུ་བསྒྲུབ་ཕྱིར་གཟུངས། །ཞེས་པ་ནི་རྡོ་རྗེའི་དབང་ངོ། །རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འབྱིང་བ་དང་བཅས་པས་གཟུང་པར་བྱའོ། །ོཾ་བཛྲཱ་དྷཱི་ཏིཥྛ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ་ཞེས་པ་ནི་དྲིལ་བུའི་དབང་ངོ། །རྡོ་རྗེ་དང་དྲིལ་བུ་མགོ་བོར གཟུང་བར་བྱའོ། །ོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩ་མི་བཛྲ་ན་མཱ་བྷི་ཥེ་ཀ་ཏ:ཀྱེའི་དཔལ་རྟག་པའི་རྡོ་རྗེའི་མིང་དེ་བཞིན་གཤེགས་པས་ས་འོག་ས་སྟངས་མཐོ་རིས་སོ་ཞེས་པ་ནི་མིང་གི་དབང་ངོ། །དེ་ནས་རྡོ་རྗེ་བླངས་ཏེ་རྡོ་རྗེ་དྲིལ་བུ་གཟུང་བར་བྱའོ། །རྡོ རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ནས། འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཞེས་པ་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །ོཾ་སརྦ་ཏ་ཐཱ ག་ཏ་སིདྡྷི་བཛྲ་ས་མ་ཡསྟིཥྚ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་པ་ནི་དྲིལ་བུའི་དམ་ཚིག་གོ། དེ་བཞིན་དུ་རང་བྱིན་གྱིས་བརླབས་པ་བྱས་ནས་བསྒྲུབ་པར་བྱའོ། །དེ་ལ་དང་པོར་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གཅིག་ཏུ གྱུར་བར་བསམ་པར་བྱའོ། །དེ་ནས་རང་གི་ལུས་ལ་ས་མ་ཡ་ཨ:ཞེས་ཟླས་ལ་ཟླ་བའི་དཀྱིལ་འཁོར་བལྟ་བར་བྱའོ། །བཛྲ་སཏྭ་ཨ:སླར་ཡང་ཟླ་བ་ལ་ཧཱུཾ་ཡིག་ལས་རྡོ་རྗེ་སྟེ་རྡོ་རྗེའི་ང་རྒྱལ་ལོ། །དེ་ཡོངས་སུ་གྱུར་པ་ལ་བདག་ཉིད་རྡོ་རྗེ་སེམས དཔའ་སྐུ་མདོག་དཀར་པོ་དེའི་ང་རྒྱལ་བསྒོམས་པར་བྱའོ། །རྡོ་རྗེ་སེམས་དཔའ་བདག་གོ། རྡོ་རྗེ་སེམས་དཔའ་ཨི་སྐུ་ཆེན་པོར་བལྟས་ནས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་སྐུའི་དཀྱིལ་འཁོར་བསྒོམ་པར་བྱའོ། །ོཾ་བཛྲ་སཏྭ་ཧཱུཾ་ཞེས་བརྗོད་པར་བྱའོ། །གནས ཉི་ཤུ་རྩ་བརྒྱད་དུ་ཟླ་བའི་དཀྱིལ་འཁོར་བལྟ་བར་བྱའོ། །དེ་ལ་འདི་རྣམས་ས་བོན་ནོ། །ོཾ་བཛྲ་སཏྭ་ཨ:བཛྲ་རཱ་ཛ་ཨ:བཛྲ་རཱ་ག་ཨ:བཛྲ་སཱ་དཀུ?་ཨ:བཛྲ་རཏན་ཨ:བཛྲ་ཏེ་ཛ་ཨ:བཛྲ་ཀེ་ཏུ་ཨ:བཛྲ་ཧ་ས་ཨ:བཛྲ་དྷརྨ་ཨ:བཛྲ་ཏཱིཀྵ་ཎ་ཨ:བཛྲ་ཧེ་ཧུ ་:བཛྲ་བྷཱ་ས་ཨ:བཛྲ་ཀརྨ་ཨ:བཛྲ་རཱཀྵ་ཨ:བཛྲ་ཡཀྵ་ཨ:བཛྲ་སནྟི་ཨ:བཛྲ་ལཱ་སྱ་ཨ:བཛྲ་མཱ་ལེ་ཨ:བཛྲ་གཱི་ཏེ་ཨ:བཛྲ་ནརི་ཏྱེ་ཨ:བཛྲ་དྷཱུ་པེ་ཨ:བཛྲ་པུཥཔེ་ཨ:བཛྲ་ཨཱ་ལོ་ཀེ་ཨ:བཛྲ་གནདྷཡེ་ཨ:བཛྲཾ་ཀུ་ཤ་ཨ:བཛྲ་པཱ་ཤ་ཨ:བཛྲ་སཕོ་ཊ་ཨ: བཛྲ་བེ་ཤ་ཨ:དེའི་སྟེང་དུ་མཚན་མ་བལྟས་ནས་རྡོ་རྗེ་བདག་གོ་ཞེས་དྲིལ་བུའི་ང་རྒྱལ་གྱི་མཐར་ཐུག་པ་བརྗོད་པར་བྱའོ། །ས་བོན་དང་མཚན་མིན་ཡོངས་སུ་གྱུར་པ་ལས་ལྷ་རྣམས་ཀྱི་ང་རྒྱལ་བྱེད་ཅིང་བསྒོམ་པར་བྱའོ། །ས་བོན་ལས་རྡོ་རྗེ་སེམས དཔའ་ཨི་བདག་གོ་ཞེས་པ་ནས་ཇི་སྲིད་དུ་རྡོ་རྗེ་འབབས་པ་བདག་གོ་། ཞེས་པའི་བར་དུ་ང་རྒྱལ་བརྗོད་པར་བྱའོ། །དེ་ལ་འདིར་ལྷ་རྣམས་ཀྱི་གནས་སུ་རང་གི་སྙིང་གར་རྡོ་རྗེ་སེམས་དཔའ་དཀར་པོའོ། །རྡོ་རྗེ་སེམས་དཔའ་ཨི་གཡས་སུ་རྡོ་རྗེ་རྒྱལ་པོ་སེར་པོའོ།། གཡོན་དུ་རྡོ་རྗེ་ཆགས་པ་དམར་པོའོ། །རྒྱབ་ཏུ་རྡོ་རྗེ་ལེགས་མ་རཀྟའི་མདོག་གོ་།དཔྲལ་བར་རིན་ཆེན་རྡོ་རྗེ་སེར་པོའོ། །མགོ་པོའི་རྒྱབ་ཏུ་རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ལྟ་བུའོ། །ཕྲག་པ་དག་ལ་རྡོ་རྗེ་ཏོག་ནམ་མཁའ་ཨི་མདོག་ལྟ་བུའོ། །སོའི་ཕྲེང་བ་རྣམS ལ་རྡོ་རྗེ་བཞད་པ་པདྨའི་རྩ་བ་དཀར་པོ་ལྟ་བུའོ། །མགྲིན་པར་རྡོ་རྗེ་ཆོས་དཀར་དམར་རོ། །ནུ་མའི་བར་དུ་རྡོ་རྗེ་རྣོན་པོ་ནམ་མཁའ་ཨི་མདོག་ལྟ་བུའོ། །ལྟེ་བ་ལ་རྡོ་རྗེ་རྒྱུ་གསེར་གྱི་ཁ་དོག་ལྟ་བུའོ། །ལྕེ་ལ་རྡོ་རྗེ་སྨྲ་བ་ཟངས་ཀྱི་ཁ་དོག་ལྟ་བུའོ། །སྤྱི་བོར་རྡོ་རྗེ་ལས ཁ་དོག་སྣ་ཚོགས་པའོ། །དཔུང་པ་དག་ལ་རྡོ་རྗེ་བསྲུངས་པ་གསེར་གྱི་ཁ་དོག་ལྟ་བུའོ། །ཞལ་ལ་རྡོ་རྗེ་གནོད་སྦྱིན་གྱི་ནག་པོའོ། །རྐེད་པ་ལ་རྡོ་རྗེ་མཚམས་སེར་པོའོ། །རྡོ་རྗེ་སེམས་དཔའ་ཨི་གཡོན་ལོགས་སུ་སྒེག་མོ་དཀར་མོའོ། །རྡོ་རྗེ་རིན ཆེན་གྱི་གཡོན་ལོགས་སུ་ཕྲེང་བ་མ་སེར་མོའོ། །རྡོ་རྗེ་ཆོས་ཀྱི་གཡོན་ལོགས་སུ་གླུ་མ་དམར་མོའོ། །རྡོ་རྗེ་ལས་ཀྱི་གཡོན་ལོགས་སུ་གར་མ་སྣ་ཚོགས་མདོག་གོ་།སྒྲུབ་པ་པོའི་གསང་གནས་སུ་བདུག་སྤོས་མ་དཀར་མོའོ། །སྤྱི་བོར་མེ་ཏོག མ་སེར་མོའོ། །སྤྱན་ལ་མར་མེ་མ་དམར་མོའོ། །ནུ་མའི་བར་དུ་དྲི་ཆབ་ལ་ཁ་དོག་སྣ་ཚོགས་པའོ། །བརླ་གཡས་པ་ལ་རྡོ་རྗེ་ལྕགས་ཀྱུའོ། །བརླ་གཡོན་པ་ལ་རྡོ་རྗེ་ཞགས་པ་ནག་པོའོ། །བྱིན་པ་གཡས་པ་ལ་རྡོ་རྗེ་རྒྱས་པ་དཀར་དམར་རོ། །བྱིན་པ གཡོན་པ་ལ་རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གོ་། རང་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དེ་ལྟ་བུའི་སྐུ་རང་གི་ལུས་ལ་སྐད་ཅིག་གིས་ལྷའི་རྣམ་པ་ཉི་ཤུ་རྩ་བརྒྱད་ཀྱི་གནས་སུ་རྣམ་པར་བསྒོམ་པར་བྱའོ། །ཞེས་པ་ནི་ས་བོན་དང་མཚན་མས་ལྷའི ང་རྒྱལ་བྱའོ། །དེའི་རྗེས་ལ་སྔོན་མ་བཞིན་དུ་སྙིང་གར་གྱུར་པའི་རྡོ་རྗེ་ལས་འོད་ཟེར་ངེས་པར་འབྱུང་སྟེ། རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་ནམ་མཁའ་ལ་དཀྱིལ་འཁོར་སྤྲུལ་པར་བྱའོ། །ོཾ་བཛྲ་ཙཀྲ་ཧཱུཾ། རང་གི་ལུས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི སྐུ་ཡང་འདུས་པའི་ཕྱག་རྒྱ་བཅིངས་ནས་འདི་ཉིད་བརྗོད་པར་བྱའོ། །ཛ:ཧཱུཾ་བཾ་ཧོ:ཡིད་ཀྱིས་ལེགས་པར་རབ་ཏུ་སྦྱར་བས་སངས་རྒྱས་ཐམས་ཅད་ལ་རབ་ཏུ་གཞུག་པར་བྱའོ། །ལག་པ་དག་རྡོ་རྗེ་བཅིངས་ནས་རྡོ་རྗེའི་སེ་གོལ་གྱིS་རྣམ་པར་གྲོལ་བས སོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་གྱི་བདག་ཉིད་སངས་རྒྱས་འདུས་པར་བྱའོ། །གཡོན་པའི་ཐལ་མོའི་སྒྲ་དང་ཐལ་མོ་མཉམ་པ་ཡིས་བསྒྲུབ་པར་བྱ་སྟེ། གཡས་པའི་ཐལ་མོར་གསུངས་པ་ནི་གདབ་པར་བྱ་བ་གཉིས་ཀ་ཡིས་ཀྱང་ངོ་ཞེས པ་ནི་རྡོ་རྗེའི་སྒྲ་འདུས་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་རྣམས་བྱས་ནས་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དམ་ཚིག ཀྱང་བལྟ་བར་བྱའོ། །ོཾ་བཛྲ་དྷ་ཏུ་དྲི་ཤྱེ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་སཏྭ་དྲི་ཤྱ་ཛ:ཧཱུཾ་པོ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་རཏན་བཛྲ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ། ས་མ་ཡ་ཧཾ། ཨོཾ་བཛྲ་དྷརྨ་བཛྲ་དྲི་ཤྱ་ཛ།ཧཱུཾ་པཾ་ཧོ:ས་མ་ཡ་སྟཝི། ས་མ ཡ་ཧི། ཨོཾ་ཀརྨ་བཛྲ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོསཱ་དྷཱུ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་རཏན་དྲི་ཤྱེ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཏེ་ཛ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧམ། ཨོཾ་བཛྲ་ཀེ་ཏུ་དྲི་ཤྱ་ཛཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་དྷརྨ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་ཧཏྭཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཏིཀྵྞཱ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཧེ་ཏུ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་བྷཱ་ཥ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཀརྨ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་རཀྵ་དྲི་ཤྱ་ཛཡ་ཧཾ། ཨོཾ་བཛྲ་ལཱ་སྱ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་མཱ་ལེ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝམ་ས་མ་ཡ་ཧཾ། ཨོཾ་བཛྲ་གཱི་ཏི་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ནརི་ཏྱ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ བཛྲ་དྷུ་པེ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ་ཨོཾ་བཛྲ་པུཥཔེ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲ་ཨཱ་ལོ་ཀེ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོབཛྲ་སཾ་སྐུ?་རི་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུ་ད་ག་ཏེ་སྭབྷཱ་བ་བི་ཤུདྡྷེ་མཧཱ་ན་ཡ་པ་རི་བཱ་རེ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲི་ཀུ་ཤ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ ཡ་ཧཾ། ཨོཾ་བཛྲ་པཱ་ཤ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ?་ཨོཾ་བཛྲ་སྤྲོ་ཊ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་བཛྲཱ་པེ་ཤ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡ་སྟཝཾ་ས་མ་ཡ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཡོ་གཱི་ཤྭ་རེ་ཧཱུཾ། ཞེས་ལན་གསུམ་བརྗོད་པར་བྱའོ། །ཡང་ན་ལན་ཅིག་གོ་།ཐམས་ཅད་ཀྱི ཡང་དམ་ཚིག་གི་ཕྱག་རྒྱས་རང་གི་སྙིང་གར་ཧཱུཾ་ཡིག་གིས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཕྱག་རྒྱ་རབ་ཏུ་སྦྱོར་བར་བསྐྱེད་པར་བྱའོ། །དེ་ལ་ཕྱག་རྒྱའི་མཚན་ཉིད་འདི་རྣམས་སོ། །དམ་ཚིག་.ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་བཅིངས་པས་ཡང་དག་འབྱུང། ། རྡོ་རྗེ་བཅིངས་པ་བླ་ན་མེད། །དེ་རྣམས་བཅིང་བར་རབ་བཤད་བྱ། །སེམས་དཔའ་རྡོ་རྗེ་བརྟན་བྱས་ནས། །གུང་མོ་བདེ་བར་སྦྱར་བ་ཡིས། །གུང་མོའི་ཐ་མ་ཡང་དག་བསྐུམ། །སངས་རྒྱས་གཉིས་པར་བཤད་པ་ཡིན། །གུང་མོའི་མཐེ་བོར་བཤད་པ ཡིས། །པདྨ་བསྐུམ་པ་དབུས་མའོ། །སངས་རྒྱས་ལྔ་པ་ཕྱག་རྒྱ་ནི། །དེ་ཉིད་བཞིན་དུ་རྩེ་མོ་བསྐུམ། །དེ་ནས་གཞན་ཡང་རབ་བཤད་བྱ། །དེ་བཞིན་གཤེགས་པའི་རིགས་ཀྱི་ནི། །ལག་པ་གཉིས་ཀྱིས་ཟླ་བ་ལ། །གུང་མོའི་སོར་མོ་སྤང་བྱ་སྟེ། །ཐ་མའི སོར་མོ་གདང་གྱུར་པས། །རྡོ་རྗེ་སེམས་དཔའ་རྡོ་རྗེ་བདག་།རྩེ་མོའི་ལྕགས་ཀྱུས་རབ་སྦྱོར་བས། །ལེགས་པར་མཛད་པ་རབ་སྦྱིན་པ། །རྡོ་རྗེ་སེམས་དཔའ་བཞི་ཡིས་ནི། །གྲུབ་པའི་ཕྱག་རྒྱའི་ཚོགས་སུ་བཤད། །རིན་ཆེན་རྡོ་རྗེ་མཚུངས་ལས་བྱུང།། སྡིགས་མཛུབ་གདོང་དུ་སྦྱར་བ་ལས། །དེ་ལ་དེ་བཞིན་གུང་མོ་དང། །མིང་མེད་མཐེའུ་རབ་ཏུ་བརྐྱང། །བ་དན་གྱུར་པ་མཚུངས་པ་ལ། །མིང་མེད་མཐེའུ་དག་ནི་སྦྱར། །གཞད་པའི་གནས་སུ་གནས་ནས་ནི། །དེ་ཡང་དེ་བཞིན་ཡོངས་སུ་བསྐོར། །རབ་བརྐྱང མཉམ་དུ་མཐེབ་ཆེན་གནས། །སྡིགས་མཛུབ་ཀུན་ནས་བསྐུམ་པར་བྱ། །དེ་ཉིད་རྡོ་རྗེ་མཛོད་དུ་སྟེ། །གུང་མོ་གདོང་དུ་བསྙེན་པའོ། །དེ་ཉིད་མཚུངས་པ་སྣ་ཉིད་ལ། །མཐེའུ་འཁོར་ལོར་ཡང་དག་ཤེས། །སོར་མོ་བཅིངས་པ་གྲོལ་གྱུར་ནས། །གདོང་དུ་ལངས ཤིང་རབ་ཏུ་བརྐྱང། །མཐེའུ་མཐེབ་ཆེན་གདོང་དག་ཏུ། །དམ་ཚིག་ལས་བཅས་སྤངས་པའོ། །དེ་ཉིད་བཞིན་དུ་རྩེ་མོ་མཚུངས། །སྙིང་ག་གནས་སུ་རབ་ཏུ་བརྐྱང། །རྩེ་མོ་རྩེར་བཀུག་མཆེ་བ་ཡིས། །མཐེ་ཆུང་མཚམས་ནས་གྲོལ་བའོ། །མཐེབ་ཆུང་བར དག་མཐེན་ཆེན་བཅིང། །རྩེ་མོ་དག་ནི་བཀུག་པའོ། །སྙིང་གར་མཐེབ་ཆེན་མཚུངས་པ་དང། །ཕྲེང་བ་རབ་ཏུ་བརྐྱང་བ་དང། །ཐལ་སྦྱར་རྩེ་མོ་གདོང་དུ་གཟུང། །གར་ནི་སྤྱི་བོར་ཡང་དག་སྦྱར། །རྡོ་རྗེ་བཅིངས་ནས་སྟེར་བར་བྱེད། །རང་གི་ཐལ་སྦྱར་སྤྱི་བོར སྟེར། །སོར་མོ་རྣམས་ནི་མཉམ་དུ་བཙིར། །མཐིལ་ནི་རབ་ཏུ་བརྐྱང་པའོ། །གཡོན་པ་དེ་བཞིན་གཤེགས་པའི་ཐལ་མོ་གན་རྐྱལ་དུ་བྱས་ནས་ལག་པ་གཡས་པ་སྡིགས་མཛུབ་དང་མཐེབ་ཆེན་དག་མཐེའུ་ཆུང་ནས་བསམས་ཏེ། རྣམ་པར་རྒྱས པའི་ཐལ་མོ་ཡང་དག་པར་སྦྱར་བར་བྱའོ། །བྱམས་པ་ལ་སོགས་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་ནི་སྡིགས་མཛུབ་ཅིག་པ་ཡང་དག་བསྐུམ། །མཐེབ་ཆེན་གཉིས་པོ་མདུད་པ་བཅིངས། །མཐེབ་ཆེན་རྩེ་མོ་རྐེད་པར་བཅིངས། །རྡོ་རྗེ ཁུ་ཚུར་རྩེ་མོར་སྦྱར། །ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་དོ། །དེའི་རྗེས་ལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཤར་སྦྱང་ཞིང་དེ་བཞིན་གཤེགས་པའི་ལྗགས་རྣམས་ལ་ཆོས་ཀྱི་ཕྱག་རྒྱ་དགོད་པར་བྱའོ། །རྡོ་རྗེ་ཡེ་ཤེས་ དམ་ཚིག་ཁྱོད། །ཀུན་གཞི་ཉིད། ཀྱེ་མ་བདེ་བ། ལེགས་པའི་ལེགས་པ། ཤིན་ཏུ་ཆེན་པོ་ཉིད། གཟུགས་སྣང། དོན་ཐོབ་པ། ཧ་ཧ་ཧཱུཾ་ཧཾ། ཐམས་ཅད་བྱེད་པ། སྡུག་བསྔལ་གཅོད་པ། སངས་རྒྱས་བྱང་ཆུབ། སྒྲ་སྙན། ཤིན་ཏུ་དབང་ཉིད། མི་འཇིགས་པ་ཉིད། དགྲ་པྲ?་བ། ཐམས་ཅད་གྲུབ་པ། དགའ་བ་ཆེན་པོ། །གཟུགས་མཛེས་པ། རྣ་བར་བདེ་བ། ཐམས་ཅད་མཆོད་པ། རབ་ཏུ་ཚིམ་བ། འབྲས་བུའི་འགྲོ་བ། ཤིན་ཏུ་གཟི་བརྗིད་མཆོག་།དྲི་བཟངས་མཆོག་།ོཾ་སརྦ་སཾ་སྐའ་ར་བ་རི་ཤུདྡྷ དྷརྨཱ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མཧཱ་ན་ཡ་བ་རི་བཱ་རེ་སྭཱ་ཧཱ། ཨ་ཡཱ་ཧི་ཛརྡོ་རྗེ་བསམ་པར་བྱ། །རྡོ་རྗེ་ཁུ་ཚུར་ལས་བྱུང་བ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །སྙོམས་འཇུག་གཉིས་པ་གཉིས་སུ་བྱ། །རྡོ་རྗེའི་ཕྱག་རྒྱ་གཉིས་ལས་ཀྱང། །དེ་ལས་བཅིང་བར་རབ་བཤད་བྱ། །རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་དོ། །ོཾ་བཛྲ་དྷཱ་ཏུ་ཧཱུཾ། གཡོན་དུ་རྡོ་རྗེའི་ཐལ་བཟུང་ནས། །གཡས་པ་ཡང་དག་བླང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡིས། །སངས་རྒྱས་བྱང་ཆུབ་རབ་སྩོལ་མཛད། །ོཾ་བཛྲ་སཏྭ་ཧཱུཾ། གཡོན་པའི་ཁུ་ཚུར་རྣམ་སྦྱར་གྱི། །ཟུང་ནས་འཛིན་པ་སྙིང་གར་སྦྱོར། །གཡས པ་ཡིས་ནི་ས་གནོན་བྱ། །ོཾ་རཏན་བཛྲ་ཏྭཾ། དེ་བཞིན་དུ་དེ་ནི་གཡས་ཀྱིས་མཆོག་སྦྱིན་ཚུལ། །ོཾ་དྷརྨ་བཛྲ་ཧྲཱིསྙིང་པོ་དང་བཅས་ལ་འགུགས་པ། ཨོཾ་བཛྲ་རཱ་ཛ་ཛོཾ། །རྡོ་རྗེ་གཉིས་གྱིས་དབང་བསྐུར་བའོ། །ོཾ་བཛྲ་ཏེ་ཛ་ཨཔ་རྣམ་པར་དགྱེད་པའོ། །ོཾ་བཛྲ་ཏཱིཀྵ?་དྷཱཾ་།སྙིང་གར་གཡོན་པས་རལ་གྲི་བསྣམས་པའོ། །ོཾ་བཛྲ་ཧེ་ཏུ་མཾ། མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་རོ། །ོཾ་བྷ་ཥ་རི། རྡོ་རྗེ་གཉིས་གདུང་དུ་བསླང་བའོ། །ོཾ་བཛྲ་ཀརྨ་ཀཾ་།རྡོ་རྗེའི་གར་གྱིས་བསྐོར་ཞིང་གྲོལ་བ གཙུག་ཏོར་དུ་གནས་བའོ། །ོཾ་བཛྲ་རཀྵ་ཧཾ། གོ་ཆའོ། །ོཾ་བཛྲ་ཡཥྵ་ཧཱུཾ། མཐེབ་ཆུང་མཆེ་བའི་རྩེ་མོའོ། །ོཾ་བཛྲ་མུཥྚི་བཾ། ཁུ་ཚུར་གཉིས་པོ་ངེས་པར་བཅིང་བའོ། །ོཾ་བཛྲ་ལཱ་སྱ་ཧཱུཾ། རྡོ་རྗེའི་ལྟོ་རབ་ཏུ་སྦྱོར་བས་ཉལ་བ་བཞིན་སྨད་པར་བྱའོ། །ོཾ བཛྲ་མཱ་ལེ་ཏྲཾ། ཕྲེང་བ་ཆིང་བའོ། །ོཾ་བཛྲ་གཱི་ཏེ་ཧྲཱིབཛྲ་ལོ་ཀེ?་མར་མེའི་སྡོང་བོ་བཅིངས་པའོ། །ོཾ་བཛྲ་གན་དྷེ་ཨརྣམ་པར་?་པར་བྱ། །ོཾ་ཨ་མོ་བྷ་དཱ་ར་ཤི་ནི་ཧཱུཾ། གཡོན་པའི་ཁུ་ཚུར་དེད?་པར་བཞག་ནས། གཡས་པའི་གུང་མོ་དང་མཛུབ་མོ་དག་མིག་གི་རྣམ་པར་གཟུང་པར་བྱའོ། །ོཾ་སརྦ་པཱ་པོ་ཛ་ཧ་སརྦ་པཱ་བ་བི་ཤོ་དྷ་ནི་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་ལྕགས ཀྱུའི་རྣམ་པར་བྱའོ། །ོཾ་སརྦ་ཤོ་ཀ་ཏ་མོ་ནིར་གྷཱ?་ཏ་ན་མ་ཏི་ཧཱུཾ་།གཡོན་པའི་རྐེད་པར་བཞག་ནས་གཡས་པ་དབྱུག་པར་བྱའོ། །ོཾ་གྷནདྷ་ཧསྟི་ནི་ཧཱུཾ། གཡོན་པ་ལྟེ་པར་གནས་ནས་ཁུ་ཚུར་གླང་པོ་ཆེའི་རྫིང་བུར་བྱས་པ་གཡས་པས་གཟུང་བར་བྱའོ། །ོཾ་སུ་རཾ་བ མེ་ཧཱུཾ། གཡོན་པ་རྐེད་པར་བཞག་ནས། གཡས་པས་རལ་གྲི་བཟུང་བར་བྱའོ། །ོཾ་གག་ནེ་ག་ག་ན་ལོ་ཙ་ནེ་ཧཱུཾ། ཁུ་ཚུར་གཡོན་པ་སྙིང་གར་བྱས་ནས་ཁུ་ཚུར་གཡས་པ་སྤྱི་བོར་བསྐོར་བར་བྱའོ། །ོཾ་ཛྙཱ་ན་ཀེ་ཏུ་ཛྙཱ་ན་བ་ཧཱུཾ་ཏི། ཁུ་ཚུར་གཉིས་ཀྱི་གཡས་ཕྱོགས སུ་རྒྱལ་མཚན་གཟུང་བར་བྱའོ། །ོཾ་ཨ་མྲི་ཏེ་བ་ཏོ་ཧཱུཾ། ལག་པ་གཉིས་ཀྱིས་བུམ་བ་གཟུང་བར་བྱའོ། །ོཾ་ཙནྡྲེ་ཙནྡྲ་བྱ་བ་ལོ་ཀི་ན་ཧཱུཾ་སྭཱཧཱ། ཁུ་ཚུར་གཡོན་པ་བརླའི་སྟེང་དུ་བཞག་ནས་ལག་པ་གཡས་པས་གཡས་ཕྱོགས་སུ་མཐེའུ་དང་མཐེབ་ཆེན་ཟླ་བའི་རྣམ་པར བྱའོ། །ོཾ་བྷ་དྲ་བ་ཏི་བྷ་དྲ་པཱ་ལེ་ཧཱུཾ། ལག་པ་གཉིས་ཀྱིས་པདྨའི་རྣམ་བར་རྒྱས་པར་བྱའོ། །ོཾ་ཛཱ་ལ་ནི་མཧཱ་ཛཱ་ལི་ནེ་ཡེ་ཧཱུཾ། ལག་པ་གཉིས་ཀྱིས་ནུ་མ་གཉིས་གོ་ཆར་གཟུང་བར་བྱའོ། །ོཾ་བཛྲ་གརྦྷེ་ཧཱུཾ། གཡོན་པར་རྐང་པར་བཞག་ནས་གཡས་པའི་སོར་མོ་གུང་མོ སྙིང་གར་?་བའོ། །ོཾ་ཨཀྵ་ཡ་ཧཱུཾ་ཨཀྵ་ཀརྨཱ་བ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ཁུ་ཚུར་གཡོན་པ་སྙིང་གར་བཀོད་ནས་གཡས་པས་མཆོག་སྦྱིན་གྱི་རྣམ་པའོ། །ོཾ་པྲི་ཏི་བྷཱ་ནེ་པྲ་ཏིབྷཱ་ཀུ་ཊེ་སྭཱ་ཧཱ། གཡོན་པ་ལྟེ་བར་བཞག་ནས་ཁུ་ཚུར་གཡས་པས་ཐལ་ལྕག འཕེན་པའོ། །ོཾ་ས་མནྟ་བྷ་དྲེ་ཧཱུཾ། ལག་པ་གཡོན་པ་རྐེད་པར་བཀོད་ནས་གཡས་པ་རིན་པོ་ཆེའི་ཁུ་ཚུར་རོ། །ོཾ་བཛྲཱ་ཀུ་ཤ་ཛབཾ། གྲི་གུག་རྩེ་མོ་དག་གིས་སོ། །ོཾ་བཛྲ་བེ་ཤ་ཧོབྱའོ། །བཛྲ་དྷ་ཏུ་རཾ་ཧཾ། ཇི་ལྟར་གསུངས་པའི་བྱང་ཆུབ་མཆོག་གོ་།བཛྲ་སཏྭ་ཧཾ། ལག་པ་གཡོན་པ་པང་དུ་བཞག་ནས་གཡས་པས་ས་གནོན་ནོ། །རཏན་བཛྲོ་ཧཾ། དེ་ལྟ་བུ་ཉིད་ལ་གཡས་པས་མཆོག་སྦྱིན་ནོ། །དྷརྨམ་བཛྲོ་ཧཾ། ཏིང་ངེ་འཛིན་མཆོག་གོ་།ཀརྨ་བཛྲོ? ཧཾ། དེ་ལྟ་བུ་ཉིད་ལ་གཡས་པས་མི་འཇིགས་པའོ། །བཛྲ་ས་ཏྭོ་ཧཾ། འགྱིང་བ་དང་བཅས་པས་རྡོ་རྗེ་འགུགས་པའོ། །བཛྲ་རཱ་ཛོ་ཧཾ། རྡོ་རྗེ་ལྕགས་ཀྱུ་འགུགས་པར་བྱེད་པའོ། །བཛྲ་རཱ་གོ་ཧཾ། རྡོ་རྗེའི་མདའ་ཡང་དག་པར་འཛིན་པའོ། །བཛྲ་ས་དྷུ་ར་ཧཾ། མཉེས་པ་དང་བཅས པས་ལེགས་པར་བྱེད་པ་རབ་ཏུ་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའོ། །བཛྲ་གརྦྷོ་ཧཾ། གཡས་ཀྱི་རྡོ་རྗེ་ཁུ་ཚུར་དབང་བསྐུར་བའི་གནས་སུ་འཛིན་པའོ། །བཛྲ་པྲ་བྷོ་ཧཾ། རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱིས་དེ་བཞིན་གཤེགས་པ ཐམས་ཅད་རབ་ཏུ་གསལ་བར་མཛད་པའོ། །བཛྲ་ཡཥྚི་ར་ཧཾ། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་སྦྱོར་བར་བྱེད་པའོ། །བཛྲ་པྲི་ཏི་ར་ཧཾ། རྡོ་རྗེའི་མཛུབ་རབ་ཏུ་འགུགས་པའོ། །བཛྲ་ནེ་ཏྲོ་ཧཾ། ལག་པ གཡོན་པས་ལེན་ཞིང་གཡས་པས་འགྱིད་པ་དང་བཅས་པས་པདྨ་རྣམ་པར་རྒྱས་པར་བྱེད་པའོ། །བཛྲ་བུདྡྷ་རི་ཧོ། ཤེས་རབ་ཀྱི་པོ་ཏི་དང་བཅས་པའི་ཁུ་ཚུར་གཡོན་པ་སྙིང་གར་བྱས་ནས་གཡས་པས་རལ་གྲི་འཛིན་པར་བྱེད་པའོ། །བཛྲ་མཎ་ཌོ་ཧཾཔའི་གུང་མོའི་སོར་མོས་འཁོར་ལོ་རྩི་བས་བརྒྱད་པ་བསྐོར་བར་བྱེད་པའོ། །བཛྲ་བཱ་ཙེ་ཧཾ། རྡོ་རྗེའི་ལྕེ་ཡང་དག་པའི་གནས་སུ་བྱེད་པའོ། །བཛྲ་བི་ཤྭོ་ཧཾ། གཡོན་པ་དཀུར་བརྟེན་ནས་གཡས་པས་སྣ་ཚོགས་རྡོ་རྗེའོ། །བཛྲ་བཱི་རྱོ་ཧཾ། རྡོ་རྗེའི་གོ་ཆ་འཛིན་པའོ།། བཛྲ་ཙཎ་ཌོ་ཧཾ། རྡོ་རྗེ་མཆེ་བའི་མཚོན་ཆས་རང་གི་ཞལ་དུ་གནས་ཤིང་འཇིགས་པར་བྱེད་པའོ། །བཛྲ་མུཥྚི་ར་ཧཾ། དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བསྡམས་པའོ། །བཛྲ་ལཱ་སྱེ་ཧཾ། དགུ་གཉིས་སུ་རབ་ཏུ་སྦྱོར་བས་གཡོན་དུ་མགོ་ཅུང་ཟད་དམར་པའོ།། བཛྲ་མཱ་ལཱ་ཧཾ། རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །བཛྲ་གཱི་ཏ་ཧཾ། པི་ཝང་བརྡུང་བའོ། །བཛྲ་ནརི་ཏྱཱ་ཧཾ། རྡོ་རྗེ་རྩེ་གསུམ་པས་ལག་པ་གཉིས་གར་བྱེད་པའོ། །བཛྲ་དྷུ་པཱ་ཧ། སྤོས་ཕོར་ལག་ན་བསྣམས་པའོ། །བཛྲ་པུཥཔཱ་ཧཾ་།མེ་ཏོག་གི་སྣོད་ཕྱག་ན་བསྣམས་པའོ། །བཛྲཱ་ལོ་ཀཱ ཧཾ། མར་མེའི་སྡོང་པོ་ཕྱག་ན་བསྣམས་བའོ། །བཛྲ་གནདྷ་ཧཾ། དྲིའི་དུང་ཕྱག་ན་བསྣམས་པའོ། །མེ་ཏྲེ་ཡོ་ཧཾ། ཕྱག་གཡོན་པས་རིལ་པ་སྤྱི་བླུགས་དང་གཡས་པས་ཀླུ་ཤིང་གི་མེ་ཏོག་བསྣམས་པའོ། །མ་མོ་གྷ་དར་ཤྱ་ཧཾ། གཡོན་པར་ཀུར་བརྟེན་ནས གཡས་པས་པདྨ་མིག་གོ་། སརྦ་ཡམ་ཛ་ཧོ་ཧཾ། ལྕགས་ཀྱུ་ཕྱག་ན་བསྣམས་པའོ། །སརྦ་ཤོ་ཀ་ཏ་མོ་ནི་ར་གྷ་ཏ་ན་མ་ཏི་ར་ཧཾ། ལག་པ་གཡོན་པ་རྐེད་པར་བཞག་ནས་གཡས་པ་དབྱུག་པ་འཛིན་པའོ། །གནདྷ་ཧ་སྟི་ར་ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པ དྲིའི་རུང་ལོ། །ཤཱུ་རཾ་ག་མོ་ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པས་རལ་གྲི་འཛིན་པའོ། །ག་ག་ན་གཾ་ཛོ་ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པས་པདྨ་ལ་གནས་པའི་དམ་པའི་ཆོས་ཀྱི་སྒྲོམ་མོ། །ཛྙཱ་ན་ཀེ་ཏུ་ར་ཧཾ། གཡོན་པ་རྐེད་པར་བཀོད་ནས་གཡS པས་པའི་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྣམས་པའོ། །མ་མྲི་ཏ་པྲ་གྷོ་ཧཾ། གཡོན་པ་རྐེད་པར་བཞག་ནས་གཡས་པས་བུམ་པ་བསྣམས་པའོ། །ཙནྡྲ་པྲ་བྷོ་ཧཾ། གཡོན་པ་རྐེད་པར་གནས་གཡས་པ་ན་པདྨ་དང་ཟླ་བའོ། །བྷ་དྲ་པཱ་ལོ་ཧཾ། གཡོན་པ་རྐེད་པར་བཞག ནས་གཡས་པས་རིན་པོ་ཆེ་བསྣམས་པའོ། །ཛཱ་ལི་ནི་པྲ་བྷོ་ཧཾ། ཕྱག་གཉིས་ཀྱིས་གུར་གཟུང་བའོ། །བཛྲ་གར་བྷོ་ཧཾ། གཡོན་པ་རྐེད་པར་བཞག་པའི་ཨཽཊཔ་ལའི་སྟེང་དུ་རྡོ་རྗེའོ། །གཡས་པས་ཐུགས་ཀར་རྡོ་རྗེ་འགུགས་པའོ། །ཀྵ་ཡ་མ་ཏི་ར་ཧཾ། ཕྱག་གཉིས ཀྱིས་བུམ་པ་བསྣམས་པའོ། །པྲ་ཏི་བྷཱ་ན་ཀུ་ཊོ་ཧཾ། གཡོན་པ་རྐེང་པར་བཞག་ནས་པདྨ་ལ་གནས་པའི་རིན་པོ་ཆེ་བརྩེགས་པའོ། །གཡས་པ་ཙྪོ་ཊི་ཀའི་ཚུལ་ལོ། །ས་མནྟ་བྷ་ཛྲོ་ཧཾ། གཡོན་པ་རྐེད་པར་བཞག་པ་ལ་གནས་པའི་རིན་པོ་ཆེའི་སྙེ་མའོ། །གཡས པ་མི་འཇིགས་པའི་ཕྱག་རྒྱའོ། །བཛྲE་ཀུ་ཤོ་ཧཾ། ལྕགས་ཀྱུ་འཛིན་པའོ། །བཛྲ་པཱ་ཤོ་ཧཾ། ཞགས་པ་བསྣམས་པའོ། །བཛྲ་སཕོ་ཊོ་ཧཾ། རྡོ་རྗེ་རྒྱས་པའི་ཚུལ་ལོ། །བཛྲཱ་བེ་ཤོ་ཧཾ། དྲིལ་བུ་རབ་ཏུ་སྦྱོར་བས་བཞུགས་པའོ། །དེ་བཞིན་ཕྱག་རྒྱ་བཞིའི་དགའ་། །དངོས་གྲུབ ཀུན་ནི་རབ་སྩོལ་མཛོད། །གང་གང་ཕྱག་རྒྱ་བཅིངས་གྱུར་པ། །དེ་དང་དེའི་བདག་ཉིད་ཆེ། །སྙིང་པོའི་དོན་ནི་བཟླས་པ་དང། །སྒོམས་པར་གྱུར་པས་བདག་ཉིད་ཀུན། །ཅེས་སོ། །འདི་ནི་ཕྱག་རྒྱ་ཆེན་པོའོ། །དེ་ནས་དམ་ཚིག་ཉིད་བརྗོད་པས་རབ་ཏུ་དགྱེས་པ་དང། དེ་བཞིན་གཤེགS པའི་རིགས་ཀྱི་ཕྱག་རྒྱས་བཅིངས་ནས་དེའི་རྗེས་སུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས་བརྟན་པར་བྱའོ། །ོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲི་ཌཧོ་མེ་བྷ་བ་སུ་པོ་ཥྱོ་མེ་བྷ་བ་སུ་ཏྭ་ཥྱོ་མེ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམམེ་པྲ་ཡཙྪ ས་ཨརྦ་ཀརྨམ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡལ་སོགས་པའི་ཕྱིའི་མཆོད་པ་རྣམས་དང་སྒེག་མོ་ལ་སོགས་པ་བརྒྱད་བྱའོ། །རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བཟུང་ནས་ལག་པས་པད་སྐོར་བྱའོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ལས། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་ནི་ལེན། །རྡོ་རྗེའི་ལས་ནི་བྱེད་པར འགྱུར། ཨོཾ་ཨའུ་ཧཱུཾ། དེ་བཞིན་དུ་རྡོ་རྗེའི་གླུ་བླངས་ནས་སོ་སོའི་གར་བྱས་ཏེ་དྲིལ་བུ་དང་བཅས་པ་དཀུར་བཞག་ནས། དྷརྨཱ་ཨཀར་དགུག་པའོ། །ཧཱུཾ་བཛྲ་བི་ཛ། ཐོགས་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙིང་པོ་བདག་པོའི་བདག་།དང་པོའི་མཆོག་གི་སྐྱེས་བུ་ནི། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་སྟེ། །འདི་ནི བཅོམ་ལྡན་མཆོག་སྲིད་བདག་། ཀུན་མཆོག་དབང་ཕྱུག་དམ་པ་སྟེ། །ཆོས་མཆོག་དཀའ་ནི་མཚུངས་བྱེད་པ། །རང་བཞིན་དག་ཕྱིར་དེ་བཞིན་གཤེགས། །སྲིད་པའི་རང་བཞིན་ཁྱབ་བདག་བྱེད། །སེམས་ཅན་དམ་པ་རང་བཞིན་དག་།བྱ་བ་ལ་ནི་མཆོག་གི་སྲིད།། དྲིལ་བུའི་དེ་ཉིད་དོ། །དེའི་རྗེས་ལ་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །ོཾ་ནམ་མཁའ་ལས་བྱུང་མཚན་མ་ནི། །ཐོག་མ་ཐ་མ་མེད་པའི་མཆོག་།རྡོ་རྗེ་ཆེན་པའོ་རིང་བཞིན་སེམས། །རྡོ་རྗེ་སེམས་བདག་རབ་བསྒྲུབས་མཛོད། །ཀུན་གྱི་དངོས་གྲུབ་ཆེན་པོ་སྟེ། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །ཀུན་གྱི་རྡོ་རྗེ་འཛིན་རྒྱལ་པོ། །མི་འགྱུར་ཆོས་ཉིད་བདག་ལ་སྒྲུབས། །ཁྱོད་ནི་རྟག་པར་སྐྱོན་མེད་ལ། །ཀུན་ལ་ཆགས་པས་རྗེས་ཆགས་པ། །བཅོམ་ལྡན་བསྒྲུབ་བྱ་དེ་ཉིད་ཀྱིས། །ཆགས་པ་ཆེན་པོ་དགའ་ཆེན་པོ། །ཤིན་ཏུ་རྣམ དག་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་ལ་བསྒྲུབ། །ཀུན་གྱི་མཆོག་གྱུར་དངོས་གྲུབ་ཆ། །དབང་ཕྱུག་ཆེན་པོའི་ཕྱག་རྒྱ་མཆོག་།རྡོ་རྗེའི་བསྒྲུབ་བྱ་འགུགས་པ་ཆེ། །རྡོ་རྗེ སྙིང་པོ་དག་གི་བདག་། ཅེས་པ་ནི་འཕགས་བའི་དབང་བསྐུར་བའོ། །དེ་བཞིན་དུ་བདག་ཉིད་བསྐྱེད་ནས་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནམ་མཁའ་ལ་གནས་ནས་ཐམས་ཅད་སྟོང་པར་བསྒོམས་ནས། ཨ་ཀཱ?་?་ཁཾ་།སརྦ་དྷརྨཱ་ཎཱི་ཨ་དྱཱ་ནུ་ཏེ་བན་ན་ཏྭཏ། དེའི དོན་ལྷག་པར་གྲོལ་བའོ། །འཇིག་རྟེན་གྱི་ཁམས་མཛའ་དག་སྟོང་པ་ཉིད་དུ་ལྷག་པར་མོས་པར་བྱའོ། ། སྭ་བྷཱ་བ་ཤུདྡྷོ་ཧཾ། དེ་ནས་ནམ་མཁའ་ལ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར། རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར། ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་བསམ་པར་བྱའོ། །དེ་ལ་སྟེང་དུ་བུམ་པ་ལས་ཆུ་ཆེན་པོའོ། །དེའི་དབུས་སུ་ཧཱུཾ་སུཾ་ཧཱུཾ་ལས་ཡང་དག་པར་བྱུང་བའི་རི་རབ་ཆེན་པོ་བསྐྱེད་པར་བྱ་སྟེ། སྒོ་བཞིའི་རང་བཞིན ཅན་རྭ་བརྒྱད་ཀྱིས་ཉེ་བར་མཛེས་པ་བསམ་པར་བྱའོ། །སྔོན་མ་བཞིན་དུ་རྡོ་རྗེའི་རང་བཞིན་དུ་ས་གཞི་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ། །ོཾ་བཛྲ་རཀྵ་དྲི་ཌཧོ་མེ་བྷ་བ་རཀྵ་སརྦཱཾ་སྭཱ་ཧཱ་ཧཱུཾ། བཛྲ་ཀརྨ་ཨོཾ་བཛྲ་ཧཱུཾ་བཛྲ་པནདྷཱ?་བ། ཨོཾ་བཛྲཱ་ན་ལ་ཧ་ན་ད་ཧ པ་ཙམ་ཐ་བྷཾ་ཛ་རཎ་ཧཱུཾ་ཕཊ། ཅེས་པ་འདི་དང་པོར་སྔོན་དུ་གསུངས་པའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། །བཛྲ་ཙཀྲ་ཧཱུཾ། རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་རྡོ་རྗེ་དང་ནོར་བུ་དང་པདྨ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་གྱི་རྩེ་མོར་གཞལ་ཡས་ཁང་སྤྲུལ་ནས། རྣམ་པར ས་ནང་མཛད་ཀྱི་གནས་སུ་ཨཱག་རུབ་པའི་གནས་སུ་ཨལྔ་བཅུ་རྩ་བདུན་བསྐྱེད་ནས་དབུས་སུ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ་བསམ་གཏན་གྱི་ཚུལ་གྱིས་སྙོམས་པར་ཞུགས་པ་མངོན་དུ་བྱ་སྟེ། ཡིད་ཀྱི་རང་བཞིན་གྱི་སྐུས་འོག་མིན་གྱི་གནས་སུ་བསྐལ་པ་གྲངས་མེད་པ་གསུམ་དུ་ངེས་པར་འཁྲུངS? ནས། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུར་བདག་ཉིད་བསམ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདིར་སངས་རྒྱས་ཀྱི་ཞིང་གིས་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་བ་ལ། དེ་ནས་དེ་བཞིན་གཤྱེགས? པ་ཐམས་ཅད་ཀྱིས་སྐུ་ཆོས་ཀྱི་དབྱིངས་སུ་རྗེས་སུ་དྲན་པར་བྱའོ། །དེ་ནས་ངེས་པ་ཆེན་པོ་ནི་ཆོས་སོ། །དེའི་རྗེས་སུ་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ནོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཡང་དག་པར འཛིན་པའི་ལྷག་པའི་བྱམས་པ་དང། ངན་སོང་ཐམས་ཅད་ལ་སོགས་པའི་སྡུག་བསྔལ་ལས་ཡང་དག་པར་འཛིན་པའི་སྙིང་རྗེ་དང། žའཕགས་པ་ཐམས་ཅད་ལ་དགའ་བ་དང་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་བཏང་སྙོམས་པ་དང་།ཆོས་ཐམས་ ཅད་ལ་རང་བཞིན་མེད་པའི་ངོ་བོ་ཉིད་དང། སྒྱུ་མ་ལྟ་བུ་དང། གཟུགས་བརྙན་ལྟ་བུར་ལྷག་པར་མོས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ལ་མཁས་སྤྱོད་པ་ཡང་སྔོན་དུ་བྱས་ཏེ་སེམས་ཅན་ལ་ཕན པ་དང་། མཆོག་གི་བདེ་བ་བསྒྲུབ་པའི་ཕྱིར་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བསམ་པར་བྱའོ། །མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིམ་པ་འདིས་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་དུ་བྱའོ། །དེ་འདིར་དེ་ནས་ངེས པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙོམས་པར་འཇུག་པ་འདུས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་སོ། །དེ་ཡིས་བྱང་ཆུབ་སེམས་དཔའ་ཨི་ལོངས་སྤྱོད་རྫོགས་པའི་སྐུར བསྟན་ནས་འདི་ཉིད་གསུངས་སོ། །རིགས་ཀྱི་བུ་ཁྱོད་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་ཐམས ཅད་ཀྱི་བསྐུལ་བར་མཛད་པ་གསན་ནས་ཏིང་ངེ་འཛིན་ལས་བཞེངས་ཏེ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་སྩལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཅི་འདྲ་བ་ཞིག་ཇི་ལྟར་བདག་གིས་རྟོགས་པར་བགྱི། བཀའ་སྩལ་དུ་གསོལ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་འདི་ཉིད་གསུངས་སོ། །སེམས་དཔའ་ཆེན་པོ་རང་གི་སེམས་ཉིད་རྟོགས་པར་བྱ་སྟེ་སོ་སོར་རྟོག་པའི་རང་བཞིན་སྔགས་ཀྱིས་བསྒྲུབ་པར་བྱའོ། །ོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་ཏི། དེ་ནས་བྱང་ཆུབ སེམས་དཔས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཀུན་ཤེས་པ་ནི་རང་གི་སྙིང་གེར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་བལྟ་བར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཀྱིས་རང བཞིན་འདི་ནི་འོད་གསལ་བའོ། །ོཾ་བོདྷི་ཙིཏྟ་ཨཽཏཔཱ་ད་ཡ་མི། ཞེས་པ་འདིས་རང་བཞིན་གྲུབ་པས་བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་སླར་ཡང་བྱང་ཆུབ་སེམས་དཔས་གསོལ་པ། གང་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དེ་ལ་ཟླ་བའི་དཀྱིལ འཁོར་དེ་ཉིད་བལྟ་བར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀུན་ཏུ་བཟང་པོའི་སེམས་བསྐྱེད་པ་བརྟན་པར་བྱེད་པའི་རྒྱུའོ། །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་གཟུགས་བརྙན སེམས་དཔར་བྱེད་པའི་སྔགས་འདིས་སོ། །ོཾ་ཏིཥྛུ་བཛྲ། བྱང་ཆུབ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཟླ་བའི་དཀྱིལ་འཁོར་ལ་མཐོང་བ་ནི་རྡོ་རྗེའོ། །དེ་བཞིན་གཤེགས་བ་ཐམས་ཅད་ཀྱིས་བཀའ་སྩལ་པ། ཀུན་ཏུ་བཟང་པོའི་ཐུགས ཀྱིས་རྡོ་རྗེ་བརྟེན་པར་མཛོད་ཅིག་། ཨོཾ་བཛྲ་ཨཱཏྨཀོཧཾ། དེ་ནས་ཇི་སྲིད་ནམ་མཁའ་ཨི་ཁམས་སུ་ཡང་དག་པར་བརྐྱང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་རྣམས་སུ་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིS བྱིན་གྱིས་བརླབས་ཀྱིས་དེ་ལ་སེམས་དཔའ་རྡོ་རྗེ་རབ་ཏུ་གནས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་ལ་རྡོ་རྗེ་དབྱིངས་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་བསྐུར་བS དབང་བསྐུར་བར་མཛད་དོ། །དེ་ནས་རྡོ་རྗེ་དབྱིངས་དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་ཉིད་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུའི་བདག་ཉིད་བདག་གིས་མཐོང་ངོ། །ཐམས ཅད་དང་བདག་མཚུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེའི་ཕྱིར་སེམས་དཔའ་ཆེན་པོའི་སེམས་དཔའ་རྡོ་རྗེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་བརྙན་གྱི་བདག་ཉིད་བསྒོམ་པར་བྱ་བ་འདིས ནི་རང་བཞིན་གྱིས་གྲུབ་པའི་སྔགས་ཀྱིས་བཟླས་པར་འདོད་དོ། །ོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏསྟ་ཐཱ་ཧཾ། དེ་བཞིན་དུ་བསྒོམས་པའི་མཛའ་ལ་རྣམ་པར་སྣང་མཛད་དུ་གྱུར་པར་བསམ་པར་བྱ་སྟེ། སྐུ་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས བརྒྱན་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ་སེང་གེའི་གདན་ལ་བཞུགས་པར་བསམ་པར་བྱའོ། །དེ་ནས་སེམས་རབ་ཏུ་རིགས་པར་བྱེད་པའི་ཕྱག་རྒྱ་བཅིངས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ོཾ་བཛྲ་?་ཏུ་བོ་དྷི་ཙིཏྟ་ཨཽཏཔ?་ད་ཡཱ་མི དེ་བཞིན་དུ་གླང་པོ་ཆེ་ལ་སོགས་པའི་གདན་ལ་མི་བསྐྱོད་པ་ལ་སོགས་པ་རང་རང་གི་དོན་ལ་བཞུགས་པར་བསམ་པར་བྱ་སྟེ། སྐུ་མདོག་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་རྣམས་སོ། །རང་རང་གི་ཕྱག་རྒྱ་བཅིངས་ནས་སེམས་བསྐྱེད་པར་བྱའོ།། ོཾ་བཛྲ་སཏྭ་བོ་དྷི་ཙིཏྟ་ཨཽཏཔཱ་ད་ཡཱ་མི། ཨོཾ་རཏན་བཛྲ་བོ་དྷི་ཙིཏྟ་ཨཽཏྟཱ་ད་ཡཱ་མི། ཨོཾ་བཛྲ་དྷརྨམཱ་བོ་དྷི་ཙིཏྟ་ཨཽཏྟཱ་ང་ཡཱ་མི། ཨོཾ་བཛྲ་ཀརྨམ་པོ་དྷི་ཙིཏྟ་ཨཽཏཔ་ད་ཡ་མི། དེའི་རྗེས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་ཉིད་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་འདིས་མངོན་པར་རྫོགས་པར་བྱང་ཆུབ་པ་བརྟན་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ནང་ནས་བྱུང་བས་སྙིང་ག་དང མགྲིན་པ་དང་དཔྲལ་བ་དང་སྤྱི་གཙུག་རྣམས་སུ་སེམས་དཔའ་རྡོ་རྗེ་ཅན་ལ་སོགས་པ་རྣམས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་དེ་ཉིད་ཀྱི་སྐད་ཅིག་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས པ་ཨ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་གསང་བ་མཉམ་པ་ཉིད་ལ་རབ་ཏུ་བཞུགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བས་མཉམ་པ་ཉིད་ཁོང་དུ་ཆུད་པ་རིན་པོ་ཆེའི་དབང་བསྐུར་བ? ཐོབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་ཆོས་ལ་མཉམ་པ་ཉིད་རྟོགས་པའི་རང་བཞིན་རྣམ་པར་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་ཆོས་མཉམ་པ་ཉིད་རྟོགས་པའི་རང་བཞིན་རྣམ་པར་དག་པ། དེ་བཞིན་གཤེགས་པ ཐམས་ཅད་ཀྱི་རང་བཞིན་གྱིས་འོད་གསལ་པ་ཡེ་ཤེས་ཀྱི་རྣམ་པར་གྱུར་པའི་ངོ་བོ་ཉིད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བདག་ཉིད་དུ་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམS དཔའ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་བཟུང་བའི་བུམ་པའི་ཆུས་དབང་བསྐུར་བར་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་རཏན་བྷི་ཤིཉྩ་ཞེས་སོ། །དེ་ནས་སྔོན་མ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་དབུ་རྒྱན་དང། ཅོད་པན་གྱི་དབང་བསྐུར་བར་བལྟས་ཏེ་ཆོས་ཀྱི་དབང་ཕྱུག་གི་ཡེ ཤེས་སུ་བསྐྱེད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཕྲིན་ལས་སྣ་ཚོགས་པས་འདིར་གནས་པར་འཇུག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལས་གྲུབ་པ་སེང་གེའི་གདན་ལ་ཞལ་བཞི་པའི་སྐུས་བཞུགས་པར་བསམ་པར བྱའོ། །མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་སོ་སོ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་གླང་པོ་ཆེ་ལ་སོགས་པའི་གདན་རྣམས་ལ་བཞུགས་པར་བསམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་།རྣལ འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །དེའི་རྗེས་ལ་རྡོ་རྗེ་དབྱིངས་ཀྱིས་དབང་ཕྱུག་མ་ལ་སོགས་པ་བཞིའི་གནས་རྣམས་སུ་བདག་ཉིད་ལ་བྱིན་གྱིས་བརླབས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས་སྙིང་གར་གྱུར་པའི་རྡོ་རྗེ་སེམས་དཔའ་བསྐུལ་བར བྱའོ། །རྡོ་རྗེ་སེམས་དཔའ་ཞེས་པས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་རྣམས་སུ་གྱུར་པ་ལས་རྣམ་པར་བྱུང་བས་ཇི་སྲིད་འཇིག་རྟེན་གྱི་ཁམས་རྣམས་སུ་སེམས་ཅན་ཐམས་ཅད་ཀྱིས་བདག་མེད པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་བསྐྱེད་ནས་ལྷ་ཐམས་ཅད་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་རྣམས་ལ་དེ་བཞིན་དུ་གྱུར་ནས་བཞུགས་པར་བསམ་པར་བྱའོ། །དེ་ནས་དེ་རྣམས་ལS ཡ་ཨེ་ཤེས་འོད་ཟེར་ལས་བྱུང་བས་སྙིང་གར་གྱུར་པའི་རྡོ་རྗེ་ལ་རབ་ཏུ་ཞུགས་ཏེ་དེ་ཡིས་ལྷན་ཅིག་ཏུ་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་ནམ་མཁའ་ཨི་དབྱིངས་ཆེན་པོ་ཐམས་ཅད་ཡང་དག་པར་བརྐྱང་བའི་ཚད་ཀྱི་རྡོ་རྗེ་རྩེ་ལྔ པའི་གཟུགས་སུ་གྱུར་པ་ཞེས་བརྗོད་པར་བྱའོ། །ོཾ་བཛྲཱ་ཏ་མ་ཀོ་ཧཾ། སླར་ཡང་སྙིང་གར་གྱུར་པའི་རྡོ་རྗེའི་ཚད་དེ་ཉིད་དུ་གྱུར་ནས་དེ་ལས་བྱུང་བས་རང་གི་ལག་མཐིལ་དུ་གནས་པར་བསམ་པར་བྱའོ། །དེ་ལས་སླར་ཡང་རྡོ་རྗེའི་རྣམ་པའི་འོད་ཟེར་ལS དཔག་ཏུ་མེད་པའི་སྐུ་མདོག་དང། དཔག་ཏུ་མེད་པའི་དབྱིབས་རྣམས་རྣམ་པར་བྱུང་སྟེ། ཇི་སྲིད་ནམ་མཁའ་ཨི་ཁམས་ཐམས་ཅད་དུ་ཁྱབ་པ་དེ་ལས་སླར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་དེ་བཞིན གཤེགས་པ་ཐམས་ཅད་ཀྱི་ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་ཡང་དག་པར་བྱང་ཆུབ་པ་ལ་ངེས་པར་སྦྱར་ནས། སླར་ཡང་བསྡུ་བའི་སྦྱོར་བས་དཔག་ཏུ་མེད་པའི་སེམས་ཅན་གྱི་ལུས་སུ་གྱུར་ནས། རང་གི་སྙིང་གར་གྱུར་པའི་རྡོ་རྗེ་ལས རབ་ཏུ་ཞུགས་ཏེ་དེ་ལ་གནས་པས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་མཛད་དོ། །ེ་མ་ཀུན་ཏུ་བཟང་པོ་པ?། །སེམས་དཔའ་རང་བྱུང་ཉིད་དུ་བརྟན། །གང་ཞིག་ལུས་མེད་ཀྱང་བསྟན་ཕྱིར། །སེམས་དཔའ་ཨི་ལུས་ཉིད་ལ་གཤེགས་ཤིག་།དེ་ནས་ཐུགས་ཀར་བྱོན ནས་མི་བསྐྱོད་པའི་མདུན་དུ་འདུག་ནས་བཀའ་ཨི་ལམ་ཞུ་པར་བསམས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོ་བསྐོར་བས་སངས་རྒྱས་ལྔའི་དབུ་རྒྱན་དང་ཅོད་པན་གྱི་དབང་གིས་དབང་བསྐུར་ཏེ། བླ་ན་མེད་པའི ཏ་ཤུལ་ཁྲིམས་ལ་སོགས་པ་གང་གིས་ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་བྱང་ཆུབ་པ་བསྐྱེད་ནས་ལས་ལ་སོགས་པའི་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དྲིལ་བུ་དང་བཅས་པས་མ་ལུས་ཤིང་ལུས་པ་མེད་པའི་ཁམས སུ་བསྐྱེད་པ་ཀུན་ཏུ་བཟང་པོའི་ཕྱིར་མིང་གི་དབང་བསྐུར་བ་སྦྱིན་པར་བྱའོ། །དེའི་རྗེས་ལ་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་རྡོ་རྗེ་བླ་ན་མེད། །བདག་ལ་བདག་གི་ལག་ཏུ་སྩོལ། ། རྡོ་རྗེ་རྡོ་རྗེ་ལ་རབ་གནས་དེ་བཞིན་དུ་བསྐྱེད་ཅིང་སྤྲོ་པ་དང་བསྡུ་བའི་སྦྱོར་བས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་གྱུར་པ་དབུས་སུ་ཞུགས་པས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་ལ། དབང་བསྐུར་བའི་མཛའ་ལ་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། ཇི་སྲིད་རྡོ་རྗེ ཁུ་ཚུར་གྱིས་མཐར་ཐུག་པ་རང་རང་གི་མཚན་མ་ལས་སྔོན་མ་བཞིན་དུ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་དོ། །དེ་ལ་རྡོ་རྗེ་རྒྱལ་པོ་ལ་སོགས་པ་རྣམས་ཀྱི་ཆེད་དུ་བརྗོད་པར་གྱུར་པ་ནི་རྡོ་རྗེ་རྒྱལ་པོ། །ལྕགས་ཀྱུའི་བདག ཉིད་ཀྱི་ང?་རྒྱལ་གྱིས། ཨེ་མ་དོན་ཡོད་རྒྱལ་པོ་ཏྭ།?་།རྡོ་རྗེ་ལས་བྱུང་ལྕགས་ཀྱུའོ། །གང་ཞིག་སངས་རྒྱས་ཀུན་ལ་ཁྱབ། །ཡང་དག་འགུགས་པས་བསྒྲུབ་བར་བྱ། །ོཾ་བཛྲ་རཱ་ཛཝོ་ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །གང་ཞིག་སངས་རྒྱས་དངོས གྲུབ་དོན། །ཡང་དག་འགུགས་བྱེད་བླ་ན་མེད། །མི་བསྐྱོད་པའི་གཡས་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་ཆགས་པ་མདའི་ང་རྒྱལ་གྱིས། །ེ་མ་རང་བཞིན་དག་པ་ང། །རྗེས་སུ་ཆགས་པ་རང་འབྱུང་ཉིད། །གང་ཞིག་དག་ཕྱིར་ཆགས བྲལ་རྣམས། །ཆགས་པ་ཡིས་ནི་འདུལ་བར་བྱེད། །ོཾ་བཛྲ་རཱ་ག་སཱ་བྷ་བ་ཨཱཏྨ་ཀོ་ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཆགས་པའི་ཡེ་ཤེས་དྲི་མ་མེད། །ཆགས་བྲལ་ཆགས་པ་ཡིས་བཅོས་ནས། །ཀུན་ལ་བདེ་བ་སྟེར་བར་མཛད། །མི་བསྐྱོད་པའི་གཡོན་ཕྱོགས་སུ ཟླ་བ་ལ་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་ལེགས་པར་དགྱེས་པའི་ང་རྒྱལ་གྱིས། ཨེ་མ་ལེགས་པར་བྱེད་པ་འདི། །སེམས་ཅན་ཀུན་གྱི་རིགས་པ་མཆོག་།གང་ཞིག་བསྐལ་པར་སྨོན་པ་ཡིས། །དགྱེས་པ་ངེས་པར་སྐྱེ་པར་འགྱུར། །ོཾ་བཛྲ་སཱ་དྷུ སྭབྷཱ་བ་ཨཏྨཀོཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ལེགས་པར་བྱེད་པར་རབ་ཏུ་བརྗོད། །ཐམས་ཅད་དགྱེས་མཛད་རྡོ་རྗེ་ལ། །ལྷ་ཡི་མཆོག་ཏུ་དགའ་བ་འཕེལ། །མི་བསྐྱོད་པའི་རྒྱབ་ཏུ་ཟླ་བ་ལ་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་རིན་ཆེན་ནི་རིན་པོ་ཆེའི་ང་རྒྱལ གྱིས། ཨེ་མ་རང་ཉིད་དབང་བསྐུར་རོ། །རྡོ་རྗེ་རིན་ཆེན་བླ་ན་མེད། །གང་ཞིག་ཟླ་བྲལ་རྒྱལ་བ་ཡང། །ཁམས་གསུམ་བདག་པོ་ཉིད་དུ་ཤེས། །ོཾ་བཛྲ་གརྦྷ་སྭ་བྷཱ་བ་ཨཱཏྨཀོཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །སེམས་དཔའ་ཨི་དབྱིངས་སུ་དབང་བསྐུར་བ། །བདག་ལ་བདག གིས་ལག་ཏུ་སྩལ། །རིན་ཆེན་རིན་ཆེན་དེས་སྦྱར་བྱ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་སྔོན་དུའོ། །རྡོ་རྗེ་གཟི་བརྗིད་ནི་ཉི་མ་ང་རྒྱལ་གྱི། །ེ་མ་གཟི་བརྗིད་དཔེ་མེད་པ་དང། །སེམས་ཅན་ཁམས་རྣམས་གསལ་བར་མཛད། །གང་ཞིག་དག་བྱེད་དག་རྣམས་ཀྱི། །སངས རྒྱས་སྐྱོབ་པ་རྣམས་ཀྱི་ཡང། །ོཾ་བཛྲ་པྲབྷཱ་བ་སྭ་བྷཱ་བ་ཨཱཏྨཀོཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མི་ཤེས་འཇོམས་ཕྱིར་ཉམས་པར་བྱེད། །ཕྲ་རབ་རྡུལ་ཕྲན་གྲངས་ཀྱིས་ནི། །ཉི་མའི་འོང་པས་ཤིན་ཏུ་ལྷག་།རིན་ཆེན་འབྱུང་ལྡན་གྱི་གཡས་སུའོ། །རྡོ་རྗེ་ཏོག་ནི མཆོད་སྡོང་གི་ང་རྒྱལ་གྱིས། །ེ་མ་མཚུངས་མེད་ཏོག་ནི་ང། །དོན་རྣམས་ཐམས་ཅད་བསྒྲུབ་བར་བྱེད། །གང་ཞིག་ཀུན་གྱིས་བསམ་པ་གྲུབ། །དོན་ཀུན་ཡོངས་སུ་རྫོགས་པར་བྱེད། །ོཾ་བཛྲ་ཡཥྚི་སྭ་བྷཱ་བཱ་ཏ་མ་ཀོ་ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བསམ་པ ཐམས་ཅད་ཡོངས་སུ་རྫོགས། །ཡིད་བཞིན་ནོར་བུའི་རྒྱལ་མཚན་ཞེས། །སྦྱིན་པའི་ཕ་རོལ་ཕྱིན་པའི་ཚུལ། །རིན་ཆེན་འབྱུང་ལྡན་གྱི་གཡོན་དུའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ངོ་མཚར་རྨད་འབྱུང་སྟོན་བར་མཛད། །དགའ་བ་ཆེར་མཛད་ཡེ་ཤེས་ཏེ། །མི ཤེས་ཡོངས་སུ་སྤོང་བར་མཛད། །རིན་ཆེན་འབྱུང་ལྡན་གྱི་རྒྱབ་ཏུའོ། །རྡོ་རྗེ་ཆོས་ནི་པདྨའི་ང་རྒྱལ་གྱིས། །ེ་མ་དོན་དམ་ངོ་ཉིད་དོ། །གདོད་ནས་དག་ཅིང་རང་བྱུང་ངོ། །གང་ཞིག་འཇིག་རྟེན་ཆོས་ནི་མིན་འདི། །རྣམ་པར་དག་བ་ལ་དམིགས་ཏེ། ཨོཾ་བཛྲ་ནེ་ཏྭ་སྭ་བྷཱ་བ་བོ་ཧཾ། འདི་ནི སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་དེ་ཉིད་ཁོང་དུ་ཆུང། །བདག་ལ་བདག་གི་ལག་ཏུ་སྩལ། །ཆོས་ལ་ཆོས་ནི་རབ་ཏུ་གནས། །འོད་དཔག་མེད་ཀྱི་མདུན་དུའོ། །རྡོ་རྗེ་རྣོན་པོ་ནི་རལ་གྲིའི་ང་རྒྱལ་གྱིས། །ེ་མ་སངས་རྒྱས་ཐམས་ཅད་ཀྱིས། །འཇམ་པའི་དབྱངས་སུ་དེ་ཉིད་ཤེས གང་ཞིག་ཤེས་རབ་གཟུགས་ཅན་གྱི། །དབྱངས་ཉིད་ལ་ནི་དམིགས་པ་སྟེ། །ོཾ་བཛྲ་བོ་དྷི་སྭ་བྷ་བོ་ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་པའི་ཆུལ། །དགྲ་རྣམས་མ་ལུས་མཆོག་ཏུ་གཅོད། །སྡིག་པ་ཐམས་ཅད་འཇོམས་པའི་མཆོག་།འོད་དཔག མེད་ཀྱི་གཡས་སུའོ། །རྡོ་རྗེ་རྒྱུ་ནི་འཁོར་ལོའི་ང་རྒྱལ་གྱིས། ཨེ་མ་འཁོར་ལོ་རྡོ་རྗེ་ཡི་རང་བཞིན། །རྡོ་རྗེའི་མཆོག་གི་ཆོས་ཅན་ང། །གང་ཞིག་སེམས་བསྐྱེད་ཙམ་གྱིས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད། །ོཾ་བཛྲ་?་སྭ་བྷཱ་བོ་ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་རྣམ་པར་དག་པ་སྟེ། །ཕྱིར་མི་ལྡོག་པའི་འཁོར་ལོ་ང། །བྱང་ཆུབ་སྙིང་པོ་ཞེས་བྱ་ཤེས། །འོད་དཔག་མེད་ཀྱི་གཡོན་དུའོ། །རྡོ་རྗེ་སྨྲ་པ་ནི་ཆོས་ཀྱི་དུང་གི་ང་རྒྱལ་གྱིས། །ེ་མ་རང་འབྱུང་གསང་བ་སྟེ། །དགོངས་པའི་སྐད་ཀྱིས་བདག་ཉིད་བརྟན། །གང་ཞིག་དམ ཆོས་སྟོན་བྱེད་པ། །ཚིག་གི་སྤྲོས་པ་རྣམ་པར་སྤངས། །ོཾ་བཛྲ་བཱ་ཙ་སྭ་བྷཱ་བོ་ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེའི་བཟླས་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་སྔགས་མྱུར་དུ་སྒྲུབ་པའི་ཐབས། །འོད་དཔག་མེད་ཀྱི་རྒྱབ་ཏུའོ། །རྡོ་རྗེ་ལྔ ནི་སྣ་ཚོགས་རྡོ་རྗེའི་ང་རྒྱལ་གྱིས། །ེ་མ་སངས་རྒྱས་དོན་ཡོད་ཀྱི། །ཀུན་གྱི་ལས་ལ་འཇུག་པ་བདག་།གང་ཞིག་ལྷུན་གྲུབ་སངས་རྒྱས་དོན། །རྡོ་རྗེ་ལས་ནི་བསྐོར་བར་བྱེད། །ོཾ་བཛྲ་ཀརྨམ?་སྭ་བྷཱ་བོ་ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྣ་ཚོགས་ལས་ནི་བྱེད་པའི་མཆོག་ བདག་ལ་བདག་གི་ལག་ཏུ་སྩལ། །སྣ་ཚོགས་སྣ་ཚོགས་སྦྱོར་བར་བྱེད། །དོན་ཡོད་གྲུབ་པའི་མདུན་དུའོ། །རྡོ་རྗེ་བསྲུང་བ་ནི་གོ་ཆའི་ང་རྒྱལ་གྱིས། །ེ་མ་བརྩོན་འགྲུས་རང་བཞིན་ཆོས། ཤིད་ཏུ་བརྟན་པ་བརྟན་ཉིད་བརྟན། །གང་ཞིག་བརྟན་ཕྱིར་ལུས་མེད རྣམས། །རྡོ་རྗེའི་སྐུ་རུ་བྱེད་པའི་མཆོག། ཨོཾ་བཛྲ་བཱི་རྱ་སྭ་བྷཱ་བོ་ཧཾ?། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱམས་པ་ཡིས་ནི་གོ་ཆ་མཆོག་།བརྩོན་འགྲུས་ཆེན་པོས་བསྲུང་བར་བྱ། །གསང་སྔགས་ཆེན་པོས་རབ་ཏུ་བཤད། །དོན་ཡོད་གྲུབ་པའི་གཡས་སུའོ། །རྡོ་རྗེའི གནོད་སྦྱིན་ནི། ཨེ་མ་ཐབས་ཆེན་ང་ཉིད་དེ། །སངས་རྒྱས་རྣམས་ཀྱི་སྙིང་རྗེ་དག་།གང་ཞིག་སེམས་ཅན་དོན་དེ་ཡིས། །ཞི་བ་དྲག་པོ་ཉིད་ཀྱང་བྱ། །ོཾ་བཛྲ་ཙནྡྲ་སྭ་བྷཱ་བོ་ཧཾ། འདི་ནི་གདུག་པ་ཐམས་ཅད་ཀྱི། །མཆོག་ཏུ་སྟེར་བ་རྡོ་རྗེ་ཡི། །མཆེ་བ་མཚོན་ཆ་རྣོན་པོ་སྟེ། ། ཐབས་དང་སྙིང་རྗེའི་བདག་ཉིད་དོ། །དོན་ཡོད་གྲུབ་པའི་གཡོན་དུའོ། །རྡོ་རྗེ་མཚམས་ནི་ཁུ་ཚུར་གྱི་ང་རྒྱལ་གྱིས། ཨེ་མ་ཤིན་ཏུ་བརྟན་པར་བསྡམས། །དམ་ཚིག་ང་རྒྱལ་བསྟན་པ་བདག་།གང་ཞིག་ཀུན་གྱི་བསམ་དོན་སྒྲུབ། །གྲོལ་བ་རྣམས་ཀྱང་འཆིང་བར་བྱེད།། ོཾ་བཛྲ་མུཥྚི་སྭ་བྷཱ་བོ་ཧཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱ་འཆིང་བ་ད་ཉིད་བརྟན། །སངས་རྒྱས་ཀུན་གྱི་དོན་ལེགས་སྒྲུབ། །ཕྱག་རྒྱ་ཤིན་ཏུ་འདའ་དཀའ་བས། །དོན་ཡོད་གྲུབ་པའི་རྒྱབ་ཏུའོ། །དེ་ནས་མི་བསྐྱོད་པའི་ང་རྒྱལ་གྱིས། སེམས་མ་རྡོ་རྗེ་མ་བསྐྱེད པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས། རིན་ཆེན་རྡོ་རྗེ་མའོ། །འོད་དཔག་མེད་པའི་ང་རྒྱལ་གྱིས། ཆོས་ཀྱི་རྡོ་རྗེ་མའོ། །དོན་ཡོད་གྲུབ་པའི་ང་རྒྱལ་གྱིས་ལས་ཀྱི་རྡོ་རྗེ་མ་རྣམས་ཏེ། རྣམ་པར་སྣང་མཛད་ཀྱི་མདུན་ལ་སོགས་པའི་ཕྱོགས་བཞི་རྣམས་སུ་བཞུཌ བར་བསམ་པར་བྱའོ། །འདི་རྣམས་ཀྱི་ཆེད་དུ་བརྗོད་པར་གྱུར་པ་ནི། ཨོཾ་སཏྭ་བཛྲི་སྭ་བྷཱ་བོ་ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །སེམས་མ་རྡོ་རྗེ་བདག་ཉིད་བརྟན། །གང་ཞིག་ཕྱིར་ལུས་མེད་ལའང། །རྡོ་རྗེའི་སྐུ་ཉིད་བྱོན་གྱུར་པ། །ོཾ་རཏན་བཛྲཱི་སྭ་བྷཱ་བོ་ཧཾ། ཨེ་མ སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་རྡོ་རྗེ་བདག་ཉིད་ཤེས། །གང་ཞིག་ཕྱག་རྒྱ་འདི་རྣམས་ཀྱི། །དབང་བསྐུར་བའི་ཚུལ་ཉིད་བརྟན། །ོཾ་དྷརྨམ་བཛྲཱི་སྭ་བྷཱ་བོ་ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་རྡོ་རྗེ་གཙང་བདག་ཉིད། །གང་ཞིག་རང་བཞིན་རྣམ་དག་བ། །འདོད ཆགས་དང་བྲལ་དྲི་མ་མེད། །ོཾ་ཀརྨམ་བཛྲཱི་སྭ་བྷཱ་བོ་ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ལས་ཀྱི་རྡོ་རྗེ་བདག་ལ་མང། །གང་ཞིག་གཅིག་ཀྱང་མ་ལུས་པའི། །སེམས་ཅན་ཁམས་རྣམས་ལས་ལེགས་མཛད། །རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་སྒེག་མོ་ལ་སོགས་པ བཞིའི་ཆེད་དུ་བརྗོད་པ་མཛད་དོ། །ོཾ་བཛྲ་ལཱ་སྱེ་སྭ་བྷཱ་བོ་ཧཾ། ཨེ་མ་མཚུངས་མེད་གྱུར་པ་ཡི། །མཆོད་པའི་དགའ་བ་རང་འབྱུང་ངོ། །གང་ཞིག་འདོད་དགའ་ཨི་མཆོད་པ་ཡིས། །མཆོད་པ་ཀུན་ལ་རབ་ཏུ་འཇུག་།ནང་གི་དཀྱིལ་འཁོར་དུ་མེའི་མཚམས་སུ་བཞུགས་པར་བསམ པར་བྱའོ། །དེ་བཞིན་དུ་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུའོ། །ོཾ་བཛྲ་མཱ་ལ་སྭ་བྷཱ་བོ་ཧཾ། ཨེ་མ་བདག་དང་མཆུངས་པ་མེད། །ཤིན་ཏུ་རིན་ཆེན་མཆོད་ཅེས་གྲགས། །གང་ཞིག་ཁམས་གསུམ་རྒྱལ་པོ་མཆོག་།བསྟོད་ཅིང་རབ་ཏུ མཆོད་པར་བྱེད། །ོཾ་བཛྲ་གཱི་ཏ་སྭ་བྷཱ་བོ་ཧཾ། ཨེ་མ་གླུ་དབྱངས་རང་བཞིན་གྱི། །མཆོད་པ་བདག་གིས་ཐམས་ཅད་སྟོན། །གང་ཞིག་མཉེས་པར་བྱེད་བས་མཆོད། །སྒྲ་བརྙན་དཔེ་ཡིས་རྣམ་པས་ཀྱང། །ོཾ་བཛྲ་ནརི་ཏ?་སྭ་བྷཱ་བོ་ཧཾ། ཨེ་མ་མཆོད་པ་རྒྱ་ཆེན་བདག་།མཆོད་པའི་དོན རྣམས་མ་ལུས་བྱེད། །གང་ཞིག་སྒྲུབ་པ་རྡོ་རྗེའི་གར། །སངས་རྒྱས་མཆོད་པར་རབ་ཏུ་བརྟག་།མི་བསྐྱོད་པའི་ང་རྒྱལ་གྱིས་རྡོ་རྗེ་བདུག་སྤོས་མ་ལ་སོགས་པ་བཞིའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་དོ། །ོཾ་བཛྲ་དྷཱུ་པ་སྭ་བྷཱ་བོ་ཧཾ། ཨེ་མ་བདག་ནི་མཆོད་པ་ཆེ། །རབ་ཏུ ཆིམ་བྱེད་མ་སྟེ་དགེ?་། གང་ཞིག་སེམས་ཅན་རབ་ཞུགས་སྦྱོར། །མྱུར་དུ་བྱང་ཆུབ་ཐོབ་པར་བྱ། །ོཾ་བཛྲ་བུཥཔ་སྭ་བྷཱ་བོ་ཧཾ། ཨེ་མ་མེ་ཏོག་མཆོད་པ་བདག། རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྱེད། །གང་ཞིག་བདེ་གཤེགས་རིན་ཆེན་ཉིད། །མཆོད་པས་མྱུར་དུ་རབ་ཏུ་ཐོབ།། ོཾ་ཛྙཱ་ན་བཛྲཱ་ལོ་ཀ་སྭ་བྷཱ་བོ་ཧཾ། ཨེ་མ་བདག་ནི་མཆོད་པ་ཆེ། །སྣང་གསལ་རང་བཞིན་དགེ་བའོ། གང་ཞིག་སྣང་གསལ་ཅན་གྱིས་ནི། །སངས་རྒྱས་ཀུན་མཚུངས་མྱུར?་དུ་འཐོབ། །ོཾ་བཛྲ་གྷན་དྷ་སྭ་བྷཱ་བོ་ཧཾ། ཨེ་མ་དྲིའི་རང་བཞིན་གྱི། །མཆོད་པས་ལྷ མོ་བདག་ཡིད་དགའ་། །གང་ཞིག་དེ་བཞིན་གཤེགས་རྣམས་དྲིས། །ཀུན་ནས་སྐུ་ལ་དབུལ་བར་བགྱི། །ཞེས་པ་བཞི་པོ་འདི་རྣམས་ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་གཞན་རྣམས་སུ་བཞུགས་པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད ཀྱི་ང་རྒྱལ་གྱིས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་བསྐྱེད་པར་བྱའོ། །ོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨམ་ཏེ་ག་གནས་མུངྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། ཞེས་པས་བྱང་ཆུབ་སེམས་དཔའ་བཅུ་དྲུག་ཤར་ལ་སོགས་པའི་སྒོ བཞིའི་ལོགས་གཉིས་སུ་ཕྱིའི་དཀྱིལ་འཁོར་གྱི་སྟེགས་བུ་ལ་བཞུགས་པར་བསམ་པར་བྱའོ། །ད་ལ་འདིར་སྐུ་མདོག་ནི་གོ་རིམས་བཞིན་དུ་ཤེས་པར་བྱ་སྟེ། སེར་པོ་དང། སེར་པོ་དང། དཀར་པོ་དང། དཀར་པོ་དང། དཀར་པོ་དང། ལྗང་གུ་དང། དཀར་པོ་དང། མཐིང ག་དང། དཀར་པོ་དང། དཀར་པོ་དང། དམར་པོ་དང། དམར་པོ་དང། མཐིང་ག་དང། དཀར་པོ་དང། དམར་པོ་དང། སྐུ་མདོག་སེར་པོ་རྣམས་སོ། །རང་རང་གི་མཚན་མ་ལས་གཞན་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་པར་བྱའོ། །སླར་ཡང་རྣམ་པར་སྣང་མཛད གྱི?་ང་རྒྱལ་གྱིས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིའི་ཆེད་དུ་བརྗོད་པ་ནི། ཨོཾ་བཛྲཱ་ཀུ་ཤ་ཀྲོ་དྷ་རཱ་ཛ་སྭ་བྷཱ་བོ་ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་འགུགས་པར་བདག་ཉིད་བརྟན། །གང་ཞིག་བདག་ནི་ཡང་དག་འགུགས། །དཀྱིལ་འཁོར་ཀུན་གྱི་སྣོད་པའོ། །ཤར གྱི་སྒོ་རུའོ། །ོཾ་བཛྲ་པཱ་ཤ་ཀྲོ་དྷ་སྭ་བྷཱ་བོ་ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ཞགས་པར་བདག་ཉིད་བརྟན། །གང་ཞིག་བདག་གིས་ཀུན་ཏུ་འཇུག་།སླར་ཡང་བདག་གིས་རབ་ཏུ་འཇུག་།ལྷོའི་སྒོ་རུའོ། །ོཾ་བཛྲ་སཕོ་ཊ་ཀྲོ་དྷ་སྭ་བྷཱ་བོ་ཧཾ། ཨེ?་མ་སངས་རྒྱས་ཐམས ཅད་ཀྱི། །རྡོ་རྗེ་རྒྱས་པར་བདག་ཉིད་བརྟན། །གང་ཞིག་འཆིང་བ་ཀུན་ལས་གྲོལ། །སེམས་ཅན་དོན་དུ་འཆིང་བར་བྱེད། །ནུབ་ཀྱི་སྒོ་རུའོ། །ོཾ་བཛྲ་བེ་ཤ་ཀྲོདྷ་སྭ་བྷཱ་བོ་ཧཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འབེབས་པས་བདག་ཉིད་བརྟན། །གང་ཞིག་འཕགས་པ་ཀུན་དེS གྱུར། །བྲན་དུ་གྱུར་པ་ཉིད་ཀྱང་ངོ། །བྱང་གི་སྒོ་རུའོ། །དེ་རྣམས་ཀྱིས་ཀྱང་ཆེད་དུ་བརྗོད་པའི་མཐར་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་རྣམས་ཀྱིས་མཛའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་བའི་དོན་བྱ་བ་མཛད་ནས་སླར་ལོག སྟེ་རང་རང་གི་གནས་སུ་ཟླ་བའི་སྟེང་དུ་བཞུགས་པར་རྣམ་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་འཕྲོས་པས་ཡེ་ཤེས་པའི་དཀྱིལ་འཁོར་རྣམས་གདན་དྲང་བར་བྱའོ། །ོཾ་བཛྲ་ཙ་ཀྲེ་ཧཱུཾ། ཞེས་པའི་སྔགས་ཀྱིས་སྔོན་བཞིན་དུའོ། །རྡོ རྗེའི་སྒྲ་བྱའོ། །ོཾ་བཛྲ་ས་མཱ་ཛ:ཛ:ཧཱུཾ་བཾ་ཧོ:ཞེས་པའི་སྔགས་ཀྱིས་སོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང། གཞུག་པ་དང། བཅིང་བ་དང། མཉེས་པར་བྱའོ། །སྒོ་རྣམས་ཀྱང་དབྱེ་བར་བྱའོ། །ོཾ་དྭ་རོ་ཏ་གྷ་ཊ་ཡ་ས་མ་ཡི་པྲ་བ་ཤ་ཧཱུཾ། རྡོ་རྗེ ཁུ་ཚུར་གཉིས་བཅིངས་ལ། མཐེའུ་ཆུང་གཉིས་ལྕགས་སྒྲོག་ལ་སྡིགས་མཛུབ་གཉིས་རབ་ཏུ་བརྐྱང་བ་ནི་སྒོ་འབྱེད་པའི་ཕྱག་རྒྱའོ། །སྔོན་བཞིན་དུ་དབང་བསྐུར་བར་བྱའོ། །སྔོན་བཞིན་དུ་ཕྱིའི་མཆོད་པ་མཆོད་ཡོན་དང་སྒེག་མོ་ལ་སོགས་པ་བརྒྱད་བྱའོ། །དྲིལ་བུ ཡང་དཀྲོལ་བར་བྱའོ། །ཀུན་ཏུ་ཁྱབ་པ་སྲིད་རྩེའི་རྩེ། །བདེ་གཤེགས་བདག་པོ་རྒྱལ་བ་སྟེ། །ཁམས་གསུམ་པའི་རྒྱལ་པོ་ཆེ། །རྣམ་པར་སྣང་མཛད་ཁྱོད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ཁྱོད་ལ་འདུད། །རྡོ་རྗེ་རིན་ཆེན་ཁྱོད་ལ་འདུད། །རྡོ་རྗེ་ཆོས་ཉིད་ཁྱོད་ལ་འདུད རྡོ་རྗེ་ལས་ཉིད་ཁྱོད་ལ་འདུད། །ཅེས་བྱ་བ་འདི་ནི་དཀྱིལ་འཁོར་རྒྱལ་མཆོག་བྱ་བའི་ཏིང་ངེ་འཛིན་ནོ། །དེ་ནས་རྣམ་པར་སྣང་མཛད་དང་བཅས་པ་དབྱེད་མེད་པའི་བདག་ཉིད་དུ་བསམས་ནས་འདུས་པར་བྱའོ། །དེ་ནས་དེ་ལ་འགྲོ་བ་རྣམས་དང་མཚུངས་པ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་རྣམས་ལའོ། །ཞེས་བརྗོད་པར་བྱའོ། །ེ་མ་ཀུན་ཏུ་བཟང་པོ་ཡིས། །བྱང་ཆུབ་སེམས་དཔའ་ཨི་སྦྱོད་བ་མཆོག་།གང་ཞིག་དེ་བཞིན་གཤེགས་རྡོ་རྗེའི། །དབུས་སུ་དེ་བཞིན་གཤེགས པས་གསུང། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་པར་བསམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་བྱོན་ཞིང་རབ་ཏུ་བཞུགས་ཏེ་སེམས་དཔའ་རྡོ་རྗེ་ལ་སོགས་པ་གཅིག་ཏུ་གྱུར་ནས་སླར་ཡང་ཆེད་དུ་བརྗོད་པར་མཛད་པ། ཨེ་མ སངས་རྒྱས་ཐམས་ཅད་ཀྱི། །ཆེད་བརྗད་ཆེན་པོ་ལ་སོགས་པ། །གང་ཞིག་ཀུན་གྱི་རྗེས་འབྲངས་པའོ། །སངས་རྒྱས་གཅིག་གི་ཕྱིར་ཉིད་བྱོན། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཨི་གནས་སུ་གནས་མའི་རྣལ་འབྱོར་པ་མེ་ཏོག་གི་དབང་བསྐུར་བ་ལ་སོགས་པ་བླངས ནས་སྔོན་བཞིན་དུ་རྡོ་རྗེའི་སྒྲ་བྱས་ཏེ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་རྣམས་བྱས་ནས། མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་བྱས་ནས། སྔོན་དུ་གསུངས་པའི་ཕྱག་རྒྱ་བཞི་པོ་རྣམས་བཅིང བར་བྱའོ། །དེ་བཞིན་དུ་ཕྱག་རྒྱ་བཞི་པའི་རྒྱས་བཏབ་པས་རྣམ་པར་སྣང་མཛད་ལ་སོགས་པར་མཛད་ནས་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ལ། རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ལའོ། །བྱང་ཆུབ་ཏུ་སེམས་བསྐྱེད་བ་དང། དེ་བཞིན་གཤེགS པ་ཐམས་ཅད་གདན་འདྲེན་པ་དང། རྗེས་སུ་ཆགས་པ་དང། མཉེས་པར་བྱ་བ་དང། དབང་བསྐུར་བ་དང། འོད་ཟེར་གྱིས་སྣང་བར་བྱ་བ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བ་དང། འཛུབ་པ་རྨད་དུ་བྱུང་བ་ལ་རབ་ཏུ་དགོད་པ་དང། ཤིན་ཏུ་རྣམ པར་དག་བའི་ཏིང་ངེ་འཛིན་བསྐྱེད་པ་དང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཅོད་པ་དང། དཀྱིལ་འཁོར་ཆེན་པོར་རབ་ཏུ་འཇུག་པ་དང། སྤྲོས་པ་མེད་པའི་ཆོས་ཉིད་ལ་སྦྱོར་བ་དང། མ་ལུས་ཤིང་ལུས་པ་མེད་པའི་མཆོད་པས་དེ་བཞིན གཤེགས་པ་ཐམས་ཅད་མཆོད་པ་དང་རྣམ་པ་གཞན་དུ་མི་འདོད་པའི་སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་འཇིགས་པ་ལ་གཞན་རྣམས་ཀྱང་བསྲུང་བ་དང། བསྲུང་པ་ཐམས་ཅད་ཡོངས་སུ་བསྐྱང་བ་དང། ལུས་ངག་ཡིད་རྣམས གཅིག་ཏུ་བྱེད་པ་ལ་དེ་བཞིན་གཤེགས་པའི་ཁུ་ཚུར་བཅིང་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱེད་པ་དང། དེ་བཞིན་དུ་ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ དང། སྨོན་ལམ་དང། ཐབས་དང། བྱང་ཆུབ་ཀྱི་སེམས་ཀྱི་ལྕགས་ཀྱུས་ཐར་པའི་གྲོང་ཁྱེར་ཆེན་པོ་ལ། སེམས་ཅན་ཐམས་ཅད་འདྲེན་པ་དང། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་ལ་རབ་ཏུ་འཇུག་པ་དང། ཐེག་པ་གཞན་ལ་མི་འདོད་པའི་སེམས་རྒྱས་པ དང། རང་བཞིན་གྱི་འོད་གསལ་སྐྱེ་བ་ལ་འཇུག་པ་ཆོས་ཐམས་ཅད་ཀྱི་གྲོང་ཁྱེར་ཡོངས་སུ་སྨིན་པ་ལ་སྦྱར་བར་བྱའོ་ཞེས་སོ། །དེ་བཞིན་དུ་རབ་ཏུ་བྱེད་པའི་ལས་སྤྲོ་?་དང་བསྡུ་བ་ལ་སྦྱོར་པས་སླར་ཡང་བསྒོམ་བར་བྱའོ། །ཞེས་པས་བསྒོམ་པ་དང་ཇི་སྐད གསུངས་པའི་སྔགས་བཟླས་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རེ་ཧཱུཾ། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཨོཾ་བཛྲ་རཏན་ཏྲ། ཨོཾ་བཛྲ་དྷརྨམ་ཧྲཱིཧོ། །རྡོ་རྗེ་ལེགས་པའི། ཨོཾ་བཛྲ་སཱ་དྷཱུ་ས:རྡོ་རྗེ་རིན་ཆེན་གྱི། ཨོཾ་བཛྲ་རཏན་ཨོཾ། རྡོ་རྗེ་གཟི་བརྗིད་ཀྱི། ཨོཾ་བཛྲ་ཏེ་ཛ་ཨཾ། རྡོ་རྗེ་ཏོག་གི་།ོཾ་བཛྲ་ཀེ་ཏུ་ཏྲཾ། རྡོ་རྗེ་བཞད་པའི། ཨོཾ་བཛྲ་ཧ་ས་ཧཱརྗེ་རྒྱུའི། ཨོཾ་བཛྲ་ཧེ་ཏུ་མཾ། རྡོ་རྗེ་སྨྲ་བའི། ཨོཾ་བཛྲ་བྷཱ་ཥ་རཾ། རྡོ་རྗེ་ལས་ཀྱི། ཨོཾ་བཛྲ་ཀརྨམ་ཀཾ་།རྡོ་རྗེ་བསྲུང་བའི། ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེ་གནོད་སྦྱིན་གྱི། ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་མཚམས་ཀྱི། ཨོཾ་བཛྲ་སན་ཏི་ཨབ་མའི། ཨོཾ་བཛྲ་མཱ་ལེ་ཏྲཾ། རྡོ་རྗེ་གླུ་མའི། ཨོཾ་གཱི་ཏེ་ཧྲཱི:རྡོ་རྗེ་གར་མའི། ཨོཾ་བཛྲ་ནརི་ཏྱེ་ཨ:རྡོ་རྗེ་བདུག་སྤོས་མའི། ཨོཾ་བཛྲ་དྷུ་པེ་ཧཱུཾ། རྡོ་རྗེ་མེ་ཏོག་མའི། ཨོཾ་བཛྲ་བུཥཔེ་ཏྲཾ། རྡོ་རྗེ་སྣང་གསལ་མའི། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིམའི། ཨོཾ་བཛྲ་གནདྷེ་ཨརྗེ་འབེབས་པའི། ཨོཾ་བཛྲ་བེ་ཤ་ཧོ:ཞེས་པའི་སྔགས་ཀྱིས་ཀྱང་སོ་སོ་ལན་བརྒྱ་རྩ་བརྒྱད་དམ་ཡང་ན་ལན་ཉི་ཤུ་རྩ་ལྔ་ལམ་ལན་བདུན་ནམ་ལན་ཅིག་གི་མ་ཇི་ལྟར་ནུས་པ་བཞིན་བཟླས་པར་བྱའོ། །དེ་ནས་ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད ངའོ་ཞེས་བསྒོམ་པར་བྱའོ། །ལྷའི་དེ་ཉིད་ཐམས་ཅད་མངོན་དུ་བྱས་སྔགས་ཀྱི་སྒྲ་ཡིས་མངོན་པར་ལེན་པ་ལ་བརྩོན་པར་བྱའོ། །དེ་ཉིད་ནི་ཐམས་ཅད་ཀྱི་བཟླས་པར་འགྱུར་རོ། །དེ་ནས་ཡང་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་རྡུལ་ཕྲ་རབ་ཀྱི རྡོ་རྗེ་དེའི་ལྟེ་བ་ལ་ཧཱུཾ་ཡིག་གི་སྒྲའི་ངོ་བོ་ལ་སེམས་གནས་པར་བྱའོ། །ཇི་སྲིད་བསྒོམས་པས་ངལ་བར་མ་གྱུར་པ་དེ་ཉིད་དུ་བཟླས་པར་བྱའོ། །ངལ་པར་གྱུར་ན་བསྟོང་པ་བརྒྱ་རྩ་བརྒྱད་བྱས་ཏེ། མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམS དང། སྒེག་མོ་ལ་སོགས་པ་བརྒྱད་དང། ཕྱག་འཚལ་བ་བཞི་ཡང་བྱའོ། །དེ་ལ་བསྟོང་པ་བརྒྱ་རྩ་བརྒྱད་པ་ནི་འདིའོ། །རྡོ་རྗེ་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་རྡོ་རྗེ་མཆོག་།ཕྱག་ན རྡོ་རྗེ་ཁྱོད་ལ་འདུད། །རྡོ་རྗེ་ཆགས་པ་བློ་བཟང་མཆོག་གོ་།རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག་།རྡོ་རྗེ་འགུགས་པ་ཁྱོད་ལ་འདུད། །རྡོ་རྗེ་ཆས་པ་བདེ་བ་ཆེ། །རྡོ་རྗེ་མདའ་ནི་དབང་དུ་བྱེད། །བདུད་ཀྱི་འདོད་པ་རྡོ རྗེ་ཆེ། །རྡོ་རྗེ་མདའ་ཉིད་ཁྱོད་ལ་འདུད། །རྡོ་རྗེ་ལེགས་ལ་ལེགས་འཛིན་པ། །རྡོ་རྗེ་དགྱེས་བ་དགའ་བ་ཆེ། །དགའ་ཞིང་མགུ་བ་རྡོ་རྗེ་མཆོག་།རྡོ་རྗེ་དགྱེས་པ་ཁྱོད་ལ་འདུད། །རྡོ་རྗེ་རིན་ཆེན་རྡོ་རྗེའི་དོན། །རྡོ་རྗེ་ནམ་མཁའ་ཨི་ནོར་བུ་ཆེ། །ནམ་མཁའ་ཨི་སྙིང་པོ་རྡོ་རྗེ་སོགས། །རྡོ་རྗེ སྙིང་པོ་ཁྱོད་ལ་འདུད། །རྡོ་རྗེ་གཟི་བརྗིད་འབར་བ་ཆེ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །རྡོ་རྗེ་འོད་ཟེར་ཁྱོད་ལ་འདུད། །རྡོ་རྗེ་ཏོག་ནི་སེམས་ཅན་དོན། །རྡོ་རྗེ་རྒྱལ་མཚན་ལེགས་མཉེས་པ། །རིན་ཆེན་ཏོག་ནི་རྡོ་རྗེ་ཆེ། །རྡོ་རྗེ་ཁུ་ཚུར་ཁྱོད་ལ འདུད། །རྡོ་རྗེ་ཞག་པ་གང་རྒྱངས་ཆེ། །རྡོ་རྗེ་འཛུམ་ནི་རྨད་བྱུང་ཆེ། །དགའ་ཞིང་མགུ་པ་རྡོ་རྗེའི་མཆོག་།རྡོ་རྗེ་དགྱེས་པ་ཁྱོད་ལ་འདུད། །རྡོ་རྗེ་ཆོས་ནི་སེམས་ཅན་དོན། །རྡོ་རྗེ་པདྨ་ལེགས་སྦྱོར་བ། །འཇིག་རྟེན་དབང་ཕྱུག་རྡོ་རྗེ་ལེགས། །རྡོ་རྗེ་སྤྱན་ཉིད་ཁྱོད་ཁ་འདུད།། རྡོ་རྗེ་རྣོན་པོ་ཐེག་པ་ཆེ། །རྡོ་རྗེ་མཛོད་ནི་མཚོན་ཆ་ཆེ། །འཇམ་པའི་དཔལ་ནི་རྡོ་རྗེ་ཟབ། །རྡོ་རྗེ་བློ་གྲོས་ཁྱོད་ལ་འདུད། །རྡོ་རྗེའི་རྒྱུ་ནི་རྒྱན་ཆེན་ཏེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རྡོ་རྗེ་མཆོག་ནི་རབ་ཏུ་བསྐོར། །རྡོ་རྗེ་རྒྱན་ཉིད་ཁྱོད་ལ་འདུད། །རྡོ་རྗེ་སྨྲ་བ་རིགས་ལེཌ མཆོག་། རྡོ་རྗེ་རྒྱལ་བ་ལེགས་སྒྲུབ་པ། མི་སྨྲ་རྡོ་རྗེ་བློ་གྲོས་མཆོག་།རྡོ་རྗེ་གསུང་ཉིད་ཁྱོད་ལ་འདུད། །རྡོ་རྗེ་ལས་ནི་རྡོ་རྗེ་མཆོག། རྡོ་རྗེའི་ལས་ནི་ལེགས་ལྡན་པ། །དོན་ཡོད་རྡོ་རྗེ་རྒྱ་ཆེན་པོ། །སྣ་ཚོགས་རྡོ་རྗེ་ཁྱོད་ལ་འདུད། །རྡོ་རྗེ་བསྲུང་བ་བརྩོན་འགྲུས་ཆེ། །རྡོ་རྗེའི ཆོས་ནི་བརྟན་པ་ཆེ། །ཐུབ་པར་དཀའ་བའི་བརྩོན་འགྲུས་མཆོག། རྡོ་རྗེ་བརྩོན་འགྲུས་ཁྱོད་ལ་འདུད། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེའི་མཆེ་བ་མཆོན་ཆ་ཆེ། །བདུད་རྣམས་འདུལ་བྱེད་རྡོ་རྗེ་མཆོག་།རྡོ་རྗེ་གཏུམ་པོ་ཁྱད་ལ་འདུད། །རྡོ་རྗེའི་མཚམS ནི་ཉེ་བར་བསྙེན། །རྡོ་རྗེ་འཆིང་བ་རབ་སྒྲོལ་བ། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག་།རྡོ་རྗེ་ཁུ་ཚུར་ཁྱོད་ལ་འདུད། །ཅེས་པའི་བསྟོད་པ་ཉེ་བར་བསྡུས་བས་དྲིལ་བུ་དཀྲོལ་བར་བྱའོ། །ཞེས་པ་ནི་ལས་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ནོ།། །།དེ་ནས འཆད་པར་འགྱུར་བའི་རིམ་པས་གཏོར་མ་དང་བདུད་རྩི་མྱང་བ་ཡང་བྱའོ། །ཡི་གེ་བརྒྱ་པ་ཡང་བརྗོད་པར་བྱའོ། །སྔོན་བཞིན་དུ་ཕྱིའི་མཆོད་པ་རྣམས་དང། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་དྲིལ་བུ་དཀྲོལ་བར་བྱའོ། །ཕྱག་འཚལ་བ་བཞི་བྱས ནས་བཟོད་པར་གསོལ་ཏེ། མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་རིན་ཆེན་དང་རྡོ་རྗེ་ཆོས་དང་རྡོ་རྗེ་ལས་རྣམས་ཀྱི་གནས་ཉིད་ལ་གནས་པའི་རྣམ་པར་སྣང་མཛད་ཀྱི་གཙུག་ཏོར་གྱི་གནས་ལ། དེ་ལ་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི ཕྱག་རྒྱ་སྙིང་གར་བཞེངས་ནས་ཕྱག་རྒྱ་ཐམས་ཅད་ཀྱི་དབང་བསྐུར་བར་བྱའོ། །ོཾ་བཛྲ་རཏན་བྷི་ཥིཉྩ་ཞེས་སོ། །དེའི་རྗེས་ལ་སྔོན་མ་བཞིན་དུ་གོ་ཆ་བྱའོ། །ོཾ་སརྦ་མུ་དྲ་མཻ་ཏྲི་ཀུ་རུ་བ་ར་ཀ་བརྩོན་པཾ། །མཛའ་ལ་མཉམ་པ་ཉིད་ཀྱི་ཀུན་གཞི་མཉེས་པར་བྱའོ། །ཞེས པས་མངོན་པར་འདོད་པའི་དོན་བསྒྲུབས་ཏེ་ཡོངས་སུ་བྱ་སྟེ། གང་ཞིག་བདག་གིས་ཆོ་ག་ཆད་པར་བྱས་པ་དེ་ཐམས་ཅད་བཟོད་པར་གསོལ་བར་བྱའོ། །མཆད་ཡོན་ཕུལ་ནས་བསྐུལ་ཞིང་གཤེགས་སུ་གསོལ་བར་བྱའོ། །གང་དང་གང་ལས་ཡང་དག་པར བྱུང་བའི་ཕྱག་རྒྱས་དེ་བཞིན་དུ་དེ་དང་དེ་ལ་གྲོལ་བར་བྱའོ། །སེམས་དཔའ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱས་གྲོལ་བར་བྱའོ། །ོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་འཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས ཀྱང། །སླར་ཡང་བྱོན་པ་ཉིད་དུ་ཞུ། །ོཾ་བཛྲེ་སཏྭ་མུ། ཨོཾ་བཛྲ་མུགི་ལུས་ལ་རབ་ཏུ་གཞུག། རྡོ་རྗེ་གནོད་སྦྱིན་རྡོ་རྗེ་བསྲུང་བ་དང། །རྡོ་རྗེ་མཚམས་དང་བཅས་པ་ཡིན། །ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང། །བདག་ཉིད་ཀྱང་ནི་ཡང་དག་བསྲུང། །ོཾ་བཛྲ་ཡཀཱ་ཧཱུཾ། ཨོཾ་བཛྲ་ར་ཀཱ་ཧཱུཾ། ཨོཾ་བཛྲ་སན་ཏི་བཾ། ཨོཾ་བཛྲ་ཨོཾ་བཛྲ་སཏྭ ཧཱུཾ། ས་གནོན་གྱི་ཕྱག་རྒྱ་བྱས་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨམ་ཎཱཾ་ཨཱ་བྱཱ་ནུད་པན་ན་ཏྭཏ། ཨོཾ་ཨཱརྒྱལ་དང་ལྡན་པས་སྤྱོད་ལམ་བྱའོ། །རྡོ་རྗེ་སེམས་དཔའ་སྦྱོར་བའི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བྱ་སྟེ་འདི་ནི་ལྷའི་རྣལ་འབྱོར་ཏོ། །དེ་ནས་དྲི་བཟངས་ཀྱི་ཆུས་དཀྱིལ་འཁོར་གྱི་ས་གཞི་ལ་མངོན་པར་གཏོར་ཏེ། ཨོཾ་བྷུ་ཁཾ་ཞེས་བརྗོད་ནས་ནམ་མཁར་གདེག་པར་བྱའོ། དེ་ནས་ཧཱུཾ་ལཾ་ཧཱུཾ་ཞེས་པ་འདིས་རྡོ་རྗེའི་རང་བཞིན་དུ་རྣམ་པར་བསྒོམ་པར་བྱ་སྟེ། ཨོཾ་མེ་དི་ནི་བཛྲཱ་བྷ་བ་བཛྲ་བནདྷ་ཧཱུཾ་ཞེས་པ་འདིས་སོ། །ོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ་ཅེས་པ་འདིས་ཀྱང་ངོ། །ོཾ་ཨཱབྱིན་གྱིས་བརླབ་པར་བྱའོ་ཞེས་པས་ནང་གི་བདག་ཉིད་དང་པོ་སྦྱང་བར་བྱའོ། །དེ་ནས་སེམས་དཔའ་ཨི་སྐྱིལ་ཀྲུའི་གས་བཞུགས་ནས་བདག་ཉིད་རབ་ཏུ་དགའ་བར་བྱ་སྟེ། དེ་རིང་བདག་ཚེ་འབྲས་བུར་བཅས། །བདག་ཉིད་གསོན་པའང་འབྲས་བུར་བཅས། །སངས་རྒྱས་ཀུན་གྱི དམ་ཚིག་མཚུངས། །བདག་ནི་ཐེ་ཚོམ་མི་?་བར། །ཕྱིར་མི་ལྡོག་པར་བདག་འགྱུར་ཏེ། །བྱང་ཆུབ་སེམས་དཔའ་སེམས་གཅིག་ཉིད། །བདག་ནི་ཐེ་ཚོམ་མི་ཟ་བར། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེ། །བདག་གི་མཆོག་ཏུ་དགའ་བའི་ཉིད། །བདག་མཆོད་དེ་རིང་བླ་ན མེད། །དེ་རིང་འདུས་པར་བདག་མཆོག་ཏུ། །སངས་རྒྱས་ཐམས་ཅད་མགྲོན་དུ་གཉེར། །ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ནས་ཧཱུཾ་ལས་ལྕེ་རྡོ་རྗེར་བྱས་ཏེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། མ་ལུས་ཕྱོགས་རྣམས་ཡང་དག་བཞུགས།། སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆེ་གེ་མོ། །འདིར་ནི་དཀྱིལ་འཁོར་བདག་འདྲི་བས། །སངས་རྒྱས་ཐམས་ཅད་གཤེགས་སུ་གསོལ། །བདག་ལ་འདིར་ནི་དངོས་གྲུབ་གསོལ། །དེའི་རྗེས་ལ་ནམ་མཁའ་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པ བཞི་པོ་རྣམས་ཀྱི་ཤར་ཕྱོགས་ལ་སོགས་པར་གནས་པའི་སློབ་མ་རྣམས་ཀྱིས། རང་རང་གི་འཁོར་ལོ་སྒྱུར་བའི་རྣལ་འབྱོར་དང་ལྡན་པས་ཇི་ལྟར་འོས་པའི་རྡོ་རྗེ་དྲིལ་བུ་བཟུང་ནས། སློབ་མི་གཅིག་གིས་ཀྱང་དེ་དང་དེར་སོང་ནས གསོལ་བ་གདབ་པར་བྱའོ། །སརྦ་ཏ་ཐཱ་ག་ཤཱན་ཏཾ་སརྦ་ཏ་ཐཱ་ག་ཏ་ལ་ཡཾ། སརྦ་དྷརྨཱ་གྲ་ནི་རཱཏ་མྱ་དེ་ཤ་མཎ་ཌ་ལ་མུཊཊ་མ། སརྦ་ལཀྵ་ཎ་སཾ་པཱུར་ཎ་སརྦ་ལཀྵ་ཎ་པ་རཱ་ཛི་ཏཾ། ས་མནྟ་བྷ་དྲཀཱ་ཡཱ་གྲ་བྷཱ་ཥ་མཎ་ཌ་ལ་མུཏྟ་མཾ། ཤཱན་ཏ་དྷརྨམ་གྲ་སཾ་བྷུ་ཏཾ་ཛྙཱ་ན་ཙརྱ་བི ཤོ་དྷ་ཀཾ། ས་མནྟ་བྷ་དྲ་བཱ་ཙྭགྲ་བྷཱ་ཥ་མཎ་ཌལ་མུཏྟ་མཾ། སརྦ་སཏྭ་མཧཱ་ཙིཏྟཾ་ཤུདྡྷ་པྲ་ཀྲི་ནི་ར་མ་ལཾ། ས་མནྟ་བྷ་དྲི་ཙཏྟཱ་གྲ་གྷོ་ཥ་མཎ་ཌ་ལ་ཤ་ར་ཐེ། ཞེས་པའི་ཚིགས་སུ་བཅད་པ་བཞི་པོ་རྣམས་ཀྱིས་དཀྱིལ་འཁོར་བྲི་བ་ནི་གསོལ་བ་གདབ་པར་བྱའོ།། ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་ནས། གསུམ་གྱིས་རྒྱས་པར་བཤད་པར་བྱའོ། །མཎྜ་ལཾ་དང་དེ་ཤ་དང་བྷཱ་ལ་དང་གྷོ་ཥ་ཞེས་པས་བཤད་དུ་གསོལ་ཞེས་པའི་དོན་ནོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྤྲོ བ་ལ་སོགས་པའི་དཀྱིལ་འཁོར་བསྒོམ་པ་སྔོན་དུ་འགྲོ་བས་རྡོ་རྗེ་ཁུ་ཚུར་གྱི་སྡིགས་མཛུབ་གཉིས་རབ་ཏུ་བརྐྱང་ནས་རྩེ་མོ་སྦྱར་ཏེ་ཁ་དོག་ཏུ་བཟུང་བར་བྱའོ། །ཧཱུཾ་བཛྲོད་ཏིཥྛ། ཞེས་བརྗོད་ནས་ནམ་མཁའ་ལ་ཡང་དག་པར་གདེག་པར་བྱའོ། །དེའི་རྗེས ལ་ཡོལ་བའི་ནང་དུ་འདུག་ནས་འཁོར་ལོ་སྒྱུར་བའི་ཚུལ་དུ་བཟུང་ལོགས་ལ་སོགས་པས་བརྒྱན་ཏེ། རྐང་པ་མཉམ་པོར་གནས་ནས་ཡོལ་བ་བ་བསལ་ཏེ། རིམ་པ་བཞིན་དུ་དབུ་རྒྱན་དང་དཔྲལ་བ་དང་ཀོ་སྐོ་དང། མགྲིན་པ་དང་ཕྲག་པ་དང་ལག་པ དང་སྙིང་ཀ་དང་ལྟེ་བ་དང་རྐེད་པ་དང། བུས་མོ་དང་རྐང་རྣམས་ལ་བལྟས་ནས། སར་བ་ཏུ་དགའ་བ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་ཞེས་མཚོན་པ་ལ་སོགས་པ་རྡོ་རྗེ་ཅན་གྱིས་ངེས་པར་སྒྲོས་ཏེ། དེ་ནས་སྤྱི་བོར་མེ་ཏོག་གི་སྙིམ་པས། ཨོཾ་པྲ་ཎ མཱ་མི་སརྦ་ཏ་ཐཱ་ག་ཏ་མི་ཞེས་པས་ཕྱག་བྱའོ། །དེ་ནས་སྙིང་གར་ཐལ་མོ་སྦྱར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏེ་བྷཡོཾ་པ་པཱ་དུ་ཀཱ་བ་རཱུ་པ་ན་པ་ཨ་རཱུ་པི་ཎི་བེ་སཾ་ཛྙི་ཎོ་བཱ་སརྦ་ཏེ་སཏྭ་མ་ཡཱ་མ་ཧཱ་མུ་དྲ་བ་དེ་ཕྲ་ཏིཥྛ་པ་ཡེ་ཏ་བྱ། ཞེས་པའི་སྨོན་ལམ་གདབ་བོ། །མ་རིག་པའི་མུན་པར་ཡོངས་སུ་ལྷུང་བའི་བདུད་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས་ལ་མངོན་པར བལྟས་ཏེ་བདུད་རྣམས་བསྐྲད་པར་བྱའོ། །སྐད་ཅིག་གིས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་ཁྲོ་བོའི་དབང་ལས་སྨིན་མཚམས་སུ་ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ་བསྙེམས་པ་དང་བཅས་པའི་ཐུགས་ལ་སོགས་པས། མ་ཀ་རེ་ཎ་སུ་ཏྱི་ཀྲི་ཏ་ས་བྱ་ནེ་ཏྲཾ། ཊ་ཀཱ་ར ཎ་ཨ་ཙན་ཏྲཱི་ཀྲི་ཏ་པ་མ་ནེ་ཏྲེཡཾ་བཛྲ་བཛྲ་པ་ཏྲ་མྱ་ཧཾ་ཡཾ། ཨ་ཧཾ་བྷུ་དྷོ་མཧཱ་རཱ་ཛ་ཨ་ཏཾ། བཛྲི་མཧཱ་བ་ལཱ། ཨ་ཧཾ་ཡོ་གི་གཱི་ཤྭ་རོ་རཱ་ཛཱ་བཛྲ་པཱ་ཎི་ར་ཧཾ་དྲཾ་ཌཧཾ་ཞེས་སོ། །འགྱིང་བཅས་མཆོག་ཏུ་སྒེག་པ་ཡི། །རྡོ་རྗེ་གསོར་བ་མཆོག་དེ་ལ། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །ང་རྒྱལ གྱིས་ནི་ཡོངས་སུ་བཅག། དེ་བཞིན་དུ་སྒྲུབ་པ་པོ་ཕྱི་མ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བཅག་པར་བྱའོ། །འོན་ཀྱང་ཤར་ཕྱོགས་སུ་གནས་པའི་སྒྲུབ་པ་པོ་ཕྱི་མས། ཧཱུཾ་གི་ཡི་གེ་ལས་རྐང་པའི་མཐིལ་དུ་རྡོ་རྗེ་རྩེ་གཅིག་པའི་རྐང་པར་བསམས་ཏེ་རྐང་པ གཡས་པས་རྒྱབ་དང་མདུན་དུ་ས་གཞ་ལ་རྣམ་པར་བྱའོ། །དེ་བཞིན་དུ་རྐང་པ་གཡོན་པས་ཀྱང་ངོ། །ོཾ་ཨོ་ཀ་སུ་ཙི་ཀ་བཛྲི་པཱ་ད་བཛྲ་མཧཱ་ཀྲོ་དྷ་བྷཾ་ཛ་བྷཾ་ཛ་སརྦ་དུཥྚ་སུ་རཱ་ཎ་ཧཱུཾ་ཕཊ། ཨ་པ་ས་རནྟུ་བྷ་བནྟོ། །ཡེ་ཀེ་ཙིཏྟ་དེ་བཱ་སུ་རན་ཡཀྵ་རཱཀྵ་ས་པྲེ་ཏ པི་ཤཱ་ཙ། ཨ་པསྨ་ར་ཌཱ་ཀ་ཌཱ་ཀི་ནི་ཨོ་ཏ་ར་ཀ། མཧཱ་ལ་ལི་ཀཱ། ཨ་ནུ་ཙ་ར་ཨ་རི་ཥ་ཏ། ག་རུ?། ཀི་པུ་རུ་ཥ། མནྟྲ་སིདྡྷ། སཏྲ་ཐཱིཔྲཱ་དེ་ཤེ། ཨ་མུ་ཀེ་ན་མ་ཡཱ། ཨ་མུ་ཀ་སྱ་དཱ་ན་པ་ཏེ། རདྷེ་སཾ་དྷ་པ་རི་པཱུ་ཎ་ར་ཐཾ་སརྦ་སཏྭ་ནུཏྟ་རཛ?་མ་ལཱ་བྷ་དེ་ཏོ་མུ་ག་མཎྜ་ལ་མཱ་ལ་ཁ་ཏ་བྱཾ། ཏ་དཾ་དཾ་མཧཱ་བཛྲ་དྷ་རཛྙཱ་ཤུ་ཏ་ཤཱི་བྷཱ་མེ་བྷཱ་བ་ཀྲ་མ་ཐ། ཡོ་ནཱ་པ་ཀྲ་མ་ཏི། ཏ་སྱ་ཧཾ་ནེ་ན་པྲ་ཛཝ་ལ་ཏེ་ན་ཧཱུཾ་ཀ་རེ་ཎ། དི་དྷེ་ན་མཧཱ་ཏཱཛྙཱ་ན་བཛྲེ་ཎ་མཱུ་ཏཱ་ནཱཾ། ཤ་ཏ་བ་ཀཱི་རཱ་མི། ཞེས་བརྗོད་པས་ཁྲོ་བོ་དཔག་ཏུ་མེད་པ་སྤྲས་ནས་བགེགས རྣམས་བསྐྲད་པར་བྱའོ། །དཀྱིལ་འཁོར་གྱིས་གཞི་ཡང་བཅུད་ཀྱི་མཐིལ་ལ་ཐུག་པར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་གནས་པའི་སྒྲུབ་པ་པོ་ཕྱི་མས་རྐང་པའི་མཐིལ་དུ་ཧཱུཾ་ཡིག་ལས་རྡོ་རྗེ རྩེ་གསུམ་པ་བསམས་ལ་ས་གཞི་ལ་ཡང་རྣམ་པར་བྱ་ཞིང་སྔགས་བརྗོད་པས་ཡོངས་སུ་བཅག་པར་བྱའོ། །སྔགས་ནི། ཨཾ་ཏྲཾ་སུ་ཙི་ཀ། བཛྲ་པཱ་ར་བཛྲ་མ་ཧཱ་ཀྲོ་ཌཧ་བྷཾ་ཛ་སརྦ་དུཥྚ་སུ་རཱཥྚ་སུ་རཱ་ཎ་ཧཱུཾ་ཕཊ། ཨ་པ་ས་རནྟུ་བྷ་བནྟོ། །ཡེ་ཀེ་ཙི་ཏསྠཱ་ན་བཱ་པཾ་ནཡཀྵ་གན་དྷ་ར་བ་བྷུ་ཏི་ནི་ཌཱ་ཀཱི་ནཱི། སཏྭ་ཨརྦ་ཀྲི་ཡ་ཨཱ་རམ་དྷེ་གཙྪ་དྷཝ་ཤཱི་གྷཝ་མེ་བ་ཏུ། ཤྲི་ཎ་ནྟུ་པ་རྒོ་བོ་གྷྣ་གྷཱད་ཨི་དཾ་ཀ་ཥཙི་ཏ་མེ་བི་ཤཨཱརྱ་ཏ་ནཱ་ཏྲ་སཾ་ཤ་ཡབྱའོ། །དེ་བཞིན་དུ་ནུབ་ཕྱོགས་སུ་གནས་པའི་སྒྲུབ་པ་པོ་ཕྱི་མས་རྐང་པའི་མཐིལ་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ལྔ་བ་བསམས་ལས་གཞི་ལ་ཡང་རྣམ་པར་བྱ་ཞིང་སྔགས་བརྗོད་པས་ཡོངས་སུ་བཅག་པར་བྱའོ། །ོཾ་པཉྩ་སུ་ཅི་ཀ་བཛྲ་པཱ་ད བཛྲ་མཧཱ་ཀྲོ་དྷ་བྷཾ་ཛ་སརྦ་དུཥྚ་ཨ་སུ་རཱ་ཎ་ཧཱུཾ་ཕཊ། ཨ་བ་ས་རཱནྟུ་བྷ་བནྟོ་ཡེ་ཀེ་ཙིཏ་དེ་བ་ཨ་སུ་ར་ནཱ་ག་ཡཀྵ་མེ་ཧོ་ར་གཨཱརྱ་པ་སྨ་ར་བྷུ་ཏ་བྷུ་ཏི་ནྱཐི་བྷི་ཏ་ལེ། ཨ་སྨིན་ནི་བ་སནྟོ་བྷ་བནྟཏ་ཀི་ར་ཎ་བཛྲ་ཎ་མཱུ་ར་དྷྣི་ཤ་ཏ་དྷ་བི་ཀ་རེ་ཏ། ཞེས་བརྗོད་ནས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་རྣམས་བསྐྲད་པར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་ཡང་བཅུད་ཀྱི་མཐིལ་ལ་ཐུག་པར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱས? དེ་བཞིན་དུ་བྱང་ཕྱོགས་སུ་རྣམ་པར་བྱས་ནས་གར་གྱི་སྦྱོར་བས་བསྐོར་བར་བྱ་སྟེ། སྔགས་བརྗོད་པས་ཡོངས་སུ་བཅགས་པར་བྱའོ། །ོཾ་བི་ཤྭ་བཛྲ་པཱ་དཱ་མ་ཧཱ་ཀྲོ་དྷ་བྷཾ་ཛ་དྷཾ་ཛ་དྷཾ་ཛ་སརྦ་དུཥྚ་ཨ་པ་ས་རནྟུ་མཧཱ་བིགྷྣ་ཡི་ཀེ་ཙིཏྟ་ཀ་ཊ་པཱུ་ཏ་མཱ རྒྱབ་དང་གཡོན་ཕྱོགས་སུ་རྣམ་པར་བྱས་ནས་གར་གྱི་སྦྱོར་བས་བསྐོར་བར་བྱ་སྟེ། སྔགས་བརྗོད་པས་ཡོངས་སུ་བཅགས་པར་བྱའོ། །ོཾ་བི་ཤྭ་བཛྲ་པཱ་དཱ་མ་ཧཱ་ཀྲོ་དྷ་བྷཾ་ཛ་སརྦ་དུཥྚ་ཨ་སུ་རཱ་ཎ་ཧཱུཾ་ཕཊམ་ཨཧཱ་སུཁ་ཛྙཱ་ན་སཾ་བྷུ་ཏཱ་བཛྲ་པ་ཏྲ་སྭ་བྷཱ་བ་ཛཱབགེགས་རྣམས་བསྐྲད་པར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་ཡང་བཅུད་ཀྱི་མཐིལ་ལ་ཐུག་པར་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །འདིར་ཡང་འཆག་པའི་དུས་སུ་སྒོ་སོ་སོར་དག་ཉིད་ཀྱི་གཡོན་དུ་གནས་པའི སློབ་མའི་དྲིལ་བུའི་དབུས་སུ་རྡོ་རྗེ་རབ་ཏུ་གཞུག་པར་བྱའོ། །བདག་ཉིད་ཀྱི་དྲིལ་བུ་ལ་རྡོ་རྗེ་ཡང་ངོ། །ོཾ་ཁ་བཛ་དྷྲི་ཀ་བཛྲ་ཧཱཾ་ཕཊ། ད་ནི་རྐང་སྟབས་བསྒྲུབ་པ་བརྗོད་པར་སྟེ། དེ་ལ་སློབ་དཔོན་གཙོ་བོས་རྡོ་རྗེའི་གར་སྔོན་དུ་འགྲོ་བས་ཤར་ལ་སོགས པའི་ཕྱོགས་སུ་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོའིང་རྒྱལ་གྱིས་ཧཱུཾ་ཡིག་གི་གདངས་བརྗོད་ནས། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང་ལྡན་པས་བྱིན་པ་གཡོན་བསྐུམ་སྟེ་བྱིན་པ་གཡས་པ་མཐེ་ལྡའི་བར་དུ་རབ་ཏུ་བརྐྱང་སྟེ་སྔགས་ཀྱང་བརྗོད་པ་ནི་གཡས་བརྐང་ཞེས བྱ་བ་ནི་གནས་སུ་འགྱུར་རོ། །ོཾ་ཨཱ་ལི་ཊ་པཱ་ད་བཛྲ་མཧཱ་ཀྲོ་དྷ་བི་གྷཱུརྞ་ཡ་སརྦ་དུཥྚ་དེ་བཱ་དི་མཱ་རཱ་ན་ཧཱུཾ་ཕཊམཐོ་ལྔའི་བར་དུ་རབ་ཏུ་བརྐྱང་སྟེ་ཧཱུཾ་ཡིག་གི་གདངས་བརྗོད་ནས་རབ་ཏུ་བརྐྱང་བར་བྱ་སྟེ། གཡོན་བརྐྱང་ཞེས་བྱ་བའི་གནས་སུ་འགྱུར་རོ། །ོཾ་པྲ་དྱ་ལཱི་ཊ་པཱ་ད་བཛྲ་མཧཱ་ཀྲོ་དྷ་བི་གྷུརྞ་ཡ་བིགྷུ་རྞ་ཡ་སརྦ་དུཥྚ་ཡ་མཱ་དི་མཱ་རཱན་ཧཱུཾ་ཕཊ། དེ་བཞིན་དུ་ཆུ བདག་ཏུ་རྡོ་རྗེ་རྒྱས་པའི་ང་རྒྱལ་གྱིས་བུས་མོ་གཉིས་སོར་ཉི་ཤུ་རྩ་དྲུག་གི་བར་དུ་འཕྲེང་ལ་གཤོག་པ་ལྟར་གཉིས་པོ་ཡང་དག་པར་བཀོད་ནས་རྡོ་རྗེ་གསོར་བར་བྱའོ། །ས་ཁའི་རྐང་སྟབས་ཞེས་བྱ་བའི་གནས་སུ་འགྱུར་རོ། །སྔགས་ནི་ཨོཾ་བཻ་ཤཱ་ཁ་པཱ་ད བཛྲ་མ་ཧཱ་ཀྲོ་དྷ་བ་བྷུརྞི་ཡ་བི་གྷཱུརྞ་ཡ་སརྦ་དུཥྚ་ནཱ་གཱ་དི་མའརཱ་ད་ཧཱུཾ་ཕཊ། དེ་བཞིན་དུ་ལུས་ངན་དུ་རྡོ་རྗེ་འབེབས་པའི་ང་རྒྱལ་གྱིས་བྱིན་པ་གཉིས་ཀུན་ནས་བཀུར་སྟེ་བུས་མོ་གཉིས་དང་པའི་གཤོག་པ་ལྟར་དམད་ནས་དྲིལ་བུ་དཀྲོལ་ཞིང་ཡོངས་སུ་བརྐོར བར་བྱའོ། །ཟླུམ་པོ་ཞེས་བྱ་བའི་རྐང་སྐབས་ཀྱི་གནས་སུ་འགྱུར་བའོ། །སྔགས་ནི། ཨོཾ་མཎ་ཌ་ལ་པཱ་ད་བཛྲ་མཧཱ་ཀྲོ་དྷ་བི་བྷཱརྞ་ཡ་བི་གྷཱུརྞ་ཡ་སརྦ་དུཥྚ་ཡགཥའདི་མཱ་རཱ་ན་ཧཱུཾ་ཕཊ། དེ་བཞིན་དུ་དབུས་སུ་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་གྱིས་ཕྱག་རྒྱ་ཆེན་པོ་བཅིངས་ནས རྐང་པ་གཞིས་མཐེ་བོང་དང་ལོང་བུ་སྦྱར་ནས་དྲང་པོར་བྱས་ཏེ་ལག་པ་གཉིས་སྙིང་གར་ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱའོ། །མཉམ་པོའི་རྐང་སྟབས་ཞེས་བྱ་བའི་གནས་སུ་འགྱུར་རོ། །སྔགས་ནི། ཨོཾ་ས་མ་པཱ་ད་བཛྲ་མཧཱ་ཀྲོ་དྷ་བི་གྷཱརྞ ཡ་བི་?་རྞ་ཡ་སརྦ་དུཥྚ་ཏྲེ་དྷཱ་ཏུ་ཀཱ་པ་སྠི་ཏི་སརྦ་མཱ་རཱ་ན་ཧཱུཾ་ཕཊ། དེ་བཟིན་དུ་?་ཏུ་རྡོ་རྗེས་འོག་གི་ང་རྒྱལ་གྱིས་འོག་ཏུ་བཅིང་བར་བྱ་སྟེ་རྡོ་རྗེ་བཅིངས་པའི་ཕྱག་རྒྱ་དང་ལྡན་པས་རྐང་པ་གཡས་པས་གཡོན་པ་མནན་པ་ནི་རུས་སྤལ་གྱི་རྐང་སྟབས་ཤེས་བྱ བའི་གནས་སུ་འགྱུར། སྔགས་ནི། ཨོ་ཀུརྨ་བཱ་ད་བཛྲེ་མ་ཧཱ་ཀྲོ་ཀྲ་མ་ཡ་ཀྲ་མ་ཡ་སརྦ་པཱུ་ཏཱ་ལ་བཱ་སི་བྱཱ་ད་མཱི་རཱ་ན་ཧཱུཾ་ཕཊ། དེ་བཞིན་དུ་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ང་རྒྱལ་གྱིས་སྤྱི་བོར་ཐལ་མོ་སྦྱར་ནས་རྐང་པ་གཡོན་སོར་བཞག་ནས་རྐང་པ གཡས་པ་བརླ་གཡོན་པའི་སྟེང་དུ་ཡོངས་སུ་བར་བྱའོ། །རྐང་གཅིག་གི་རྐང་སྟབས་ཤེས་བྱ་བའི་གནས་སུ་འགྱུར་རོ། །ོཾ་ཨེ་ཀ་པ་ད་བཛྲ་མ་ཧཱ་ཀྲོ་དྷཱ་ཀ་ར་ཥ་ཡ་སརྦ་དུཥྚ་ཨཱནད་རཱི་ཀྵ་ཙ་རཱ་རི་མཱ་རན་ཧཱུཾ་ཕཊ། གཡས་བརྒྱད་ལ་སོགས་པའི་རྐང་སྟབས་བདུན་པོ་འདི རྣམས་སྒྲུབ་པ་པོ་ཕྱི་མ་བཞི་པོ་རྣམས་ཀྱིས་ཀྱང། བྱའོ། །དེ་ནས་རྡོ་རྗེའི་གང་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་ཡང་གསོར་བར་བྱའོ། །དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་དང་པོ་དང་རྩེ་མོ་ཅན་དང་ལྷོ་དང་ལྷོ་དང་མཚན་མོ་སྤྱོད་པ་དང་ཀླུ་དང་གནོད་སྦྱིན དང་འོག་དང་སྟེང་གི་ཕྱོགས་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ། སོ་སོ་རང་རང་གི་ཚུལ་བཞི་བཅུ་རྩ་གཉིས་བྱའོ།། །།དེ་ལ་གཡས་ལ་ཚུལ་བཅུ་གཅིག་སྟེ། སེང་གེའི་རྐང་སྟབས་དང། དང། སེང་གེའི་གཡས་ལ་དང། རྡོ་རྗེ་ཐོ་བ་དང། བུད་མེད སྒྱུ་མ་བྱེད་པ་དང། རྡོ་རྗེ་དགས་པ་དང། རྡོ་རྗེ་མཆེ་བ་དང། རལ་གྲི་དང། ལྕགས་ཀྱུ་དང། མདུད་དང། འུར་རྡོ་དང། གཞུའི་ཚུལ་རྣམས་སོ། །གཡོན་བརྐྱང་ལ་ཚུལ་བཅུ་སྟེ། རྡོ་རྗེ་འཕེན་པ་དང། རྡོ་རྗེ་འཇིགས་བྱེད་དང། སྟོབས་པོ་ཆེ་འགུགས་པ་དང། རྡོ་རྗེ གཞད་པ་དང། རྡོ་རྗེ་ཚུལ་དང། རྡོ་རྗེ་ཞགས་པ་དང། དབྱུག་པ་དང། མདུང་དང། མཚོན་རྩེ་གཅིག་པ་དང། མདའའཕེན་པའི་ཚུལ་རྣམས་སོ། །ས་ཁའི་རྐང་སྟབས་ལ་ཚུལ་དྲུག་སྟེ། རྡོ་རྗེ་འགུགས་པ་དང། རྡོ་རྗེ་སྒེག་པ་དང། མི་འཇིགས པ་དང། འབྲས་བུ་དང། མཆོད་སྦྱིན་དང་ཕྱག་འཚལ་བའི་ཚུལ་རྣམས་སོ། །ཟླུམ་པོའི་རྐང་སྟབས་ལ་ཚུལ་བདུན་ཏེ། རྡོ་རྗེ་གར་དང། ཞལ་བཞི་བྱིན་གྱིས་བརླབ་པ་དང། རྡོ་རྗེ་འཁྱིལ་པ་དང། རྡོ་རྗེའི་དྲིལ་བུའི་སྒྲ་དང། འཁོར་ལོ་དང། པདྨ་དང། མདའ འདྲེན་པའི་ཚུལ་རྣམས་སོ། །མཉམ་པའི་རྐང་སྟབས་ལ་ཚུལ་ལྔ་སྟེ། རྡོ་རྗེ་རྒྱས་པ་དང། རྡོ་རྗེ་སྟོབས་བསྐྱེད་པ་དང། རྡོ་རྗེ་རོ་ལངས་དང། གཏུན་ཤིང་དང། བ་དན་རྣམས་སོ། །རུ་སྤལ་གྱི་རྐང་སྟབས་ཀྱི་རྡོ་རྗེ་སེམས་དཔའ་ཨི་མཆུའི་ཚུལ་ལོ། །རྐང་གཅིག་གི སྟབས་ལ་ཚུལ་གཉིས་ཏེ། བསྙེམས་པ་གཉིས་དང་གུང་བའི་དྲ་བའོ། །དེ་ལ་རེ་རེ་ཞིང་སོ་སོར་རྣམ་པར་དབྱེ་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེའུ་གཉིས་ལྕགས་སྒྲོག་གི་རྣམ་པར་ཡང་དག་པར་སྦྱར་ཏེ་མཛུབ་མོ་གཉིས་རྩེ་མོར་བྱས་ནས་ཕྱིར བཟློག་སྟེ་གདོང་གི་མདུན་དུ་གཟུང་བར་བྱའོ། །ལག་པ་དང་རྐང་པ་དག་དུ་སྦལ་གྱི་ཚུལ་དུ་བྱའོ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨི་མཆུའི་ཚུལ་ལོ། །རྡོ་རྗེ་སེམས་དཔའ་ཨི་ཁྲོ་བོའི་ང་རྒྱལ་བྱའོ། །སྔགས་ནི། ཨོཾ་བཛྲ་ཏུ་ཎ་ཊ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཀྲ་མ་ཡ་ཀྲ་མ་ཡ སརྦ་བིགྷྣཾ་ཧཱུཾ་ཕཊ། བརྟན་པ་དང་གཡོ་བའི་རང་བཞིན་གྱི་དངོས་པོ་ཐམས་ཅད་ཀྱི་ནད་ཐམས་ཅད་དང་ལྷ་རྣམས་ཀྱི་དམ་ཚིག་ཐམས་ཅད་ཀྱི་དོན་ཉིད་དུ་རྡོ་རྗེ་སེམས་དཔའ་ཨི་ཆུལ་ལོ། །ས་ཁའི་རྐང་སྟབས་ཀྱིས་མི་བསྐྱོད་པའི་ང་རྒྱལ་གྱིས་ཀླུ་བཅིངས་ཏེ། གཡས་པས་སྙིང་གར་འགུགས་པ་ནི་རྡོ་རྗེའི་འགུག་པའོ། །སྔགས་ནི། ཨོཾ་བཛྲ་ཨཽ་ཏ་ཀརཥ་ཎཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀརཥ་ཡ་ཨཱ་ཀརཥ་ཡ་སརྦ་ཏ་ཐཱ་ག་ཏཱ་ན་ཧཱུཾ་ཕཊ། ཕུང་པོའི་བདུད་རྣམ་པར་གཞོམ་པའི་ཕྱིར་རྡོ་རྗེ་འགུག་པའོ། །སླར་ཡང་ས་ཁའི རྐང་སྟབས་ཀྱིས་ལས་ཀྱི་ང་རྒྱལ་གྱིས། རྡོ་རྗེ་བཞིན་དུ་འགྱིང་བ་དང་བཅས་པས་ཡོངས་སུ་བསྐོར་པར་བྱའོ། །སྔགས་ནི། ཨོཾ་བཛྲ་བི་ལཱ་སཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་སརྦ་ཏ་ཐཱ་ག་ཏ་ཧཱུཾ་ཕཊ། བདུད་ཀྱི་དགྲ་ཐམས་ཅད་རྨོངས་པར་བྱེད་པའི་ཕྱིར་རྡོ་རྗེ་སྒེག་པའོ།། རྐང་པ་གཅིག་པའི་སྟབས་ཀྱིས་ཁྲོ་བོ་སྒེག་པའི་ང་རྒྱལ་གྱིས་ལག་པ་གཉིས་གར་བྱེད་ཅིང་པདྨའི་ཐལ་མོ་སྦྱར་ནས་སོར་མོ་ཐམས་ཅད་ཀྱིས་རིགས་ངེས་པར་གྲོལ་བ་ནི་བསྙེམས་པ་དང་སྒེག་པའི་ཚུལ་ལོ། །སྔགས་ནི། ཨོཾ་སརྦ་གརྦ་ཡཱ་བྷྲིན་ཡ་བཛྲེ་མཧཱ་ཀྲོ་དྷ་ཀཾ བ་ཡ་ཀཾ་བ་ཡ་སརྦ་མ་རཱན་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་འདེབས་པའི་ཕྱིར་བསྙེམས་པ་གཉིས་སོ། །སླར་ཡང་རྐང་གཅིག་པའི་སྟབས་ཀྱི་རྣམ་པར་སྣང་མཛད་ཆེན་པོའི་ང་རྒྱལ་གྱིས་སོར་མོ་ཐམས་ཅད་ངེས་པར་གྲོལ་བ་ལས ལག་པ་གཉིས་ཀུན་ཏུ་རབ་ཏུ་བརྐྱང་སྟེ། གཡས་དང་གཡོན་དུ་བསྐོར་བར་བྱའོ། །སྔགས་ནི། ཨོཾ་གྷཱ་མ་རི་ཛཱ་ལཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་བྷཾ་ཛ་ཡ་བྷཾ་ཛ་ཡ་སརྦ་ཏི་རྠི་ཀཱ་ན་ཧཱུཾ་ཕཊ། བདུད་ཐམས་ཅད་ལས་རྣམ་པར་ཐར་པའི་ཕྱིར་བུང་བའི་དྲ་བའོ། །གཡས་བརྐྱང གི་སྟབས་ཀྱིས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། རང་གི་ཁ་གདངས་ཤིང་ལག་པ་གཡོན་པ་གདོང་དུ་རབ་ཏུ་བརྐྱང་ནས་ལག་པ་གཡས་པ་རྒྱབ་ཀྱི་སྟེང་དུ་རབ་ཏུ་ཕྱར་བར་བྱའོ། །སྔགས་ནི། ཨོཾ་སི་ཧ་བཱ་དཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སྟཾ་བྷ་ཡ་སྟཾ་བྷ་ཡ་སརྦ མཧཱ་ལ་ལ་ཀ་མ་ཧ་ལ་ལི་ཀཱ་དཱི་ན་ཧཱུཾ་ཕཊ། གདུག་པ་ཙམ་གྱི་བདུད་ཐམས་ཅད་རི་དགས་བཞིན་དུ་ཟ་བའི་ཕྱིར་སེང་གེའི་རྐང་སྟབས་སོ། །སླར་ཡང་གཡས་བརྐྱང་གི་སྟབས་ཀྱིས་འདོད་པའི་རྒྱལ་པོའི་ང་རྒྱལ་གྱིས་དེ་ལྟ་བུ་ཉིད་ཀྱི་ཚུལ་གྱིས་ལྗགས བསྐྱོད་པ་དང་བཅས་པས་རྒྱབ་ཀྱི་ཕྱོགས་ཐམས་ཅད་དུ་ཀུན་ཏུ་བལྟ་བར་བྱའོ། །སྔགས་ནི། ཨོཾ་སི་ཧ་བི་ཛྲིཾ་བཱ་བྷི་ན་ཡ་བཛྲ་མ་ཏཱ་ཀྲོ་དྷ་ཏྲཱ་ས་ཡ་ཧྲཱ་ས་ཡ་སརྦ་མ་ཧ་ལ་ཀླ་མ་ཧལ་ལི་ཀཱ་དཱ་ནི་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས སེམས་དཔའ་བལྟ་བའི་ཕྱིར། སེང་གེའི་གཡས་མཛུབ་མོ་མཉམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་རྒྱས་པའི་ང་རྒྱལ་གྱིས། སྙིང་གར་རྡོ་རྗེ་རྒྱས་པ་བཅིང་བར་བྱའོ། །སྔགས་ནི། ཨོཾ་བཛྲ་སཕོ་ཊ་བི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སཕོ་ཊ་ཡ་སཕོ་ཊ་ཡ་སརྦ མཱ་རཱ་ན་ཧཱུཾ་ཕཊ། གདུག་པ་ཅན་གྱི་བདུད་ཀྱི་དགྲ་ཐམས་ཅད་ཀྱི་སྙིང་བཀས་པའི་ཕྱིར་རྡོ་རྗེ་དགས་པའོ་ཞེས་པའི་ཚུལ་བརྒྱད་པ་ནི་སློབ་དཔོན་གཙོ་བོ་ཡིན་ནོ། །མཉམ་པའི་རྐང་སྟབས་ཀྱིས་ཤེས་རབ་མཐར་བྱེད་ཀྱི་རྒྱལ་གྱིས་ལག་བའི་འོག་ཏུ རྡོ་རྗེ་ཡོངས་སུ་བསྐོར་བས་སྟེང་དུ་གསོར་བར་བྱའོ། །སྔགས་ནི། ཨོཾ་བཛྲ་ཨཽད་པ་ལི་ཏཱ་བྷི་ན་ཡ་མ་ཧཱ་ཀྲོ་དྷ་བནདྷ་ཡ་བནདྷ་ཡ་སརྦ་དུཥྚན་ཧཱུཾ་ཕཊ། འདིས་རྡོ་རྗེ་ཡེ་ཤེས་ཀྱི་སྟོབས་བྱེད་པའི་ཕྱིར་རྡོ་རྗེ་སྟོབས་བསྐྱེད་པའོ། །གཡོན་བརྐྱང་གི་སྟབས ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་རྡོ་རྗེ་ལྔ་པས་འདོད་ཆགས་ཆེན་པོའི་ཆགས་པའི་མཚོན་འཕང་བར་བྱའོ། །སྔགས་ནི། ཨོཾ་བཛྲ་ཀཱ་པཱ་བྷི་ནི་ཡ་བཛྲ་མ་ཧཱ་ཀྲོ་ཨཀྵེ་པ་ཡ་ཨཀྵེ་པ་ཡ་སརྦ་བྷྲཱུ་ཏཱ་ན་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ ཤེས་རྡོ་རྗེས་བགེགས་ཐམས་ཅད་འཇོམས་པའི་ཕྱིར་རྡོ་རྗེ་འཕེན་པའོ། །ཟླུམ་པོ་རྐང་སྟབས་ཀྱི་རྡོ་རྗེ་གར་གྱིས་ང་རྒྱལ་གྱི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཇི་ལྟ་བ་བཞིན་ལས་ལག་པ་གཡས་པ་རབ་ཏུ་བརྐྱང་སྟེ་མཚན་འོག་གཡོན་དུ་བཀོད་ནས ལག་པ་གཡོན་སྤྱི་པོའི་སྟེང་དུ་ཡང་དག་པར་གཟུང་བར་བྱའོ། །ཡང་དེ་བཟློག་པས་སོ། །སྔགས་ནི། ཨོཾ་བཛྲ་ན་དྷ་ནཱ་བྷི་ན་ཡཾ་བཛྲ་མཧཱ་ཀྲོ་དྷ་པཱ་ཏ་ཡ་པཱ་ཏ་ཡ་སརྦ་ནཱ་གཱ་ན་ཧཱུཾ་ཕཊ། ལྷ་ཐམས་ཅད་རྣམ་པར་འདུལ་བའི་ཕྱིར་རྡོ་རྗེའི་? གཡོན་བརྐྱང་གི་སྟབས་ཀྱིས་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་གྱིས། གདོང་གི་སྟེང་དང་འོག་ཏུ་ལག་པ་གཉིས་རབ་ཏུ་བརྐྱང་སྟེ། སྣ་ཕུག་བརྫེས་ནས་འགྲམ་པ་དང་མིག་རྣམས་རབ་ཏུ་འཇིགས་པར་བྱའོ། །སྔགས་ནི། ཨོཾ་བཛྲ་བྷཻ་ར་བཱ་བྷི ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཤོ་དྷ་ཡ་ཤོ་དྷ་ཡ་སརྦ་ཏྲེ་དྷཱ་ཏུ་ཀཱ་ན་ཧཱུཾ་ཕཊ། ཕུང་པོའི་བདུད་གཞོམ་པའི་ཕྱིར་རྡོ་རྗེ་འཇིགས་བྱེད་དུ་འགྱུར་རོ། །མཉམ་པའི་རྐང་སྟབས་ཀྱིས་རོ་ལངས་ཀྱི་ང་རྒྱལ་གྱིས། ལག་པ་གཉིས་ཀྱིས་རོ་ལངས་ནས་ཁར་ཟའི་ཚུལ་བྱའོ། །སྔགས ནི། ཨོཾ་བཛྲ་བཏྟ་ལི་ཨ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་བར་ཛ་ཡ་བར་ཛྲ་ཡ་སརྦ་དུཥྚ་ཧཱུཾ་ཕཊ། གདུག་པ་ཅན་གྱི་བདུད་བཞི་ཟ་པའི་ཕྱིར་རྡོ་རྗེ་རོ་ལངས་སོ། །གཡས་བརྐྱང་གི་སྟགས་ཀྱིས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ རྗེའི་ཕུར་བུ་བཟུང་ནས་བགེགས་ཀྱི་ཚོགས་རྣམས་ལ་བཀོད་དེ་ལག་པ་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་ཐོ་བ་བཟུང་ནས་བརྡུང་པར་བྱའོ། །སྔགས་ནི། ཨོཾ་བཛྲ་མུད་ག་རཱ་བྷིན་ཡ་བཛྲ་མཧཱ་ཀྲོ་དྷ་ཙུརྞ་ཡ་ཙུརྞ་ཡཀྵན་ཏི་ཧཱུཾ་ཕཊ། སྲིད་པ་ལ་སོགས་པའི སྡུག་བསྔལ་འཇོམས་པའི་ཕྱིར་རྡོ་རྗེ་ཐོ་བ་བོ། །མཉམ་པོའི་རྐང་སྟབས་ཀྱིས་མི་བསྐྱོད་པའི་ང་རྒྱལ་གྱིས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ས་གནོན་དང་མཆོག་སྦྱིན་དང། བསམ་གཏན་དང་མི་འཇིགས་པའི་ཕྱག་རྒྱ་བཞིས་སྟོང་པ་ཉིད་དང མཚན་མ་མེད་པ་དང་སྨོན་པ་མེད་པ་དང། མངོན་པར་འདུ་མི་བྱེད་པའི་རྣམ་པར་ཐར་པ་བཞི་བསྒོམ་པར་བྱའོ། །སྔགས་ནི། ཨོཾ་ཙ་ཏུར་མུ་ཁཱ་དྷིཥྛ་ན་བྷིན་ཡ་བཛྲ་མཧཱ་ཀྲོ་དྷ་ཨ་དྷི་ཏིཥྛ་ཨ་དྷི་ཧིཥྛ་སརྦ་དི་ཀ་ཨོཾ་ཏྲཾ་ཧྲི::ཧཱུཾ་ཨོཾ་ཏྲཾ་ཧྲཱི:ཧཱུཾ་ཕཊ། ཨ:ཡེ ཤེས་བཟི་ལ་སོགས་པ་རྣམས་ལ་སེམས་ཅན་ཐམས་ཅད་ངེས་པར་སྦྱོར་བའི་ཕྱིར་ཞལ་བ་ནི་བྱིན་གྱིས་བརླབ་པའོ། །སླར་ཡང་ཟླུམ་པོའི་རྐང་སྟབས་ཀྱིས་གཡས་བསྐོར་དུ་བསྐོར་ཞིང་བདུད་རྩི་འཁྱིལ་པའི་རྣལ་འབྱོར་གྱིས་ལག་པ་གཡས་པས་རྡོ་རྗེ ཡོངས་སུ་བསྐོར་ཞིང་ས་གཞི་ལ་རྐང་པ་གཉིས་འཕང་བར་བྱའོ། །སྔགས་ནི། ཨོཾ་ཨ་མྲི་ཏ་ཀུཎྜ་ལི་ཨ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་གྲིཧྣ་བན་དྷ་ད་ཧ་པ་ཙ་བི་དྷཾ་ས་ཡ་བཛྲ་ཎ་སརྦ་ན་སཕོ་ཊ་ཡ་ཧྲི་ད་ཡ་ཧཱུཾ་ཕཊ། ལྷའི་བུའི་བདུད་གཞོམ་པའི་ཕྱིར་རྡོ་རྗེ་འཁྱིལ བའོ། །གཡས་བརྐྱང་གི་སྟབས་ཀྱིས་རྡོ་རྗེ་སྒེག་མོའི་ང་རྒྱལ་གྱིས་རྡོ་རྗེའི་གར་སྔོན་དུ་འགྲོ་བས་ལྟོ་གཉིས་དང་བཅས་པས་རྡོ་རྗེ་སྒེག་མོའི་ཕྱག་རྒྱས་མགོ་གཡོན་དུ་སྨད་པར་བྱའོ། །སྔགས་ནི། ཨོཾ་སྟྲི་མཱ་ཡཱ་ཀ་ར་ཎཱ་བྷི་ན་ཡ་བཛྲ?་མ་ཧཱ ཀྲོ་དྷ་ཨཱ་ཡ་ན་ཨཱ་ཡ་ན་སརྦ་ཀཎི་ན་དཱིན་ཧཱུཾ་ཕཊ། སེམས་ཅན་ཐམས་ཅད་འཁོར་བའི་སྒྱུ་མ་ལ་བལྟ་བའི་ཕྱིར་བུད་མེད་སྒྱུ་མ་བྱེད་པའོ་ཞེས་པའི་ཚུལ་དགུ་པོ་ནི་ཤར་ཕྱོགས་སུ་གནས་པའི་སློབ་དཔོན་གྱིའོ། །གཡས་བརྐྱང་གི་སྟབས་ཀྱིས་རྡོ་རྗེ རྒྱས་པའི་ང་རྒྱལ་གྱིས་ལག་པ་གཡོན་ན་གནས་པའི་རྡོ་རྗེ་ཁྲོ་བོ་ལ་གདུག་པ་ཅན་ཐམས་ཅད་ནང་དུ་སྒོམས་ཏེ་ལག་པ་གཡས་པའི་རྡོ་རྗེ་ཁྲོ་བོས་བསྣུན་པར་བྱའོ། །སྔགས་ནི། ཨོཾ་བཛྲ་སཕོ་ཊ་ནི་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་སརྦ་བྷུ་ཏཱ་ན་ཧཱུཾ་ཕཊ། རྒྱགས་པ་དང་ང་རྒྱལ་ལ་སོགས་པ་སྡིག་པ་གཞོམ་པའི་ཕྱིར་རྡོ་རྗེ་རྒྱས་པའོ། །གཡོན་བརྐྱང་གི་སྟོབས་ཀྱིས་སྟོབས་པོ་ཆེའི་ང་རྒྱལ་གྱིས་ལག་པ་གཡོན་པ་སྙིང་གར་རྡོ་རྗེ་ཏྲི་ཤུ་ལར་བྱས་ཏེ་གཡས་པ་རྡོ་རྗེ་ཁུ་ཚུར་དབྱུག་པ་གཞིན་དུ་འཕང་བར་བྱའོ། །སྔགས ནི། ཨོཾ་མཧཱ་བ་ལོ་ཏཱ་ཀརཥ་ཎཱ་བྷྲི་ན་ཡ་བཛྲ་མཧཱ་ཀྲོ་དྷ་མ་རྔ་ཡ་སརྦ་བིགནན་ཧཱུཾ་ཕཊ། ཉི་ཚེ་བའི་འདོད་ཆགས་འདུལ་བའི་ཕྱིར་སྟོབས་པོ་ཆེ་འགུགས་པའོ། །གཡས་བརྐྱང་གི་སྟབས་ཀྱི་རྡོ་རྗེ་གནོད་སྦྱིན་གྱི་ང་རྒྱལ་གྱིས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས མཐེའུ་ཆུང་གཉིས་མཆེ་བའི་རྣམ་པར་ཁའི་གདོང་དུ་བཀོད་ནས་གདུག་པ་ཅན་ཐམས་ཅད་ཟ་བར་བསྒོམ་པར་བྱའོ། །སྔགས་ནི། ཨོཾ་བཛྲ་དཾཥྚཱི་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཨཊཊཊཊ་ཧཱ་སཾ་པཏཀྵ་ཡ་ཀཾ་ན་ནཱ་དཱིན་ཧཱུཾ་ཕཊ། འཆི་བདག་གི་བདུད་བཟའ་པའི་ཕྱིར་རྡོ་རྗེ་མཆེ བའོ། །གཡོན་བརྐྱང་གི་སྟབས་ཀྱིས་རྡོ་རྗེ་གཞད་པའི་ཁྲོ་བོའི་ང་རྒྱལ་གྱིས། ཨཊཊཊཊ་རྒོད་པའི་ཚུལ་གྱིས་ཧ་ཡིག་བཞི་བརྗོད་པར་བྱའོ། །སྔགས་ནི། ཨོཾ་བཛྲ་ཊཊ་ཧཱ་སཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་མོ་ཧཱ་ཡ་མ་ཧཱ་ཡ་ཧ:ཧ:ཧ:ཧ:ཧཱུཾ་སརྦ་ཀིན་ན་དཱིན་ཧཱུཾ་ཕཊ། ཤེས རབ་ཀྱི་དེ་ཉིད་ཀྱིས་ཁམས་གསུམ་དུ་གནས་པའི་བདུད་གདུག་པ་ཐམས་ཅད་འབྲོས་པའི་ཕྱིར་རྡོ་རྗེ་བཞེད་པའོ། །ཟླུམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་སྣ?་པའི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡོན་པ་སྙིང་གར་སྡིགས་མཛུབ་བྱས་ནས་ལག་པ་གཡས་པ་རྣ་བའི་སྟེང་དུ་དྲིལ བུ་དཀྲོལ་བར་བྱའོ། །སྔགས་ནི། ཨོཾ་བཛྲ་གྷ་ན་ཊཱ་ར་ར་ཎི་ཏཱ་བྷིན་ཡ་བཛྲ་མ་ཧཱཀྲོ་དྷ་ཏོ་ཥ་ཡ་ཏོ་ཥ་ཡཾ་སརྦ་ཏ་ཐཱ་ག་ཏཱ་ན་ཧཱུཾ་ཕཊ། ཁྲོ་བོའི་བྱིན་གྱི་བརླབས་ཀྱིས་ལྷ་མ་ཡིན་གྱི་བདུད་ལ་སོགས་པ་ཟད་པར་བྱ་བའི་ཕྱིར་རྡོ་རྗེའི་སྒྲའོ། །གཡས་བརྐྱང་གི་རྐང་སྟབས་ཀྱིས་རྣོན པོའི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡོན་པའི་ཁུ་ཚུར་གྱིས་ཤུགས་འདྲེན་ཅིང་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་འདྲེན་པའོ། །སྔགས་ནི། ཨོཾ་ཁཌ་གཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཙྪེ་ད་ཡ་ཙྪ་ད་ཡ་ཙྪིནད་ཙྪིནད་སརྦ་དུཥྚ་བི་གྷྣཾ་བི་ནཱ་ཡ་ཀཱ་ན་ཧཱུཾ་ཕཊ་།ཉོན་མོངས པ་དང་ཉེ་བའི་ཉོན་མོངས་པ་གཅོད་པ་ལ་རལ་གྲིའོ། །གཡོན་བརྐྱང་གི་སྟབས་ཀྱིས་རྡོ་རྗེ་རྒྱལ་པོའི་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡས་པས་ཏྲི་ཤཱུ་ལའི་རྡོ་རྗེ་འཕང་བར་བྱའོ། །སྔགས་ནི། ཨོཾ་བཛྲ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷི་པྲ་མརྡ་ཡ་པྲ་མརྡ་ཡ་སརྦ་དུཥྚ་དེ་བཱ སུ་ར་མཱ་ནུ་ཥྱ་ཎ་ཧཱུཾ་ཕཊ། བདུད་ལ་སོགས་པའི་གདུག་པ་ཅན་ཐམས་ཅད་ལ་རྡོ་རྗེ་རྒྱལ་པོའི་སྟབས་བསྟན་པའི་ཕྱིར་རྡོ་རྗེའི་ཚུལ་ལོ། །ཟླུམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་རྒྱའི་ཁྲོ་པོའི་ང་རྒྱལ་གྱིས་སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་ཐེའུ་ཆུང་བ་གཉིས་ལྕགས སྒྲོག་ཏུ་བྱས་ཏེ་མཛུབ་མོ་གཉིས་བརྐྱང་ངོ། །སོར་མོ་ལྷག་མ་རྣམས་ཀྱིས་མཐེབ་ཆེན་སྦ་བར་བྱའོ། །འཁོར་ལོ་གཞིན་དུ་གྲོལ་བར་བྱའོ། །སྔགས་ནི། ཨོཾ་ཙཀྲཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཨ་ན་ཡ་སརྦ་ཏ་ཐཱ་ག་ཏ་པ་ཥཊ་མཎྜ་ལཱ་ན་ཧཱུཾ་ཕཊ། ཉོན་མོངས་པ་དགུ་བཅུ རྩ་བརྒྱད་གཅོད་པའི་ཕྱིར་འཁོར་ལོའི་ཚུལ་ལོ་ཞེས་པའི་ཚུལ་བརྒྱད་པོ་ནི་ལྷོ་ཕྱོགས་ན་གནས་པའི་སློབ་དཔོན་གྱིའོ། །མཉམ་པའི་རྐང་སྟབས་ཀྱིས་རྡོ་རྗེ་ས་འོག་གི་ང་རྒྱལ་གྱིས་ལག་པ་གཉིས་བཅིངས་ནས་གཏུན་ཤིང་འཛིན་པའི་ཚུལ་གྱིས་བརྡུང བར་བྱའོ། །སྔགས་ནི། ཨོཾ་མུ་ཥ་ལཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཀུཊཊ་ཡ་ཀུཊཊ་ཡ་སརྦ་བིགྷྣ་བཱི་ན་ཡ་ཀཱོ་དཱིན་ཧཱུཾ་ཕཊ། གདུག་བ་ཐམས་ཅད་བརྡུང་པའི་ཕྱིར་གཏུན་ཤིང་གི་ཚུལ་ལ། །སླར་ཡང་ཉམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་ཏོག་གི་ཁྲོ་བོའི་ད རྒྱལ་གྱིས་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གུང་མོ་དང་མཛུབ་མོ་བསླང་ནས་འགྱིང་བ་དང་བཅས་པ་རབ་ཏུ་བརྐྱང་སྟེ་སྟེང་དུ་གཟུང་བར་བྱའོ། །སྔགས་ནི། ཨོཾ་བ་ཏཱ་ཀཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་ཏ་པྲེ་ཏ་ཡ་པྲེ་ཏ་ཡ་སརྦ་པྲེ་ཏཱ་ན་ཧཱུཾ་ཕཊ། ཕྱོགས་ཐམས ཅད་དུ་བགེགས་རྣམས་བསྐྲད་པའི་ཕྱིར་བ་དན་གྱི་ཚུལ་ལོ། །གཡོན་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་ཞགས་པའི་ང་རྒྱལ་གྱིས་ལག་གཉིས་རྒྱབ་སྦྱར་ནས་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་ལྕགས་སྒྲོག་ཏུ་བྱས་ཏེ་སྙིང་གར་གཟུང་བར་བྱའོ། །སྔགས ནི། ཨ་པཱ་ཤཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བནདྷ་བནདྷ་སརྦ་ས་མ་ཡཱན་ཧཱུཾ་ཕཊ། ལྷ་ལ་སོགས་པའི་གདུག་པ་ཐམས་ཅད་བཅིང་བའི་ཕྱིར་ཞགས་པའི་ཚུལ་ལོ། །ཟླུམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་སྤྱན་གྱི་ཁྲོ་བོའི་ང་རྒྱལ་གྱིས་ཐལ་མོ་ཡང་དག་པར་སྦྱར་ནས པདྨ་བཞིན་དུ་རྣམ་པར་དབྱེ་བར་བྱའོ། །སྔགས་ནི། ཨོཾ་པདྨ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་བི་ཀཱ་ཤ་ཡ་བི་ཀཱ་ཤ་ཡ་སརྦ་སཏྭ་པུ་ཎྱ་ཛྙཱ་ན་སཾ་བྷཱ་ར་པ་རི་སྭ་བྷུ་ར་ཡ་ཧཱུཾ་ཕཊ། སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྟོགས པར་བྱ་བའི་ཕྱིར་པདྨའི་ཚུལ་ལོ། །གཡོན་བརྐྱང་གི་རྐང་སྟབས་ཀྱིས་དབྱུག་པ་སྔོན་པོ་ཅན་གྱི་ང་རྒྱལ་གྱིས་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དབྱུག་པ་འཕེམ་ཞིང་འཛིན་པའི་ཚུལ་བྱས་ནས་མཚོན་ཆ་འཕང་བར་བྱའོ། །སྔགས་ནི། ཨོཾ་དཎྜཱ་བྷིན་ཡ བཛྲ་མ་ཀྲོ་དྷ་ཏཱ་ཌ་ཡ་ཏཱ་ཌ་ཡ་ཤ་ཏྲུན་ཧཱུཾ་ཕཊ། འཇིག་ཚོགས་ལ་ལྟ་བ་རིའི་རྩེ་མོ་ཉི་ཤུ་མཐོ་བ་རྣམ་པར་གཞོམ་པའི་ཕྱིར་དབྱུག་པ་འཛིན་པའི་ཚུལ་ལོ། །ས་ཁའི་རྐང་སྟབས་ཀྱིས་རྡོ་རྗེ་བསྲུང་བའི་ང་རྒྱལ་གྱིས་ལག་པ་གཡས་པ་མི་འཇིགས་པ་རབ ཏུ་སྦྱིན་པའི་རྣམ་པར་གཟུང་བར་བྱའོ། སྔགས་ནི། ཨོཾ་ཨ་བྷ་ཡ་པྲ་དཱ་ནཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་བུཥྚི་སརྦ་སརྦ་སཏྭན་ཧཱུཾ་ཕཊ། སེམས་ཅན་གྱི་ཁམས་ཐམས་ཅད་མི་འཇིགས་པས་རབ་ཏུ་གནས་པར་བྱ་བའི་ཕྱིར་མི་འཇིགས་པ་རབ་ཏུ་སྦྱིན་པའི་ཚུལ་ལོ། །གཡས བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་ལྕགས་ཀྱུའི་ང་རྒྱལ་གྱིས་ལག་པ་གཡས་པའི་མཛུབ་མོ་ལྕགས་ཉྩའི་རྣམ་པའི་ཚུལ་དུ་བྱའོ། །སྔགས་ནི། ཨོཾ་ཨཾ་ཀུ་?་བྷི་ན་ཡ་བཛྲོ་མཧཱ་ཀྲོ་དྷ་ཨཱ་ཀརཥ་ཡ་ཨཱ་ཀ་ར་ཡ་སརྦ་བུདྡྷཱ་བོ་དྷི་སཏྭཱན་ཧཱུཾ་ཕཊ། བདུད་ཐམས་ཅད་ཀྱི་སྙིང་འགུགས པའི་ཕྱིར་ལྕགས་ཀྱུའི་ཚུལ་ལོ། །ས་ཁའི་རྐང་སྟབས་ཀྱིས་རྡོ་རྗེ་ལེགས་པའི་ཁྲོ་བོ་ང་རྒྱལ་གྱིས་ལག་པ་གཡས་པའི་སོར་མོ་རབ་ཏུ་བརྐྱང་སྟེ་ཅུང་ཟད་སྙིང་གར་དགུག་པར་བྱའོ། །སྔགས་ནི། ཨོཾ་པ་ལཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་པྲཧལཱ་ད་ཡ་པྲཧལཱ་ད་ཡ་སརྦ་ཏ་ཐཱ་ག་ཏཱན ཧཱུཾ་ཕཊ། བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་བལྟ་བའི་ཕྱིར་འབྲས་བུའི་ཚུལ་ལོ། །གཡས་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་གདུལ་དཀའ་ཨི་ཁྲོ་བོའི་ང་རྒྱལ་གྱིས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུང་གི་མཚོན་ཆ་འཕེན་པའི་ཚུལ་བྱའོ་།སྔགས་ནི། ཨོཾ་ཀུན་ཏཱ་བྷི་ན་ཡ བཛྲ་མཧཱ་ཀྲོ་དྷ་མཱ་ར་ཡ་མཱ་ར་ཡ་སརྦ་དུཥྚ་མཱ་རཱ་ན་ཧཱུཾ་ཕཊ། མ་རིག་པ་ལ་སོགས་པའི་ལྟ་བ་གཞོམ་པའི་ཕྱིར་མདུང་གི་ཚུལ་ལོ་ཞེས་པའི་ཚུལ་དགུ་པོ་ནི་ནུབ་ཕྱོགས་ན་གནས་པའི་སློབ་དཔོན་གྱིའོ། །གཡས་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་ཆགས་པའི་ཁྲོ བོ་ང་རྒྱལ་གྱིས་ལག་པ་གཡོན་པས་གཞུ་བླངས་ཏེ་ལག་པ་གཡས་པས་རྒྱུད་བཟུང་སྟེ་ཕྱོགས་གཡོན་དུ་གཟུང་བར་བྱའོ། སྔགས་ནི། ཨོཾ་ཙཱ་པཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཏརྫ་ཡ་ཏརྫ་ཡ་སརྦ་དུཥྚ་ཧཱུཾ་ཕཊ། ཐབས་དང་ཤེས་རབ་རྣམ་པར་དག་པ་སེམས་ཅན གྱིས་རྟོགས་པར་བྱ་བའི་ཕྱིར་གཞུ་འཛིན་པའོ། །ཟླུམ་པོའི་རྐང་སྟབས་ཀྱིས་རྡོ་རྗེ་མདའི་ཁྲོ་བོའི་ང་རྒྱལ་གྱིས་ལག་པའི་མཛུབ་མོ་དང་གུང་མོ་གཉིས་ཀྱིས་མདའའདྲེན་པའི་ཚུལ་བྱའོ། །གཡོན་གྱི་སྟེང་དུ་གཞུ་འཛིན་པས་གཡོན་དུ་བསྐོར་བར་བྱའོ། །སྔགས་ནི་ ོཾ་ཤར་ཏོ་ཀརཥན་བིན་ཡ་བཛྲ་མཧཱ་ཀྲོ་དྷ་དེ་ཧི་དེ་ཧི་སརྦ་སཏྭན་ཧཱུཾ་ཕཊ། བླ་ན་མེད་པའི་ཡེ་ཤེས་འགུགས་པའི་ཕྱིར་མདའའདྲེན་པའི་ཚུལ་ལོ། །གཡོན་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་དབང་དུ་བྱེད་པའི་ཁྲོ་བོའི་ང་རྒྱལ་གྱིས་སྔོན་བཞིན་དུ་གཞུ བཟུང་ནས་རླུང་གི་ཤུགས་ཀྱིས་བཀུག་ནས་རླུང་བཞིན་དུ་འཕང་པར་བྱའོ། །སྔགས་ནི། ཨོཾ་ཤ་ར་པྲཀྵེ་པ་ཨ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཨ་ནུ་རཱ་ག་ཡ་ཨ་ནུ་རཱ་ག་ཡ་སརྦ་སཾ་སཱ་ར་པསྠི་ཏས་ཏྭཱན་ཧཱུཾ་ཕཊ། སེམས་ཅན་འཁོར་བར་གནས་པ་ཐམས་ཅད་དབང་དུ་བྱ བའི་ཕྱིར་མངའ་འཕེན་པའི་ཚུལ་ལོ། །གཡས་བརྐྱང་གི་རྐང་སྟབས་ཀྱིས་ཙུན་དཱའི་རིག་སྔགས་ཀྱི་ང་རྒྱལ་གྱིས་ཁུ་ཚུར་གཡོན་པ་སྙིང་གར་བཀོད་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་འུར་རྡོ་ཡོངས་སུ་བསྐོར་བའི་སྦྱོར་བས་རབ་ཏུ་འཕང་བར་བྱའོ། །སྔཌ ནི། ཨོཾ་བྷིཏ་དྷྲི་པཱ་ལཱ་དྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་བྷྲ་མ་ཡ་བྷྲ་མ་ཡ་བྷིན་ད་ཡ་བྷིན་ད་ཡ་སརྦ་དུཥྚ་པྲ་དུཥྚ་བིགྷྣ་བི་ནཱ་ཡ་ཀཱ་ན་ཧཱུཾ་ཕཊ། ལྷའི་བགེགས་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་འུར་རྡོའི་ཚུལ་ལོ། །ས་ཁའི་རྐང་སྟབས་ཀྱིས་རྡོ་རྗེ་སྙིང་པོའི་ཁྲོ བོའི་ང་རྒྱལ་གྱིས་ལག་པ་གཡོན་པ་བང་དུ་གན་རྒྱལ་དུ་བྱས་ནས་ལག་པ་གཡས་པས་མཆོག་སྦྱིན་གྱི་ཚུལ་བྱའོ། སྔགས་ནི། ཨོཾ་བར་དཱ་བྷིན་ཡ་བཛྲ་མཧཱ་ཀྲོ་དྷ་བ་རཾ་དཱ་པ་ཡ་བ་རཾ་དཱ་པ་ཡ་སརྦ་སིདྡྷིཾ་ཧཱུཾ་ཕཊ། སེམས་ཅན་ཐམས་ཅད་ལ་ནད་མེད པ་ལ་སོགས་པའི་མཆོག་སྦྱིན་པ་ལ་སྦྱོར་བའི་ཕྱིར་མཆོག་སྦྱིན་གྱི་ཚུལ་ལོ། །གཡོན་བརྐྱང་གི་རྐང་སྟབས་ཀྱིས་རྡོ་རྗེ་གཟི་བརྗིད་ཁྲོ་བོའི་ང་རྒྱལ་གྱིས་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སྡིགས་མཛུབ་སྙིང་གར་བྱས་ཏེ་ལག་པ་གཡས་པས་རྡོ་རྗེ གསོར་བ་སྔོན་དུ་འགྲོ་བས་མདུང་འཕང་བར་བྱའོ། །སྔགས་ནི། ཨོཾ་ཤཀྟཡ་བྷིན་ཨ་བཛྲ་མཧཱ་ཀྲོ་མཱ་ར་ཡ་མཱ་ར་ཡ་སརྦ་ན་ར་ཀ་ཀ་ཏི་སཏྭ་ན་ཧཱུཾ་ཕཊ། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རབ་ཏུ་ཞི་བར་བྱ པའི་ཕྱིར་མདུང་གི་ཚུལ་ལོ། །སླར་ཡང་གཡོན་བརྐྱང་གི་རྐང་སྟབས་ཀྱི་རྟ་མགྲིན་གྱི་ང་རྒྱལ་གྱིས་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཀ་ན་ཡའི་ཐག་པ་བཟུང་ནས་ལག་པ་གཡས་པས་ཀ་ན་ཡ་སྤྱི་བོའི་སྟེང་དུ་ཡོངས་སུ་བསྐོར་ནས་རབ་ཏུ་འཕང་པར་བྱའོ། །སྔར ནི། ཨོཾ་ཀ་ན་ཡཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པྲ་མརྡ་ཡ་པྲ་མརྡ་ཡ་སརྦ་དུཥྚ་ས་ཏྭཾ་ཧཱུཾ་ཕཊ། ཕྱོགས་བཅུ་མ་ལུས་ཤིང་ལུས་པ་མེད་པ་ན་གནས་པའི་ལྷ་གདུག་པ་ཅན་རྣམས་བརྡུང་བའི་ཕྱིར་ཀ་ཡ་ནའི་ཚུལ་ལོ། །ས་ཁའི་རྐང་སྟབས་ཀྱིས་རིན་ཆེན་སྐར་མངའ་ཨི་ང རྒྱལ་གྱིས་ཐལ་མོ་ཡང་དག་པར་སྦྱར་ནས་བསྟོད་པ་བྱེད་པའི་ཕྱིར་ཕྱག་འཚལ་ལོ། སྔགས་ནི། ཨོཾ་པྲ་ཎ་མཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་པྲ་ཎཱ་མ་ཡ་པྲ་ཎཱ་མ་ཡ་སརྦ་ཏ་ཐཱ་ག་ཏཱན་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་བྱེད་པའི་ཕྱིར་ཕྱག་འཚལ བའི་ཚུལ་ལོ་ཞེས་པའི་ཚུལ་བརྒྱད་ནི་བྱང་ཕྱོགས་ན་གནས་པའི་སློབ་དཔོན་གྱིའོ། ། །།ད་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་འཕེལ་པ་དང་ཁྲོ་བོ་རྣམས་ཀྱིས་མིང་གི་སྐུ་མདོག་བརྗོད་པར་བྱའོ། །དེ་ལ་སངས་རྒྱས་ཀྱི་སྟོབས་ཤེས་བྱ་བའི་ཁྲོ་བོ་ནི་སྐུ་མདོག དཀར་པོ་ཧཱུཾ་གི་ས་བོན་ལའོ། །འབར་བའི་ཕྲེང་བ་ནི་སྐུ་མདོག་དམར་པོ་ཀཔ་ཨོ་ཙས་བོན་ལས་སོ། །གང་ཡང་འདིར་ཁྲོ་བོ་རྣམས་ཀྱི་གནས་དང་དེ་བཞིན་ཉིད་ནི་མི་མཐུན་ཡང་སྐྱོན་མེད་དེ་རྒྱུད་གཞན་དུ་གསུངས་པའི་ཕྱིར་རོ། །གང་ཞིག་འཕེན་པའི་ཚུལ་བྱ་བ་ནི་འཕྲལ་གྱི་སྡིག་པ་རྣམས་དང་བདུད་ལ་སོགས་པ་རྣམས་ཟད་པར་བྱ་བའི ཕྱིར་སློབ་དཔོན་གཙོ་བོས་འཕང་བར་བྱའོ། །དེ་ལ་གཡས་བརྐྱང་གིས་གར་ནས་གདོང་གཡས་སུ་མངོན་པར་ཕྱོགས་ཏེ་གཡོན་པའི་སྡིགས་མཛུབ་སྙིང་གར་བྱས་ཏེ་གཞོགས་གཡོན་པས་ལ་ལྟུང་བས་ནམ་མཁར་བལྟས་ཏེ་ལག པ་གཡས་པ་རྡོ་རྗེ་དང་བཅས་པ་བདུད་ཐམས་ཅད་འཕང་བར་བྱའོ། །ོཾ་ཨབ་ཡས་ཏེ་རྡོ་རྗེ་བླངས་ནས་གཡོན་པའི་སྡིགས་མཛུབ་ཀྱིས་བསྡིགས་ཤིང་ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་དབྱུག་པའི་ཕྱག་རྒྱས་འཕང་བར་བྱ་ཞིང་རྐང་པ་མཉམ་དུ་གནས་ནས་འབྱིང་བ་དང་བཅས་པའི་རྡོ་རྗེའི་རྐང་སྟབས་ཀྱིས་མཐོ ཕྱེད་དང་གསུམ་དུ་རྐང་པ་གཡས་པ་འཕང་བར་བྱའོ། །གཡོན་པ་བརྟན་པར་བྱས་ནས་རྐང་པ་དག་ཀྱང་གཤོག་པ་བཞིན་དུ་གནས་ཏེ། དེ་ནས་པུས་མོ་གཡས་པ་བསྐུམ་ཏེ་དབྱུག་པའི་ཕྱག་རྒྱས་འཕང་བར་བྱའོ། །སྡིགས་མཛུབ་གཡོན་གྱིས བསྡིགས་ཤིང་ལྷོ་གཡོན་གྱི་ཆར་དམད་པར་བྱའོ། །མིག་གཡོན་པ་བཙུམས་ནས་གདོང་བསྐོར་ཞིང་དཀྱིལ་འཁོར་ལ་བལྟས་ཏེ་ཁྲོ་གཉེར་བསྡུ་བ་ལ་སོགས་པ་ནི་ཀུན་ནས་གཡོ་བའི་ཀུན་ཏུ་བསྐྱོད་པའོ། །དཀུ་གཡས་ཀྱི་ཆར་བསྡུའོ། །སྔགས་ནི། ཨོཾ ཱ་རྐང་པ་དག་ཟུར་གསུམ་དུ་བྱའོ། །མདུན་དུ་ལག་པ་བརྡབ་པར་བྱས་ནས་དབྱུག་པའི་ཕྱག་རྒྱས་བསླངས་ཏེ་འཕང་པར་བྱའོ། །སྡིགས་མཛུབ་གཡོན་པ་ནུ་མ་ལ་དགོད་པར་བྱའོ། །གདན་སྣ་ཚོགས་པ་ཞེས་པའི་ཀུན་དུ་བསྐྱོད་པའོ། །དཀུ་གཡོན གྱི་ཆར་བསྡུའོ། །སྔགས་ནི། ཨོཾ་ཨཱ:ཧཱུཾ་ལམ་ཨ་ཧེ་ཨ་ཧེ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མཧཱ་ཀྲེ་དྷ་ཏྲཱ?་ཤ་ཡ་ཏྲཱ་ཤ་ཡ་སརྦ་བ་དུཥྚ་བིགྷྣ་མ་རཱན་ཧཱུཾ་གདུ་སྡིགས་མཛུབ་ལ་ལྟ་བར་བྱའོ། །གཡོན་པ་རྡོ་རྗེ་རྐང་སྟབས་བྱས་ལ་པུས་མོ་གཡས་པ་བསྐུམ་སྟེ་ཁྲོ་བོ་དང་བཅས་པས་རྐང་པ་འཕང་བར་བྱའོ། །རྒོད་པ་དང་བཅས་པས་གཡོན་པ་འཁོར་ལོ་བཞིན་དུ་བསྐོར་བར་བྱའོ། །སླར་ཡང་རྐང་པ་བསྐུམ་ནས གཡོན་བརྐྱང་ཕྱེད་པར་རྒོད་ཅིང་རྐང་པ་དག་བརྟན་པས་གཤོག་པ་བཞིན་དུ་གནས་པར་བྱའོ། །ཀུན་ནས་གཡོ་མ་ཞེས་བྱ་བའི་ཀུན་དུ་བསྐྱོད་པའོ། །རྡོ་རྗེ་གང་གྱི་སྦྱོར་བས་དཀུ་གཡས་ཀྱི་ཆར་སྡུའོ། །ོཾ་ཨཱད་ྷ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧཱུཾ་ཙནས་གཡོན་དུ་འཕང་ཞིང་དེ་ཉིད་དང་བཅས་པ་གཡས་པས་བསྐོར་བར་བྱའོ། །དེ་ནས་བཞག་ནས་ལྟུང་ཞིང་རྐང་པ་བསྐུམ་ནས་གནས་པས་ཟུར་གསུམ་བྱས་ཏེ་གཡས་པ་གཤོག་པ་ལྟར་གནས་ཤིང་བྱས་ནས་གཡས་བརྐྱང་དུ་དགོད་པར་བྱ་བ་ནི་རྣམ་པར རྨོངས་པ་ཞེས་བྱ་བའི་ཀུན་ཏུ་བསྐྱེད་པའོ། །གང་བྱས་ནས་དགུ་གཡོན་གྱི་ཕྱོགས་སུ་བསྡུའོ། །ོཾ་ཨཱཞིང་སླར་ཡང་མདུན་དུ་ལག་པ་བརྡབ་པར་བྱའོ། །སླར་ཡང་ཁྱད་པར་ཅན་དུ་འཕང་བར་བྱ་སྟེ་མྱུར་བ་ཞེས་པཻ་ཀུན་དུ་བསྐྱོད་པའོ། །ོཾ་ཨཱ:ཧཱུཾ་ལཾ་ཨ་ཧ་ཨ་ཧ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མཧཱ་ཀྲོ་དྷ་གཛཛ་གཛཛ་ཧཱུཾ་ཛ:གར་བྱས་ནས་དཀུ་གཡོན་གྱི་ཕྱོགས སུ་བསྡུ་པའོ། །རྣམ་པར་རྨོངས་པའི་ཀུན་དུ་བསྐྱོད་པ་དེ་ཉིད་རྣམ་པར་བཟློག་ནས་ཀུན་ཏུ་བསྐྱོད་ཅིང། འོན་ཀྱང་གདོང་དུ་དྲིལ་བུ་རབ་ཏུ་བརྐྱང་ནས་དཀྲོལ་བའི་རྣམ་པས་ལྕེ་ལ་བཀོད་ནས་འཁོར་ལོ་བཞིན་བསྐོར་བར་བྱའོ། །ོཾ་? ཧ་ཨཱུཾ་ལཾ་ཨ་ཧེ་ཨ་ཧེ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མཧཱ་ཀྲོ་དྷ་ཧྲཱིནུ་མ་དང་ལྟ་ཟུར་གཡོན་གྱི་ཆ་ཡང་དམད་པར་བྱའོ། །སྔགས་མཛུབ་ནུ་མར་བྱས་ནས་དཔུང་པའི་དབྱུག་པ་འཕང་ཞིང་རྐང་པའི་བར་དུ་དབྱུག་པ་ལ་བལྟས་ནས་ལྟུང་ཞིང་གདོང་བསྐོར་བ་ནི། ཀི་ལི་ཀི་ལི་ཞེས་བྱ་བའི་ཀུན་དུ་བསྐྱོད་པའོ། །དཀུ་གཡས ཀྱི་ཆར་བསྡུའོ། །ོཾ་ཨཱགྲག་ལ་གཡས་ཕྱོགས་དང་རང་གི་རྒྱབ་ཏུ་ཁྱེར་བར་བྱའོ། །མིག་གཡོན་པ་བཙུམ་ནས་ཁྲོ་བས་རྐང་པ་འཕང་པོར་བྱའོ། །སྔོན་མ་བཞིན་དུ་བསྡོ་བར་བྱའོ། །ོཾ་ཨཱཤ་ཡ་སརྦ་ཏྲཻ་དྷཱ་ཏུ་ཀཱ་བསྠི་ཏཱན་སཏྭཱན་ཧཱུཾ་ཧ:ཀུན་ཏུ་བསྐྱོད་པ་འདི་རྣམས་གོ་རིམས་ཇི་ལྟ་བཞིན་དབུས་དང་ཤར་ལ་སྤགས་པའི་ཕྱོགས་རྣམས་སུ་དང། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་བྱའོ། །སོ་སོའི དབུས་སུ་གནས་ནས་གདན་རྣམས་བྱའོ། །དེ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་བཅིང་བར་བྱ་སྟེ། བྱིན་པ་གཡོན་པ་རྐང་པ་གཡས་པའི་བརླའི་དབུས་སུ་རྣམ་པར་བཀོད་ནས་དེའི་སྟེང་དུ་རྐང་པ གཡས་པ་དགོད་པར་བྱའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་ངོ། །སྔགས་ནི། ཨོཾ་བཛྲ་སར་ཡཾ་ཀ་བཛྲ་མཧཱ་ཀྲོ་དྷ་ནཱ་ཤ་ཡ་ནཱ་ཤ་ཡེ་སརྦ་བིགྷྣན་ཧཱུཾ་ཕཊ། ཨོཾ་བོ་དྷཡ་གྲི་མུ་དྲཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ས་མཱ་དྷི་བ་ལཾ་པ་རི་པཱུ་ར་ཡ་པཱུ་ར་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ས་ནཱ་བྷི་ན ཡ་བཛྲ་མཧཱ་ཀྲོ་དྷ་མརྔ་ཡ་མརྡ་ཡ་སརྦ་བིགྷཱཾ་ཧཱུཾ་ཕཊ། ཨོཾ་པ་རཱ་དཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་བ་རཾ་དཱ་པ་ཡ་བ་རཾ་པཱ་པ་ཡ་སརྦ་སད་བྷི་ཀུ་རུ་ཧཱུཾ་ཕཊ། ཨོཾ་དྷཡ་ནཱ་དཱི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སྠིར་ཡ་སརྦ་ཙིཏྟཾ?་སི་ཧཱུཾ་ཕཊ། ཨོཾ་ཨ་བྷ་ཡ་པྲ་དཱ་ནཱ་བྷ་ན་ཡ་བཛྲ་མཧཱ་ཀྲོ་དྷ ཤ་མ་ཡ་ཤ་མ་ཡ་ཏིར་ཡ་ག་མ་ནུ་ཥྱ་དཱི་ན་ཧཱུཾ་ཕཊ། པདྨའི་གདན་གྱིས་སྒེག་མོ་ལ་སོགས་པ་བརྒྱད་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། ཕྱིན་པ་གཡས་པས་བྱིན་པ་གཡོན་པ་མནན་པར་བྱས་ནས་ལུས་མོ་གཉིས་དམང་པར་བྱས་པ་ནི་པདྨའི་གདན་ནོ།། ོཾ་པདམཱ་ས་ན་བཛྲ་མཧཱ་ཀྲོ་དྷ་བི་དྷ་མ་ཡ་བི་དྷ་མ་ཡ་སརྦ་ཤ་ཏྲུན་ཧཱུཾ་ཕཊ། ཨོཾ་བཛྲ་ལཱ་སྱཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་དཱ་ན་པཱ་རི་ཏཱན་ནི་?་ད་ཡ་ནི་?་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་ལཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐའ་ག་ཏ་ཤཱི་ལ་པ་རཱ་མི་ཏཱན ནིཥཔཱ་ད་པ་ཡ་ནིཥཔཱ་ད་པ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་གཱི་ཏཱ་བྷ་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏེ་ཀྵནྟི་པཱ་ར་མི་ཏཱ་ན་ཥཔཱ་དེ་ཡ་ནིཥཔཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ནརི་རྐྱ་དྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་པྲཱ་ག་ཏ་བཨཱརྱ་པཱ་ར་མི་ཏཱན་ནིཥཔཱ་ད་ཡ་ནི་ཥཔཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ དྷུ་པཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་བྷ་སརྦ་ཏ་ཐཱ་ག་ཏ་དྷཡ་ན་པ་རཱ་མི་ཏཱ་ནཱ་ནིཥཔཱ་ད་ཡ་ནིཥཔཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥཔཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་པཱ་རཱ་མི་ཏཱ་ནིཥཔཱ་ད་ཡ་ནིཥཔཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་དཱི་པཱ་བྷི་ན་ཡ་བཛྲ་མཧཱ་ཀྲ་དྷ་སརྦ་ཏ་ཐཱ ག་ཏེ་པྲ་ནི་དྷི་པཱ་ར་མི་ཏཱན་ནི་ཥཔཱ་ད་ཡ་ནིཥཔཱ་ད་ཡཾ་ཧཱུཾ་ཕཊ། ཨོཾ་བཛྲ་གནདྷཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་ཤ་སརྦ་ཏ་ཐཱ་ག་ཏ་ཨཽ་པཱ་ར་ཡ་མ་ཏཱཾ་ནཥཔྲི་ད་ཡ་ནཥཔཱི་ད་ཡ་ཧཱུཾ་ཕཊ། སེམས་དཔའ་ཨི་སྐྱིལ་ཀྲུང་གི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུ་དྲུག་གི་ཕྱག རྒྱ་བཅིང་བར་བྱའོ། །བརླ་གཡོན་པའི་དབུས་སུ་རྐང་པ་གཡས་པ་བཀོད་ནས་རྐང་པ་གཡོན་པ་དེའི་འོག་ཏུ་བཞག་པ་ནི་སེམས་དཔའ་ཨི་སྐྱིལ་ཀྲུང་རོ?། །སྔགས་ནི། ཨོཾ་སཏྭ་པརྱ་ཀ་བཛྲ་མ་ཧཱ་ཀྲོ་དྷ་ཏ་རྫ་ཡ་ཏ་རྫ་ཡ་སརྦ་ཧོ་ར་གཱ་དཱ་ནི་ཧཱུཾ་ཕཊ། ོཾ་བཛྲ་སཏྭཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ས་སརྦ་ཏ་ཐཱ་ག་ཏ་བི་དྷི་ཙིཏྟི་ཨཽཾཏཔཱ་ད་ཡ་ཨཽཏབཱ?་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཱ་ཛཱ་བྷིན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ནཱ་རཀྵ་ཡ་ཨཱཀརཥ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཱ་གཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏཱ་ཐཱ་ག་ཏཱ་ན་ནུ་རཱ་གཡས་ནུ་རཱ གཡ?་ཧཱུཾ་ཕཊ། ཨོཾ་བཛྲ་སཱ་དྷཝ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ན་ཏོ་ཥ་ཡ་ཏོ་ཥ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཏན་བྷིན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ན་བི་ཥེ་ཀ་ཡ་ཡ་བྷི་ཥེ་ཀ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏེ་ཛོ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ན་བ་བྷ་ཥ ཡ་ཨ་བ་བྷཱ་ཥ་ཡ་ནི་ཥཔ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀེ་ཏྭཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་སཏྭ་དཱ་ན་པཱ་ར་མི་ཏཱ་ཡ་ན་ཡོ་ཛ་ཡ་ནི་ཡོ་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱ་སཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏཱ་ན་ས་མ་ཏཱཏ་བྷཱ་ཏ་པྲི་ཏི་ཡཾ་ནི་ཡོ་ཛ་ཡ་ནི་ཡོ་ཛ་ཡ་ཧཱུཾ ཕཊ། ཨོཾ་བཛྲ་དྷརྨཱ་བྷི་ན་ཡ་བཛྲེ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་སུ་བི་ཤུདྡྷཱ་ས་མ་དྷི་ནིཥཔཱ་ད་ཡ་ནིཥཔཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏཱིཀྵྚ?་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཀླེ་ཤོ་པ་ཀླེ་ཤཙྪེ་ད་ཡ་ཙྪེ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཧེ་ཏྭཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ ཏ་ཐཱ་ག་ཏཱ་ན་མཧཱ་མ་ཎ་ལོ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བྷ་ཥཱི་བྷི་ན་ཡ་མ་ཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ནི་ཥ་པྲ་སཉཝ?་དྷ་མ་ཏཱ་ཡཱཾ་ནི་ཡོ་ཛ་ཡ་ནི་ཡོ་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀརྨམ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཨ་ཤེ་ཥཱ་ན་བ་ཤེཥ་སརྦ་ཏ་ཐཱ ག་ཏཱ་ན་པུ་ཛ་ཡ་པུ་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་རཀྵ་དྷི་ནི་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཀླེ་ཤ་པ་ཀླེ་ཤོ་བྷ་ཨ་དྷཡོ་རཀྵི་རཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་དྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏཱ་སརྦ་རཀྵཾ་པ་རི་པ་ལ་ཡ་པ་རི་པ་ལ་ཡ་ཧཱུཾ་ཕཊ། ཨོཾ་སརྦ སན་དྷཡ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷོ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟཻ་ཀི་ཀ་ར་ཎཾ་ཀུ་རུ་ཀུ་རུ་ཧཱུཾ་ཕཊ། བཟང་པོའི་གདན་གྱིས་བྱམས་པ་ལ་སོགས་པ་བཅུ་དྲུག་གི་ཕྱག་རྒྱ་བཅིང་བར་བྱའོ། །རྐང་པ་གཉིས་དྲང་པོར་གདན་མངོན་པོ་ལ་གནས་ནས་བཟུང་བར་བྱའོ།། འདི་ནི་བཟང་པོའི་གདན་ནོ། །ོཾ་བྷ་?་ས་ན་བཛྲ་མ་ཧཱ་ཀྲོ་དྷ་སུ་ཁཱ་པ་ཡ་སུ་ཁཱ་བ་མ་སརྦ་སཏྭཱ་ན་ཧཱུཾ་ཕཊ། ཨོཾ་མཻ་ཏྲི་ཡཱ་གྷིན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བཻ་ཏྲི་པ་ལཾ་བརྒྷ་ཡ་བརྒྷ་ཡ་ཧཱུཾ་ཕཊ། ཨོཾ་ཨ་མོ་གྷ་དརཤ་ཡ་བྷི་ན་ཡ་མཧཱ་ཀྲོ་དྷ་སརྦ་ས་ཏྭཱ་ནཱི་སརྦ་ཀྲེ་ཤ་ཀ་ཋི ?་བི་ཤ་མ་ཡ་བི་ཤ་མ་ཡ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ཛ་ཧཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སྭ་མསྟཝ་པ་པཾ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་སརྦ་ཤོ་ཀ་ཏ་མོ་ནི་རི་གྷཱ?་ཏ་ན་བཛྲ་མཧཱ་ཀྲོ་དྷ་སརྦཱ་ཤོ་ཀ་ལ་རི་དེ་བེ་ནཱ་དི་དུ:ཁཾ་ནི་ར་གྷཱ་ཏ་ཡ་ནིར་གྷཱ་ཏ་ཡ་ཧཱུཾ་ཕཊ། ཨོཾ གོ་དྷ་ཧ་སྟྱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཛྙ་ན་མ་དེ་ཨ་བ་ནི་ཡ་ཨ་པ་ན་ཡ་ཧཱུཾ་ཕཊ། ཨོཾ་ཤུ་ར་ག་མཱ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཛྙཱ་ན་ཙྪེ་ད་ཡ་ཙྪེ་ད་ཡ་ཧཱུཾ་ཕཊ། ཨོཾ་ག་ག་ན་ག་ཛཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཙིནྟ་མ་ཎི་བྷ་དྲ་གྷ་ཌ་དི་ཀཾ་པྲ་བརཥ་ཡ་པྲ་བརཥ་བ ཧཱུཾ་ཕཊ། ཨོཾ་ཛྙཱ?་ན་ཀེ་ཏྭ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨ་ན་བྷ་ཥ་ཛྙཱ་ན་བཛྲ་ཨཽཙྪ་ས་ཡ་ཨཽཙྪ་ས་ཡ་ཧཱུཾ་ཕཊ། ཨོཾ་ཨ་མི་ཏཱ་པྲ་བྷཱ་བྷི་ན་ཡ་བཛྲེ་མཧཱ་ཀྲོ་དྷ་ཨ་ནནྟ་ཛྙཱ་ན་ར་སྨིན་ཨ་བ་བྷཱ་ས་ཡ་ཨ་བ་བྷཱ་ས་ཡ་ཧཱུཾ་ཕཊ་ཨོཾ་ཙནདཱ་པྲ་བྷཱ་བིན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཛྙཱ ན་ཨནྟ་ཀཱ་རི་བི་དྷཝི་ས་ཡ་ཧཱུཾ་ཕཊ། ཨོཾ་བྷ་དྲ་པཱ་ལཱ་བྷི་ན་ཡི་བཛྲ་མཧཱ་ཀྲོདྷ་སརྦ་སཾ་པཏ་ཏྱ་བྷ་ཥེ་ཀཾ་དཱ་པ་ཡ་དཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཛཱ་ལི་ནཱི་པྲ་བྷཱ་བྷིན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཀླེ་ཤོ་བ་ཀླེ་ཤོ་བ་ཛཱ་ལ་པྲ་བྷ་ཛྲ་ཡ་པྲ་བྷ་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་གརྦྷཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཀེ་ཤ བ་ཀླེ་ཤ་བ་སཕོ་ཊ་ཡ་བི་སཕོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་ཡཀྵ་ཡ་མ་ཏྱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་པ་ར་མཱ་པྲ་བྷཀྵ་ཡ་ཛྙཱ་ནཾ་པྲ་ཀཱ་ཤ་ཡ་པྲ་ཀཱ་ཤ་ཡ་ཧཱུཾ་ཕཊ། ཨོཾ་པྲ་ཏི་བྷ་ན་ཀྵུ་ཊ?་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཨ་ནནྟ་བི་ཙིཏྲ་དྷརྨ་ཏཱ་པྲ་ཏི་བྷ་ཤ་ཡ་པྲ་ཏི་བྷ་ཤ་ཡ་ཧཱུཾ་ཕཊ། ཨོཾ་ས་མནྟ་བྷ་དྲཱ་བྷི་ན་ ཡ་བཛྲ་མཧཱ་ཀྲོ་དྷ་སརྦོ་ཏ་ནཱ་མ་མཧཱ་པྲག་བྷ་ར་ཀ་ལྱཱཾ་ཎཾ་སྲ་བྲ་པ་ཡ་བྲཱ་པ་ཡ་ཧཱུཾ་ཕཊ། དཔའ་བོའི་གདན་གྱིས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཁྲོ་བོ་ཆེན་པོ་བཞིའི་ཕྱག་རྒྱས་བཅིང་བས?་བྱའོ། །རྐང་པ་གཡོན་པ་སྐྱིལ་མོ་ཀྲུང་ཕྱེད་པ་བཅིངས་ནས་དེ་དང ཉེ་བར་གཡས་པའི་བུས་མོ་དྲང་པོ་དགོང་པར་བྱ་བ་ནི་དཔའ་བོའི་གདན་ནོ། །ཡང་ན་གཡོན་སྐྱིལ་ཀྲུང་ཕྱེད་པར་བྱས་དེའི་སྟེང་དུ་གཡས་པ་ལྟུང་ཞིང་དགོང་པར་བྱ་བ་ནི་དཔའ་བོའི་གདན་ནོ། །རྐང་པ་གཡས་པ་བརླེ་གཡོན་པའི་རྩ་བ་རུ་གན་རྒྱལ་དུ་དགོད་པར བྱ་བ་ནི་དཔའ་བོའི་གདན་ནོ་ཞེས་པ་ནི་ཁ་ཅིག་གོ་། སྔགས་ནི། ཨོཾ་བཱི་རཱ་ས་ན་བཛྲ་མཧཱ་ཀྲོ་དྷ་སརྦ་སཏྭ་ནཾ་ཏྲ་ས་ཡ་ཏྲཱ་ས་ཡ་སརྦ་དུཥྚ་ན་ཧཱི་ཕཊ། །ོཾ་བཛྲ་ཨཾ་ཀུ་ཤཱ་བྷི་ན་ཡ་བཛྲ་མཧཱ་ཀོ་དྷ་བོ་དྷ་ཙིཏྟཱ་ཨཾ་ཀུ་ཤ་ན་མཧཱ་ཀྲོ་དྷ་པུ་ཏེ་སརྦ་སཏྭ་ན་ཨཱ་ཀཱརཥ་ཡ་ཨཱ། ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཤཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་སཏཱན་ད་ཤ་པཱ་ར་མི་ཏཱ་ཡཾ་པྲ་བ་ཤ་ཡ་པྲ་པ་ཤ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་སཕོ་ཊཱ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏཱ་ནཱཾ་ཨརྱ?་ཡཱ་ན་སྤྲི་ཧཱ་ཙིཏྟ་སཕོ་ཊ་ཡ་སཕོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་བེ་ཤཱ་བྷི་ན་ཡ བཛྲ་མཧཱ་ཀྲོ་དྷ་སརྦ་དྷརྨཱ་ན་ག་ར་པཱ་ལ་ནེ་ནི་ཡོ་ཛ་ཡ་ནི་ཡོ་ཛ་ཡི་ཧཱུཾ་ཕཊ། འདི་རྣམས་སྔོན་དུ་གོང་དུ་བཤད་པའི་རང་རང་གི་ཕྱག་རྒྱ་རྣམས་ཀྱིས་བྱའོ། །ཙོག་པུའི་གདན་གྱིས་ཕོ་ཉ་དང་ཕོ་ཉ་མ་དང་བྲན?་ཕོ?་དང་བྲན་མོ་བཅུ་དྲུག་གི་ཕྱག་རྒྱས་བཅིང་བར་བྱའོ། ། རྐང་པ་གཉིས་མཐོ་གང་ཙམ་གྱི་བར་དུ་གདན་ལ་རྣམ་པར་བཀོད་ནས་ཙོག་པུས་གདན་ལ་གནས་པར་བྱའོ། །ོཾ་ཨཽ་ཀ་ཊཱུ?་ཀཱ་ས་ན་བཛྲ་མཧཱ་ཀྲོ་དྷ་ཨཽཏ་ཀ་ཊཡ་ཀཱ་ས་ཡ་ཀཱ་ས་ཡ་སརྦ་མཱ་རཱན་ཧཱུཾ་ཕཊ། ཨོཾ་བཛྲ་མུ་ཥ་ལ་མཧཱ་དུ་ཏ་ཀུཊཊ་ཀུཊཊ་སརྦ་དུཥྚཾ ཧཱུཾ་ཕཊ། ཨོཾ་བཛྲ་ནི་མ་ལ་ཧཱ་དུ་ཏ་བེ་གན་ཡ་ཨཱ་ན་ཡ་སརྦ་དུཥྚན་ཧཱུཾ་ཕཊ། ཨོཾ་བཛྲ་ནི་ལས་ཧཱ་དཱུ་ཏ་ཛཝ་ལ་ཡ་ཛཝ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་བཛྲ་བཾ?་ར་བ་མཧཱ་དཱུ་ཏ་བྷཀྵ་བྷཀྵ་སརྦ་དུ་ཥྚཾ་ཧཱུཾ་ཕཊ། རྡོ་རྗེ་རླུང་གིས་མཐེ་བོང་གཡོན པ་གནས་ས་ལ་མེ་ཏོག་འཆང་རབ་ཏུ་སྦྱོར་བས་སོ། །རྡོ་རྗེ་འཇིགས་བྱེད་ཀྱི་གཡས་པས་དོན་སྟེར་བ་དང་རལ་གྲིའི་ཕྱག་རྒྱའི་རྩེ་མོར་ཁུ་ཚུར་སོན་པའོ། །རྡོ་རྗེ་གཏུན་ཤིང་གི་གཡས་ཀྱི་རྩེ་མོང་དེ་བཞིན་དུ་གཏུན་ཤིང་རབ་ཏུ་བརྐྱང་ཞིང་ལག་པ་གཡོན་པ་ཡང་དེ བཞིན་ནོ། །རྡོ་རྗེ་མེའི་གཡས་ཀྱིས་འབར་བ་སྟོན་ཅིང་རྡོ་རྗེ་ཁུ་ཚུར་རབ་ཏུ་འདར་བའོ། །ཕོ་ཉའི་རང་གི་དམ་ཚིག་ནི་ལས་ཀྱི་ཕྱག་རྒྱའོ། །གཏུན་ཤིང་གིས་གདུག་པ་འཇོམས་པའི་ཕྱིར་དང་སྐུད་ཀྱི་དར་བཞིན་ནོ། །འབར་བའི་རྩེ་མོས་གདུག་པ་ཅན་རྣམས་འདུལ་བ སྟེ་གནོད་སྤྱིད་མོ་དང་གཟའ་རྣམས་ཉམས་པར་བྱེད་པའོ། །ཕྱག་རྒྱ་རྣམ་པར་དག་པའོ། །ོཾ་བཛྲ་དུ་ཏི་ཨ་ན་ཡ་སརྦ་མཎྜ་ལཾ་པྲ་བེ་ཤ་ཡ་ཨ་པེ་ཤ་ཡ་པནདྷ་ཡ་སརྦ་ཀརྨཱ་ཎི་ཀུ་རུ་ཤཱི་གྷྲཾ?་ལ་གྷུ་ཏྲ་ས་ཡ་མཱ་ར་ཡ་རོ་ཥ་ཎ་བཛྲ་ཁ་ཊརཾ་གདྷཱ་རི་ཎི་ཧཱུཾ་ཕཊ། ཨ་བཛྲི? བཛྲི་ཎི་གྷུ་གྷུ་གྷུ་གྷུ་ཤ་བྷེ་ན་མ་རཱ་ཡ་མ་རཱ་ཡ་བི་ཀི་ར་བི་དྲུཾ?་ས་ཡ་བཛྲ་པ་ཌ་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཛཝ་ལ་ཛཝ་ལ་ཡ་ད་ཧ་ད་ཧ་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཀ་ཊེ་དཥྚཾ་ཀ་རཱ་ལ་བྷE་ཥཎ་བཀྲེ་ཤཱི་གྷྲཾ་གྲིཧྣ་ཨཱ་པེ་ཤ་ཡ་བྷཀྵ་རུ་དྷི་རཾ་པི་བ་མཧཱི་ཡཀྵི་ཎི་བཛྲ་པཱ་ཤ་དྷ་རི་ཎི ཧཱུཾ་ཕཊ། དཔུང་པ་བསྐུམ?་ནས་རྡོ་རྗེ་ཡིས་རླུང་ནས་རྒྱབ་ཀྱིས་ཡོངས་སུ་བསྐོར་ཏེ་འབར་བའི་མེ་སྟག་འཕྲོ་བས་རྣམ་པར་འཇོམས་པ་ཁང་གནས་པ་ནི། ཕོ་ཉ་མོའི་རང་གི་དམ་ཚིག་གི་ཕྱག་རྒྱའོ། །ོཾ་བཛྲ་བཱ་རཱ་ཧ་ཙེ་ཊ་ཨཱ་ཀརཥ་ཡ་ཨཱརཥ་ཡ་སརྦ་ཏ་ཐཱ་ག་ཏཱ་ནཱ་ན་ཧཱུཾ ཕཊ། ཨོཾ་བཛྲ་ཀཱ་ལ་མནདཱ?་?་ཊ་སརྦ་དུཥྚ་སཏྭཱ་ནཱི་མཧཱ་མྲི་ཏྱུཾ་ས་མུཏ་པཱ་ད་ཡ་ས་མུ་ཏ་པཱ་ད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ནཱ་ཡ་ཀ་མཧཱ་ཙེ་ཌ་ནིར་བིགྷཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་ནཱ་ག་བཛྲ་མཧཱ་ཙེ་ཊ་ཨ་ན་ཡ་སརྦ་དྷ་ན་དྷཱ་ནྱ་ཧི་ར་ཎྱ་སུ་བརྞ་མ་ཎི་མུཀྟ་ལཾ་ཀཱ་རཱ་དཱི་ནི་སརྦོ་བ་ཀ་ར་ཎི་ན་བཛྲ དྷ་ར་ས་མ་ཡ་མ་ནུསྨ་ར?་ཀཌ་ཌཧཡ?་གྲིཧྣ་བ?་ཧ་ར་ཧ་ར་སརྦ་ཤ་ཏྲུཾ་ཎཾ་པྲ་ཎཾ་མཧཱ་ཙེ་ཊ་ཧཱུཾ་ཕཊ། ཁེངས་པ་དང་བཅས་པས་གདོང་གི་མཆེ་བའི་མདུན་དུ་དབྱུག་བ་གདབ་ཅིང་རབ་ཏུ་ལྟུང་བར་བྱའོ། །དཔུང་བ་བསྐུམ་ནམ་ཚིག་གིས་གཡོན་དང་གཡས་སུ་འདིར འཕྲོག་པའོ་ཞེས་སོ། །དཀྱིལ་འཁོར་གྱི་རྟོག་པ་ཐམས་ཅད་ལ་གཡོན་དུ་རྡོ་རྗེ་གཟུང་བས་སོ། །བྲན་གྱི་རང་གི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེའི་མཆེ་བས་ཟ་བར་བྱེད་པ་དང་གསོང་པར་བྱེད་པ་དང་བགེགས་དང་བགེགས་ཀྱི་ཚོགS ཐམས་ཅད་གྲི་གུག་གིས་འཕྲོག་པར་བྱེད་པས་ཐམས་ཅད་འཕྲོག་པ་ཞེས་པ་ནི། བྲན་གྱི་ཕྱག་རྒྱ་རྣམ་པར་དག་པའོ། །ོཾ་བཛྲ་མུ་ཁི་ཨཱ་ན་ཡ་བཛྲ་དཾཥྚཱ་བྷ་ཡ་ན་ཀེ་ཀེ་པཱ་ལ་ནི་བཱ་བསི་ནི་ཁ་ན་ཁ་ན་ཁཱ་ཧི་ཁཱ་ཧི་སརྦ་མུ་ཁཻ:པྲ་བེ་ཤ་ཡ་སཕོ་ཊ་ཡ་མར་མཱ ཎི་སརྦ་དུཥྚ་བཛྲ་པཱ་ཎི་ནི་སིཾ་ཧ་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་ལི་མཧཱ་རཱུ་པི་ཎི་མ་ནུ་ཥྱ་མཱཾ་ས་རུ་དྷི་ར་པྲི་ཡེ། ཨེ་ཧཡེ་ཧི་གྲིཧྣ་གྲིཧྣ་བྷཀྵ་ཡ་བྷཀྵ་ཡ་བཛྲ་ཌཱ་ཀི་ནྱ་བཛྲ་ས་ཀ་ལ་སརྦ་དེ་ཕ་ག་ཎ་མཱ་ཏྲི་བྷུ་ཊེ་ཧ་ར་ཧ་ར་པྲཱ་ཎཱཾ་ཨ་མུ་ཀསྱ་ཀ་པཱ་ལ་མཱ་ལཱ་ལཾ་ཀྲ་ཏ་སརྦ་ཀཱ་དྱ ཀཉྩི་དྷ་ཡ་སི་བཛྲ་ཁ་ཊཝཱཾ་ག་པྲེ་ཏ་མཱ་ནུ་ཥྱ་ཤ་རཱི་རེ་ཤཱི་གྷྲ་མཱ་བེ་ཤ་ཡ་པྲ་བེ་ཤ་ཡ་བན་དྷ་ཡ་མཱ་ར་ཡ་བཛྲ་རཱཀྵ་སི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པཱུ་ཧ་ན་མ་ནུ་ཥྱ་མཱཾ་ས་བ་ས་རུ་དྷི་ར་མུ་དྲ་པུ་རི་ཥ་ཤལ་ཤམ་སཾི?་ཧཱ་ཎ་ཀརེ་ཏོ་གརྦྷ་ཧ་རི་ཎི་པཱ་ཧི་ཤཱི་གྷྲ་མི་ད་མ་སྱ་ཀུ་རུ་བཛྲ ཤོ?་དྷ་ནི་ཀ་པཱ་ལ་དྷ་རི་ཎི་སརྦ་ཀརྨཱ་ཎི་མ་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་མཧཱ་ཀ་རེ་གྲ་ས་གྲ་ས་ཤཱི་གྷྲཾ་ཤཱི་གྷྲཾ་པྲ་བེ་ཤ་ཡ་པཱ་ཏཱ་ལཾ་བྷཀྵ་ཡ་བཛྲ་མ་ཀ་ར་དྷ་རི་ཎི་ཧཱུཾ་ཕཊ། མཛའ་གཉིས་སུ་རབ་ཏུ་བཞུགས་ཏེ་ཁ་ཡིས་བཙིར་ཞིང་དཔུང་པ་བསྡམས་ནས་རབ་ཏུ་ལྷུང བར་བྱེད་ཅིང་ལྷན་ཅིག་ཏུ་འཕྲོག་པར་བྱེད་པ་དེ་ཉིད་དོ། །བྲན་མོ་རང་གི་དམ་ཚིག་གི་ལས་ཀྱི་ཕྱག་རྒྱའོ། །རོལ་པའི་གདན་གྱིས་འཇིག་རྟེན་སྐྱོང་བའི་ཕྱག་རྒྱ་བཅིང་བར་བྱའོ། །རྐང་པ་གཡས་པ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཀོད་ནས་གཡོན འགྱིང་བ་དང་བཅས་པས་རབ་ཏུ་བརྐྱང་བར་བྱའོ། །རོལ་པའི་གདན་ནོ། །སྔགས་ནི། ཨོཾ་ཨཱ་ལཱི་ཊ་བཱ་ད་བཛྲ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སརྦ་མཱ་རཱ་ན་ཧཱུཾ་ཕཊ། གཡོན་པའི་ཁུ་ཚུར་རྐེད་པར་བཞག་ནས་ཁུ་ཚུར་གཡས་པའི་མཛུབ་མོ་དང་གུང མོའི་ཚིགས་གསུམ་པ་བཀུག་སྟེ་མཛུབ་མོ་མིག་གི་རྣམ་པར་དཔྲལ་བའི་ལོགས་སུ་གཟུང་བར་བྱའོ། །འདི་ནི་དབང་པོར་ལས་ཀྱི་ཕྱག་རྒྱའོ། །སྔགས་ནི། ཨོཾ་བཛྲ་ཧཱུཾ། དེ་ཉིད་བཞིན་དུ་གཡོན་པ་བྱས་ནས་ལག་པ་གཡས་པ་རབ་ཏུ་བརྐྱང་སྟེ་མཛུབ་མོ་དང་མཐེ་བོང སྐམ་པར་བྱས་ཏེ། ལྷག་མ་རྩེ་གསུམ་གྱི་རྣམ་པར་སྙིང་གར་གཟུང་བ་ནི་མེའི་ལས་ཀྱི་ཕྱག་རྒྱའོ། །ོཾ་བཛྲ་ཛཝ་ལེ་ཧཱུཾ། དེ་བཞིན་དུ་ལག་པ་གཡོན་པ་དང་གཡས་པས་དབྱུག་པ་འཛིན་པའི་ཚུལ་སུ་བྱས་པ་ནི་གཤིན་རྗེའི་ལས་ཀྱི་ཕྱག་རྒྱའོ། །ོཾ་བཛྲ་མཱ་ར་ཎི ཧཱུཾ། དེ་བཞིན་དུ་ལག་པ་གཡོན་པ་དང་གཡས་པས་རལ་གྲིའི་ཚུལ་དུ་བྱས་པ་ནི་བདེན་བྲལ་གྱིའོ། །ོཾ་བཛྲ་མུ་ཤ་ལ་གྲ་ཧེ་ཧཱུཾ། ལག་པ་གཡོན་པ་སྙིང་གར་བྱས་ནས་མཐེ་བོ་མཐེ་ཆུང་རབ་ཏུ་བརྐྱང་སྟེ་སྦྲུལ་གྱིས་རྣམ་པར་གཟུང་བྱས་ཏེ། དེའི་སྟེང་དུ་ལག པ་གཡས་པ་རབ་ཏུ་བརྐྱང་སྟེ་གདེངས་ཀའི་རྣམ་པར་གཟུང་བར་བྱའོ། འདི་ནི་ཆུ་བདག་གིའོ། །ོཾ་བཛྲ་ཧཱ་རི་ཎེ་ཧཱུཾ། གཡོན་པ་སྡིགས་མཛུབ་བསྟོད་པ་རྐེང་པར་བྱས་ནས་ལག་པ་གཡས་པའི་ཁུ་ཚུར་གྱིས་མཛུབ་མོ་དང་གུང་མོ་དག་བ་དན་གྱི་རྣམ་པར་བྱའོ།། འདི་ནི་རླུང?་གིའོ། །ོཾ་བཛྲ་པ་ཌེ་ཧཱུཾ། ལག་པ་གཡོན་པ་དང་གཡས་པ་དག་གིས་ན་ཀུ་ལཱི་དང་བི་ཛ་པཱུ་ར་ཀའི་ཚུལ་དུ་བྱའོ། །འདི་ནི་ལུས་ངན་པོའི་ཡིན་ནོ། །ོཾ་བཛྲ་གྲ་ཧཱུཾ། ཁུ་ཚུར་གཡོན་པ་རྐེད་པར་བཞག་ནས་ལག་པ་གཡས་པ་རབ་ཏུ་བརྐྱང་སྟེ་མཐེའུ་ཆུང་དང་མཐེ བོ་དག་རྩེ་མོ་ཡང་དག་པར་སྦྱར་ཏེ་ལྷག་མ་རབ་ཏུ་བརྐྱང་ནས་རྩེ་གསུམ་གྱིས་རྣམ་པར་བཟུང་བར་བྱའོ། །འདི་ནི་དབང་ལྡན་གྱི་ལས་ཀྱི་ཕྱག་རྒྱའོ། །སྔགས་ནི། ཨོཾ་བཛྲ་ཤུ་ལ་གྲེ་སྭཱ་ཧཱ། ལག་པ་གཡས་པའི་ཁུ་ཚུར་གྱི་སྡིགས་མཛུབ་བསྒྲེངས་ནས་སྙིང་གར བཟུང་བར་བྱའོ། །ལག་པ་གཡོན་པ་རབ་ཏུ་བརྐྱང་ནས་སྟེང་གཡོག་པར་བྱའོ། །འདི་ནི་ཉི་མའི་ལས་ཀྱི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ཛཝ་ལཱ་བཛྲེ་ཧཱུཾ་སྭཱ་ཧཱ། དེ་ལས་བཟློག་པ་ནི་ཟླ་བ་ཡིའོ། །སྔགས་ནི། ཨོཾ་བཛྲ་སཽ་མེ་ཧཱུཾ་སྭཱ་ཧཱ། ལག་པ་གཡོན་པ་བང་དུ་རབ་ཏུ བརྐྱང་ནས་སྤྱི་བླུགས་ཀྱི་ཚུལ་དུ་བྱས་ཏེ་ལག་པ་གཡས་པ་བགྲང་ཕྲེང་གི་ཚུལ་དུ་བྱས་པ་ནི་ཚངས་པའི་ལས་ཀྱི་ཕྱག་རྒྱའོ། །ོཾ་བཛྲ་ད་ཎ་ཌ་ཀཥྛི་ཀ་ཧཱུཾ། བདེན་བྲལ་གྱི་བྲགས་བཟངས་རིས་ཀྱི་ཡང་ངོ། །ོཾ་ཨ་སུ་རེ་དྷཡ:སྭཱ་ཧཱ། ལག་པ་གཉིS ཀྱིས་ཐུགས་ཁང་བུ་པ་ལ་བཟུང་བ་ནི་སའིའོ། །སྔགས་ནི། ཨོཾ་ཨ:དྷོ་པྲི་ཐཝི་དེ་བྱེ་སྭཱ་ཧཱ། ཁུ་ཚུར་གཡོན་རྐེད་པར་བཀོད་ནས་མཐེ་བོང་དང་མཐེའུ་ཆུང་མགོ་བོ་དང་མཇུག་མའི་རྣམ་པར་བྱས་ཏེ་ལག་པ་གཡས་པ་གདེངས་ཀའི་རྣམ་པར་བཟུང་བར བྱའོ། །འདི་ནི་འོག་གི་ཀླུའི་ལས་ཀྱི་ཕྱག་རྒྱའོ། །ོཾ་ནཱ་གེ་བྷཡ:སྭཱ་ཧཱ། དེ་རྣམས་ཀྱིས་དེ་བཞིན་དུ་གདན་གྱིས་རྡོ་རྗེ་ཁུ་ཧུ་ཚུར་དག་མདུན་དུ་བལྟ་བ་ལས་སོ། །ོཾ་ཨ་བྷི་མུ་ཁ་བཛྲ་མཧཱ་ཀྲོ་དྷཱ་བེ་ཤ་ཡ་ཨ་བེ་ཤ་ཡ་སརྦ་སཏྭཱ་ན་ཧཱུཾ་ཕཊ། རྒྱབ་ཏུ་བལྟ་བ་ནི གདོང་ཕྱིར་ཕྱོགས་པ་ལས་སོ། །སྔགས་ནི། ཨོཾ་པ་རཱཾ་མུ་ཁ་བཛྲ་མཧཱ་ཀྲོ་དྷཱ་པ་རཱ་མུ་ཁ་ཡ་སརྦ་པ་ར་མུ་ཁ་ཡ་བིགྷྣན་ཧཱུཾ་ཕཊ། དེ་ནས་བགེགས་མེད་པའི་ཕྱིར་གསང་བའི་དཀྱིལ་འཁོར་དགུག་པར་བྱ་སྟེ་ཕྱག་རྒྱ་འདི་དང་བཅས་པས། ཨོཾ་མཎྜལ ཧཱུཾ་ཛ:ཞེས་པས། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་དང་མཐེ་བོའི་རྡོ་རྗེས་དཀྱིལ་འཁོར་ཐམས་ཅད་གདན་འདྲན་པའི་ཕྱག་རྒྱའོ། །རྡོ་རྗེ་འཁོར་ལོ་ཕྱག་རྒྱའི་ཕྱིར་ཡང་བྱིན་གྱིས་བརླབ་པར་བྱའོ། །ོཾ་མཧཱ་བཛྲ་ཙཀྲེ་ཨ་དྷི་ཏིཥྛ་སྤ་སིདྡྷཡ་ཧཱུཾ། ཞེས འདི་སྔོན་དུ་གསུངས་པའི་རྡོ་རྗེ་རྒྱའི་ལས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་ཕྱག་རྒྱ་འདིས་སོ། །དེ་ནས་སེང་ལྡེང་གི་རྡོ་རྗེ་ཕུར་བུ་རྣམས་སམ་ཤིན་ཏུ་མཁྲེགས་པའི་ཤིང་གི་རང་བཞིན་རྣམས་སམ་རུས་པའི་རང་བཞིན་རྣམས་ཀྱང་སྲིད་དུ་སོར་བརྩ་བརྒྱད དམ་སོང་བཅུ་གཉིས་སམ་སོར་བརྒྱད་པ་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་སྦོམས་སུ་སོར་མོ་དྲུག་དང་བཞི་དང་ཕྱེད་དང་བཅས་པའི་སོར་གཉིས་པའི་ཕུར་བུ་བཞི་དཀྱིལ་འཁོར་གྱི་ཕྱིའི་མཚམས་བཞི་ལ་ཕུར་བུས་གདབ་པར་བྱ་སྟེ། ཨོཾ བཛྲ་ཀཱི་ལ་ཡ་སརྦ་བིགྷྣན་བནདྷ་ཧཱུཾ། ཞེས་པ་འདིས་སྙིང་པོ་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་དེ་རྣམས་སྒྲུབ་པ་པོ་ཕྱི་མ་ལ་གཏང་པར་བྱ་སྟེ་སྒྲུབ་པ་པོ་ཕྱི་མ་གཅིག་གི་ཕྱོགས་ལའོ། །སྒྲུབ་པ་པོ་ཕྱི་མ་བཞིའི?་ཕྱོགས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་རེ་རེ་གཏད བར་བྱའོ། །འདི་སྟ་སྟེ། ཨོཾ་གྷ:གྷ:གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པ་པ་ཕཊ། ཨོཾ་བཛྲ་བི་ཛ་ཡ་མཧཱ་ཀོ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པས་ཤར་སྒོའི་སློབ་དཔོན་གྱིས་དབང་ལྡན་དུ་ཕུར་བུས་གདབ་པར་བྱ་སྟེ་ལག་བ་གཡོན པའི་ཁུ་ཚུར་གྱིས་ལྟེ་བ་མན་ཆང་རྩེ་མོའི་རྣམ་པ་དེའི་སྟེང་ཁྲོ་བོའི་གཟུགས་མི་བསྐྱོད་པའི་རང་བཞིན་དུ་ཕུར་བུ་བསམ་ཕར་བྱའོ། །ལག་པ་གཡས་པས་རྡོ་རྗེའི་ཐོ་པ་རྩེ་མོ་གསུམ་པས་བརྡུང་བར་བྱའོ། །ོཾ་བཛྲ་མུད་ག་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཞེས་བས་སོ།། དེ?་ནས་སྒོའི?་སྒོའི་སློབ་དཔོན་གྱིས། ཨོཾ་གྷ:གྷ:གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པ་ཕཊ། ཨོཾ་མོ་ག་ནཱ་ད་བཛྲ་མཧཱ་ཀྲོ་དྷ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །རིན་ཆེན་འབྱུང་ལྡན་ཀྱི་རང་བཞིན་དུ་ཕུང་བུ བསམ་པར་བྱས་ནས། མེའི་ཕུར་བུས་བརྡུང་བར་བྱ་སྟེ། ལྷ་རྣམས་ནི་སྔོན་མ་བཞིན་ནོ། །དེ་ནས་ནུབ་ཀྱི་སྒོའི་སློབ་དཔོན་གྱིས། ཨོཾ་གྷ:གྷ:གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཨོཾ་མ་ཧོ་ད་ར་བཛྲ་མཧཱ་ཀྲོ་དྷ་བཛྲ་དྷ་ར ?་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་ནས་འོད་དཔག་མེད་ཀྱི་རང་བཞིན་གྱི་ཁྲོ་བོའི་སྐུར་བསམས་ནས་བདེན་བྲལ་གྱི་ཕུར་བུ་བརྡུང་བར་བྱའོ། །ལྷག་མ་ནི་སྤོན་མ་བཞིན་ནོ། །དེ་ནས་བྱང་སྒོའི་སློབ་དཔོན་གྱིས། ཨོཾ་གྷ:གྷ:གྷ་ཏ་ལ་གྷཱ་ཏ་ཡ་སརྦ་དུ་སྟཾ? ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ?་ཕཊ། ཨོཾ་ཛ་ཡ་བཛྲ་མཧཱ་ཀྲོདྷ་བཛྲ་དྷ་ར་ཨཱཛྙཱ?་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་ནས་དོན་ཡོད་གྲུབ་པའི་རང་བཞིན་གྱི་ཁྲོ་བོའི་སྐུར?་ཕུར་བུ་བསམས་ནས་རླུང་དུ་ཕུར་བུ་བརྡུང་བར་བྱའོ། །དེ་ནི་ས་འཁོར་ལོའི་དབང་ཕྱུག གི་སྔོན་མ་བཞིན་དུ་འགྱིང་བ་དང་བཅས་པས་རྡོ་རྗེའི་རྐང་སྟབས་ཀྱིས་གར་བྱས་ནས་གདོང་མངོན་དུ་ཕྱོགས་པས་རྡོ་རྗེའི་ཁུ་ཚུར་གཉིས་བཅིངས་ནས་རྐེད་པའི་ཕྱོགས་སུ་བཞག་སྟེ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་གཡས་སྐོར གྱིས་ཕུར་བུ་བརྡུང་བར་བྱ་སྟེ་ཕུར་བུའི་བར་གྱིས་བསྒོམས་པའི་དེ་ཉིད་ཀྱིས་ཕྱོགས་བརྒྱང་རྣམས་སུ་བྱའོ། །སྔགས་ནི། ཨོཾ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་བིགྷྣཱཾ་ཧཱུཾ་ཕཊ། བརྡུང་བ་ནི་ཡང་སྔོན་མ་བཞིན་དུའོ། །དེ་ལ་མཚམས་རྣམས་སུ་རྣམ་པར་རྒྱལ བ་ལ་སོགས་པའོ། །ཕྱོགས་རྣམས་སུ་གོ་རིམས་བཞིན་དུ་གཤིན་རྗེ་གཤེད་ནི་འཇིག་རྟེན་གསུམ་རབ་ཏུ་བསྒྲུབས། དཔའ་བོ་རྣམ་པར་གནོན་བ་རྡོ་རྗེ་ཁྲོ་བོ་ཆེན་པོའི་སྐུར་བསམ་པར་བྱའོ། །ཡང་ན་ཕྱག་རྒྱ་འདིས་ཕུར་བུས་གདབ་པར་བྱའོ། །དེ་ནས རྡོ་རྗེ་ཁུ་ཚུར་བཅིངས་ནས་གུང་མོའི་རྩེ་མོ་དང་མཛུབ་མོ་དག་བསྐུམ་ནས་མཐེ་བོ་སྟེང་དུ་དགད་པར་བྱའོ་ཞེས་སོ། །དེ་རྣམས་སུ་ཡང་ཕུར་བུ་རྣམས་ལ་གདུགས་དང་ཉེར་སྤྱོད་ལྔ་དང་གཏོར་མ་འབུལ་བས་ཀྱང་མཆོད་པར་བྱའོ། །དེ་བཞིན་དུ་ཕུར བུ་རྣམས་བརྡུངས་པ་ན་བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོས་དེ་བཞིན་ཉིད་དང་རོ་གཅིག་པར་རྣམ་པར་བསམ་པར་བྱའོ། །བགེགས་ལྷག་མ་རྣམས་ཀྱང་རིང་དུ་འབྲོས་པར་བྱེད་དོ། །དེ་ཉིད་ཀྱི་སྟེང་དང་འོག་དང་འཕྲེང་དུ་འཁོར་ཡུག ཆེན་པོའི་མཐར་ཐུག་པར་འགྲོ་བ་རྣམས་ལ་ཐམས་ཅད་དུ་བགེགས་རྣམས་གྲོལ་བར་མོས་པར་བྱའོ། །དེ་ནས་བགེགས་མེད་པའི་ས་གཞི་འོད་ཟེར་འབར་བའི་རྣམ་པར་བལྟས་ནས་ཕུར་བུ་ལས་ཕྱི་རོལ་ཏུ་རྡོ་རྗེའི་གུར་འོད་ཟེར་དང་བཅས པའོ། །དེ་ནས་ཕྱི་རོལ་ཏུ་རྡོ་རྗེ་ར་བའི་འོད་ཟེར་དང་བཅས་པ་བལྟས་ནས། དེ་ལས་ཕྱི་རོལ་དུ་ཕྱོགས་བཅིང་བ་ནི་དབང་ཆེན་གྱི་དཀྱིལ་འཁོར་ཁ་དོག་སེར་པོ་གྲུ་བཞི་པ་དེ་ལས་མཚམས་བཅིང་བར་བྱ་སྟེ། མེའི་དཀྱིལ་འཁོར་ཡང་གུ གསུམ་ཁ་དོག་དམར་པོ་བསྒོམ་པར་བྱའོ། །སྔོན་དུ་གསུངས་པའི་སྔགས་དང་ཕྱག་རྒྱ་ངག་གིས་བྱིན་གྱིས་བརླབ་པར་བྱའོ་ཞེས་པ་ནི་གོ་རིམས་ཀྱི་ཆོ་གའོ། །དེའི་རྗེས་ལ་བཾ་ཡིག་ལས་བྱུང་བའི་སའི་ལྷ་མོ་བསྒོམ་པར་བྱ་སྟེ། ལག་པ་གཡས་པ་ལ་ཟླ་བ་ལ ཧ་ཨཱུཾ་ཡི་གེ་ལན་གསུམ་རྣམ་པར་བསམས་ཏེ་སོར་མོའི་རྩེ་མོས་ལན་གསུམ་བསྣུན་དེའི་སྐྲ་དང་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཡང་དག་པར་བསྐུལ་བ་ལས་བྱུང་བའི་ཡེ་ཤེས་སེམས་དཔའ་ཨི་སྐུ་སའི་ལྷ་མོ་དང་ལྷན་ཅིག་གཅིག་ཏུ་གྱུར་པ་སྐུ་མདོག་སེར་མོ་ཞི ?་བཟའ་དཀར་པོ་བསྣམས་པ། སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་ཕྱག་གཡས་པ་དང་གཡོན་གཉིས་ཀྱིས་གསེར་གྱི་བུམ་པ་བཟང་པོ་བསྣམས་པ། ཞལ་གཅིག་མ་འདོད་པའི་རྒྱལ་པོའི་ཕྱག་རྒྱལ་ཕྱི་རོལ་དུ་མདུན་དུ་བཞུགས་པ་ལ་མཆོད ཡོད་ས་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ནས་དེ་མ་ཐག་ཏུ། ཨོཾ་ཨེ་ཧཡེ་ཧི་མཧཱ་དེ་བི་པྲི་ཐཝི་ལོ་ཀ་མཱ་ཏ་ར་སརྦ་རཏན་ས་པཱུ་ཎེ་དི་བྱ་ལཾ་ཀཱ་ར་བྷུ་ཥི་ཏ་མཧཱ་ན་སུ་ར་ནི་ར་ནཱ་དི་ཏེ་བཛྲ་ས་ཏྭཱ་པྲ་པཱུ་ཛི་ཏེ། ཨཻ་དཾ་གྷཾ་གྲ་ཧི་ཏ་མཎྜ་ལ་ཀརྨ་སུ་སཱ་དྷ་ཡ ?་?་ཧཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་འབབ་པ་སྔོན་དུ་འགོ་བའི་མི་བསྐྱོད་པའི་ཕྱག་རྒྱས་ས་ལ་རེག་ནས་བསླང་བར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང། ། ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུན་ཀྱི་དཔུང་བཅོམ་ལྟར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེ་བཞིན་བདུད་དཔུང་གཞོམ་པར་བགྱི། །དངོས་གྲུབ་ཀུན་ལ་རབ་འཇུག་ཕྱིར། །དཀྱིལ་འཁོར་བདག་གིས་བྲི་བར་བྱ། །ཞེས་པའི་ཚིགས སུ་བཅད་པ་?་གསུམ་?་ནས་སའི་ལྷ་མོ་ལྷག་པར་གནས་པར་བྱའོ། །དེས་ཀྱང་དེ་བཞིན་དུ་གྱིས་ཤིག་ཅེས་གསུངས་ནས་དེ་ལ་དེ་བཞིན་དུ་ཐིམ་པར་བསམ་པར་བྱའོ། །དེ་ནས་མཐིལ་དུ་རྡོ་རྗེ་བཅིངས་པས་དེ་ཡིས་ས་གཞི་བརྟེན་པའོ། །ོཾ་ བཛྲཱི་བྷ་བ་ཧཱུཾ། ཞེས་མངོན་པར་བསྔགས་པས་བཅིངས་པ་ལས་མངོན་པར་བྱུང་བའི་ཧཱུཾ་ཡིག་འབར་བ་རྣམ་པར་འཕྲོས་པས་བཅུད་ཀྱི་མཐིལ་ལ་ཐུག་པ་རྡོ་རྗེའི་རང་བཞིན་དུ་བསྒོམ་པར་བྱའོ། །ོཾ་བཛྲ་དྲི་ཌཧོ་མེ་བྷ་བ་རཀྵ་སརྦཱཾ?་སྭཱ ཧཱ། ཞེས་ལན་གསུམ་བརྗོད་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ས་གཞི་རང་དབང་དུ་གྱུར་པར་རིག་པར་བྱའོ། །འདི་ནི་ནོར་རྒྱུན་མ་ལྷག་པར་གནས་པའི་ཆོ་གའོ།། །།སོ་སོར་ཇི་ལྟར་རིགས་པའི་ཆད་ཀྱི་མཚན་ཉིད་དང་ལྷག་པའི ?་དང་སྟེགས་བུ་ལ་ཐིག་གདབ་པར་བྱའོ། །དེ་ལ་འདིར་ཐིག་གདབ་པ་བརྗོད་པར་བྱ་སྟེ། དང་པོ་དེ་ཞིག་ས་པའི་ཀླུའི་ཕྱོགས་མཚོན་པར་བྱས་ནས་ཚངས་པའི་ཐིག་གདབ་པར་བྱའོ། །དེ་ནས་གཤིན་རྗེ་དང་ལུས་ངན་གྱི་ཕྱོགས མཚོན་པར་བྱས་ནས་ཉའི་འཇུག་མ་དག་གི་དབུས་སུ་ཐིག་སྐུད་བཟུང་ནས་ཚངས་ཐིག་གཉིས་པ་གདབ་པར་བྱའོ། །དེ་ནས་ཟུར་གྱི་ཐིག་གཉིས་གདབ་པར་བྱའོ། །དེའི་རྗེས་ལ་ཕྱོགས་ཀྱི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་གཅིག གི་བར་རྩ?་བའི་ཐིག་བཞི་གདབ་པར་བྱའོ། །རྩ་བའི་ཐིག་གཉིས་ཀྱི་བར་དུ་བརྒྱད་ཆའི་ཆ་གཅིག་གིས་སྒོའི་ཚད་དེའི་ཆེད་དུ་ཐིག་བཞི་གདབ་པར་བྱའོ། །སྒོའི་བཞི་ཆ་གཅིག་གིས་ཆ་ཆུང་གི་ཚད་དོ། །སྒོའི་ཐིག་ལས་ཕྱི་རོལ་དུ་ལོགས དག་ཏུ་སོང?་ཆ་ཆུང་རེ་རེའི་བར་དུ་ཐིག་གསུམ་གདབ་པར་བྱའོ། །དེའི་ཕྱི་རོལ་ཏུ་ཆ་ཆུང་ལྔའི་བར་དུ་ཐིག་རེ་རེ་གདབ་པར་བྱའོ། །རྩ་བའི་ཐིག་ལས་ཕྱི་རོལ་ཏུ་ཕྱོགས་བཞིར་ཆ་ཆུང་གཉིས་སྤངས་བར་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ ཏུ་ཆ་ཆུང་གཅིག་སྤངས་པར་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་ཏུ་ཆ་ཆུང་གཉིས་སྤངས་པར་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་ཏུ་ཆ་ཆུང་གཅིག་སྤངས་པར་ཐིག་བཞི་གདབ་པར་བྱའོ། །རྩ་བའི་ཐིག་ལས་ཕྱི་རོལ་ཏུ་ཟུར་ཐིག་ནས བརྩམས་ཏེ་ཐིག་ཟླུམ་པོ་གཅིག་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་ནས་རྡོ་རྗེ་ཕྲེང་བའི་ཐིག་ཟླུམ?་པོ་གཅིག་གདབ་པར་བྱའོ། །ཕྱོགས་ཀྱི་ཐིག་གི་ནང་དུ་ཐིག་ཟླུམ?་པོ་གཅིག་གདབ་པར་བྱའོ། །དེའི་ནང་དུ་ཆ་ཆུང་གཅིག་སྤངས་པར་རྡོ་རྗེའི ཕྲེང?་པའི་ཐིག་ཟླུམ་པོ་གཅིག་གདབ་པར་བྱའོ། །དེའི་ནང་དུ་ཕྱོགས་བཞི་རྣམས་སུ་ཆ་ཆུང་དགུ་དགུ་རྣམས་ཀྱིས་དཀྱིལ་འཁོར་བཞི་ཟླུམ་པོ་ལ་ཐིག་བཞི་གདབ་པར་བྱའོ། །ཐམས་ཅད་ཀྱི་ནང་དུ་ཆ་ཆུང་བཅུ་པ་གཙོ་བོའི་གནས་ལ་ཟླུམ་པོའི་ཐིག་གཅིག གདབ་པར་བྱའོ་ཞེས་པ་ནི་ནང་གི་དཀྱིལ་འཁོར་ལ་སྟེགས་བུ་དང་བྲལ་བར་འགྱུར་རོ། །དེར་ཐིག་རྣམས་ནི་ལྔ་བཅུ་རྩ་དྲུག་ཏུ་འགྱུར་རོ། །ཆའི་ཚོགས་པ་ནི་བཞི་བཅུ་རྩ་བརྒྱད་དོ། །དེ་བཞིན་དུ་ཡང་གསུངས་ཏེ། གྲུ་བཞི་པ་དང་སྒོ་བཞི་པ། །སྟེགས་བུ་དང ནི་བྲལ་བར་འདོད། །རྡོ་རྗེའི་ཐིག་ནི་ཡོངས་སུ་གདབ། །རྟ་བབས་དང་བྲལ་གཞན་ལའོ། །ཞེས་སོ། །སྟེགས་བུ་དང་བཅས་པའི་ཚངས་ཐིག་དང་ཟུར་ཐིག་གི་ནང་ལ་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་ཏུ་ཆ་ཆུང་གཅིག་སྤངས་པར་རྡུལ་ཚོན་གྱི སའི་ཐིག་གདབ་པར་བྱའོ། །རྩ་བའི་ཐིག་གཉིས་ཀྱི་ནང་གི་བརྒྱད་ཆ་གཅིག་གིས་སྒོའི་ཚད་དེ། །དེའི་དོན་དུ་ཐིག་བཞི་གདབ་པར་བྱའོ། །སྒོའི་བཞི་ཆ་གཅིག་ནི་ཆ་ཆུང་གི་ཚད་དོ། །སྒོའི་ཐིག་ལས་ཕྱི་རོལ་གྱི་ལོགས་གཉིས་སུ་སོ་སོར་རེ་རེ་ཞིང་ཆ་ཆུང་སྤངS པར་ཐིག་དྲུག་དྲུག་གདབ་པར་བྱའོ། །དེའི་ཕྱི་རོལ་ཆ་ཆུང་གཉིས་ཀྱི་ནང་དུ་རྩལ་བའི་ཐིག་བཞི་གདབ་པར་བྱའོ། །རྡུལ་ཚོན་གྱི་ཐིག་ལས་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་སྟེགས་བུའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས པར་རིན་པོ་ཆེའི་སྣམ་བུའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་དྲ་བ་དང་དྲ་བ་ཕྱེད་པའི་སའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་སྤངས་པར་མདའ་ཡབ་ཀྱི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི རོལ་དུ་ཆ་ཆུང་གཅིག་སྤངས་པར་གྲུ་བཞི་པ་རྡོ་རྗེའི་ཕྲེང་བའི་ཐིག་བཞི་གདབ་པར་བྱ། རྩ་བའི་ཐིག་གི་ནང་དུ་ཟླུམ་པོའི་ཐིག་གཅིག་གོ་།དེའི་ནང་དུ་དཀྱིལ་འཁོར་ལྔ་ཆ་ཆུང་བཅུ་པའི་ཐིག་ཟླུམ་པོ་གཅིག་གདབ་པར་བྱའོ། །འདི་ནི་ནང་གི དཀྱིལ་འཁོར་སྟེགས་བུ་དང་བཅས་པར་གྱུར་པས་ཐིག་བདུན་ཅུར་འགྱུར་རོ། །དེ་བཞིན་དུ་ཡང་གསུངས་ཏེ། གྲུ་བཞི་པ་དང་སྒོ་བཞི་པ། །སྟེགས་བུ་ཡིས་ནི་ཡོངས་སུ་བསྐོར། །རྡོ་རྗེའི་ཐིག་ནི་ཡོངས་སུ་གདབ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། ཕྱི་ཡི་དཀྱིལ་འཁོར་ཉིད་ལས་གཞན། །རྟ་བབས་དང་ནི་བྲལ་བའོ། །ང་ནི་ཕྱིའི་དཀྱིལ་འཁོར་བརྗོད་པར་བྱ་སྟེ། རྡོ་རྗེ་ཕྲེང་བའི་ཐིག་ལས་ཕྱི་རོལ་དུ་ལྷའི་སྣམ་བུའི་ཐིག་བཞིར་རིག་པར་བྱའོ། །དེའི་ཕྱི་རོལ་གྱི་ནང་དུ་སྒོའི་ཉིས་འགྱུར་སྤངས་པར རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེ་ཡོངས་སུ་བཅད་པའི་འཁོར་ལོའི་བརྒྱད་ཆའི་ཆ་གཅིག་གིས་སྒོའི་ཚད་དོ། །དེའི་ཕྱིར་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ལོགས་གཉིས་དག་ཏུ་སོ་སོ་རེ་རེ་ཞིང་ཆ་ཆུང་རེ་རེ་སྤངས་པར་ཐིག་དྲུག དག་གདབ་པར་བྱའོ། །དེ་ནས་གྲུ་བཞི་པའི་དཀྱིལ་འཁོར་ལས་རྩ་བའི་ཐིག་ལས་ཕྱི་རོལ་དུ་ཀུན་ནས་སྒོའི་བཞི་ཆའི་ཚང་ཀྱིས་རྡུལ་ཚོན་གྱི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྒོའི་ཕྱེད་ཀྱི་ཚད་ཀྱིས་སྟེགས་བུའི་ས་གཞིའི་ཐིག་བཞི་གདབ པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་གིས་རིན་པོ་ཆེའི་སྣམ?་བུའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྟེགས་བུའི་ཚད་ཀྱིས་དྲ་བ་དྲ་ཕྱེད་ཀྱི་ས་གཞིའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་གིས་རིན་ཆེན་ཤར་ཐུའི?་ས གཞིའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྒོ་གསུམ་གྱི་དཔངས་ཀྱིས་རྟ་བབས་སོ། །དེའི་སྟེང?་དུ་སྟེགས་བུའི་ཚད་ཀྱིས་རི་དགས་དང་འཁོར་ལོའོ། །དེའི་སྟེང་དུ་ཆ་ཆུང་གཅིག་གི་རྩེ་མོའི། །དེའི་རྩེ་མོར་ཟླུམ་པོའི་ཐིག་གོ་།དེའི་ཕྱི་རོལ་དུ ཆ་ཆུང་གཅིག་གིས་གེ་སར་གྱི་ཐིག་ཟླུམ་པོའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གསུམ་གྱིས་པདྨའི་འདབ་མའི་ཐིག་ཟླུམ་པོའི་ཐིག་གོ་།དེའི་ཕྱི་རོལ་དུ་སྟེགས་བུའི་ཚད་ཀྱིས་རྡོ་རྗེ་ཕྲེང་བའི་ཐིག་ཟླུམ་པོའོ། །དེའི་ཕྱི་རོལ་དུ་སྒོའི་ཚད་ཀྱིས་འབང་པའི་ཕྲེང བའི་རིག?་ཟླུམ་པོའི་ཞེས་པས་ཕྱིའི?་དཀྱིལ་འཁོར་ལ་ཟུར་ཐིག་དང་ཚངས་ཐིག་དང་ལྷན་ཅིག་གིས་དྲུག་ཅུ་རྩ་ལྔར་འགྱུར་རོ། །ཆ་ཆུང་རྣམས་ནི་དགུ་བཅུ་རྩ་བརྒྱད་ངོ། །ནང་དུ་སྟེགས་བུ་དང་བཅས་པའི་ཕྱོགས་ལ་ལྷའི་སྣམ་བུའི་ཐིག་དར་གྲལ པའོ། །དེར?་སག?་པའི་སྟེང་དུ་རྟ་བབས་ཀྱི་སྣམ་བུའི་འཕྲེང་དུ་ཕྱེད་དང་བཅས་པའི་ཆ་ཆུང་ཉི་ཤུ་རྩ་གཉིས་སོ། །དེའི་སུམ་ཆའི་ཆ་གཅིག་གི་ཡོན་ཏན་དོ་ཤལ་ལོ། །ཆོས་ཀྱི་འཁོར་ལོའི་འོག་ཏུ་སྣམ་བུའི་ཆ་ཆུང་ལྔ་པ་དེ་ལ་གནས་པའི་རི་དགས་དང་རི? དགས་པོ་དག་གོ་། དེ?་དག་གི་བར་ཇི་ལྟར་མཛེས་པར་བྱའོ། །ལྷའི་སྣམ་བུའི་ཐིག་ལས་ཕྱི་རོལ་དུ་གླང་པོ་ཆེའི་མགོ་བོར་སེང་གེའི་ལག་པ་གདེངས་པའོ། །འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གྲུ་བཞི་པའི་ཐིག་བཞི་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང དྲུག་པའི་འཇིག?་རྟེན?་སྐྱོད་པའི་སྣམ་བུའི་ཐིག་བཞི་གདབ་པར་བྱའོ་ཞེས་པ་ནི་ཐིག་གི་ཆོ་གའོ། ། །།ད་ནི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་ཇི་ལྟར་རིགས་པའི་དཀར་པོ་ལ་སོགས་པའི་རྡུལ་ཚོན་གྱིས་བྲིས་པའི་པདྨ་འདབ་མ་བརྒྱད་པའི་? ལ་ལས་ཐམས་ཅད་པའི་བུམ་པ་བཞག་པར་བྱའོ། །དེའི་མདུན་གྱི་འདབ་མ་རང་རང་གི་འདོག་གིས་མཚན་པའོ། །ཚོན་སྣ་ལྔས་ཁ་སྒྱུར་བའི་ཐིག་སྐུད་གཞག་པར་བྱའོ། །ལྟོའི་འདབ་མ་ལ་རྡོ་རྗེ་བཞག་པར་བྱའོ། །བྱང་གི་འདབ་མ་ལ་དྲིལ་བུ་བཞག་པར་བྱའོ། །ནུབ་གྱི འདབ་མ་ལ་དུང་ངོ། །མེ་ལ་སོགས་པའི་མཚམས་ཀྱི་འདབ་མ་ལ་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་རྡུལ་ཚོན་གྱི་སྣོད་རྣམས་སོ། །བུམ་པའི་སྟེང་དུ་རྡུལ་ཚོན་དཀར་པོའི་སྣོད་བཞག་པར་བྱའོ། །དེ་ལ་རང་རང་གི་སྔགས་ཀྱིས་ལྷག་པར?་? པར་བྱའོ། །ོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ལས་ཐམས་ཅད་པའི་སྔགས་དང། ཨོཾ་བཛྲ་མྲི་ཏོ་ད་ཀ་ཧཱུཾ། ཞེས་པའི་སྔགས་འདི་དག་གིས་སོ་སོར་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་བུམ་པ་ལྷག་པར་གནས་པར་བྱའོ། །འདིར་ཡང་སྔོན་དུ གསུང་བའི་བསྒོམ་པ་དང་བུམ་པའི་ཉེར་སྤྱད་རྣམས་དང། མཆོད་ཡོན་ལ་སོགས་པའི་ཕྱིའི་མཆོད་པ་རྣམས་དང་སྒེག་མོ་ལ་སོགས་པ་རྣམས་ཀྱི་ཡང་དག་པར་མཆོད་ནས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་ཧཱུཾ་ཏྲཱཾ་ཧྲཱི:::ཞེས་པ་འདི་རྣམས་ཀྱི་རང་རང་གི ས་བོན་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པའི་ཐིག་སྐུད་རྣམས་ལ་དགོད་དོ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ནས་རྡོ་རྗེ་བཅིངས་པ་ལ་བརྟེན་ནས་ལས་བརྒྱ་རྩ་བརྒྱད་ཀྱིས་ཐིག་སྐུད་བྱིན་གྱིས་བརླབ་པར་བྱའོ། །མཆོད་ཡོན་ལྔ་ལ་སོགS ཕྱིའི་མཆོད་པ་རྣམས་དང། སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དཀར་པོ་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་དྷཱ་ཏུ་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། སྔགས འདི་དག་གིས་སོ་སོ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་བརྗོད་ནས་རྡོ་རྗེ་ལྷག་པར་གནས་པར་བྱའོ། །མཆོད་ཡོན་ལྔ་ལ་སོགས་པ་སྔོན་མ་བཞིན་ནོ། །རྡོ་རྗེ་ལྷག་པར་གནས་པའོ། །དེ་བཞིན་དུ་ཨ་ཡིག་ལས་བྱུང་བའི་དྲིལ་བུ་ཁ་དོག་དཀར་པོ་རྣམ་པར་བསྒོམས་ཏེ། ོཾ་ཀརྨུ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎ་ཌེ་ཨཱ::སྔགས་འདི་དག་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱའོ། །དྲིལ་བུ་ལྷག་པར་གནས་པའོ། །དེ་ནས་བཾ?་ཡིག་ལས་བྱུང་བའི་དུང་ཁ་དོག་དཀར་པོ་རྣམ་པར་བསམས་ཏེ། ཨོཾ་རཏན་བཛྲ་ཏྲཱཾ། ཨོཾ་དྷརྨམ བཛྲ་ཧྲཱི:སྔགས་འདི་དག་གིས་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱའོ། །དུང་ལྷག་པར་གནས་པའོ། །དེ་ནས་ཇི་ལྟར་འབྱོར་པའི་རིན་པོ་ཆེ་ལས་བྱུང་བའམ་རྩབ་ལས་བྱུང་བ་འམ་འབྲུ་ལས་བྱུང་བ་འམ་མེ་ཏོག་ལས་བྱུང་བ་རྣམས་ལ། ར་ཨེ་རེ་ཞིང་དཀར་པོ་དང་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་ཆོས་རྣམས་ལ་བཾ་ཡཾ་ལཾ་རཾ་ཧཾ་ཞེས་པའི་ས་བོན་རྫོགས་པ་ནས་བྲུཾ་ཧཱུཾ་ཨཾ་ཛྲིཾ་ཁཾ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་ངོ་བོར་བསྒོམས་ནས་བྲུཾ་ཡིག་ལ་སོགས་པ་གྲུབ་པའི་ཡེ ཤེས་ཀྱི་ཚོན་ལ་ནམ་མཁའ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ཀར་ཞུགས་ཏེ་རོ་གཅིག་ཏུ་གྱུར་པར་རྣམ་པར་བསྒོམ་མོ། །ོཾ་བྲུཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །རྡུལ་ཚོན་དཀར་པོ་ཡིའོ། །དེ་བཞིན་དུ ོཾ་ཧཱུཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་ནག་པོ་ཡིའོ། །དེ་བཞིན་དུ་ཨོཾ་ཨཱཾ་བཛྲ་ཙི་ཏྲས་མ་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་སེར་པོ་ཡིའོ། །དེ་བཞིན་དུ་ཨོཾ་བཛྲི་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པས་རྡུལ་ཚོན་དམར་པོ་ཡིའོ། །དེ་བཞིན་དུ་ཨོཾ་ཁཾ་བཛྲ་ཙི་ཏྭཱ?་ས་མ་ཡ ཧཱུཾ་ཞེས་པས་རྡུལ་ཚོན་ལྗང་གུ་ཡིའོ། །དེ་བཞིན་དུ་ཨོཾ་བཛྲ་ཡཀྵ?་ཧཱུཾ་ཞེས་པས་རྡུལ་ཆེན་གཞན་རྣམས་ལའོ། །རྡོ་རྗེ་ཉི་མའི་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱའི་མཛའ་ཡས་ཡང་ཧྲི:ཡིག་ལས་ཀྱང་སོ་སོ་རེ་རེ་ཞིང་རྡུལ་ཚོན་འབར་བར་བྱས་ཏེ། ལག་པ་གཉིས་རབ ཏུ་བརྒྱད་ནས་མཐེ་བོ་གཉིས་སྐྱིལ་ཀྲུང་བྱས་ནས་མཛུབ་མོ་གཉིས་ཁ?་མཚམས་སྦྱར་ནས་ལྷག་མ་རྣམས་འབར་བའི་རྣམ་པས་ཉི་མའི་དཀྱིལ་འཁོར་དུ་བྱའོ། །རྡོ་རྗེ་ཉི་མ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱའོ། །མཆོད་ཡོན་ལྔ་ལ་སོགས་པ་སྔོན་མ་བཞིན་བྱའོ ཞེས་པ་ནི་རྡུལ་ཚོན་ལྷག་པར་གནས་པའོ། ། །།དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པས་བསང་གཏོང་བྱས་ལ་བར་དུ་གཅོད་པ་མེད་པའི་ས་ཕྱོགས་སུ་བཞུགས་ནས་རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱས་ཐམས་ཅད་བསྲུང་ཞིང བརྟན་པར་བྱས་ལ་རྡོ་རྗེ་གོ་ཆས་གོ་ཆར་བྱའོ། །ཞེས་སོ། །དེའི་རྗེས་ལ་བདག་ཉིད་རྡོ་རྗེ་སེམས་དཔའ་ཨི་སྐུ་དང། སྒྲུབ་པ་པོ་ཕྱི་མ་ཡང་ལས་ཀྱི་ངོ་བོར་རྣམ་པར་བསམས་ཏེ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་ནི་དཔེར་བརྗོད་པའོ། །ོཾ་བཛྲ་ཀརྨམ་ཀཾ་ཧཱུཾ་ཞེས་པ ཡང་ངོ། །རབ་ཏུ་འབར་བའི་མཆེ་བའི་ལྕགས་ཀྱུའི་ཁུགས་ཤིག་ཅེས་པ་ནི་སྒྲུབ་པ་པོ་ཕྱི་མ་ཡིའོ། །རང་ཉིད་ཀྱི་མིག་གཉིས་ལ་མ་དང་ཊའི་ཡི་གེ་དག་བཀོད་ནས་མིག་གཡས་པ་དང་གཡོན་པ་དག་ཉི་མ་དང་ཟླ་བར་བསྐྱེད་ནས་རྡོ་རྗེའི ལྟ་བས་བརྟན་པར་བྱའོ། །ོཾ་ཨ:་ཨཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཐིག་སྐུད་བྱིན་གྱིས་བརླབས་ལ་འཁོར་ལོའི་དབང་ཕྱུག་བདེན་བྲལ་དུ་གནས་ཏེ། དབང་ལྡན་གྱི་ཕྱོགས་སུ་སྒྲུབ་པ་པོ་ཕྱི་མ་གནས་ནས་ཕན་ཚུན་དུ་བརྒྱད་ནས་ཐིག་སྐུད་བསིལ? པར་བྱའོ། །སྔགས་ནི། ཨོཾ་ཨ་ནྱོ་ནྱ་ནུ་ག་ཏཱ:སརྦ་དྷརྨམཕྱོགས་ཀྱི་ནང་གི་མཚམས་སུ་གནས་ནས་ལྷ་ལ་སོགས་པ་རྣམས་ལ་གཏོར་མ་ཆེན་པོ་དབུལ་བར་བྱའོ། །འཁོར་ལོའི་དབང་ཕྱུག་དཀྱིལ་འཁོར་ལ་ཞལ་མངོན་པར་ཕྱོགས་པས་བཞུགས་ཏེ་ལྷ་ལྷག་པར་གནས་པར་བྱའོ། །དེ་ལ་འདིར་གཏོར་མའི་ཆོ? ག་?་ཡིག་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ནག་པོའོ། །དེའི་སྟེང་དུ་རཾ་ཡིག་ལས་བྱུང་གའི་མེའི་དཀྱིལ་འཁོར་དམང་པོའོ། །དེའི་སྟེང་དུ་ཧཱུཾ་ཡིག་གསུམ་ལས་ཡང་དག་པར་བྱུང་བའི་ཐབ་ཀྱི་སྟེང་དུ་ཨ:ཡིག་ལས་བྱུང་བའི་ཟས་ཀྱི་སྣོད་དཀར པོ་ཆེན་པོ་དེ་ལ་འབྲས་ཆན་ལ་སོགས་པས་ཡོངས་སུ་གང་བ་ལ། བྲུཾ་ཧཱུཾ་ཨཾ་ཛི་ཁཾ་ལཱཾ་མཱཾ་པཱཾ་ཏཱཾ་གི་ཡི་གེ་རྣམས་ལས་བྱུང་བའི་སྒྲོན་མ་ལྔའི་གཟུགས་རབ་ཏུ་འབར་བའི་བདུད་རྩི་ལྔར་བྱིན་གྱིས་བརླབ་པར་བྱའོ། །རླུང་གིས་མེས་རབ་ཏུ་འབར་ཞིང་མེའི? དྲོད་ཀྱིས་རྣམ་པར་ཞུ་ནས་ཡི་གེ་ལ་སོགས་པ་རྣམས་ཉི་མ་གསར་པའི་ཁ་དོག་ལྟ་བུ་ཁུ་བའི་གཟུགས་སུ་ཁོལ་ཏེ། དེའི་རླུང་པ་ཡོངས་སུ་གྱུར་པ་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྣམ་པར་ཞུ་བ་ལས་བདུད་རྩིར་གྱུར་ཏེ་དངུལ་ཆུ་དང མཚུངས་ཡུ?་ཤིན་ཏུ་འབར་བར་རྣམ་པར་བསྒོམས་ནས། དེའི་སྟེང་དུ་ཨོཾ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡང་རྣམ་པར་བསྒོམས་ཏེ། དེ་ནས་ཟླ་བའི་དཀྱིལ་འཁོར་ལས་བྱུང་བའི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུར་བོད སྟེ་ལྷ་དང་ལྷ་མོ་རྣམས་གདན་དྲངས་ཏེ་འོ་མའི་རྒྱ་མཚོ་བདུན་ལས་བདུད་རྩི་རྣམས་བླངས་ཏེ་དེ་ལ་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལ་ཡི་གེ་གསུམ་གྱིས་རྡོ་རྗེ་དང་ཟླ་བའི་དཀྱིལ་འཁོར་ལ་ཡང་དེ་ལ་དེ་བཞིན་དུ་རྣམ་པར་ཐིམ་པར་བལྟས་ཏེ། ཡི གེ་གསུམ་གྱིས་ལན་གསུམ་དུ་བྱིན་གྱིས་བརླབ་ཏེ་དེ་ཡིས་བདུད་རྩིའི་བསྒྲུབས་ནས། འཆད་པར་འགྱུར་བའི་རིམ་པས་དམ་ཚིག་པ་གདན་དྲང་བ་དང་གཤེགས་པའི་ཕྱག་རྒྱ་བལྟས་ནས་པི་ཝང་ལ་སོགས་པ་རོལ་མོ་བཅུའི་སྒྲ་བྱས་ནས མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་མཆོད་ནས་ལྷའི་དབང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་དཔུང་པ་བཟང་པོའི་རྒྱུད་ཀྱི་ཚིགས་སུ་བཅད་པ་ཡོངས་སུ་བརྗོད་པས་གཏོར་མ་ཆེན་པོ་དབུལ་བར་བྱའོ། །དེ་ལ་དེ་བཞིན་དུ ཡང་སྙིང་པོ་ལྔའི་རྒྱུན་སྒྲེང་བར་བྱའོ། །དེ་ལ་ཁམས་ལ་མངོན་པར་ཆགས་པའི་ལྷ་རྣམས་མཉེས་པར་བྱ་བའི་ཕྱིར་འོ་མའི་རྒྱུན་ནོ། །དེ་བཞིན་དུ་སྐྱེ་མཆེད་ལ་མངོན་པར་ཞེན་པའི་ལྷ་རྣམས་ཆིམ་པར་བྱ་བའི་ཕྱིར་རྐང་མང་གྱིས་རྒྱུན་ནོ། །དེ་བཞིན་དུ ཕུང་པོ་ལ་མངོན་པར་ཞན་པའི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་དྲི་བཟངས་ཀྱི་རྒྱུན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ལ་མངོན་པར་ཆགས་པའི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་ཆང་གི་རྒྱུན་ནོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་སེམས སུ་གྱུར་བའི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་ཁྲག་གི་རྒྱུན་ནོ། །དེ་ནས་གཤེགས་པར་བྱ་སྟེ། དུང་དང་རྔ་ལ་སོགས་པའི་རོལ་མོའི་སྒྲ་སྔོན་དུ་འགྲོ་བས་གཡས་སྐོར་དུ་རིམ་གྱིས་གཏོར་མ་ཆེན་པོ་རབ་ཏུ་དབུལ་བར་བྱའོ་ཞེས་པ་ནི་གཏོར་མའི་ཆོ་གའོ། ད་ནི་འདིར་ལྟ་ལྷག་པར་གནས་པའོ། །དཀྱིལ་འཁོར་ཐམས་ཅད་ཡོངས་སུ་བརྟགས་ནས་དཀྱིལ་འཁོར་གྱི་གནས་ཐམས་ཅད་དྲི་བཟངས་ཀྱིས་ཉེ་བར་བྱུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ལྔའི་གནས་རྣམས་སུ་ཙན་དན་གྱི་གྲུ་བཞི་པ བྱས་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཎྜལ་བྱའོ། །ལྷའི་གནས་ལྷག་མ་རྣམས་སུ་ཟླུམ་པོར་བྱའོ། །དེ་ལ་ཡང་ལྷ་ལྔ་བཅུ་རྩ་གསུམ་གྱི་རྣམ་པར་བསྒོམ་སྟེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་དགུག་པ་དང གཞུག་པ་དང། བཅིང་བ་དང་དབང་དུ་བྱ་བ་རྣམས་བྱས་ནས། རང་རང་གི་སྔགས་ཀྱིས་ལན་བདུན་ཡོངས་སུ་བཟླས་པའི་མེ་ཏོག་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་ཉེར་སྤྱོད་ལྔས་ཀྱང་ཡང་དག་པར་མཆོད་ནས་བསྟོད་པ་སྔོན་དུ་འགྲོ་བས་དྲིལ བུ་དཀྲོལ་བར་བྱ་སྟེ། དེའི་རྗེས་ལ་སྔོན་མ་བཞིན་དུ་ལྕེ་རྡོ་རྗེར་རྣམ་པར་བསམས་ལ། ཨོཾ་པདྨ་ས་ར་སྭ་ཏི་སཱ་ཏྱ་མཱ་བར་ཡ་ཤོ་དྷ་ཡ་ཧཱུཾ་ཏནེ?:ར་ཧྲི:ཞེས་པས་ལྕེ་རྡོ་རྗེར་བྱིན་གྱིས་བརླབས་ལ་པུས་མ་གཡས་པའི་ལྷ་ང་ས་ལ་གཙུགས་ལ་དཀྱིལ་འཁོར གྱི་དབང་ཕྱུག་གི་སངས་རྒྱས་ལ་སོགས་པ་རྣམས་ལ་གསོལ་བ་གདབ་པར་བྱའོ། །མགོན་པོ་ཆེན་པོ་རྡོ་རྗེ་དབྱིངས། །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །མགོན་པོ་རྣམས་ནི་བཞེད་པ་མཐུན། དཀྱིལ་འཁོར་ཐུགས་རྗེའོ་བདག་ཉིད་ཅན། །སློབ་མ་རྣམས ལ་བརྩེ་ཕྱིར་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་ལ་བཅོམ་ལྡན་བདག་གུས་ལ། །ཁྱེད་ཀྱིས་བཀའ་དྲིན་གནང་བར་མཛོད། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གཞན་ཡང་གདོང་དག གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོད་རྣམས་དང། །འབྱུང་པོ་བྱང་ཆུབ་བསྟན་གནས་དང། །སངས་རྒྱས་བསྟན་ལ་མངོན་དགའ་བའི། །གད་ཞིག་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་ཅན་ཆེན་ཆེ་ག་བདག་།ཆེ གེ་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་བཞིན་ཉེར་སྤྱད་པས། །འགྲོ་རྣམས་དག་ཕྱིར་བདག་གིས་བྲི། །བདག་གི་སློབ་མ་དམ་པ་ཡི། །རྗེས་སུ་བརྩེ་བ་ཡོངས་བཟུང་ལ། །དཀྱིལ་འཁོར་དང་བཅས་ཐམས་ཅད་ལ། །ཉེ་བར་གནས་པར་མཛད་དུ་གསོལ། ། ཞེས་པའི་ཚིགས་སུ་བཅད་པས་ལན་གསུམ་དུ་ལྷག་པར་གནས་པར་བྱའོ། །དེ་ནས་དྲིའི་མཎྜལ་ལ་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་ལ་སོགས་པ་རྣམས་ནམ་མཁའ་ཨི་ཕྱོགས་སུ་གདེག་པར་བྱའོ། །འདི་ནི་ལྷ་ལྷག་པར་གནས་པའོ།། །། དེ་ནས་?་ཡིས་ཉེ་བར་ཕྱུགས་པའི་ཐིག་སྐུད་གསེར་གྱི་སྣོད་ལ་སོགས་པར་བཞུགས་ལ་དྲི་བཟངས་ལ་སོགས་པས་ཉེ་བར་བྱུགས་ཏེ། དྲི་དང་མེ་ཏོག་བདུག་སྤོས་དང་མཆོད་ཡོན་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྒེག་མོ་ལ་སོགS པ་རྣམས་ཀྱིས་ཀྱང་ངོ། །བྲུཾ་ཧཱུཾ་ཨཾ་ཧྲཱི:ཁཾ་ཞེས་པའི་ཡི་གེ་རྣམས་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་བསྐྱེད་ནས་ནམ་མཁའ་ལས་བྱོན་ཞིང་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་འདུས་པར་གྱུར་ནས་དེ་བཞིན་གཤེགས་པ་རྣམས་ ཀྱི་ཐུགས་ཀར་དུས་ཡིག་ལ་སོགས་པ་ལས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཀྱི་རང་བཞིན་དུ་བལྟས་ལ། ཨོཾ་ཨཱ:ཤཱ་སྭ་ཏ་བཛྲ་སཱུ་ཏྲཾ་མ་པྲ་ཡཙྪ་མཧཱ་མཎྜ་སཱུ་ཏྲ་?་ཡ་ཧཱུཾ་ཞེས་པ་འདི་རྣམ་པར་སྣང་མཛད་ཆེན་པོ་ལ་གསོལ་བ་གདབ་པར་བྱའོ།། ོཾ་ཨཱ:བཛྲས་དྭ་བཛྲ་ཨའུ་ཏྲཾ་མེ་པྲ་ཡཙྪ་མཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་པས་མི་བསྐྱོད་པ་ལ་གསོལ་བ་གདབ་པར་བྱའོ། །ོཾ་ཨཱ:རདན་བཛྲ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མཧཱ་མཎྜལ་སཱུ་ཏྲ་ཎཱ་ཡ་ཧཱུཾ། ཞེས་པས་འདིར་རིན་ཆེན་འབྱུང་ལྡན་ལ་གསོལ་བ་གདབ? པར་བྱའོ། །ོཾ་སརྦ?་དྷརྨམ་བཛྲ་བཛྲ་སཱུ་ཏྲ་མེ་པྲ་ཡཙྪ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་པས་འོད་དཔག་མེད་ལ་གསོལ་བ་གདབ་པར་བྱའོ། །ོཾ་ཨཱ:ཀརྨམ་བཛྲ་བཛྲ་སཱུ་ཏྲཾ་?་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ། ཞེས་པས་དོན་ཡོད་གྲུབ་པ་ལ་གསོ། པ་གདབ་པར་བྱའོ། །དེ་བཞིན་དུ་མཚན་ཡོངས་སུ་བརྗོད་པས་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་ཇི་སྲིད་རྡོ་རྗེ་འབེབས་པའི་མཐར་ཐུག་པ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་?་ཡིག་སེར་པོ་ལས་ཟླ་བ་དང་ཉི་མའི་རང་བཞིན་མིག གཉིས། ཨོཾ་དཱི་ལྟ་དྲིཥྚཱཾ?་ཀུ་ཤི་ཛ:ཞེས་བརྗོད་ནས་མྱུར་དུ་རབ་ཏུ་བསྐྱོད་པའི་མིག་གི་རྫི་མས་སྤྱན་མ་ལ་སོགས་པ་རྣམས་ལྕགས་ཀྱུས་ཀུག་ཅིང་དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་སྐུལ་ཞིང་གདན་དྲངས་ནས་རང་རང་གི་སྐུ་ མདོག་གིས་ཐོག་རྣམས་ལ་ནང་དུ་ཐིམ་པར་བསམས་ནས། མཆོད་ཡོན་ཕུན་ལས་མེ་ཏོག་ལ་སོགས་པ་རྣམས་དང་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཕྱག་བཙལ་བར་བྱའོ། །དེའི་རྗེས་སུ་ལངས་ནས་ཡིད་ཀྱིས་དེ་ཉིད་རྡོ རྗེའི་དབྱིངས་སོ་ཞེས་ཚིག་ཏུ་བརྗོད་ནས་བདག་ཉིད་རྣམ་པར་སྣང་མཛད་དུ་གྱུར་པར་བསམ་མོ། །ལས་ཀྱི་རྡོ་རྗེ་ཞེས་བརྗོད་ཅིང་སྒྲུབ་པ་པོས་ཕྱི་མ་ཡང་རྡོ་རྗེ་ལས་ཀྱི་ངོ་བོར་རྣམ་པར་བསམས་ལ། དེ་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད ལྟེ་བར་བཟུང་ལ། སྒྲུབ་པ་པོ་ཕྱི་མས་ཀྱང་དེ་བཞིན་དུ་ཐིག་སྐུད་བཟུང་ནས་ཛཛ:ཛཛ:ཛཛ:ཞེས་ཛ:ཡིག་གིས་བཀུག་ནས་དེ་བཞིན་དུ་དེ་ཉིད་ལ་ཞལ་མངོན་པར་ཕྱོགས་ཤིང་གནས་ཏེ། ནུབ་ཀྱི་ཕྱོགས་སུ་གནས་ནས་ཤར་ཕྱོགས་སུ་ཞལ་མངོན པར་ཕྱོགས་པ་དང། ལྷོ་ཕྱོགས་སུ་གནས་ནས་བྱང་དུ་ཞལ་མངོན་པར་ཕྱོགས་པས་ཚངས་པའི་ཐིག་གཉིས་ལྟེ་བ་ནས་དམ་ཚིག་ལ་ནམ་མཁའ་ལ་གདབ་པར་བྱའོ། །རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོ་དང་མཛུབ་མོ་དག་དག་གིས ཐིག་སྐུད་བཟུང་ནས་སེ་གོལ་གྱི་སྒྲ་བྱའོ། །ཐིག་གདབ་པ་ཐམས་ཅད་དུ་ཡང་ངོ། །ོཾ་ས་མ་ཡ་སཱུ་ཏྲ་མཱ་ཏྲི་ཀྲ་མ་ཏཱིཀྲ་མ་ཧཱུཾ་ཨོཾ་ཧཱུཾ་སྭཱ་ཨ་ཧ་ཞེས་བརྗོད་པར་བྱའོ། །ཐིག་གི་སྒྲ་དེས་ཀྱང་ནམ་མཁའ་ཐམས་ཅད་ཁྱབ་ནས་དེ་བཞིན་གཤེགས་པ་རྣམས ཡང་དག་པར་བསྐུལ་བར་བྱའོ། །དེ་རྣམས་ཀྱང་བྱོན་ནས་ཐིག་སྐུད་ཀྱི་ནང་དུ་ཐིམ་པར་བསམ་མོ། །འདིའི་སྒྲས། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་གཤེགས་ཤིག་།ཅེས་བྱ་བ་ནི་བརྡའི་དོན་ནོ། །ཐམས་ཅད་དུ་ཡང་སློབ་དཔོན་དང་སྒྲུབ་པ པོའི་ཕྱིས་མ་ཡང་གཡས་སྐོར་དུ་འགྲོ་བར་བྱ་ཞིང་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མེས་པར་བྱའོ། །ནམ་མཁའ་འཐིག་གཉིས་དང་ས་གཞི་ལ་ཚངས་པའི་ཐིག་གཉིས་དག་སྨད་ལ་གདབ་པར་བྱའོ། །དེ་ནས་མེའི་མཚམས་སུ་གནས་ནས་བྱང་དུ་ཞལ་ཕྱོགས་པས ཤར་གྱི་ལོགས་ཐིག་གོ། རླུང་དུ་གནས་ནས་ཞལ་ལྷོར་ཕྱོགས་པས་ནུབ་ཀྱི་ལོགས་ཐིག་གོ། སླར་ཡང་དེ་ལ་ནུབ་ཏུ་གནས་ནས་ཞལ་ཤར་དུ་ཕྱོགས་པས་བྱང་གི་ལོགས་ཐིག་གོ་།སླར་ཡང་མེར་གནས་ཤིང་ཞལ་ནུབ་ཏུ་ཕྱོགས་པས་ལྷོའི་ལོགས་ཐིག གདབ་པར་བྱའོ། །དེ་བཞིན་དུ་དེའི་ཕྱིའི་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེ་ནས་མེའི་ཕྱོགས་ཀྱི་ཆར་གནས་ནས་བྱང་དུ་ཞལ་མངོན་པར་ཕྱོགས་ཏེ་དཀྱིལ་འཁོར་གྱི་ཤར་གྱི་ཕྱིའི་ཐིག་གདབ་པར་བྱའོ། །རླུང་དུ་གནས་ནས་ཞལ་ལྷོར་ཕྱོགས་ཏེ་ནུབ་ཀྱི་ཐིག་གོ། དེ ཉིད་ལ་གནས་ནས་བྱང་གི་ཐིག་གོ། སླར་ཡང་མེར་གནས་ནས་ལྷོའི་ཐིག་གོ། འདིས་རྩ་བའི་ཐིག་བཞི་གདབ་པར་བྱའོ། །དེ་བཞིན་ཉིད་དུ་དེའི་ཕྱི་རོལ་གྱི་ཕྱོགས་ཀྱི་ཐིག་བཞི་གདབ་པར་བྱའོ། །སླར་ཡང་མེའི་མཚམས་སུ་གནས་ནས་རླུང་གི་མཚམས་ཇི་སྲིད་པ དང། བདེན་བྲལ་དུ་གནས་ནས་དབང་ལྡན་གྱི་མཚམས་ཇི་སྲིད་པ་སྟེ། ཟུར་གྱི་ཐིག་གཉིས་གདབ་པར་བྱའོ། །མཚན་མ་མིན་པས་འགྲུབ་མི་འགྱུར། །ཐིག་ནི་ཆད་པས་བླ་མ་འཆི། །དམན་དང་ལྷག་པ་ལས་ནི་ནད། །ཕྱོགས་རྨོངས་པས་ནི་སློབ་མ་འཁྲུལ། །ཞེས་ཤེS པར་བྱས་ལ་ཕྱིར་བཅོས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་ལྕགས་ཀྱི་ཕུར་པ་སོད?་བཞི་པའི་ཚད་འོག་རྩེ་གཅིག་པ་ལ་སྟེང་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཧཱུཾ་ལས་བྱུང་བའི་ཕུར་བུར་རྣམ་པར་བསམས་ལ། ཕུར་བུའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ བཟླས་ལ་བརྡུང་བའི་སྔགས་གྱིས་རྡོ་རྗེ་ཐོ་བས་བརྡུང་པར་བྱའོ། །ཕུར་བུ་བརྡུང་བའི་སྔགས་འདིའོ། །ོཾ་བཛྲ་ན་ཏ་མ་ཧཱ་ཀྲོ་དྷ་སརྦ་དུཥྚ་བིགྷྣཾ་ཀཱ་ཡ་བཱ་ཀ་ཙིཏྟཾ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུད་ག་ར་ཀཱི་ལ་ཡཱ་ཀོ་ཊ་ཡ་ཧཱུཾ་ཕཊ། དེ་ལ དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་སྐོར་དུ་?་མ་པོའི་ཐིག་རྣམས་བྲི་བར་བྱའོ། །དེ་ནས་ཐིག་རྣམས་ཀྱི་མཐར་གཏོར་མ་དང་མཆོད་པ་སྔོན་དུ་འགྲོ་བས། ཨོཾ་ཨཱ:ཧཱུཾ་བཛྲ་མུ:ཞེས་པས་ཡེ་ཤེས་ཀྱི་ཐིག་གཤེགས་པར་བྱ་སྟེ་ནམ་མཁའ་ པ་བཞུགས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་གཞུག་ཅིང་ཚོན་སྐུད་སྣ་ལྔ་པ་གནས་ཇི་ལྟ་བར་བཞག་པར་བྱའོ། །ཞེས་པ་ནི་ཐིག་གདབ་པའི་ཆོ་གའོ།། །།དེ་ནས་ལྟེ་བའི་གནས་ཀྱི་ཕུར་བུ་ཧཱུཾ་ཡིག་བཞིས་བཏོན་ཏེ རང་གི་ལག་པར་གནས་པའི་རྡོ་རྗེའི་ནང་དུ་བསྒོམས་ཏེ་ཁུང་དུ་ཚོན་སྣ་ལྔས་དགང་བར་བྱའོ། །ཡང་དག་པར་སོ་སོར་དབྱི་བ་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་སྐུའི་ཐར་པའི་སྒོའི་རྣམ་པར་འཆིང་བར་གྱུར་པའི་སྒྲིབ་པ་རྣམས དབྱེ་བར་བྱའོ། །ཞེས་སོ། །ལྷག་པའི་གྲིལ་པ་ནི་ཧིའི་ཡི་གེས་མིག་གཡོན་པ་དང། ཅིག་ཤོས་དག་ཟླ་བ་ཉི་མར་བསྐྱེད་ནས་ཁྲོ་བོའི་ལྟ་སྟངས་ཀྱིས་ཡོངས་སུ་བལྟས་ནས་ཧཱི:ཧཱི:ཞེས་བརྗོད་ནས་ཕྱག་རྒྱ་བསྡུས་ནས་དབྱི་བར་བྱའོ། །སྒོ་བ་ནི རྣམས་སུ་སོ་སོའི་སྒོའི་དབུས་སུ་གནས་པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་སྒོ་ཁྱུད་ཀྱི་ནང་དུ་གནས་པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་འགྲམ་ལ་གནས་པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར རྡུལ་ཚོན་གྱི་སར་གནས་པའི་རེ་ཁཱ་ཉི་ཤུ་རྩ་བརྒྱད་རྣམས་དབྱིའོ། །རྩ་བའི་ཐིག་ལས་ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བའི་ཟླུམ་པོའི་ཐིག་གི་ནང་དུ་སོ་སོའི་རེ་ཁཱ་བཅུ་བཞི་རྣམས་དབྱིའོ། །དཀྱིལ་འཁོར་བཞི་སོ་སོར་རེ་ཁཱ་དྲུག་དྲུག་དང་གཙོ་བོའི གནས་ལ་རེ་ཁཱ་བཅུ་གཉིས་རྣམས་དབྱིའོ། །རྡོ་རྗེ་ཕྲེང་བའི་གནས་ལ་གང་ཇི་སྲིད་པའི་རེ་ཁཱ་དེ་རྣམས་ཐམས་ཅད་དབྱི་བར་བྱའོ། །སྟེགས་བུ་དང་བཅས་པའི་ཕྱོགས་ལ་ཕྱི་རོལ་གྱི་དཀྱིལ་འཁོར་བཞིན་དུའོ། །ད་ནི་ཕྱིའི་དཀྱིལ་འཁོར་ལ་དབྱི་བ རྣམས་བརྗོད་པར་བྱ་སྟེ། འདིར་ཡང་སྒོ་བཞི་རྣམས་སུ་སོ་སོར་སྒོའི་དབུས་སུ་གནས་པའི་རེ་ཁཱ་བཞི་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་སྒོ་ཁྱུད་ཀྱི་ནང་དུ་གནས་པའི་རེ་ཁཱ་བཞི་རྣམས་དབྱིའོ། །དེ་བཞིན་དུ་སོ་སོར་འགྲམ་དག་ལ་གནས པའི་རེ་ཁཱ་གཉིས་པ་དག་དབྱིའོ། །དེ་བཞིན་དུ་སོ་སོར་རྡུལ་ཚོན་གྱི་སར་གནས་པའི་སུམ་ཅུ་སོ་བཞི་སུམ་ཅུ་སོ་བཞིའི་རེ་ཁཱ་རྣམས་དབྱིའོ། །དེ་བཞིན་དུ་ཀ་བ་བརྒྱད་རྣམས་ལ་སོ་སོར་ཐིག་བཞི་རྣམས་དབྱིའོ། །དེ་བཞིན་དུ་གླང་ལོ་དང་སེང་གེའི གནས་ལ་སོ་སོར་གནས་པའི་ཐིག་བཞི་རྣམས་དབྱིའོ། །དེ་བཞིན་དུ་ལེགས་ཀྱི་ཀ་བདག་གི་བར་དུ་གནས་པའི་སོ་སོར་ཐིག་ལྔ་ལྔ་དབྱི་བར་བྱའོ། །དེ་བཞིན་དུ་སྟེགས་བུའི་གནས་ལ་གནས་པའི་སོ་སོར་ཐིག་གཉིས་གཉིས་དབྱིའོ། །དེ་བཞིན་དུ རིན་ཆེན་ཕ་གུ་ལ་གནས་པའི་སོ་སོར་ཐིག་གསུམ་གསུམ་རྣམས་དབྱིའོ། །དེ་བཞིན་དུ་དྲ་བ་དྲ་ཕྱེད་ཀྱིས་གཞི་ལ་གནས་པའི་སོ་སོར་རེ་ཁཱ་བཞི་བཞི་རྣམས་དབྱིའོ། །དེ་བཞིན་དུ་རིན་ཆེན་ཤར་བུའི་ས་གཞི་ལ་གནས་པའི་སོ་སོར་རེ་ཁཱ་ལྔ་ལྔ རྣམས་དབྱིའོ། །དེ་བཞིན་དུ་མདའ་ཡབ་ཀྱི་ས་གཞི་ལ་གནས་པའི་སོ་སོར་རེ་ཁཱ་དྲུག་དྲུག་རྣམས་དབྱིའོ། །ཀུན་བསྡུས་པས་ལྷའི་སྣམ་བུ་རྣམས་ལ་ཐིག་དྲུག་ཅུ་རྩ་བཞི་རྣམས་དབྱི་བར་བྱའོ་ཞེས་པ་ནི་ཕྱིའི་དཀྱིལ་འཁོར་གྱི་ཐིག་རྣམས་དབྱི བའི་ཆོ་གའོ། ། །།ཐིག་གདབ་པ་དང་རྡུལ་ཚོན་དགྱེ་བ་ལ་ཡང་བགེགས་སྦྱང་བ་ནི་གཞུང་གཞན་གྱིས་བཤད་པའི་ཕྱིར་འདིར་མི་བརྗོད་དོ།། །།ད་ནི་རྒྱུད་དུ་གསུངས་པའི་ཐིག་རྣམས་བཤད་པར་བྱ་སྟེ། སྲད་བུ་གསར་ཞིང ཤིན་ཏུ་མཛེས། །ཚད་དང་ངེས་པར་ལྡན་པ་ཡིས། །ཇི་ལྟར་ནུས་བཞིན་དཀྱིལ་འཁོར་ལ། །ཤེས་རབ་ཅན་གྱི་ཐིག་གདབ་བྱ། །ཟུར་བཞི་པ་དང་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ཡང་དག་ལྡན།། དར་དབྱངས་མེ་ཏོག་ཕྲེང་བས་བརྒྱན། །ཟུར་བཞི་ཆ་རྣམས་ཐམས་ཅད་དང། །སྒོ་དང་སྒོ་ཁྱུད་མཚམས་རྣམས་ལ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པའི། །དཀྱིལ་འཁོར་ཕྱི་ཐིག་གདབ་པར་བྱའོ། །དེ་ཡི་འཁོར་ལོ་སོ་སོར་གསལ། །རབ་གཞུག་ནང གི་ཕོ་བྲང་ལ། །རྡོ་རྗེའི་ཐིག་རྣམས་ཡོངས་སུ་གདབ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཕྱོགས་ཀུན་མཉམ་པ་ཉིད་འབར་བའི། །མཁས་པས་དཀྱིལ་འཁོར་ཐིག་གདབ་བོ། །ཤར་ནུབ་བྱང་དུ་གདོང་ཕྱོགས་ནས། །དཀྱིལ་འཁོར་ལ་ནི་ཐིག་བརྒྱད་དོ།། ཕྱི་ཡི་དཀྱིལ་འཁོར་དང་བཅས་པའི། །ནང་གི་དཀྱིལ་འཁོར་ཕོ་བྲང་ཕྱེད། །གྲུ་བཞི་པ་དང་སྒོ་བཞི་པ། །སྟེགས་བུ་དང་ནི་བཅས་པར་འདོད། །རྡོ་རྗེའི་ཐིག་གིས་ཡོངས་བསྐོར་བའི། །རྟ་བབས་དང་ནི་བྲལ་བ་གཞན། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པ་ཡི།། མཁས་པས་སྲད་བུས་ཐིག་གདབ་པོ་ཞེས་སོ། །དེ་ནས་འཆད་པར་འགྱུར་བའི་རིམ་པས་གདན་དྲངས་པ་ལ་སོགས་པ་རང་རང་གི་ཕྱག་རྒྱ་རབ་ཏུ་བསྟན་ནས་རང་རང་གི་ཕྱོགས་ནེ་བཞུགས་པའི་དབང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ རྣམས་ལ་ཕྱིའི་གཏོར་མ་དབུལ་བར་བྱའོ། །དེ་ནས་དྲིལ་བུའི་སྒྲ་ཡིས་རྡོ་རྗེ་གླུ་མ་རྣམས་ཀྱིས་མཚན་མ་ངན་པ་རྣམས་གསལ་བར་བྱ་སྟེ། ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་རྣམས་རྣམ་གྲོལ་བ། །རང་འབྱུང་རྣམ་པར་སྣང་མཛད་རྒྱལ། །དེ བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་དང་རྣམ་བྲལ་བའི། །འཁོར་ལོའི་ནང་དུ་ཡང་དག་བཞུགས། །ཞེས་བརྗོད་ནས་ཆོས་ཀྱི་དབྱིངས་སུ་མོས་པ་བྱས་ལ། ནང་གི་དཀྱིལ་འཁོར་དུ་གནས་པས་རྡོ་རྗེས་མཚན་པའི་ལག་པ་གཡས་པ་དང་གཡོན པའི་རྡོ་རྗེ་ཁུ་ཚུར་གྱིས། ཨོཾ་བཛྲ་ཙི་ཏ་ཡཾ་ཡ་རཾ་ག་ཨོཾ་ཨཱ:ཧཱུཾ། ཞེས་བརྗོད་ནས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་ཤར་དུ་ཞལ་ཕྱོགས་པས་གཡས་སྐོར་གྱི་རྡུལ་ཚོན་དགྱེ་བར་བྱའོ། །སྦོམས་པ་ཡིས་ནི་ནད་དུ་འགྱུར། །ཕྲ་མོས་ནོར་རྣམས་རྣམ་པར་ཉམས། །ཡོན་པོ་ཡིས་ནི རྣམ་པར་འགྲས། །ཆད་པས་བླ་མ་སློབ་མ་འཆི། །གཡས་སྐོར་མིན་པས་བཏང་གྱུར་ན། །རྡུལ་ཚོརྣ་རྣམས་ཀྱིས་ཕུར་བུར་འགྱུར། །ཕན་ཚུན་དུ་ནི་རྣམ་འདྲེན་པས། །རིགས་ནི་རྣམ་པར་ཆད་པར་འགྱུར། །ཞེས་བྱ་བ་ལ་སོགས་པའི་སྐྱོན་རྣམས་དང་བྲལ་པས་རྡོ་རྗེའི་རེ་ཁཱ་དགེ་བ རྣམས་བྱའོ། །ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་ཞེས་པ་རྣམས་ཕྱི་ནས་རིམ་པ་བཞིན་དུ་སྟེ། རྣམ་པར་སྣང་མཛད་ཀྱི་གཙོ་བོ་ལ་?། །གང་གི་ཚེ་མི་བསྐྱོད་པས་གཙོ་བོ་བྱེད་པ་དེའི་ཚེ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་རྣམས་སོ།། རིན་ཆེན་འབྱུང་ལྡན་གྱི་གཙོ་བོ་ལ་དཀར་པོ་དང་ནག་པོ་དང་དམར་པོ་དང་ལྗང་གུ་དང་སེར་པོ་རྣམས་སོ། །འོད་དཔག་མེད་ཀྱི་གཙོ་བོ་ལ་དཀར་པོ་དང་སེར་པོ་དང་ནག་པོ་དང་ལྗང་གུ་དང་དམར་པོ་རྣམས་སོ། །དོན་ཡོད་གྲུབ་པའི་གཙོ་བོ་ལ་དཀར་པོ་དང་སེར་པོ་དང་དམར་པོ དང་ནག་པོ་དང་ལྗང་གུ་རྣམས་སོ། །དེ་བཞིན་དུ་ཡང་རྒྱུད་དུ་།ནག་པོ་རྡོ་རྗེའི་རང་བཞིན་རྩེ། །གསེར་གྱི་མདོག་ཏུ་འབབ་པ་གཞན། །པདྨ་རཱ་གའི་རང་བཞིན་རྩེ། །དེ་བཞིན་དམར་པོ་མིན་པ་གཞན། །དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པ་བཤད། །འདིར་བཅོམ ལྡན་འདས་ཀྱིས་གསུངས་ཏེ། ཤར་དུ་ནག་པོ་ཆེན་པོ་སྟེ། །ལྷོ་རུ་སེར་པོ་ཡང་དག་ལྡན། །དམར་པོ་ནུབ་ཀྱི་ཆ་ལ་སྟེ། །བརྩོད་ཁ་བྱང་དུ་ཡང་དག་ལྡན། །དབུས་ཀྱིས་གཞིའི་ཆ་ལ་ནི། །ཤེལ་གྱི་མདོག་ནི་བླ་ན་མེད། རྟག་ཏུ་རྡོ་རྗེ་དྲིལ་འཛིན་པས། །མཉམ་གཞག་ནས་ནི ཡང་དག་པྲི། །རྡོ་རྗེ་ཀ་པའི་སྟེང་གནས་པའི། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པའོ། །ཞེས་གསུངས་སོ། །རྡུལ་ཚོན་དགོངས་པ་དང་ཐིག་འགོངས་པའི་ཉེས་པ་ཡོངས་སུ་གཞོམ་པའི་ཕྱིར་སྔགས་བརྗོད་པར་བྱའོ། །ོཾ་བཛྲ་ཕ་གཱ་ཀྲ་མ་ཧཱུཾ། དེ་བཞིན་དུ་ཡང་གསུངས་ཏེ། ཡིད་ཀྱིས་རེ་ཁཱ་ཡོངས་སུ་གདབ། །དེ་ནས་རྡོ་རྗེའི་ཐིག་སྐུད་ལའང། །འབྱུང་བ་དང་ནི་འཇུག་པ་ཡི། །དམ་ཚིག་ཉམས་པ་མེད་པས་སོ་ཞེས་སོ། །ལྷ་ལྔ་བཅུ་རྩ་གསུམ་གྱི་གདན་རྣམས་སྣ་ཚོགས་པདྨ་ལྔ་བཅུ་རྩ་གསུམ་གདབ་པར་བྱའོ། །དེ་རྣམས་ཀྱི ཟེ་འབྲུ་རྣམས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཚན་མ་དགོད་པར་བྱའོ། །དེ་ལ་རྣམ་པར་སྣང་མཛད་ཆེན་པོའི་རྡོ་རྗེ་དཀར་པོ་རྩེ་ལྔ་པའོ། །དེའི་མདུན་དུ་སེམས་མ་རྡོ་རྗེ་མའི་རྡོ་རྗེ་དམར་པོ་རྩེ་ལྔ་པའོ། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ལོགས་སུ་རིན་ཆེན རྡོ་རྗེ་མའི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་ཆོས་ཀྱི་རྡོ་རྗེ་མའི་པདྨ་འདབ་མ་བཅུ་དྲུག་པ་དཀར་དམར་ཏེ། འདབ་མ་བརྒྱད་རྣམས་ནི་འོག་ཏུ་རྣམ་པར་རྒྱས་ཤིང་སྟེང་དུ་ཡང་ནང་ནས་རྡོ་རྗེ་རྩེ་ལྔ་པས མཚན་པའི་ཁ་འབུས་པ་རྣམས་ནི་འདབ་མ་བརྒྱད་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་གཡོན་དུ་ལས་ཀྱིས་རྡོ་རྗེ་མའི་རྩེ་མོ་བཅུ་གཉིས་པ་ཁ་དོག་ལྔ་པའི་སྣ་ཚོགས་རྡོ་རྗེའིའོ། །དབུས་ཀྱིས་ཀྱི་ཁ་དོག་དཀར་པོའོ། །མདུན་གྱི་ནག་པོའོ། །གཡས་པའི་སེར་བོའོ།། རྒྱབ་ཀྱི་དམར་པོའོ། །གཡོན་གྱི་མ་ར་ཀ་ཏའི་ཁ་དོག་ལྟ་བུའོ་ཞེས་སོ། །ཤར་གྱི་དཀྱིལ་འཁོར་ལ་མི་བསྐྱོད་པའི་རྡོ་རྗེ་ནག་པོ་རྩེ་ལྔ་པའོ། །རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེ་དཀར་པོའོ། །རྡོ་རྗེ་རྒྱལ་པོའི་རྡོ་རྗེས་མཚན་པའི་ལྕགས་ཀྱུའོ། །རྡོ་རྗེ་ཆགས་པའི་མདའ འགེངས་པའོ། །རྡོ་རྗེ་ལེགས་པའི་རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་ལེགས་པར་བྱེད་པ་དང་ཏུ་སྦྱིན་པའོ། །ལྷོའི་དཀྱིལ་འཁོར་ལ་རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །རྡོ་རྗེ་རིན་ཆེན་གྱི་རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཕྲེང བའོ། རྡོ་རྗེ་གཟི་བརྗིད་ཀྱི་ཉི་མའོ། །རྡོ་རྗེ་ཏོག་གི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ནོ། །རྡོ་རྗེ་བཞད་པའི་རྡོ་རྗེས་མཚན་པའི་སོའི་ཕྲེང་བའོ། །ནུབ་ཀྱི་དཀྱིལ་འཁོར་ལ་འོད་དཔག་མེད་ཀྱི་རྡོ་རྗེས་མཚན་པའི་པདྨའོ། །རྡོ་རྗེ་ཆོས་ཀྱི་གདོང་དང་བཅས་པའི པདྨའོ། །རྡོ་རྗེ་རྣོན་པོའི་རལ་གྲི་དང་པོ་ཏིའོ། །རྡོ་རྗེ་རྒྱའི་འཁོར་ལོ་སེར་པོ་རྩིབས་བརྒྱད་པའོ། །རྡོ་རྗེ་སྨྲ་བའི་ཆོས་ཀྱི་དུང་ངོ། ཁྱང་གི་དཀྱིལ་འཁོར་ལ་དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་ལས་ཀྱི་དེ་ཉིད་དང་བཅས་པའོ། །རྡོ་རྗེ་བསྲུང་བའི་རྡོ་རྗེ་ལས་བྱས་པའི གོ་ཆའོ། །རྡོ་རྗེ་གནོད་སྦྱིན་གྱི་རྡོ་རྗེས་མཚན་པའི་མཆེ་བ་ཟུང་ངོ། །རྡོ་རྗེ་འཆིང་བའི་རྡོ་རྗེ་ཁུ་ཚུར་དག་གིས་བཟུང་བའི་རྡོ་རྗེ་རྩེ་ལྔ་པ་སེར་པོའོ། །མེ་ལ་སོགས་པའི་མཚམས་རྣམས་ལ་རྡོ་རྗེ་སྒེག་མོའི་རྡོ་རྗེ་གཉིས་སོ། །རྡོ་རྗེ་ཕྲེང་བ་མའི་རིན་པོ་ཆེའི་ཕྲེང་བའོ།། རྡོ་རྗེ་གྲུ་མའི་པི་ཝང་ངོ། །རྡོ་རྗེ་གར་མའི་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ལག་པ་གཉིས་སོ་ཞེས་པ་ནི་ནང་གི་དཀྱིལ་འཁོར་ལོར། །བྱིའི་དཀྱིལ་འཁོར་གྱི་མཚམས་ལ་མེ་ལ་སོགས་པ་རྣམས་སུ་རྡོ་རྗེ་བདུག་སྤོས་མའི་སྤོས་ཕོར་རོ། །རྡོ་རྗེ་མེ་ཏོག་མའི་མེ་ཏོག གི་ཟ་མ་ཏོག་གོ། རྡོ་རྗེ་སྣང་གསལ་མའི་མར་མེའི་སྡོང་པོའོ། །རྡོ་རྗེ་དྲི་ཆབ་མའི་དྲིའི་དུང་སེར་པོའོ། །ཤར་ལ་སོགས་པའི་སྒོའི་ལོགས་གཉིས་སུ་བྱམས་པའི་ཡལ་ག་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་གོ། མཐོང་བ་དོན་ཡོད་ཀྱི་སྤྱན་དང་བཅས་པའི་ཆུ སྐྱེས་སོ། །ངན་སོང་ཀུན་འཇོམས་ཀྱི་ལྕགས་ཀྱུའོ། །མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ཀྱི་དབྱུག་པའོ། །སྤོས་ཀྱི་གླང་པོའི་དུང་ངོ། །དཔའ་བར་འགྲོ་བའི་རལ་གྲིའོ། །ནམ་མཁའ་མཛོད་ཀྱི་པདྨ་ལ་གནས་པའི་དམ་པའི་ཆོས་ཀྱི་སྒྲོམ་མོ།། ཡེ་ཤེས་ཏོག་གི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ནོ། །བདུད་རྩི་འོད་ཀྱི་བུམ་པའོ། །ཟླ་འོད་ཀྱི་ཟླ་བའོ། །བཟང་སྐྱོང་གི་འབར་བ་དང་བཅས་པའི་རིན་པོ་ཆེའོ། །དྲ་བ་ཅན་གྱི་འོད་ཀྱི་རྡོ་རྗེའི་གུར་རོ། །རྡོ་རྗེའི་སྙིང་པོའི་རྡོ་རྗེ་མཐིང་ག་དང་བཅས་པའི་ཨཽཏཔ་ལའོ།། བློ་གྲོས་མི་བཟང་པའི་བུམ་པ་བཟང་པོའོ། །སྤོབས་པ་བརྩེགས་པའི་པདྨ་ལ་གནས་པའི་རིན་པོ་ཆེ་བརྩེགས་པའོ། །ཀུན་ཏུ་བཟང་པོའི་རིན་པོ་ཆེའི་སྙེ་མའོ། །ཤང་ལ་སོགས་པའི་སྒོ་བཞིའི་དབུས་སུ་ཤར་དུ་རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུའོ། །རྡོ་རྗེ་ཞགས་པའི ཞགས་པའོ། །རྡོ་རྗེ་རྒྱས་པའི་ལྕགས་སྒྲོག་གོ། རྡོ་རྗེ་འབེབས་པའི་རྡོ་རྗེས་མཚན་པའི་དྲིལ་བུའོ་ཞེས་པ་ནི་ལྷ་རྣམས་ཀྱི་མཚན་མ་དགོད་པའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་རྣམ་ལྔ་དང། རྡོ རྗེ་གནོད་སྦྱིན་ཡངས་སུ་བཟླས་པའི་བདུད་རྩི་ལྔ་དང། རྡོ་རྗེ་བསྲུང་བ་ཡོངས་སུ་བཟླས་པའི་དྲི་བཟངས་ཀྱི་ཆུས་དཀྱིལ་འཁོར་གྱི་ཕྱི་རྣམས་གསང་གཏོར་བྱ་སྟེ། ལས་ཐམས་ཅད་ཡོངས་སུ་བཟླས་པའི་འབྲུ་ཐམས་ཅད་ཀྱིས་ཡོངས་སུ་གང་བ་དང། རྡོ་རྗེ་རིན ཆེན་ཡོངས་སུ་བཟླས་པའི་མེ་ཏོག་སིལ་མ་ཡོངས་སུ་བཀྲམ་སྟེ། རྡུལ་ཚོན་ལྷག་མ་རྣམས་ཨོཾ་ཨཱ:ཧཱུཾ་བཛྲ་མུ:ཞེས་པས་ཡེ་ཤེས་ཀྱི་རྡུལ་ཚོན་གཤེགས་སུ་གསོལ་ནས་རྡུལ་ཚོན་གྱི་སྣོད་རྣམས་ཀྱང་དབེན་པར་བཞག་པའོ་ཞེས་པ་ནི་རྡུལ་ཚོན་?་བའི ཆོ་གའོ། ། །།དེ་ནས་སྔོན་བཞིན་གཏོར་མ་ཆེན་པོ་ཕྱི་རོལ་དུ་ཕུལ་ནས་རབ་ཏུ་བྱེད་པ་གསུམ་པར་གསུངས་པའི་རིམ་པས་བུམ་པ་ལྷག་པར་གནས་པར་བྱས་ནས་རབ་ཏུ་བྱེད་པ་གསུམ་པར་གསུངས་པའི་རིམ་པ་དེ་ཉིད་ཀྱི་བུམ་པ་དགོད་པར བྱ་?། །དེ་ནས་སློབ་དཔོན་གྱིས་འཁོར་ལོའི་དབང་ཕྱུག་གི་བདག་ཉིད་ཀྱིས་བྲི་བར་བྱའི་དཀྱིལ་འཁོར་ལ་སྐད་ཅིག་གིས་སྲུང་བའི་འཁོར་ལོ་དང་བགེགས་ལ་པུར་བུས་གདབ་པ་ལ་སོགས་པ་བསྒོམ་སྟེ། དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་པར་བརྟགS ནས་ཡེ་ཤེས་སེམས་དཔའ་གདན་དྲངས་ནས་མཆོད་ཡོན་དང་ཞལ་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་བསྟོད་པ་ཡང་བྱས་ཏེ་དམ་ཚིག་གི་འཁོར་ལ་རབ་ཏུ་བཞུགས་པར་བསམ་མོ། ། འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་དང། དེ་ལས་གཞན་དཀྱིལ་འཁོར་པ་སོ་སོའི་རྣམས་ཀྱིས་ལན་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས་ཏེ། ཡི་གེ་བརྒྱ་པ་ཡང་བརྗོད་ནས་ཉེར་སྤྱོད་ལྔ་ལ་སོགས་པ་རྣམས་ཀྱིས་མཆོད་ནས་སྒེག མོ་ལ་སོགས་པ་བརྒྱད་ཀྱི་ཆོ་གས་ཀྱང་གཏོར་མ་དང་ཞལ་ཟས་དབུལ་ཞིང་དཀྱིལ་འཁོར་ལྷག་པར་གནས་པར་བྱའོ། །ཐིག་འདེབས་པ་ནས་བརྩམས་ཏེ་ཇི་སྲིད་མེའི་ལྷ་ལྷག་པར་གནས་པའི་མཐར་ཐུག་པ་ཉི་མ་སོ་སོ་ལ་ཐུན་མཚམས་གསུམ་དུ་ཏིང་ངེ་འཛིན བསྒོམས་པས་མཆོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དམ་པའི་ཆོས་ཀློག་པ་དང་ཕྱི་རོལ་གྱི་གཏོར་མ་ཡང་དབུལ་བར་བྱའོ། །མཚན་མ་ཚོགས་ཀྱི་འཁོར་ལོ་བྱའོ། །གཏོར་མ་དབུལ་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་ལས ཕྱིར་བྱུང་བ་དང། སླར་ཡང་རབ་ཏུ་འཇུག་པར་བྱ་བའི་ཕྱིར། ལག་པ་གཡས་པ་གན་རྐྱལ་དུ་བྱས་ནས་གུང་མོ་དང་མིང་མེད་ཅུང་ཟད་བསྐུམ་སྟེ་མངོན་པར་གདོང་གི་ཕྱོགས་སུ་གཟུང་བར་བྱའོ། །དེ་ཡིས་བུས་མོའི་ནང་དུ་ལག་པ་དག་བྱས་ཏེ། ཙོག་པུར འ་དུག་ནས་མི་སྨྲ་བས་ལག་པའི་མཐིལ་གྱི་ཆ་ཡིས་ཁ་ལ་མིག་ཏུ་ཡོངས་སུ་རེག་ཅིང་ལན་གཉིས་སམ་གསུམ་དུ་རྣ་བའི་བུ་ག་དང་མིག་དང་ཁ་དང་ལག་པ་དག་དང་ལྟེ་བ་དང་མགོ་བོ་རྣམས་ལ་ཡང་ལས་ཐམས་ཅད་པའི་བུམ་པའི་ཆུས་རེག་ཅིད་ཉེ་རེག ཀྱང་ཉི་མ་སོ་སོ་ལ་བྱའོ། །དེ་བཞིན་དུ་ཉི་མ་སོ་སོ་ལ་དཀྱིལ་འཁོར་ལ་བཅོམ་ལྡན་འདས་ངེས་པར་བརྟགས་པ་ལ་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །ོཾ་བཛྲོད་བྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་སྒོ་རྣམས་དབྱེ་བར་བསམS ནས། ཨོཾ་ས་མ་ཡ་པྲ་བི་ཤ་ཡ་མི་ཞེས་བརྗོད་པས་མེ་ཏོག་གི་ཕྲེང་བ་གར་གྱིས་བཟུང་སྟེ། རང་གི་སྤྱི་བོར་བཅིངས་ཏེ་འཁོར་ལོ་ལ་ཕྱག་འཚལ་ནས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་མཛད་དུ་གསོལ་ལོ་ཞེས་ཞུ་བ་བྱ ཞིང་བསྒོམ་པ་དང་བཟླས་པ་ཡང་བྱའོ། །དེའི་རྗེས་ལ་སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །འགའ་ཞིག་གསང་སྔགས་དངོས་གྲུབ་ཕྱིར། །འདིར་ནི་དཀྱིལ་འཁོར་ལ་འཇུག་བྱ། །གཞན་ཡང་བསོད་ནམས་འདོད་དེ་ལས། །འཇིག་རྟེན་ཕ་རོལ་དོན གཉེར་གཞན། །འཇིག་རྟེན་ཕ་རོལ་ཉེར?་བསྟན་ཕྱིར། །སླར་ཡང་དད་པར་བྱས་ནས་ནི། །བློ་ལྡན་དཀྱིལ་འཁོར་གཞུག་པར་བྱ། །འདི་འབྲས་ཉིད་ལ་ལྟོས་མི་བྱ། །འདི་ཉིད་ལ་ནི་ལྟོས་ལྡན་ན། །དེ་ཉིད་ཕ་རོལ་འཇིག་རྟེན་མིན། །ཕ་རོལ དོན་གཉེར་སྐྱེས་བུ་ལ། །དེ་ཉིད་དཱུང་འབྲས་བུ་རྒྱས། །ཤེས་པའི་རྗེས་སུ་སློབ་མས་མཉན་ཞིང་དེ་ཉིད་བཤད་པར་བྱའོ། །སྲིད་པའི་མཚོ་ལས་བདག་བསྒྲོལ་པ། །དགའ་ཆེན་སྟོན་པ་ཁྱེད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་རྣམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ།། ཞེས་བརྗོད་དུ་གཞུག་གོ། སློབ་མ་གཅིག་གཙོ་བོར་བྱས་ནས། བུ་ཚུར་ཤོག་གཅིག་ཐེག་ཆེན་པ། །གསང་སྔགས་སྦྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟང་ཆེན་པོའི་སྟོབས་ཆེན་བཅོམ། ། འཇིག་རྟེན་རྗེས་འཇུག་རྟོགས་རྣམས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །ཞེས་ལན་གསུམ་སློབ་མས་བརྗོད་དེ། །དེ་ནས་སློབ་མའི་སྙིང་གར་ས་མ་ཡ་ཨ:ཞེས་བརྗོད་ནས་ཟླ་བའི་དཀྱིལ་འཁོར་སྤྲུལ་ལ། དེའི་ལྟེང་དུ་ཧཱུཾ་ཡིག ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་ལ། དེའི་སྙིང་གའི་རྡོ་རྗེ་ལ་རབ་ཏུ་ཞུགས་ཏེ། སུར་ཏེ་ས་མ་ཡ་སྟཝཾ་ཧོ:བཛྲ་སིདྡྷཡ་ཡ་ཤཱ་སུ་ཁཾ། ཞེས་བརྗོད་ནས་དེའི་སྤྱི་བོར་དྲི་བཟངས་ཀྱི་ཆུ་གཡོ་བཞིན་པའི་ལག་པ་བཀོད་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པར་བྱའོ། །དཔྲལ་བར ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏྲཾ་ཡིག་ལས་རྡོ་རྗེ་རིན་ཆེན། །མགྲིན་པར་ཧྲཱི:ཡིག་ལས་རྡོ་རྗེ་པདྨ། སྤྱི་བོར་ཀཾ་ཡིག་ལས་སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་རཏན་ཏྲཾ། ཨོཾ་བཛྲ་དྷརྨམ་ཧྲཱི:ོཾ་བཛྲ་གརྨམ་ཀཾ་ཞེས་བརྗོད་ནས་རྡོ་རྗེ་སེམས དཔའ་ལ་སོགས་པའི་སྐུར་བསྐྱེད་དེ་རྣམས་ཀྱི་ཕྱག་ཏུ་རྡོ་རྗེ་བསྲུང་མས་དྲི་སྦྱིན་པར་བྱའོ། །མེ་ཏོག་མས་མེ་ཏོག་བདུག་སྤོས་མ་བདུག་པར་བྱའོ། །མར་མེ་མས་མར་མེས་སྣང་བར་བྱའོ། །དེའི་རྗེས་ལ་སེར་བཅུ་གཉིས་པའི་ཚད་ཀྱིའོ་མ་ཅན་གྱི་ཤིང་དྲིའི རྒུས་བཅས་ལ་རྩེ་མོ་ལ་མེ་ཏོག་བཅིངས་ལ། ཨོཾ་བཛྲ་ཧཱ་ས་ཧཱཾ་ལན་བདུན་ཡོངས་སུ་བསྔགས་ནས་སོ་ཤིང་དཀར་པོ་སློབ་མ་ལ་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་ཀྱང་གདོང་ཤར་དུ་ཕྱོགས་ཏེ་སྟེང་དུ་བལྟས་ནས་རྩེ་མོ་འཆོས་ཏེ་པ་ལང་གི་ཀོ་པ་ཙམ་དུ་ལྟེ པར་?་པའི་ས་གཞི་ལ་དོར་བར་བྱའོ། །སོ་ཤིང་ལྷུང་པའི་རྗེས་སུ་འབྲངས་ཏེ་འབྲས་བུ་བཤད་པར་བྱའོ། དེ་ལ་སློབ་མ་ལ་མངོན་པར་ཕྱོགས་ཏེ་ལྷུང་ན་མཆོག་གི་དངོས་གྲུབ་བོ། །ལྷོ་ཕྱོགས་སུ་ལྷུང་ན་ཞི་བར་འགྲུབ་བོ། །བྱང་ཕྱོགས་སུ་ལྷུང་ན དབང་གི་ལས་འགྲུབ་པོ། །སྟེང་དུ་ཕྱོགས་ནམ་མཁའ་ལ་སྤྱོད་པའོ། །འོག་ཏུ་ཕྱོགས་ན་འོག་གི་དངོས་གྲུབ་པོ། །མཚམས་སུ་ལྷུང་ན་དངོས་གྲུབ་ཕྲན་ཚོགས་སོ། །དེའི་རྗེས་སུ་རྡོ་རྗེ་གནོད་སྦྱིན་མངོན་པར་བསྔགས་པའི་ཆུ་ཁྱོད་པ་གསུམ་བྱིན་ནས། ཨོཾ་ཧྲཱི:བི ཤུདྡྷ་དྷརྨམ་པྲ་བ་ན་ཙཱི་ས་ཤོདྷ་ཡ་བི་ཀ་ལྦཱ་མ་ཕན་ཡ་ཧཱུཾ། ཞེས་པ་འདིས་ཞལ་བསང་བར་བའོ། །དེ་ནས་ཨོཾ་བཛྲ་རཀྵ་ཧཱུཾ་ཞེས་པ་འདིས་མངོན་པར་བསྔགས་ནས་སྲད་བུ་སུམ་བསྒྲིལ་ལ་མདུད་པ་གསུམ་བྱས་ཏེ་དཔུང་པ་གཡོན་པ་ལ་བཅིང་བར་བྱའོ། ཆོས་རྒྱ་ཆེན་པོ་བསྟན་ནས་ཡང་དག་པར་སྤྲོ་བ་བསྐྱེད་པར་བྱའོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པཽ་སྲས་བཅས་ཀྱིས། །བསྟན་འདི་ཀུན་ལ་ཡོངས་སུ གཟུང། །བདག་ཉིད་ཆེན་པོ་སྐྱེད་བྱེད་པས། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་པ། །དེ་བཞིན་གཤེགས་པ་ཉིད དུ་འགྱུར། །རང་འབྱུང་སྐལ་བ་ཆེན་པོ་སྟེ། །འཇིག་རྟེན་ཀུན་གྱི་བསམ་པ་དང། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་པ་ཐམས་ཅད་ཀྱི། །ཡིད་ཀྱི་གནས་ལ་མི་རྟོག་པས། །སྤྲོས་པ་ཐམས་ཅད་དང་བྲལ་བ། །སྦྱོར པ་རྣམས་གྱིས་སྤྲོས་པ་ཡིས། །ལས་དང་བྱ་སོགས་དང་བྲལ་བ། །བདེན་པ་གཉིས་ལ་ཡང་དག་བརྟན། །ཐེག་མཆོག་འདི་ནི་གཙོ་བོ་སྟེ། །དེ་སྙེད་ཚུལ་ལ་གནས་པར་གྱིས། །ཤེས་པའི་ཆོས་ཉན་དུ་གཞུག་པར་བྱའོ། །འབྱུང་བ་རྙེད་པར་དཀའ་པ་ཡང བཤད་པར་བྱའོ། །འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །གང་གི་ཚེ་ན་འབྱུང་འགྱུར་བ། །ཽ་དུམ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང། །གསང་སྔགས་སྤྱོད་ཚུལ་ལྟ་བ་ནི། །དེ་བས་ཀྱང་ནི་དཀོན་པར་འགྱུར། །སེམས་ཅན་དོན་རྣམས་མཉན མེད་པ། །གང་གིས་བྱེད་ནུས་མྱ་ངན་འདའ་། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་རྣམས་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཛའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །དེ་ནས་དྷཱི:ཡིག་ལས་ཀུ་ཤ་མ ཉམས་པའི་ཆུན་པོ་གཅིག་སྔས་ཀྱི་དོན་དུ་ཨོཾ་བཛྲ་ཏིཀྵྞ་དྷཱཾ་ཞེས་པས་ལན་བདུན་མངོན་པར་བསྔགས་ནས་སོ། །གདན་གྱི་དོན་དུ་ཀུ་ཤ་ཧ་ཡིག་གི་ས་བོན་ལས་བསྐྱེད་པའི་ཀུ་ཤ་ལ་ཨོཾ་བཛྲ་རཀྵ་ཧཱུཾ་ཞེས་པའི་སྔགས་འདིས་ལན་བདུན་བཟླས་ནས་གདན་གྱི་དོན་དུ སྦྱིན་པར་བྱའོ། །འདི་བཞིན་དུ་བརྗོད་པར་བྱའོ། །ཞལ་བཟང་པོ་རྣམས་བཞེངས་ནས་མཐོ་རིས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་བཞིན་དུ་རྨི་ལམ་དུ་ཡང་མཐེང་བཞིན་བསྟན་དུ་གསོལ་ལོ། །སློབ་མ་ལྷག་པར་གནས་པའོ།། །། དེ་ནས་ནད་པར་སྔ་བར་དགེ་བ་དང་མི་དགེ་བའི་རྨི་ལམ་དྲི་བར་བྱའོ། །མི་དག་པའི་རྨི་ལམ་བྱུང་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་ལྷག་པར་མོས་པར་བྱའོ། །ོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་བླ་མའི་ཞབས་ལ་ཕྱག་འཚལ ཏེ། མེ་ཏོག་གི་སྙིམ་པ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པར་བྱ་སྟེ། སྲིད་པའི་མཚོ་ལས་བདག་སྒྲོལ་བ། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་གསོལ།། བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིག་གསོལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང། །དེ་ཉིད་དེ་བཞིན་ཉིད ངེས་འབྱུང། །བདེན་པ་དེ་ཡིས་དཀྱིལ་འཁོར་གྱི། །གཟུགས་བརྙན་གསལ་བ་སློབ་མ་ནི། །ཀུན་གྱིས་དྲི་མེད་མཐོང་བར་ཤོག་།ཅེས་པས་བདེན་པའི་བྱིན་གྱིས་བརླབས་བྱས་ནས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཡོན་ཕུལ་ནས་སློབ་མ་རྣམ་པར་སྣང ཏེ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཡཾ་ཀུ་ཤ་ཛ:ོཾ་ཡོངས་སུ་བཟླས་པ་གོས་དམར་པོས་?་གཡོགས་དང་སྟོང་གཡོགས་བྱས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཡཾ་ཀུ་ཤ་ཛ:ོཾ་བཛྲ་པཱ་ཤ་ཧྲུཾ། ཨོཾ་བཛྲ་སཕོ་ཊ་བཾ། ཨོཾ་བཛྲ་X་བ་ཤ་ཨ::ཁཾ་པི་ར་ཧཱུཾ། ཞེས་པ་འདིས་མིག་རས་བཅིངས་ནས་མེ་ཏོག་ཕྲེང་བས་འཛིན་དུ་བཅུག་སྟེ་དྲི་བར་བྱའོ། །ཀྱེ་ཁྱེད་དགའ་བ་ཅིལ་དགྱེས། །དེས་ཀྱང་ལན་གདབ་པར་བྱ་སྟེ། སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལ་ཞེས་སོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས སུ་བཟླས་པའི་ཆུས་བསང་གཏོར་བྱས་ཏེ། སྙིང་གར་རྡོ་རྗེ་བཞག་ལ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨཽཏཔཱ་ད་ཡ་མི་སུ་ར་ཏེ་ས་མ་ཡ་སྟཝཾ་ཧོམེ་ཏོག་གི་ཕྲེང་བ་བཟུང་ནས་དགུག་པ་དང་གཞུག་པར་བྱའོ། །ས་མ་ཡ་ཧཱུཾ་ཞེས་པ་འདིར་རང་གི་སྒོ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་རྣམས་བྱ་སྟེ། ཨོཾ་བཛྲཱཾ་ཀུ་ཤ་ཛཤ་ཧཱུཾ་ཨོཾ་བཛྲ་སཕོ་ཊ་བཾ། ཨོཾ་བཛྲཱ་བེ་ཤ་ཨཔར་?་ཡིས་ཡེ་ཤེས་གང་གིས་ཁྱེད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདིར་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ནས་དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་སེམས་དཔའ་རྡོ་རྗེ་ཅན་གྱི་ཕྱག་རྒྱ་ཉིད་སྟེང་དུ་གདོང་ཕྱོགས་པས་བཅིངས་ཏེ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ནས་འདི་སྐད་བརྗོད་པར་བྱའོ། ། འདི་ནི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། འདི་སྨྲས་ན་ནི་མགོ་བོ་འགེམས་སོ། །ང་ཡིས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡང་བ་མ་སྤངས པར་ཆེའི་དུས་བྱས་སྟེ་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །སླར་ཡང་སློབ་མའི་སྙིང་གར་རྡོ་རྗེ་བཞག་སྟེ། འདི་བཞིན་དུ་བརྗོད་པར་བྱ་སྟེ། ཨོཾ་དི་རིང་རྡོ་རྗེ་སེམས་དཔའ་རང། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་བདུད་རྩི་ལྔ་པདྨའི་སྣོད་དུ་གནས་པ་ལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱས་བྱིན་གྱིས་བརླབས་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཀྱང་བྱིན་གྱིས་བརླབས་པར་བསམས་ནས། ཨོཾ་ཨཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུངས་ན་དངོས་གྲུབ་འགྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག། ཨོཾ་བཛྲ་མྲི་ཏོ་ད་ཀ་ཋབྱའོ། །སློབ་དཔོན་གྱིས་ཀྱང་འདི་བཞིན་དུ་བརྗོད་པར་བྱ་སྟེ། དེ་རིང་ནས་བརྩམས་ཏེ་ཁྱེད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱེད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡང་བ་མ སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང?་བར་གྱུར་ཏ་རེ་ཞེས་པའི་མནའོ། །སློབ་མས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་དུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་ནས་དེ་ནས་བདག་ཉིད དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་རྣམ་པར་བསམ་པར་བྱའོ། །གཟུགས་སུ་རྣམ་པར་བསམ་པར་བྱའོ། །ཧཱུཾ་ཏྲཾ་ཧྲཱིཕྱེ་ནས་སློབ་མའི་སྙིང་གར་ཡང་དེ་ནས་རང་གི་ཁ་ལས་བབས་ཏེ། རྡོ་རྗེ་ལས་ཨདེ་བཞིན་དུ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་ནས། དེ་ནས་མྱུར་དུ་རྡོ་རྗེ་སློབ་དཔོན་གྱིས་སེམས་དཔའ་རྡོ་རྗེ་ཅན་གྱི་སངས་རྒྱས་ཉིད བརྗོད་པར་བྱའོ། །འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔར་ཤེས་པར་བྱ། །རྡོ་རྗེ་ཡེ་ཤེས་བླ་མེད་པ། །འདི་ཉིད་ཀྱང་ནི་འབའ་པར་ཤོག་།ོཾ་བཛྲཱ་བ་ཤ་ཨཚིག་གི་ཕྱག་རྒྱ་བཅིངས་ཏེ། ཧེ་བཛྲ་སཏྭ། ཧེ་བཛྲ་རཏན། ཧེ་བཛྲ་དྷརྨམ། ཧེ་བཛྲ་ཀརྨམ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གདན་དྲང་པར་བྱའོ། །དེ་ནས་རྡོ་རྗེ་ཆོས་ཀྱི་སྐུར་སློབ་མ་བསྒོམས་ཏེ། དེའི་ལྕེ་ལ་ཨཱདམར་པོ་ལས་སྐྱེས་པའི་རྡོ་རྗེ་དམར་པོ་བསམ་པར་བྱ་ཞིང་རྡོ་རྗེ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་བསྐུལ་བས་དགེ་བ་དང་མི་དགེ་བ་སྨྲ་བར་བྱེད་དོ། དེ་ནས་དེ་ཡིས་བབས་པ་བརྟན་པར་བྱ་བའི་ཕྱིར་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །དེ་ནས བདེན་པའི་བྱིན་རླབས་འདི་བྱའོ། །དགའ་བ་ཡིས་ནི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པ་ནི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཅི་འདྲ་དེ་འདྲ་?་ཤོག་།འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་འདི་གང་གི་སྣོད་དུ་རུང།། བསོད་ནམས་མཐུ་ཡང་ཅི་འདྲ་བར་། དེ་ལྟར་དཀྱིལ་འཁོར་འགྱུར་བར་ཤོག་ཅེས་བརྗོད་ནས། དེ་ནས་ཁྱོད་ཀྱི་མིག་སྔར་ཇི་ལྟར་སྣང་ཞེས་དྲི་བར་བྱའོ། །དེས་སྨྲས་པ་ལས་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་ལྗང་གུ་རྣམས་ཀྱི་འོད་ཀྱི དཀྱིལ་འཁོར་སྣང་བ་ལས། ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་དངོས་གྲུབ་ཐམས་ཅད་ཀྱི་སྐལ་བ་གོ་རིམས་བཞིན་དུ་བསྟན་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཟུང་ནས་འཕང་བར་བྱའོ། །པྲ་ཏཱིཙྪ་བཛྲ་ཧོའཕངས་པའི་མེ་ཏོག་གི་ཕྲེང་བ་དེའི་མགོ་ལ་འདིས་བཅིང་བར་བྱའོ། །ོཾ་པྲ་ཏི་གྲིཧྞ་ཏྭ་ནི། མཾ་སཏྭ་མཧཱ་བ་ལ་ཞེས་སོ། །དེ་ནས་སློབ་མའི་མིག་དག་ལ་ཨོཾ་ཡིག་འབར་བ་དང་བཅས་པ་བསམས་ཏེ་གདོད་གཡོགས་གསལ་བར་བྱའོ། །ོཾ་དི་རིང་རྡོ་རྗེ སེམས་དཔའ་རང། །ཁྱེད་ཀྱི་མིག་ནི་དབྱེ་བར་མཛད། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཅེས་པས་གདོང་གཡོགས་གསལ་བར་བྱའོ། །ཀྱེའི་རྡོ་རྗེ་ལྟོས་ཤིག་ཅེས་བརྗོད་ནས་སོ་སོ་ཞིང་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་ལྕགས ཀྱུ་ལ་སོགས་པ་ནས་བརྩམས་ཏེ་རྣམ་པར་སྣང་མཛད་ཆེན་པོའི་མཐར་ཐུག་པར་བསྟན་པར་བྱའོ། །དེ་ལ་ལྷ་རྣམས་ཀྱིས་མཚན་པའི་དམ་ཚིག་ལ་ཡང་དད་པ་དང་དང་བས་མེ་ཏོག་གི་ཕྲེང་བ་ཕོག་པ་དེའི་རྣལ་འབྱོར་ཡང་སྦྱིན་པར་བྱའོ། །ཡང་ན་སློབ མའི་སྐལ་བ་གང་ཡོད་པ་དེའི་རྣལ་འབྱོར་སྦྱིན་པར་བྱའོ་ཞེས་པ་ནི་སློབ་མ་གཞུག་པའི་ཆོ་གའོ། ། །།དེ་ནས་ཤར་གྱི་སྒོ་ལ་སོགས་པ་རྣམས་སུ་དཀྱིལ་འཁོར་ལ་ཡང་ཕྱག་བཙལ་བར་བྱའོ། །དེ་ནས་ཤར་གྱི་སྒོར་རང་གི་ཐུགས་ཀར་མེ་ཏོག་གི སྙིམ་པ་སྦྱར་ལ་ལུས་ཀྱིས་ཕྱག་བཙལ་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩ་ཏྟེ་པྲ་ཎ་མི་ན་བཛྲ་བ་ན་དྷ་ནཱཾ་ཀ་ཀ་རོ་མི་སརྦ་ཏ་ཐཱ་ག་ཏཱ་ཥཙཱ་དྷི་ཏིཥྛ་སྭ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛོ་པ་སྠཱ་ནཱ་ཡཱ་ཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་དྷི་ཏི་ཤཋ་མཱ། ལྷོའི སྒོར་རྡོ་རྗེ་ཐལ་མོ་སྙིང་བར་སྦྱར་ནས་དཔྲལ་པ་ས་ལ་བཏུད་དེ། ཨོཾ་སརྦ་ཏ་ཐཱ་གྲ་ཏ་པཱུ་ཛཝ་བྷི་ཥྲི་ཀཱ་ཡ་ཏྨཱ་ནཱ་ན་རྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏན་བྷི་ཥིཉྩ་མཱཾ། དེ་ནས་རྡོ་རྗེའི་ཐལ་མོ་སྤྱི་བོར་བཟུང་ནས་ཞལ་ས་ལ་བཏུད་དེ་ནུབ་ཀྱི་སྒོ་ནས། ཨོཾ་སརྦ ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟན་ཡཱཏྨ་ནཱི་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨམ་པྲ་བརྟ་ཡ་མཱཾ། དེ་བཞིན་དུ་བྱང་དུ་མགོ་སྙིང་གར་བཏུད་ནས་ཐལ་མོ་སྦྱར་ཏེ་ས་ལ་རེག་ནས་ཕྱག་བཙལ་བར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎི་ཨཱཏྨ་ནཱཾ་ནི་རྱ་ཏ་ཡཱ མཱི། སརྦ་ཏ་ཐ་ག་ཏ་བཛྲ་ཀརྨ་ཀུ་རུ་སྭ་མཱཾ་ཞེས་བརྗོད་ནས་ཕྱག་ལྔ་བཙལ་བར་བྱའོ། །དེའི་ཚེ་ཡང་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ས་དེ་བཞིན་ཉིད་དུ་བྱིན་གྱིས་རློབ་པར་བསྒོམ་པར་བྱའོ། ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་འདི་དེ་ཉིད ལ་ལྟོམ། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཕུན་སུམ་ཚོགས་ཀུན་མངོན་འགྱུར་ཏེ། །ཁྱོད་ཀྱིས་དངོས་གྲུབ་སྦྱོར་ཉིད་ཀྱང། །དམ་ཚིག་བཟུངས་པས་དངོས་གྲུབ་འགྱུར། །སྔགས་རྣམས་ལ་ཡང་བརྩོན པར་གྱིས། དེ་ནས་བུས་མོའི་ལྷ་ད་ས་ལ་གཙུགས་ཏེ་སྡིག་པ་སོ་སོ་བཤགས་པར་ཡང་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། རྡོ་རྗེ་དང་ནོར་བུ་དང་པདྨ་དང་ལས་ཀྱི རིགས་ལ་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་དང། ལྷ་རྣམས་ཐམས་ཅད་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་མིང་འདི་ཞེས་བགྱི་བའི་མདུན དུ་བགྱིས་ནས། རྡོ་རྗེ་དང་ནོར་བུ་དང་པདྨ་དང་ལས་ཀྱི་རིགས་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་དང་ལྷ་ཐམས་ཅད་ཀྱི་མདུན་དུ་སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས པར་བགྱིའོ། །ཕྱོགས་བཅུ་མཛའ་ཡས་པའི་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་སོང་བ་དང། ཡང་དག་པར་ཞུགས་པ རྣམས་དང། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་འདེབས་སོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན འདས་སྐུ་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ་ཞེས་པ་ནི་སྡིག་པ་བཤགས་པ་ལ་སོགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་བདག་ཉིད དབུལ་ལོ། །དུས་ཐམས་ཅད་དུ་བདག་སོ་སོ་ནས་གཟུང་དུ་གསོལ། མགོན་པོ་ཐུགས་རྗེ་ཆེན་པོ་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་རྣམས་བདག་ལ་སྩལ་དུ་གསོལ་ལོ། །དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བར་གྱུར་ཅིག། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པས་བདེ་བ་དང་བཅས ཤིང་བདེ་བ་དང་བཅས་པའི་ཡིད་ཀྱིས་མིའི་མཆོག་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་། བདག་ཀྱང་དགེ་བའི་རྩ་བ་འདི་ཡིས་མྱུར་དུ་སངས་རྒྱས་ནས་འགྲོ་བ་རྣམས་ལ་ཕན་པའི་ཕྱིར་འཇིག་རྟེན་དུ་ཆོས་སྟོན་པར་གྱུར་ནས་སྡུག་བསྔལ་མང པོས་མནར་བའི་སེམས་ཅན་རྣམས་སྒྲོལ་བར་གྱུར་ཅིག། བླ་མེད་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །བདག་ཉིད་འབུལ་བ་ལ་སོགས་པའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསླབ་པ་རྣམ་གསུམ་ཚུལ་ཁྲིམས་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །བདག་གིས་སོ་སོར་བསྟན་པར་གཟུང། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། དཀོན མཆོག་གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང། །དེ་ནས་བརྩམས་ཏེ་བདག་གིས་གཟུང། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །དེ་ཉིད་བདག་གིས་སོ་སོར་གཟུང། །སློབ་དཔོན དག་ཀྱང་བདག་གིས་གཟུང། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཉིན་རེར་དུས་དྲུག་ཏུ། །སྤྱིན་པ་རྣམ་བཞི་བདག་གིས་སྦྱིན། །པདྨའི་རིགས་ཆེན་དག་པ་ལ། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །ཕྱ་ནང་གསར་བ ཐེག་པ་གསུམ། །དམ་ཆོས་བདག་གིས་སོ་སོར་གཟུང། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན་།དེ་ཉིད་སོ་སོར་བདག་གིས་གཟུང། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ སེམས་དཔའ་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང། །སྡོམ་པ་མ་ལུས་བཟུང་བགྱིས་ནས། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང། །སེམས་ཅན་མྱ ངན་འདས་ལ་དགོད། །ཅེས་པའི་སྡོམ་པ་བཟུང་པ་སློབ་མས་བརྗོད་པར་བྱའོ། །དེ་ནས་སློབ་མས་འདི་ཉིད་ཀྱིས་གསོལ་བ་གདབ་པར་བྱ་སྟེ། མགོན་པོ་འཁོར་ལོ་ལྷ་དག་གིས། །དེ་ཉིད་སློབ་དཔོན་ལས་རྣམས་དང། །འཁོར་ལོར་ཕྱིར་མི་ལྡོག་པའི དབང། དམ་པ་བདག་ལ་སྩལ་དུ་གསོལ། །དེ་ནས་སློབ་མ་ལ་མི་བསྐྱོད་པའི་སྐུར་བསྒོམས་ནས་རྡོ་རྗེ་གནས་པའི་བུམ་པ་རྣམས་སེམས་མ་རྡོ་རྗེ་ལ་སོགས་པ་འཛིན་པ་ལྷག་པར་གྲོལ་བར་རྡོ་རྗེའི་ཁུ་ཚུར་གྱིས་ཆུའི་དབང་བསྐུར་བ་འདིས་འཛིན པ་ལས་དབང་སྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསུང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ོཾ་བཛྲ་བྷི་ཥིཉྩ་ཧཱུཾ་ཞེས་བས་ཆུའི་དབང་བསྐུར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ནས་རིན ཆེན་འབྱུང་ལྡན་གྱི་སྐུར་བསྒོམ་ནས། ཨོཾ་སརྦ་བུདྡྷ་ཛཱུ་ཌ་མ་ཎི་མཧཱ་མུ་ཀུ་ཊ་ཏྲཾ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བཟུང་བའི་བུམ་པའི་ཆུ་ཡིས། ཨོཾ་བཛྲ་དྷཱ་ཏྭི་ཤྭ་ཏི་བཛྲི་ཎི་ཨ་བྷི་ཥིཉྩ་ཧཱུཾ། སྤྱི་གཙུག་ཏུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི ཕྱག་རྒྱས་བཞུགས་པ་བསམ་པར་བྱའོ། ཨོཾ་བཛྲ་བཛྲ་ཎི་ཧཱུཾ། དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་མཐིང་གས་གནོན་གྱི་ཕྱག་རྒྱས་བཞུགས་པའོ། །ོཾ་རཏན་བཛྲི་ཎི་ཏྲ་རྣ་བ་གཡས་པའི་སྟོང་དུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་མཆོག་སྦྱིན་གྱི ཕྱག་རྒྱས་བཞུགས་པའོ། །ོཾ་དྷརྨ་བཛྲི་ཎི་ཧཱིརྒྱ་བཞུགས་པ་བསམ་པར་བྱའོ། །ཞེས་པ་ནི་དབུ་རྒྱན་གྱི་དབང་བསྐུར་བ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སློབ་མ་འོད་དཔག་ཏུ་མེད་པའི་སྐུར་བསམས་ནས། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡིས། །བདག་གིས་དི་རིང་ཁྱོད་དང་བསྐུར། །དེང་འདིར་སངས་རྒྱས ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་གཟུང། །ཐུགས་ཀའི་དང་པོར་རྡོ་རྗེས་རེག་ནས་ལག་ཏུ་སྦྱིན་པར་བྱའོ། །ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །སློབ་མ་དོན་ཡོད་གྲུབ་པའི་སྐུར་བསམས་ནས། ཨོཾ་བཛྲཱ་དྷི་བ་ཏཾ་ཏྭཾ། ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟེ་ཞེས་སོ། །ལག་པ་གཡོན་ལས་དྲིལ་བུ་སྦྱིན་པར་བྱའོ་ཞེས་པ་ནི་དྲིལ་བུའི་དབང་བསྐུར་བ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སློབ་མ་རྣམ་པར་སྣང་མཛད་དུ་གསམས་ནས། ཨོཾ་ཏྭཱ་ཏཱ་མ་བྷི་ཥིཉྩ་མི་བཛྲ་?་མཱ་བྷིཥ ཀ་ཨ་ཏལྔ་བསྐུར་བས་སྔགས་ཀྱི་རྒྱུད་ཉན་པ་དང་བཤད་པ་ལ་དབང་བར་འགྱུར་རོ། །དབང་ལྔ་པོ་འདི་ཉིད་ལ་རིག་མའི་དབང་ཞེས་བརྗོད་པར་བྱ་སྟེ། ཐམས་ཅད་དུ་རྡོ་རྗེ་སེམས་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་བྱ་བ་ཡིན་པའི་ཕྱིར་རོ།། སླར་ཡང་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་གསོལ་བ་གདབ་པར་བྱ་སྟེ། གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་གྱུར་པ་ཡི། །རྡོ་རྗེ་སློབ་དཔོན་གྱི་ནི་དབང། །ཐུགས་རྗེའི་གཏེར་ཀྱེའི་བདག་པ་གསོལ། །སློབ་མ་ལ་རྒྱན་ཐམས་ཅད་ཀྱིས བརྒྱན་བར་བསྒོམས་ཏེ། ཧཱུཾ་ཛ་བཛྲཾ། དེ་འདིར་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགེ་བ་ཆེ ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་པ་བདག་པོའི་བདག་།བཅོམ་ལྡན་འདས་དང་པོའི་མཆོག་གི་སྐྱེས་བུའོ། ། ཡིག་ལས་སྐྱེས་པའི་དྲིལ་བུ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷར་ཡཱ་མི་བཛྲ་སཏྭ་ཧཱིཞེས་བརྗོད་ནས་སློབ་མས་དྲིལ་བུ་བཟུང་བར་བྱའོ། །དེ་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་ཤེས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང། །སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས སྲིད་འགལ་བྱས། འང?་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པ་ཡིན་སྲིད་པར་བྱ། །ཞེས་པ་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང ?་སྦྱིན་པར་བྱ། །ཁྱུད་བའི་ཚུལ་དུ་བྱའོ། །པདྨའི་དཀྱིལ་འཁོར་ཞེས་སུ་བརྗོད། །ཡོད་ཀྱི་དཀྱིལ་འཁོར་མཆོག་ཏུ་ནི། ཡེ་ཤེས་གཞལ་ཡས་ཁང་པ་ཞེས། །ཐུགས་ནི་ཡང་དག་མཐོང་བར་བརྩེགས། །ཕུང་པོ་ལྔ་རྣམས་བསྡུས་པ་ཡིས། །སངས་རྒྱས་ལྔ་རྣམས རབ་ཏུ་གྲགས། ། ཞེས་པ་ནི་དཀྱིལ་འཁོར་དེ་ཉིད་དོ། །དེ་ནས་ཆོས་ཀྱི་འཁོར་ལོ་རྐང་བ་དག་གི་དབུས་སུ་བཞག་ནས་ལག་པ་གཡས་སུ་དུང་བྱིན་ནས་འདི་ཉིད་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ལྷན་ཅིག་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི་།དི་རིང་ཕན་ཆད འཇིག་རྟེན་ལ། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སྐྱོ་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག། གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། འཇིག་རྟེན་དུ་ནི་རྟག་ཏུ་སྟོན། །དེ་ཉིད་བྱས ?་སངས་རྒྱས་ཐམས་ཅད་ཀྱི། །ཉེ་བར་ཕན་པ་ཉིད་དུ་གསུངས། །རྡོ་རྗེ་འཛིན་པ་དེ་རྣམས་ཀྱིས། ཁྱེད་ཀྱང་ཀུན་ནས་ཀུན་ཏུ་བསྲུང། །སླར་ཡང་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བསམས་ནས། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། འཇིག་རྟེན་ཀུན་དུ་ཐམས་ཅད་ནས ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱིས། །དེ་བཞིན་དུ་སློབ་མ་མི་བསྐྱོད་པའི་སྐུར་བསམས་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེའི་འཁོར་ལོ་དང་རིན་པོ་ཆེའི་འཁོར་ལོ་དང་པདྨའི་འཁོར་ལོ་དང་སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར ཞེས་བརྗོད་པའི་ཚིགས་སུ་བཅད་པ་ལྔས་སློབ་མ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ལས་བྱུང་བར་གང་གྱུར་ཀུན། །སངས་རྒྱས་ཀུན་དངོས་བདག་ཉིད་པས། །རྡོ་རྗེ་མིང་གིས་དབང་བསྐུར་བའི། །དེ་བཞིན་གཤེགས་པས་ལུང་བསྟན་བྱ། །སྲིད་བའི་ངན་འགྲོ ལས་བ་ཏོན་ནས། །སྲིད་པ་ཤིན་དུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གི་ཁྱེད་འདིར་ལུང་བསྟན་བགྱི། །ཀྱའི་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཁྱོད་ཀྱིས་དམ་ཚིག་འགྲུབ་སྟེ། ཨོཾ་དྷུར་བྷུ་བཔའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲཝ་གཟུང་བའི་ཁུ་ཚུར་གཡོན་པ་སྙིང་གར་བྱས་ཤིང་གཡས་པ་མི་འཇིགས་པའི་ཕྱག་རྒྱའོ། དེ་ནས་ཡང་དེ་ཉིད་སློབ་མ་རྣམས་ལ་བསྟན་པར་བྱའོ། །གང་འདི་དག་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་མཆོག ཏུ་གསང་བའི་རྣམ་པ་ལ་ལུང་བསྟན་པར་བྱའོ། །དེའི་རྡོ་རྗེ་སེམས་དང་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་རྣམས་ཏེ་དེ་ནི་རྡོ་རྗེ་འཛིན་པ་དང། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་རྣམས་ལ། དམ་ཚིག་གིས་སློབ་དཔོན་མཚུངས་པར་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ། །འདི་ལྟར་འདི་ཉིད་ལ་བྱུང་བའི་ཕྱག་རྒྱ་ཆེན་པོ མཆོག་ཏུ་གསང་བ་མཆོག་གི་དངོས་གྲུབ་གྱི་གནས་འདི་ཡང་སྔགས་ཀྱི་སྟོབས་ཀྱིས་ཞེས་ཏ་དང་པར་བྱའོ་ཞེས་པ་ནི་ལུང་བསྟན་པའོ། དེ་ནས་དབུགས་དབྱུང་བ་སྦྱིན་པར་བྱའོ། ཨོཾ་མཧཱ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཧདཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བོ་ཁྱེད་ལ་མེད། ཤིན་ཏུ་སྲིད་པ་འགྲུབ་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས ཁྱེད་འདས། །རྡོ་རྗེ་དམ་པའི་ཕྱག་རྒྱ་དང། །བྱང་ཆུབ་སེམས་ནི་སྤང་མི་བྱ། །གང་གི་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་ནི་ཐེ་ཚོམ་མེད། །དམ་ཆོས་སྤང་བར་བྱ་བ་ནི། །ནམ་དཱུང་བྱ་བ་མ་ཡིན་ཏེ། མི་ཤེས་པ་ལས་དེ་ནས་ནི། །རྨོངས་པས་མཉན པར་བྱ་བའང་མིན། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །ནམ་ཡང་སྤང་བར་མི་བྱའོ། །སངས་རྒྱས་ཀུན་དང་མཚུངས་པའི་ཕྱིར། །སློབ་དཔོན་འདི་ནི་སྨད་མི་བྱ། །རང་གི་བདག་ཉིད་མདར་གྱུར་པའི། དཀའ་ཐུབ་བྱེ་བྲག་ཡོངས་སུ་སྤངས། །མ་འོངས རྫོགས་སངས་རྒྱས་འགྱུར་བའི། །ཇི་ལྟར་བདེ་བས་བདེ་འགྱུར་ཟུང། །ད་ནི་སྔགས་དང་རྒྱུད་དག་གི། ཁྱོད་ཀྱི་དཀྱིལ་འཁོར་སློབ་དཔོན་ཟུང། །སངས་རྒྱས་བྱན་ཆུབ་སེམས་དཔའ་དང། ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྔགས་ལ་སྒྲུབ་པ་པོ་རྣམས་སྦྱོར་ཞེས་པ་ནི་དགུགས་དབྱུང་བ་སྤྱིན་པའོ། དེ་ལྟར་འཇུག་བཞིན་པ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་ནི་དེ་ལ་འདིའི་རིམ་པ་ནི། བྱང ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ་པར་བྱའོ། །ཕྱི་ནས་གདུགས་དང། རྒྱལ་མཚན་དང། བ་དན་དང། འཁོར་ལོ་དང། དུང་ལ་སོགས་པའི་ཉེར་སྤྱད་རྣམས་ཚོགས་པར་གྱུར་ནས་ཤར་གྱི་སྒོར སེང་གེའི་ཁྲིའི་སྟེང་དུ་སློབ་མ་ཀླ་པེས་ཀྱི་འོག་ཏུ་གཞག་ལ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ནས་རྣམ་པར་སྣང་མཛད་དུ་རྣམ་པར་བསྒོམས་ཏེ། དེའི་ངོ་བོ་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལ་གནས་ནས་རང་གི་ཡི་དམ་གྱི་ལྷའི་རྣལ་འབྱོར གྱིས་ཡང་དག་པར་བཀོད་དེ་དམ་ཚིག་སེམས་དཔའ་ཨི་ཐུགས་ཀའི་སྟེང་ནས་འོད་ཟེར་བྱུང་ནས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་ནམ་མཁའ་ཁྱབ་པས་བུམ་པ་དང། གདུགས་དང། རྒྱལ་མཚན་དང། བ་དན་ལ་སོགས་པ་བཟུང་བ་རྣམས་ཀྱིས་སློབ་མ ལ་དབང་བསྐུར་བར་བསམ་པར་བྱའོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་པའི་ཚིགས་སུ་བཅད་པ་སློབ་དཔོན་རང་ཉིད་ཀྱིས་བརྗོད་ནས་སློབ མ་ལ་དབང་བསྐུར་བར་བྱའོ་ཞེས་པ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། ། །།བུམ་པའི་དབང་གིས་ལུས་ཀྱི་དྲི་མ་རྣམ་པར་དག་ནས་བུམ་པའི་དབང་ཐོབ་པའི་སློབ་མས་གསང་བའི་དབང་ཞུ་བར་བྱ་སྟེ། ཁྱོད་ནི་སངས་རྒྱས་ཀུན་དང་རྡོ་རྗེ སེམས་དཔའ་ཨི་པོ?་འགྲུབ་པ། །བྱང་ཆུབ་སེམས་དཔའ་སྲས་དང་བཅས་རྣམས་ལ། །ཀུན་ནས་ཆགས་ཕྱིར་རང་གི་བདེ་བ་ཡིད་འོད་བདེ་ཆེན་གྱིས། ཤིན་ཏུ་གདུང་བ་དུས་རིང་པོ་ལ་སྟོང་ཉིད་བསྒོམས་པ་ཡིས། །ཀུན་ནས་ཆགས་པའི་རྒྱུ་ཡིས་ནི། །དྲི་མེད སྤྱད་པ་ཀུན་ཏུ་བཟང། །བྱང་ཆུབ་རྒྱུར་ནི་ཆགས་པ་ཡིས། །དམ་ཚིག་རྡོ་རྗེ་རྣམ་པར་དག། འདིས་གསོལ་བ་བཏབ་པའི་རྡོ་རྗེ་སློབ་དཔོན་བླ་མ་ཆེན་པོས་སློབ་མ་ལ་དབང་བསྐུར་བར་བྱའོ། །རང་གི་ཕྱག་རྒྱ་སློབ་མས་དབུལ་བར་བྱ་སྟེ། ཡང ན་གཞན་ཡང་ཇི་ལྟར་རྙེད་པའི་གཟུགས་དང་ལང་ཆོས་བརྒྱན་པ་རྙེད་ནས་རིགས་ལྔའི་ཆ་དང་ལྡན་པར་བྱས་ནས་དེའི་པདྨ་ཡང་དག་པར་སྦྱངས་ཏེ། རང་གི་རྡོ་རྗེའི་རང་བཞིན་གྱིས་བྱའོ། །ཕྱི་ནས་སྙོམས་པར་ཞུགས་ཏེ་སྲུབ་ཅིང་བསྒྲུབ་པའི་རིམ་པས བདེ་བ་བཅིངས་ཏེ་སློབ་མ་ལ་བལྟས་ནས་མཚོན་པར་བྱ་སྟེ་མིང་མེད་དང་མཐེ་བོས་བྱང་ཆུབ་ཀྱི་སེམས་སློབ་མའི་ཁར་སྦྱིན་པར་བྱའོ་ཞེས་པ་ནི་གསང་བའི་དབང་བསྐུར་བའི་རིམ་པའོ། ། །།གསང་བའི་དབང་བསྐུར་བ་ཐོབ་པས་རྡོ་རྗེའི་དག་རྣམ་པར་སྦྱང བར་བྱས་ནས་སེམས་ཀྱི་རྡོ་རྗེ་སྦྱང་བའི་ཕྱིར་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་དབང་པོར་མཛད་ནས་ལག་པ་དག་ཏུ་ལག་པ་སྦྱིན་པར་བྱའོ། །བླ་མ རྡོ་རྗེ་ཅན་གྱིས་ནི། །སློབ་མའི་མགོ་བོར་ལག་པ་སྦྱིན། །གཟུངས་མ་ཡིད་འོད་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་གསུངས། །རྡོ་རྗེ་འཁོར་ལོ་རིམ་སྦྱོར་བས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །དེ་ཕྱིར་རིག མ་འདི་ནི་མཆོག་། ཆོས་ཀུན་གཉིས་སུ་མེད་པར་ནི། །གཉིས་སུ་མེད་པ་ཉིད་ཀྱིས་མཚོན། །དེ་དང་བྲལ་ན་རྟག་ཏུ་ཁྱོད། །འཁོར་བ་ཡིས་ནི་བྱ་བར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དྲི་ཆེན་དྲི་ཆུ་སོགས་ཟ་བ། །བུ་ཁྱོད་སྤྲོ་བར་བྱེད་དམ་ཅི། དེ་བཞིན་ཁུ་ཁྲག་ཤ་རྣམས་དང། །མི་མོ་ལ་གུས་དེ་བཞིན་གཞན། །བྷ་གའི་པདྨར་འོ?་བྱེད་པའི། །བདེ་བ་ཇི་བཞིན་བུ་ཁྱོད་སྤྲོས?། །ཐབས་ཀྱིས་བརྗོད་པར་བྱ་བ སྟེ། །ལྷ་མོའི་ཁུ་ཁྲག་སོགས་ཟ་བར། །ཅི་ཡི་ཕྱིར་ན་བདག་མི་སྤྲོ། །མི་མོ་རྟག་ཏུ་བུས་པར་བྱ། །བྷ་གའི་འོ་ཡང་དེ་བཞིན་ནོ་ཞེས་བརྗོད་པར་བྱའོ། །ེ་མ་བདག་གི་པས་མ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་གི་ཆོགས་བསྟེན་བྱེད་པ། །དེའི་མདུན་དུ་བདག གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་ཡང་དག་ཞུག། བྷ་ཛ་མོཀྵ་ཧོ། ཞེས་པས་རྡོ་རྗེ་བྱིན་གྱིས་བརླབས་ནས། སོར་མས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བསྐུལ་བར་བྱའོ། ོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཱཾ་བདེ་བ་བསྐུར་བར་བྱའོ། །པདྨར་རྡོ་རྗེ་རབ་བཞག་ནས། །བྱང་ཆུབ་སེམས་ཀྱང་ལྟུང་མི་བྱ། །བསྐྱོད་པ་ལ་ནི་དགའ་བ་ཡིས། །སེམས་ནི་བསྐྱེད་ཅིང་བསྒོམ་པར་བྱ། །རྣལ་འབྱོར་ཅན་གྱི་བྱང་ཆུབ་སེམས། །ཇི་སྲིད གཤེགས་པ་མི་བྱ་བར། །གང་ཡང་དགའ་བདེ་སྐྱེས་ཐོབ་པ། །དེ་སྲིད་རྒྱུན་མི་འཆད་པར་སྟེ། བྱང་ཆུབ་སེམས་ནི་ལྟུང་བ་ལས། །དངོས་གྲུབ་ཀུན་གྱི་གཏེར་ནི་གང། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལས། །རྨད་དུ་མེད་པའི་དངོས་གྲུབ་གང། །མཁའ་དབྱིངས་རྡོ་རྗེ་སྦྱོར པ་ཡིས། །རེག་བྱ་ལས་ནི་?་མཚར་ཆེ། །བདེ་བ་སྐྱེས་པ་གང་དེ་ནི། །མཆོག་ཏུ་དགའ་བའི་བྱེད་པ་པོ། སྣ་ཚོགས་དགའ་བའི་དབུས་སུ་ནི། །མཚན་ཉིད་བལྟས་ལ་བསྟན་པར་བྱ། །ཆུ་སྐྱེས་གདན་གྱི་ནོར་བུ་ཡིས། །ཟེ་འབྲུ་གཏམས་པའི་གནས་དག་ལ། །རྡོ་རྗེ་སྐྱིལ ཀྲུང་གི་སེམས་ནི། །ནོར་བུའི་མཐར་གྱུར་པ་ལས་བལྟ། །དེ་ལས་གང་སྐྱེས་ཡེ་ཤེས་ཏེ། །དེ་ཡི་ཡེ་ཤེས་དྲི་མེད་སྐུ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུས་ལ་ཡང་ནི་མོ་དམིགས་ཏེ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང། །དེ་བས་གནས་ཏེ་འགྱུར བ་མེད། །ཐུན་ཚོད་ཡང་ནི་ཉིན་ཞག་གམ། །ཟླ་ཕྱེད་ཟླ་བ་ལོ་ཡིས་སམ། །བསྐལ་པ་བསྐལ་པ་སྟོང་ཕྲག་ཏུ། །དབང་བསྐུར་ཡེ་ཤེས་གནས་པར་བྱ། །བླ་མའི་ཐུགས་ལས་ངེས་འབྱུང་བའི། །སློབ་མའི་སྙོམས་འཇུག་བལྟས་ནས་ནི། །གཏི་མུག་དགའ་མ་ལ སོགས་བཞི། །དེ་ཡི་སེམས་ལ་ངེས་གཞུག་བྱ། །སློབ་མས་དེ་ཡི་ཆ་གཟུང་སྟེ། །ཆུ་སྐྱེས་ནང་དུ་སྤྲོ་བར་བྱ། །དེ་ནས་བཅུད་ལེན་སེམས་ཀྱིས་ནི། །བྱང་ཆུབ་མངོན་གྱུར་བཟུང་བར་བྱ། །ཞེས་པ་ནི་ཤེས་རབ་ཡེ་ཤེས་དབང་བསྐུར་བའི་ཆོག་ལ། ད་ནི་ཡེ་ཤེས་སྤྱང་པའི་ཕྱིར་ཇི་སྐད་གསུངས་པའི་ཆོ་གས་མངོན་སུམ་དུ་བཟུང་བའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། དེ་བཞིན་དུ་འབྲས་བུར་གྱུར་པའི་དབང་བཞི་པ་རིན་པོ་ཆེ་བཤད་པར་བྱའོ། །གཞན་མ་ཡིན་པའི་དམ་ཚིག་ཟང་པའི་འཇིགས་པས གཞན་དུ་གསུངས་པ། དབང་མ་བསྐུར་ཕྱིར་རྣལ་འབྱོར་པ། །རྣལ་འབྱོར་ཉིད་ནི་སླུ་བྱེད་དེ། །མཁའ་ལ་ཁུ་ཚུར་བསྣུན་པ་དང། །རི་དགས་སྐོམ་ནི་འཐུང་བྱེད་པས། །དེའི་ཕྱིར་ཇི་སྐད་གསུངས་བཞིན་ཚོགས་དབང་བསྐུར་སྤྱིན། །སློབ་མའི་མོས་པའི་ཡིད་ནི ཡང་དག་བརྟག་། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་ལྷག་མོས་ན། །རིན་ཆེན་དབང་གི་དེ་ཉིད་ཆོག་གིས་སྦྱིན། །གཞན་དུ་མ་ཡིན་ཞེས་ཏེ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལྷག་པར་མོས་པ་རྒྱ་ཆེན་པོས་གསར་དུ་ཞེ་ན། གསུངས་པ། ཆུ་སྦྱར་ལས་ནི་ཆུ་ཡིན ཏེ། །དུས་ལས་ནི་མིང་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལ་ཤེས། །ཤིན་ཏུ་རབ་ཏུ་ཆུ་སྐྱེས་ཞལ། །དགའ་བ་རབ་རྒྱས་ལུས་ལས་འཁྲུངས། །དེ་ཉིད་གཟིགས་པའི་མཁས་པ་ཡིས། །རྗེས་སུ་སློབ་མ་དམ་པས ཟུང་?་ཞེས་སོ། །གང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དབང་བསྐུར་རྣམ་གསུམ་དབྱེར་མེད་པ། །རྒྱུ་ཉིད་ལས་ནི་རབ་ཏུ་གསུངས། །སློབ་དཔོན་གསང་བ་ཤེས་རབ་དང། །བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་སོ། །སྐད་ཅིག་རྒོད་དང་ལག་པས་ཐོབ། །དེ་ཡང འཁྱུད་པ་རྒྱུད་ལ་སྟེ། །དགའ་དང་མཆོག་དང་དེ་བཞིན་དུ། །སྣ་ཚོགས་ལྷན་སྐྱེས་དེ་བཞིན་དུ། །སྣ་ཚོགས་དང་པའི་དགའ་བ་སྟེ། །མཆོག་དགའ་རྣམ་པར་སྨིན་པའོ། །ཁྱད་པར་དགའ་བ་རྣམ་པར་ཉེད། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །སྣ་ཚོགS རྣམ་པ་དུ་མར་མཛོད། །འཁྱུད་དང་འོ་ལ་སོགས་པའོ། །རྣམ་སྨིན་དེ་ལས་ལྡོག་པ་སྟེ། །ཡང་དག་བདེ་བའི་ཡེ་ཤེས་སྤྱོད། །རྣམ་ཉེད་འཐུན་པར་གསུངས་པ་སྟེ། །བདེ་བའི་རང་བཞིན་ཀྱང་སྤྱོད་བྱེད། །མཚན་ཉིད་དང་བྲལ་གསུམ་པོ་ལས། །ཆགས་དང་ཆགས བྲལ་རྣམ་པར་སྤངས། །དེའི་ཕྱིར་གསུངས་པ། ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུས་མར་ཡང་ནི་མི་དམིགས་པ། །གསུམ་པོ་སྤངས་ལས་དེ་ཉིད་ནི། །ལྷན་སྐྱེས་བྱང་ཆུབ་ཅེས་བརྗོད་དོ། །འདི་དོན་དེ་ཉིད་དཔལ་གསང་བ་འདུས་པ་ལས་ཀྱང་གསུངས ?། བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་སྦྱོར། །གང་དེ་བསྙེན་པར་གསུངས་པ་སྟེ། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་པ་ཞེས་བརྗོད་དེ། །ཧཱུཾ་ཕཊ་ཡི་གེ་ཡང་དག་ལྡན། །སྒྲུབ་པ་ལ་ནི་གཡོ་བར་གསུངས། །ངོ་བོ་ཉིད་ཀྱིས་རང་བདེ་ཞི། །སྒྲུབ་པ་ཆེན་པོ་ཞེས་བརྗོད་དོ། བསྒྲུབ་བྱ་དང་ནི་སྒྲུབ་བྱེད་དག། རྡོ་རྗེ་རབ་ཞུགས་ཐ་མར་དགའ་། །ཤིན་ཏུ་བསྐྱོད་པའི་བྱང་སེམས་ཀྱིས། །མཛའ་ལས་མཆོག་ཏུ་དགའ་བའོ། །འཇིག?་ལས་ཆགས་པ་དང་བྲལ་པའི། །འདི་དག་གི་དབུས་ལ་གང་གི་ཚེ་རབ་གི་ཞི་བའི་བདེ་བར་གྱུར་པ་དེའི ཚེ་བསྒྲུབ་བྱ་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པའི་དོན་དེ་ཉིད་ཀྱི་ཕྱིར་གསུངས་པ། ཐོག་མ་ཐ་མ་དག་མིན་དབུས། །སྲིད་དང་མྱ་ངན་འདས་པ་འང་མིན། །འདི་ནི་མཆོག་ཏུ་བདེ་ཆེན་ཏེ། །སོ་སོར་རང་གིས་རིག་པ་ཡི། །སླར་ཡང་གསུངས་ཏེ། ཆགས་བྲལ ལས་ནི་མྱང་འདས་དང། །མཆོག་ཏུ་དགའ་བ་སྲིད་པར་བཤད། །བར་དུ་བདེ་བ་ཙམ་གྱིས་ཀྱང། ལྷན་ཅིག་སྐྱེས་པ་རྣམ་པར་སྤངས། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྐད་ཅིག་སྣ་ཚོགས་ཉིད་ནི་སྤངས། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །བདེ་བ ཆེན་པོ་གཟུང་བར་བྱ། །ཇི་སྲིད་བྱང་ཆུབ་མཐར་ཐུག་པར། །སེམས་ཅན་དོན་གྱི་རྡོ་རྗེ་འཛིན། །ཅེས་པ་ལ་སོགས་པ་སྟེ། དེའི་ཕྱིར་ཇི་ལྟར་རྣམ་པ་གསུམ་པོ་དབྱེར་མེད་པར་གསུངས་ཏེ། །རྒྱུ་དང་འབྲས་བུ་གཞན་མིན་ཕྱིར། །རྣམ་གསུམ་མངོན་པར་རབ་ཏུ་གྲགS ཁྱད་པར་དགའ་བའི་དབུས་ངག་ཏུ། །བཞི་པའི་རྣམ་པར་གྲགས་པའི་ཕྱིར། །ཇི་ལྟར་ཞེས་ན་འདི་དག་གི་།དབུས་མ་ལ་ནི་རབ་ཏུ་བཤད། །མཆོག་མཛའ་དབུས་མ་དགའ་བྲལ་དང། །སྟོང་དང་སྟོང་མིན་རྡོ་རྗེ་འཛིན། །ཅེས་པ་ལ་སོགས་པའི་ཚིག་ལས སྟོང་དང་སྟོང་མིན་ཇི་ལྟར་ཞེ་ན། ཐོག་མ་ཐ་མ་མེད་ཞི་བ། །འདི་གསོལ་ངོ་བོའི་བདག་ཉིད་རིག་།སྟོང་དང་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཤེས་ཤེས་པར་བྱ། །ཞེས་པ་ནི་གྲུབ་པའི་མཛའ་ཨོ། །དེ་ཐབས་གང་གིས་སྒྲུབ་པར་བྱེད་ན། དཀྱིལ་འཁོར་གྱི འཁོར་ལོ་ལ་སོགས་པའི་ཐབས་ཀྱིས་རང་བྱིན་གྱིས་བརླབ་པའི་རིམ་པས་རྒྱས་པར་ཤེས་པར་བྱ་སྟེ། འདི་དན་འདིས་མྱ་ངན་ལས་འདས་པ་གང་དང་གང་ལས་ན། སོ་སོ་རང་རིག་ཡེ་ཤེས་ནི། །ཇི་སྐད་གསུངས་བཞིན་འདས་པའི་ཡུལ། །དེ་ཡི་གོ་འཕང ལ་གནས་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །གཞན་ཡང་གསུངས་ཏེ། ལྷན་ཅིག་སྐྱེས་པར་གསུངས་པ་ལས། །གཞན་ནི་གང་དཱུང་རྙེད་མི་འགྱུར། །བླ་མའི་རིམ་པ་ཉེར་བརྟེན་དང། །བསོད་ནམས་ཉིད་ལས་བདག་གིས་བཤེས། །བླ་མའི་ཞབས་ཀྱི་དྲིན གྱིས་ནི། རང་ཉིད་བསོད་ནམས་ཆེ་དགའ་དང། །འཛིན་ལ་སྐྱེས་ཕྱིར་ཡེ་ཤེས་ནི། །ཇི་སྐད་གསུངས་བཞིན་འདས་སྤྱོད་ཡུལ། །དེ་བཞིན་དུ་ཡང་གསུངས་ཏེ། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །བདེ་བའི་རྒྱལ་པོ་གཅིག་ཉིད་རྒྱལ་གྱུར་ཅིག་།གང་ཞིག གང་གི་རྗོད་པར་བྱེད་པ་ཡང། །ཐམས་ཅད་མཁྱེན་པ་ཚིག་གིས་ཕོངས་པར་གྱུར། །དེ་ཡི་དེ་ཉིད་བླ་མའི་གསུང་ལས་སློབ་མས་རྟོགས་པར་འགྱུར། །ལྷན་སྐྱེས་གནས་སྐབས་བདུད་རྩི་རོ་ནི་གང་དུ་སྨྲས་ཤིང་ཇི་ལྟ་བུ། །བློ་ཡི་སྤྱོད་ཡུལ་མ་ཡིན་ཚིག གི་སྤྱོད་པ་མ་ཡིན་ཞིང། །རིམ་དུ་གྱུར་ཏེ་བླ་མས་དངོས་པོའི་གཏམ་གྱིས་འཇུག་པས་སྟོང། །རྒྱུད་ཀྱི་རིམ་པས་སྙིང་རྗེ་ལ་སོགས་ཡོན་ཏན་གྱིས་ཞུགས་པ། །དད་པ་དང་ལྡན་སྙིང་ལ་གང་དུ་རང་ཉིད་ཀུན་ནས་སྟེང་བར་བྱེད། །ཅི་སྟེ་བྱང་ཆུབ་ཀྱི་སེམས་སྐྱེས པའི་ཅི་ཞེ་ན་དེ་གསུངས་པ། དབང་པོ་རྣམས་ནི་རང་ཉིད་ཇི་བཞིན་ཡིད་ནི་ནང་ཞུགས་བཞིན། །ཚིག་ནི་ཉམས་བཞིན་འཇུག་པ་བཞིན་སྨྲ་ལུས་ནི་ཡང་དག་བདེ་བས་རྒྱལ། དབང་པོའི་ཚོགས་ནི་ཉམས་ཤིང་འཇུག་མེད་ཅིང། །རྣམ་རྟོག་མ་རྫོགས་སྲིད་པའི་ས་བོན་ནོ། ། དགའ་བའི་རང་བཞིན་འདི་ནི་ནམ་མཁའ་ཨི་མེ་ཏོག་བསིལ་བའི་རོ་མྱང་བ། །དབང་པོ་ཇི་ལྟར་རྣམ་པ་ཞི་གྱུར་ཉམས་པའི་རང་བཞིན་ན། །དེ་ཡི་འབྲས་བུ་ལྷན་ཅིག་སྐྱེས་པའི་དགའ་བ་ལུས་ཀྱི་མེ་ཏོག་བླ་མའི་ཞབས་ལ་དྲིས། །དེ་ཉིད་གསུངས་པ། ཡུལ་རྣམས་མཉམ དུས་གྱུར་པ་ཡི། །ཞི་བ་གང་དེ་ཕྱག་འཚལ་ལོ། །དབང་པོ་རྣམས་ནི་མཚུངས་པ་ཡི། །གང་གིས་མངོན་པར་དགའ་བ་ཡི། །སྐུ་ནི་གཅིག་པུ་ཤིན་ཏུ་མཛོས་པ་གང་དུ་ཡང་ནི་སང་གྱུར་པ། །མཁས་པས་ཡིད་ལ་བཅད་བར་གྱིས། །དེའི་ཕྱིར། བློ་ཡང་རྣམ་རྟོག་མཛའ་ དག་བཅོམ་ནས་ནི། །གང་འདིར?་བདེ་བ་དམ་པའི་སྟོབས་བྱེད་དོ། །མཁས་པས་དེ་ཡང་བྱ་བ་བྱ། །གཞན་ཡང་ཕུན་ཚོགས་བསམ་ཡོད་པས། །འདི་ལ་རེ་ཞིག་ཞལ་གྱི་བློ་གྲོས་རྒྱ་ཆེན་པོས་སོ། །དེའི་ཕྱིར་ཡང་དག་པའི་བླ་མ་དམ་པ་ལ་སློབ་མ་དམ་པས་གུས་པར བྱའོ། །ཥ?་སྐུ་གསུམ་གྱི་རྗེས་སུ་འཇུག་པ་བདེ་བ་ཆེན་པོའི་ཚུལ་སོ་སོ?་རང་གིས་རིག་པར་བྱའོ། །ཤེས་རབ་ཡེ་ཤེས་མཆོག་གི་དབང། །བྱ་བ་བྱེད་པར་འདིར་བཤད་དོ། །དེ་རིང་བདག་སྐྱེས་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངS རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་འགྱུར་ཏོ། །ཞེས་པ་ནི་དབང་བཞི་པའི་ཆོ་གའོ།། །།ད་ནི་མེའི་བྱ་བ་བརྗོད་པར་བྱ་བ་སྟེ། དེ་ལ་རྒྱས་པའི་ཐབ་ཁུང་གི་མཚན་ཉིད་ནི། ཁྲུ་དོའི?་ཚད་ཀྱི་རང་བཞིན་ཅན་མེ་ཐབ་ཀྱི་རྣམ་པར་བྱའོ། །དེ་ལ་ཡང་སྲེག རྫས་ཀྱི་དངོས་པོ་དང་རྗེས་སུ་མཐུན་པའི་རིང་ཐུང་དང་ཟླུམ་པོ་བྱའོ། །ཕྱེད་དུ་བརྐོས་ལ་ཡང་ན་ཆ་གསུམ་དུ་བྱས་པའི་ཆ་གཉིས་བརྐོས་ལ། ཐབ་ཁུང་གི་ཆ་དྲུག་གི་ཆ་གཅིག་གི་ཚད་ཀྱིས་ཆུར?་བྱ་ཞིང་སྟེགས་བུ་ཡང་འདི་ཡིས་སོ། དེ་རྣམས་ཀྱི་ནང་གི་རི་མོ་ནི་སྟེགS བུའི་ཚད་ཀྱི་ཕྱེད་དོ། །ཕྱིར་ཡང་སྟེགས་བུ་བྱའོ། །དེའི་ཕྱི་རོལ་དུ་རྨིག་པ་དང་བ་དན་ཏ་ལ་སོགས་པ་ཇི་ལྟར་མཛེས་པར་བྱའོ། །ཐབ་ཁུང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྲི་བར་བྱའོ། །དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བྲི་བར་བྱའོ། །ཕྱོགS ཀྱི་རྩིབས་རྣམས་ལ་མི་བསྐྱོད་པ་ལ་སོགས་པའི་མཚན་མ་རྣམས་བྲི་བར་བྱའོ། །སྟེགས་བུའི་ཕྱོགས་རྣམས་སུ་འཁོར་ལོ་དང། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའི་ཕྲེང་བའོ། །མཚམས་བཞི་རུ་ཟླ་བ་ལ་རྡོ་རྗེ་བྲི་བར་བྱའོ། །དེ་ཡང་ཐབ་ཁུང་གྲུ བཞི་པའམ་རིན་པོ་ཆེ་ཆ་བརྒྱད་པའི་རྣམ་པ་ལྟ་བུ་འམ་པདྨའི་རྣམ་པ་འམ་ཡང་ན་འཁོར་ལོའི་རྣམ་པ་བྱའོ། །དེ་ནས་ཐབ་ཁུང་གི་ནང་དུ་སྟེགས་བུ་རྣམས་ལ། ཨོཾ་བཛྲ་སཏྭ་ཨ:ཞེས་པ་འདིས་ལན་བདུན་མངོན་པར་བཟླས་པའི་ཤིན་ཏུ་རིང་བ་ཡང་མ་ཡིན ཤིན་ཏུ་ཐུང་བ་ཡང་མ་ཡིན་པའི་ཀུ་ཤ་གཉིས་སློབ་དཔོན་གྱིས་གཡོན་ནས་བརྩམས་ཏེ་གཡས་སྐོར་གྱིས་ཤར་དུ་རྩེ་མོ་བསྟན་པ་དང་ལྷོ་རུ་རྩེ་མོ་དང་ནུབ་ཏུ་རྩེ་མོ་དང་བྱང་དུ་རྩེ་མོ་བསྟན་ནས་དགོད་པར་བྱའོ། །ོཾ་ཨཻ་མེ་མཧཱ་ཀུ་ཤཱ་དབྱིབ་ཨུདྡྷ་དྷརྨཱ་སཾ་གྷ་ར་ཏཱབར་མཛད་དུ་གསོལ། །སྭསྟི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤས་ཐབ་ཁུང་གི་ཕྱིར་དགྲམ་པར་བྱའོ། །དེ་ནས་པཱ་ལ་ཤ་དང་ཨཽ་དུམ་བ་ར་དང། ཨ་ཤྭད་ཟ་དང་ཨ་མྲ་དང་ཀ་དཾ་པ་ཀཱ་དང་ཀཾ་ཀེ་ལི་དང་ཙཱུ་ཏ་དང་ཡཀྵཾ་ག་དང་བླ?ཀྵ་དང་སདྷ? ལ་སོགས་པའི་འོ་མ་ཅན་གྱི་ཤིང་ལས་བྱུང་བའི་མཐེའུའི་ཁྲུང་སྲིད་དུ་རིང་བ་འོ་མ་ཅན་དང་མངར་བ་དང། རེ་བསྐ་བའི་བུད་ཤིང་རྣམས་ཕུང་པོར་བརྩིགས་ཏེ། དགེ་འདུད་དང་རྒྱལ་པོའི་ཕོ་བྲང་དང་རྒྱལ་པོ་ལ་སོགས་པས་མཆོད་སྦྱིན་གྱི་ཤིང་བཙུགས ཤིང་བསྲུབས་བ་ལས་བྱུང་བའི་མེ་པྲ་ཛཝ་ལྱ་ཛཝ་ལ་ཛཝ་ལ་བྷཡོ་ཧཱུཾ་ཞེས་པ་འདིས་མངོན་པར་བསྔགས་ནས་མེ་གཞག་པར་བྱའོ། །གཏོར་མ་ཆེན་པོ་ཡང་གཏང་བར་བྱའོ། །རང་གི་གཏན་གྱི་བྱ་བའི་ཆེད་དུ་གཡོན་གྱི་ཆར་མན་འཇིའི་སྟེང་དུ་དུང་ཆོས་གསུམ་གཞག་པར་བྱའོ།། དེའི་སྟེང་དུ་བཟེད་ཞལ་གྱི་སྣོད་གསུམ་ཡང་གཞག་པར་བྱའོ། །དེ་ལ་གནས་པའི་དུང་དྲི་མ་མེད་པ་ལ་ཆུ་དང་མེ་ཏོག་དང་ཀུ་ཤའི་ཆུན་བོ་དང་བཅས་པ་ནི་བསང་གཏོར་གྱི་ཕྱིར་རོ། །སྦྲང་དང་འོ་མ་དང་མེ་ཏོག་དང་བཅས་པ་ནི་དབུས་སུ་གཞག་པར་བྱ་སྟེ་མཆོད ཡོན་གྱི་ཆེད་དུའོ། །དྲིའི་ཆུ་དང་འབྲས་ཡོས་དང་བཅས་པ་ནང་དུ་བཅུག་པ་ནི་ཞབས་བསིལ་དང་ཞལ་བསིལ་གྱི་ཆེད་དུའོ། །གཡས་ཀྱི་ཆར་ཡམ་ཤིང་དང་མེ་ཏོག་གོ་།མེ་ཏོག་བཟང་བོའི་ས་བོན་དང། བྲི་ཡཾ་ཀུ་དང། སུ་མུ་ཁའི་ས་བོན་དང། ནཱ་ག་གེ་ཤར་དང། པདྨ་དཀར་པོའི་གེ?་ཤ་ར་དང། སྤོས་དཀར་དང། གུར་ཀུམ་དང། ག་པུར་དང། ཙན་དན་དཀར་པོ་དང། ཏིལ་གྱི་མར་ཁུ་དང། ནིརྱ་ས་དང། ཨ་ཀ་རུ་དང། གུ་གུལ་དང། རཀྟོ་ཏ་ལ་དང། ཏིལ་ནག་པོ་དང། འབྲས་བུ་དང། བིལ་བའི་འབྲས་བུ་དང། གོ་ལའི་འབྲས བུ་དང། འབྲས་ཡོས་དང། ས་ལུ་དམར་པོ་དང། སོ་བ་དང། ནས་དང་གྲོ་དང། སྲན་མ་མཱ་ཥ་དང། འབྲས་མ་ཉམས་པ་དང། ཞོ་དང་བུ་རམ་བཟའ་བ་དང། དཱུར་བ་དང། ཀུན་ད་སྦྱར་བ་དང། ཀུ་ཤ་དང་མངར་གསུམ་དང། ཁུ་བའི་རིགས་དང། བདུག སྤོས་དང། མེ་ཏོག་དང། ཞལ་ཟས་དང། དྲི་དང་མར་མེ་ལ་སོགས་པའི་མཆོད་པ་དང་སྲེག་རྫས་རྣམས་དགོད་པར་བྱའོ། །དེ་ལ་མེ་འབར་བའི་དབུས་སུ་པཾ་ཡིག་ལས་སྐྱེས་པའི་པདྨར་བསམས་ལ་དེའི་སྟེང་དུ་རཾ་ཡིག་ལས་བྱུང་བའི་མེའི་དཀྱིལ་འཁོར་ལས རུཾ་ཡིག་ལས་བྱུང་བའི་མེའི་ལྷ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་གཡོན་ན་དབྱུག་པ་དང་སྤྱི་བླུགས་འཛིན་པ་གཡས་ན་མཆོད་སྦྱིན་དང་བགྲང་ཕྲེང་འཛིན་པ། རྒྱན་དང་ན་བཟའ་སེར་པོ་བསྣབས་པ། མཆོད་ཕྱིར་ཐོགས་པ་དང་བཅས་པ། སྤྱན གསུམ་པ་རལ་པའི་ཅོད་པན་ཅན་རྡོ་རྗེ་སེམས་དཔས་དབུ་བརྒྱན་པའི་མེ་ལྷ་དམ་ཚིག་སེམས་དཔའ་རྣམ་པར་བསྒོམ་པར་བྱའོ། །ོཾ་ཨེ་ཧཡེ་ཧི་མཧཱ་བྷུ་ཏ་དེ་བ་རི་ཥི་དྭི་ཛ་སནྟ་མ་གྲི་ཧྵི་ཏྭཱ་ཧུཝ?་ཏི་མ་ཧཱ་ར་མ་སྨིན་ནི་ཧི་ཏེ་བྷ་བ་སྭཱ་ཧཱ། ཞེས་པ འདིས་ཡེ་ཤེས་ཀྱི་མེ་སྤྱན་དྲང་འོ། །ོཾ་ཨཱ:ཊཀྐི་ཛ:ཞེས་པའི་སྔགས་འདིས་འདོད་པའི་རྒྱལ་པོའི་ཕྱག་རྒྱས་སྤྱན་དྲངས་ལ། བསང་གཏོར་བྱའོ། །ོཾ་ཨཱ:བཛྲ་ཡཀྵ་སརྦ་པཱ་བ་བྷི་གྷཱ་མཱ་རཱ་ན་བྷ་སྨཱི་ཀུ་རུ་ཧཱུཾ་ཕཊ། ཡུངས་ཀར་ལྔ་ཡཾས་བཟའ་བ་ཡིས་སོ། །ོཾ ཱ:བཛྲ་ཀརྨ་སརྦ་ཀླེ་ཤོ་བ་ཀླེ་ཤཱགན་ཤཱན་ཤཱནི་ཏ་ཀུ་རུ་ཧཱུཾ་ཕཊ། ཆུ་ཡིས་སོ། །ོཾ་ཨཱ:བཛྲ་རཀྵ་སརྦ་ར་ཎ་ས་ལཱ་ད་ན་ཡ་ཧཱུཾ་ཕཊ། ཁམ་པོར་དཀར་པོ་ཡིས་སྦྱང་བར་བྱའོ། །ོཾ་ཨཱ:བཛྲ་སན་དྷི་སརྦ་པུ་ཎྱ་ཛྙཱ་ན་སཾ་བྷཱ་རཱ་ན་དྷཽ་ཀ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཟན་གྱིས་སྦྱང བར་བྱའོ། །སྔགས་དེ་རྣམས་ཀྱིས་སྦྱང་བར་བྱའོ། །བསང་གཏོང་དང་མཆོད་ཡོན་དང་ཞབས་བསིལ་དང་ཞལ་བསིལ་རྣམས་བྱས་ནས་དམ་ཚིག་པ་བལྟ་བར་བྱའོ། །ཾ་ཨགན་ཡེ་ཨཱ་དི་པྱཱ་བི་ཤཱ་བི་ཤ་མཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས མ་ཡ་སྟཝཾ་མ་ཏི། ལག་པ་གཡས་པ་མི་འཇིགས་པ་སྦྱིན་པའི་རྣམ་པས་མཛུབ་མོ་གུག་པའི་རྣམ་པས་བཀུག་ནས་གུང་མོའི་ཚིགས་གསུམ་པར་བཟུང་བར་བྱའོ། །མཐེབ་ཆེན་ལོགས་སུ་ལང་ས་པ་ནི་མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །ོཾ་བཛྲ་རཀྵ ཧཱུཾ། བསང་གཏོར་གྱི་སྔགས་ནི། ཨོཾ་ཨགནཱ་ཡེ་བྲ་བར་སཏ་ཀཱ་རཱ་ཡེ་པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱཧཱ། བསང་གཏོང་གྱི་སྔགས་སོ། །ོཾ་ཨགནཱ་ཡེ་པྲ་བར་སཏ་ཀཱ་རཱ་ཡཱརྒཾ་པྲ་ཏཱཙྪི་སྭཱ་ཧཱ། མཆོད་ཡོན་གྱི་སངས་སོ། །ོཾ་ཨགཎ་ཡེ་པྲ་བར་སཏ་ཀཱ་རཱ་ཡ་པཱ་དྱཱཾ་པྲ་ཙིཙྪ སྭཱ་ཧཱ། ཞབས་བསིལ་གྱི་སྔགས་སོ། །ོཾ་ཨགནཱ་ཡེ་པྲ་བ་ར་སཏ་ཀཱ་རཱ་ཡཱ་ཨཉྩ་མ་ན?་པྲ་ཏཱིཙྪ་སྭཱ་ཧཱ། ཞལ་བསིལ་གྱི་སྔགས་སོ། །ོཾ་བཛྲ་ཏེ་ཛ་ཨཾ་ཞེས་པའི་སྔགས་ཀྱིས་མེའི་དམ་ཚིག་པ་གཞུག་པར་བྱའོ། །ོཾ?་སརྦ་ཏ་ཐཱ་གཏ་ཀཱ་ཡ་བི་ཤོ་དྷ་ནེ་ཧཱུཾ་སྭཱ ཧཱ། དྲི?་བཟངས་ལྔ་ལ་སོགས་པས་ཁྲུས་བྱ་ཞིང་ཕྱིའི་མེ་ཏོག་ལ་སོགས་པའི་མཆད་པ་དང། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ལ་བསང་གཏོར་ནི་སྐུ་ཐམས་ཅད་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མཆོད ཡོན་ནི་སྤྱི་བོ་རུའོ?། །ཞལ་བསིལ་ནི་ཞལ་བསིལ་བར་བྱའོ། །སློབ་དཔོན་གྱི་ལག་པའི་འདབ་མ་ཆ་བཞི་པའི་ཆ་གཅིག་ནི་སོར་རོ། །དེའི་ཚད་ཀྱིས་མི་མཉམ་པ་ནས་ལྷག་པ་སོར་སུམ་ཅུ་རྩ་བརྒྱད་ཀྱིས་ཚོགས་པའི་དགང་གཟང་གྱི་སྲིད་ཀྱི་ཚད་དོ། །དེ་ལས་སུམ་འགྱུར གྱིས་ཚད་ཀྱི་འོག་ཏུ་རྡོ་རྗེའོ། །ཡུ་བའི་སྟེང་དུ་སོར་གསུམ་པའི་ཚད་ཀྱི་རིན་པོ་ཆེའོ། །དེའི་སྟེང་དུ་མི་མཉམ་པ་ནས་ཀྱིས་ལྷག་པའི་སོང་བཞིའི་ཚད་ཀྱི་གྲུ་བཞི་པའི་ཁའོ། །དེའི་སུམ་ཆས་གཏིང་དུའོ། །མཐིལ་དུ་དབུས་སུ་ཆུ་སྐྱེས་འདབ་མ་བརྒྱད་པའི་ཟེ་འབྲུའི་སྟེང་དུ གནས་པའི་རྡོ་རྗེ་རྩེ་ལྔ་པའོ། །མཛའ་སྐོར་དུ་སོར་གཉིས་ཀྱི་ཁ་ཁྱེར་ཅན་ནོ། །དེའི་ཕྱིར་རུ་དེའི་ཚང་བབས་པ་མཆུ་པདྨའི་འདབ་མ་ལྟ་བུ་དེའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་སོར་གསུམ་པའོ། །ནང་ནས་བཅུད་ཀྱི་རྒྱུན་འབབ་པའི་བུ་ག་མཐེའུ་ཆུང་གི་ཚད་ཙམ་དབུས་ནས བྱའོ། །དེ་དང་སོ་སོའི་ཁྱད་པར་ཡུ་བའི་སྟེང་དུ་ཟླུམ་པོ་སོར་གསུམ་པའི་ཚང་ངོ་ཞེས་པ་ནི་བླུགས་གཟར་རོ། །དགང་གཟར་རྗེས་སུ་འཐུན་པའི་ཡུ་བ་ལ་རྡོ་རྗེ་དང་རིན་པོ་ཆེ་དག་གིས་མཚན་པས་བརྒྱན་པ་སོར་གཉིས་པ་པདྨའི་འདབ་མའི་རྣམ་པ་ལ་སོར་གཉིས གཏིང་དུ་ཟབ་པ་སྟེ། ལུས་ཀྱི་དགའ་བ་ལ་སོགས་པ་སྟེ། དབུས་སུ་རྡོ་རྗེས་མཚན་པ་ནི་བླུགས་གཟང་ངོ། །དགང་བླུགས་དེ་ཡང་གསེར་དང་ཟངས་ནེ?་ལ་སོགས་པའི་རྫས་ལས་བྱུང་བའོ་ཞེས་པ་ནི། དབང་བླུགས་ཀྱི་མཚན་ཉིད་དོ། །དེ་ནས་མེའི་ཞལ་ལ་རཾ་ཡིག ལས་ནས་འབྲུའི་ཆད་ཙམ་གྱི་རྡོ་རྗེ་དཀར་པོ་རྣམ་པར་བསྒོམས་ལ། པུས་མོའི་བར་དུ་གནས་པའི་བླུགས་གཟང་གྱིས་མེ་ལྷའི་མེའི་ཞལ་དུ་རང་གི་སྔགས་ཀྱིས་སྦྱངས་ཏེ་མར་གྱི་དགང་བླུགས་དབུལ་ལོ། །ོཾ་ཨགན་ཡེ་སྭཱ་ཧཱ། དེ་ནས་མར་ལ་རྩེ་མོ་གཉིས སྙུགས?་པའི་ཡམ་ཤིང་རིམ་པ་བཞིན་དུ་སྦྱིན་སྲེག་བྱའོ། །ོཾ་བཛྲ་ཨརྒཱ་ཡ་སྭཱཧཱ། ཨརྐཱ་ཡིའོ། །ོཾ་བཛྲ་སོ་མཱ་ཡཱ་སྭཱ་ཧཱ། བ་ལཱ་ཤའོ། ཨོཾ་བཛྲད་གཱ་རཱ་ཡ་སྭཱ་ཧཱ། སེང་ལྡེང་གིའོ། །ོཾ་བཛྲ་བུདྷ་ཡ་སྭཱ་ཧཱ། ཨ་པ་མརྒཱ་ཡིའོ། །ོཾ་བཛྲ་ཀུ་བེ་རཱ་ཡ་སྭཱཧཱ། ནྱ་གྲོ་དྷའིའོ། །ོཾ་བཛྲ་ཡཀྵ་ཡ་སྭཱ་ཧཱ། །སུ་དུམ་བ་ར་ཡིའོ?། །ོཾ་བཛྲ་ཤ་ནེ་ཤཙ་རཱ་ཡ་སྭཱ་ཧཱ། ས་མིའི་འོ། །ོཾ་བཾ་དྷི་བིཀྵཱ་ཡ་སྭཱ་ཧཱ། ཨ་ཤྭདཐའིའོ། །ོཾ་བཛྲ་མཧཱ་ཡ་སྭཱཧཱ། པལ?་ཤ་ཡིའོ། །ོཾ་དྲཧམ་བི་ཛཱ་ཡ་སྭཱ་ཧཱ། ཚངས་པའི་ཤིང་གིའོ། ། མདྡྷུ?་ན་སྭཱ་ཧཱ། སྤྱད ཤིང་གིའོ། །ོཾ་ཨ་ཤོ་ཀཱ་ཡ་སྭཱ་ཧཱ། མྱ་ངན་མེད་པའི་ཤིང་གིའོ། །ོཾ་སརྦ་པཱ་པ་པྲ་ཤ་མནཱ་ཡ་སྭཱ་ཧཱ། བཻ་ཀཾ།?་ཡེའོ། །ོཾ་བཛྲ་ས་ཧ་ཀཱ་རཱ་ཡ་སྭཱ་ཧཱ། ཨ་མྲ་ཡིའོ། །ོཾ་སརྦ་ཀླེ་ཤ་པྲ་ཤ་མ་ནཱ་ལ་སྭཱ་ཧཱ། ཀ་དམ་པ་དང་གཾ་བྷ་རི་ལ་སོགས་པ་རྣམས་ཀྱིའོ།། ོཾ་ཨ་པྲ་ཏི་ཧ་ཧ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་རྣམས་ཀྱིའོ། །ོཾ་བཛྲ་ཡུདཥེ?་སྭཱཧཱ། དུར་བ་ཀུན་ད་དང་བཅས་པའིའོ། །ོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སརྦ་པཱ་པ་པ་ད་ཏ་སྭཱཧཱ། ཏིལ་རྣམས་ཀྱིའོ། །ོཾ་པཱུ་ཊཾ་ཡེ་སྭཱཧཱ། འབྲས་མ་ཉམས་པ་རྣམས་གྱིའོ། །ོཾ་བཛྲ་བེ གཱ་ཡ་སྭཱ་ཧཱ། ནས་རྣམས་ཀྱིའོ། །ོཾ་བཛྲ་གྷསྨ་རཱ་ལ་སྭཱཧཱ་།གྲོ་རྣམས་གྱིའོ། །ོཾ་བཛྲ་བི་ཛཱ་ཡ་སའཝ་ཧཱ། སོ་བ་རྣམས་ཀྱིའོ། །ོཾ་མཧཱ་བ་ལཱ་ཡ་སྭཱ་ཧ། མོན་སྲན་གྲེ་རུ་ཡིའོ། །ོཾ་བཛྲ་ལཱ་ཛཱ་ཡ་སྭཱ་ཧཱ། འབྲས་ཡོས་ཀྱིའོ། །ོཾ་སརྦཱ་རྦཝཱ?་སི་དྷ་ཡེ་སྭཱ་ཧཱ། ཡུངས ཀར་གྱིའོ། །ོཾ་སརྦ་སཾ་པ་དེ་སྭཱཧཱ། ཞོ་ད་ད་བུང་ཟན་འདྲེས་མ་ཡིའོ། །ོཾ་བཛྲ་ཕྲི་ཡ་ཏ་མཱ་ཡ་སྭཱཧཱ། །པྲི་ཡཾ་ཀུའི་མེ་ཏོག་རྣམས་ཀྱིའོ། །ོཾ་ཨཱ:བཛྲ་དརཤ་ནེ་ཕཱ་ལཱ་ཡེ་སྭཱ་ཧཱ། ཀོ་ལཱི་འགྲུ་རྣམས་ཀྱིའོ། །ོཾ་གག་ནེ་གག་ན་བི་ལོ་ཀི་ཏེ་ཧཱུཾ་ཕཊ་ཏེ་ཇོ་རཱ ཛ་ནེ་གེ་མོའི་པུཥྚི་ཀུཾ་རུ་སྭཱཧཱ། བི་ལ་བ་ལ་སོས་པའི་ཤིང་ཏོག་རྣམས་ཀྱིའོ། །དེ་ཉིད་གསུམ་གྱི་མཐར་སྭཱ་ཧཱ་སྒྱར?་ཏེ་གཞན་རྣམས་ཀྱི་ཡང་སྦྱིན་སྲེག་བྱའོ། །དེ་ནས་པུས་མོ་དག་གི་བར་དུ་གནས་པའི་ལག་པ་གཡོན་པས་མར་གྱིས་གར བའི་དགའ་གཟར་ལ་སོགས་པ་དང་ལག་པ་གཡས་པས་བླུགས་གཟར་ཁ་འོག་ཏུ་བསྟན་པ་ལ་སོགས་པའི་ཚོགས་པ་གཡས་སུ་བསྐོར་བཞིན་པས་བདག་ཉིད་དམ་ལྷའི་སྐུར་གྱུར་པས། མེ་ལྷའི་ཞལ་དུ་འཇུག་བཞིན་པས་འབྱོར་པ་ཇི་ལྟ་བ་བཞིན་དུ་ལན་ཅིག དང་གསུམ་དང་ལྔ་དང་བདུན་དང་ཉི་ཤུ་རྩ་གཅིག་གི་བར་དུ་དགང་བླུགས་དབུལ་བར་བྱའོ། །སྔགས་ནི། ཨོཾ་ཨགནཱ་ཡེ་དཱི་བྱཱ་བི་ཤ་བི་ཤཱ་མཧཱ་ཤྲི་ཡེ་ཧ་བྱ་བྱ་བ་ཧ་ནཱ་ཡ་ཆེ་གེ་མོའི་པུཥྚིཾ་ཀུ་རུ་སྭཱཧཱ། དེ་ལ་ཡང་འདིར་རྫས་ཐམས་ཅད་ལ་མེའི་ཞལ་དུ་དབུལ་པར བྱའོ། །ཡམ་ཤིང་དང་ཀུ་ཤ་ལ་སོགས་པ་འོད་ཀྱི་དཀྱིལ་འཁོར་ལའོ། །ཞལ་ཟས་དང་བཟའ་བ་ལ་སོགས་པ་ཕྱག་ཏུའོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འབར་བའི་ཕྲེང་བ་ལའོ། །དྲི་བཟངས་ནི་ཐུགས་ཀར་རོ། །མར་མེ་དང་ལྷ་བཤོས་ནི་མདུན་དུའོ།། འདིས་འདི་ལ་སྦྱིན་སྲེག་གིས་འགྲུ་དང། གླང་པོ་ཆེ་དང། ས་གཞི་དང། ཞིང་འཕེལ་བར་བྱེད་དོ། །ཐབ་ཀྱི་བྱ་བས་ནི་ཁྱིམ་འཕེལ་བར་བྱེད་དོ། །མར་གྱིས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་དོ། །ཡཾ་ཤིང་གིས་ནི་དཔའ་བར་བྱེད་དོ། །ཀུ་ཤས་སྲུང་བར་བྱེད་དོ ཡུངས་ཀར་གྱིས་ཞི་བར་བྱེད་དོ། །འབྲས་མ་ཉམས་པས་རྒྱས་པར་བྱེད་དོ། །ཏིལ་གྱིས་སྡིག་པ་སེལ་བར་བྱེད་དོ། །སོ་བས་དོན་གྲུབ་པར་བྱེད་དོ། །མོན་སྲན་གྲེའུས་སྟོབས་འཕེལ་ལོ། །ནས་ཀྱིས་མྱུར་བའི་ཤུགས་སོ། །དུར་པས་ཚེ་འཕེལ་བར་བྱེད་དོ། །ཚེ་རིང བ་དང་ནད་མེད་པ་གྲོ་ཡིས་བྱེད་དོ། །སྒྲད?་དང་འོ་མས་ཤེས་རབ་རབ་ཏུ་སྟེར་རོ། །ཞོ་དང་བུ་རམ་འདྲེས་པའི་བཟའ་བས་བདེ་བ་ཐམས་ཅད་སྟེར་རོ། ཤིང་ཐོག་གི་ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་དོ། །བིལ་བས་བུ་དང་ཚ་རྒྱུད་ལ་སོགས་པ་རྣམ་པར འཕེལ་བར་བྱེད་དོ། །པདྨ་དང་ཨཽཏཔ་ལ་ལ་སོགས་པའི་མེ་ཏོག་གིས་ཁ་དོག་དང་གཟི་བརྗིད་འཕེལ་བར་བྱེད་དོ། །དྲི་དང་སོ་རྩི་ཡིས་བཀྲ་ཤིས་པར་བྱེད་དོ། །དེ་ནས་མེ་ལ་དགེ་བ་དང་མི་དགེ་བའི་མཚན་མ་ཡོངས་སུ་བརྟག་པར་བྱ་སྟེ། དེ་ལ་རྩེ་མོ་གཅིག ཏུ་འབར་ན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་ངོ། །རྩེ་མོ་བཞིར་གྱུར་ན་རྒྱས་པར་འགྱུར་རོ། །ཕུང་པོ་གཅིག་ཏུ་གྱུར་ན་དོན་ཆེན་པོ་སྟེར་རོ། །རྩེ་མོ་གཉིས་མི་ཡོ་བར་གནས་ན་པར་མའོ། །ཆུ་ཤེལ་དང་ནོར་བུའི་འོད་དང་པ་མོ་དང་ཀུན ད་དང་ཟླ་བའི་གཟུགས་དང་ཁ་དོག་རྣམས་ནི་སྡིག་པ་ཐམས་ཅད་རྣམ་པར་ཞི་བའོ། །གསེར་དང་པཱུཥཔ་རཱ་ག་ལྟ་བུས་ནི་དཔག་ཏུ་མེད་པའི་ཕུན་སུམ་ཚོགས་པར་བྱེད་དོ། །ཛ་བ་དང་མྱ་ངན་མེད་པའི་མེ་ཏོག་དང་བཾ་དྷུ་ཀ་དང་ཀི་ཤུ་ཀ་དང་ཨཻནྡྲ?་གྲོ་ད་དང བྱུ་རུ་དང། གསེར་བཅོམ་ལྟ་བུས་ནི་རྒྱལ་སྲིད་དང་དབང་ཕྱུག་ལ་སོགས་པ་ལ་དབང་དུ་བྱེད་དོ། །དུ་བ་མེད་ཅིང་སྣུམ་པ་དང་བཻ་ཌཱུརྱའི་ཁ་དོག་ལྟ་བུས་ནི་ཚེ་འཕེལ་བ་དང་ནད་མེད་བར་བྱེད་དོ། ། ཀ་རུ་དང། ཙམ་པ་ཀ་དང། ཀོ་ཤཱི་ར་དང། ཨཽཏཔལ་དང། མཱ ལ་ཏཱི་དང། པདྨ་དང་སྣ་མ་དང། སིཧལ་དང། ཙན་དན་དང། ག་པུར་དང་གུར་ཀུམ་དང། གླ་བ་ལ་སོགས་པའི་དྲི་བཟང་པོ་རྣམས་ཀྱིས་རིག་པའི་གནས་ལས་བདག་པོར་བྱེད་པ་རབ་ཏུ་སྟེར་རོ། །པི་ཝང་དང་གླིང་བུ་དང་དུང་དང་ཟངས་དུང་དང་རྔ་བོ་ཚ་ལ སོགས་པའི་སྒྲའི་དབྱངས་ཀྱིས་བདེ་བ་ཐམས་ཅད་རབ་ཏུ་སྟེར་རོ། །རྒྱལ་མཚན་དང། ཉ་དང་བུམ་པ་དང་པདྨ་དང་དུང་དང་རལ་གྲི་དང། ཆུ་སྐྱེས་དང། རྔ་ཡབ་དང། རྩེ་གསུམ་པ་དང། གླང་པོ་ཆེ་དང། རྟ་དང། བཀྲ་ཤིས་དང། དཔལ་གྱི་བེའུ་དང། དགའ་ བ་འཁྱིལ་པ་དང། མར་གྱིས་གང་བའི་དགང་བླུགས་དང། གདུགས་དང། གཡས་སུ་འཁྱིལ་པ་དང། རྡོ་རྗེ་བཟང་པོའི་རྣམ་པས་ནི་དོན་ཆེན་པོའི་ཞེས་པ་ནི་མེའི་དགེ་བའི་མཚན་མའོ། །གཡོ་ཞིང་འཁྲུག་པ་འབར་བ་དང་མེ་དུ་བ་ཆེན་པོས་ནི་ནད་རབ་ཏུ་མང པོར་འགྱུར་རོ། །མདངས་མེད་ཅིང་མེ་སྟག་འཕྲོ་བ་གདོང་དང་རྩེ་མོ་རྣམ་པར་ཆད་ཅིང་འཕྲོ་ཞིང་འཆོག་པས་ནི་འཆི་བར་འགྱུར་རོ། །གཡོ་ཞིང་གཡོན་དུ་འཁོར་པ་དང་སྐད་ཅིག་རེ་རེ་ལ་གཡོན་སྐོར་དུ་འཁོར་ཞིང་འཁྱོགས་པས་ནི་ས་གཞི་དང་རིགས?་ཟད པར་བྱེད་དོ། །རྩུབ་པ་དང་མདོག་ངན་པ་དང་ཤིན་ཏུ་འདྲེས་པ་དང་ནག་པོ་དང་སྔོ་བསངས་ཀྱང་དོན་རྣམ་པར་ཉམས་པར་བྱེད་དོ། །ཆུ་ལས་སྐྱེས་པའི་སྲོག་ཆགས་ཀྱི་དྲི་དང་དྲི་མི་ཞིམ་པ་དང་མ་ཧེ་དང་བྱི་ལ་དང་ཁྱི་དང་ཅེ་སྦྱང་གི་དྲི་དང་ར་དང་བྱ་རོག་གི་དྲི་དང རྡུལ་གྱི་དྲི་རྣམས་ཀྱིས་རྣམ་པར་འཇིག་པ་སྟེར་བར་བྱེད་དོ། །སྦྱིན་གྱི་སྒྲ་དང་ཁྱི་དང་ཙཙྪ་ཊ་དང་ཚི?་སཙྪ་མ་སི་མི་སི་མཱ་ཡ་མཱ་ན་དང་མི་མཉམ་པའི་དབྱངས་དང་སྒྲ་དྲག་པོས་ནི་དོན་ཉམས་པར་བྱེད་དོ། །སྲམ་དང་དབྱིག་དང་སྦྲུལ་རྣམས་འཇིགས་པའི་རྣམ པར་བྱེད་ན་མེ་དང་དགྲ་ལ་སོགས་པའི་འཇིགས་པར་འགྱུར་རོ་ཞེས་པ་ནི་མི་དགེ་བའི་མཚན་མའོ། །གལ་ཏེ་མི་དགེ་བའི་མཚན་མར་གྱུར་ན་ལས་ཐམས་ཅད་པའི་བུམ་པའི་ཆུས་ལན་བདུན་དུ་བསངས་ལ་སླར་ཡང་མར་གྱི་དགང་བླུགས་ལན་བདུན དབུལ་བར་བྱའོ། །དེ་ནས་མེ་འོད་དང་ལྡན་པར་བྱས་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་རྣམ་པར་བསྒོམས་ཏེ་འབར་བཞིན་པའི་རྣམ་པས་མེ་ལྷའི་ཐུགས་ཀར་ཆུ་སྐྱེས་དང་ཟླ་བའི་གདན་གྱི་སྟེང་དུ་དཀྱིལ་འཁོར་གྱི་བདག་པོའི་ས་བོན་ལS བྱུང་བའི་མཚན་མ་དང་ས་བོན་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་པ་དང་བཅས་པ་རྣམ་པར་བསྒོམས་ཏེ་ཡེ་ཤེས་སེམས་དཔའ་ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང། གཞུག་པ་དང། བཅིང་བ་དང་མཉེས་པར་བྱས་ཏེ། འོ་མ་དང་འོ་མ་འདྲེས་པ་བཞིན་དུ་རོ་གཅིག་པར་ལྷན་ཅིག་བྱས་ལ་དབང་བསྐུར་བར་བྱ་སྟེ། བསང་གཏོར་དང་མཆོད་ཡོན་དང་ཞབས་བསིལ་དང། ཞལ་བསིལ་ལ་སོགས་པ་མཆོད་པ་དང་བསྟོད་པའི་མཐར་ཐུག་པ བྱས་ཏེ་སྦྱིན་སྲེག་བྱའོ། །སྔོན་བཞིན་དུ་དེ་ནས་གང་བའི་དགང་བླུགས་རང་གི་སྙིང་གའི་སྔགས་ཀྱིས་ལན་གསུམ་མས་ལྔ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་རྣམས་མར་གྱིས་གང་བའི་དགའ་བླུགས་སྲོག་ཨ་བ་དྷཱུ་ཏཱི་གྱུར་པར་བྱས་ནས་སྦྱིན་བདག་དང་བཅས བས་དབུལ་བར་བྱའོ། །བསད་གཏོར་དང་ཞལ་བསིལ་ཡང་བྱས་ནས་ཡང་དག་པར་མཆོད་དེ་བསྟོད་པ་ཡང་བྱའོ། །དེ་ནས་ཨོཾ་ཨཱ:ས་མཱ་དྷི་པ་ལཱ་ཡ་སཱ་ཧཱ། ཤིང་ཏོག་འབུལ་བའི་སྔགས་སོ། །ོཾ་ཨཱ:བཛྲ་བཱ་ས་སེ་སྭཱ་ཧཱ། གོས་ཀྱིའོ། །ོཾ་ཨཱ:བཛྲ་ཏཱཾ་བུ་ལ ཡ་སྭཱ་ཧཱ?་སོ་རྩིའོ། །ོཾ་སུ་པུཥཔེ་སུ་ཀུ་ལེ་བ་ལེ་ཛཝ་ལ་ནཱི་ཡེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། པདྨ་དང་ཨཽཏཔལ་ལ་སོགས་པ་མེ་ཏོག་ལ་སོགས་པ་རྣམས་ཀྱིའོ། །ོཾ་དྷརྨ་དྷརྨམ་ར་ཛེ་ད་ཧ་ད་ཧ་སརྦ་བིགྷཾ་པ་ཤཱན་བུཥྚིཾ་ཀུ་རུ་སྭཱ་ཧཱ། ཙན་དན་ལ་སོགས་པའི་དྲི་བཅངས་རྣམས་ཀྱིའོ། །ོཾ ཱ:བཛྲ་དྷུ་པེ་ཧཱུཾ་སྭཱ་ཧཱ། བདུག་སྤོས་ཀྱིའོ། །ོཾ་ཨཱ:བཛྲ་འོ་ཀེ་ཧྲཱི:སྭཱ་ཧཱ། མར་མེ་ཡིའོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་དཀྱིལ་འཁོར་པ་དང་བཅས་པ་རང་གི་ལུས་ལ་རྣམ་པར་བཞུགས་པར་བྱའོ། །སྔོན་མ་བཞིན་དུ་མེའི་ལྷ་རྣམ་པར་བསྒོམས་ཏེ་མཆོད་ཡོན པ་སོགས་པ་ཕྱིའི་མཆོད་པས་མཆོད་ནས། ཨོཾ་ཨཱ:ཧཱུཾ་བྱཱ་བྷུ་ཀ་ཧ་བྱ་བ་རི་ཤིཥྚ་ན་བྷུཾ་ཛ་བྷུཾ་ཛ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རྫས་རྣམས་དབུལ་བར་བྱའོ། །མར་གྱིས་གང་བའི་དགང་བླུགས་ཀྱང་དབུལ་ལོ། །སྔགས་ནི། ཨོཾ་ཨཱ:ཀྱེའི་བྱིན་ཟ?་སྦྱིན་བདག་མངོན་པར འདོད་པའི་དོན་རྫོགས་པར་གྱིས་ཤིག་གྱིས་ཤིག་པུརྞྞ་ཧཱུཾ་ཏཻ་པྲ་ཏཱི་བྱཱ?་ཧཱུཾ་སྭཱ་ཧཱ། བསང་གཏོར་དང་ཞལ་བསིལ་ཡང་ནས་ཡང་སྔོན་བཞིན་དུ་ཤིང་ཏོག་དབུལ་བར་བྱའོ། །ཕྱིའི་མཆོད་པ་དང་བསྟོང་པ་ཡང་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད?་འཕྲོས? པའོ?་ལྷའི?་སྦྱིན?་ཚོགས་རྣམས་ཀྱིས་ཡེས་ཀྱི་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་བཟུང་བ་རྣམས་ཀྱིས་སྦྱིན་བདག་ལ་དབན་བསྐུར་ཞིང་ཤིས་པ་བརྗོད་པར་བྱའོ། །དེ་ནས་ཆད་ལྷག་གི་ཉེས་པ་བསལ་བའི་ཕྱིར་བཟོད་པ་གསོལ་བར་བྱའོ། །གང་ཡང་བདག་བློ་རྨོངS? བ་ཡིས། །ཉས?་བྱས་སུ་ཡང་གདབ?་གྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་པོ་ཁྱོད་ཀྱིས་བཟོད་པ་མཛོད། །དེ་ནས་ཨོཾ་བཛྲ་སཏྭ་ཨཔོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ལ་ཕྱི་རོལ་དུ་གཏོར་མ་དབུལ་བར་བྱའོ། །གཡས་བརྐྱང་གི་གོམ་སྟབས?་ཀྱིས་ཞལ་ཤར་དུ་ཕྱོགས་བར་གནས་ཏེ་གཡོན་པའི་རྡོ་རྗེ་བསྟན་ནས་གཡས་པའི་རྡོ་རྗེ་རྐེང་པའི་ཕྱོགས་སུ་ཡང་དག་པར་བཟུང་སྟེ་སྡིགས་མཛུབ་གཡས་པའི ལྕགས་གྱུས་སྤྱན་དྲང་བར་བྱའོ། །སྤྱན་འདྲེན་པའི་ཕྱག་རྒྱའོ། །དེ་ནས་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ་སྡིགས་མཛུབ་ཀྱི་ལྕགས་ཀྱུ་དང་བྲལ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །གསར་གཏོང་དང་མཆོད་ཡོན་དང་ཞབས་བསིལ་དང་ཞལ་བསིལ་རྣམས་ཀྱང་བུལ་ནས་མི་ཏོག་ལ སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། སྒེག་མོ་ལ་སོགས་པ་བརྒྱད་པོ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །ོཾ་ན་མོ་བཛྲ་སྱ་ཙི?་དེ?་ཤི་དེ་ཤི་བཛྲ་པཱ་ཎེ་རཀྵ་རཀྵ་སྭཱ་ཧཱ། ཞེས་པ་འདིས་གཏོར་མ་དབུལ་ལོ། །དེ་ནས་གཡོན་བརྐྱང་བའི་གོམ་སྟབས་ཀྱི་གནས་ཏེ་སྤྱན་འདྲེན་པའི ཕྱག་རྒྱ་ལས་སྡིགས་མཛུབ་རབ་ཏུ་བརྐྱང་སྟེ་སླར་ཡང་བརྒྱ་བྱིན་གཤེགས་སུ་གསོལ། འཆད་པར་འགྱུར་བའི་ཡང་སྤྱན་དྲང་བ་དང་དམ་ཚིག་པ་གཤེགས་སུ་གསོལ་བ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་གཡས་བརྐྱང་དང་མཉམ་པ་དང་གཡོན་བརྐྱང་གི་གོམ་སྟོབས་རྣམས སོ། བསང?་གཏོར་ལ་སོགས་པའི་མཆོད་པ་རྣམས་ཀྱང་སྔོན་བཞིན་དུའོ། །སྔགས་དང་ཕྱག་རྒྱ་རྣམས་ཀྱི་ཁྱད་པར་དུ་སྟེ། སྡིགས་མཛུབ་གཡས་པ་ཐབ་ཀྱི་རྣམ་པར་བཀུག་ནས་གུང་མོའི་རྩེ་མོ་ཚིགS་གསུམ་པར་བཟུང་ནས་མཐེ་བོང་ལག་པའི་དབུས་སུ་བཞག་པར་བྱའོ་ཞེས པས་སྤྱན་དྲང་ངོ། །དེའི་ཕྱག་རྒྱ་ལས་མཐེ་བོང་མཛུབ་མོའི་ལོགས་སུ་བརྟེན་པ་ནི་དམ་ཚིག་གོ་།ོཾ་ཨེ་ཧཡེ་ཧེ་ཀ་སི་ལ་ཛཝ་ལ་ཛཝ་ལ་ཧ་ཧ་ཤི་ཁི་ཏོ་ལི་བི་རཱུ་པཱཀྵ་སྭཱ་ཧཱ། འདིའི་ཕྱག་རྒྱ་ལས་མཛུབ་མོ་དང་མཐེ་བོའི་སེན་མོའི་རྟོག་པ་ནི་སླར་གཤེགས་པ་སྟེ་འདི་ནི་མེ་ཡིའོ། །མིང མེད་དག་རྩེ་མོར་བྱས་ཏེ་ལྷག་མ་རྣམས་ཁ་ནང་དུ་ཕྱོགས་པས་རྔ་རྔེ?་བསྡམས་ནས་སུར་ཡང་མིང་མེད་སོ་སོར་བྱས་པའི་ལྕགས་ཀྱུས་སྤྱན་དྲང་པར་བྱའོ། །འདིའི་ཕྱག་རྒྱ་ལས་ལྕགས་གྱུ་དང་བྲལ་ནས་ཐུགས་ཀར་བཟུང་བར་བྱའོ། །དམ་ཚིག་གིའོ། །ོཾ་ཡ་མཱ་ཡ་སྭཱ་ཧཱ། དམ་ཚིག གི་ཕྱག་རྒྱ་ཡོངས་སུ་བསྐོར་བ་ལས་གཤེགས་སུ་གསོལ་བ་སྟེ། འདི་ནི་གཤིན་རྗེའིའོ། །ཁུ་ཚུར་གཡོན་པ་རྐེད་པའི་ཕྱོས་སུ་བཞག་སྟེ། སྡིགས་མཛུབ་བཀུག་ནས་ཁུ་ཚུར་གཡས་པའི་གུང་མོ་དག་རལ་གྲི་འདྲེན་པ་ནི་སྤྱན་དྲང་བའོ། །འདི་ཉིད་ལས གཡོན་པའི་སྡིགས་མཛུབ་བཀུག་པ་དང་བྲལ་བ་ནི་དམ་ཚིག་གིའོ། །ོཾ་སརྦ་བྷུ་ཏ་པ་ཡཾ་ཀ་ར་ཀུ་རུ་ཀུ་རུ་སྭཱ་ཧཱ། འདིའི་ཕྱག་རྒྱ་ཉིད་ལས་གཡོན་པའི་སྡིག་མཛུབ་བརྐྱང་བ་ནི་གཤེགས་སུ་གསོལ་བ་སྟེ་བདེན་བྲལ་གྱིའོ། །ཁུ་ཚུར་གཡས་པའི་མཛུབ་མོ་དང་མཐེ་བོང་དག་སྦྱར་ཏེ ཁུ་ཚུར་གཡེན་པའི་སྡིགས་མཛུབ་ཀྱི་ལྕགས་ཀྱུའི་རྣམ་པས་སྤྱན་དྲང་བར་བྱའོ། །དེ་ཉིད་ལྕགས་ཀྱུ་དང་བྲལ་བ་ནི་དམ་ཚིག་གིའོ། །ོཾ་ཏྲི་ཏྲི་བུ་ན་སྟྲི་སྟྲི་ཁི་ཁི་ཏི་ལི་བི་རཱུ་པཱཀྵ་སྭཱ་ཧཱ། གཡོན་གྱི་སྡིགས་མཛུབ་རབ་ཏུ་བརྐྱང་པ་གཤེགས་སུ་གསོལ་ཏེ་ཆུ་བདག་གིའོ། །ཁུ་ཚུར གཡོན་པ་བསྒྲེང་སྟེ་གུང་མོའི་ཚིགས་གསུམ་པར་མཛུང་མོ་འཁྱིལ་བའི་རྣམ་པར་བཟུང་བར་བྱའོ། །ཁུ་ཚུར་གཡས་པ་རྐེད་པའི་ཕྱོགས་སུ་བཞག་སྟེ་མཐེ་བོང་བཀུག་པ་ནི་སྤྱན་དྲང་པའོ། །དེ་ཉིད་དུ་མཐེ་བོ་གཡས་པ་རབ་ཏུ་བཅུག་པས་དམ་ཚིག་གིའོ། །ོཾ་སུ་ས ཁ་ཁཱུ་ཁ་ཁཱུ་ཁ:སྭཱ་ཧཱ། འདི་ཉིད་ལས་མཐེ་བོ་རབ་ཏུ་བརྐྱན་པ་ནི་གཤེགས་སུ་གསོལ་པ་ནི་རླུང་གིའོ། །ནང་དུ་རྡོ་རྗེ་བསྡམས་པ་མཐེབ་ཆུང་གཉིས་རྩེ་མོར་བྱས་ལ་དེའི་ཕྱི་ནས་མིང་མེད་ཟུང་དག་སོ་སོར་བཟུང་ལ། གུང་མོ་གཉིས་རྩེ་མོར་བྱས་པ་རྡོ་རྗེའི་རྣམ བས་སྤྱན་དྲང་བར་བྱའོ། །འདི་ཉིད་ལ་གུང་མོ་གཉིས་རབ་ཏུ་བཅུག?་པ་ནི་དམ་ཚིག་གོ་།ོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་རབ་ཏུ་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱ་སྟེ་ཀུ་བེ་ར་ཡིའོ། །མཐེ་ཆུང་དང་མིང་མེད་དག མཐིལ་དུ་རྡོ་རྗེ་བཟུང་ནས་མཐེ་བོ་ཟུང་དག་གུང་མོ་ལ་བརྟེན་ལ་གུང་མོ་རྩེ་མོར་བྱས་ལ་རྒྱབ་ཏུ་མཛུབ་མོ་རབ་ཏུ་བརྐྱན་བ་ནི་སྤྱན་དྲང་བའོ། །དེ་ཉིད་དང་བྲལ་བ་ནི་དམ་ཚིག་གོ་།ོཾ་ཨཱ་ཤི་ནཱ་ཡ་སྭཱ་ཧཱ། །སྡིགས་མཛུབ་རབ་ཏུ་བརྐྱང་བ་ནི་གཤེགས་སུ་གསོལ བསྟེ། དབང་ལྡན་གྱིའོ། །སྟེང་དུ་བལྟས་ཏེ་ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་བཀུག་ནས་སྤྱན་དྲང་བར་བྱའོ། །འདིར་དེ་ཉིད་ལས་མཛུབ་མོ་གཉིས་སྔོན་བཞིན་དུ་གནས་པ་ནི་དམ་ཚིག་གིའོ། །ོཾ་ཨཽར་དྷཾ་བྲཧམ་ཎེ་སྭཱ་ཧཱ། ཨོཾ་སུརྱ་གྲཧཱ་དྷི་པ་ཏཱ་ཡི་སྭཱ་ཧཱ། ཨོཾ་ཙནྡྲ་ནཀཤ་ཏྲཱ དྷི་བ་ཏ་ཡེ་སྭཱ་ཧཱ། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་རབ་ཏུ་བརྐྱང་བ་ནི་གཤེགས་སུ་གསོལ་བ་སྟེ། ཚངས་པ་ལ་སོགས་པ་རྣམས་ཀྱིའོ། །ལག་པ་གཉིས་ཐལ་མོ་སྦྱར་ནས་མཐེ་བོང་དག་ཟླུམ་པའི་རྣམ་པར་བྱས་ཏེ་ལག་ཏུ་བལྟས་ནས་མཛུབ་མོ དག་ལྕགས་ཀྱུའི་རྣམ་པས་སྤྱན་དྲང་བར་བྱའོ། །མཛུབ་མོ་ལྕགས་གྱུ་དང་བྲལ་བ་ནི་དམ་ཚིག་གོ་།ོཾ་ཨ་དྷོ?:པྲི་ཐཝི་དེ་བྱ་སྭཱ་ཧཱ། ཨོཾ་ཨ་སུ་རེ་བྷཡཔ་རྣམས་གྱིའོ། །སླར་ཡང་དཀྱིལ་འཁོར་གྱི་ཁང་པར་རབ་ཏུ་ཞུགས་ཏེ་དཀྱིལ་འཁོར་རྣམས་ལ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་གཡས་སུ་བསྐོར་བ་ལན་གསུམ་བྱས་ཏེ། དབུ་རྒྱན་དང་གོས་ཀྱི་རྒྱན་ལ་སོགས་པ་རྣམས་གནས་ཇི་ལྟ་བར་གཞག པར་བྱའོ། །དེ་ཉིད་ཇི་སྲིད་བྱ་བ་མ་རྫོགས་པའི་བར་དུ་ཉི་མ་སོ་སོ་ལ་བྱའོ། །ད་ནི་སྦྱིན་སྲེག་འབུམ་གྱི་རྫས་ཀྱི་ཚད་བརྗོད་པར་བྱའོ། །ཏིལ་རྣམས་ནི་སྣོད་བརྒྱ་རྩ་བརྒྱད་དགོད་པར་བྱའོ། །མར་གྱི་བུམ་པ་རྣམས་ནི་ཉི་ཤུ་རྩ་ལྔ་དགོད་པར་བྱའོ། །སོ་བ་དང་ནས་གྲོ་རྣམས་ཀྱི་སྣོད བཅུ་གཉིས་དགོད་བར་བྱའོ། །འབྲས་མ་ཉམས་པ་ནམས་ཀྱི་སྣོད་དགུ་དགོད་པར་བྱའོ། །ཀོ་ལ་སྟེར?་ག་ཆུང་གི་འབྲས་བུ་རྣམས་ཀྱི་དང། འབྲས་ཡོས་དང་སྲན་མ་ཤ་རྣམས་ཀྱི་སྣོད་བཅུ་དགོད་པར་བྱའོ། །རྫས་རངས་པ་སྟེ་བིལ་བ་རྣམས་ཀྱི་ཉི་ཤུ་རྩའོ། །རྫས ལྷག་མ་རྣམས་ནི་ཇི་ལྟར་འབྱོར་པའོ། །ཡམ་ཤིང་རྣམས་ནི་གཟའ་ཉི་མའི་ཉི་མ་ལ་ཨརྐའི་བཅུ་གཉིས་སོ། །ནྱ་གྲོ་དྷའི་ཉི་ཤུ་རྩ་ལྔའོ། །ཟླ་བ་ཉི་མ་ལ་པ་ལ་ཤའི་ཉི་ཤུའོ། ། མྲའི་བཅུ་བདུན་ནོ། །པ་པ་སངས་ཀྱི་ཉི་མ་ལ་ཨཽ་དུམ་བརའི་བཅུ་དགུའོ། །ཀ་དམ་པའི་བཅོ བརྒྱད་དོ། །ས་སྐྱེས་ཀྱི་ཉི་མ་ལ་སེང་ལྡེང་གི་ཉི་ཤུ་རྩ་གཅིག་གོ་།ཥཱ་ལའི་བཅུ་དྲུག་གོ་།ལག་གི་ཉི་མ་ལ་ཨ་པ་མཱརྒཱའི་ཉི་ཤུ་རྩ་གཉིས་སོ། །པལ་ཀྵའི་བཅོ་ལྔའོ། །ཕུར་བུའི་ཉི་མ་ལ་ཨ་ཤྭད་ཐཱའི་ཉི་ཤུ་རྩ་བཞིའོ། །སྦྲང་ཤིང་གི་བཅུ་གསུམ་མོ། །སྤེན པའི་ཉི་མ་ལས་མྱའི་བཅུ་བཞིའོ། །མྱ་ངན་མེད་པའི་ཉི་ཤུ་རྩ་གསུམ་མོ། །ཡམ་ཤིང་ལྷག་མ་ཇི་ལྟར་འབྱོར་པའོ།། །།ད་ནི་ཆོ་ག་བཤད་པར་བྱ་སྟེ། དང་པོར་རེ་ཞིག་གཙུག་ལག་ཁན་ལ་སོགས་པའི་རབ་ཏུ་གནས་པར་བྱ་བར་འདོད་པའི་སྦྱིན བདག་གིས་སློབ་དཔོན་དང་སློབ་དཔོན་གྱི་ཁང་པར་སོང་སྟེ་བཤད་པ་བཞིན་མཎྜལ་བྱས་ནས་དྲི?་བཟངས་དང་མེ་ཏོག་གི་ཕྲེང་བ་སོ་རྩི་དང་གོས་ཟུང་དག་སོ་སོར་ཕུལ་ནས་གསོལ་བ་གདབ་པར་བྱའོ། །ཀྱེ་ཁྱབ་བདག་ཆེན་པོ་མགོན་པོ་སྟོན་པ་ཁྱོད་ཉིད་ལ་བདག གསོལ་བ་འདེབས་ཏེ། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་གདོན་ཅིང་སངས་རྒྱས་ཉིད་ལ་དགོད་པ་དང་ཁྱེད་རྣམས་ཀྱི་ཡང་མཆོད་པའི་ཕྱིར་བརྩུག་ལག་ཁང་ལ་སོགས་པའི་རབ་ཏུ་གནས་པ་དང་དཀྱིལ་འཁོར་ཆེན་པོ་བྲི་བ་དང། སྤྱིན་སྲེག་གི བྱ་བ་ཡང་ཁྱེད་ཀྱིས་མཛད་པར་ཞུ་ཞེས་པས་གསོལ་བ་གདབ་པར་བྱའོ། །གང་བྱེད་པ་དེ་བསྒྲུབ་པར་བགྱིའོ་ཞེས་སོ། །དེ་ནས་དུར་ཁྲོད་བརྒྱད་ཀྱི་མཆོད་བ་བྱ་བའི་ཕྱིར་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་བདག་པོའི་སྔགས་འབུམ་དང་དཀྱིལ་འཁོར་པའི་ཁྲི་ཕྲག རེ་རེ་སོ་སོར་བཟླས་པར་བྱའོ། དེ་ལ་དུར་ཁྲོད་ཀྱི་མཆོད་པ་གསུངས་རེ?་ཞིག་ཤར་ཕྱོགས་སུ་ཆངས་མ་སེར་མོའོ། ། ཡིག་གི་ས་བོན་ལས་བརྒྱ་བྱིན་སེར་པའོ?། །སྔོན་དུ་འགྲོ་བའི་འཇིགས་བྱེད་ནག་པོའོ། །ནཱ་ག་ཀེ་ཤ་རའི་ཤིང་དང། ཀླུ་པདྨ་ཆེན་པོ་སེར་བོ་རྣམS ལ་གཏོར་མ་ཕྲག་དང་བ་དན་ལྔས་མཚན་པ་དཀར་པོའི་ཆོས་དགུ་ལ་གཟའ་ཉི་མ་ལ་མཆོད་པར་བྱའོ། །ོཾ་ཧྲི་ཤྲཱིཾ་ཧཱུཾ་ཧ:པྲ་ཡཱ་ག་སྱ་བིགྷྣ?་བིནཱ་ཤཱ་ཡ་སྭཱ་ཧཱ། ཞིང་སྐྱོང་གི་སྔགས་སོ། །ོཾ་གཾ་ག་ཎ་པ་ཏ་ཡེ་ན་མ:སྭཱ་ཧཱ། ལོག་འདྲེན་གྱི་སྔགས་སོ། །ོཾ་སྐན་དྷཱ་ཡ་ན་མ གཞོན་ནུ་ཡིའོ། །ོཾ་མཧཱ་ཀ་ལཱ་ཡ་ན་མར་དཾ་ཊ་ཏ་ཡཱ་བ་ཧ་ཨཽརྦྷ་ཀེ་ཤ་བི་རཱུ་པཱཀྵ་ཀྵེ་ཏྲ་པཱ་ལ་བིཏྟ་ཨཽ་ད་རེ་ཧཱུཾ་ཨེཧཡེ་ཧི། བ་ལི་པྲ་ཏི་གྲིཧྞ་གྲིཧྞ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཾ་ཛེ་བིགྷྣ་བྷཻ་ར་བ་རཊཱུ?་བེ་ཎ་བ་ལི་པྲ་ཏི་གྲིཧྞ་གྲིཧྞ་ཧྲཱི་ཕཊ་སྭཱཧཱ། ཞེས་པ་ནི་གཏོར་མའི་སྔགས་སོ། །བྱང་དུ་དྲག་མོ་དཀར་མོའོ།། ཀ་ཡིག་གི་ས་བོན་ལས་ལུས་ངན་སེར་པོ་རོ། །ཀོ་ལཱ་ཤི་རེ་དང། ཙཎྜ་བི་ར་བ་དམར་པོའོ། །པུཾ?་ནཱ་གའི་ཤིང་དང་ཀླུ་དུང་སྐྱོང་སེར་པོ་རྣམས་ལ་ཤའི་གཏོར་མ་ཆོས་བཅུ་དང་གཉིས་པ་ལ་གཟའ་ཟླ་བའི་ཉི་མ་ལ་མཆོད་པ་བྱའོ། །ོཾ་ཧྲཱི་ཤྲཱི་ཧཱུཾ་ཧ:ཀོ་ལཱ་ཤི་རི་བིགྷྣ་བིནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞི་སྐྱོང གིའོ། །ོཾ་རུ་དྲཱ་ཎཱི་རུ་དྲ་ལོ་ཀཾ་ཨ་བ་ཏ་ར་གཉིས་ཤི་གཏྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ོཾ་ཕེ?་ཕཊ་མ་ཧེ་ཤྭ་རཱི་ཡ་ན་མ:སྭཱ་ཧཱ། རྩ་བའི་སྔགས་སོ། །ོཾ་ཧཱུཾ་དུ་དྲ་ཙེནྡྲ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་དུ་གསུངས་པའི་སྔགས་རྣམས་སོ། །མེད་གཞོན་ནུ་མ་དམར་མོའོ། །ཅ་ཡིག? གི་ས་བོན་ལས་མེ་དམར་པོའོ། །ཊཊཊཊ?་རྒོད་པའི་ཞིང་དུ་ཁྲོ་བོ་འཇིགས་བྱེད་ལྗང་གུའོ། །ཀ་རཉྫའི་ཤིང་དང། ཀླུ་པདྨ་དཀར་པོ་རྣམས་ལ་གཏོར་མ་ཨ་དྷ་མཎྜའོ། ཆོས་གསུམ་མ་མ་བཅུ་གཅིག་ལ་བཟའ་?་བཀྲ་ཤིས་ལ་མཆོད་པ་བྱའོ། །ོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཧ:ཊཊཊཊ་ཧཱ་སཱ་བགྷྣི་ནཱ་ཤཱ་ཡ་ཕཊ་སྭཱཧཱ ཞིང་སྐྱོང་གིའོ། །ོཾ་ཅིཀྐཽ་མཱ་རི་ཨཽ་མཱ་ལོ་ཀཾ་ཨ་ལ་ཏ་ར་ཨ་བ་ཏ་ར་ཤཱིགྷྲཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ོཾ་ཕོ་ཕཊ་ཀཾ?་ནཨཱ་རྱཻ་ན་མ:སྭཱཧཱ། རྩ་བའི་སྔགས་སོ། །ོཾ་ཧཱུཾ་རཏན་ཙ་ཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་དུའོ། །བདེནབྲལ་དུ་ཁྱབ་འཇུག་མ་སྔོ་བསངས་སོ། །ཌ་ཡིག གི་ས་བོན་ལས་སྲིན་པོའི་བདག་པོའོ། །རྒྱལ་པར་བྱེད་པ་དང་སྨྱོ་བྱེད་འཇིགས་བྱེད་ནག་པོའོ། །པར་ཀ་ཎཱིའི?་ཤིང་དང་ཀླུ་མཛའ་ཡིས་སྔོན་པོ་རྣམས་ལ་གཏོར་མ་པིཥྚི་ཀ་དང་པྲ་ཏཱི་སྭ་ར། ཆོས་བཅུ་བཞི་འམ་བཅུ་གཉིས་ལ་གཟའ་ལག་གི་ཉི་མ་ལ་མཆོད་བར་བྱའོ། །ོཾ་ཧྲཱི་ཥྲཱི་ཧཱུཾ་ཧ:ཛ་ཡཱན? ཏཱི་བིགྷྣ་བི་ནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ོཾ་བེཥྞེ་པི་ལོ་ཀཾ་ཨ་བ་ཏ་ར་ཨ་བ་ཏ་ར་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ོཾ་ཕེཾ་ཕཊ་བེཥྞ་བི་ཡེ་ན་མ:སྭཱ་ཧཱ། རྩ་བའི་སྔགས་སོ། །ོཾ་ཧཱུཾ་པཱི་ར་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི སྔོན་མ་བཞིན་ནོ། །ལྷོ་ཕྱོགས་སུ་ཕག་མོ་དམར་མོའོ། །ཏ་ཡིག་གི་ས་བོན་ལས་གཤིན་རྗེ་ཨེ་ཀཾ་བི་ཀཱའོ། །ཐོད་པ་ཅན་དང་འཇིགས་བྱེད་དམར་སྐྱའོ། །ཙུ་ཏའི་ཤིང་དང། ཀླུ་རིགས་ལྡན་སྔོན་པོའོ། །ཚེས་ལྔ་འམ་བཅུ་གསུམ་ལ་གཟའ་བླ་མ་ལ་མཆོད་པར་བྱའོ གཏོར་མ་བ་དན་ལྔས་མཚན་པའོ། །ོཾ་ཧྲཱིཾ་ཤྲཱི་ཧཱུཾ་ཧ:ེ་ཀཾ་བ་ཀ་བིགྷྣ་བི་ནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ོཾ་ཏ་པཱ་རཱ་ཧྲི་བྷུ་ལོ་ཀཾ་ཨ་བ་ཏ་ར་ཨ་བ་ཧ་ར་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱཧཱ། སྤྱན་དྲང་བའོ། །ོཾ་ཕེཾ་ཕཊ་བཱ་རཱ་ཧཡེ་ན་མ:སྭཱ་ཧཱ། རྩ་བའི་སྔགས་སོ། །ོཾ་ཧཱུཾ་བི་ཛ ཡ་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །ནུབ་ཏུ་དབང་ལྡན་མ་གུར་གུམ་གྱི་མདོག་ལྟ་བུའོ། །པ་ཡིག་གི་ས་བོན་ལས་སོ། །ཞིང་སྐྱོང་ཆུ་བདག་གིའོ། །རུ་རུ་བྷེ་ར་བ་སེར་པོ་ལ་ཉའི་གཏོར་མའོ། ། ཤྭད་ཐའི་ཤིང་དང། ཀླུ སྟོབས་ཀྱི་རྒྱུ་སྔོ་བསངས་ལ། ཚེས་དྲུག་གམ་བཅུ་བཞི་ལ་བཟའ་པ་བ་སངས་ཀྱི་ཉི་མ་ལ་མཆོད་པ་བྱའོ། །ོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཧ:ར་ཎ་སྱཱཾ་བིགྷྣ་བི་ནཱ་ཤཱ་ཡ་ཕཊ་སྭཱཧཱ། ཞིང་སྐྱོང་གིའོ། །ོཾ་པ་མ་ཧེ་ན་ཏྲཱི་སུ་ར་ལོ་ཀཾ་ཨ་བ་ཏ་ར་ཨ་བ་ཏ་ར་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན དྲང་བའོ། །ོཾ་ཕེཾ་ཕཊ་ཨཻནྡྲ་ཎྱེ་ན་མ:སྭཱ་ཧཱ། རྩ་བའི་སྔགས་སོ། །ོཾ་ཧཱུཾ་གྷོ་ར་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྟོན་མ་བཞིན་དུའོ། །རླུང་དུ་ཙE་མུཎྜི་དམར་མོའོ། །ཡ་ཡིག་གི་ས་བོན་ལས་ལྷ་མོ་མཁར་སྡུད་པའི་འཇིགས་བྱེད་ཁ་དོག དམར་པོའོ། །རླུང་སྔོ་བསངས་དང་ཨཽ་དུམ་བ་རའི་ཤིང་དང་ཀླུ་ནོར་རྒྱས་ཁ་དོག་དཀར་པོའོ། །ཚེས་བདུན་ནམ་བཅོ་ལྔ་ལ་གཟའ་སྤེན་པ་ལ་མཆོད་པ་བྱའོ། །གཏོར་མ་སིན་དྷུ་རས་བརྒྱན་པའོ། །ོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཧཞིང་སྐྱོང་གིའོ། །ོཾ་ཨ་ཙཱ་མུཎྜཱི་སུ་ར་ལོ་ཀ་ཨ་བ་ཏ་ར་གཉིས་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲངས་བའོ། །ོཾ་ཕེཾ་ཕཊ་ཙཱ་མུཎྜཱི་ཡེ་ན་མ:སྭཱ་ཧཱ། རྩ་བའི་སྔགས་སོ། །ོཾ་ཧཱུཾ་ཀཱ་ལ་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དབང་ལྡན་དུ་བཀྲ་ཤིས་ཆེན མོ་དཀར་མོའོ། །ཤ་ཡིག་གི་ས་བོན་ལས་འཇིགས་པར་བྱེད་པའི་འཇིགས་བྱེད་དེ་དམར་སྐྱའོ། །ཙེ་རི་ཏྲའི་ཞིང་གནོ། །ནྱ་གྲོ་དྷའི་ཤིང་དང། དབང་ཕྱུག་དང་ཀླུའི་རྒྱལ་པོ་འཇོག་པོ་དམར་པོའོ། །ཚེས་བརྒྱད་དམ་གནམ་སྟོང་ལ་གཟའ་ཐམས་ཅད་ལ་མཆོད་པར་བྱའོ། །གཏོར མ་ནི་ཁ་དོག་ཐམས་ཅད་པའོ། །ོཾ་ཧྲཱིཾ་ཤྲིཾ་ཧཱུཾ་ཧ:ཙ་རི་ཏྲ་ཡ་བིགྷྣ་བི་ནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ོཾ་ཤ་མ་ཧཱ་ལཀྵྣཱི?་སུ་ར་ལོ་ཀཾ་ཨ་བ་ཏ་ར་གཉིས་ཤཱི་བྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ོཾ་ཕེཾ་ཕཊ་མཧཱ་ལཀྵྨི་ན་མ:སྭཱ་ཧཱ། རྩ་བའི་སྔགས་སོ། །ོཾ་ཧཱུཾ་ཨ་གྲ? ཙཎྜ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་ནས་དགེ་བའི་གཟའ་ཉེ་བར་མཚོན་ཏེ་ཆོས་གྲངས་དང། རྒྱུ་སྐར་དང་ཡུད་ཙམ་བཟང་པོ་ལ་མེ་ཐབ་ཀྱི་རྡུལ་ཚོན་དང་སྟེགས་བུ་དང་དབང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་ཀྱི བུམ་པ་འཇོག་པའི་སྟེགས་བུ་ཕྱི་རོལ་དུ་གཏོར་མ་འཇོག་པའི་སྟེགས་བུ་རྣམས་ཀྱང་བྱའོ། །དེ་ལ་རྡུལ་ཚོན་གྱི་སྟེགས་བུ་ནི་མཐེའུ་ཆུང་གི་ཚད་ཀྱི་ཁྲུ་དྲུག་བྱའོ། །འདི་མི་དམའ་བར་བྱ་ཞིང་འདི་ལྷག་པས་དཀྱིལ་འཁོར་གྱི་རྗེས་སུ་འབྲངས་པས་འཕེལ་ལོ།། ཁྲུ་གང་གི་ཚད་ཀྱིས་འཇིག་རྟེན་སྐྱོང་བ་རྣམས་གྱི་བུམ་པའི་སྟེག་བུའོ། །དེའི་ཚད་ཀྱི་ཕྱི་རོལ་དུ་གཏོར་མའི་སྟེགས་བུ་བཅུ་བཞིའོ། །དཀྱིལ་འཁོར་གྱི་ཁང་པ་ལས་ཤར་ཕྱོགས་སུ་དབང་ལྡན་གྱི་མཚམས་སུ་ཁྲུས་ཀྱི་སྟེགས་པུ་ཁྲུ་བཞི་པའི་ཚད་ལ་དེའི་ཕྱེད་ཀྱིས་སྟེང་དུ མཐོང་བར་བྱའོ། །བུམ་པ་སོ་སོ་ལ་མེ་ཏོག་དང་གཏོར་མ་དང་གདུགས་དང་དངུལ་གྱི་མིག་ཟུང་དང་གསེར་གྱི་ཐིག་ལེ་དང་མཚན་མ་རྣམས་དང། གོས་དང་རིན་པོ་ཆེ་ལྔའི་ཐུམ་བུ་དང་གོ་ཡུ་དང་འབྲུ་ལྔ་དང་སྨན་ལྔ་དང་ལོ་མ་དང་ཡུངས་དཀར་རྣམ་པ་ལྔའི་ཐུམ་བུ་དང། དྲི་ལྔ་དང བདུད་རྩི་ལྔ་དང་བའི་རྣམ་ལྔ་དང་བ་དན་ལྔ་དང་སྐུད་པ་རྣམས་སོ། །དབང་པོ་ལ་སོགས་པ་རྣམས་ཀྱིས་བ་དན?་རྣམས་ནི་དེ་ལ་ཚངས་པ་དང་དབང་པོ་དང་ས་དང་ལུས་ངན་པོ་རྣམས་ཀྱི་བ་ངན་སེར་པོ་རྣམས་སོ། །ཀླུ་དང་དབང་ལྡན་དང་ཟླ་བ་དང་ཆུ་བདག་རྣམས ཀྱི་དཀར་པོ་རྣམས་སོ། །མ་དང་ཉི་མ་དག་གི་དམར་པོའོ། །གཤིན་རྗེའི་ནག་པོའོ། །སྲིན་པོའི་ནག་པོའོ། །རླུང་གི་?་པོའོ། །ཐག་བཟངས་རིས་ཀྱི་སྔོ་བསངས་སོ། །སྲིད་དུ་ཁྲུ་བཞི་པ་ཞེང་དུ་ཁྲུ་གང་གི་ཚད་དོ། །རིམ་པ་བཞིན་ཉི་མ་ལ་སོ་རྩིའི་ཐུམ་བུ་དང་གཏོར་མ་སྟོང་ཕྲག་གསུཾ བྱ་སྟེ་དེ་རྩོམ་པའི་ཉི་མ་ལ་བྱའོ། །ཉི་མ་སོ་སོ་ལ་གཏོར་མ་བརྒྱ་རྩ་བརྒྱད་བྱའོ། ཞལ་ཟས་ཀྱང་དེ་དང་མཉམ་པའོ། །མེ་ཏོག་རྣམ་པ་མང་པོ་རྣམས་དང། མེ་ཏོག་གི་ཕྲེང་བ་བརྒྱུས་པ་དང། དྲི་དང་བདུག་སྤོས་དང། མར་མེ་རྣམས་ཀྱང་མང་པོ་རྣམས་སོ། །ཉི་མ་སོ་སོ་ལ་གུ གལ་སྲང་བཞི་དང། གཏོར་མ་ཆེན་པོ་འབྲས་བྲེ་བདུན་གྱི་དང། དེ་ལ་རྒྱུན་ལྔ་ནི་འོ་མ་ཕུལ་དོ་དང། མཛཛཧ་ར་ཕུལ་དོ་དང། ཆང་ཕུལ་དོ་དང། ཁྲག་ཕུལ་དོ་དང། ཉ་དང་ཤའི་བཟའ་བ་དང་བཅས་པ་སྣ་ཚོགས་པའི་མཆོད་པའོ། །ད་ནི་རྡུལ་ཚོན་གྱི་ཆ་བཤད་པར་བྱའོ། །རྡུལ ཚོན་ནག་པོ་སྲེ་བཞི་དང། རྡལ་ཚོན་དཀར་པོ་ཕྲེ་གསུམ་དང། ལི་ཁྲི་བྲི་དོ་དང། སྔོན་པོ་བྲེ་གང་དང། རྡུལ་ཚོན་སེར་པོ་བྲེ་དོ་དང། རྡུལ་ཚོན་ལྗང་གུ་བྲེ་དོ་རྣམས་སོ། །སློབ་དཔོན་གྱི་མཆོད་པ་སོ་སོར་འབོམ་གདན་དང། རྒྱབ་ཡོལ་དང། གདུགས་དང། རྐེད་པ་ལ་? རགས་དང། མགོར་ཅོད་པན་དང། གོས་རྣམས་དང། གསེར་གྱི་ཐིག་ལེ་དང། གསེར་གྱི་སོར་གདུབ་དང། གསེར་གྱི་དོ་ཤལ་དང། གསེར་གྱི་དཔུང་རྒྱན་ལ་སོགས་པ་ཇི་ལྟར་ནུས་པའི་ཡོན་དང་བཅས་པས་སོ། ཆོས་སྒྲོགས་པ་རྣམས་སོ་སོའི་མཆོད་པ་ལ་འཕོ།། གདན་དང། གདུགས་དང་གོས་དང། གསེར་གྱི་སོར་གདུབ་དང། ཇི་ལྟར་ནུས་པའི་ཡོན་དབུལ་ལོ། །མེའི་ཐབ་ལ་ཡང་གོས་དམར་པོས་བཀྲི་བར་བྱའོ། །མེ་ཏོག་གི་ཕྲེང་བ་རིང་བོ་ཡང་དཔྱང་བར་བྱའོ། །བུམ་པ་རྣམས་ལ་ཡང་མེ་ཏོག་གི་ཕྲེང་བ་རིང་པོ་དཔྱང?་བར་བྱའོ ཏིལ་གྱི་སྣོད་དང་མཆོད་སྦྱིན་གྱི་བུམ་པ་ཟངས་མའི་སྣོད་དམ་ཉི་མ་སོ་སོ་ལ་ཇི་ལྟར་དང་པས་གསེར་གྱིས་ཀྱང་སྦྱིན་སྲེག་བྱའོ། །གཞུང་མངས་པའི་འཇིགས་པས་རྒྱ་ཆེར་ནི་མ་བཤད་དོ་ཞེས་པའི་ཚོགས་སོ།། །།དེ་ནི་སྟེགས་བུ་ལ་རེ་མིག་དགུའི་ཆ་བརྗོད་པར་བྱ་སྟེ། དེ ལ་ལྷའི་གནས་ཀྱི་ནང་ལ་རྒྱར་ཆ་བདུན་བདུན་དུ་ཕྱེ་བས་རེ་མིག་བཞི་བཅུ་རྩད་གུར་འགྱུར་རོ། །དེ་ལ་དབུས་ཀྱི་རེ་མིག་ཚངས་པའི་གནས་སོ། །དེའི་ཕྱི་རུ་རེ་མིག་བརྒྱད་ལྷའི་ཆའོ?། །དེའི་ཕྱི་རོལ་དུ་རེ་མིག་བཅུ་དྲུག་མི་རྣམས་ཀྱི་ཆའོ། །དེའི་ཕྱི་རོལ་དུ་རེ་མིག་ཉི་ཤུ་ནི་ཡི་དགས་རྣམས་ཀྱི ཆ་བོ། དེ་ནས་རྩིག་པའི་མདུན་དུ་རེ་མིག་བཞིའི་མཐར་དེ་དང་མཉམ་པ་སྟེ་དུད་འགྲོའོ། །ནང་དུ་གྲུ་བཞི་པའི་རེ་མིག་དགུ་རྣམས་བྱའོ། །རེ་མིག་དགུ་པོ་དེ་རྣམས་ཀྱང་བྱེ་མ་རྣམས་ཀྱིས་རབ་ཏུ་བཀང་ནས་བཅག་པར་བྱའོ། །དེ་ལ་རེ་མིག་དགུ་པོ་རྣམས་སུ་བདུད་རྩི་རྣམ་པ་ལྔ དང། སྨན་རྣམ་པ་ལྔ་དང། དྲི་རྣམ་པ་ལྔ་དང། རིན་པོ་ཆེ་རྣམ་པ་ལྔ་ཆེན?་སྐུད་ལྔས་བཅིངས་ཏེ་བཅུག་ནས་དངུལ་ཆུས་ཡོངས་སུ་བཀང་སྟེ་ཟངས་མས་ཁ་བཀང་ནས་སྤྲང་གི་བུམ་པ་དགུ་བཞག་པར་བྱའོ། །ཡང་ན་དབུས་དང་དབང་ལྡན་ལ་སོགས་པའི་ཟུང་གྱི་རེ་མིག་རྣམས ཏེ་ལྔའོ། །ཡང་ན་དབུས་ཀྱི་རེ་དམིགས་གཅིག་པུའི་གཞག་པར་བྱའོ། །དེ་ལ་དབུས་སུ་རབ་ཏུ་གནས་པ་ནི་ལྷའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་སོ། །ཕྱོགས་རྣམས་སུ་རང་གི་དེ་བཞིན་གཤེགས་པའི་སྔགས་ཀྱིས་སོ། །དབང་ལྡན་ལ་སོགས་པའི་མཚམས རྣམས་སུ་སྒོ་སྐྱོང་བཞི་པོ་རྣམས་ཀྱི་སྔགས་ཀྱིས་མངོན་པར་བསྔགས་ནས་གནས་པར་བྱའོ། །ཡང་ན་བརྒྱད་བརྒྱད་ཀྱི་ཆར་ཕྱེ་བས་རེ་མིག་དྲུག་ཅུ་རྩ་བཞི་རྣམས་སུ་འགྱུར་རོ། །དེ་ལ་དབུས་ཀྱི་རེ་མིག་བཞི་ནི་ཚངས་པའི་གནས་སོ། །དེའི་ཕྱི་རོལ་དུ་རེ་མིག་བཅུ་གཉིས་ནི་ལྔ? རྣམས་ཀྱི་ཆའོ་?་དེའི་ཕྱི་རོལ་དུ་རེ་མིག་ཉི་ཤུ་ནི་མི་རྣམས་ཀྱི་ཆའོ། །དེའི་ཕྱི་རོལ་རེ་མིག་ཉི་ཤུ་རྩ་བརྒྱད་ནི་ཡིད་དག་མ་རྣམས་ཀྱི་ཆའོ། །ཡང་ན་ཆ་དགུར་ཕྱེ་བས་རེ་མིག་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ། །དེ་ལ་དབུས་ཀྱི་རེ་མིག་དགུ་ནི་ཆངས་པའི་གནས་སོ། །དེའི་ཕྱི རོལ་ཏུ་རེ་མིག་བཅུ་དྲུག་ནི་ལྷ་རྣམས་ཀྱི་ཆའོ། །དེའི་ཕྱི་རོལ་ཏུ་རེ་མིག་ཉི་ཤུ་རྩ་བཞི་ནི་མི་རྣམས་ཀྱི་ཆའོ། །དེའི་ཕྱི་རོལ་དུ་རེ་མིག་སུམ་ཅུ་སོ་གཉིས་ནི་ཡི་དགས་རྣམས་ཀྱི་ཆའོ། །ད་ནི་བཞི་བཅུ་ཞེ་དགུ་དང་དྲུག་ཅུ་རྩ་བཞི་དང་བརྒྱད་དུ་གྱ་གཅིག་གི རེ་མིག་རྣམས་ཀྱི་སོ་སོའི་རྣམ་དག་བརྗོད་པར་བྱའོ། །དེ་ལ་ཚངས་པ་ནི་ཐར་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐད་ཅིག་མ་གཙེས་གིས་མངོན་པར་བྱང་ཆུབ་པའི་རྣམ་པར་དག་པ་དབུས་ཀྱི་རེ་མིག་གཅིག་སྟེ་ཚངས་པའི་གནས་སོ། །དེའི་བྱ་བ་ཆོས་ཀྱི་སྐུའི་རྣམ པར་དག་པ་དབུས་ཀྱི་རེ་མིག་བཞི་ཡིས་ཚངས་པའི་གནས་སོ། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་རྣམ་པར་དག་པ་དབུས་ཀྱི་རེ་མིག་དགུའི་ཚངས་པའི་གནས་སོ། །དེ་ནས་དབང་ལྡན་ལ་སོགས་པའི་རེ་མིག་བརྒྱད་པོ་རྣམས་ནི་ཡུལ་འཁོར་སྲུང་དང། སུམ་ཅུ་རྩ་གསུམ་དང། འཕགས་སྐྱེས་པོ་དང། མཚེ་མ་དང། མིག་མི་བཟང་དང། དགའ་ལྡན་དང། ལུས་ངན་པོ་དང། འཕྲུལ་དགའ་ཨི་གནས་རྣམས་ཀྱིའོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་རེ་མིག་བཅུ་གཉིས་པོ་རྣམས་ནི་ཡུལ་འཁོར་སྲུང་དང། ཚངས་རིས་དང་སུམ་ཅུ་རྩ་གསུམ་དང་། འཕགས་སྐྱེས་པོ་དང། ཚངས་པ་མདུན་ན་འདོན་དང། མཆེ་མ་དང། མིག་མི་བཟང་དང་ཚངས་པ་ཆེན་པོ་དང། དགའ་ལྡན་དང། ལུས་ངན་པོ་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་ཀྱིའོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་རེ མིག་བཅུ་དྲུག་རྣམས་ནི་ཡུལ་འཁོར་སྲུང་དང། འོད་ཆུང་དང། ཚངས་རིས་དང། སུམ་ཅུ་རྩ་གསུམ་དང། འཕགས་སྐྱེས་པོ་དང། ཚད་མེད་འོད་དང། ཚངས་པ་མདུན་ན་འདོན་དང། མཚེ་མ་དང། མི་བཟང་དང། འོད་གསལ་བ་དང། ཚངས་པ་ཆེན་པོ་དང། དགའ་ལྡན དཔང?་ལུས་དོན་པོ་དང། དགེ་ཆུང་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིའོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་རེ་མིག་ཉི་ཤུ་རྩ་བཞི་རྣམས་སུ་པྲི་ཡཾ་ཀུ་དང། མཁར་བ་དང། ཨ་མ་ལ་ཀཱི་དང། ལུས་འཕགས་དང། ནཱ་མི་ཀིར་དང ཤྭེ་ཏ་ཏ་དང། ཡ་ན་དང། ས་ཀཱ་ཀ་དང། ཡ་བ་དང་འཛམ་བུའི་གླིང་དང། སིང་ག་ལ་དང། མཆོག་སྦྱིན་དང། ཧ་རི་ཀེ་ལ་དང། ནགན་པཱརཥ་ཀ་དང། ཟངས་གླིང་དང། བ་ལང་སྤྱོད་དང། ཀླུ་དང་བརྡྷ་མཱ་ན་དང། རིན་པོ་ཆེ་དང། ཀ་ཡ་རཾ་ག་དང། རི་ཁྲོད་པ་དང། སྒྲ་མི་སྙན་དང། ཟླ་པའི་གླིང དང། གསེར་གླིང་རྣམས་ཀྱི་གནས་ནི་མི་རྣམས་གནས་པ་ཡིའོ། །རེ་མིག་ཉི་ཤུའི་ནི་མཁར་བ་དང། ས་ཀཱ་ཀ་དང། ན་ག་པརཥ་ཀ་དང། ཀ་མ་རི་གའི་གླིང་རྣམས་སྤངས་པའོ། །རེ་མིག་བཅུ་དྲུག་རྣམས་ཀྱི་ནི་ཤྭེ་ཏ་དང། མཆོག་སྦྱིན་དང། བརྡྷ་མཱ་ན་དང། གསེར་གིང་རྣམས་ཀྱང སྤངས་པ་ལས་སོ། ། དེ་བཞིན་དུ་ཡི་དགས་རྣམས་ཀྱི་ཉི་ཤུ་རྩ་བཞི་དང། ཉི་ཤུ་རྩ་བརྒྱད་དང། སུམ་ཅུ་སོ་གཉིས་ཀྱི་རེ་མིག་རྣམས་སུ་ཙ་ཌ་ཀ་དང། པཱུ་ཏ་ན་ལ་སོགས་པའི་ཡི་དགས་རྣམས་གནས་པར་རིག་པར་བྱའོ། དེ་ལ་གསུམ་པོ་རྣམས་ཀྱི་ནང་ནས་ཇི་ལྟར་མངོན་པར འདོད་པར་བྱའོ། །དེ་ནས་རིན་པོ་ཆེའི་རྡོས་དགབ་པར་བྱའོ། །དེ་ཡང་རིན་པོ་ཆེའི་རྡོའི་སྟེགས་བུའི་ཚད་ནས་གསུམ་ལྷག་པའི་སོར་བཞི་པ་གཉིས་བྱའོ། །དེ་ལ་རིན་པོ་ཆེའི་རྡོའི་རྒྱབ་ཏུ་ནས་གསུམ་ལྷག་པའི་སོར་གཉིས་ཀྱི་ཚད་གྲུ་བཞི་པ་རེ་མིག་བཅུ་གསུམ་བརྐོ་བར་བྱའོ། །དེ ལ་ལྷ་དང་མི་དག་གི་དབུས་མ་དབུས་མའི་རེ་མིག་ལའོ། །དེའི་ཕྱིར་རུ་ཕྱོགས་བཞིའི་ར་མིག་རྣམས་སོ། །དེའི་ཕྱི་རོལ་དུ་ཕྱོགས་དང་མཚམས་ཀྱི་རེ་མིག་བརྒྱད་རྣམས་སོ། །དེ་ལ་ཡང་དབུས་ཀྱི་རེ་མིག་ལ་ནས་དང་དབུལ་དྲི་མ་མེད་པ་དང་བྲི་ཧ་?་དང་ཙན་དན་དཀར་པོ རྣམས་ཀྱི་སྟེང་དུ་དངུལ་གྱི་པདྨ་ལ་གསེར་གྱི་སེང་གེའོ། །དེའི་སྟེང་དུ་རྡོ་རྗེ་ཕ་ལམ་བཞག་པར་བྱའོ། །:སིཾ་ཨ:འདི་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །དེའི་ཕྱི་རོལ་དུ་ཤར་གྱི་རེ་མིག་ཏུ་བྲོ་དང། ལྡོང་རོས་དང། ཀཎྜ་ཀ་རི་དང་གླ་བ་རྣམས་ཀྱི་སྟེང་དུ་དངུལ་གྱི པདྨའི་སྟེང་དུ་གསེར་གྱི་གླང་པོ་ཆེ་བ་ར་ཎའོ། །དེའི་སྟེང་དུ་ཨཻནྡྲ་ནཱི་ལ་བཞག་པར་བྱའོ། །ཧཱུཾ་གཾ་ཧཱུཾ་ཞེས་པ་འདི་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ལྷོའི་རེ་མིག་ལ་འབྲས་སོ་བ་དང་བ་བླ་དང་ས་ཧ་དེ་བ་དང། གུར་ཀུམ་གྱི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་གསེར གྱི་རྟ་དང་དེའི་སྟེང་པུཥཔ་བཞག་པར་བྱའོ། །ཏྲཾ་བཾ་ཏྲཾ་ཞེས་པ་འདིས་ལན་བརྒྱ་རྩ?་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ནུབ་ཀྱི་རེ་མིག་ལ་ར་ཀཱ་ཏི་ལ་དང་མཚལ་དང་ས་ཧ་དེ་བཱི་དང་ག་པུར་གྱི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་གསེར་གྱི་རྨ་བྱ་དེའི་སྟེང་དུ་པདྨ་རཱ་གྲ་བཞག པར་བྱའོ། །ཧྲཱི་མཾ་ཧྲཱི:ཞེས་པ་འདིས་བརྒྱ་རྩར་ཡོངས་སུ་བཟླས་པར་བྱའོ། །བྱང་གི་རེ་མིག་ལ་སྲན་མ་ལྔ་དང་སྤངས་མ་དང་ཤི་རེ་ཀེརྣཧི?་ཀ་དང་སིཧལའི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་གསེར་གྱི་བྱ་ཁྱུང་དེའི་སྟེང་དུ་མ་ར་ཀ་ཏ་བཞག་པར་བྱའོ། ། ག་ཨ་ཞེས་པ་འདིས་ལན བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །དེའི་ཕྱི་རོལ་དུ་རེ་མིག་བརྒྱད་རྣམས་ལ་ཤར་དུ་ཏིལ་དཀར་པོ་དང་མིག་སྨན་གྱི་ཁུ་བ་དང་མིག་སྨན་གྱི་རྩ་བ་དང་ཨ་ཀ་རུ་རྣམས་ཀྱི་སྟེང་དུ་གསེར་གྱི་པདྨའི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་དུང་གཞག་པར་བྱའོ། །ོཾ་བཛྲ བཛྲི་ཎི་ཧཱུཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ལྷོ་རུ་སྲན་མུད་ཀ་དང་ཀོ་ཤི་ར་དབང་ལ་ཀའི་སྟེང་དུ་གསེར་གྱི་པདྨའི་སྟེང་དུ་དངུལ་གྱི་པདྨ་དེའི་སྟེང་དུ་མུ་མེན་བཞག་པར་བྱའོ། །ོཾ་རཏན་བཛྲ་ཎི་ཏྲཾ། འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ བཟླས་པར་བྱའོ། །ནུབ་ཏུ་འབྲས་ས་ལུ་དམར་པོ་དང་པོ་བ་དང་གསེར་དང་བཙག་དང་ལཀྵྨ་ཎའི་རྩ་བ་དང་ཙན་དན་དམར་པོའི་སྟེང་དུ་གསེར་གྱི་པདྨ་དང་དེའི་སྟེང་དུ་དངུལ་གྱི་པདྨ་དང་དེའི་སྟེང་དུ་བྱུང་དུ་བཞག་པར་བྱའོ། །ོཾ་དྷརྨ་བཛྲ་ཎི་ཧྲིབཟླས་པར་བྱའོ། །བྱང་དུ་ཡུངས་ཀར་དང་མཱ་ཀྵི་ཀ་དང་སྤང་སྤོས་དང་པིཥྞ་ཀྲན་ཏ་རྣམས་ཀྱི་སྟེང་དུ་གསེར་གྱི་པདྨ་དང་དེའི་སྟེང་དུ་དངུལ་གྱི་པདྨ་དེའི་སྟེང་དུ་རིན་པོ་ཆེ་ལྗང་ཁུ་བཞག་པར་བྱའོ། །ོཾ་ཀརྨ་བཛྲི་ཎི་ཨ:ཞེས་པ་འདིས་ལན་བརྒྱ་རྩི་བརྒྱད་ཡོངས་སུ་བཟླས པར་བྱའོ། །མེ་རུ་སྲན་ཀུ་ལན་ཐ་དང་ལྷང་ཙེར་དང་ཛཱ་ཏི་ཕལ་གྲན་ཐིའི་ལོ་མའི་སྟེང་དུ་གསེར་གྱི་པདྨ་དང་དེའི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་མུ་ཏིག་བཞག་པར་བྱའོ། །ོཾ་བཛྲ་ལཱ་སྱེ་ཧཱུཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །བདེན་བྲལ དུ་ཟར་མ་དང་བྲི་ཨཾ?་ཀུ་དང་བྷ་ཆོར་ཀ་དང་ཞ་ཉེའི་སྟེང་དུ་གསེར་གྱི་པདྨ་དང་དེའི་སྟེང་དུ་དངུལ་གྱི་པདྨ་དང་དེའི་སྟེང་དུ་བྷིཥྨ་ཀཾ་བཞག་པར་བྱའོ། །ོཾ་བཛྲ་མཱ་ལེ་ཏྲཾ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །རླུང་དུ་ཏིལ་ནག་པོ་དང་སིན་དྷུ་ར་དང་སུག་སྨེལ་དང་སུ ར་ནཱ?་རྣམས་ཀྱི་སྟེང་དུ་གསེར་གྱི་པདྨ་དང་དེའི་གྱེང་དུ་དངུལ་གྱི་པདྨ་དང་དེའི་སྟེང་དུ་བཻཌཱུརྱཱ་གཞག་པར་བྱའོ། །ོཾ་བཛྲ་གཱི་ཏི་ཧྲཱི:ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །དབང་ལྡན་དུ་ཤྱ་མ་ཀ་དང་པཾ་ག་དང་ལི་ཤེའི་ཤིང་དང་པདྨ་རྣམས་ཀྱི་སྟེང་དུ གསར་གྱི་པདྨ་དང་དེའི་སྟེང་དུ་དངུལ་གྱི་པདྨ་དང་དེའི་སྟེང་དུ་ཤེལ་བཞག་པར་བྱའོ། །ོཾ་བཛྲ་ནརི་ཏྱ་ཨཤེས་རབ་ཀྱི་ཕུང་པོའི་རྣམ་པར་དག་པ་ནི་ཁམས་རྣམས་སོ། །རྣམ་པར་གྲོལ་པའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་པ་དག་པ་ནི་ས་བོན་བཞག་པའོ། །རྡོ་རྗེས་རྣམ་པར་དག་པ་ནི་རྡོ་རྗེ་བཞག་པའོ། །ཡེ་ཤེས་ལྡན་པའི་སའི་རྣམ་པར་དག་པ་ནི་ཨཻནྡྲ་ནཱི་ལའོ། །ཀུན་ཏུ་བཟང པོའི་སའི་རྣམ་པར་དག་པ་ནི་པུཥཔ་རཱ་གའོ?། །ཆོས་ཀྱི་སྤྲིན་གྱིས་རྣམ་པར་དག་པ་ནི་པདྨ་རཱ་གའོ། །ལེགས་པའི་བློ་གྲོས་ཀྱི་སའི་རྣམ་པར་དག་པ་ནི་མ་རཀྟའོ། །མི་གཡོ་བའི་སའི་རྣམ་པར་དག་པ་ནི་དུང་ངོ། །རིང་དུ་གྱུར་པའི་སའི་རྣམ་པར་དག་པ་ནི་གསེར་རོ། །མངོན་དུ གྱུར་པའི་སའི་རྣམ་པར་དག་པ་ནི་མུ་མེན་ནོ། །སྤྱང་དཀའ་བའི་སའི་རྣམ་པར་དག་པ་ནི་བྱུ་རུའོ། །འོད་འཕྲོ་པའི་སའི་རྣམ་པར་དག་པ་ནི་ཤེལ་ལོ། །འོད་བྱེད་པའི་རྣམ་པར་དག་པ་ནི་བཻཌཱུརྱའོ། །དྲི་མ་མེད་པའི་སའི་རྣམ་པར་དག་པ་ནི་བྷཱིཥྨའོ། །རབ་ཏུ་དགའ་བའི་? རྣམ་པར་དག་པ་ནི་མུ་ཏིག་གོ་། ཐམས་ཅད་ཤེས་རབ་ཀྱི་རྣམ་པར་དག་པ་ནི་གསེར་དང་དངུལ་གྱི་པདྨ་དག་གོ། ཐམས་ཅད་ཀྱི་སྟེང་དུ་ཟངས་མའི་གྲེགས་བུས་དགབ་པར་བྱའོ་ཞེས་པ་ནི་རིན་པོ་ཆེ་དགོད་པའི་ཆོ་གའོ། །ད་ནི་སྟེགས་བུའི་མཚན་ཉིད་བརྗོད་པར་བྱ་ སྟེ། བཞུགས་པར་བྱ་བའི་ལྷའི་ཕྱེད་དང་བཅས་པའི་མཐོ་བདུན་གྱིས་རིང་སྟེགས་བུའོ། །ཞེང་དུ་རྐང་པས་དམན་པའི་མཐོ་ལྔའི་ཚད་དོ། །སྲིད་ཀྱི་ཕྱེད་ཀྱི་སྟེང་དུའོ། །འདི་ལ་སྟེང་གིས་ཇི་ལྟར་མཚུངས་པས་ཁྱད་པར་དུ་སྟེང་གི་ངེས་པའོ། །སྒོའི་དབུས སུ་བལྟ་བའི་ལྷ་དགོད་པར་བྱའོ། །དེ་ལ་ཕྱིར་གང་དུ་གསང་བའི་དབུས་སུ་ལྷ་སྐལ་པ་བཟང་པོ་རབ་ཏུ་སྟེར་བའོ། །ལྟེ་བའི་དབུས་སུ་དོན་རབ་ཏུ་སྟེར་བའོ། །སྙིང་གའི་དབུས་སུ་ཆོས་རབ་ཏུ་སྟེར་བའོ། །མགྲིན་པའི་དབུས་སུ་ཤེས་རབ་རབ་ཏུ་སྟེར་བའོ། །མཛོད་སྤུའི དབུས་སུ་ཐར་པ་རབ་ཏུ་སྟེར་བའོ། །སྟེགས་བུའི་ཚད་ལས་སེང་གེའི་ཁྲི་ཇི་ལྟར་མཛེས་པའི་ཁྱད་པར་ལ་བཞུགས་པས་སོ། །ལྷ་བཞེངས་པའི་ཆ་གསུམ་གྱི་ཆ་གཉིས་ཀྱི་ཚད་ལ་བྱའོ། །ཚེས་གྲངས་དང་རྒྱུ་སྐར་དང། གཟའ་དང་ཡུད་ཙམ་བཟང་པོ་རྣམས་ལྷ་དང མི་དག་གི་དབུས་སུ་སྟེགས་བུ་བཞག་པར་བྱའོ། ། །།ད་ནི་གཙུག་ལག་ཁང་གི་རབ་ཏུ་གནས་པ་བརྗོད་པར་བྱ་སྟེ། དེ་ལ་གཙུག་ལག་ཁང་ཟིན་ནས་ཞལ་ལ་བྱས་ནས་ཚོན་བཟང་པོས་ལྷ་ལ་སོགས་སྣ་ཚོགས་པས་བརྒྱན་པ་བཤད་པ་རྣམས་བྲི་བར བྱའོ། །རིམ་པ་ཇི་སྙེད་པ་རྣམས་ལ་རྣམ་པར་རྒྱལ་བ་དང་སྟོབས་སྣ་ཚོགས་པར་དམིགས་པར་བྱའོ། །ཚོན་སྣ་ལྔའི་སྐུད་པ་ཡུངས་ཀར་གྱི་ཐུམ་བུ་དང་བྱང་ཆུབ་ཤིང་གི་ལོ་མ་དང་གཏོར་མ་དང་དུར་བ་དང་ཀུན་ད་སྦྱང་བའི་མེ་ཏོག་གི་ཕྲེང་པས་རྩིག་པའི་ཕྱི་ཡོངS སུ་བསྐོར་བར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ:སརྦ་དྷརྨམཱ:སྭ་བྷཱ་བ་ཤུདྡྷོཉཧཾ་ཞེས་བརྗོད་ནས་ནམ་མཁའ་བཞིན་དུ་རྣམ་པར་བསྒོམས་ལ་ཡཾ་ཡིག་ལས་རླུང་གི་དཀྱིལ་འཁོར་རཾ་ཡིག་ལས་མེའི་དཀྱིལ་འཁོར་བཾ་ཡིག་ལ་རྒྱ་མཚོ་ཆེན་པོ། །དེའི་དབུས་སུ་ལཾ་ཡིག སེར་པོ་ལས་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི་པའོ། །དེའི་སྟེང་དུ་སུམ་ཡིག་ལས་རིན་པོ་ཆེ་བཞིའི་རང་བཞིན་གྱི་རོ་རབ་རྣམ་པར་བསྒོམས་ཏེ། དེའི་སྟེང་དུ་ཧཱུཾ་ཡིག་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་རྣམ་པར་བསྒོམ་པར་བྱའོ། ། དེའི་དབུས་སུ་བྷཱུཾ་དཀར་པོ་ལས་བྱུང་བའི་འཁོར་ལོ་ལ་བྷྲུཾ་ཡིག་གནས་པའོ། །ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱི་སྐུའོ། །དེ་ཡོངས་སུ་གྱུར་པ་ལས་གཙུག་ལག་ཁང་གཞལ་ཡས་ཁང་དུ་རྣམ་པར་བསྒོམས་ནས་རྡོ་རྗེའི་རབ་ལ་སོགས་པས་མཚམས་བཅད་པ ལ་སོགས་པ་བྱིའོ?། །ོཾ་ཧཱུཾ་ཧྲཱ:བྷྲུཾ་ཁཾ་བཛྲི་བྷ་བ་དྲི་ཌཧ་ཏིཥྛ་ཧཱུཾ། གི་འདིས་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསང་གཏོར་དང་མཆོད་ཡོན་ལ་སོགས་པ་ཕུལ་ནས་བཀྲ་ཤིས་གང་ཞིག་ཅེས་པ་ལ་སོགས པའི་ཚིགས་སུ་བཅད་པ་བརྗེད་པ་སྔོན་དུ་འགྲོ་བས་བུམ་པའི་ཆུས་དབང་བསྐུར་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་པར་བྱའོ། །ོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། འདིས་ལན་བདུན་ལྷག་པར་གནས་པར་བྱའོ། །ཡེ་དྷརྨཱ་ཞེས་པ་ལ་སོགས་པའི་ཚིགས་སུ ?་པས་ཀྱང་རབ་ཏུ་གནས་པར་བྱས་ནས་ཡི་གེ་བརྒྱ་པས་བསྟན་པར་བྱའོ། གཏོར་མ་ཆེན་པོ་ཡང་རབ་ཏུ་དབུལ་བར་བྱའོ།། །།ད་ནི་སྐུ་གཟུགས་བཞུགས་པར་བྱ་བའི་ཕྱིར་དེའི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་སྐུ་གཟུགས་ཐམས་ཅད་ཀྱི་མཚན ཉིད་སོར་བཅུ་གཉིས་ཀྱི་ཆ་ཡིས་གཞལ་ལོ། དེ་དང་མཉམ་པ་ཞེང་དུའོ། །ཏིལ་དང་ཨ་མྲ་དང་བྱའི་སྒོ་ང་དང་འཁོར་ལོའི་རྣམ་པ་འདྲ་བའི་དབྱེ་བས་ཞལ་གྱི་དབྱིབས་ནི་རྣམ་པ་བཞིའོ། །ཆ་གསུམ་དང་ཆ་གཉིས་དང་ཕྱེད་དང་བཅས་པའི་ཆ་གཉིས་དང་ཆ་གཅིག་གི གོ་རིམས་ཀྱིས་འགྲམ་པ་རྣམས་ལ་སྤང་བར་བྱའོ། །དེ་ལ་མོ་རྣམས་ཀྱི་སྐུའི་ཞལ་ལ་དེ་ཉིད་ཀྱི་དབྱིབས་ཆ་བརྒྱད་དང་ནས་ཀྱི་ཆ་གཅིག་གིས་སོ། །ཆ་བཞི་ཡིས་སྤྱི་བོའི་ཆ་སྟེ་དེ་གདུགས་ཀྱི་རྣམ་པའོ། །ཕྱེད་དང་བཅས་པའི་ཆ་བཞི་ཡིས་དཔྲལ་བ་ལའོ། །འཕྲེང་ལ་ཆ བཅུ་ཡིས་སོ། །ནས་གཉིས་ལྷག་པའི་བཞི་ཡིས་སྣའི་དཀྱུས་སོ། །ནས་གཉིས་ཀྱི་རྩེ་མོའི་རྒྱའོ། །འབྱུང་བའི་མཚམས་ནས་ཕྱེད་དང་བཅས་པའི་ཆ་གཅིག་གོ་།རྒྱ་ཆེ་བ་ལ་གཉིས་སོ། །ཆ་གསུམ་གྱི་ལོགས་དག་གི་སྟེང་དུའོ། །སྣའི་ཀ་བ་ལ་གསུམ་འཇུག་པའི་བུ ག་ལ་གནས་གཉིས་སོ། །ཏིལ་གྱི་མེ་ཏོག་འདྲ་བར་བྱའོ། །དེའི་འོག་གི་ཆ་ལ་རྐང་པ་གཅིག་གི་ལྷག་བའི་ཆ་གསུམ་མོ། །དེ་ལ་མཆུ་ལ་ནས་དྲུག་གོ། དེ་དང་མཉམ་པར་མ་མཆུ་ལའོ། །ཆ་གཉིས་ཀྱི་རྒྱད་རོ། །ཕྱེད་དང་བཅས་པའི་ཆ་གཅིག གིས་མ་མཆུ་ལའོ། །དེའི་སྟེང་དུ་ནས་གཉིས་ཀྱི་ཚད་ཀྱིས་སྨ་ར་བྱའོ། །མ་མཆུའི་འབྱུང་ས་ནས་དྲུག་སྟེ། དེའི་དབུས་སུ་གཟུགས་བརྙན་གྱི་རེ་ཁཱ་བྱའོ། །ཆ་ཕྱེད་ཀྱིས་ཁའི་གྲུའོ། །ནས་གཉིས་ལྷག་པའི་ཆ་གཅིག་གིས་ཀོས་སྐོའི་སྲིད་ངོ། །འཕྲེད་དུ་ཆ གཉིས་སོ། །ཆ་གཉིས་ཀྱིས་རྣ་བའི་རྒྱར་རོ། །ཆ་བཞི་ཡིས་དཀྱུས་སོ། །རྒྱབ་ནས་འགྱུར་ས་ནས་ཆ་གཉིས་སོ། །ཆ་གཉིས་ཀྱིས་རྣ་བའི་ཟུར་རོ། །དེའི་ཕྱིར་ཀྱིས་སྟེང་དུའོ། །རྣ་བའི་ཁུགས་ལ་ནས་གཉིས་སོ། །རྣ་བའི་བུ་ག་ལ་ནས་གསུམ་མོ། །དེ་དང་མཉམ་པ རྣ་བའི་གསང་བའོ། །རྣ་བཤལ་འཕྱང་བ་དང་ཤུག་པ་ནི་ཇི་ལྟར་མཛེས་པའི་རྣ་པ་གཉིས་པོ་དག་གི་དབུས་སུ་མགོ་ལ་ཆ་བརྒྱད་དོ། །རྒྱབ་ཏུ་ཆ་བཅུ་བཞིའོ། །སྨིན་མ་དག་གི་མཐར་ནས་བཞིའོ། །སྨིན་མའི་སྲིད་ལ་ལྔའོ། །སྨིན་མའི་རི་མོ་ལ་ནས་ཕྱེད་དེ ཡར་གཞུའི་རྣམ་པ་ལྟ་བུའོ། །མིག་གི་ཀྱུས་ལ་ཆ་བཞིའོ། །རྐང་པ་གཅིག་གིས་ལྷག་པའི་ཆ་གཅིག་གིས་ཞེང་དུའོ། །ཆ་གཅིག་གིས་མིག་གི་འབྲས་བུའོ། །དེའི་ཆ་གསུམ་གྱིས་དཀར་པོའི་ཆའོ། །རྣམ་པའི་ཀུ་མུ་ཏ་དང་ཨཽཏཔ་ལ་དང་པདྨའི་འདབ་མ་དང ཉའི་ལྟོ་བ་འདྲ་བར་བྱའོ། །མིག་གི་མཐར་ཆ་གཉིས་སོ། །སྨིན་མའི་རེ་ཁཱ་དང་མིག་གི་བར་དུ་ཆ་གཉིས་སོ། །དཔྲལ་བ་མིག་དང་མགོ་དང་ཀོས་ཀོའི་འབྱུང་བ་རྣམས་མཉམ་པའོ། །ཁའི་ཟུར་ནས་མིག་གི་འབྲས་བུ་དང་གློ་དག་ནས་རྣ་བར་ཐིག་དང་མགོ བོ་ནས་སྨིན་མའི་རེ་ཁཱ་དག་དང་ཐིག་མཉམ་པ་དང་རྣ་བའི་མདུན་དུ་ཟུར་དང་མིག་གི་དབུས་དག་ཐིག་མཉམ་པའོ། །ཁའི་སྒོ་ལ་ཆ་བཞིའོ། །དེ་དང་མཚུངས་པ་མགྲིན་པའི་སྲིད་དོ། །ཕྲག་པའི་རྩ་བ་ལས་རྣ་བའི་རྩ་བ་ལས་ཆ་དྲུག་གོ། ཀོས་སྐོའི་འོག་དུའོ། །ཆ་གཅིག་གིས་མིག་གི་འབྲས་བུའོ། །དེའི ནས་ཇི་ལྟར་མཛེས་པའི་ཤའི་འཁྱིལ་དུ་བྱའོ། །ཐོར་ཚུགས་དང་རལ་པའི་ཐོར་ཅོག་དང་ཟུར་ཕུད་དང། ཟུད་ཕུང་ལྔ་དང། དབུ་རྒྱན་དང། གཙུག་གི་ནོར་བུ་རྣམས་ཀྱི་ཚད་ཆ་བརྒྱད་ཀྱིས་མཐོ་བ་དང། དམའ་བར་བྱའོ། །ཅུང་ཟད་དགྱེས་པ་དང་མདར་བ་དང། ལན་ཚྭ་དང་ལྡན་པར་བྱ བ་ནི་དགེ་བར་བྱེད་པའི་ཞལ་ལོ། །ཚ་བ་དང། ཁ་བ་དང། བསྐ་བ་དང། སྒྱུར་བ་དང། ཁྲོ་བའི་ཞལ་དང་ལྡན་པ་ནི་མི་དགེ་བར་བྱེད་པའོ། །བསྟན་བཅོས་ཀྱི་མཚན་ཉིད་ལས་གཞན་པའི་ཞལ་གྱི་བྱེད་པས་སྦྱིན་བདག་མི་འཚོ་བར་བྱེད་པ་དང། བསྟན་བཅོས་ཀྱི་མཚན་ཉིད་ཀྱི་ཞལ་གྱི བྱེད་པས་སྐྱེ་བ་དང་ནོར་དང་རྣམ་པར་རྒྱལ་བ་དང་ཚེ་དང་ཕུན་སུམ་ཚོགས་པ་རྣམ་པར་ཕེལ་ལོ། ། །།ད་ནི་ལུས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་རྐེད་པའི་འོག་ནས་ལྟེ་བའི་མཐར་ཐུག་པའི་བར་ལ་མཐོ་དོའོ། །ལྟེ་བའི་འོག་ནས་གསར་བའི་རྩ་བའི་བར་ལ་མན་གང?། ནམ་ཚོམ་སྟོང་མོ་ནས་འཕྲེང་དུ་ལོགས་དག་ཏུ་ནུ་མའི་བར་དག་དང་མགྲིན་པའི་ལོགས་དག་ནས་དབུང?་མགོའི་རྩེ་མོ་དག་དང་དེ་རྣམས་ཀྱི་ཚད་དུ་མཐོ་རེ་རེའོ། །ནུ་མ་དང་ལྟེ་བའི་བར་དུ་ཆ་བཅུ་བཞིའོ། །ཐལ་གོང་དག་དང་ནམ་ཚོམ་སྟོང་མོ་དང་ལག་པ་རྣམས་ཐེག་མཉམ་པ་གོང? བ་དག་གི་རྒྱར་བར་དུ་གདོང་གསུམ་མོ། །མཆན་ཁུར་རྩི་བ་ལོགས་དང་ནུ་མ་དག་གི་བར?་ཆ་དྲུག་གོ་ཆུ་མའི་དཀྱིལ་ལ་ཆ་གཉིས་སོ། །ནུ་མའི་བླུབས་ལ་ནས་གཉིས་སོ། །ལྟེ་བའི་དཀྱིལ་འཁོར་ལ་ནས་གསུམ་མོ། །གཡས་སུ་འཁྱིལ་ཞིང་ལྟེ་བ་དམའ་བའ་ཨོ། །གསང་བའི་གནས་ལ་ཆ གསུམ་མོ། །ལོགས་དག་ཆ་གཉིས་སོ། །འབྲས་བུ་ལ་ཆ་བཞི་སྟེ་མཛེས་པ་རྒྱས་པ་ཟླུམ་པ་དག་གོ། པི་ཙི་དག་གི་སྟེར་དུ་ཆ་བརྒྱད་དོ། །ལྟེ་བ་དང་གསང་བ་དག་གི་དབུས་སུ་བརླའི་རྩ་བའོ། །བརླ་དང་བྱིན་པ་འདི་གཉིས་ལ་ཚད་མཐོ་དོའོ། །པུས་མོའི་ལྷ་ངལ?་བཞིའོ། །ལོང་བུ དགལ?་ཆ་གཉིས་སོ། །རྟིང་པ་དག་ལ་ཆ་བཞིའོ། །རྐང་པ་དག་གི་ཞེང་དུ་ཆ་བརྒྱད་དོ། །སྲིད་དུ་ཆ་བཅུའོ། །ཕྱེད་དང་བཅས་པའི་ཆ་གཉིས་ཀྱིས་རྐང་པའི་མཐེ་བོ་ཆེའི་སྲིད་དུའོ། །དེ་དང་མཉམ་པ་རྩེ་མོའོ། །ནས་གཉིས་ཀྱིས་དམན་པ་ནི་གུང་མོའོ། །ནས་གསུམ་གྱིས་དམན་པ་ནི་མིང མེད་དོ། །མཐེའུ་ཆུང་ནི་ཆ་གཉིས་སོ། །མཐེ་བོ་ཆའི་རྒྱར་ནས་བཅུ་གཅིག་གོ་།མཐེ་བོ་ཆེའི་རྩེ་མོའི་བར་དུ་ནས་གསུམ་མོ། །རྩེ་མོའི་ཞེང་དུ་ནས་དགུའོ། །གུང་མོ་ངག་གི་བྱེད་དང་བཅས་པའི་ནས་བརྒྱད་དོ། །མིང་མེད་ལ་ཆ་གཅིག་གོ་།མཐེའུ་ཆུང་ལ་ནS བདུན་ནོ། །སོར་མོ་གསར་དུ་སྐྱེས་པ་ལྟ་བུའོ། །སེན་མོ་རྣམས་ཟླ་བ་བྱེད་པ་ལྟ་བུའོ། །རྐང་པའི་མཐིལ་མཉམ་པའོ། །དཔུང་པ་དག་གི་སྲིད་དུ་ཆ་བཅུ་དྲུག་གོ་།ལག་ངར་དག་གི་སྲིད་དུ་ཆ་བཅོ་བརྒྱད་དོ། །ལག་པའི་མཐིལ་ལ་ཆ་དྲུག་གོ། དེ་དང་མཉམ་པ་ནི་གུང་མོ ?། །མཐེ་བོ་ནི་ཆ་བཞིའོ། །དེ་དང་མཉམ་པ་ནི་མཐེ་བོ་ཆུང་ངོ། །མིང་མེ་དང་མཛུབ་མོ་དག་ནས་གསུམ་གྱིས་དམན་པའི་ཆ་དྲུག་གོ། མཐེ་བོང་ཞིང་དག་ལ་ནས་གཅིག་ལྷག་པའི་ཆ་གཅིག་གོ། དེ་ལས་ནས་ཕྱེད་ཀྱིས་དམན་པའི་གུང་མོའོ། །མིང་མེད་དང་མཛུབ་མོ་དང ནི་ཆ་གཅིག་གོ། མཐེའུ་ཆུང་ནི་ནས་བདུ?་མདོ?། །ནོར་བུ་འཆིང་བ་ནས་མཐེའུ་ཆུང་རྩ་བ་ལ་ཆ་ལྔའོ། །དེ་དང་མཉམ་པ་ལག་མཐིལ་གྱི་རྒྱའོ། །ནོར་བུ་འཆིངས་ནས་མཐེ་བོའི་རྩ་བར་ཆ་བཞིའོ། །མཛུབ་མོ་ལས་མཐེ་བོའི་རྩ་བར་ཆ་གསུམ་མོ། །མཐེ་བོ་ལ་ཚིགས་གཉིས་སོ།། ?་ཀྱི་ལྷག་མ་རྣམས་ནི་ཚིགས་གསུམ་དུ་བྱའོ། །ཐམས་ཅད་ཀྱི་ཚིགས་རྣམས་མཉམ་པོ་རྣམས་སོ། །སོར་མོའི་ཚིགས་ཕྲ་ཞིང་ཤིན་དུ་?་པའི་རྣམ་པར་བྱའོ། །རང་རང་གི་སོར་མོའི་ཕྱེད་ཀིས་སེན་མོའི་ཞེང་དོ། །ཚིགས་ཕྱེད་ཀྱི་སྲིད་དུའོ། །སེན་མོ་རྣམས་ཀྱི་རྩ བར་ཟླ་པའི་རེ་?། །ལག་མཐིལ་གྱི་ལེགས་དག་གི་སྟེང་དང་འོག་དག་ཏུ་ཆ་གཉིས་སོ། །དགེ་པའི་རི་མོའི་རྩེ་མོ་མཛེས་པ་དང། ལག་པའི་མཐིལ་མཉམ་པར་བྱའོ། །འདིར་དགེ་བའི་རི་མེ་ནི། །དུང་དང་འཁོར་ལོ་དང་པདྨ་དང། རྒྱལ་མཚན་དང་རྡོ་རྗེ་དང་བཀྲ་ཤིས དང་བུམ་པ་དང་དགའ་བ་འཁྱིལ་པ་དང་སྦྱིན་སྲེག་གི་ཐབ་དང་གོས་དང་ཟླ་བ་དང། རྩེ་གསུམ་དང་ནོར་བུ་དང་གདུགས་དང་དཔལ་གྱི་བེའུ་དང། ནས་དང་ཕྲེང་བ་དང་རྔ་ཡབ་དང་ལྕགས་ཀྱུ་ལ་སོགས་པ་བྱའོ། །ད་ནི་ཟླུམ་སྐོར་གྱི་ཚད་བརྗོད་པར་བྱ་སྟེ། དེ་ལ་ཆ་སུམ་ཅུ རྩ་དྲུག་གིས་མགོའི་ཟླུམས་སོ། །མགྲིན་པའི་རྒྱན་ཆ་བརྒྱད་དོ། །དེ་གསུམ་འགྱུར་ནི་ཟླུམས་སོ། །འཆན་འོག་གི་དབུས་ལ་ཆ་ཉི་ཤུའོ། །ཟླུམས་སུ་ཆ་གཉིས་ཀྱིས་དམན་པའི་མཐོ་ལྔའོ། །གསུས་པའི་དབུས་ཀྱི་རྒྱལ་ཆ་བཅོ་ལྔའོ། །དེའི་འོག་ཏུ་ཆ་བཅུ་དྲུག་གི་ཚང་རའོ། ། རྐེད་པ་?་ཆ་བཅོ་བརྒྱད་དོ། །མཐོ་གང་གི་པདྨའི་དབུས་ལའོ། །ཆ་དྲུག་གི་བྱིན་པའི་དབུས་ལའོ། །ཆ་བཞི་ཡིས་བྱིན་པའི་མཐར་རོ། །དེ་རྣམས་ཐམས་ཅད་ཀྱི་དེ་བཞིན་དུ་རང་རང་གི་རྒྱའི་སུམ་འགྱུར་གྱིས་ཡོངས་སུ་ཟླུམ་པའོ། །དེ་བཞིན་དུ་སོར་ཐམས་ཅད་དང་ལག པ་དག་གི་རྩ་བ་དང་རྩེ་མོ་རྣམས་ལ་བརྒྱད་དང་དྲུག་དང་བཞིའི་ཆ་རྣམས་སོ། །རང་རང་གི་རྒྱའི་སུམ་འགྱུར་གྱིས་ཟླུམས་སོ། །ཆ་གཉིས་ནས་རྒྱབ་ཀྱི་དང་སྤྱི་པོ་འབྱུང་ས་དང་རྒྱབ་ཀྱི་གྱེན་དུ་འགྲེང་བ་དག་ཐིག་མཉམ་མོ། །བརླའི་སྟེགས་བུ་དང་རྟིང་པ་དག་གི་ཐིག་མཉཾ? མོ། །ད་ནི་སྐུ་གཟུགས་ཀྱི་རོ་ན་ཏན་བརྗོད་པར་བྱ་སྟེ། བསྟེན་བཅོས་ལས་གསུངས་པའི་མཚན་ཉིད་དང་ལྡན་པའི་རྒྱ་དང་སྲིད་ཀྱི་སྐུ་གཟུགས་ནི་གནས་བརྟན་པའི་བྱེད་པ་པོར་འགྱུར་རོ། །དབུ་གདུགས་ལྟ་བུས་ནི་ནོར་དང་འབྲུ་ཡང་དག་པར་འཕེལ་བར འགྱུར་རོ། །སྨིན་མའི་?་ཁཱ་དང་དཔྲལ་བ་ཡངས་ཤིང་ཆེ་བས་དཔལ་རབ་ཏུ་སྟེར་བར་འགྱུར་རོ། །ཤངས་མཛེས་པས་ནི་སྐྱེ་དགུ་རྣམས་ལ་བདེ་བ་རབ་ཏུ་སྟེར་རོ། །འགྲམ་པ་སེང་གེའི་འདྲ་བས་ནི་ལོངས་སྤྱོད་ཆེན་པོ་རབ་ཏུ་སྟེར་བས་འགྱུར་རོ། །ཀོས་སྐོའི་དབྱིབས ཤིན་ཏུ་ལེགས་པས་ནི་འདོད་པའི་བདེ་བ་དང་བཟའ་བ་དང་བཏུང་བ་རབ་ཏུ་སྟེར་བར་འགྱུར་རོ། །སྙན་གྱི་འདབ་མ་ལེགས་པས་ནི་སྣ་ཚོགས་པའི་ཐོས་པ་མང་པོར་བྱེད་དོ། །མགྲིན་པ་ལེགས་པས་དངོས་གྲུབ་སྟེར་བར་འགྱུར་རོ། །སེང་གེའི་དབུང་པ་ལྟ་བུས་ནི་སྟོབS དང་བརྩོན་འགྲུས་དང་ལྡན་པར་བྱེད་དོ། །ཀ་རིའི་ཀའི་རྣམ་པ་ལྟ་བུའི་ཕྱག་གིས་ལས་ཐམས་ཅད་རབ་ཏུ་འགྲུབ་བོ། །སྐུ་སེང་གེའི་དབྱིབས་འདྲ་བས་འབྲུ་དང་ཕུན་སུམ་ཚོགས་པ་འཕེལ་བར་བྱེད་དོ། །ཕྱལ?་ལེགས་པས་ནི་ལོ་ལེགས་པར་བྱེད་དོ། །བརླ?་ཆུ་ཤིང་ལྟ བུས་ནི་ཕྱུགས་འཕེལ་ལོ། །བྱིན་པ་ཨེ་ཎེ་ཡའི་ལྟ་བུས་ནི་བུ་ལ་སོགས་པ་འཕེལ་ལོ། །ཞབས་ཤིན་ཏུ་དབྱིབས་ལེགས་པས་ནི་ཚུལ་ཁྲིམས་དང་རིག་པ་རབ་ཏུ་འཕེལ་བར་བྱེད་དོ། །ད་ནི་ཉེས་པའི་སྐྱོན་བཤད་པར་བྱའོ། །ཕྱག་དང་ཞབས དང་སྐུ་དང་ཡན་ལག་ཐུངས་པས་མུ་གེ་དང་ཡུལ་འཁོར་འཇིག་པར་བྱེད་དོ། །རྒྱར་དམན་པས་སྐྱེ་དགུ་རྣམས་ལ་མུ་གེ་འབྱུང་བར་འགྱུར་རོ། །སྒུར་པོ་དང་སྐུ་དམན་པ་དང་ཤངས་དམན་པས་ནད་འབྱུང་བར་འགྱུར་རོ། །སྤྱན་ཆུང་བ་དང་སྤྱན་གྱི་དཀྱིལ་འཁོར་ཟུར མིག་དང་སྤྱན་ཡོ་བས་ནོར་ཟད་པར་འགྱུར་རོ། །གཟིགས་པ་མི་ལེགས་པ་དང་འོག་ཏུ་གཟིགས་པས་ནི་དོན་ཐམས་ཅད་ཉམས་པར་བྱེད་དོ། །ཤངས་དང་སྤྱན་དང་སྙན་དང་ཕྱག་སོར་རྣམས་ཐུང་བས་དངོས་གྲུབ་དང་ཕུན་སུམ་ཚོགས་པ་རྣམས་ཉམས་པར་བྱེད་དོ།། མགྲིན་པ་དང་ཀོས་སྐོ་བྱིན་པ་རྣམས་རིང་ས་པས་གནས་ནས་སྐྲོད་ཅིང་ཉམས་པར་བྱེད་དོ། །ཚིགས་དང་སེན་མོ་དང་རྐེད་སྐབས་རྣམས་སྤོམ་པས་སྡུག་བསྔལ་བར་འགྱུར་རོ། །འགྲམ་པ་དང་ངར་གདོངས་དང་རྐང་པ་སྤོམ་པས་བགེགས་འབྱུང་བར་འགྱུར་རོ། །བྱ་བ དང་འགྲམ་སྙེགས་དམའ་བས་རྫས་དང་ལོངས་སྤྱོད་ཉམས་པར་འགྱུར་རོ། །སྙན་དང་དབུ་དང་ནུ་མ་རྣམས་ཡོ་བས་འཐབ་མོ་དང་དགྲ་ཡིས་འཚེ་བར་འགྱུར་རོ། །སྐུའི་གནས་ཉམས་པས་ཆོམ་པོ་དང་བདུད་ལ་སོགས་པས་འཇིགས་པར་འགྱུར་རོ་།བརླ་དམན པས་རིགས་འཆད་པར་འགྱུར་རོ། །ཤངས་དང་དབུ་དང་སྙན་རྣམས་ཕྲ་མོས་བདུད་དང་མི་དང་བགེགས་རྣམས་ཀྱི་བར་དུ་གཅོད་པའི་འཇིགས་པ་འབྱུང་བར་འགྱུར་རོ། །ཕྲག་པ་དང་དཔུང་པ་དང་ཕྱག་རྣམས་ཐུང་བས་མྱ་ངན་གྱི་སྡུག་བསྔལ་རབ་ཏུ་འབྱུང་བ འགྱུར་རོ། །ཚིགས་དང་བཞུགས་གདན་བྱེ་བས་སྡུག་བསྔལ་གྱིས་ཉེན་པར་འགྱུར་རོ། །སྤྱན་དང་མཆུ་དང་ཤངས་རྣམས་ཉམས་པས་མཐུ་ཉམས་པ་དང་མྱ་ངན་དང་བགེགས་འཕེལ་བར་འགྱུར་རོ། །སྟེགས་བུ་དང་བཞུགས་གདན་དང་བརྟན་ས་དང། གདུགས རྣམས་ཆུང་ཞིང་དོག་པས་ཕུན་སུམ་ཚོགས་བ་ཉམས་པར་འགྱུར་བ་དང། བདུད་དགའ་བ་ཡང་དག་འབྱུང་བ་དང་དགའ་བ་དང་བྲལ་བར་ཡང་འགྱུར་རོ་ཞེས་པ་ནི་མཐོ་དགུའི་ཚད་ཀྱི་སྐུ་གཟུགས་ཀྱི་མཚན་ཉིད་དོ།། །།མཐོ་བཅུ་ལ་སོགས་པའི་མཚན་ཉིད་ཀྱང དེ་ཉིད་མདོར་བསྡུས་ཏེ་བཤད་པར་བྱའོ། །དེ་ལ་མགོ་པོའི་ཆ་ནི་ཆ་བཞིའོ། །ཞལ་ནི་ཆ་བཅུ་གཉིས་སོ། །མགྲིན་པ་ནི་ཆ་བཞིའོ། །ལུས་ནི་ཆ་ཉི་ཤུ་རྩ་དྲུག་གོ། འདོམས་ནི་ཆ་བཞིའོ། །རྐེད་པ་ནི་ཆ་ལྔའོ། །བརླ་ནི་ཆ་ཉི་ཤུ་དྲུག་གོ་།པུས་མོ་ནི་ཆ་ལྔའོ། །རྗེ་དར་ནི་ཆ་ཉི་ཤུ་རྩ དྲུག་གོ། ལོང་བུ་ནི་ཆ་གསུམ་མོ། །སྨད་ཀྱི་ཆ་ནི་ཆ་ལྔའོ། །ནམ་ཚོམ་གྱི་སྟོང་ཀྱི་ཆ་ནི་བཅུ་དགུའོ། །དཔུང་པའི་ཆ་ནི་བཅོ་བརྒྱད་དོ། །ཕྱག་དར་གྱི་ཆ་ནི་བཅུ་དྲུག་གོ། ལག་མཐིལ་གྱི་ཆ་ནི་བཅུ་གཉིས་སོ། །ཆ་རྣམས་ཚོགས་པ་ལ་བཅུ་གཉིས་པའོ། །ནས་ཀྱི་གྲངས་དགུ་བརྒྱ་དྲུག ཅུའོ་ཞེས་པ་ནི་སངས་རྒྱས་དང་ཚངས་པ་དང་ཅིར་ཅིག་དང་རི་པི་དང་བྲམ་ཟེ་དང་སྲིན་པོ་རྣམས་ནི་མཐེ་བཅུའི་ཚད་དོ། །མགོའི་ཆ་ལ་ཆ་གསུམ་མོ། །ཞབས་ལ་ཆ་བཅུ་གཉིས་སོ། །མགྲིན་པ་ལ་ཆ་གསུམ་མོ། །ལུས་ལ་ཆ་ཉི་ཤུ་རྩ་གཉིས་སོ། །འདོམ་ལ་ཆ་གཅིག་གོ། རྐེད་པ ལ་ཆ་གསུམ་མོ། །བརླ་ལ་ཆ་ཉི་ཤུ་རྩ་གཉིས་སོ། །པུས་མོ་ལ་ཆ་གསུམ་མོ། །སྡེ་རང་ལ་ཆ་ཉི་ཤུ་རྩ་གཉིས་སོ། །ལོང་བུ་ལ་ཆ་གཅིག་གོ། འོག་གི་ཆ་ལ་ཆ་གསུམ་མོ། །ན་མ་ཚོམ་གྱི་སྟོང་ཀྱི་ཆ་ནི་བཅུ་གཅིག་གོ། པར་ལྷུ་ནི་ཆ་བཅུ་བཞིའོ། །ལག་དར་ནི་ཆ་བཅུ་དྲུག་གོ། ལག་མཐིལ་ནི་ཆ་བཅུ་གཉིས་སོ། །ཆའི་ཚོགས་པ་ལས་དགུ་བཅུ་གོ་དྲུག་གོ། ནས་ཀྱི་གྲངས་བདུན་བརྒྱ་དྲུག་ཆུ་རེ་བརྒྱད་དོ་ཞེས་པ་ནི་ལྷ་རྣམས་ཀྱི་མཚན་ཉིད་མཐོ་བརྒྱད་པའི་ཆ་ག་ཚད་དོ། །མགོ་ལ་ཆ་གསུམ་མོ། །གདོད་ལ་ལ་ཆ་གཉིས་སོ། །མགྲིན་པ་ལ་ཆ་གསུམ མོ། །ལུས་ལ་ཆ་བཅུ་དགུའོ། །འདོམས་ལ་ཆ་གཅིག་གོ་།རྐེད་པ་ལ་ཆ་གཉིས་སོ། །བརླ་ལ་ཆ་བཅུ་དགུའོ། །པུས་མོ་ལ་ཆ་གསུམ་མོ། །རྗེ་དར་ལ་ཆ་བཅུ་དགུའོ། །ལོང་བུ་ལ་ཆ་གཅིག་གོ། རྟིང་པ་ལ་ཆ་གཉིས་སོ། །ནམ་ཚོམ་གྱི་སྟོད་ལ་ཆ་བཅུ་བདུན་ནོ། །བར་ཧཱུཾ?་ ལ་ཆ་བཅུ་གཉིས་སོ། །ལག་ངར?་ལ་ཆ་བཅུ་བཞིའོ། །ལག་མཐིལ་ལ་ཆ་གཅིག་པའོ། །ཆའི་ཚོགས་པ་ལ་བརྒྱད་ཅུ་རྩ་བཞིའོ། །ནས་ཀྱི་གྲངས་ནི་དྲུག་བརྒྱ་བདུན་ཅུ་དོན་གཉིས་སོ། །མིའི་ཚད་དེ་མཐོ་བདུན་པ་ཞེས་སོ། །མགོ་ལ་ཆ་གཉིས་སོ། །གདོང་པ་ལ ཆ་བཅུ་གཉིས་སོ། །མགྲིན་པ་ལ་ཆ་གཉིས་སོ། །ལུས་ལ་ཆ་བཅུ་དྲུག་གོ། འདོམས་ལ་ཆ་གཅིག་གོ། རྐེད་པ་ལ་ཆ་གཉིས་སོ། །བརླ་ལ་ཆ་བཅུ་དྲུག་གོ། པུས་མོ་ལ་ཆ་གཉིས་སོ། །རྗེ་ངར་ལ་ཆ་བཅུ་དྲུག་གོ། ལོང་བུ་ལ་ཆ་གཅིག་གོ། རྟིང་པ་ལ་ཆ་གཉིས་སོ། །ནམ་ཆོམ་གྱི སྟོད་ལ་ཆ་བཅུ་དགུའོ། །བར་ལྷུ་ལ་ཆ་བཅིག་པའོ། །ལག་དར་ལ་ཆ་བཅུ་གཉིས་སོ། །ལག་མཐིལ་ལ་ཆ་བརྒྱད་དོ། །ཆའི་ཚོགས་བདུན་བརྒྱ་ལྔའོ། །ནས་ཀྱི་གྲངས་ལྔ་བརྒྱ་བདུན་ཅུ་དོན་དྲུག་གོ་ཞེས་པ་ནི་མཐོ་དྲུག་པ་སྟེ་དམག་དཔོན་རྣམས་ཀྱི་མཚན་ཉིད་དོ། །མགོ་ལ ཆ་གསུམ་མོ། །གདོང་བ་ལ་ཆ་བཅུ་གཉིས་སོ། །མགྲིན་པ་ལ་ཆ་གསུམ་མོ། །ལུས་ལ་ཆ་ཉེར་གཅིག་གོ། བརླ་ལ་ཆ་བཅུ་གསུམ་མོ། །པུས་མོ་ལ་ཆ་གསུམ་མོ། །རྗེ་དར་ལ་ཆ་བཅུ་གསུམ་མོ། །ལོང་བུ་ལ་ཆ་གཅིག་གོ། རྟིང་པ་ལ་ཆ་གསུམ་མོ། །ཆའི་ཚོགས་ལ་བདུན་ཅུ དོན་གཉིས་སོ། །ནས་ཀྱི་གྲངས་ལྔ་བརྒྱ་བདུན་ཅུ་དོན་དྲུག་གོ། ཞེས་པ་ནི་མཐོ་དྲུག་པ་སྟེ་ཁྲོ་བོ་རྣམས་ཀྱི་གཟུགས་ཀྱི་མཚན་ཉིད་དོ། །མགོའི་ཆ་ལ་ཆ་བཞིའོ། །གདོང་ལ་བཅུ་གཉིས་སོ། །མགྲིན་པ་ལ་ཆ་གསུམ་མོ། །ལུས་ལ་ཆ་བཅུ་གཉིས་སོ། །བརླ་ལ་ཆ་བཅུ་གཉིས སོ། །པུས་མོ་ལ་ཆ་གཉིས་སོ། །རྗེ་དར་ལ་ཆ་བཅུ་གཉིས་སོ། །ལོང་བུ་ལ་ཆ་གཉིས་སོ། །རྟིང་པ་ལ་ཆ་གསུམ་མོ། །ཆའི་ཚོགས་པ་དྲུག་ཅུའོ། །ནས་ཀྱི་གྲངས་བཞི་བརྒྱ་བརྒྱད་ཅུའོ་ཞེས་པ་ནི་མཐོ་ལྔའི་མཚན་ཉིད་དོ། །མཁའ་འགྲོ་མ་རྣམས་ཀྱི་གཟུགས་སོ།། མགོ་བོའི་ཆ་ལ་ཆ་གཅིག་གོ། གདོང་ལ་ཆ་གཅིག་པའོ། །མགྲིན་པ་ལ་ཆ་གཅིག་གོ་།ལུས་ལ་ཆ་བཅུ་གཉིས་སོ། །འདོམས་ལ་ཆ་གཅིག་གོ། བརླ་ལ་ཆ་དགུའོ། །བུས་མོ་ལ་ཆ་གཅིག་གོ་།རྗེ་དར་ལ་ཆ་དགུའོ། །ལོང་བུ་ལ་ཆ་གཅིག་གོ། རྟིང་པ་ལ་ཆ་གཉིས་སོ།། ནམ་ཚོམ་གྱི་སྟོང་ལ་ཆ་བརྒྱད་དོ། །བར་ལྷུ་ལ་ཆ་དྲུག་གོ། ལག་དར་ལ་ཆ་བརྒྱད་དོ། །ལག་པའི་མཐིལ་ལ་ཆ་བདུན་ནོ། །ཆའི་ཚོགས་པ་བཞི་བཅུ་ཞེ་བརྒྱད་དོ། །ནས་ཀྱི་གྲངས་སུམ་བརྒྱ་རེ་བཞིའོ། །མཐོ་བཞི་མཚན་ཉིད་མིའུ་ཐུང་རྣམས་ཀྱི་གཟུགས་སོ། །མགོ་བོའི་ཆ་ལ་ཆ་གཉིས་སོ།། གདོད་པ་ལ་ཆ་བཅུ་གཉིས་སོ། །ལུས་ལ་ཆ་བཅུ་གཉིས་པའོ། །བརླ་ལ་ཆ་དགུའོ། །པུས་མོ་ལ་ཆ་གཅིག་གོ། རྗེ་དར་ལ་ཆ་གཅིག་པའོ། །ལོང་བུ་ལ་ཆ་གཅིག་གོ་།རྟིང་པ་ལ་ཆ་གཅིག་གོ། ཆའི་ཚོགས་པ་བཞི་བཅུ་ཞེ་བརྒྱད་དོ། །ནས་ཀྱི་གྲངས་བརྒྱ་གྱ་བཞིའོ། །མཐོ་བཞི་པའི མཚན་ཉིད་ནག་པོ་ཆེན་པོའི་གཟུགས་སོ། །གདོང་པ་བཅུ་གཉིས་སོ། །ལུས་ལ་ཆ་བཅུ་གཉིས་སོ། །བརླ་དང་པུས་མོ་དང་རྗེ་དར་རྣམས་ལ་ཆ་བཅུ་གཉིས་སོ་ཞེས་པ་ནི་མཐོ་གསུམ་པའི་མཚན་ཉིད་ལོག་འདྲེན་གྱི་གཟུགས་སོ། །མེ་ཏོག་དང་དྲི་ཐམས་ཅད་དང། ཙན་དན དང། དུར་བ་དང། རྡོ་དང། ལྕགས་དང། ཞ་ཉེ་དང། བཱཾ་གཱི་དང། ལྕགས་གསུམ་དང། ལྕགS་ལྔ་དང། ལྕགས་ཐམས་ཅད་དང། འཁར་བ་དང། ར་གན་དང། མུ་མེན་དང། གསེར་དང། རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་དང་ཤེལ་དང། འབྲས་སཱ་ལུའི་ཟན་གྱི་རང བཞིན་དང། སའི་རང་བཞིན་རྣམས་ལ་གྲངས་ཀྱི་གོ་རིམས་བཞིན་དུ་ཐར་པ་དང། དབང་དང། ཐར་པ་དང། ཚེ་དང། དངོས་གྲུབ་དང། རྒྱལ་སྲིད་དང། མཐུ་ཆེན་པོ་དང། དགྲ་ཆོམ་པ་དང། དྲག་པོའི་མངོན་སྤྱོད་ཀྱི་ལས་དང་བསད་པ་དང། ནོར་འབྱུང་བ་དང། འདོད་པའི དོན་ཐམས་ཅད་གྲུབ་པ་དང་བསྐྲད་པ་དང། རྒྱས་པ་དང། ཞི་བ་དང། བཟའ་བ་དང། མུཀྟི་ཐམས་ཅད་ཕུན་སུམ་ཚོགས་པ་དང། ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐར་པ་དང། རྨོངས་པ་དང། ཤེས་རབ་དང། སྟོབས་རྣམས་རྣམ་པར་འཕེལ་བར་བྱེད་དོ། །དམིགས?་རིས དང་བུས་ཏ་ཀ་ལ་སོགས་པའི་བྱ་བ་བཅུ་མངོན་པར་བརྗོད་པར་བྱ་སྟེ། དེ་ལ་བྲམ་ཟེ་དང། རྒྱལ་རིགས་དང། རྗེ་རིགས་དང། དམང་རིགས་རྣམས་ཀྱི་ཁ་དོག་གིས་དཀར་པོ་དང། སེར་པོ་དང། དམར་པོ་དང། ནག་པོ་རྣམས་ཀྱིས་སོ། །གཞོན་ནུ་མ་རྣམས་ཀྱིས་བཀའ་ བ་འམ་དཔའ་བོའི་རིན་གྱིས་ཉོས་པའི་སྣལ་མ་ལས་གྲུབ་པའི་རས་ལ་བྱ་སྟེ། སློབ་དཔོན་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་ལྷ་འདྲི་བས་རིགས་པའི་གཏོར་མ་འབུལ་བ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་སའི སློབ་དཔོན་བསམ་གཏན་གྱི་གནས་སུ། ཨོཾ་ན་མ:ས་མནྟ་བུདྡྷཱ་ནཱཾ་སཾ་བོ་དྷ་ནི་བི་ཤུདྡྷཱ་ནཱཾ་སརྦ་བིགྷྣ་ཧ་རནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་སྔགས་སོ། །ོཾ་ཧཱུཾ་ཏྲཱཾ་ཧྲཱིལྔའི་ཆུས་ཡོངས་སུ་གང་བའི་ཆུ་འགྲམ་དུ་ལས་ཐམས་ཅད་པའི་བུམ་པའི་ཆུས་ལགས་པར་ངས་བཀྲུ་བར་བྱའོ། །རྣལ་འབྱོར་དང་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་དུ་གསུངས་པའི་ལྷ་རྣམས་འབྲི་བར་གྱུར་ན། དུར་ཁྲོད་དུ་ལྟུང་བའི་གོས་དང་དཔའ་བོའི་གོS དང་རྡུལ་གྱིས་གོས་པའི་རས་ཀྱིས་རྡུལ་བྱུགས་པ་དང་དུར་ཁྲོད་ཀྱི་རས་དང་མིའི་ལྤགས་པ་དང་ཐོད་པ་རྣམས་སོ། །དུར་ཁྲོད་ཀྱི་ཐལ་བ་དང་ཆང་དང་བུམ་པའི་ཆུས་ལེགས་པར་བཀྲུ་བར་བྱའོ། །སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ཀྱི་བདག ན་ཡིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་བཅུག་སྟེ་མཆོད་ཡོན་ཕུལ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཁུ་ཚུར་གྱིས་སྐུད་པ་ཆོ་ག་ཇི་ལྟ བ་བཞིན་དུ་བཀྲི་བར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེའི་བདག་ཉིད་རི་མོ་མཁན་པོ་ཉི་མ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་དང་པདྨས་ལག་པ་གཡས་གཡོན་དུ་མཚན་པའོ། །ལག་པ་གཡས་ཡེ་ཤེས་ལྔའི་བདག་ཉིད་དུ་འཇུག་པའི་པིར་བཟུང་ནས་རེ་ཁཱ་ལ སོགས་པ་བྲི་བར་བྱའོ་ཞེས་པ་ནི་རས་བྲིས་ཀྱི་ཆོ་གའོ། །པུས་ཏ་ཀ་འབྲི་བར་གྱུར་ན་གཏོར་མ་སྔོན་དུ་འགྲོ་བས་ཡིག་མཁན་རྣམ་པར་སྣང་མཛད་ཀྱི་སྐུར་རྣམ་པར་བསྒོམས་ཏེ། དེའི་སྙིང་ག་དང་མགྲིན་པ་དང། མགོ་བོ་རྣམས་སུ་གོ་རིམས་བཞིན ད་ཨུ་རྡོ་རྗེ་དང་པདྨ་དང་འཁོར་ལོ་ལ་གནས་པའི་ཧཱུཾ་ཨཱོཾ་ཞེས་སོ། །དེ་ནས་རང་ཉིད་ཀྱང་ཏཱ་ལའི་ལོ་མ་དང་ཤུ་གུ་དང་གྲོ་ག་ལ་སོགས་པའི་དངོས་པོ་ལ་དྷཱིཾཔར་བྱའོ། །ོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་འདིས་ཀྱང་ངོ། །སྣག་ཆ་ཡང་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྡུལ་དུ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་གཟུགས་སུ་རྣམ་པར་བསྒོམས་ནས། ཨོཾ་བཛྲ་དྷརྨམ་ཧྲཱིབརྒྱད་ཡོངས་སུ་བཟླས་སོ། །སྨྱུ་གུ་དང་པོ་མཆོག་གི་རྡོ་རྗེར་རྣམ་པར་བསམས་ནས། ཨོཾ་ཤྲུ་ཏེ་སྨྲི་ཏེ་བི་ཛ་ཡ་སརྦ་ཛྙཱ་ན་པ་ཊ་ལཱ་པ་ཧཱ་རི་ཎི་ཧྲཱིཡིག་མཁན་གྱིས་ཀྱང་གཏོར་མ་ཕུལ་ནས་ཡོངས་སུ་བྲི་བར་བྱའོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ་ཞེས་པ་ནི་པུསྟ་ཀའི་ཆོ་གའོ། །སྐུ་གཟུགས་བཞེངས་པར་གྱུར་ན། གཏོར་མ་སྔོན་དུ་འགྲོ་བས་ཡིད་ཀྱིས་ལྷ་བཟོ་བ་ལྷའི་བདག་པོའི་སྐུར་བསམS ནས། སྔོན་མ་ཇི་ལྟ་བ་བཞིན་དུ་སྙིང་ག་ལ་སོགས་པ་རྣམས་སུ་ཧཱུཾ་ཨཱཀྱིས་ལྷག་པར་གྲོལ་བར་སྙིང་གའི་ས་བོན་ལས་བཞེངས་པར་བྱ་བའི་ལྷའི་སྐུར་བསམས་ནས། དེ་བཞིན་གཤེགས་ཀྱི་རང་བཞིན་གང། །དེ་ཡི་རང་བཞིན་འགྲོ་འདི་སྟེ། །རང་བཞིན་མེད་པའི་དེ་བཞིན་གཤེགས། །འགྲོ་བ་འདི་ཡང་རང་བཞིན་མེད།། འདིས་དངོས་པོ་རྣམ་པར་སྦྱང་བར་བྱའོ། །ནམ་མཁའ་ལ་དེ་བཞིན་གཤེགས་པ་ཐམས་ཅད་བལྟས་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཉེ་བར་བསྙེན་པར་བྱའོ། ། མཁའ་ཁྱབ་ཀུན་ཏུ་འགྲོ་བ་ཡིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །སངས་རྒྱས་མཛད་པའི་གནས་འདི་ལ། །མཆོད་ཕྱིར་ཉེ་བར་གཤེགས་སུ་གསོལ། །ཞེས་བརྗོད་པར་བྱའོ། །དེ་ནས་བཞེངས་པར་བྱ་བའི་ལྷའི་ཐུགས་ཀའི་སྔགས་ཀྱིས་ལན བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་ལ། ཡེ་ཤེས་སེམས་དཔའ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་སྟེ་བུམ་པའི་ཆུས་ཀྱང་ཁྲུས་བྱས་ནས་ཉེ་བར་སྤྱད་པ་ལྔས་ཡང་དག་པར་མཆོད་པར་བྱས་ནས། ཨོཾ་བཛྲ་སཏྭ། སཱདཔའ་དམ་ཚིག་གི་ཕྱག་རྒྱ་བལྟས་ནས། ཨོཾ་བཛྲ་བེ་ཤ་ཧེགནས་པར་བྱས་ནས་དེ་ལ་དྲེའི་ཐིག་ལེ་དང་སོ་?་སོགས་པ་བྱིན་ནས་གཏད་པར་བྱའོ། །ལས་མི་ལ་སོགས་པ་རྣམས་ཀྱང་ས་རྩིལ་སོགས་པས་ཚིམ་པར་བྱ་ཞིང་བརྟེན་པར་བྱ་བ་རྣམས་ལ་ཡང་སྟོན་མོ་དང་གཏོར་མ་ལ་སོགས་པ་དབུལ་ལོ།། དེ་ནས་ལྷ་བསྒོམ་པ་རྣམ་པར་གཤེགས་ནས་སྦྱིན་བདག་ལ་ཤིས་པ་བརྗོད་པར་བྱའོ་ཞེས་པ་ནི་སྐྱེ་གནས་སྦྱད་བའོ། །ང་ནི་མཆོད་སྡོང་གི་རང་བཞིན་ལྷའི་སྙིང་པོར་བྱེད་པས་དེའི་སྙིང་གའི་ས་བོན་གསེར་གྱིས་བྲིས་པའི་ཡི་གེ་སྙིང་གར་བཞུག ཅིང་སྤྱད་པར་བྱའོ། །གཞོན་ནུ་མས་བཀལ་པའི་སྐུད་པས་བཀྲིས་ནས་དེའི་ཕྱིས་རྣམས་ཀྱིས་བསྐོར་བར་བྱའོ། །སློབ་དཔོན་གྱིས་ཁྲུས་ཀྱང་བྱའོ། །དེ་ནས་ནམ་མཁའ་ཨི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧོ?་ཡིག་དམར་པོ་གཉིས་ཀྱིས་བརྟེན པའི་དེ་ཉིད་གསུམ་དང་བཅས་པའི་ལྷའི་ས་བོན་བལྟས་ནས། ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་གནས་སུ་རབ་བཞུགས་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་འདི་ལ་བཞུགས་པར་ཞུ། །ཕྱོགས་རྣམས་མ་ལུས་བཞུགས་པ ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆེ་གེ་ཞེས། །བདག་གིས་ལྷ་རྣམས་བསྐྲུན་པར་གྱི། །སློབ་མ་རྣམས་ལ་བརྩེ་ཕྱིར་དང། །སེམས་ཅན་སོ་སོའི་དོན་རྒྱུའི་ཕྱིར། །ས་བོན་ལས་བྱུང་ཡེ་ཤེས་ཆེ། །མཆོད་ཕྱིར་ལྷག་པར་གནས་པར མཛོད། །ཅེས་ལན་གསུམ་བརྗོད་པས་གསོལ་བ་བཏབ་ཅིང་མཆོད་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། ཨོཾ་བཛྲ་ཀུ་ཤ་བི་ཛི?་ཨཱ་ཀརཥ་ཡ་ཛཞེས་པའི་སྔགས་ཀྱིས་དགུག་པ་ལ་སོགས་པ་བྱས་ནས་ས་མ་ཡ་སྟཝཾ་ས་མ་ཡ་ཧཾ་ཞེས་ལན་གསུམ་བརྗོད་པས་ལྷག་པར་གནས་པར་བྱའོ། །དེ་ནས་རང་གི་ས་བོན་ལས་ལྷ་རྣམས་རྫོགས་པར་བསྐྱེད?་ནས་སྐྱེད་མོས་ཚལ་ཞེས་ཤེས་པའི་ཕྱིར་སྔགས རྒྱལ་བཟླས་པ་དང་ཡི་གེ་བརྒྱ་པ་ཡང་བརྗོད་ནས་ཆོ་གས་མཆོད་པ་དང་གཏོར་མ་ཡང་དབུལ་བར་བྱའོ། ། །།སྐྱེད་མོས་ཚལ་གྱི་ཆོ་གའོ། །ང་ནི་བླ་རེས་དང་གདུགས་དང་རྒྱལ་མཚན་དང་པོ་དན་རྣམས་ཀྱིས་ཁྲུས་ཀྱི་སྟེགས་བུ་ལ་མེ་ཏོག་ལ་སོགས པ་རྣམས་ཀྱིས་བརྒྱན་ནས་དེའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་མངོན་པར་བྲིའོ། །ཡང་ན་ཁྲི་ལ་ཆུ་སྐྱེས་འདབ་རྒྱད་པ་མངོན་པར་བྲིས་པ་དེའི་ཕྱི་རོལ་ཏུ་བུམ་པ་བརྒྱད་དགོད་པར་བྱའོ། །དེ་ནས་དབང་ལྡན་དུ་རྣམ་པར་སྣང་མཛད་ཆེན་པོ་དང་རྡོ་རྗེ་སེམས་མ དང། རིན་ཆེན་རྡོ་རྗེ་མ་དང་ཆོས་ཀྱི་རྡོ་རྗེ་མ་དང་ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མཚན་མ་ལྡས་མཚན་པའི་བུམ་པ་གཅིག་གོ། ཤར་དུ་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པ་དང། རྡོ་རྗེ་ལེགས་པ་རྣམས་ཀྱི་མཚན་མ་ལྔས མཚན་པའི་བུམ་པ་གཅིག་གོ། མེར་རྡོ་རྗེ་སྒེག་མོ་དང། རྡོ་རྗེ་ཕྲེང་བ་མ་དང། རྡོ་རྗེ་གླུ་མ་དང་རྡོ་རྗེ་གང?་མ་དང། རྡོ་རྗེ་བདུག་སྤོས་མ་དང། རྡོ་རྗེ་མེ་ཏོག་མ་དང། རྡོ་རྗེ་མར་མེ་དང། རྡོ་རྗེ་དྲི་མ་རྣམས་ཀྱི་མཚན་མ་བརྒྱད་ཀྱིས་མཚན་པའི་བུམ་པ་གཅིག་གོ། ལྷོར་རིན་ཆེན་འབྱུང་ལྡན་དང་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་གཟི་བརྗིད་དང་རྡོ་རྗེ་ཏོག་དང་རྡོ་བཞད་པ་དང་ལྔའི་མཚན་མས་མཚན་པའི་བུམ་པ་གཅིག་གོ་། བདེན་བྲལ་དུ་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང། རྡོ་རྗེ་འབེབས་པ་རྣམས་ཀྱི་མཚན་མ བཞིས་མཚན་པའི་བུམ་པ་གཅིག་གོ། ནུབ་ཏུ་འོད་དཔག་མེད་དང་རྡོ་རྗེ་ཆོས་དང། རྡོ་རྗེ་རྣོན་པོ་དང་རྡོ་རྗེ་རྒྱུ་དང་རྡོ་རྗེ་སྨྲ་བ་རྣམས་ཀྱི་མཚན་མ་ལྔས་མཚན་པའི་བུམ་པ་གཅིག་གོ། རླུང་དུ་བྱམས་པ་དང་དོན་ཡོད་གཟིགས་དང། ངན་སོང་ཐམས་ཅད་འཇོམས པ་དང་མྱ་ངན་དང་མུན་པ་ཐམས་ཅད་སེལ་བའི་བློ་གྲོས་དང། སྤོས་ཀྱི་ཀླང་པོ་དང་དཔའ་བར་འགྲོ་བ་དང། ནམ་མཁའ་མཛོད་དང། ཡེ་ཤེས་རྟོག་དང་འོད་དཔག་མེད་དང། ཟླ་འོད་དང། བཟང་སྐྱོང་དང་དྲ་བ་ཅན་གྱི་འོད་དང་རྡོ་རྗེ་སྙིང་པོ་དང་མི་ཟད་པའི་བློ གྲོས་དང། སྤོབས་པ་བརྩེགས་པ་དང་ཀུན་ཏུ་བཟང་པོ་རྣམས་ཀྱི་མཚན་མ་བཅུ་དྲུག་གིས་མཚན་པའི་བུམ་པ་གཅིག་གོ། བྱང་དུ་དོན་ཡོད་གྲུབ་པ་དང་རྡོ་རྗེ་ལས་དང། རྡོ་རྗེ་སྲུང་བ་དང། རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་མཚམས་རྣམས་ཀྱི་མཚན་མ་ལྡས མཚན་པའི་བུམ་པ་གཅིག་གོ་ཆུ་སྐྱེས་འདབ་མ་བརྒྱད་པ་བྲིས་པའི་ཟེ་འབྲུའི་སྟེང་དུ་སྟེགས་བུ་ལ་ཟླ་བའི་དཀྱིལ་འཁོར་ལ་རས་བྲིས་ལ་སོགས་པའི་སྟེང་གཡོགས་པའི་སེང་གེའི་ཁྱིལ་བཞུགས་པའི་ལྷག་པར་མོས་པས་སོ། །ཡང་ཁྲུས་ཀྱི དཀྱིལ་འཁོར་དང་བྲེལ་བས་ཡང་ངོ། །དེ་བཞིན་དུ་གཞན་དུ་ཡང་ཁྲི་ལ་སོགས་པའི་རང་བཞིན་ལ་དེའི་མཎྜལ་ལ་རས་བྲིས་དང་པུསྟ་ཀ་དང་མཆོད་རྟེན་ལ་སོགས་པ་ཞལ་ཤར་དུ་མངོན་པར་ཕྱོགས་བས་སེམ་གཞན་དུ་ཡང་རུང་སྟེ་བཞུགས་པར་བྱའོ། གར་ལངས་པ་དང་སྤྱོད་ལམ་གྱི་བར་མི་འཐོག་ཅིང་འོས་པས་སོ། །གཙུག་ལག་ཁང་དང་མཆོད་རྟེན་དང་དྲི་གཙང་ཁང་དུ་སྐུ་གཟུགས་ལ་སོགས་པ་ནམ་མཁའ་ཨི་ཁྲུས་ཀྱི་སྟེགས་བུ་རབ་ཏུ་སྦྱོར་བས་གཉིས་པོ་ཇི་ལྟར་དམ་ཚིག་གི་ཉེས་པ་སྐུ་གཟུགས་ལ་སོགས པའི་མདུན་དུ་བྱ་སྟེ་དེ་ལ་ཞལ་མངོན་པར་ཕྱོགས་པས་སླར་ཡང་ཞབས་བསིལ་དང་མཆོད་ཡོན་ལ་སོགས་པ་འབུལ་བ་སྔོན་དུ་འགྲོ་བས་མཆོད་ཡོན་དབུལ་བའི་སྔགས་ཀྱིས་སྦྱང་བར་བྱའོ། །སྦྱང་བའི་སྔགས་དང་མེའི་བྱ་བ་དང་ལྡན་པས་སོ། །དེ་ནས་སྐུ ག་ཟུགས་ཀྱི་ཐུགས་ཀ་དང་མགྲིན་པ་དང་དཔྲལ་བ་རྣམས་སུ་ཧཱུཾ་ཨཱམར་མེས་ཨོཾ་བཛྲ་ཡཀྵ་ཧཱུཾ། འདིས་ལན་བདུན་མངོན་པར་སྔགས་ནས་མར་དང་སྤོས་དཀར་གྱི་གདུག་པས་བདུག་པར་བྱའོ་ཞེས་སྦྱང་པའི་རིམ་པའོ། །དེའི་རྗེས་ལ་རྡོ་རྗེ་ལས་ཀྱི་སྔགས་ཀྱིས་ལན་བདུན་མངོན་པར་སྔགས་པའི་དུར་པའི་ཆུན་བུས་ཟངས་མའི སྣོན་ན་གནས་པའི་ཞོ་དང་འོ་མ་དང་མར་དང་སྦྲང་དང་ཀ་ར་བདུད་རྩི་ལྔའི་རང་བཞིན་རྣམས་དཀྲུགས་ཏེ་ཞོ་དང་འོ་མ་དང་མར་དང་བའི་ལྕི་བ་དང་ཆུ་སྟེ་བའི་རྣམ་ལྔ་རྣམས་ཀྱི་སྟེ། ཨོཾ་ཧཱུཾ་ཏྭཱཾ་ཧྲཱིབ?་ཧཱུཾ་ཞེས་པའི་སྔགས་ཀྱི་ལྷག་པར་གནས་ལ་གང་ཞིག་རི་མོ་དང་རས་བྲིས་དང་པུསྟ་ཀ་དང་སའི་རང་བཞིན་ལ་སོགས་པ་རྣམས་ལ། དེ་རྣམས་མེ་ལོང་གི་གཟུགས་བརྙན་གྱི་གཟུགས་ལའོ། །བྱམས་པ་ལ་སོགས་པའི་སྔགས་ཀྱིས་མངོན་པར་སྔགས་པའི བུམ་པའི་?་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པས་ཁྲུས་བྱའོ། །བྱམས་མགོན་ལ་སོགས་བྱང་ཆུབ་སེམས་དཔའ་གང་རྣམས་ཀྱིས། །གང་ཡང་གཙུག་ལག་ཁང་དང་སེམས་ཅན་རྣམ་དག་གྲགས། །སྐྱེ་དགུའི་རབ་རིབ་ཉེས་རྣམས་མ་ལུས་འཇོམས གྱུར་པ། །དབང་བསྐུར་མཆོག་གི་བཀྲ་ཤིས་དེ་ནི་ཁྱེད་ལ་ཤོག་།དེ་ནས་འཁར་བའི་སྣོད་དུ་གནས་པའི་ནྱ་གྲོ་དྷ་དང། ཨཽ་དུམ་པ་ད་དང། བླཀྵ་དང། བྱང་ཆུབ་ཤིང་དང། དྲིའི་ཁུ་བ་དང། འོ་མ་དང་ཤིང་རྣམས་ཀྱི་ཤུན་ལྤགས་རྣམས་ཀྱི མཉེས་ཞིང་སྦྱང་ངོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་དབང་པོས་སོ། །དེ་བཞིན་དུ་ཨོཾ་ཧཱུཾ་ཏྭཱཾ་ཧྲཱིལ་གནས་པའི་བྱུག་པས་བྱུགས་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་བཟླས་པའི་དུམ་བུའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཅས་པས་ཁྲུས་བྱའོ། །དྲིལ་བུའི་ཕྱག་གི་ཞགས་པས་དགུག་དང་བཅིང་བ་མཆོག་དགུག་སོགས། །སྣ་ཚོགས་ཉེས པའི་ལས་རྣམས་དོན་ལྡན་པས། །སྒོ་ནས་གཞུག་ཅིང་གཞན་ཡང་གླུ་དང་སྟོང་ཉིད་དང། དབང་བསྐུར་མཆོག་གི་བཀྲ་ཤིས་དེ་ནི་ཁྱེད་ལ་ཤོག་།དེ་ནས་འཁར་བའི་སྣོད་ན་གནས་པའི་ཡུང་བའི་ཁུ་བས་བྱུགས་ནས་ཁྲུས་བྱའོ། །ཙན་དན་དཀར་པོ་དང་དམར པོ་དག་གུར་ཀུམ་ལ་སོགས་པ་དང། གྲན་ཐིའི་ལོ་མ་དང་ཨ་ཀ་རུ་དང་ག་པུར་དང། གླ་བ་ལ་སོགས་པ་ཇི་ལྟར་རྙེད་པའི་རྣམས་དང། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྡོ་རྗེ་སེམས་པ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བུམ་པ བཟུང་ནས་བཀྲ་ཤིས་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་བུམ་པའི་ཆུས་ཁྲུས་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་བགྱིའོ། །དེ་ལ་ཆགས་པའི ཆུ་རྣམས་གོས་འཇམ་པོས་ཕྱེ་བར་བྱའོ། །དེའི་རྗེས་ལ་སློབ་དཔོན་གྱིས་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བསྐྱེད་ལ་མེ་ཏོག་དྲི་ཞིམ་པོས་ཐལ་མོ་སྦྱར་ལ་ལུས་ཀྱི་ཕྱག་འཚལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་བི་ལཱ་སྱ་ན་མི་ཏེ་ན་མཱ་མི་བྷ་ག བ་ཨཱན་ཏཾ་ཤྲཱི་ཆེ་ག་མོ་བཛྲཱ་ཛཁྱོད་ལ་འདུད་། སློབ་མ་རྣམས་ལ་བརྩེ་ཕྱིར་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེ་བདག་ཉིད་ཅན། །རབ་གནས་བགྱི་བར་བདག་འཚལ་ལོ། དེའི་ཕྱིར་བཅོམ་ལྡན་བདག་གུས་ལ། །ཁྱེད་ཀྱིས་བཀའ་དྲིན་གནང་བར་མཛོད། །ཇི་ལྟར་རྫོགས་པའི སངས་རྒྱས་ཀུན། །དཀའ་ལྡན་དུ་ནི་རབ་བཞུགས་པས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་ལྟར་འདི་ལ་བཞུགས་སུ་གསོལ། །འདི་ལ་མགོན་པོ་རྟག་བཞུགས་ནས། །བདག་གི་མེ་ཏོག་ལ་སོགས་བཞེས། །བྱང་ཆུབ་སེམས་ཀྱི་དངོས་གྲུབ་ཕྱིར། །བརྩེ་བའི་དོན ཕྱིར་རྗེས་སུ་ཟུང། །སངས་རྒྱས་འགྲོ་དོན་སྩོལ་མཛད་དང། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གང་དག་གཞན་ཡང་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང། །འབྱུང་པོ་བྱང་ཆུབ་བསྟན་གནས་དང། གང་ཡང་རྡོ་རྗེའི་སྤྱན་ལྡན་དང། །སེམས་ཅན བསྟན་ལ་མངོན་དགའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །རབ་གནས་ཆོ་ག་དང་ལྡན་པ། །ཇི་ལྟར་ནུས་བཞིན་ཉེར་སྤྲོད་པས། །འགྲོ་རྣམས་དག་ཕྱིར་བདག་གིས་བགྱི། །བདག་དང་སློབ་མ་ལ་ཕན་ཕྱིར། །བརྩེ་བས་རྗེས་སུ་བཟུང མཛད་ནས། །འཁོར་དང་བཅས་པ་རྣམས་ནི་འདིར། །མཆོད་ཕྱིར་ཉེ་བར་བྱོན་པར་ཞུ། དེ་ལྟར་ལན་གསུམ་དུ་བརྗོད་པས་སྙན་གསན་དབབ་པར་བྱས་ནས་ཡང་བསྟོད་པ་དང་བདུད་རྩི་མྱང་བར་བྱའོ། །དེ་ནས་འདིས་ལྷ་རྣམས་སྙན་གསན་ཕབ་ནས་བདག་ཉིད་རབ་ཏུ དགའ་བར་བྱའོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཚུངས་པར་ནི། །བདག་ནི་ཐེ་ཚོམ་མེད་པར་གྱུར། །བྱང་ཆུབ་སེམས་ཉིད་གཅིག་པོ་ལས། །བདག་ནི་ཕྱིར་མི་ལྡོག་པར་གྱུར། །དེང་བདག་ཐེ་ཙོམ མེད་པར་ནི། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས། །དེ་རིང་བདག་ཉིད་མཆོག་གྱུར་ཏེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཀུན་གྱི་མངོན་སུམ་དུ། །བདག་གིས་སྙན་གསན་ཉེ་བར་ཕབ། །དེ་ནས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་རམ ཡང་ན་ཁྲོ་བོའི་རྣལ་འབྱོར་གྱིས་མན་ངག་ཇི་ལྟ་བ་བཞིན་དུ་ཟས་པ་སོགས་པ་རྣམ་པར་སྦྱངས་ནས་ཐོད་པར་གཏོར་མ་དབུལ་བར་བྱའོ། །དེ་ནས་བུམ་པའི་ཆུས་གཏོར་ཏེ། རྡོ་རྗེ་སྲུང་པའི་སྔགས་ཀྱིས་ལན་གསུམ་བཟླས་ཏེ་མདུད་པ་གསུམ་དང་ལྡན་པས་སོ་སོའི ལག་པ་གཡས་པའི་འཁྲིག་མ་ལ་བཅིངས་ཏེ་སློབ་མ་བསྲུང་བར་བྱའོ། །དེ་འདི་ཉིད་ཀྱང་བསྒྲག་པར་བྱ་སྟེ། སྔགས་པས་འགའ་ཞིག་སྙིང་ག་ནི། །མཆོད་པ་ལ་སོགས་ཆོ་ག་བྱ། །གཡོ་མེད་པ་ཡིས་འདི་བྱས་ན། །མཆོད་སྦྱིན་ཆེན་པོའི་འབྲས་བུ་འབྱུང་ཞེས་སོ།། དེ་ནས་བསྲུང་བའི་དོན་དུ་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པས་ཡོངས་སུ་བསྔགས་ནས་མལ་ལ་སོགས་པའི་མཚམས་ཀྱི་མཐལ་བསལ་ནས་སོ། །དེ་ནས་ཉི་མ་གཞན་ལ་ནང་པར་སྔ་བར་དམ་ཚིག་ལ་ཞི་བའི་གཏོར་མ་ཕུལ་ནས་སྐུ་གཟུགས་ལ་སོགས་པ་དེ་ཉིད དུ་བཞུགས་སུ་གསོལ་ལོ། །གཙུག་ལག་ཁང་ལ་སོགས་པ་རྣམས་ཀྱང་ཇི་ལྟར་གནས་པའི་དམ་ཚིག་སེམས་དཔར་བསྐྱེད་པར་བྱའོ། །པོ་ཏི་རྣམས་བསྲུང་བའི་ཚོགས་དང་སྟོང་པ་ཉིད་ཀྱི་མཐར་པདྨ་དམར་པོ་དང་ཉི་མ་ལ་ཧྲཱིབ་ཡུང་བའི་ཆུ་སྐྱེས་དང་ཧྲཱིདང་ཟླ་བ་ལ་བྷྲུཾ་ཡིག་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་དང་བྷྲུཾ་ལས་རྣམ་པར་སྣང་མཛད་དང་དེ་ཡོངས་སུ་གྱུར་པ་ལས་མར་མེ་མཛད་ཀྱི་གཙུག་ལག་ཁང་གི་གཟུགས་དང་དྲི་གཙང་ཁང་གི་གཟུགས་དང། མཆོད་རྟེན་གྱི་གཟུགས་རྣམས ཀྱང་དམ་ཚིག་སེམས་དཔར་བསྐྱེད་ནས་ཞབས་བསིལ་དང། མཆོད་ཡོན་དང་ཞལ་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་སྦྱང་བར་བྱའོ། །དེའི་མཐར་ཆོ་ག་ལས་གསུངས་པའི་བདུད་རྩི་ལྔ་ལ་སོགས་པས་དྲིལ་ཕྱི་ལ་སོགས་པ་བྱས་ནས་གུར་གུམ་ལ་སོགས ཇི་ལྟར་རྙེད་ལ་མི་བསྐྱོད་པའི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པས་དབང་བསྐུར་བར་བྱའོ། །བཀྲ་ཤིས་གང་ཞིག་ལག་ན་རྡོ་རྗེ་རྒྱལ་པོའི་དཔལ་དེ་དང། །རྡོ་རྗེ་ཆགས་པ་མཆོག་ཏུ་ལེགས་པ་ཤིན་ཏུ་བཞད པ་དང། །མི་བསྐྱོད་རྒྱལ་པོ་བདེ་བར་གཤེགས་པའི་བདེ་བ་ཆེན་པོ་ཡིས། །དབང་བསྐུར་མཆོག་ལ་དེ་ཡི་བཀྲ་ཤིས་དི་རིང་འབྱུང་གྱུར་ཅིག། དེ་ནས་དེ་ཉིད་ཀྱི་རིམ་པས་དབང་བསྐུར་ནས་གོས་གཙང་མ་འཇམ་པོས་ཆུ་རྣམས་ཀྱི་བར་བྱའོ། །དེ་ནས་ལག་པས་མཉེ བར་བྱའོ། །དེ་ནས་སྐུ་གཟུགས་ཀྱི་དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་སྤྱན་དང་སྙན་དང་ཤངས་དང་ལྗགས་དང་མཚམས་ཀྱི་མཛའ་དང་ལྟེ་བ་རྣམས་སུ་ཨོཾ་ཨཱ?་མས་དངུལ་གྱི་སྣོད་དུ་གནས་པའི་མར་དང་སྦྲང་གིས་ཕྱག་ཅིང། ཟུར་ལྡན་སྨན་པའི་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །ཁྱེད་ཀྱི་མི་ཤེས་རབ་རིབ་ནི། །དེ་བཞིན་བདག་གི་བསལ་བར་བགྱི། །ོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བེ་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད ནས་མིག་སྨན་གྱིས་སྐུ་གཟུགས་ཀྱི་སྤྱན་དབྱེ་བར་བྱའོ། །པོ་ཏི་ལ་སོགས་པ་དང་རས་བྲིས་རྣམས་ཀྱི་མེ་ལོང་གི་གཟུགས་བརྙན་གྱིས་རང་བཞིན་ལས་སྤྱན་གཡས་པ་དང་གཡོན་པ་དག་ལ་མ་དང་ཊ་ཡིག་དག་གི་ས་བོན་ལས་ཉི་མ་དང་ཟླ་བ་བལྟས་ལ། ཨོཾ དབྱི་ཙཀྵུ་ཤེ་ཧཱུཾ། མེར་མེས་སླར་ཡང་ཨོཾ་དབྱི་ཙེཀྵུ་ཤེ་ཧཱུཾ། མིག་གཡས་པའོ། །ོཾ་དྷརྨ་ཙཀྵུ་ཤེ་ཧཱུཾ་མིག་གཡོན་པའོ། །ོཾ་ཨཱ:ཛྙཱ་ན་བཛྲ་ཛྙཱ་ན་ཙཀྵུཧཱུཾ་རྡོ་རྗེ་ཡིས་སླར་ཡང། ཨོཾ་པྲཛྙཱ་ཙཀྵུ་ཤེ་ཧཱུཾ་མིག་གཡོན་པའོ། །ོཾ་བཛྲ་ཙཀྵུ་ཤེ་ཧཱུཾ་མིག་གཡས་པའོ། །ོཾ་ཨཱཐམས་ཅད་ཁྱབ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ལྷའི་སྤྱན་རྣམས་ངེས་པར་སྦྱར་བས་མོས་ཤིང་སྤྱན་དབྱེ་བར་བྱའོ། །དེའི་རྗེས་ལ་འབྲས་ཡོས་ལ་སོགས་པས་གང་བའི་དུད་ཆོས་ཀྱི་སྣོད་དུ་སྣ་ཚོགས་པའི་རིན་པོ་ཆེའི་ཁྱད་པར ག་ཡིས་ཀྱང་ཨོཾ་ཨཱཱ་ཙན་དན་དང་གུར་ཀུམ་ལ་སོགས་པའི་ཐིག་ལེ་བྱའོ། །ོཾ་ཨཱདེ་བཞིན་གཤེགས་པའི་སྐུ་ཁྱབ་པའི་དོན་དུ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིན་ཏྱོ་མྲི་ཏ་དྷ་རེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་འོ་མ་དབུལ་བར་བྱའོ། །དུག་མེད་པའི་ཕྱིར་སྨན་ལྔ་པོ་རྣམས་དབུལ་བར་བྱའོ། །ཉེ་སྤྱད་རྣམ་པ་ལྔས་མཆོད་ནས་རྡོ་རྗེ་འབེབ་པའི་དམ ཚིག་གི་ཕྱག་རྒྱ་བཅིངས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ་ཞེས་པ་ནི་བསྐྱེད་བའི་ལས་སོ། །དེའི་རྗེས་ལ་སློབ་དཔོན་གྱིས་ཨོཾ་བཛྲ་སཏྭ་ཨཱ། ཞེས་པ་འདིས་མེ་ལོང་བསྟན་ནས་སྔོན་དུ་གསུངས་པའི་སྔགས་ཀྱིས་གི་ཝང་ལ་སོགས་པའི་དྲིའི ཐིག་ལེ་དབུལ་ལོ། །རང་གི་སྙིང་གར་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་བཀོད་ལ་ལྷ་རྣམས་ཀྱི་ཡི་གེ་རྣམས་རབ་ཏུ་འབར་མགོ་བོའི་སྟེང་དུ་དེའི་འོད་ཟེར་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་གང་བ་རྣམ་པར་བསྒོམས་ནས། སླར་ཡང་བཀུག་ནས་དེ་ཉིད་ལ་རབ་ཏུ ཞུགས་ཏེ་རང་གི་ཐུགས་ཀའི་མིང་གི་ཡི་གེ་རྣམས་ལས་བྱུང་ནས་སྐུ་གཟུགས་དང་ལྷ་རྣམས་ཀྱི་ཐུགས་ཀར་རབ་ཏུ་ཞུགས་ཏེ་དེ་བཞིན་དུ་དེ་ཉིད་སྤྲོ་བ་ལ་སོགས་པའི་རྣམ་པས། འཁོར་ལོའི་དབང་ཕྱུག་གི་སྔགས་ཀྱིས་བསྔགས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་ཚིགས སུ་བཅད་པ་དང་བཅས་པས་དབང་བསྐུར་བར་བྱའོ། །གང་ཞིག་སེམས་དཔའ་རིན་ཆེན་ཆོས་མཆོག་ལས་ཀུན་རྡོ་རྗེ་ཅན། །གང་ཞིག་ཕྱག་རྒྱའི་ཚོགས་པ་དང་ནི་བཅས་པའི་ལྷག་མཐོང་གི། རྣམ་པར་སྣང་མཛད་གང་གི་སྲིད་བའི་སྡུག་བསྔལ་འཇོམས་མཛད་པ། །དེ་ཡི བཀྲ་ཤིས་ཀྱིས་ནི་དི་རིང་ཁྱེད་ལ་ཞི་བྱར་ཤོག་། ཨོཾ་ཆེ་གེ་མོ་བཛྲ་རྟ་ག་བཱན་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དེའི་ཐུགས་ཀའི་རྡོ་རྗེ་ལ་དམིགས་ནས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་མཆོད་ཡོན་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་སོ་ཙིལ་སོགས པ་དབུལ་བར་བྱའོ། །རྡོ་རྗེ་སྲུང་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ནས་ལས་ཀྱི་མིང་གི་བསྟོད་པ་ལ་སོགས་པ་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེས་མངོན་པར་བསྔགས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས་དབང་བསྐུར་བར བྱའོ། །དེ་ལ་ཚིགས་སུ་བཅད་པ་འདི་ལན་གསུམ་ན། །རྡོ་རྗེ་སྲུང་དཔལ་མཆོག་སྦྱིན་སྤྱན་དང་ཕྱག་ན་རྡོ་རྗེར་བཅས་།ཁུ་ཚུར་ངག་དང་བཅས་གྱུར་དེ་ཡི་དོན་ཡོད་གྲུབ་པ་ཡི། །བཀྲ་ཤིས་གང་ལ་ཕན་མཛད་མཆོག་གི་དོན་རྣམས་གྲུབ་མཛད་པ། །བཀྲ་ཤིས་དེས་ནི་དང འདིར་ཁྱེད་ལ་ཞི་བར་བྱེད་གྱུར་ཅིག་། ཨོཾ་བོདྷཡ?་ག་དྲི་བྷ་ཀ་ཙ་བསྟཝ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ན་བཟའ་སྣ་ཚོགས་དབུལ་བར་བྱའོ། །ལྕགས་ཀྱི་མེས་ཀྱང་བསུང་བར་བྱའོ། །གསེར་དང་དངུལ་དང་ཟངས་ལ་སོགས་པའི་སྣོད་དུ་གནས་པའི་སྦྲང་དང་ཡོངས་སུ་སྨན་པའི ་མྲ་ལ་སོགས་པ་དུས་ཀྱི་རྗེས་སུ་མཐུན་པའི་ཤིང་ཏོག་གོ། ཨོཾ་ཨཱཔའི་བུམ་པའི་ཆུས་ཁྲུས་བྱ་ཞིང་སྣ་ཚོགས་པའི་བི་ཝང་དང་གོས་ལ་སོགས་པ་དབུལ་བར་བྱའོ། །ོཾ་སརྦ་བོ་དྷཡཾ་ག་དྲི་ཌཧ་ཀ་བ?་བསྟཝཾ་སྭཱཧཱ། ཞེས་པས་དབུལ་ཞིང་ལྷག་པར་གནས་ལ་ལྕགས་ཀྱི་མེས་ཀྱང་བསྲུངས་ལ་གསེར་གྱི་ཐིག་ལེ་དང་གསར་གྱི་བྱ་ཁྱུད་ལ སོགས་པའི་ཕྲེང་བའི་མགུལ་རྒྱན་དང་གསེར་གྱི་དབུང་རྒྱན་དང་ཞབས་གདུབ་ལ་སོགས་པའི་རྒྱན་རྣམས་དབུལ་ལོ། །གསེར་གྱི་སྣོད་ལ་སོགས་པར་གནས་པའི་བཅལ་བ་ལ་དུ་ལ་སོགས་པ་ཁུར་བའི་རྣམ་པ་ལ་སོགས་པ་དང། བཞབ?་པ་དང་མྱང་བ་དང བཏུང་བ་དང་འོ་མ་དང་ཞོ་དང་འོ་མ་བསྡུས་པ་དང་ཁུ་བ་ལ་སོགས་པ་བཏུང་བ་དང། ནྱ་གྲོ་དྷ་དང་ཨ་མྲ་ལ་སོགས་པའི་བཞིབ་པ་དང་སྦྲང་དང་བུ་རཾ་གྱི་ཁུ་བ་ལ་སོགས་པ་བསྔག་པ་དང་འདོད་པའི་ལྤགས་སྣ་ཚོགས་བཀྲ་ཤིས་ཀྱི་ཁྲི་ལ་སོགས་པའི་སྟེང་དུ་རོ་དྲུག གིས་མྱང་བའི་ཟ་བ་དང་མགུལ་པ་སྦྱོང་བའི་གོས་དམར་པོ་དང་སྦྲཥྚ་ཙ་ཌ་ཀ་རྣམས། ཨོཾ་ན་མཔའི་སྔགས་འདིས་དབུལ་བར་བྱའོ། །ཞལ་བསིལ་ཕུལ་ནས་མེ་ཏོག་དྲི་བཟང་པོའི་ཕྲེང་བ་དབུ་ལ་དཀྲིས་ནས་སོ་རྩི་དང་མཆོད་ཡོན་ཕུལ་ནས་ལྷ་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ། ཨོཾ་མཧཱ་སུ་ཁ་བཛྲ་ཛཔ་ཐམས་ཅད་ཀྱི་འོད་ཟེར་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས་སྙིང་གར་ཐལ་མོ་སྦྱར་ནས་གསོལ་བ་གདབ་པར་བྱའོ། །བདེ་ཆེན་ཆགས་པ་ཆེན་པོ་ལ། །འགྲོ་ཀུན་ཞི་བའི་བདག་པོ་སྟེ། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས།། སེམས་ཅན་ཀུན་གྱི་?་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་མཆོག་ཉིད། །བདེན་པ་འདི་ཡིས་མགོན་པོས་ནི། །འདོད་དོན་བདག་ལ་ཡོངས་རྫོགས་བརྗོད། །ཆོས་ཀྱི་དབྱིངས་ལ་ལྷག་གནས་ལས། །དམ་ཚིག་དྲན་པ་ལས་ཀྱང་ནི། །བརྩེ་བས་སེམས་ཅན་ཐམས་ཅད་ལ། དངོས གྲུབ་ཐམས་ཅད་འབྱུང་བར་མཛོད། །ཅེས་པས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་བསྟོད་པར་བྱའོ། །ཞེས་པ་ནི་ཉེ་བར་འདྲེན་པའོ། །དེ་ནས་རྡོ་རྗེ་རྣོན་པོའི་ང་རྒྱལ་གྱིས་སློབ་དཔོན་གྱི་སྐུ་གཟུགས་ལ་སོགས་པ་ལ་རྡོ་རྗེ་ཆོས་ཀྱིས་མངོན་པར་བསྔགས་པའི བུམ?་པའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས་དབང་བསྐུར་བར་བྱའོ། །དེ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་ཡིས་སོ། །བཀྲ་ཤིས་གང་ཞིག་ཆུ་སྐྱེས་ཕྱག་དང་རྡོ་རྗེ་རྣོན་པོར་བཅས། །འཁོར་ལོའི་མཚན་དང་རབ་མཆོག་གསུང་བར མཛད་པ་དེ་དང་དེའི། །འཇིག་རྟེན་དབང་ཕྱུག་བདེ་གཤེགས་བདེ་བའི་བདག་ཉིད་གང་ཡིན་པ། །དབང་བསྐུར་མཆོག་གིས་ཁྱེད་ལ་བཀྲ་ཤིས་དེ་ནི་འབྱུང་གྱུར་ཅིག་།དེའི་རྗེས་ལ་ཧཱུཾ་དང་ཨཽ་ལས་གསེར་གྱི་སྤུ་གྲི་བཟུང་ནས། ཨོཾ་སརྦཱ་པ་ར་ཎ་བི་ཤོ་དྷ་ནེ་སརྦཱ་ཛཱ་ན པཱ་ལཱ་ན་ཙྪ་ད་ཡ་ཧཱུཾ་སྭཱཧཱ། ཞེས་པ་འདིའི་སྔགས་ཀྱིས་སེམས་ཅན་མཛའ་དག་གི་རྒྱུད་ལས་སྐྱེས་པའི་སྐྲ་རྣམས་བཞར་ནས་གཙུག་ཕུད་བརྟག་པར་བྱའོ། །དེ་ནས། ཨོཾ་དྷརྨ་ཤ་བྷཱ་བྱ་ཀརྞ་སྭཱཧཱ། ཞེས་པས་གསེར་གྱི་ཐུར་མས་སྙན་དགུག་པར་བྱའོ། །དེ་ནས རྡོ་རྗེ་རིན་ཆེན་ཀྱིས་མངོན་པར་བསྔགས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་དབང་བསྐུར་བར་བྱའོ། །དེ་ལ་ཚིགས་སུ་བཅད་པ་འདིས་སོ། །བཀྲ་ཤིས་གང་ཞིག་ནོར་བུ་འཛིན་དང་རྒྱལ་པོའི་འོད་དང་ནི། །དགེ་དང་བཅས་ཤིང་མཆོག་ཏུ བཞད་པའི་?་ཏུ་འཛུམ་མདངས་དང། །དཔལ་གྱི་རིན་ཆེན་འབྱུང་ལྡན་རྒྱལ་བས་ངེས་པར་བསྟེན་པ་ཡིས། །ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་དེ་ནི་འབྱུང་གྱུར་ཅིག། དེ་ནས་ལྕགས་ཀྱི་མེའི་བསྲུང་བས་ཡང་དག་པར་བསྲུངས་ནས་གུར་གུམ་གྱིས ཡང་དག་པ་རེ་བྱུགས་ནས་མར་གྱི་མིག་སྨན་དང་གསེར་གྱི་ཐིག་ལེ་དང་མུ་ཏིག་གི་དོ་ཤལ་དང་མེ་གུལ་རྒྱན་དང་དཔུང་རྒྱན་དང་སྐ་རགས་དང་རྐང་གདུབ་རྣམས། ཨོཾ་སརྦཱ་བ་ར་ཎ་བ་བུ་ཥ་ཎེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དབུལ་ལོ། །ོཾ་བཛྲ རཏན་ཏྲཾ་ཞེས་པའི་སྔགས་འདིས་དབུ་རྒྱན་དུ་བསྐྱེད་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རིགས་ལྔ་ལས་བྱུང་དབུ་རྒྱན་ཏེ། །མཆོད་པའི་དོན་དུ་ཁྱད་པ་འབུལ། །ོཾ་སརྦ་བུད་དྷ་ཙཱུ་ཌ་ཎི་མཧཱ་མུ་ཀུ་ཊཾ་པྲ་ཏཱིཙྪ་ཧོ:འདིས དབུ་རྒྱན་བསྐོན་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ནས། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་ར་ཧཱུཾ། སྔགས་འདིས་བརྟན་པར་བྱས་ནས་ཙཱུཾ་ཌའི་རྣམས་པར་བྱའོ། །དེ་ནས་རང་གི་སྙིང་གའི་ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་དང་མཚན་མ་ལས་བསྐྱེད་པས་ནམ་མཁའ་ཨི ཁམས་ཐམས་ཅད་ལྷ་རྣམས་ཀྱི་མཚན་མའི་གཟུགས་ཀྱིས་འཕྲོས་ནས་གཅིག་ཏུ་གྱུར་ཏེ་སླར་འོངས་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པའི་སྔགས་ཀྱིས་ལྷག་པར་གནས་ལ་མཆན་མ་ལྷ་རྣམས་ཀྱི་ཕྱག་ན་གནས་པར་བསམ་པར་བྱའོ། །འདི་དེ་སངས་རྒྱས ཐམས་ཅད་ཀྱི། །ཡེ་ཤེས་མཚན་ཉིད་བླ་ན་མེད། །དངོས་པོ་མེད་པའི་ཆོས་རྣམས་ལ། །མཚན་མའི་དངོས་པོར་རབ་གྲགས་པ། །སེམས་ཅན་དོན་སོགས་བྱ་བ་ལ། །ངེས་པར་ཡང་ནི་རྟག་ཏུ་བྱ། །གང་དང་གང་གི་ཡེ་ཤེས་ཀྱི། །སངས་རྒྱས་ཉིད་ནི་ཉེ་བར་བྱོན།། ཚིགས་སུ་བཅད་པ་འདི་དག་གིས་གསོལ་བ་གདབ་པར་བྱའོ། །དེ་ནས་བཛྲ་དྷརྨམ་ཧྲཱི:འདིའི་སྔགས་ཀྱིས་ལྷག་པར་གནས་ནས་མགུལ་དུ་ཚངས་སྐུད་དབུལ་བར་བྱའོ། །དེ་བཞིན་དུ། ཨོཾ་བཛྲ་སཏྭཱི་བཾ་སྔགས་འདིས་ལྷག་པར་གནས་ནས་རྐེང་པ་ལ་མུཉྫའི སྐ་རགས་དབུའི་བར་བྱའོ། །ོཾ་བཛྲ་རཏན་ཨོཾ། སྔགས་འདིས་ལྷག་པར་གནས་པར་བྱས་ལ། ཕྱག་དུ་ཀེ་ཤུའི་དབྱུག་པ་གཏད་པར་བྱ་སྟེ་འདི་ནི་བརྟུལ་ཞུགས་བརྟན་པའོ། །དེ་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་དེ་བཞིན་གཤེགས པ་རྣམས་ཀྱི་སྐུ་གཟུགས་ལ་སོགས་པ་རྣམས་ཀྱང་རང་བཞིན་མེད་པའི་བྱང་ཆུབ་སེམས་སུ་བརྗོད་པར་བྱའོ། །ཆིགས་སུ་བཅད་པ་འདི་དག་གིས་བརྟན་པར་བྱའོ། །བྱང་ཆུབ་སེམས་ཉིད་ལས་བྱུང་བའི། །དུས་གསུམ་སངས་རྒྱས་ཀུན་གྱི་གཞི། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེ། །བསེ་རུ་སློབ་མའི་སྐྱེ་བོ་ཡང། །རང་བཞིན་མེད་ཅིང་དམིགས་མེད་པ། །སེམས་ཅན་ཐམས་ཅད་རྒྱུ་གཅིག་པོ། །མཉམ་ཉིད་ཡེ་ཤེས་དེ་ཉིད་ནི། །བྱང་ཆུབ་སེམས་སུ་ཤེས་པར་བྱ། །ད་ནས་ཕྱིའི་མཆོད་པས་མཆོད་ནས་སྒེག་མོ་ལ་སོགས་པ་རྣམས ཀྱིས་ཡང་དག་པར་མཆོད་ནས་ཐར་པའི་བརྟུལ་ཞུགས་དང་བ་ལང་གི་སྦྱིན་པ་ཡང་བྱས་ནས་ཡང་དག་པར་བསྐོར་བར་བྱའོ། །དེ་ནས་རང་གི་སྙིང་ག་ལ་གནས་པའི་ཨ་ཡིག་རྣམ་པར་བསྒོམས་ནས་ལྷའི་སྐུ་གཟུགས་ལ་སོགས་པའི་ཕྱག་རྒྱའི་བདག་ཉིད་རྡོ་རྗེ དབྱིངས་ཀྱི་དབང་ཕྱུག་མའི་གཟུགས་སུ་བསྐྱེད་ནས་རང་གི་སྙིང་ག་ལས་བྱུང་སྟེ། སྐུ་གཟུགས་ལ་སོགས་པའི་གཡོན་ལོགས་སུ་པདྨ་དང་ཟླ་བའི་གདན་ལ་དགོད་དོ། །ོཾ་བཛྲ་སཏྭ་ཨ:ཞེས་པའི་སྔགས་ཀྱིས་དེའི་སྤྱི་བོ་རུ་རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་གི་ཕྱག རྒྱས་རྒྱས་བཏབ་ནས་ཆོ་ག་བཞིན་དུ་བག་མའི་རྗེས་སུ་གནས་པར་བྱའོ། །གང་དེར་རྡོ་རྗེ་སྒེག་མོ་མཆོག་གི་གླུ་མ་གར་བཅས་དང། །གང་ཡང་མེ་ཏོག་བདུག་སྤོས་མར་མེ་མཆོག་དང་སྣ་ཚོགས་དྲི། །དྲི་མེད་སྙན་པའི་གླུ་དབྱངས་མཚུངས་མེད་མཆོད་པ་རྣམས ཀྱིས་ནི། །ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་དེ་ནི་འབྱུང?་གྱུར་ཅིག། ཅེས་པའི་ཚིགས་སུ་བཅད་པས་སྒེག་མོ་ལ་སོགས་པ་ལྷག་པར་གནས་པའི་བུམ་པའི་ཆུས་ཁྲུས་བྱའོ། །ཀཀྐོ་ལ་དང་ལི་ཤི་དང་ཛཱ་ཏི་ཕ་ལ་དང་གུར་ཀུམ་དང་སིཧཱ་དང་ག་པུར་རྣམS ཀྱི་ཚགས་པས་ཡང་དག་པར་བྱུག་གོ། ལྷའི་གོས་དམར་པོ་ཕུ་ཐུང་མ་དང་དབུ་ལ་ཅོད་པན་དང་སྨད་གོས་དར་སྣ་ཚོགས་པ་དང་སྐེ་རགས་ཀྱང་བཅིང་བར་བྱ་ཞིང་ན་བཟའ་ཕུལ་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་དང་ཞིང་ཐོགས་པ་མེད་པས་ས་དང་པི་པི ལིང་དང་ཀ་བེད་དང་པི་ལཱ་དབ་ཤྲཱིཾ་གཱ་ཌ་ཀ་དང་ཨ་མྲ་དང་ཛཾ་བུ་དང་འཛམ་བཱི་ར་དང་ནཱ་རཾ་ག་དང། རྒུན་འབྲུམ་ལ་སོགས་པ་དུས་དང་རྗེས་སུ་མཐུན་ཐོག་གི་རིགས་རྣམས་ཀྱིས་དབང་བསྐུར་བར་བྱའོ། །རིན་པོ་ཆེ་ལྔ་ལ་སོགས་པའི་ནོར་བུའི ར་ཨིགས་རྣམས་ཀྱིས་མཆོད་ཡོན་ཕུལ་ནས་བུང་མེད་དམ་སྐྱེས་བུ་ཉེ་བར་གནས་པའི་དོན་དང་གླང་པོ་ཆེ་དང་རྟ་དང་གཞོན་པའི་དོན་དང་འཁོར་ལོ་དང་མངའ་གཞུ་དང་འདམ་བུའི་གདན་དང་མདའ་ལྕགས་ལས་བྱས་པ་ལ་སོགས་རྣམས་སྐྱེ་བོ་གདུག་པ་ཅན་བསྲུང་བའི དོན་དང། ཁབ་དང་གྲི་གུག་དང་སྤུ་གྲི་ལ་སོགས་པ་དང་ཚོམ་བུ་ལ་སོགས་པའི་དོན་དང། འདོད་པའི་ཤིང་དང་ཁྱིམ་གྱི་ལོངས་སྤྱོད་ལ་སོགས་པ་མངོན་པར་འདོད་པའི་དོན་རྣམས་ཡི་གེ་གསུམ་གྱི་སྔགས་ཀྱིས་དབུལ་བར་བྱའོ། །ཡང་དག་པར་མཚད་ནས་སྔོན་མ བཞིན་དུ་གཤེགས་སུ་གསོལ་ལོ། །གསེར་དང་གད་ཌཱི་དེང་འོ་མའི་རྒྱན་དང། དྲི་ཐམས་ཅད་དང། མང་ཁུ་དང་དུར་བ་དང་འབྲས་མཉམས་པ་རྣམས་བཀྲ་ཤིས་པའི་དོན་དུ་དབུལ་ལོ། །ོཾ་ཡོ་ཛཱགན་ཡེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་སྦྱོར་བར་བྱེད་པའི་མེ་བག མའི་དུས་ཀྱི་ཚོགས་ཡང་དག་པར་མཆོད་ནས་དེའི་མའོ། །བསྐོར་བའི་དུས་སུ་དཔལ་གྱི་འབྲས་བུས་དབུལ་བར་བྱའོ། །མར་མེ་དང་མདའ་དང་ཉི་མས་ཀྱང་ཡང་དག་པར་བསྲུང་ངོ། །མར་མེ་ཆེན་པོ་དང་སྣང་གསལ་དང་གསེར་དང་ཀརྐ་ཌཱི་དང། འོ་མའི་རྒྱུན དང་གསེར་གྱི་མེ་ཏོག་སྣོད་ན་གནས་པའི་མེ་ཏོག་གི་རིགས་ཀྱི་ཆང་དང། ཨ་ཀ་རུའི་བདུད་པས་ཀྱང་ཡང་དག་པར་མདུན་དུ་བྱའོ། །དེ་ནས་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་བག་མའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི ཕྱག་རྒྱ་འདིས། །ཤེས་རབ་སྣང་བའི་འོད་མཛད་མ། །སངས་རྒྱས་འཕྲིན་ལས་རབ་འཇུག་ཕྱིར། །ཕྱག་གིས་ཕྱག་ནི་བཟུང་བར་རྗེ་གནོད་སྦྱིན་དང་།རྡོ་རྗེ་མཚམས་དང། རྡོ་རྗེ་ལས་ཀྱི་རྗེ་གནོད་སྦྱིན་དང་།རྡོ་རྗེ་མཚམས་དང། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་རྣམS ཀྱིས་ཡང་དག་པར་བསྲུངས་ལ། ཨོཾ་ཨཱ:ཁཾ་བཱི་ར་ཧཱུཾ་ཞེས་པའི་སྔགས་ཀྱིས་དཀྱིལ་འཁོར་དུ་འཇུག་པར་མོས་པར་བྱའོ། །སྔོན་དུ་གསུངས་པའི་རིམ་པའི་ཚད་བཞིས་བྱའོ། །དེ་ནས་རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱབ་པའི་ཆེད་དུ་དབང། །ཡོན་ཏན་འབྱུང་གནས་ཇི ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པས་ཞུ་ཞིང་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །དེ་ནས་དྲི་གཙང་ཁང་དང་གཞན་ཡང་ལྷག་པའི་གནས་རྣམས་སུ་བཟོ་པོ་མཁས་པས་བྱས་པའི་སེང་གེའི་ཁྲི་མཛེས་པ་ལ་ཚེས་གྲངས་དང། གཟའ་དང་རྒྱུ་སྐར་དང་ཡུད་ཙམ་བཟང་པོ་རྣམས་ལ་ས་ལ་གནས་པར་གྱུར་པའི་སྐུ་གཟུགས་ལ་སོགས་པ་དགོད་པར་བྱའོ། །སློབ་དཔོན་གྱི་ལག་པ་གཡས་པས་རྡོ་རྗེ་སྐུད་པ་རྣམས་ལྔ་དང་མེ་ཏོག་གི་ཕྲེང་བ་བཟུང་ནས། ཨོཾ་ཧཱུཾ་ཧཱི:བཛྲ་བྷ་བ་དྲི་ཌཧ་ཊིཥྛ་བཾ་ལཾ་ཧཱུཾ་སྭཱ་ཧཱ ོཾ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། འདི་ས་ལན་བརྒྱ་རྩ་བརྒྱད་བཟླས་ནས་ལྷག་པར་གནས་པར་བྱའོ། །ོཾ་ཡེ་དྷརྨམ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེཥཱནྟ་ཐཱ་ག་ཏོ་ཧཡ་བ་དཏ?། ཏེཥཱཉྫ་ཡོ་ནི་དོ་དྷ་ཨེ་བཾ་བཱ་དཱི་མཧཱ་ཤྲ་མ་ཎ:དེ་ཉིད་ཀྱིས་རབ་ཏུ་གནས་ལ། དེ་ནས་རང་གི་སྙིང་གའི་ས་བོན་ལས ཡང་དག་པར་བྱུང་པའི་དེ་བཞིན་གཤེགས་མ་དང། བྱང་ཆུབ་སེམས་དཔའ་དང། རིག་མ་དང་ལྷ་མོའི་ཚོགས་ཀྱིས་ནམ་མཁའ་ཡོངས་སུ་གང་བར་བལྟས་ལ། རིག་མ་རྣམས་ཀྱི་ཕྱག་ན་བདུད་རྩིས་ཡོངས་སུ་གང་བའི་བུམ་པ་བཟུང་བའི་ཆུས། བཀྲ་ཤིས་གང ཞིག་ལྷ་ཡི་རྣམ་པར་དག་པར་ཕན་མཛད་པ། །འཕགས་པའི་སྐྱེ་བོ་རྣམས་ཀྱིས་བསོད་ནམས་བྱ་བ་སྐྲུན་མཛད་པ། །འགྲོ་བ་མ་ལུས་ཀུན་ལ་བཅོམ་ལྡན་ཤཱཀྱ་སེང་གེ་ཡི། །ཁྱོད་ཀྱིས་དབང་བསྐུར་མཆོག་ལ་བཀྲ་ཤིས་དེ་ནི་འབྱུང་གྱུར་ཅིག་།ཅེས་པའི་ཚིགས སུ་བཅད་པ་སྔོན་དུ་འགྲོ་བས་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་ཨཽ་ད་ཀཱ དྷི་ཥིཉྩ་ཧཱུཾ་ཞེས་བརྗོད་པས་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཨི་དེ་ཉིད་མཆོག་གི་བླ་མ་དཀྱིལ་འཁོར་གྱི་བདག་པོའི་སྐུས?་དབང་བསྐུར་ཞིང་འདིས་བརྟན་པ་ལྷག་པར་མོས་ཤིང་དབང་བསྐུར་པ་ནི་ཆུའི་དབང་ངོ། །དེ་བཞིན་གཤེགས་པ་ལྔས་ལྷག་པར གནས་པའི་གོས་ས་མ་རིན་པོ་ཆེ་ལ་སོགས་པའི་དབུ་རྒྱན་ཨཾ་ཏྲི་ཧཱུཾ་ཧྲཱི::ཞེས་བརྗོད་ནས་དཀྱིལ་འཁོར་གྱི་བདག་པོའི་སྐུ་རྡོ་རྗེ་འཛིན་པ་དེ་ཉིད་བླ་མ་ཉིད་དུ་བརྟན་པར་ལྷག་པར་མོས་པས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱི་དབུ་ལ་བསྐོན་པར་བྱའོ། །རྡོ་རྗེ སེམས་མ་ལ་སོགས་པའི་ཕྱག་རྒྱའི་སྔགས་ཀྱིས་ལྷག་པར་གནས་པར་བྱའོ་ཞེས་པ་ནི་དབུ་རྒྱན་གྱི་དབང་པོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཡི། །དབང་གི་དི་རིང་ཁྱོད་དབང་བསྐུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུང། །ཞེས་བརྗོད་པ་ནི་རྡོ་རྗེ སྟེ། དེ་བཞིན་དུ་རྡོ་རྗེ་སེམས་དཔར་དེ་ཉིད་བསྐྱེད་པར་བསམས་ལ་སྦྱིན་པར་བྱའོ། །དེ་ཡང་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱིས་བཟུང་བར་ལྷག་པར་མོས་པ་ནི་རྡོ་རྗེའི་དབང་ངོ། །ོཾ་བཛྲཱ་དྷི་པ་ཏི་ཧྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ་ཞེས་བརྗོད་ནས་དྲིལ བུས་དེ་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ཡང་སྐུ་གཟུགས་པའི་ལྷ་རྣམས་ཀྱིས་བཟུང་བར་ལྷག་པར་མོས་པར་བྱའོ། །དྲིལ་བུའི་དབང་ངོ། །ོཾ་བཛྲ་སཏྭ་སྟཝཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏ:ོཾ་ཆེ་གེ་མོ་བཛྲ་ཏ་ཐཱ་ག་ཏ་སྟཝཾ་བྷུར་བྷཱུ་བ་སྭདེ་བཞིན་དུ་རྡོ་རྗེ་སེམས་དཔའ་དེ་ཉིད་ཇི་ལྟ་བ་བཞིན་དུ་སྐུ་གཟུགས་ལ་སོགས་པའི་ལྷ་གང་གི་མིང་དུ་གྱུར་པར་ལྷག་པར་མོས་པར་བྱའོ་ཞེས་པ་ནི་མིང་གི་དབང་ངོ། །སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱི་ཕྱག་དུ་རྡོ་རྗེ་དང་དྲིལ་བུ་དང་བཅས་པས་ཡེ་ཤེས ཀྱི་ཕྱག་རྒྱལ་འཁྱུད་པའི་ཚུལ་དུ་རྣམ་པར་བསྒོམས་ནས། དེ་ནས་བཤད་བཞིན་པའི་ཆུ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བའི་ཆོ་གས་དབང་བསྐུར་ཞིང་རང་རང་གི་རིགས་ཀྱིས་སྤྱི་བོར་རྒྱས་གདབ་པར་བྱའོ། །རིགས་མི་ཤེས་པ་རྣམས་ལ་ཡང་ན་རྡོ རྗེ་སེམས་དཔས་སོ། །དེ་ནས་ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལྷག་པར་གནས་པར་བྱའོ། །ོཾ་ཧཱུཾ་རི:བྲུཾ་ཁཾ་བཛྲཱི་བྷ་བ་དྲི་བྷ་ཏིཥྛ་བྷྲུཾ་ཁཾ་ཞེས་པ་འདིས་གཙུག་ལག་ཁང་དང་མཆོད་རྟེན་ལ་ཡང་ངོ། །པོ་ཏི་རྣམས་ལ་ནི་ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་པ་དང་ཨོཾ་ཧཱུཾ ཧྲཱི:བྲུཾ?་ཁཾ་ཞེས་པའི་སྔགས་འདི་དག་གིས་སློབ་དཔོན་གྱི་དབང་ངོ། །དེའི་རྗེས་ལ་འཁོར་ལོའི་དབང་ཕྱུག་གི་སྐུ་རྡོ་རྗེ་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་རྣམ་པར་སྣང་མཛད་ལ་སོགས་པའི་རིག་མ་དང་བཅས་པའི་དེ་བཞིན་གཤེགས པའི་ཚོགས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རབ་ཏུ་ཞུགས་ཏེ། ཁུ་བའི་གཟུགས་སུ་གྱུར་ཏེ་བདེ་བ་ཆེན་པོ་ཉམས་སུ་མྱོང་ནས་རྡོ་རྗེ་དང་པདྨ་དག་ལས་བདུད་རྩིར་གྱུར་བྱང་ཆུབ་སེམས་ཀྱི་གཟུགས་ལ་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་བདེ་བ་ལ་རབ་ཏུ་ཞུགས པར་བསམ་པར་བྱའོ་ཞེས་པ་ནི་གསང་བའི་དབང་ངོ། །དེ་ནས་དེ་ཡིས་རྡོ་རྗེ་སེམས་དཔའ་ཨི་ལྷ་མོ་གདན་དྲངས་ནས་སྙོམས་པར་ཞུགས་པ་ལ་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ལ་ལྷན་ཅིག་སྐྱེས་པའི་དགའ་བའི་དམ་ཚིག་ཉིད་དུ་ལྷག་པར་མོས་པར་བྱའོ་ཞེས་པ་ནི ཤེས་རབ་ཡེ་ཤེས་ཀྱི་དབང་ངོ། །དེའི་རྗེས་ལ་རྡོ་རྗེ་འཛིན་པ་ཉིད་དུ་བསྒྲུབ་པའི་ཕྱིར་དབང་བཞི་པའི་རང་བཞིན་དུ་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་དགེ་བ་ཆེན་པོ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པར་ལྷག་པར མེས་པས་སོ་ཞེས་པ་ནི་དབང་བཞི་པའོ། །དེ་ནས་ཨོཾ་ཨཱ:བཛྲ་སུཥཔེ་ཧཱུཾ། ཨོཾ་ཨཱ:བཛྲ་དྷུ་པེ་ཧཱུཾཐལ་མོ་སྦྱར་ནས་ལུས་ཀྱིས་ཕྱག་འཚལ་ནས་ཏིང་ངེ་འཛིན་གྱི་སྔགས་དང་ལྡན་པའི་དེ་ཁོ་ན་ཉིད་ཀྱི་བདེན་པ་མཉམ་པར་བྱའོ། །ནམ་མཁའ་ལས་བྱུང་མཚན་པའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག། དམ་ཚིག་སེམས་དཔའ་རྡོ་རྗེ་ཆེ། །ཆེ་ག་རྡོ་རྗེ་དེང་བདག་བསྒྲུབS།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་ལ་བསྒྲུབས། །ཉེས་པ་མེད་པ་རྟག་པ་ཁྱོད། །འདོད་ཆགས་ལ་སོགས་ཀུན་ཆགས་མཛད། །བཅོམ་ལྡན་ཆགས་ཆེན་བདེ བ་ཆེ། །དེ་ཉིད་ཁོ་ནས་བདག་ལ་བསྒྲུབས། །ཤིན་ཏུ་རྣམ་དག་ཀུན་གྱི་མཆོག་།གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་ལ་བསྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། །དབང་ཆེན་མཆོག་གི་ཕྱག་རྒྱ ཡིས། །རྡོ་རྗེ་ཆེན་པོ་གསལ་བ་ལས། །རྡོ་རྗེ་སྙེམས་བདག་བདག་ལ་བསྒྲུབས། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག། བདེན་པ་གང་དེས་ཡེ་ཤེས་མཆོག། ཤེS རབ་ཐབས་བདག་དཀྱིལ་འཁོར་པ། །བདེན་པ་གང་དེས་མགོན་པོ་ཁྱོད། །འདོད་པ་ཉིད་ནི་ཡོངས་རྫོགས་མཛོད། །དེ་ནས་འདི་དེ་མེ་ཏོག་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་བསྟོད་པ་བྱས་ནས ཆད་པ་དང་ལྷག་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲི?་བྷོ་མེ་བྷ་བ་སུ་ཏོ་ཁྱོ་མེ་བྷ་བ་ཨ་ནུ་རཀྟོ་མེ་བྷ་བ་སུ་པོ་ཥྱོ་མེ་བྷ་བ་སརྦ་སིད་དྷིམམེ?་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ: བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུ་ཙ་བཛྲི་བྷ་བ་ཧཱ་ས་མ་ཡ་སཏྭ་ཨཱ:ཞེས་པའི་ཡེ་གེ་བརྒྱ་པ་ལན་གསུམ་བཟླས་པར་བྱའོ། །གང་འདི་རབ་ཏུ་གནས་པའི་ལྷ། །བསྐལ་པ་གཞན་དག་བསྐལ་པ་བརྒྱར། །ས་དང་མེ་དང་ཆུ་དང་རླུང། །ཀུན་ནས་ལྷ་རྣམས་ཀུན་གྱིས བསྲུངས། །ཤེས་པས་བརྟན་པར་བྱ་བའོ། །མ་རྙིད་ཡོངས་སུ་མ་ཤེས་དང། །གཞན་ཡང་ནུས་པ་མ་མཆིས་པས། བྱ་བ་ཉམས་པ་གང་བགྱིས་པ། །བྱེད་ལ་ཐམས་ཅད་བཟོད་པར་གསོལ། །རྫོགས་པའི་སངས་རྒྱས་ལྷ་རྣམས་དང། །དེ་སྲས་རྣམས་ལ བཟོད་པ་གསོལ། །ཆོ་ག་ཆད་དང་ལྷག་པ་རྣམས། །ཚངས་སོགས་འཇིག་རྟེན་སྐྱོང་རྣམས་དང། །ལྷ་རྣམས་ཀུན་ལ་བཟོད་པར་གསོལ། །སྐུ་གཟུགས་ཡུན་རིངས་གནས་གྱུར་ཅིག་།ཡོན་གྱི་བདག་ལ་ཞིབ་དང། །རྒྱས་དང་བཀྲ་ཤིས་རྒྱུན་དུ་མཛོད། །སྦྱིན་བདག་གིས་ཀྱང་སྐུ གཟུགས་ལ་སོགས་པ་ལ་སྐོར་བ་དང། མཆོད་པ་དང་ཙན་དན་ལ་སོགས་དབུལ་ལོ། །སློབ་དཔོན་ཡང་ཡང་དག་པའི་ཡོན་ལ་སོགས་པས་ཡོངས་སུ་མཉེས་པར་བྱའོ། །བྱ་བ་བསྡུས་པའི་རྣམ་པར་བཤད་པ་ལས་རབ་ཏུ་བྱེད་པ་དྲུག་པའོ།། །།རི་མོའི ལས་དང་གཏོར་སྟེགས་དང། །གཱཎྜིའི་མཚན་ཉིད་དེ་ནས་ནི། །དེ་དང་དེ་རྣམས་རབ་གནས་དང། །རབ་ཏུ་འབྱིན་པ་གཟིགས་དེ་བཞིན། །དེ་ལ་གཙུག་ལག་ཁང་ལ་སོགས་པ་ཚར་ནས་ཕྱི་དང་ནང་དུ་ཇི་ལྟར་གནས་པ་ལ། དེ་བཞིན་གཤེགས་པ་ནང་བྱང ཆུབ་སེམས་དཔའ་དང་རིག་མའི་ལྷོ་མོ་རྣམས་དང་ཁྲོ་བོའི་ཚོགས་རྣམས་དང་རིག་འཛིན་མ་རྣམས་སོ། །སྒོ་སོ་སོར་མིག་དང་བུམ་པ་ཟུང་རྣམས་ཀྱང་བྲི་བར་བྱའོ། །དེ་ལ་ཡང་ལྷ་ཁང་གི་ཕྱིའི་རྩིག་པ་དག་ལ་སྒོའི་གཡས་གཡོན་གྱི་ལོགས་དག་ལ་བུམ་སྣ བཅུ་པ་བྲི་བར་བྱའོ། །ཡང་ན་གཞན་དག་བྲི་བར་བྱའོ། །དེ་དང་ཉེ་བར་རང་གི་མངོན་པར་འདོད་པའི་རིག་མ་ལྷ་མོ་རྣམས་སྣ་ཚོགས་པའི་མཆོད་པའི་རྣམ་པ་རྣམས་ཀྱང། གྲ་སྒྲོའི་སྟེང་དུ་དེ་བཞིན་གཤེགས་པ་ལྔ་རྣམས་དང་འཁོར་རྣམས་དང། ཁྲ་མའི་སྟེང དུ་རང་ལུགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷག་མ་ལ་ཇི་ལྟར་མཛེས་པའི་རྒྱན་རྣམས་བྲི་བར་བྲི་བར་བྱའོ་། ནང་དུ་བཞུགས་པའི་ལྷའི་རྒྱབ་བྱང་ཆུབ་ཀྱི་ཤིང་པྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་བློ་གཡོན་དང་གཡས་དག་ཏུ་ཆུ་བདག་དང་གནོད་སྦྱིན་གྱི བདག་པོ་བྲི་བར་བྱའོ། །དེ་ལ་ཆུ་བདག་སྐུ་མདོག་དཀར་པོ་སྤྲུལ་གྱི་གདེངས་ཀ་དགུ་ཡིས་བརྒྱན་པ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་གཉིས་པ། གཡོན་པ་དང་གཡས་པའི་ཕྱག་གིས་སྤྲུལ་གྱི་ཞགས་པ་དང་རིན་པོ་ཆེ་འཛིན་པའོ། །གནོད་སྦྱིན་གྱི བདག་པོ་ནི་ཕྱག་ན་ན་ཀུ་ལི་དང་བི་ཛ་པཱུ་ར་ཀ་བསྣམས་པ་སེམས་པའི་སྐྱིལ་དྲུང?་གིས་བཞུགས་པ་བྲི་བར་བྱའོ། །སྒོའི་གཡས་ལོགས་སུ་སྟོབས་པོ་ཆེ་དང། ནག་པོ་ཆེན་པོ་དག་སྟེ། དེ་ལ་སྟོབས་པོ་ཆེ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ནག པ་ཨོ་སྐུ་བོང་ཐུར་ཞིང་ལྟོ་བ་འཕྱང་བཞལ་ཁྲོ་གཉེར་བསྡུས་ཤིང་སྤྱན་དམར་ཞིང་ཟླུམ་པ་དབུ་སྐྲ་དམར་སེར་གྱི་གྱེན་དུ་རྫེས་པ་སྟག་གི་ཕགས་པའི་ཤམ་ཐབས་ཅན་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞགས པ། ?་མཆེ་བ་གཙིགས་པ་ཀླུ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ། མཆན་གཡས་སུ་གཡོན་གྱི་སོར་མོ་བཞི་བཅུག་པ་མཆན་གཡོན་དུ་ལག་པ་གཡས་པའི་སོར་མོ་བཞི་བཅུག་པ་དེ་ལྟ་བུའི་གཟུགས་བྲི་བར་བྱའོ། །སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ ཟ་ཧབས་གཡོན་བརྐྱང་བ་སྐུ་བོང་ཐུང་ཞིང་ལྟེ་བ་འཕྱང་བ་ཞལ་གཅིག་པ་ཕྱག་གཉིས་བ་སྤྱན་དམར་ཞིང་ཟླུམ་པ་སྐུ་མདོག་ནག་པོ་གྲི་བུག་དང་ཐོད་པ་བསྣམས་པ་དེའི་མཆན་ན་སྟེང་དུ་ལངས་པའི་རྩེ་གསུམ་བསྣམས་པ་དབུ་སྐྲ་དམར་སེར་གྱེན དུ་?་པ་མི་མགོའི་ཕྲེང་བས་སྐུ་ལ་བརྒྱན་པ། མཆེ་བ་གཙིགས་ཤིང་འཇིགས་ཡང་ཉམས་ཅན་སྤྲུལ་གྱི་རྒྱན་གྱིས་བརྒྱན་པ། ནག་པོ་ཆེན་པོའི་སྐུ་བྱའོ། །སྒོའི་གཡོན་ལོགས་སུ་འཕྲོག་མ་དང་རྒྱལ་མོ་དག་བྱའོ། །གཞན་དག་ལ་གདོང མངོན?་པར་ཕྱོགས་པས་གནས་པའོ། །དེ་ལ་རིན་པོ་ཆེའི་ཁྲིའི་སྟེང་དུ་རོལ་པས་གདན་ལ་བཞུགས་པ་སྐུ་མདོག་དཀར་མོ་དཔེ་མེད་པའི་བདེ་བའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དག་དགའ་བར་བྱེད་པའི་ཡན་ལག་ཅན་རིན་པོ ཆེ་བསྣམས་ཤིང་རིན་པོ་ཆེས་ལག་པ་ལ་མཚན་པ་ཅུང་ཟད་བཞད་པའི་ཞལ་ཅན་པུ་ལྔ་བརྒྱ་དང་རྩེ་བས་མངོན་པར་དགའ་བའི་གནོད་སྦྱིན་ཆེན་མོ་འཕྲོག་མ་བྲི་བར་བྱའོ། །རྒྱལ་པོ་ནི་ཡང་གྲགས་པའི་མིའི་དབང་པོ་རྒྱན་ཐམས་ཅད་ཀྱིས་རྣམ་པར བརྒྱན་པ་སྐུ་མདོག་གུར་ཀུམ་ལྟ་བུ་སེང་གེའི་གདན་ལ་རོལ་པའི་སྟབས་ཀྱིས་ཉེ་བར་བཞུགས་པའི་རི་མོ་བྲི་བར་བྱའོ། །རི་མོའི་ལས་སོ། །བཟོ་བོ་མཁས་པས་རྡོ་རིགས་བཟང་པོ་མཁྲེགས་པའི་རང་བཞིན་ལ་མཚན་ཉིད་ཀྱི་ཚད་དང་ལྡན་པའི་གཏོར་མའི་སྟེགས བུ་བྱའོ། །དེ་ལ་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པས་སློབ་དཔོན་གྱི་སྐད་ཅིག་གིས་བུམ་གྱི་ཡི་གེ་ལས་བསྐྱེད་ལ་སྔོན་དུ་གསུངས་པའི་གཟུགས་ལ་དམ་ཚིག་སེམས་དཔའ་སྒོམས་ཏེ། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང གའི་ས་བོན་གྱི་འོད་ཀྱིས་གདན་དྲངས་ནས། དམ་ཚིག་སེམས་དཔའ་ཨི་ནང་དུ་བསྒོམས་ཏེ་ས་བོན་གྱིས་ལྷག་པར་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཏེ་ཡང་དག་པར་མཆོད་ནས། ཨོཾ་ཨཱ:བཛྲ བ་རུ་ཎཱ་པའཾ?་དྷི་ཏིཥྛ་པུཾ་སྭཱཧཱ། ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་ཞོ་དང་བུ་རམ་གྱི་བཟའ་བ་དང་འོ་མ་དང་ཆུ་དང་བཅས་པའི་གཏོར་མ་དབུལ་ལོ། །ོཾ་ཨཱ:ཧཱུཾ་ཧོ:བ་རུ་ཎཱ་ནཱ་གཱ་དྷི་པ་ཏ་ཨ་ནེ་ཀ་ནཱ་ག་ཤ་ཏ་ས་ཧ་སྲ་པ རི་ཐ་རེ་གྷཡ་ཨཻ་དཾ་བ་ལི་གྲིཧྞ?་གན་དྷཾ་པུཥཔཾ་དྷཱུ་པཾ་དཱི་པཾ་ཨཀཱ་ཏཾ་ད་དཱ་མ་ཧེ་ཧེ་ཛ་ཨ་གཏྱ་ས་པ་རི་བཱ་རཱ། ཤཱི་གྷཾ་ཁ་དནྟུ་པི་བནྟུ་ཛ:ཧཱུཾ་བཾ་ཧོ:སཾ་ཏིབྷྲ:སརྦ་ཏཱ་ནཱཾ་ཙ་ཤཱཾ་ཏི་པུཥྚིཾ་རཀྵ་བ་ར་ཎ་གུབྷིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་བཛྲི་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གཏོར་མའི་སྔགས སོ། །ོཾ་ཨཱ:བཛྲ་བ་རུ་ཎཱ་དྷི་པ་ཏི་བུདྡྷ་ཤཱ་ས་ནཾ་རཀྵ་རཀྵ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་པར་བྱའོ་ཞེས་པ་ནི་ཆུ་བདག་གནས་པའོ། །དེའི་རྗེས་ལ་སྐད་ཅིག་གིས་ཤྲིཾ་གི་ཡི་གེ་ལས་བསྐྱེད་པའི་སྔོན་དུ་གསུངས་པའི་རྣམ་ཐས་སྲས་ཀྱི་དམ་ཚིག ས་ཨེམས་དཔར་བསྐྱེད་ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ཏེ་དེའི་ནང་དུ་རྣམ་པར་བསྒོམས་ཏེ་རང་གི་སྙིང་གའི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ནས མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་དེ། ཨོཾ་ཨཱ:བཛྲ་བཻ་ཤྲ་པ་ཎཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །བུ་རམ་དང་བཅས་པའི་བཟའ་བའི་གཏོར་མ་དབུལ་པར་བྱའོ། །ོཾ་ཨཱ:ཧཱུཾ་ཧོ:ཡཀྵ་ཨ་དྷི་པ་ཏི་ཨཻ་མཾ་བ ལིཾ་གྲིཧྞ་གྲཱིཧྞ་གན་དྷཾ་པུཥཔཾ་དྷཱུ་པཾ་དཱི་པཾ་ཨཀཱ་ཏཾ་ད་དཱ་མ་ཧེ་ཏེ་ཛོ་ཧཱ་གཏྱ་ས་པ་རི་བཱ་རཱ:ཤཱི་གྷྲི་ཁཱ་དནྟུ་པི་བནྟུ་ཛ:ཧཱུཾ་བཾ་ཧོ:ས་ཏྲི་པཏ?་དཱ་ན་པ་ཏེ:སརྦ་སཏྭ་ནཱཾ་ཙ་ཤཱནྟི་པུཥྚིཾ་རཀྵཱ་བ་ར་ཎ་གུ་པཏིཾ་ཀུརྦནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ོཾ་ཨཱ:ཤྲཱི་བཻ་ཤྲ་བ་ཎ ཡཀྵ་དྷི་པ་ཏི་བུདྡྷ་ཤཱ་ས་ནེ་པུཥཌིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པར་བྱའོ། །སྐད་ཅིག་གིས་ཧཱུཾ་གི་ཡི་གེ་ཡོངས་སུ་གྱུར་པ་ལས་སྔོན་དུ་གསུངས་པའི་སྟོབས་པོ་ཆེའི་སྐུ་ལ་དམ་ཚིག་སེམས་དཔའ་རྣམ་པར་བསྒོམS ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་དེ་བཞིན་གཤེགས་པ་ལ་སོགས་པས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ནས་རབ་ཏུ་ཞུགས་པར་བྱའོ། །ོཾ་མ ཧཱ་བ་ལ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ལྷག་པར་གནས་པར་བྱའོ། །ོཾ་བཛྲ་ཀྲོ་དྷ་མ་ཧཱ་པ་ལ་རཏན་ཏྲ་ཡཱ་པ་ཀ་རི་ནཾ་སཏྭཱན་ད་ཧ་པ་ཙ་བི་དྷཝཾ་ས་ཡ་ཛ་ཊི་ལ་ལཾ་པོ་དྷ་ར་ཨཽཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདིས་ལན་ཉི་ཤུ་རྩ་གཅིག་ལྷག པར་གནས་པར་བྱའོ། །དེ་ནས་གཏོར་མ་དབུལ་བར་བྱའོ། །ོཾ་ཨཱ:སརྦ་ལོ་ཀ་པཱ་ལཱན་ས་པ་རི་བཱི་རན་སརྦ་སཏྭཱ་ན་ཙ་ཀཱ་མ་དྷཱ་ཏུ་རཱུ་པ་དྷཱ་ཏུ་ཨ་རཱུ་པ་མ་ནུ་ཥྱཱ་མ་ནུ་ཥྱཱ་ན་སརྦ་དེ་བ་དྷེ་དེ་བ་ཏཾ་ཙ་ས་པ་རི་པཱ་རཱན་ཨོཾ་མཧཱ་བ་ལ་པཊཊ་རི་ཀ་པྲ་ཏཱིཙྪོ་པ་བྷུ་ཛཡ་ཨོཾ་ཨཱ: པུཥཔཾ་དྷཱུཾ་པཾ་དཱི་པཾ་གན་དྷཾ་ནཻ་བི་དྱེ་སརྦ་པ་རི་པཱུར་ཎཾ་མཧཱ་བ་ལིཾ་གྲིཧྞ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏོ་ཥ་ཡ་ཏོ་ཥ་ཡ། ན་མ་རཏན་ཏྲ་ཡཱ་ཡ། ན་མཥཙཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ནཱ་དྷི་པ་ཏ་ཡེ་ཧཱུཾ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནདྷ་བནདྷ་ཧ་ན་ཧ་ན་ད་ཧ་ར་ཧི་པ་ཙ་པ་ཙ་ཨོཾ་ཨ་མྲི ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་གཏོར་མའི་སྔགས་སོ། །ོཾ་མཧཱ་བ་ལ་བཏྟ་ར་ཀ་སྦྱིན་བདག་ཆེ་གེ་མོ་ཞེས་པའི་སེམས་ཅན་གྱི་དོན་དང་འདོད་པའི་དོན་ཏེ་ཧི་ད་དཱ་ཧ་པ་ཡང་སྭཱ་ཧཱ། ཞེས་པའི་སྔགས་ཀྱིS་ལན་བདུན་ལྷག་པར་གནས་པར་བྱའོ། །སྟོབས་པོ་ཆེ་གནས པའོ། །དེ་ནས་སྐད་ཅིག་གིས་ཧཱུཾ་ཡིག་གི་ས་བོན་ལས་བསྐྱེད་པའི་སྔོན་དུ་གསུངས་པའི་ནག་པོ་ཆེན་པོའི་སྐུ་ལ་དམ་ཚིག་སེམས་དཔའ་རྣམ་པར་བསྒོམས་ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན དྲངས་ནས་དམ་ཚིག་གི་སེམས་དཔའ་ཨི་ནང་དུ་ཐིམ་པར་བསྒོམས་ནས་རང་གི་ས་བོན་གྱི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཡང་དག་པར་མཆོད་ནས། ཨོཾ་བཛྲ་མཧཱ་ཀཱ་ལ་ཡ་ཤཱ་ས་ནཱ་ཨ་པ་ཀ་རི་ཎ་སརྦ་དུ་? ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་མཱ་དགྲ་ཧྞ་གྲཱིཧྣ་པནདྷ་བནདྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཧཱུཾ་ཕཊ། འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་པས་ལྷག་པར་གནས་པར་བྱའོ། །དེ་ནས་འདིས་གཏོར་མ་དབུལ་བར་བྱའོ། །ོཾ་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ནཱ་པ་ཀ་རི་ཎེ་ཀཱ་ལཱི་ཀ ར་ཨཱ་པི་ཀཱ་ལི་མཧཱ་ཀཱ་ལི་བཱི་ར་ཡོ་གི་ནཱི་བཱ་ར་མ་ཧཱ་བ་ཀྲི་ཏ་དཾཥྛ?་དཱུ་པཱ་དྷི:ཀཱརྟི་ཀཱ་པཱ་ལ་དྷཱ་རཱི་ཎི་ཕི:པྲ་ཏཱིཙྪོ་པ་བྷུ་ཛཡེ་ཨཾ་ཨཱ:པུཥཔཾ་དྷཱུ་པཾ་དཱི་པཾ་ནཻ་བི་དྱཾ་སརྦ་པ་རི་པཱུ་རྣཾ་མཧཱ་པ་ལི་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏོ་ཥ་ཡ་ཏོ་ཥ་ཡ་མཧཱ་ཀཱ་ལ་སརྦཱ་རྠ་ཀཱ་མཾ་དི་ཧི་དཱ་ན་པ་ཏེར་ད་དཱ་པ་ཡ ོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ། གཏོར་མའི་སྔགས་སོ། །ོཾ་བཛྲ་མཧཱ་ཀཱ་ལ་བུདྡྷ་ཤཱ་སན་སྱ་རཀྵ་ཀུ་རུ་སྭཱཧཱ། ཞེས་པའི་སྔགས་ལན་བརྒྱ་རྩ་བརྒྱད་དུ་ལྷག་པར་གནས་པར་བྱའོ་ཞེས་པ་ནི་ནག་པོ་ཆེན་པོ་དགོད་པའོ། །དེའི་རྗེས་ལ་སྐད་ཅིག་གིས་རཾ་ཡིག་ཡོངས་སུ ག་ཡུར་པ་ལས་མེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་དེའི་དབུས་སུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་དམ་ཚིག་སེམས་དཔའ་སྔོན་དུ་གསུངས་པའི་གཟུགས་ལ་འཕྲོག་མར་བསྐྱེད་ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་དམ་ཚིག་སེམས་དཔའ་ནང་དུ་བསྒོམས་ཏེ་རང་གི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཡང་དག་པར་མཆོད་ནས། ཨོཾ་ཛ་ཡ་ཛ་ཡ་བི་ཛ་ཡ བི་ཛ་ཡ་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཧཱུཾ་ཧཱ་རི་ཏཱཾ་སརྦ་དུ་སྟ་?་བྷ་ནེ་ཡེ་སྭཱ་ཧཱ། འདིས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་པས་ལྷག་པས་གནས་པར་བྱའོ། །ོཾ་སྣ་ཀི་ན་ཌི་ནི་པྲི་ཡཾ་ཀ་ར་སརྦཱ་རཐ་ཀ་མཱན་དེ་ཧི་དཱ་ན་པ་ཏེར་ད་པཱ་པ་ལ་སྭཱ་ཧཱ། འདིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། དེ་ནས་འདིས་གཏོར་མ་དབུལ་བར་བྱའོ། །ོཾ་ཧཱ་རཱི་ཏཱི་མཧཱ་ཡཀྵི་ཎི་པྲི་ཡཾ་ཀ་མ་ཧཱ་ཡཀྵ་སེ་ན་པ་ཏི་པཉྩ་ཤ་ཏ་བུ་ཏྲ་ས་པ་རི་བཱ་རཱ་ཎཱཾ་ནཱ་ནཱ་ཤཱསྟྲ་ནི་དྡྷཱ་ཌཧཱ་ར:སརྦཱ་ལཾ་ཀ་ར་བི་བྷུ་ཥི་ཏྲཱ:པྲ་ཏཱིཙྪོ་པ་བྷུ་ཛ:ོཾ་ཨཱ:པུཥཔཾ་དྷུ་པཾ་དཱི་པཾ་གནདྷཾ་ནི་བི་དྱེཙྪ་ཏྲ་དྷཝ་ཛ་པ་ཏཱ་ཀཱ་ཀུན དུ་རཱ་རི་དྷཱུ་པཾ་སརྦ་པ་རི་པཱུ་ད་ཎཾ་གྲིཧྣ་གྲིཧྣ་ཁ་ཁ་ཁཱ་ཧ་ཏོ་ཥ་ཡ་ཏོ་ཥ་ཡ་ཧཱ་རཱཾ་ཏཱི་མཧཱ་ཡཀྵི་ཎི་སརྦ་ཀཱ་མཱརྠ་སྭ་དྷ་ནི་དེ་ཧི་དཱ་ན་པ་ཏེ་རྔ་དཱ་པ་ཡ་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ཧཱི་རཱི་ཏི་མཧཱ་ཡཀྵིཾ་ཎི་བུདྡྷ་པཱ་ཙ:པྲ་ཏི་པ་ལཱ་ན་ཧི་ར་ཧ་ར་བུདྡྷ་ཤཱ་ས་ན་རཀྵཾ་ཀུ་རུ་སྭཱཧཱ། ཞེས་པས་ལན་བརྒྱ་རྩ་བརྒྱད་བཟླས་པས་ལྷག་པར་གནས་པར་བྱའོ། །དེ་ནས་ཨོཾ་ཧཱ་རཱི་ཏཱི་ཏ་ཀི་མཧཱ་ཡཀྵི་ཎི་པཉྩ་པུ་ཏ་ཤ་ཏ་པ་རི་བཱ་རི་ཎི་བུདྡྷ་བཱ་ཙ་པྲ་ཏི་པཱ་ལ་ནི་ཧ་ར་ཧ་ར་སརྦ་པཱ་པ་ན་སརྦ་ཡཀྵི་ཎི་པྲ་པེ་ཤེ་ནི་ཨཻ་དཾ་པ་ཎི་ཌི་ཀ་དྭ་ཡཾ་གྲིཧྞ་གྲིཧྞ་ཀྵཾ་སྭཱ་ཧཱ། ཞེས པས་ཆད་བུ་གཉིས་དབུལ་བར་བྱའོ་ཞེས་པ་ནི་འཕྲོག་མ་དགོད་པའོ། །དེའི་རྗེས་ལ་སྐད་ཅིག་གིས་ཛཾ་ཡིག་ལས་བསྐྱེད་པའི་རྒྱལ་པ་དམ་ཚིག་སེམས་དཔའ་སྔོན་དུ་གསུངས་པའི་སྐུར་བསྐྱེད་ནས་དེ་དང་མཚུངས་པའི་ཡེ་ཤེས་པ་དང་རང་གི་སྙིང་གའི ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་ནང་དུ་བསྒོམས་ནས་རང་གི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཞིང་ཡང་དག་པར་མཆོད་ནས། ཨོཾ་མཧཱ་ཡཀྵཱ་དྷི་པ་ཏེར་བུདྡྷ་ཤཱ་ས་ནཾ་རཀྵ་རཀྵ་ཀྵིཾ་སྭཱ་ཧཱ། ཞེས་པའི་སྔགS ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་འདིས་གཏོར་མ་དབུལ་བར་བྱའོ། །ོཾ་མཧཱ་ཡཀྵ་དྷི་པ་ཏི་ཨཻ་མཾ་ལ་ལིཾ་གྲིཧྞཱ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཀྵིཾ་སྭཱཧཱ། ཞེས་པ་ནི་རྒྱལ་པོ་དགོད་པའོ། །དེ་ནས་རྡོ་རྗེ་བཞད་པའི་རེ་མིག་ལ་གཏོར་མའི་སྟེགས་བུ་བཟང་པོ་ལེགས་པར བ་ཀོད་ནས་སྐད་ཅིག་གིས་ཧཱུཾ་ཡིག་ལས་བསྐྱེད་པའི་གཏོར་མའི་སྟེགས་བུར་རྣམ་པར་བསམས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་གདན་དྲངས་པའི་ཡེ་ཤེས་སེམས་དཔའ་ཨི་རང་བཞིན་ཧཱུཾ་གི་ཡི་གེ་ལས་དེའི་ནང་དུ་བསྒོམས་ནས་རང་གི་སྔགས་ཀྱིས་ལྷག པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཞིང་ཡང་དག་པར་མཆོད་ནས། ཧ་ཧོ:ཧཱི:ོཾ་ཨཱ:ཧཱུཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས། དེ་ནས་གཙུག་ལག་ཁང་གི་ནང་ན་གནས་པའི་རྡོ་རྗེ་མི་གཡོ་བ་ལ་སོགས་པ་སྒོའི་ལྷག་པའི་བདག པོ་ལ་སོགས་པར་མིག་གི་ལྷག་པའི་བདག་པོ་དང་དབང་དུ་བྱེད་པའི་ལྷག་པའི་བདག་པོ་དང་གནོད་ཀྱི་ལྷག་པའི་བདག་པོ་རྣམས་ལ་དབུལ་བ་གསོལ་བར་བྱའོ། །གང་དུ་གཙུག་ལག་ཁང་གི་ནང་གནས་རྡོ་རྗེ་མིག་གཡོབ་ཏྲི་པ་ཀ་རྡོ་རྗེ་ལྕགས་ཀྱུ་རྣམ་རྒྱལ་གཤིན་རྗེ་མཐར བ་ཡེད་རྡོ་རྗེ་ཟས་དང་ཉེས་པ་ངེས་རྟོག་འདོད་པའི་རྒྱལ་པོ་མཐར་སྤྱོད་ཕྱག་ན་རྡོ་རྗེ་ཀརྣཾ་ཀ་དང་ཁྲོ་བོ་ཤེས་རབ་མཐར་བྱེད་པ་ལཱ་ལ་དང་རིན་ཆེན་གཙུག་ཏོར་དབྱུག་སྔོན་རྒྱལ་དཀར་རྡོ་རྗེ་རྒྱས་པ་འཇིག་རྟེན་གསུམ་པོ་རབ་སྒྲུབ་པདྨ་མཐར་བྱེད་འཇིགས་བྱེད་རབ་གཏུམ མ་ཆེ་གཙིགས་སྟོབས་པོ་ཆེ་དང་རྐང་པ་བསྐྱོད་བྱེད་རྡོ་རྗེ་འབེབས་པ་དཔའ་བོའི་རིམ་པ་བདུད་རྩི་འཁྱིལ་པ་རྡོ་རྗེ་གཞད་པ་རྡོ་རྗེ་རྣམ་འཇོམས་ནག་པོ་ཆེན་པོ་ཁྲོ་རྒྱལ་ཆེན་པོ་འཕྲོག་མ་ལ་སོགས་གཙུག་ལག་ཁང་བསྲུང་ལྷ་གནས་རྣམས་ལ་གཙུག་ལག་ཁང བསྲུང་ལྷ་གནས་རྣམས་སུ་བདག་གིས་འདི་ནི་གསོལ་བགྱི་གཏོར་མའི་སྟེགས་བུ་འདི་ནི་ཁྱེད་རྣམས་གཏོར་མ་ཉེ་བར་ལོངས་སྤྱོད་ཕྱིར་ན་བདག་གིས་དགོད་པར་གྱི། དེ་ནས་དེ་ལ་ཟས་ལ་སོགས་པའི་ཕུང་པོ་བྱས་ནས་དཔུང་པ་བཟང་པོའི་རྒྱུད་ལས་གསུངS པའི་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས་དྲི་བཟངས་དང་ཆུ་དང་ཁྲག་དང་མཛཛཧ་ར་དང་ཆང་དང་འོ་མའི་རྒྱུན་བླུགས་པ་སྔོན་དུ་འགྲོ་བས་གཏོ་མ་དབུལ་བར་བྱའོ། །གཏོར་མའི་སྟེགས་བུ་དགོད་པའོ།། །།དེ་ནས་ཡན་ལག་རྣམ་པ བཞིའི་རྣམ་པར་དག་པས་གཎ་ཌི་རྣམ་པ་བཞིའོ། །དེ་ཡང་ཀཱ་ཤཱ་རཱི་དང། ནྱ་གྲོ་དྷ་དང། ཨ་ཤྭཏ་ཐ་དང། ཀེ་ཤར་དང། ཨཽ་དུམ་བ་རའི་ཤིང་རྣམས་ལ་བྱའོ། །དེ་ནས་དྲོང་རྣམ་པར་དག་པ་གཎ་ཌི་ཆུང་པ་ནི་ཆོས་ཀྱི་ཕུང་པོ་བརྐྱང་ཅུ་རྩ་བ་ནིའི་རྣམ་པར་དག་པ་ཆ བརྒྱད་ཅུ་རྩ་བཞི་པ་གསུམ་སྟེ་སྲིད་དུའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་དག་པས་འཁོར་ཡུག་ཏུ་ཆ་བཅུ་གཉིས་ཏེ་ཟླུམ་པོའོ། །དེ་བཞིན་དུ་རྩེ་མོ་མངོན་པར་རྟགོས་པའི་རྣམ་པར་དག་པ་གཎ་ཌི་གཉིས་པ་སྟེ། མངོན་པར་ཤེས པ་ལྔ་དང་དཔེ་བྱང་བཟང་པོ་བརྒྱད་ཅུའི་རྣམ་པར་དག་པས་ཆ་བརྒྱད་ཅུ་རྩ་ལྔ་སྟེ་སྲིད་དུའོ། །ས་བཅུ་གསུམ་གྱི་རྣམ་པར་དག་པས་ཆ་བཅུ་གསུམ་པ་སྟེ་ཟླུམ་པོའོ།།རྣམ་པར་ཐར་པ་བརྒྱད་ཀྱིས་རྣམ་པར་དག་པ་བརྒྱད་བརྒྱད་ཀྱིས་རྣམ་པར་བརྒྱན་པའོ། །དེ་བཞིན དུ་?་པའི་རྣམ་པར་དག་པ་ནི་གཎ་ཌི་གསུམ་པ་སྟེ། སྟོབས་བཅུ་དང་དགེ་བ་བཅུ་དང་དབང་བཅུ་དང་ཕ་རོལ་ཏུ་ཕ་ཨིན་པ་བཅུ་དང། ཤེས་པ་བཅུ་དང་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པར་དག་པ་ཆ་བརྒྱད་ཅུ་རྩ་བདུན་ཏེ་སྲིད་དུའོ། །སྒྲིབ་པ་མེད་པའི་རྣམ་པ ལ་སོགས་པའི་དབྱངས་བཅོ་ལྔའི་རྣམ་པར་དག་པ་ཆ་བཅོ་ལྔ་ནི་ཟླུམ་པོའོ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དག་པས་བརྒྱད་ཅུ་རྩ་གཉིས་སོ། །དེ་བཞིན་དུ་ཆོས་མཆོག་གི་རྣམ་པར་དག་པ་ནི་གཎ་ཌི་བཞི་པ་སྟེ། ཉོན་མོངས་དགུ་བཅུ་རྩ་བརྒྱད་སྤངས པའི་རྣམ་པར་དག་པས་ཆ་དགུ་བཅུ་རྩ་བརྒྱད་སྲིད་དུའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་དག་པས་ཁོར་ཡུག་ཏུ་ཆ་བཅོ་བརྒྱད་དོ། །བདེན་པ་བཅུ་དྲུག་གི་རྣམ་པར་དག་པས་བརྒྱད་ཅུ་རྩ་དྲུག་གོ། གཎ་ཌི་རྣམ་པ་བཞི་ལ་རྩེ་མོ་རུ?་ཆུ་གཉིས དང་ཆ་གསུམ་དང་བྱེད་དང་བཅས་པའི་ཆ་གསུམ་དང་ཆ་བཞིའི་ཚད་ཀྱི་མཎ་ཌུ་ཀའི་མགོ་བོ་བྱའོ། །མཎ་ཌཾ་སྙིང་པོའི་གཙོ་སྟེ་མཎ་ཌུ་ཀའི་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ནི་མཎ་ཌུ་ཀའི་སྒྲས་བརྗོད་པར་བྱའོ། །གཎ་ཌི་ཐམས་ཅད་ཀྱི་ཡང་ཆ་ལྔའི་དབུས་ཀྱི་ཆ་གཅིག་དམའ བར་བྱའོ། ། འཁོར་ཡུག་ཏུ་ཆ་གཅིག་གིས་དམན་པའོ། །འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔའི་རྣམ་པར་དག་པའོ། །དེ་ལ་བླ་ན་མེད་པའི་མཆོད་པ་བདུན་རྣམ་པར་ངག་པས་ཚོན་རིས་བདུན་ནོ། །འདི་རྣམས་ཀྱི་ནང་ནས་ཡིད་ལ་གང་འཐད་པ་དེ་བྱའོ། །གཎ་ཌི མཐེའུའི་ཚད་བརྗོད་པར་བྱ་སྟེ། དེ་ལ་སྟེང་གི་ཆ་ལ་ཆ་བཅུ་སྟེ་གཟུངས་མ་བཅུའི་རྣམ་པར་དག་པའོ། །ཁོར་ཡུག་ཏུ་ཆ་དྲུག་གིས་ཟླུམས་ཏེ་རྗེས་སུ་དྲན་པ་དྲུག་གི་རྣམ་པར་དག་པའོ། །འོག་ཏུ་ཡེ་ཤེས་ལྔ་དེ་དང་མཚུངས་པའི་ཟླུམས་སོ། །ཕུང་པོ་ལྔའི་ངག་པའོ། །གཎ ཌི་བརྡུངས་པའི་སྒྲས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རང་བཞིན་དུ་བརྗོད་པར་གྱུར་ཏོ། །གཎ་ཌི་བརྡུངས་པའི་སྒྲས་བཀྲ་ཤིས་ཀྱི་ཚིགས་སུ་འབྱུང་བར་འགྱུར་རོ། །གང་དུ་གཎ་ཌི་བརྡུངས་པའི་གཙུག་ལག་ཁང་དེ་རུ་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན དང་དགེ་བསྙེད་མ་ནད་ཐམས་ཅད་ཉེ་བར་ཞི་པར་བྱེད་དོ། །བྱང་ཆུབ་ཏུ་ཡོངས་སུ་འགྱུར་བར་བྱེད་དོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ཀྱིས་བཀའ་དྲིན་ཡང་ཤིན་ཏུ་སྐྱེ་བར་འགྱུར་རོ། །དཀྱིལ་འཁོར་ལ་ཤིན ཏུ་གུས་པར་འགྱུར་རོ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར་རོ། །དེ་ལ་ཚོན་རིས་བདུན་གྱི་ཚོན་གྱི་རིམ་བ་བརྗོད་པར་བྱ་སྟེ། སེར་པོ་ཨདང། དམར་པོ་དང། ལྗང་ཁུ་དང། སྔོན་པོ་དང། སེར་པོ་དང་བཞི་ཚོགས་པ་དང་རྣམས་སོ། །དེ་ལ་སེར་པོ་ནི་དགེ་འདུན་ཕལ་ཆེན་པ ཡིའོ། །དམར་པོ་ནི་ཐམས་ཅད་ཡོད་པར་སྨྲ་བ་ཡིའོ། །ལྗང་ཁུ་ནི་མང་པོས་བཀུར་བ་ཡིའོ། །སྔོན་པོ་ནི་གནས་བརྟན་པ་ཡིའོ། །གང་དུ་གཉིས་པའི་ཆ་ལ་མ་ཐུག་པའི་ཆ་སྟེ་དམར་པོ་གསུམ་རྡོ་རྗེའི་རང་བཞིན་ནོ། །སྙིང་པོ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཐེའུ་ནི ཤུ་ཤུ་ར་སྟེ་ཁ་དོག་དམར་པོ་ཉིད་དོ། །དེ་ནས་སློབ་དཔོན་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་ཀྱིས་སྐད་ཅིག་གིས་ཟླ་བ་ལ་གནས་པའི་དྷིགཎ་ཌི་གདན་དྲངས་ལ་དམ་ཚིག་སེམས་དཔའ་ཨི་ནང་དུ་བསྒོམས་ནས་རང་གི་ས་བོན་གྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ལ། ཨོཾ་དྷཱཔར་བྱའོ། །དེ་ནས་པའི་རྣམ་ལྔ་དང་བདུད་རྩི་ལྔ་དང་དྲི་ལྔ་ལ་སོགས་པས་དབང་བསྐུར་ནས་སླར་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་བུམ་པའི་ཆུས་དབང་བསྐུར་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་ཨོཾ་བཛྲ་བྷཱ་ཥ་རཾ་སྭཱཧཱ ཞེས་པའི་སྔགས་ཀྱིས་ཀྱང་ལན་བདུན་ལྷག་པར་གནས་པར་བྱའོ། །དེ་ནས་བ་ཡིག་གི་ས་བོན་ལས་སྐྱེས་པའི་ཐིའུར་རྣམ་པར་བསྒོམས་ལ། དེ་ནས་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ལ་དམ་ཚིག་སེམས་དཔའ་ཨི ནང་དུ་བསྒོམས་པར་བྱའོ། །རང་གི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ་མེ་ཏོག་ལ་སོགས་པས་ཡང་དག་མཆོད་ནས་ཨོཾ་བཛྲ་ཏིཀྵ་དྷཾ?་སྭཱ་ཧཱ། འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །དེ་ནས་ལྕགས་ཀྱི་མེས བསྐུར་བ་བྱས་ནས་མཆོད་ཡོན་ལ་སོགས་པ་ཕུལ་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་ལྷ་ཁང་གི་ནང་གི་དབང་ལྡན་གྱི་ཟུང་དུ་རིན་པོ་ཆེའི་ཆུ་སྐྱེས་ཀྱི་སྟེང་དུ་བཞུགས་པར་བྱའོ། །ཡེ་དྷརྨཱ་ལ་སོགས་པའི་ཚིགས་སུ་བཅད་པས་རབ་ཏུ་གནས པར་བྱའོ། །ོཾ་དྷཱིསོ་རྩི་ལ་སོགས་པའི་ཡོན་གྱིས་བཀུར་སྟིར་བྱས་ནས་དུར་བ་དང། སྦྱར་བའི་ཀུན་དང་དྲི་བཟངས་དང་མེ་ཏོག་ལ་སོགས་པ་དང། ཨ་ཀ་རུ་ནག་པོ་དང་བདུག་པ་ལ་སོགས་པ་རྣམས་ཀྱང་ཕུལ་ལ། དྲི་བཟང་པོའི་ཆུའི་རྒྱུན་བྲང་བ་སྔོན་དུ་འགྲོ་བས་རྣམ་པར་དག་པའི་ཚུལ ཁྲིམས་དང་ཤེས་རབ་དང་མཆོག་གི་སྙིང་རྗེ་དང་ལྡན་པའི་དགེ་སློང་གནས་བརྟན་རྣམས་ལ་སྙན་གསན་དབབ་པར་བྱའོ། །གནས་བརྟན་གདན་ལ་བཞུགས་པ་ལ་བརྗོད་པར་བྱ་སྟེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་གནས་བརྟན་ལ་སྙན་གསན དབབ་པར་བྱའོ། །དེ་ནས་དགེ་འདུན་འཁོར་དང་བཅས་པ་ལ་སྟོན་མོ་དབུལ་བའི་ཕྱིར་གཎ་ཌིའི་བསྟོང་པ་བརྗོད་པ་སྔོན་དུ་འགྲོ་བས་གཎ་ཌི་བརྡུང་བར་བྱའོ། །དྲ་ནི་རབ་ཏུ་བྱུང་བ་བླང་བ་བརྗོད་པར་བྱ་སྟེ། དེ་འདུལ་བ་ལས་གསུངས་པ་ལ་མཁན་པོ་དང་སློབ དཔོན་དག་གིས་རབ་ཏུ་བྱུང་བ་ཉེ་བར་བསྒྲུབ་པར་བྱའོ་ཞེས་སོ། །དགེ་སློང་རྣམས་ཀྱི་རབ་ཏུ་བྱུང་བ་ཉེར་བར་བསྒྲུབ་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ལ་ཞིག་རབ་ཏུ་འབྱུང་དུ་ཉེ་བར་འོངས་ན་གང་ལ། དེ་ལ་འདིར་དེའི པར་ཅན་གྱི་ཆོས་རྣམས་ཡོངས་སུ་དྲི་བར་བྱའོ། །དང་པོར་གསུམ་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གནས་ལྔ་སྟེ་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །མཆོད་རྟེན་ལ་ཕྱག་འཚལ་ནས་སློབ་དཔོན་གྱི་མདུན་དུ་མཎྜལ་བྱས་ནས་ཙོག་བུར་འདུག་སྟེ ཐལ་མོ་སྦྱར་ནས་འདི་བཞིན་དུ་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་འདོད་ཆགས་དང་བྲལ་བ་རྣམས་ཀྱི མཆོག་ཆོས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའི་ལན་གསུམ་དུའོ། །གཉིས་པ་ཡང་དེ་ནས་ཡང་བསླབ་པའི་གནས་ལྔ་སྦྱིན་པར་བྱའོ། །བདག་མིང་འདི་ཞེས བགྱི་བ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་སྟེ། སྲོག་གཅོད་པ་ལས་བདག་སླར་ལྡོག་པར་བགྱིད་དོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་སྤོང་སྟེ་མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བགྱིད་དོ་།བདག་མིང འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་འདོད་པ་ལོག་པར་སྤྱོད་པ་སྤོང་སྟེ་འདོད་པ་ལོག་པར་སྤྱོད་པ་ལས་བདག་སླར་ལྡོག་པར་བགྱིད་དོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་བརྫུན་དུ་སྨྲ་བ་སྤོང་སྟེ་བརྫུན་དུ་སྨྲ་བ་ལས་སླར་ལྡོག་པར་བགྱིད་དོ།། བ་དག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་སྟེ་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་བདག་སླར་ལྡོག་པར་བགྱིད་དེ་ལན གསུམ་ཡང་ངོ། །དེ་བཞིན་དུ་གསུམ་ལ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལྔ་ལ་སོགས་པ་དགེ་བསྙེན་གྱི་བསླབ་པར་བདག་གཟུང་དུ་གསོལ་ལོ་ཞེས་སོ། །དེ་ནས་སློབ་དཔོན་ལ་མཁན་ཡོད་གསོལ་བ་གདབ་པར་བྱའོ། །མཁན་པོ་དགོངས་སུ་གསོལ བདག་མིང་འདི་ཞེས་བགྱི་བ་རབ་ཏུ་དབྱུང་དུ་གསོལ་ཞེས་ལན་གསུམ་མོ། །དེ་ནས་སྐྲ་བཞར་ནས་གཙུག་བུར་གཞག་པར་བྱའོ། །དེ་ནས་དེ་རབ་ནས་ཁྱོད་ཀྱང་ཁྱིམ་པའི་རྟགས་སྤོང་བ་གཙུག་ཕུད་འབྲེག་པ་སྤྲོ་འམ་རབ་ཏུ་འབྱུང་བར་ངེས་སམ་ཞེས་དྲ་བར་བྱའོ།། གལ་ཏེ་ངེས་སོ་ཞེས་ཟེར་ན་རྒྱ་མཚོ་བཞིའི་ཁྲུས་བྱ་སྟེ་དེའི་ཚེ་གཙུག་ཕུང་བྲེག་པར་བྱ་ཞིང་གོས་ངུར་སྨྲིག་བསྐོན་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་ཁྱིམ་པའི་རྟགས་སྤང་ངོ། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ཞེས ལན་གསུམ་དུའོ། །དེ་ནས་རབ་ཏུ་འབྱུང་བ་ལ་མངོན་པར་ཕྱོགས་པར་སེམས་པ་ནི་རབ་ཏུ་འབྱུང་བར་བྱའོ། །ཁྱིམ་པའི་མིང་སྤངས་ཏེ་ཚོགས་པའི་ཚུལ་གྱིས་དགེ་སློང་གི་མིང་གདགས་པར་བྱ་བ་སྔོན་དུ་འགྲོ་བས་སྔོན་བ་བཞིན་དུ་ལན་གསུམ་སྐྱབས་སུ་འགྲོ་བ བརྗོད་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །བདག་མིང འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་ཚེགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ནས་བསླབ་པའི་གནས་བཅུ་སྦྱིན་པར་བྱའོ། །སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ སླབས?་ཤིང་སྲོག་གཅོད་པ་ལས་སླང་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་སྟེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིད་དོ། །དགེ་ཚུལ་གྱི་བསླབ་པ་ཡང་དག་པར་བླང་བར་བགྱིའོ། །དེ་བཞིན་དུ་དེ་ལྟར བདག་ཡན་ལག་དང་པོ་འདིས་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བགྱིད་དོ། །རྗེས་སུ་སྒྲུབ་པོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱི་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་དང། བརྫུན་དུ་སྨྲ་བ་དང་འབྲུའི་ཆད་དང་བཅོས་པའི་ཆར་མྱོས་པར་གྱུར་པ་བག་མེད་པའི་གནས་དང། གླུ་གར་དང་རོལ་མོའི་སྒྲ་དང་ཕྲེང་བ་དང་དྲི་དང་བྱུག་པ་དང་ཁ་དོག་འཆང་བ་དང། གྲི་སྟན་མཐོན་པོ་དང། ཁྲི་སྟན་ཆེན་པོ་དང། དུས་མ་ཡིན་པའི་ཁ་ཟས་དང་།གསེར དངུལ་ལེན་པ་རྣམས་སྤངས་ཏེ། དེ་བཞིན་དུ་དེ་ལྟར་བདག་མང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་མ་བྱེད་པར་ལེན་པ་ལས་ལྡོག་ཅིང་དགེ་ཚུལ་གྱི་བསླབ་པ་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་པ་བགྱིབས་ཇི་སྲིད་འཚོའི བར་དུ་མི་ཚངས་པར་སྤྱོད་པ་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག ཅིང་བསླབ་པའི་གནས་བདག་གི་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་གླུ་གར་དང་རོལ་མོའི་སྒྲ་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་ཕྲེང་བ་དང་དྲི་དང་བྱུག་པ་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་པར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་ལས་སླར ལྡོག་ཅིང་བསླབ་པའི་གནས་བདག་གི་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི བས་ཇི་སྲིད་འཚོའི་བར་དུ་གསེར་དངུལ་ལེན་པ་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད་ནས། བདག་ཡན་ལག་བཅུ་པ་འདིས་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ པོ། །རྗེས་སུ་བགྱིད་དོ། །རྗེས་སུ་བསྒྲུབ་བོ། །དེ་ནས་ལྷུང་བཟང་དང་ཆོས་གོས་སྦྱིན་པར་བྱའོ། །མཁན་པོ་དང་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ། །དགེ་འདུན་གྱི་དཀྱིལ་འཁོར་འདུས་པ་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་སློབ་དཔོན དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱི་སྟེ། དགེ་འདུན་གྱི་ཆོས་གོས་འདི་དགེ་འདུན་ཡིད་ཆེས་པའི་ཕྱིར་དང་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན་དགོངས་སུ་གསོལ བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱིའོ། །ཆོས་གོས་འདིས་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར བགྱི་ལྕེ་ཆོས་གོས་འདིས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་སྲང་དང་ཚོང་དུས་སུ་འཇུག་པར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱི་སྟེ་།ལྷུང་བཟེད་དྲང་སྲོང་གི་སྣོད་འདི བླང་བའི་སྣོད་ཟས་ལ་ཡོངས་སུ་སྤྱོད་པར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མེད་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བར་བགྱི་སྟེ། བླང་བའི་སྣོད་འདི་ཆུ་སྣོད་དུ་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན དགོངས་སུ་གསོལ། བདག་མེད་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱི་སྟེ་འདི་བསིལ་བྱེད་དུ་ལྷག་པར་གནས་པར་བགྱིའོ། །ལན་གསུམ་གསུམ་མོ།། དེ་བཞིན་དུ་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་མཁན་པོ་ལ་གསོལ་བ གདབ་པར་བགྱི་སྟེ། དགེ་འདུན་གྱི་ཆོས་གོས་འདི་དགེ་འདུན་ཡིད་ཆེས་པའི་ཕྱིར་དང། ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་མཁན་པོ་ལ་གསོལ་བ་གདབ་པར་བགྱི་སྟེ། ཆོས་གོས་འདིས་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་ལྷག་པར་གནས་པར་བགྱིའོ། །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་མཁན་པོ་ལ་གསོལ་བ་གདབ་པར་བགྱི་སྟེ། ཆོས་གོས་འདིས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་སྲང་དང་ཚོང་དུས་སུ་འཇུག པར་ལྷག་པར་གནས་པར་བགྱིའོ། །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་མཁན་པོ་ལ་གསོལ་བ་གདབ་པར་བགྱི་སྟེ། ལྷུང་བཟེད་དྲང་སྲོང་གི་སྣོད་འདི་བླང་བའི་སྣོད་ཟས་ལ་ཡོངས་སུ་སྤྱོད་པར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་? བའི་དགེ་འདུན་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཕགས་པའི་དགེ་འདུན་རྣམས་ལ་གསོལ་བ་གདབ་པར་བགྱི་སྟེ། བླང་བའི་སྣོད་འདི་ཆུ་སྣོད་དུ་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་འཕགས་པའི་དགེ་འདུན་རྣམས་དགོངས་སུ གསོལ་། བདག་མིང་འདི་ཞེས་བགྱི་བས་འཕགས་པའི་དགེ་འདུན་ལ་གསོལ་བ་གདབ་པར་བགྱི་སྟེ། འདི་པ་སིལ་བྱེད་དུ་ལྷག་པར་གནས་པར་བགྱིའོ། །ལན་གསུམ་དུའོ། །དེ་ནས་སློབ་དཔོན་གྱིས་སྔགས་འདིས་ཆོས་གོས་རབ་ཏུ་སྦྱིན་པར་བྱའོ། །ོཾ་ན་ཨམནྟ་བུདྡྷཱ་ནཱཾ་སརྦ་ཏ་ཐཱ་གཏཱ་དྷིཔཥ་ཏྭཱཏ་མ་རཱི?་བ་ར་སྭཱ་ཧཱ་། དེ་ནས་བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་ཞེས་བགྱི་བས་ཆོས་གོས་འདི་དགེ་འདུན་ཡིད་ཆེས་པ་དང་ཡོངས་སུ་ལོངས་སྤྱད་པའི་ཕྱིར་བདག་གིས་བཟུང་བར་བགྱིའོ། །དེ་བཞིན་དུ་བཙུན་པ་རྣམས དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་རྒྱལ་པོའི་ཕོ་བྲང་དུ་འཇུག་པའི་ཕྱིར་བདག་གིས་བཟུང་བར་བགྱིའོ། །བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་སྲང? དང་ཚོང་དུས་སུ་འཇུག་པའི་ཕྱིར་བདག་གིས་བཟུང་བར་བགྱིའོ། །བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དྲང་སྲོང་གི་སྣོད་ལྷུང་བཟེད་འདི་སློང་བའི་སྣོད་ཟས་ལ་ཡོངས་སུ་སྤྱོད་པར་བདག་གིས་བཟུང་བར་བྱའོ། །བཙུན་པ་རྣམས་བདག་ལ དགེ་བས་སུཾ་གསོལ། བདག་མིང་འདི་ཞེས་བགྱི་པས་བླང་པའི་སྣོད་ཆུ་ནོད་དུ་འདི་དག་གིས་བཟུང་བར་བགྱིའོ། །བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འདི་བསིལ་བྱེད་དུ་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་བཙུན་པ་རྣམས བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྡོམ་པ་རྒྱ་ཆེན་པོ་རྣམས་ཀུན་ནས་ཐོབ་སྟེ་ལེགས་པའི་སྡོམ་པ་རྙེད་དོ། །བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་ཚོགས་པ་རྙེད་ཅིང་ཐོབ་སྟེ་དེའི་ཚེ་དགེ་འདུན་དང ལྷན་ཅིག་ཏུ་སྨན་དུ་བགྱིས་ཏེ་ཚུལ་ཁྲིམས་གྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་པའི་ཕུང་པོ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ཡོངས་སུ་རྫོགས་པར་བྱ བའི་ཕྱིར་རོ། །ལན་གསུམ་དུའོ། །གཞུང་མངས་པའི་འཇིགས་པས་བསླབ་པ་གསུངས་པ་གཞན་རྣམས་ནི་མ་བྲིས་སོ། །ཞེས་པ་ནི་རབ་ཏུ་སྦྱིན་པའི་ཆོ་གའོ། །པཎྜི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པས་མཛད་པའི་བྱ་བ་བསྡུས་པ་ལས་རབ་ཏུ་བྱེད་པ་བདུན་པའོ།། །།ཆོས་དབྱིངས རྣམས་ཀྱི་མཚན་ཉིད་ནི། །ཤེས་ཤིང་བཞེངས་པར་བྱ་བ་དང། །ཞིག་པ་གསོ་དང་ཉེ་བར་བསྡུ། །ཚོགས་གྱི་འཁོར་ལོ་མཆོད་བྱ་ལ། །ཆོས་ཀྱི་དབྱིངས་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱའོ། །དེ་ལ་འབྲས་དཔུང་གི་རྣམ་པ་ནི་མཚན་སུམ་ཅུ་རྩ་གཉིས་ཀྱིས་རྣམ་པར་དག་པ་ཆ སུམ་ཅུ་རྩ་གཉིས་ཀྱི་སྟེགས་བུའི་རྒྱར་བྱའོ། །དཔངས་སུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་དག་པས་ཆ་བཅུ་གཉིས་སོ། །སྟེགས་བུ་ནི་ཟླུམ་པོ་ལ་གྲུ་བཞི་པ་ལ་ཆ་བཅུ་གཉིས་ཆས་སམ་ཉི་ཤུ་ཟུང་དུ་བྱའོ། །དེའི་སྟེང་དུ་རྗེས་སུ་དྲན་པ་དྲུག གི་རྣམ་པར་དག་པས་ཆ་དྲུག་པ་འདེབས་པའི་སྟེགས་བུ་བྱའོ། །དེ་ཡང་ཟླུམ་པོ་ཉིད་དུ་བྱའོ། །འདིར་ཡང་བུམ་པའི་དབུས་ལ་དེ་ཡང་བུམ་པའི་ཆོས་ཀྱི་སྐུའི་རྣམ་པར་དག་པ་མངོན་པར་ཤེས་པ་དྲུག་གི་རྣམ་པར་དག་པས་ཆ་དྲུག་པའི་ཐིག་གིས་བུམ་པ་ཟླུམ་པོར བྱའོ། །དེའི་སྟེང་དུ་ཐེག་པ་གསུམ་གྱིས་དག་པས་ཆ་གསུམ་གྱིས་ཧར་མེའི་རྩེ་མོའི་མཐར་ཐུག་པའོ། །རྒྱང་འཕགས་པའི་བདེན་པ་བཞིའི་རྣམ་པར་དག་པས་ཆ་བཞི་པའོ། །འདིའི་རེ་རེའི་ལོགས་དག་ཏུ་ཡང་ཅུང་ཟད་ཚད་པས་ལྷག་པར་བྱའོ། །ཆ་གཅིག་གི་སུམ་ཆོས་ཧར མིའི་སྟེང་འོག་ཏུའོ། །ཆ་གཅིག་གིས་མགུལ་རྒྱན་ཏེ་མགུལ་རྒྱན་གཉིས་ཀྱི་སྟེང་འོག་ཏུ་དེའི་ཚད་ཀྱིས་མགུལ་རྒྱན་གྱི་རིམ་པའི་སྟེང་འོག་ཏུའོ། །ལྷག་མ་རྣམས་ནི་མེ་ཏོག་འཛིན་པ་ཅན་ནོ། །ཐུང་བ་ནི་ཛ་ལྟར་མཛེས་པར་བྱའོ། །ཧར་མེའི་ཆ་དགུའི་གཅིག་གི་ཚད་ཀྱིས་སྲོག ཤིང་རྩ་པའོ། །དེ་ཚད་མེད་པའི་གནས་བཞིའི་དག་པས་གྲུ་བཞི་པའོ། །དེའི་ཚེ་དགུའི་གཅིག་གི་ཚད་ཀྱིས་སྲོག་ཤིང་རྩེ་མོའོ། །སེམས་བསྐྱེད་ཉི་ཤུ་རྩ་གཉིས་ཀྱི་རྣམ་པར་དག་པས་སྲོག་ཤིང་གི་སྲིད་དུ་ཆ་ཉི་ཤུ་རྩ་གཉིས་སོ། །འཇིག་རྟེན་སྐྱོང་བ་རྣམས་ཧར་མིའི་དག་ གི་མཐར་ནས་སྲོག་གི་དབུས་སུལ། །གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་ཆ་གཅིག་གི་ཚད་ཀྱིས་འཇིག་རྟེན་སྐྱོང་བའི་སྟེང་འོག་ཏུའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རྣམ་པར་དག་པས་ཆ་བརྒྱད་ཀྱིས་གདུགས་ཀྱིས་ཕྲེང་བ གནས་པའི་ཆའོ། །ཆ་བཅུ་གསུམ་གྱིས་རྣམ་པར་དག་པས་དེ་ཡང་གདུགས་ཀྱི་འཁོར་ལོ་བཅུ་གསུམ་མོ། །དེའི་སྟེང་དུ་ཆ་ཕྱེད་ཀྱིས་ཆང་ཁེབ་ཀྱི་གནས་སོ། །དེའི་སྟེང་དུ་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དག་གི་རྣམ་པར་དག་པས་ཕྱེད་དང་བཅས་པའི་ཆ གཅིག་གི་ཚད་ཀྱིས་མགྲིན་པ་མཐོང་པའོ། །དེ་ཡང་མགྲིན་པ་ནས་སྲོག་ཤིང་གི་རྩེ་མོའི་མཐར་ཐུག་པ་ལྟ་དེའི་ཕྱེད་དོ། །དེའི་སྟེང་དུ་བླ་ན་མེད་པའི་སྙིང་རྗེ་ཆེན་པོ་རྣམ་པར་དག་པས་གཙུག་ཏོར་རོ། །དེ་བཞིན་དུ་ལྷུང་བཟེད་ཀྱི་རྣམ་པ་ནི་སྟོབས་བཅུ་དང་སངས་རྒྱས་ཀྱི་ཆོས་མ འདྲེས་པ་བཅོ་བརྒྱད་ཀྱི་རྣམ་པར་དག་པས་ཆ་ཉི་ཤུ་རྩ་བརྒྱད་ཀྱི་ཚད་ཀྱི་འོག་གི་སྟེགས་བུའི་རྒྱ་རུའོ། །སྟོབས་ལྔའི་རྣམ་པར་དག་པས་ཆ་ལྔ་ནི་འདེགས་པའོ། །སྟེགས་བུའི་སྟེང་འོག་ཏུའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རྣམ་པར་དག་པ་ཆ་བདུན་ཏེ་བུམ་པའི་དཔངས་སོ། །ལྷག་མ རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་ཡན་ལག་དྲུག་གི་རྣམ་པ་ནི་ཤེས་པ་བཅུ་དང་དབང་བཅུ་གཉིས་དང་།མི་འཇིགས་བཞིའི་རྣམ་པར་དག་བས་ཆ་ཉི་ཤུ་རྩ་དྲུག་གི་ཚད་ཀྱིས་འོག་སྟེགས་བུའི་རྒྱ་དུའོ། །གྲུ་བཞི་འབྱེད་པའི་རྣམ་པར་དག་པས་ཆ་བཞི་ཡིས་འདེགས་པའི སྟེགས་བུའི་སྟེང་འོག་ཏུའོ། །རྣམ་པར་ཐར་པ་བརྒྱད་ཀྱི་རྣམ་པར་དག་པས་ཆ་བརྒྱད་བུམ་པའི་སྟེང་དུའོ། །འདིར་ཡང་ལྷག་མ་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་བུམ་པའི་རྣམ་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང། གཟུངས་མ་བཅུ་གཉིས་རྣམ་པར་དག་པས་ཆ་ཉི ཤུ་རྩ་བཞིས་འོག་གི་སྟེགས་བུའི་རྒྱ་དུའོ། །རྣམ་པར་ཐར་པ་གསུམ་གྱི་རྣམ་པར་དག་པས་ཆ་གསུམ་གྱིས་འདེགས་པའི་སྟེགས་བུའི་སྟེང་འོག་ཏུའོ། །གསུང་རབ་ཡན་ལག་དགུའི་རྣམ་པར་དག་པས་ཆ་དགུའི་བུམ་པའི་སྲིད་དོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། དེ་ནི་རྣམ་པ་བཞི་གང་གྱི་ཡང་ཐུན་མོང་གི་རྣམ་པར་དག་པ་བརྗོད་པར་བྱའོ། །ཆ་བཅུ་དྲུག་ཡོངས་སུ་གང་བའི་རྣམ་པར་དག་པས་ཆ་བཅུ་དྲུག་གི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཡང་སྲོག་ཤིང་གནས་པའི་རྒྱ་ལ་འབྱུང་བ་ཆེན་པོ་ལྔའི་སྟེང་དུ་སྦྱིན་པའི་ས་བཞིའོ། །དེ་ཡང་ཚུལ ཁྲིམས་རྣམ་པ་བཅུ་དང་མི་དགེ་བ་བཅུ་སྤོང་བའི་རྣམ་པར་དག་པས་འོག་གི་སྟེགས་བུ་དང་རྩིག་པའི་རྒྱར་ཆ་བརྒྱད་ཀྱིས་བྱ་སྟེ་འགྲོ་བ་རྣམས་དང་རྗེས་སུ་མཐུན་པར་བྱའོ། །དེ་ཡང་འཕགས་པའི་རིགས་གཞི་རྣམ་པར་དག་པས་འཕགས་པའི་བདེན་པ་བཞི་པོ་རྣམS ཀྱི་སྟེགས་བུ་གདོང་གཞི་པོ་རྣམས་སོ། །བསམ་གཏན་བཞིའི་རྣམ་པར་དག་པ་ནི་རྟ་བབས་བཞི་པོ་རྣམས་སོ། །ཆོས་དང་ཟང་ཟིང་དང་མི་འཇིགས་པ་དང་བྱམས་པ་རྣམས་ཀྱི་སྦྱིན་པའི་རྣམ་པར་དག་པས་སྐུ་གཟུགས་ཀྱི་ལྷ་ཁང་བཞི་པོ་རྣམས་སོ། །མི་འཇིགས་པ་བཞིའི རྣམ་པར་དག་པས་ཟུང་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་རྣམ་པར་དག་པས་བཞིའི་སྟེགས་བུའོ། །ཡང་དག་པར་སྤོང་བ་བཞིའི་རྣམ་པར་དག་པས་སྟེགས་བུ་གཉིས་པའོ། །དད་པ་ལ་སོགས་པའི་དབང་པོ་ལྔའི་རྣམ་པར་དག་པའི་སྟེགས་བུའོ། །དད་པ་ལ་སོགས་པའི སྟོབས་ལྔའི་རྣམ་པར་དག་པས་མགུལ་རྒྱན་ནོ། །མི་རྟག་པ་ལ་སོགས་པའི་སྒོའི་རྣམ་པར་དག་པས་སྒོ་བཞི་དང་མེ་ཏོག་འཛིན་པའོ། །ཟག་པ་མེད་པ་དང་བསམ་གཏན་དང་པོ་དང་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པར་དག་པས་མགུལ་རྒྱན་ནོ།། གཉིས་པ་དང་གསུམ་པའི་བསམ་གཏན་གྱིས་དང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དག་པས་མགུལ་རྒྱན་གྱི་ཁོར་ཡུག་གིས་བརྒྱན་པའོ། །ཕྱིར་མི་འོང་བ་དང་བསམ་གཏན་བཞི་པ་ལ་སོགས་པའི་ས་དང་བཏང་བསྙོམས་ཡང་དག་བྱང་ཆུབ་ཀྱི་ཡན ལག་རྣམ་པར་དག་པས་ཧར་མིའོ། །དྲན་པ་དང་ཆོས་རབ་ཏུ་འབྱེད་པ་དང་བརྩོན་འགུས་དང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པར་དག་པས་འཇིག་རྟེན་སྐྱོང་བ་བཞིའོ། །མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པས་ཆར་ཁྱབ་ཀྱི་གནས་སོ།། བདུད་བཞི་བཅོམ་པའི་རྣམ་པར་དག་པས་མགྲིན་པའོ། །སྟོང་པ་ཉིད་དང་སྙིང་རྗེ་རྣམ་པར་དག་པས་ཉི་མ་དང་ཟླ་བ་གཉིས་དང་མེ་ལོང་དག་གོ་།ཚིགས་སུ་གཅད་པ་གཉིས་དང་ཡུལ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་རྣམ་པར་དག་པས་དྲིལ་བུ་གཉིས་སོ།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡན་ལག་རྣམ་པར་དག་པས་གདུགས་སོ། །ཆགས་པ་མེད་པའི་བདག་ཉིད་ཀྱི་སེམས་རྣམ་པར་གྲོལ་བའི་རྣམ་པར་དག་པས་རྒྱལ་མཚན་ནོ། །དེ་དང་ཡང་བཅོམ་ལྡན་འདས་མ་ལ་སོགས་པའི་གྲགས་པ་རྣམ་པར་དག་པས་བ་དན ནོ། །ཟུར་གྱི་ཕྲེང་བ་དང་དབུས་ཀྱི་ཕྲེང་བ་དང་ཟུར་དང་དབུས་ཀྱི་ཕྲེང་ནས་ཏེ་དེ་ལ་ཇི་ལྟར་མངོན་པར་འདོད་པ་བཞིན་བྱའོ། །རྨིག་པ་དང་བ་ར་ཎ་ཌ་ལ་སོགས་པ་རྣམས་ཀྱང་ཇི་ལྟར་མཛེས་པར་བྱའོ། །དེ་ནས་རྡོའི་རུས་སྦལ་ལ་སྔོན་དུ་གསུངས་པའི་རིམ་པའི་རིན་པོ ཅ་ཧེ་རྣམས་བཀོད་ལ་དེའི་སྟེང་དུ་གསེར་ལ་སོགས་པའི་འདབ་མས་མཆོད་སྡོང་གི་རྩ་བ་བྱས་ནས་བྷྲུཾ་ཡིག་དཀར་པོ་ལས་འཁོར་ལོ་རྩིབས་བརྒྱད་པ་དེའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་པདྨ་འདབ་མ་སྣ་ཚོགས་པ་དེའི་སྟེང་དུ་ཨོཾ་ཡིག་ལས་ཟླ་བའི་དཀྱིལ འཁོར་། དེའི་སྟེང་དུ་ཨཱསྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་གདན་དྲངས་ལ་བུམ་པའི་ཆུས་མངོན་པར་དབང་བསྐུར་ཞིང་ཡང་དག་པར་མཆོད་པ་བྱས་ནས། ཨོཾ་ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་གྷ་ར་ཛཱ་ཡ?་ཏ་ཐཱ་ག་ཏཱ་?རཧ་ཏེ་ས་མྱ་ཀ་སཾ་བུདྡྷཱ་ཡ། ཏདྱ ?་ཥཱཀྵེ་གཉིས་ས་མེ་ས་མ་ཡེ་ཤཱནཧེ་དཱནྟེ་ཨ་ས་མ་རོ་པྱ་ནི་རཱ་ལཾ་བེ་ནི་རཱ་ཀུ་ལེ་ནི་རྦཱ་ཎ་ཡ་ཤ་བ་ཏི་མ་ཧཱ་ཏེ་ཛེ་སརྦ་བུདྡྷཱ་དྡཥྞི?་ནཱ་དྷིཥྛི་ཏེ་སྭཱ་ཧཱ། སྔགས་འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་པར་བྱའོ། །ོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱཧཱ། ཞེས་པའི་སྔགས འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་མཆེད་སྡོང་དགོད་པར་བྱའོ། །དེ་ནས་ཆོས་ཀྱི་དབྱིངས་གྲུབ་ནས་སློབ་དཔོན་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་དང་ལྡན་པས་སྔོན་དུ་གསུངས་པའི་རིམ་པས་མཆོད་རྟེན་གྱི་སྙིང་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་སྟེ། སྔོན་དུ་གསུངས་པའི་དཀྱིལ་འཁོར་རྣམ་པར་བསྒོམ་མོ། །སྔོན་དུ་གསུངས་པའི་རབ་ཏུ་གནས་པའི་ཆོ་གས་རབ་ཏུ་གནས་པར་བྱའོ། །རྒྱལ་མཚན་གཟུགས་པ་རབ་ཏུ་བསྔགས་པས་འདིར་རྒྱལ་མཚན་གྱི་མཚན་ཉིད་བརྗོད་པར་བྱ་སྟེ། རྒྱལ་མཚན་ནི་བུམ་པ་དང་དྲིལ བུ་ལ་སོགས་པའི་རྣམ་པའོ་ཞེས་སོ། །དེ་ལ་བུམ་པའི་རྣམ་པའི་མཚན་ཉིད་ལ་ལྟོ་བའི་རྒྱ་ཆ་བཅུ་དྲུག་གོ། དེའི་སུམ་འགྱུར་གྱིས་ཟླུམ་སྐོར་དུའོ། །འཆི་མེད་ཀྱི་གནས་ཀྱི་རྒྱར་ཆ་ཉི་ཤུ་རྩ་གཅིག་གོ་།ཆ་དྲུག་གིས་དེ་སྟེང་དུ་འོག་ཏུའོ། །དེའི་འོག་གི་ཆ་ལ་སྟེང་དན་འོག་ཏུ་ཆ ལྔའོ། །རྒྱལ་ཇི་ལྟར་འཚམས་པར་བྱའོ། །འཆི་མེད་ཀྱིས་གནས་དག་གི་ལྟོ་བའི་བར་གྱི་ཆར་ཆ་བཞི་པའོ། །དེ་དང་མཚུངས་ཤིང་དམའ་བའ་ཨི་ཆས་རྒྱལ་འོ། །ལྟོ་བ་ལས་སྟེང་དུ་ཁའི་མཐར་ཆ་དྲུག་གོ་།ཁའི་རྒྱར་ཆ་བཅུ་གཅིག་གོ་།མཆུ་འཕྱང་བ་ནི་ཆ་གཉིས་སོ། །མགྲིན་པའི རྒྱར་ཆ་ལྔའོ། །ཆ་བརྒྱད་ཀྱིས་ནོར་བུའི་ཆའོ། །དེའི་ཕྱེད་དམན་པས་རྒྱའོ། །ནོར་བུ་དང་ཁ་དོག་གི་བར་དུ་ཆ་གཉིས་ཀྱིས་མགུལ་པ་དང་ཧར་མི་ཀ་ཡང་ཇི་ལྟར་མཛེས་པར་བྱའོ། །ལྷག་མ་རྣམས་ནི་བཟོ་བོས་ཇི་ལྟར་མཛེས་པར་བྱའོ། །དེ་བཞིན་དུ་དྲིལ་བུའི་རྣམ་པ་ལ་ནི སྟེང་དང་འོག་དུ་ཆ་བཞི་བཅུ་རྩ་དྲུག་གིས་བུམ་པའི་སྲིད་དུའོ། །དབུས་ཀྱི་ཟླུམས་ལ་བརྒྱ་རྩ་བརྒྱད་དོ། །ཁའི་རྩེ་མོ་དག་ཏུ་ཐུང་བ་དང་འཕེལ་པ་ཇི་ལྟར་རིགས་པར་བྱའོ། །བུམ་པ་ལས་འོག་ཏུ་ཚོགས་པ་ལ་ཆ་བཞི་བཅུ་རྩ་གཉིས་སོ། །རྣམ་པར་དབྱེ་བ་ལ་བཅུ་དྲུག གི་ཆས་འཆི་མེད་ཀྱི་གནས་ཀྱི་སྟེང་དང་འོག་ཏུའོ། །ཟླུམས་སུ་ཉིས་བརྒྱའོ། །དེའི་སྟེང་དུ་ཟ་མ་ཏོག་གི་སྟེང་འོག་ཏུ་ཆ་བཅུའོ། །ཟླུམས་སུ་ཇི་མཛེས་པའོ། །འོག་གི་ཆའི་སྟེང་འོག་ཏུ་ཆ་བཅུ་བཞི་པའོ། །འདིར་ཡང་ཟླུམས་སུ་ཇི་ལྟར་མཛེས་པར་རོ། །ལྷག་མ རྣམས་བཟོ་བོས་ཇི་ལྟར་མཛེས་པར་བྱའོ། །འོག་གི་འཆི་མེད་ཀྱི་གནས་དང་བྲལ་བའི་སྲིད་དུ་ཆ་སུམ་ཅུ་པོ་རྣམས་སོ། །དེ་རྣམས་ཀྱི་རྣམ་བར་དག་པ་ནི་མཆེད་རྟེན་བཞིན་དུའོ། །དེ་ནས་རྒྱལ་མཚན་སྣ་ཚོགས་པའི་ཚད་ལ། དྲི་གཙང་ཁང་དང་ཁང་པ བརྩེགས་པ་དང་འདུ་ཁང་རྣམས་ཀྱི་སྒོའི་རིང་དུའོ། །ཁ་མིག་ལ་ནི་སྒོ་ཆ་ལྔ་ལ་ཆ་གསུམ་གྱིས་རིང་བའོ། །ཆ་གཉིས་ཀྱིས་ཀྱང་སྟེ་ཡང་ན་སྒོའི་ཕྱེད་དོ། །རྒྱལ་མཚན་གྱི་སྲིད་ཀྱི་ཆ་ལྔའི་ཆ་གསུམ་གྱི་ཚད་ཀྱིས་སྟེགས་བུའི་སྟེང་འོག་ཏུའོ། །དེ་ནས་སློབ་དཔོན་རྡོ་རྗེ་སེམས དཔའ་ཨི་རྣལ་འབྱོར་གྱི་བདག་ཉིད་ཀྱིས་ཤིང་སྲ་ཞིང་སྲ་ཞིང་མཁྲེགས་པ་སྤོས་དཀར་གྱི་ཤིང་ལས་བྱས་པའི་རྒྱལ་མཚན་དང་རྗེས་སུ་མཐུན་པའི་སྲོག་ཤིང་གནས་ལ་གསུངས་པའི་རིམ་པས་དགོད་པར་བྱ་སྟེ། གསེར་ལ་སོགས་པ་ལས་བྱས་པའི་རྒྱལ་མཚན་དགོད་པར་? ས་ཀད་ཅིག་གིས་བྲུཾ་ཡིག་ལས་སྐྱེས་བའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་ཟླ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཙུག་ལག་ཁང་ལ་ཁྱབ་པའི་སྐུ་དམ་ཚིག་སེམས་དཔའ་རྣམ་པར་བསྒོམས་ནས་དེ་དང་མཚུངས་བའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་དེའི་ནང་དུ་བསྒོམ་མོ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་གདན་དྲངས་ནས་བུམ་པའི་ཆུས་མངོན་པར་དབང་བསྐུར་ལ་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམS ཀྱིས་ཡང་དག་པར་མཆོད་ནས་མེ་ཏོག་གི་ཕྲེང་བ་དང་ཚོན་སྐུད་སྣ་ལྔ་ལག་པས་ལེགས་པར་བཟུང་ནས། ཨོཾ་ན་མོ་བྷ་ག་བ་ཏེ་བི་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརཧ་ཏེ་སམྲཀསཾ?་བུད་དྷཝ་ཡ། ཏདྱ་ཐཱ། ཨོཾ་ཤཱུཀྵཱ?་གཉིས་ས་མ་ཡེ་གཉིས་ཤཱནྟེ་གཉིས་དཱནྟཝེ?་གཉིས་ཨ ས་མ་རོ་ཕྱེ་ནི་རཱ་ལཾ་བེ་ནི་རཱ་ཀུ་ལེ་ནིརྦཱ་ཎེ་ཡ་ཤོ་བ་ཏི་མཧཱ་ཏེ་ཛེ་སརྦ་ཤུདྡྷཱ་དྷིཥྛ་ནཱ་དྷིཥྛ་ཏེ་སྭཱ་ཧཱ། འདིས་ཤར་དུ་ཁང་པའི་སྟེང་དུ་དབུས་སུ་གནས་པའི་རྒྱལ་མཚན་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཥ་ཏ་དཱི་པ་ཏེ་ཛཝ་ལ་ཛཝ་ལ དྷརྨཱ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། འདིས་ལན་བདུན་མངོན་པར་བསྔགས་ནས་གདུགས་ལ་མེ་ཏོག་བཟང་པོའི་ཕྲེང་བ་ལ་སོགས་པས་བརྒྱན་ནས་ལྕགས་ཀྱིས་བསྲུང་བ་བྱས་ནས་ཤིང་ཏོག་གིས་མངོན་པར་དབང་བསྐུར་བར་བྱའོ། །ཀུནད་དང་དུང་བའི་སྦྱར་བ་བཟུང་ནས། ཨེ་དྷརྨཱ་ཧེ་ཏུ བྲ་བྷ་བཱི་ཧེ་ཏུ་དྷ?་ཥཱནྟ་ཐཱ་ག་ཏོཧཡ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཏུ་ཡོངས་སུ་བཟླས་ནས། རྣམ་པར་སྣང་མཛད་ཀྱི་གཟུངས་ཀྱིས་སོ། །ཡོངས་སུ་སྤངས་པའི་ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་དེའི་ལྷོ་ཕོགས་སུ་གནས་པ་ལ་ཨོཾ་བཛྲ་སུཀྵཌ་ཀརཥ་ཀྲོ་དྷཥཱ?་ནཱཾ་མི་ཏ་མཱ་ཀརཱ་ཡ་ཧཱུཾ་ཕཊ། ཅེས་པ་འདི་ལན་ཉི་ཤུ་རྩ་གཅིག ཡོངས་སུ་བཟླས་པར་བྱའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་དེ་ཉིད་ཀྱི་གཡོན་གྱི་ལོགས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་བཛྲ་སཱུཀྵཙ?་རཱ་ག་ཀྲོ་དྷ་སརྦ་བུདྡྷ་ནུ་རཱ་ག་ཡ་ཧཱི་པྲ་ཧཱུཾ་ཕཊ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་སོ། །ལྷག་མ་རྣམS ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་དུ་གནས་པ་ལ། ཨོཾ་བཛྲ་སཱུཀྵའ?་ཏུཥྚ་ཀྲོ་དྷ་ཏོ་ཥ་ཡ་སརྦ་བུདྡྷ་ནཱ་ཧཱུཾ་ཧཱུཾ་ཕཊ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པར་བྱའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ཁང་མིག་གི་སྟེང དུ་གནས་པའི་རྒྱལ་མཚན་ལ། ཨོཾ་དྷཱ་ཛ་ཀེ་ཡཱུ་རེ་ཛ་ཡ་ཛ་ཡ་བི་ཛ་ཡ་བི་ཛ་ཡ་བཱ་ཧཱ་ནི་ཥ་ཀ་རི་པྲ་བྷཱཾ་ཀཱ་རི་བྷཾ་ཛ་སྟཾ་བྷ་མོ་ཧ་ཡ་མ་ཧ་ཡ་བྷ་ག་བ་ཏི་ཛ་ཡ་བཱ་ཧ་ནི་ཛ་ཡོ་དྷ་རི། མ་ཐ་མ་ཐ་ཧ་ས་ཧ་ས་གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཧེ་ཧེ་ལ་གྷུ་ལ་གྷུ་ལེ་བེ་བྷ་རི་རི་ཏྲེ་ནེ་ཏྲ་ཙ་ཏུ་ར་བཀྟེ་ཙ ཏུ་བ་དཾཥྚརེ་ཙེ་ཏུར་བྷུ་ཛ། ཨ་སི་མུ་ས་ལ་ཙཀྲ་ཏྲི་ཤཱུ་ལ་བཛྲ་ཀ་བ་ཙ་དྷྵཱ?་རི་ཎི་རཀྵ་རཀྵ་ཨཻ་མསྠཱ་ནཾ་བྷ་གཱ་ཏཱི་ཧ་ན་ཧ་ན་བ་ཙ་པ་ཙ་དྷུ་ན་དྷུ་ན་བི་དྷུ་ན་བི་དྷུ་ན་སཕོ་ཊ་ཡ་སྤོ་ཊ་ཡ་སྤོ་ཊ་ཡ་བྷ་ཛ་བྷཾ་ཛ་བི་དྷཱཾ་ས་ཡ་བི་དྷཱཾ་ས་ཡ་སརྦ་ཤ་ཏྲུ་ན་ཌུ་ཌ་ཏི་ཌ་ཏྲ་ཌི་ཡུལ་ཀ་མུ་ཁཾ་ཡུལ་ཀ་དྷ་རི་ཎི་ཏྲཻ ལོ་གྱ?་མ་ཐ་ནི་རཀྵ་རཀྵཾ?་ཨཻ་མཾ་སྠ་ནི་ཙི་ལ་ཙི་ལ། ཙུ་ལུ་ཙུ་ལུ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མཉྩ་མུཉྩ། ཨཊཊ་ཧཱ་ས་ཏཱ་ས་ཡ་བུདྡྷ་ས་ཏྱེ་ས་དྷརྨ་ས་ཏྱེ་ན་སཾ་ག་ས་ཏྱེ་ན་སཏྱ་བཱ་ཏི་ས་ཏྱེ་ནར་བུདྡྷརྨ་སཾ་གྷ་ས་ཏྱེ་མཱ་ཏི་ཀྲ་མ་ཐ་ས་ཏྱ་བཱ་དི་ས་ཏྱ་བཱ་རི་ས་ཏྱ་མ་ཏི ཀྲ་མ་ཐ། ལཾ་བོ་ང་རི་ཀུ་ཌ་ཀུ་ཌ་ཀུ་ཌ་ཥ་ཡ། རུ་ཌ་མི་ནཾ་ཡ་བིཥྞུ་མཱ་ན་ཡ་ཙནྡྲ་སཱུརྱ་མ་ན་ཏྲཾ་ལོ་ཀྱ་དྷི་པ་ཏི་མ་ན་ཡ། སརྦ་ཡཀྵ་རཀྵ་རཀྵ་ས་ཀུཾ་བྷཎྜ་མ་ཧོར་བཱ་དཱི་ནཾ་མཾ་ན་ཡ། ཨཻ་མིསྠཱ་ན་རཀྵ་རཀྵ་པ་ཡ་རཀྵ་པ་ཡ། ཙུ་ལུ་ཙུ་ལུ་པུཥཔ་མཱ་ལི་ནི་རུནདྷུ་རུནདྷ། ཛཧ་ནི་ཛཧ་ནི་ཛཧ་ཌི་ཛཧ་ཌི། ཙ་པི ཙི་བི་བྷི་ཀུ་ཊི་མུ་ཁི་པ་ར་སེ་ནྱ་ཀུ་ལོཙྪ་ད་ན་ཀ་རི་ཧ། ཧ་ལ་ཧ་ལ་།ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུཇ། དྷཝ་ས་དྷཝཾ་ས་ཧི་རི་ཎ་མ་ཏེ་ཛཾ་བུདྡྷུ་བ་ལོ་ཀེ་ཏེ་རཀྵ་རཀྵ་ཨཻ་མཾ་སྠ་ནཾ་སརྦ་ཏ་ཐཱ་ག་ཏཱ་བ་ལོ་ཀི་ཏེ་སྭཱཧཱ། ཡོན་ཏན་གྱི་རྒྱལ་པོ་འདི་ཟེར་མཆོག་གི་རྒྱལ་པོ་ལ་སྭཱ་ཧ། ཟླ་བ་དང་ཉི་མ་དྲི་མ མེད་པ་ལ་སྭཱཧཱ། གཟའ་དང་རྒྱ་སྐར་ཐམས་ཅད་ཀྱི་འོད་མོག་མོག་པོར་མཛད་པ་ལ་སྭཱ་ཧཱ། གནས་འདི་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྭཱ་ཧཱ། འདིས་དེ་བཞིན་དུ་ཡོངས་སུ་གྲགས་པ་དང། ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པ་ལ སྭཱ་ཧཱ། འདིས་ལན་བདུན་དུ་ཡོངས་སུ་བཟླས་པར་བྱའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེ་བཞིན་ཉིད་ཀྱི་གཡས་ལོགས་ན་གནས་པའི་རྒྱལ་མཚན་ལ་ཨོཾ་ཛྙཱ་ནཱ་པ་ཏེ་ཏཱ་ར་ཧཱུཾ། འདི་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི སྔོན་མ་བཞིན་ནོ། །དེ་བཞིན་ཉིད་དུ་དེའི་ལྷོ་ཕྱོགས་ན་གནས་པ་ལ་ཨོཾ་ཛྙཱ་ན་པདམོ་ཀོ་ཤེ་སརྦ་དུཥྚ་བི་ནཱ་ཡཱ་ཀཱན་མཱ་ར་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེ་ཉིད་ཀྱི་གཡོན་ལོགས་ཀྱི རྒྱལ་མཚན་ལ། ཨོཾ་ཛྙཱ་ན་པདྨ་ཙཀྲ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ་ཨོཾ་ཛྙཱ་ན་བྷཱ་ཥོ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས ལྷག་མ་རྣམས་ནི་སྔོན་མ་བཞིན་དུ། དེ་བཞིན་དུ་བྱང་གི་ཁང་མིག་སྟེང་གི་དབུས་ན་གནས་པའི་རྒྱལ་མཚན་ལ། ཨོཾ་བོ་དྷི་པོ་དྷི། སརྦ་ཏ་ཐཱ་ག་ཏཱ་གོ་ཙ་རེ། དྷ་ར་དྷ་ར། ཧ་ར་ཧ་ར། ཕྲ་ཧ་ར་པྲ་ཧ་ར་།མཧཱ་བོ་དྷི་རཏན་དྷ་ར། ཙུ་ལུ་ཙུ་ལུམ། རསྨི་སཾ་ཙོ་དི་ཏེ། སརྦ་ཏ་ཐཱ་ག་ཏཱ་བི་ཥེ? ?་ཎ་ག་ག་ནེ་ཤུདྡྷ་གུ་ནཱ་བཱ་བྷ་ཥེ། མི་ལི་མི་ལི་ག་ག་ན་ཏ་ལ་པྲ་ཏིཥྛི་ཏེ། ཤ་མ་ཤ་མ། པྲ་ཤ་མ་པྲ་ཤ་མ། སརྦ་ཀ་བཱ་ར་ར་མུ་ཏྱཱ་ཏྱཱ་དྷ་ཏིཥྛི་ཏེ། ལྷག་མ་རྣམས་ནི་ཅསྔོན་མ་བཞིན་དུའོ། །དེ་བཞིན་དུ་དེའི་གཡས་ལོགས་ན་གནས་པའི་རྒྱལ་མཚན་ལ། ཨོཾ་སརྦ་ཏ་ཐཱ ཀ་ཡ་?་མཱ་ལཱ་གེའི་ཀ་ཧཱུཾ་། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ་ལྷག་མ་སྔོན་མ་བཞིན་དུའོ། །དེ་བཞིན་དུ་དེའི་གཡས་ལགས་ན་གནས་པའི་རྒྱལ་མཚན་ལ། ཨོཾ་རཏན་སཱུ་རྒྱ་མ་ཎི་ཨ་བབྷཱ་ཥ་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་ལ་ལྷག མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་རྒྱལ་མཚན་ལ་ཨོཾ་ཙིན་ཏ་མ་ཎི་རཏན་དྷཱ་ཛ་སརྦཱ་བ་རི་པཱུ་ར་ཎི་རཏན་དྷཱ་ཛ་སརྦཱ་ས་བ་རོ་པཱུ་ར་ཎི་ཨཱ་ཀཱ་ཤ་གརྦ་ཧཱུཾ། འདི་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དའི་གཡོན་ལོ? སུ་གནས་པའི་རྒྱལ་མཚན་ལ། ཨོཾ་རཏན་ཨ་ཊཊ་ཧཱ་ས་ཧ་མོ་ཧ་ཡ། སརྦ་སཏྭཱ་ན་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་ནུབ་ཕྱོགས་ཀྱི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ོཾ་ན་མོ་བྷ་ག་ཏེ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱཾ་ག་ཏཱ་ཡཱརཧ་ཏེ། སམྱཀསཾ་བུདྡྷ་ཡ། ཏདྱ་ཐཱ་།ོཾ་ཨ་མི་ཏེ། ཨ་མོ་ཏོདབྷ་བེ། ཨ་མི་ཧ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནི་ཨ་མི་ཏཱ་ཡུར་བ་དེ། དྷརྨ་དྷཱ་ཏུ་ཛྙཱ་ནག་ག་ནོ་པཱ་ཡ་པྲ་ཤ་མ་ནི། སརྦ་པཱ་པ་བྷི་ཤོདྷ་ནི་ཧུ་ལུ་ཧུ་ལུ་མ ཧཱ་བོ་དྷི་མརྒྷ་སཾ་པྲ་ཏི་ཏེ། སརྦ་ཏེ་ཐཱ་ག་ཏཱ་མུ་དྲེ་སྭཱ་ཧཱ་།འདིས་ལན་བདུན་མངོན་པར་བསྔགས་ནས་ལྷག་མ་རྣམས་ནི་སྔོན་བཞིན་དུའོ། །དེ་བཞིན་དུ་དེའི་གཡས་ཕྱོགས་ལོགས་ན་གནས་པའི་རྒྱལ་མཚན་ལ། ཨོཾ་ཛྙཱ་ན་མ་ཎི་ནརི་ཏྱ་པཱུ་ཛ་ས་མ་ཡ་ཧཱུཾ། འདིས་ལན་ ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་བཞིན་དུའོ། །དེ་བཞིན་དུ་དེའི་གཡས་ལོགས་ན་གནས་པ་ལ། ཨོཾ་ཛྙཱ་ན་མ་ཎི་ཨཻ་དཾསྠ་ན་རཀྵ་རཀྵ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན དུའོ། །དེ་བཞིན་དུ་དེའི་གཡོན་ལོགས་ན་གནས་པ་ལ། ཨོཾ་ཛྙཱ་ན་མ་ཎི་ཡཀྵ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་བཞིན་དུའོ། །དེ་བཞིན་དུ་དེའི་གཡོན་དུ་གནས་པ་ལ། ཨོཾ་ཛྙཱ་ན་མ་ཎི་མུཥྚི་བཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས སུ་བཟླས་ནས་ལྷག་མ་ནི་སྔོན་བཞིན་དུའོ། །དེ་ནས་མེའི་མཚམས་ནས་ནུབ་ཏུ་གདོང་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་སརྦ་རྠ་སི་དྷོ་པྲ་ད་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ བཞིན་དུ་དེའི་གཡས་ལོགས་ན་གནས་པ་ལ། ཨོཾ་མ་ཎི་ནཱ་ག་བ་ཥི་ཀུ་རུ་སརྦ་སཏྭཱ་ནཱ་ཀཱ་ཤ་གརྦྷ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ། ཨོཾ་རཏན་ཏུཥྛི་པྲཧལ་ད་ཡཱ་ཀཱ་ཤ་གརྦྷ་ཧཱུཾ། འདིས་ལན་ཉི ཤུ་རྩ་གཅིག་བཟླས་ལ་ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་བྱང་དུ་གོ་དང་མངོན་པར་ཕྱོགས་བའི་ཁང་མིག་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་ཛྙཱ་ན་པདྨ་བུདྡྷ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡས ལོགས་སུ་གནས་པ་ལ། ཨོཾ་ཛྙཱ་ན་བུདྡྷ་མུ་ཀུ་ཊ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་དུ་གནས་པ་ལ། ཨོཾ་ཛྙཱ་ན་པདྨ་བཛྲ་དྷ་ར་ཧཱུཾ། །འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་བདེན་བྲལ་གྱི མཚམས་ནས་གདོང་བྱང་དུ་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་མཧཱ་པྲ་ཙཎྜ་གྷཱ་གྷཱ་ཏཱ་ན་སརྦ་བི་ན་པདྨ་དཥྛཱ་ཀ་རཱ་ལ་ཀརྨམ་ཀ་རི་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡས ལོགས་སུ་གནས་པ་ལ། ཨོཾ་བཛྲ་རཏནོཏྟ་མ་ཛཝཱ་ལ་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ། ཨོཾ་ཛྙཱ་ན་བུདྡྷ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ།།དེ་བཞིན་དུ་དེའི་ཤར་དུ་གདོང་མངོན་པར ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་པདམོཏྟ་མཱ་བི་ཤཱ་ཧྲཱིལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་ན་གནས་པ་ལ། ཨོཾ་པདྨ་ཛྙཱ་ནཱ་བི་ཥེ་ཀ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་རླུང་གི་མཚམས་ནས་ཤར་དུ་གདོང་ཕྱོགས་བའི་ཁང་མིག་གི་སྟེར་གི་དབུས་སུ་གནས་པའི་རྒྱལ མཚན་ལ། ཨོཾ་ཛྙཱ་ན་དྷརྨེ་ཤྭ་ར་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡས་ལོགས་ན་གནས་པ་ལ། ཨོཾ་པདམོཥྞཱི་ཥ་བི་ཤ་ཧོསུ་གནས་པ་ལ། ཨོཾ་པདྨ་མ་ཀུ་ཊཱ་བྷི་ཥེ་ཀ་ས་མ་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་མ་བཞིན་ནོ། །དེ་ཉིད་བཞིན་དུ་དེའི་ལྷོར་གདོང་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་ཛྙཱ་?་མོ་གྷེ་ཤྭ་ར ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་?་ན་གནས་པ་ལ། ཨོཾ་རཏན་བརཥ་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་མ་བཞིན་ནོ།།དེ་བཞིན་དུ་དེའི་གཡོན་ལོགས་ན་གནས་པ་ལ། ོཾ་མ་ཎི་ཀ་པ་ཙ་བནདྷ་ཡ་ཧཱུཾ། འདིས་ལན་ཉེར་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དབང་དབང་ལྡན་གྱི་མཚམས་ཀྱི་ལྷོར་གདོང་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་ཛྙཱ་ན་བི་ཤྭེ་ཤྭ་ར་ཧཱུཾ། འདིས་ལན ཉེར་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡས་ལོགས་སུ་གནས་པ་ལ། ཨོཾ་མ་ཎི་ཀརྨོཊཊ་མ་བཛྲ་རསྨ་ཡ་མ་ནུས་མ་ར་སརྦ་བུདྡྷ་ནཱ་ཀརཥ་ཡ་པྲ་བེ་ཤ་ཡེ་གྲ་ཧ་ཡ་སརྦ་ཀརྨཱ་ཎི་ཀུ་རུ་སྭཱཧཱ། འདིས་ལན་ཉེར་གཅིག་བཟླས་ནས་ལྷག མ་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ། ཨོཾ་ན་མབཞིན་ནོ། །དེ་བཞིན་དུ་དེའི་ནུབ་ཏུ་གདོད་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེར་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་བཛྲོ་ཥྞཱི་ཥ་ཧཱུཾ་ཕཊ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡས་ལོགས་སུ་གནས་པ ལ། ཨོཾ་མ་ཎཱི་ཙཏནཱ་ཀཱ་ཤ་ག་རྦྷ་སིདྷཡ་སིདྷཡ་བྷ་ག་བཱ་ན་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ། ཨོཾ་རཏན་ཀུ་རཱ་ཀཱརཥ་ཡ་སརྦཱན། ཨཱ་ན་ཡ་ཨ་ན་ཡ་ཤཱི་གྷྲཾ་ཏ་ཐཱ་ག་ཏ་ས་ཏྱ་མ་ནུ་སྨ་ར་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་མངོན་པར་ཡོངས་སུ་བཟླས་ན་ལྷག་མ་རྣམས་སྔོན་མ་ཇི་ལྟ་བ་བཞིན་དུ་བྱའོ། །དྲི་གཙང་ཁང་དང་ཁང་མིག་དང་འདུ་ཁང་རྣམས་ཀྱི་ཤར་དུ་རྣམ་པར་སྣང་མཛད་ཀྱི་གཟུངས་ཀྱི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །ལྷོ་རུ་རྒྱལ མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །ནུབ་ཏུ་འོད་དཔག་མེད་ཀྱི་གཟུངས་ཀྱི་སྔགས་ལན་བདུན་བཟླས་སོ། །བྱང་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་གཟུངས་ཀྱི་སྔགས་ལན་བདུན་གྱིས་ལྷག་པར་གནས་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ མ་ཎི་ཥ་ཏ་དཱི་ལྟེ་ཛཝ་ལ་ཛཝ་ལ་དྷརྨ་དྷཱ་ཏུ་ག་རྦྷེ་སྭཱ་ཧཱ། འདིས་དབུས་མ་ལན་བདུན་དུ་ལྷག་པར་གནས་པར་བྱས། ཡེ་དྷརྨཱ་ལ་སོགས་བའི་ཚིགས་སུ་བཅད་པས་རབ་ཏུ་གནས་པར་བྱའོ།། །།དེ་ནས་གསེར་ལ་སོགས་པ་ལས་གྲུབ་པའི་གདུགས་ལ ་ཡིག་ལས་བྱུང་བ་ཨ་བ་དྷུ་ཏཱིའི་རང་བཞིན་གྱིས་དབྱུག་པའོ། །ཧཱུཾ་ལས་བྱུང་བའི་རྩ་སུམ་ཅུ་སོ་གཉིས་འཆད་བའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་མཚན་མ་ཉོན་མོངས་པ་དང་སྡིག་པ་ཐམས་ཅད འཇོམས་པའི་དམ་ཚིག་སེམས་དཔར་རྣམ་པར་བསྒོམས་ལ། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱིས་གདན་དྲངས་ནས་དེའི་ནང་དུ་བསྒོམ་སྟེ། བུམ་པའི་ཆུས་དབང་བསྐུར་ཞིང་མཆོད་ནས། ཨོཾ་ན་མཱ་བར་རྔ་ཡབ་རྣམ་པར་བསམས་ལ། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བསྐུག་ལ་དམ་ཚིག་སེམས་དཔའ་ཨི་ནང་དུ་བསྒོམ་མོ། །བུམ་པའི་ཆུས་དབང་བསྐུར་ལ་ཡང་དག་པར་མཆོད་ནས། ཨོཾ་ཙུ་རུ་ཙ་མ་རི་སྭཱ་ཧཱ། ཞེས པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ལྷག་པར་གནས་པར་བྱའོ། །ཞེས་པ་ནི་རྔ་ཡབ་རབ་ཏུ་གནས་པའོ། །དེ་བཞིན་དུ་སི་ཡིག་ལས་སྐྱེས་པའི་སེང་གེ་དང་ཨ་ཡིག་ལས་སྐྱེས་པའི་གཞན་གྱིས་མི་ཐུབ་པ་དང་ཀ་ཡིག་ལས་བསྐྱེད་པའི་རིན་པོ་ཆེའི་བུམ་པ་དང། མ་ཡིག་ལས་བསྐྱེད་པའི་ཉ་དང་རྨ་བྱ་དང་རི་དགས་དང་ཆུ་སྲིན་ལ་སོགས་པ་དང། ག་ཡིག་ལས་བསྐྱེད་པའི་ནམ་མཁའ་སྡིང་དང། པ་ཡིག་ལས་བསྐྱེད་པའི་པདྨ་དང། ཨ་ཡིག་ལས་བསྐྱེད་པའི་མེ་ལོང་དང། ཨ་ཡིག་ལས་བསྐྱེད་པའི་སྣ་ཚོགས་རྡོ་རྗེ དང། ཁྱུ་མཆོག་དང་ཧཱུཾ་ཡིག་ལས་བསྐྱེད་པའི་རྡོ་རྗེ་དང་ཏྲཾ་ཡིག་ལས་བསྐྱེད་པའི་རིན་པོ་ཆེ་དང། ཧཾ་ཡིག་ལས་བསྐྱེད་པའི་དད་པ་ལ་སོགས་པས་མཚན་པའི་དམ་ཚིག་སེམས་དཔར་བསྒོམས་ལ། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང གའི་ས་བོན་གྱི་འོད་ཟེར་ཀྱིས་བསྐུག་ལ་དམ་ཚིག་སེམས་དཔའ་ཨི་ནང་དུ་བསྒོམ་མོ། །བུམ་པའི་ཆུས་དབང་བསྐུར་ལ་ཡང་དག་པར་མཆོད་ནས། ཨོཾ་ཨཱཔ་ནི་རྒྱལ་མཚན་གྱི་རབ་ཏུ་གནས་པའོ། ། །།དེ་བཞིན་དུ་པཾ་ཡིག་ལས་བསྐྱེད་པའི་རབ་ཏུ་གསལ་བར་བྱེད་པའི་རབ་ཏུ་ཚ་བར་སྐྱེས་པའི་བ་དན་དམ་ཚིག་སེམས་དཔའ་ཨི་སྐུར་བསྒོམས་ལ། དེ་དན་མཚུངས་བའི་ཡེ་ཤེས་སེམས་དཔའ་རང་གི་སྙིང གའི་ས་བོན་གྱི་འོད་ཟེར་གྱིས་བགུག་ལ་དམ་ཚིག་སེམས་དཔའ་ཨི་ནང་དུ་བསྒོམས་ནས་བུམ་པའི་ཆུས་བསངས་ལ་ཡང་དག་པར་མཆོད་ནས། ཨོཾ་ཨཱནི་བ་དན་རབ་ཏུ་གནས་པའོ། ། །།དེ་ནས་དཀྱིལ་འཁོར་པ་དང་ལྷའི་གནས་ཀྱི་བདག་པོ་རྣམས་དང་འཇིག་རྟེན་སྐྱོང་བ་དང་ལྟད་མོ་བའི་སྐྱེ་བོ་རྣམས་དང་བཟོ་བོ་དང་སློབ་དཔོན་དང་ཆོས་སྒྲོག་པ་ལ་སོགས་པའི་སྐྱེ་བོ་རྣམས་ཇི་ལྟར་འོས་པའི་མཆོད བས་མཆོད་ནས་སྔོན་དུ་གསུངས་པའི་ཆོ་གས་གཏོར་མཆེན་པོ་ཡང་དབུལ་བར་བྱའོ། །གང་དུ་གྲོང་དང་གྲོང་ཁྱེར་དང་གཙུག་ལག་ཁང་ལ་སོགས་པ་རྣམས་སུ་མཆོད་རྟེན་དང་སྐུ་གཟུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་བརྙིངས་པ་དང་གས་བ་དང་མེས ཚིག་པ་དང་ཞིག་པ་ལ་སོགས་པ་ལ་ལྷ་རྣམས་གནས་པ་དེ་ལ་གནས་པའི་སེམས་ཅན་རྣམས་ཀྱི་ཡུལ་ཞིག་ནས་ནགས་སུ་གྱུར་པ་དང། འཁྲུག་པ་དང་མུ་ག་དང་སྐྱེ་བོས་སྟོངས་པ་ལ་སོགས་པའི་ཉེས་པ་རྣམས་འབྱུང་བར་འགྱུར་བའི་ཕྱིར་ན། ཞིག་པ་རྣམས ཆོགས་གསོ་བར་བྱའོ། །དེ་ལ་སློབ་དཔོན་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པས་མཆོད་ཡོན་དང། མེ་ཏོག་དང་བདུག་སྦོས་དང་དྲི་དང་མང་པོ་དང་ཞལ་ཟས་ལ་སོགས་པས་ཡང་དག་པར་མཆོད་ནས་འདིས་གསོལ་པ་གདབ་པར་བྱའོ།། བཅོམ་ལྡན་རྡོ་རྗེ་ཆེ་གེ་མཆོག་། རིག་པའི་རྒྱལ་པོ་ཁྱེད་ལ་འདུད། །མགོན་པོ་ལེགས་པར་བྱ་བའི་ཕྱིར། །ཞིག་ལས་གསོ་བར་བདག་གིས་བགྱི། །སེམས་ཅན་ཀུན་ལ་ཕན་དན་ཕྱིར། །ཁྱེད་རྣམས་ལ་ནི་མཆོད་པར་བགྱི། །ཡེ་ཤེས་བདུད་རྩི་དང་བཞིན་གྱིས། །བུམ་པའི་ནང་དུ་རབ ཏུ་གཞུག་ཅེས་པས་སོ། །དེ་ནས་རང་ཉིད་ཀྱི་སྐུ་ལ་དེའི་སྙིང་གའི་ས་བོན་བལྟས་ལ་ལག་པ་གཡོན་པས་བགྲང་ཕྲེང་འཛིན་ཅིང་དེ་དག་བཅིངས་པའི་སྐུད་པ་སྣ་ལྔ་རྡོ་རྗེ་དང་བཅས་པ་ལག་པ་གཡས་པས་བཟུང་ནས་རང་རང་གི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད ཡ་ཨོངས་སུ་བཟླས་ལ་ཧོགནས་དཔེན་པར་བཞུགས་ལ་རྟག་ཏུ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །གང་ཞིག་མཆོད་རྟེན་ལ་སོགས་པ་རྡོ་རྗེའི་རང་བཞིན་ཆགས་པ་དང་གས་པ་དང་ཞིག་པ་མང་པོར་གྱུར་པ་དེ་རྣམས་གཙང་པོའི་ཆུ་ཆེན་པོ་ལ་ཟམ་པ་ལ་སོགས པ་ནས་གཤེགས་པར་བྱའོ། །གང་དང་གང་ཞིག་སའི་རང་བཞིན་གྱི་མཆོད་རྟེན་ལ་སོགས་པ་གང་གིས་མངོན་པར་འདུས་བྱས་པ་རྣམས་སླར་ཡང་སྦྱར་བར་མི་བྱ་བར་དེ་ལ་དེ་ཉིད་དུ་གཤེགས་པར་བྱའོ། །གང་དུ་གང་ཤིང་གི་རང་བཞིན་རྙིང་པ་རྣམས་དེ དང་དེ་མར་གྱིས་བརླན་པའི་གོས་ཀྱི་ཡོངས་སུ་དཀྲིས་ལ་སྦྱིན་སྲེག་གི་མེ་ལ་བསྲེག་པར་བྱའོ། །གང་དུ་དེ་ཟངས་མ་ལ་སོགས་པའི་རང་བཞིན་དེ་ཡོངས་སུ་བཞུ་ནས་སྔོན་མའི་ཚད་པས་མཆོད་པར་བྱའོ། །དེ་ནས་མཆོད་རྟེན་ལ་སོགས་པ་ཡོངས་སུ་གྲུབ ནས་མཆོད་ཡོན་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བས་སྔོན་དུ་གནས་པའི་བུམ་པ་ལ་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་ཡེ་ཤེས་སེམས་དཔའ་གདན་དྲངས་ནས་མཆོད་རྟེན་ལ་སོགས་པའི་དམ་ཚིག་སེམས་དཔའ་ལ་ནང་དུ་བསྒོམ་པར་བྱའོ། །དེ ནས་རུམ་པའི་ཆུས་མངོན་པར་དབང་བསྐུར་ལ་རང་རང་གི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱས་ནས་སྔོན་དུ་གསུངས་པའི་རིམ་པས་མེའི་མཆོད་པ་དང་རབ་ཏུ་གནས་བར་བྱའོ་ཞེས་པ་ནི་ཞིག་པ་གསོ་བའི་ཆོ་གའོ། ། ད་ནི་དཀྱིལ་འཁོར་གཤེགས་སུ་གསོལ་བ་རྗོད་པར་བྱ་སྟེ། དེ་ལ་སློབ་མ་རྣམས་ལ་མའེ་ལྷ་དང་འཇིག་རྟེན་སྐྱང་བ་དང་འཕགས་པའི་བཟོ་བོ་དང་ཆོས་སྒྲོག་པ་ལ་སོགས་པ་རྣམས་མཆོད་པར་བྱ་ཞིང་ལྷང་པོ་བ་རྣམས་སོ་རྩི་ལ་སོགས་པས ཚིམ་པར་བྱ་ཞིང། སློབ་མའི་ཞི་བ་དང་རྒྱས་པ་རྣམ་པར་འཕེལ་པར་བྱ་བའི་ཕྱིར་མཐེ་བོར་གཡས་པ་ལག་པ་གཡོན་པས་བཟུང་ནས་རྫས་སོ་སོའི་དགང་བླུགས་ལན་གསུམ་མམ་བདུན་དུ་དབུས་བར་བྱ་ཞིང་དབུལ་དུ་གཞུག་གོ་།དེ་ནས་བཱ་རྦའི? ཀུན་ད་དང་འབྲས་མ་ཉམས་པ་དང་མར་མེ་ལ་སོགས་པ་ཕུལ་ནས་ཡོངས་སུ་གང་བའི་དགར་བླུགས་གསུམ་མམ་ལན་བདུན་གྱི་བར་དུ་ཕུལ་ནས་བཟོད་པར་གསོལ་བར་བྱའོ། །སྦྱིན་བདག་གི་ཚོགས་རྣམས་ལ་བུམ་པའི་ཆུས་དབང་བསྐུར་ནས་ཤིས པ་བརྗོད་པར་བྱའོ། །ཕུད་ཀྱི་ཆ་གསེར་ལ་སོགས་པའི་སྣོད་དུ་གཞག་ལ། ཨོཾ་དི་བྱཱ་ན་ནཾ་ས་མཱ་དྷི་བྲཱི་ཎ་ནེ་སྭཱ་ཧཱ། སྔགས་འདིས་ལྷ་ལ་སོགས་པ་རྣམས་ལ་དབུལ་བར་བྱའོ། །སྔོན་དུ་གསུངས་པའི་ཆོ་གས་ཕྱོགས་ཀྱི་གཏོར་མ་ཆེན་པོ་ཡང་ཕུལ་ནས་དགྲེ བསྒྲུབ་པར་བྱའོ། །ཕུད་ཀྱི་ཆ་གསེར་ལ་སོགས་པའི་སྣོད་དུ་གཞག་ལ། ཨོཾ་དི་བྱཱ་ན་ནཾ་ས་མཱ་དྷི་བྲཱི་ཎ་ནེ་སྭཱཧཱ། སྔགས་འདིས་ལྷ་ལ་སོགས་པ་རྣམས་ལ་དབུལ་བར་བྱའོ། །སྔོན་དུ་གསུངས་པའི་ཆོ་གས་ཕྱོགས་ཀྱི་གཏོར་མ་ཆེན་པོ་ཡང་ཕུལ་ནས་དགྲེ བ་ཡོངས་སུ་བསྔོ་བ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྐོར་བ་གསུམ་བྱས་ལ་བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པར་གནས་ཏེ་ཡི་གེ་བརྒྱ་བ་ལན་གསུམ་དུ་བརྗོད་པས་བཟོད་པར་གསོལ་བར་བྱའོ། །རྫོགས་སངས་རྒྱས་དང་ལྷ་རྣམས དག་། དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་བ་ཐེག་འབྱུང་རྣམས། །ཆོ་གའི་བྱ་རྣམས་བཟོད་པར་མཛོད། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པ་ཉིད་དུ་ཞུ། །ོཾ་ཨཱནས་སྤྲུལ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཀྱི་ནང་དུ་བསྒོམ་མོ། །ོཾ་ཨ་ཀཱ་རེ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏ་པནྣ་ཏྭཱཏ་ཨོཾ་ཨཱབའི་ལག་པ་ཚངས་པའི་ཐིག་གི་ལམ་གྱིས་གཙོ་བོའི་གནས་ཀྱི་བར་དུ་དབྱི་བར་བྱའོ། །སྦྱིན་བདག་གི་སྤྱི་བོར་རྡུལ་ཚོན་གྱི་ཕྱེ་མ་ཅུང་ཟད་ཙམ་བྱིན་ནས་པདྨ་ལ་སོགས་པ་ཡང་དབྱི་བར་བྱར། །དེ་ནས་སྒོ་རྣམས་ཀྱང་ལག་པ་ལ་གནས་པའི་རྡོ་རྗེས་ཉེ་བར་བཤིག པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་ལ་འཁྱུད་པའི་མཐེ་བོ་གཉིས་དང་རབ་ཏུ་ཞུགས་པའི་མཛུབ་མོ་གཉིས་ཀྱི་སྐམ་པས་འཁྱིལ་པའི་རྣམ་པར་བྱས་ཏེ་ཕུར་བུའི་རྩེ་མོར་དེ་ཉིད་ཀྱི་སྔགས་བརྗོད་ནས་ཕུར་བུ་རྣམས་གདོན་པར་བྱའོ། །སྔགས་ནི་ཨོཾ་བཛྲ་ཀཱི་ལ་ཀཱི ལ་ཡ་སརྦ་ཀཱི་ལཱན་བཛྲ་དྷ་རཱ་ཛྙཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོ། །དེ་ནས་ཨོཾ་རུ་རུ་སཕུ་རུ་ཛཝ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦཱ་རཥཱ་སཱ་དྷ་ནི་སྭཱཧཱ། འདིས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་འོ་མ་ཡིས་བཀྲུ་བར་བྱའོ། །ཕུར་བུའིལྷ་རྣམས་གཤེགས་ནས་དོང་རྣེམས་དགང? བར་བྱའོ། །ཞི་བ་ལ་སོགས་པའི་དོན་དུ་སྐོང་བ་རྣམས་ལ་རྡུལ་ཚན་ཅུང་ཟད་སྦྱིན་པར་བྱའོ། །རྡུལ་ཚན་གཞན་ཐམས་ཅད་ནི་བུམ་པའི་ནང་དུ་བླུགས་ཏེ་བཟུང་ནས་གླང་པོ་ཆེའི་སྟེང་མདོ་ལ་ལ་སྦྱིན་བདག་གིས་བྱིན་པའི་གོས་ཀྱིས་བརྒྱན་པའི རྣལ་འབྱོར་མས་གཟུང་སྟེ། གདུགས་དང་བ་དན་དང་རོལ་མོ་ལ་སོགས་པས་གདན་དྲངས་ནས་བའོ་ལྕི་བས་བྱུགས་ཏེ་གཙང་ཕ་ཆེན་པོའི་འགྲམ་རྡུ་འདུག་ནས་རྡུལ་ཚོན་དཀར་པོ་པདྨ་བརྒྱད་པ་བྲིས་ལ་པདྨའི་ཟེ་འབྲུ་ལ་ཨོཾ་ཨཱཤར་ལ་སོགས་པའི་པདྨའི་འདབ་མ་རྣམས་ལ། ཨོཾ་ཨཱ:པདྨ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཧཱ། ཨོཾ་ཨཱལ། ཧུ་ལུ་ཧུ་ལུ་ནན་དོ་བ་ནན་ད་པཱ་ག་ར་ཨ་ན་བ་ཏཔཏ། མཧཱ་ཏཔཏ་ཤྲཱི་ཀཱན་ཏི་སུ་རཱུ་པ་མཧཱ་སུ་རཱུ་པ། བྷ་དྲཱ་ཧི་ཀ་མ་ཧོ་ད་ལ་ཤི་ལི་མ་ཧཱ་ཤི་ལི་ཨཱ་གཙྪེ་ཨཱ་གཙྪ། མཧཱ་ནཱ་གཱ་དྷི་བ་ཏི་ཡོ་བྷུར་བྷུ་བ:ཧཱུཾ་ཕཊ་སྭཱ་ཧཱ། འདིས་ཀླུ་རྣམས་ལ་འོ་མའི་གཏོར་མ ཕུལ་ནས་མཆོད་པ་བྱས་ནས་ཀླུ་རྣམས་ལ་རྡུལ་ཚོན་རྣམས་ཡང་དག་པར་གཏད་པར་བྱའོ། །ོཾ་གྷི་ལ་གྷི་ལི་ཧཱུཾ་ཛ:སྭཱ་ཧཱ། སྔགས་འདིས་རབ་ཏུ་དོར་བར་བྱའོ། །དེ་ནས་ཀླུ་རྣམས་ཀྱིས་བཀུར་སྟི་ཆེན་པོས་ས་འོག་གི་མཐིལ་དུ་གདན་དྲངས་པར བསམ་པར་བྱའོ། །གང་དུ་རྡུལ་ཆན་ཁྱར་བའི་པུམ་པ་ཆུས་ཡོངས་སུ་བཀང་ནས་དེ་བཞིན་དུ་ཁྱེར་བར་བྱས་ནས་དེ་ཡིས་ཞི་བོར་བྱ་བའི་དོན་དུ་དཀྱིལ་འཁོར་ཁང་བ་ལ་སོགས་པ་གསང་ཞིང་གཏོར་བར་བྱའོ། །བའི་ལྕི་བས་དཀྱིལ་འཁོར་གྱི ཁང་པ་བྱུགས་ལ་གཞོན་ནུ་མའི་མཆོད་པ་བྱའོ། །སྦྱིན་བདག་གིས་སློབ་དཔོན་དང་སྒོ་ན་གནས་པའི་སློབ་དཔོན་དང། ལས་ཀྱི་རྡོ་རྗེ་དང། བཟོ་པོ་རྣམས་ལ་ཇི་ལྟར་འོས་ཤིང་ཇི་ལྟར་ནུས་པའི་གོས་ལ་སོགས་པ་དང། སོ་རྩི་ལ་སོགས་པ་རྣམས གྱིས་མཉེས་པར་བྱའོ་ཞེས་པ་ནི་དཀྱིལ་འཁོར་གཤེགས་སུ་གསོལ་པའི་ཆོ་གའོ། ། །།དེ་ནས་མཚན་མོའི་དུས་ཀྱི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བྲི་བར་བྱ་སྟེ། དེ་ལ་དབང་བསྐུར་ལ་གསུངས་པའི་བརྟུལ་ཞུགས་དང་ལྡན་པ་ཁྱིམ་ན གནས་པ་དང་རྣལ་འབྱོར་མ་རྣམས་དང་ཚིག་ཀུན་ནས་སྤྱོད་ཅིང་ཡོངས་སུ་སྐྱོང་བ་ཅན་ནོ། །སྐལ་བ་ཅན་དེ་རྣམས་ལ་ལས་ཀྱི་རྡོ་རྗེ་ཅན་གྱིས་སོང་ནས་དེ་རྣམས་ཀྱི་མདུན་དུ་མཎྜལ་བྱས་ནས་སྙན་གསན་དབབ་པར་བྱའོ། །ཡེ་ཤེས་སྐུ་ཅན་ཁྱེད་ལ་འདུད། །སྲིད་པ་ལས སྒྲོལ་ཁྱེད་ལ་འདུད། །དི?་རིང་བདག་ཁྱིམ་མཆོད་དོན་ལ། །བདག་ནི་གསོལ་བ་འདེབས་བགྱིད་དོ། །ཞེས་པ་འདིས་སྙན་གསན་དབབ་པར་བགྱིའོ། །དེ་ནས་བྱོན་པ་ནི་དེ་རྣམས་ཀྱི་ཞབས་ལ་དུར་བའི་ཀུན་ད་དང། འབྲས་བུ་མ་ཉམས་པ་དང་ཙན་དན་ལ་སོགས་པ མཆོད་ཡོན་དབུལ་བར་བྱས་ཏེ་དེ་ཡང་དྲི་བཟངས་ས། །ཽ་ཤཱི་ར་དང། བཱ་ལ་ཀ་དང། ཙན་དན་དཀར་པོ་དང། སྤང་སྤོས་དང། པྲི་ཡང་ཀུ་དང། ཆ་མཉམ་པ་རྣམས་ནི་ཡང་དག་པར་བཏགས་ལ་དེ་རྣམས་ཀྱིས་བསྲེས་པའི་དྲི་མ་མེད་པའི་ཆུས་ཁྲུས་བྱའོ། །རྒན རིམས་བཞིན་དུ་གོ་རིམས་གྱིས་འཇུག་པར་བྱའོ། །ཡོངས་སུ་བཏགས་པའི་གདན་རྣམས་ལ་འདུག་པར་བྱའོ། །འདིར་རྒན་པ་ནི་རིས་པ་བཞིན་དུ་ལྔ་སྟེ་དབང་གིས་རྒན་པའི་གོ་རིམས་ནི་གཅིག་གོ་།བརྟུལ་ཞུགས་ཀྱི་རྒན་པའི་གོ་རིམས་ནི་གཉིས་པའོ།། ཡེ་ཤེས་ཀྱིས་རྒན་པའི་གོ་རིམས་ནི་གསུམ་པའོ། །སྐྱེ་བས་རྒན་པའི་གོ་རིམས་ནི་བཞི་པའོ། །རིག་པས་རྒན་པའི་གོ་རིམས་ནི་ལྔ་པའོ། །རྗེས་སུ་མཐུན་པའི་མེ་ཏོག་དྲི་བཟང་པོས་དྲི་དང། ཕྲེང་བ་དང་སྣང་གསལ་དང་ལྡེ་གུ་དང། མཆོད་ཕྱིར་ཐོགས་དང་ཞལ ཟས་དང། འབྲས་ཕྱེ་སེར་པོ་དང་གཏོར་མ་དང་སེར་པོ་གཏོར་མ་དང་སོ་རྩིལ་སོགས་པ་མང་པོ་དང་འབྲས་བུ་དང། ཤིང་ཏོག་དང་ཕྱེ་མ་ལ་སོགས་པ་རྣམས་དང། སྣ་ཚོགས་པའི་ཆང་དང། ཤའི་རྣམ་པ་རྣམས་ཡང་དག་པར་བསོགས་ནས། དེ་ནས ན་མོ་ནི་ཤཱ་བྷཻ་ར་བཱ་ཡ་ཙི་རི་ཙི་རི། སི་རི་སི་རི། ཀི་རཱ་ཏ་རུ་སེ་ཎ་ས་ར་པཱ་དཱི་ནཱཾ་ཏུ་ཎ་ཌཾ་བན་དྷཱ་ཡ་ཧཱུཾ་སྭཱ་ཧཱ། སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ཚོགས་པ་འདུས་པའི་གནས་ཀྱི་ཕྱི་རོལ་ཏུ་མཚམས་བཞི་བཏང་པར་བྱའོ། །དེ་ནས་སྔགས་འདིས་གཏོར མ་དགོད་པར་བྱ་སྟེ། ཨ་ཡིག་ལས་བྱུང་བའི་རྒྱ་མཚོའི་རང་བཞིན་དུ་གཏོར་མའི་སྣོད་དོ། །དེའི་སྟེང་དུ་ཟས་ནི་ཨོཾ་ཡིག་ལས་བྱུང་བའི་རི་རབ་ཀྱི་རང་བཞིན་ནོ། །ཧཱུཾ་ཡིག་ལས་བྱུང་བའི་རླུང་ལྔའི་རང་བཞིན་གྱི་བ་དན་ལྔའོ། །སུ་ཡིག་ལས་བྱུང་བའི་ནོར? རྒྱས་ཀྱི་ངོ་བོ་མཆོད་ཕྱིར་ཐོགས་སོ། །ཧཾ་ཡིག་ལས་བྱུང་བའི་མེ་ཏོག་གི་ཕྲེང་བ་སྣ་ཚོགས་བའོ། །རཾ་ཡིག་ལས་བྱུང་བའི་མ་དང་ཊ་ཡིག་དག་གི་མིག་གི་རི་མོ་དག་གོ། ཨོཾ་ཡིག་ལས་བྱུང་བའི་ཏིལ་ལ་སོགས་པའི་ཕྱེ་མའོ། །ཏྲཾ་ཡིག་ལས་བྱུང་བའི་རཀྟའོ། །ཏྲཾ་ཡིག ལས་བྱུང་བའི་ཉའོ། །ཁཾ་ཡིག་ལས་བྱུང་བའི་ཤའོ། །ཧཱུཾ་ཡིག་ལས་བྱུང་བའི་ཁ་དོག་ཐམས་ཅད་པའོ། །དེ་རྣམས་ཁྲག་དང་ཉ་དང་ཤ་དང་མིག་དང་མཆོད་ཕྱིར་ཐོགས་པ་དང། བ་དང་གྱིས་མཚན་པ་རྣམས་ནི་གོ་རིམས་ཇི་ལྟ་བ་བཞིན་ནོ། །རབ་ཏུ་འགོ་དང་ཆུ བདག་ཀོ་ལཱའི་རི་དང། ཨཊཊཊཊ་རྒོད་རྒྱལ་བར་བྱེད་པ་ཉེ་བར་རྒྱལ་བྱེད་ཙ་རི་ཏྲ་དང་ཀོ་ཙཱི་ཆར་པ་རྣམས། རྒྱུད་ལས་གསུངས་པའི་རིམ་པས་དམ་ཚིག་གི་རི་ལུ་རྣམས་བསྒྲུབས་ནས་ཁར་བཅུག་སྟེ་ཆང་ལྷག་པར་གནས་པ་དང། ལྕགས་ཀྱུ་ལྷག་པར་གནS པ་ཡང་བྱའོ། །དེ་ལ་ཀླུ་རིགས་བརྒྱད་ཀྱི་གཟུགས་ཀྱི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་སུམ་ལས་གཏོར་མའི་སྣོད་ཀྱི་གདན་ནོ། །དེའི་སྟེང་དུ་བཾ་ཡིག་ལས་བྱུང་བའི་ཆུ་བདག་གི་རང་བཞིན་གྱི་སྣོད་དོ། །དེའི་ནང་དུ་ཧཱུཾ་ཡིག་ལས་བྱུང་བའི་བྱང་ཆུབ་སེམS ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་རྣམ་པར་བསྒོམས་ནས་མེ་ཏོག་གི་ཕྲེང་བ་དང་མཆོད་ཕྱིར་ཐོགས་ཀྱིས་མགུལ་དུ་བརྒྱན་ནས་ཙན་དན་གྱི་ལྡེ་གུ་དང། གུར་ཀུམ་གྱིས་རྣམ་པར་བྱུགས་ནས་མིག་དང་སིན་དྷུ་རས་རྣམ་པར་བརྒྱན་པར་བྱའོ།། སླར་ཡང་ཆང་དེ་བཞིན་དུ་ལྷག་པར་གནས་པར་བྱའོ། ། ཡིག་ལས་བདུད་ཙིའི་རང་བཞིན་ཧ་ཡིག་ལས་བྱུང་བའི་ཁ་དོག་ཧོཧ་ཨ་ཧོདགུག་པར་བྱའོ། །ོཾ་ཧཱུཾ་ཛུཾ་གྲུཾ་ཤྲུཾ་ཧྲུཾ་སྭཱ་ཧཱ། འདིས་ལྕགས་ཀྱུ་ལྔ་ལྷག་པར་གནས་པར་བྱའོ། །གྲུབ་པ་རྣམས་ཀྱི་སྔགས་བཟང་པོ། །དཔའ་བོའི་ཆོས་འདི་བཟུང་བར་གྱིས། །བྲམ་ཟེ་རྒྱལ་རིགས་གདོལ་པ་རྣམས། །རྣམ་པ་གཅིག་ཏུ་འཇུག་པར་གྱིས། །ཚིགས སུ་བཅད་པ་འདི་བརྗོད་ཅིང། མི་མོ་ཞལ་གྱི་པདྨ་ཅུང་ཟད་དམར་ཞིང་ནུ་མ་མཁྲེགས་ཤིང་རྒྱས་པ་ཟུང་ལྡན་རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ཤིན་ཏུ་ཡོན་ཏན་རྒྱ་ཆེན་དང་ལྡན་ཡིད་ཀྱི་མི་མཐུན་ཕྱོགས་བོར་རྣམ་པར་དུལ་བཅས་བཙུན་མོས་བདུད རྩི་སོ་སོར་དབུལ་བར་བྱའོ། །དེ་ནས་ལེགས་འོངས་ཆོས་ཀྱི་རྒྱལ་པོ་ལ། །རྣལ་འབྱོར་ཡིད་ནི་ཆགས་སྤངས་ནས། །གཉིས་དང་གཉིས་མིན་རྣམ་གྲོལ་ཁྱོད། །དེ་ཉིད་གཅིག་པ་ཁྱོད་ཕྱག་འཚལ། །ཚིགས་སུ་བཅད་པ་འདིས་པར་སྐོར་སྔོན་དུ་འགྲོ་བས་བླང པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་མྲི་ཏ་སྭཱ་དན་བཛྲ་སྭབྷཱ་བཱཏྨ་ཀོ་ཧཾ་ཞེས་བརྗོད་ནས་བདུད་རྩི་མྱོང་བར་བྱའོ། །དེ་ནས་སྦྱིན་བདག་གིས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ་སྙིང་གང་ཐལ་མོ་སྦྱར་ནས་བསྟོད་པ་བརྗོད་པར་བྱའོ། །འཁོར་ལོའི་མགོན པོ་ཁྱོད་ལ་འདུད། །ཡེ་ཤེས་སྩོལ་མཛད་ཁྱོད་ལ་འདུད། །དག་པའི་གཟུགས་ཅན་ཁྱོད་ལ་འདུད། །སྲིད་པ་སྒྲོལ་མཛད་ཁྱོད་ལ་འདུད། །ན་མདེ་ནས་རང་རང་གི་ལྷག་པར་མོས་པའི་དབྱེ་བས་སོ་སོའི་ཏིང་ངེ་འཛིན་གསུམ་བསྒོམ་པ་དང་ལྡན་པས་གཏོར་མ་ཕུལ་ནས་རྡུལ་ཚོན་ཡང་དག་པར་གཤེགས་ཏེ། གང་ཇི་ལྟར་འདུས་པ་ལ་སོ་སོར་དྲི་བཟངས་ཀྱི་ཐིག་ལེ་ཕུལ་ནས་དང་པོར སྟོང་པའི་ངང་ལས་ཙོག་པུར་འདུག་ནས། དེ་ནས་སྐྱུར་མོ་དང། དེ་ནས་མངར་མོ་དང། སྤགས་ལ་སོགས་པ་རྣམས་ཕུལ་ནས་ཤཱ་ལིའི་ཟན་དབུལ་བར་བྱའོ། །དེ་ནས་ཞུན་མར་དང། ཚོད་མ་དང། སྣ་ཚོགས་པའི་ཉ་དང་ཤའི་རྣམ་པ རྣམས་དང་བཟའ་བ་མ་སོགས་པ་སྣ་ཚོགས་པ་པིཥྚ་བྷུ་པ་ཀ་དང། ལ་དུ་ལ་སོགས་པ་ཁུར་བའི་རྣམ་པ་རྣམས་དབུལ་བར་བྱའོ། །སོ་སོར་རེ་རེ་ནས་ཕུང་པོ་ལས་བསང་པ་རྣམས་གོ་རིམས་བཞིན་དུ་བླངས་ནས་ཆེར་དང་ཆུ་དང་སོ་རྩི་དང། མེ་ཏོག ཕྲེང་བ་དང། མར་མེ་ཡང་དེའི་སྟེང་དུ་ཕུལ་ནས་ལས་ཐམས་ཅད་པའི་སྔགས་བཟླས་ནས་སྒོ་ལ་མངོན་པར་ཕྱོགས་པའི་ས་ཕྱོགས་གཙང་མར་གཏོར་མའི་ཕུང་པོ་གཏང་བར་བྱའོ། །དེ་ནས་སྦྱིན་བདག་གིས་དྲི་བཟངས་ཀྱི་ཆུས་སྔོན་བཞིན་དུ མཎྜལ་བྱས་ནས། ཚིགས་སུ་བཅད་པ་གསུམ་པོ་འདིས་གསོལ་བ་གདབ་པར་བྱའོ། །རྣལ་འབྱོར་བདུད་རྩིའི་རོ་གཅིག་གཏུང་བ་རྣམ་དག་སེམས་ཀྱིས་ནི། །གནས་ལ་སོགས་པའི་ཕྱོགས་སུ་འཇུག་པས་རྣཾ་པར་དག་པའི་ལུས། །དཔལ་གྱི་གནས་དབུས མཆོག་གི་དཀྱིལ་འཁོར་འཁོར་ལོའི་མགོན་པོ་སྟེ། །མཆོག་གི་བླ་མ་ལ་ནི་མགོ་བོས་རྟག་ཏུ་ཕྱག་འཚལ་ལོ། །ལྷ་ཡི་ཕྲེང་བས་བརྒྱན་པའི་ལུས་ཅན་རིན་པོ་ཆེ། །ལུས་ཀུན་རྟག་ཏུ་རྣམ་པར་མཛེས་པ་དཔའ་བོ་ཡིས། །འཁོར་ལོ་ལ་གནས་མགོན་པོ ལྷན་སྐྱེས་དྲི་མེད་པ། །རྟག་ཏུ་རྣལ་འབྱོར་སྡོམ་པས་འཇུག་ལ་ཕྱག་འཚལ་ལོ། །རྣམ་པ་གཅིག་ཏུ་མཛད་པ་དེ་ཡང་ཁུ་བའི་གནས་ལ་པདྨའི་མཆོག་གི་སྙིང་པོ་ལ། །དེ་ཡི་དབུས་ལ་མཆོག་གི་ཧཾ་ས་ཀུན་ད་དཀར་པོ་རྣམ་པར་བསྐྱེད་མཛད་ཀུན་གྱི་བདག ཐམས་ཅད་མཁྱེན་པའི་ཤིན་ཏུ་རྣམ་དག་གནས་ནི་ཤིན་ཏུ་མཛེས་པའི་ལྷ་མོའི་གནས་ལ་ནི། །ལྷན་སྐྱེས་དྲི་མེད་མཆོག་གི་བདེ་བ་ལྷན་སྐྱེས་འབྱུང་བའི་འདྲེན་པ་ཁྱེད་ལ་བདག་ཕྱག་འཚལ། །ཞེས་བརྗོད་ནས་ཇི་ལྟར་དགྱེས་པར་མཛད་དུ་གསོལ ཞེས་བརྗོད་པར་བྱའོ། །དེ་ལ་རྗེས་སུ་ཆགས་པའི་སྡུག་བསྔལ་ལ་སོགས་ཡང་དག་ལྡན་པའི་ལུས་ཀྱི་ཤིང་ནི་ཡེ་ཤེས་མེ་ཡིས་ཡང་དག་བསྲེགས་ནས་དོན་དམ་སྦྱིན་སྲེག་བྱ། གཟུགས་དང་སྒྲ་དང། དྲི་དང། རོ་དང། རེག་བྱས་ཞལ་དང་སྤྱན་དང་སྙན་དང་ཤངས དང་སྐུ་རྣམས་བདེ་བར་ཚིམ?་པར་བྱ། དེ་ནས་ནང་དུ་ཕྲ་མོའི་སངས་རྒྱས་དང་སངས་རྒྱས་ཀྱི་རྣམ་པའི་སྐུ་གཟུགས་ཁྱབ་བདག་ཆེན་པོ་དང། དཀྱིལ་འཁོར་པའི་ལྷ་རྣམས་དང་བཅས་པ་ལ་མཐེ་བོང་དང་མིང་མེད་དག་གིས་བདུད་རྩིའི་ཐིགས་པ་ཡང་དག་པར བཟུང་ནས་ལེགས་པར་དབུལ་བར་བྱའོ། དེ་ནས་ལྟེ་བའི་དཀྱིལ་འཁོར་དུ་གྱུར་པའི་ཐུར་སེལ་གྱི་རླུང་གིས་བཅུད་རྣམས་བཀུག་ནས་ཧུབ་གསུམ་བཏུད་སྟེ་ཡེ་ཤེས་ཆེན་པོ་དང་ལྡན་པའི་སྔགས་པ་བདེ་བར་གནས་པར་བྱའོ། །དེ་ནས་བཟའ་བ་དང། མྱང་བ་དང། བལྡག?་པ་དང། བཞིབ་པ་དང། བཏུང་བ་དང། ཆང་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་ཚིམ་པར་བྱའོ། །མཚན་མོ་རིལ་པོ་གཉིད་ཉལ་བར་མི་བྱའོ། །དེ་ནས་གར་དང་གླུ་དང་རོལ་མོ་རྣམས་ཀྱིས་རྒྱལ་བའི་ཚོགས་པ་ཐམས་ཅད་མཆོད་པར་བྱའོ། །དེའི་རྗེས་ལ བདག་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སངས་རྒྱས་དང་ལྡན་པས་རང་གི་སྤྱི་པོའི་སྟེང་དུ་མཐོ་གང་གི་ཚོད་ཀྱིས་སྟེང་ནས་འཛག་པའི་མཐར་ཐུག་པར་གྱུར་པར་ཡེ་ཤེས་བདུད་རྩིའི་རྒྱུན་གྱི་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ལ། དེའི་དབུས་སུ་རང་རང གི་ལྷ་རྣམས་ས་བོན་ས་ལ་གནས་པར་གྱུར་ཏེ། སྙིང་གའི་མཛའ་དང་རང་གི་སྤྱི་བོར་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་ལྷ་རྣམས་ཀྱི་མཚན་མ་ནས་ཀྱི་འབྲུའི་ཚད་ཙམ་རྣམ་པར་བསྒོམས་ལ་ཚིམ་པར་བྱའོ། །དེ་ནས་རྣལ་འབྱོར་དང་གཞན ར་ནལ་འབྱོར་པ་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་སྙིང་རྗེ་ཆེན་པོའི་རོ་དང་ཡང་དག་པར་ལྡན་པས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་ཐར་པ་གསུམ་གྱིས་རྣམ་པར་དག་པ་འགྱུར་བ་མེད་པ་དོན་དམ་པའི་བདེ་བས་ལས་ཐམས་ཅད་ལ་བྱེད་པ་ཐམས་ཅད མཛའ་ཡས་པའི་དེ་བཞིན་གཤེགས་པའི་སྐུར་རྣམ་པར་བསམ་པར་བྱའོ། །གང་གི་ཚེ་ཟླ་བའི་ལམ་གྱིས་རླུང་རབ་ཏུ་འབབ་པ་དེའི་ཚེ་སྦྱིན་བདག་ལ་ཡང་དག་པར་བསྟེན་པའི་ཤིས་པ་བརྗོད་པར་བྱའོ། །དེ་ནས་ཨོཾ་ཤྲཱི་བཛྲི་གྷེཾ་ཧཱུཾ་ཞེས་པ འདི་རྣམས་ཀྱི་ས་བོན་ལས་སྐྱེས་པ་ཁ་དོག་ཐམས་ཅད་པའི་ཡི་གེ་གསུམ་གྱི་སྔགས་ཀྱིས་ལན་བདུན་ཡོངས་སུ་བཟླས་ནས་རབ་ཏུ་སྤྱད་པར་བྱའོ། །དེ་ནས་སོ་རྩི་དང་མར་མེ་དང་སྤོས་ཀྱི་རེང་བུ་ལ་སོགས་པ་ཕུལ་ནས་རྩ་བའི་གཏོར་མ་ཤར་ཕྱོགས་སུ་གནས པའི་གཏོར་མའི་སྟེགས་བུ་ལ་དབུལ་བར་བྱའོ། །ལྷག་མའི་སྔགས་རྣམས་བརྗོད་པར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་ཅན་གྱིས་འཁོར་ལོའི་དབང་ཕྱུག་ལ་སོགས་པ་རྣམས་ལ་རིམ་པ་བཞིན་ཐལ་མོ་སྦྱར་ནས་གཤེགས་པའི་གསོལ་བ་གདབ་པར་བྱའོ། །འཁོར་ལོའི དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་ཡང་བགྱིའོ། །ཞེས་བྱ་བ་ལ་སོགས་པས་དེ་ནས་སོ་སོའི་ལྷག་མ་རྣམས་བསྡུས་ཏེ། འཁོར་ལོའི་དབང་ཕྱུག་གི་མདུན་དུ་ཕུང་པོར་བཀོད་ནས་ཀ་རོ་ཀ་ར་ཛ:ཱི་མེ་ཏོག་རྣམས་ཀྱང་སྣོད་ཆེན་པོའི་ནང་དུ་སྡུངས་ཏེ། དེ་ནས ཟས་གཙང་མའི་ལྷག་མ་རྣམས་ཀྱང་ཅུང་ཟད་བསྡུས་ནས་ཟན་དང་ཚོར་མ་ལ་སོགས་པ་བྱིན་ནས། འཁོར་ལོའི་དབང་ཕྱུག་གིས་ནམ་མཁའ་ཨི་མཐིལ་དུ་དུད་པ་དང་སོལ་མེའི་ཕོ་ཉ་མོ། །བལྟས་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད ནས་སྔགས་ཀྱིས་བྱིན་གྱིས་བརླབས་ལ་རང་གི་གནས་ལ་རབ་ཏུ་སྤྱད་པར་བྱའོ། །ོ་ཤུདྡྷ་དྷརྨ་ཨ་ཨཱ་ཨཾ་ཨམཆེ་བའི་རྣམ་པར་སྦྱར་བར་བྱའོ། །དེ་བཞིན་དུ་ཕྱག་རྒྱ་བཅིངས་ནས་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཀུ་རུ་ཀུ་རུ། བཏྟ་ལི་བཏྟ་ལི། མཧཱ་བཐ་ལི། སིདྡྷ་མུ་ཥེ་ཤམ་ཤཱ་ན་བཱ་ས་ནི་པྲེ་ཏ་མུ་ཁི་ཙཎྜ་ཀ་རཱ་ལི་རུ་དྷི་ར་གྲི་ཡེ་ས་མ་ཡཱ་རཀྵི་ཏ་ཡོ་གྷཾ་པ་རི་ཀི་རི་རཱ་ཀེ པ་ཨི་ཏྲི་བ་ན་མའཇིག་རྟེན་སྐྱོད?་བ་ཐེག་འབྱུང་ནམས། །ཆོ་གའི་བྱ་རྣམས་བཟོད་པར་མཛད། །ཅེས་པའི་ཚིགས་སུ་བཅད་པ་འདིས་བཟོད་པར་གསོལ་བར་བྱའོ། །ོཾ་ཨཱཏྨ་ཏིཥྛ་སྭཱ་ཧཱ། ཞེས་པའི་སྔགས་འདིས་དཀྱིལ་འཁོར་བདག་ཉིད་ལ་བསྡུས་ན་གཤེགས་སུ་གསོལ བར་བྱའོ། །དེ་ནས་ལག་པ་དཀྲུས་ནས་དྲི་དང་སོ་རྩི་དང་མཆོད་ཡོན་ལ་སོགས་པ་ཕུལ་ནས་སྦྱིན་བདག་གིས་མཎྜལ་བྱས་ནས་མར་མེ་ཕུལ་ལ། ཨོཾ་ཨཱཞེས་པ་ནི་ཚོགས་ཀྱི་འཁོར་ལོའི་ཆོ་གའོ། ། །།དེ་ནས་གང་གི་ཚེ་སྦྱིན་སྲེག་གི་མ་ཉེ་བར་ཞི་བར་གྱུར་ནས་རྒྱ་ཆེར་བསྡུས་ནས་ཆུ་རབ་ཏུ་དབབ་པ་ལས་གསུངས་པའི་ཆོ་གས་དེ་བཞིན་དུ་ཐལ་བ་རྣམས་ཆུ་བོ་ལ་གཤེགས་པར་བྱའོ་ཞེས སོ། །འདི་ནི་བདག་གིས་རྒྱུད་རྣམས་ཀུན་ལས་ངེས་བརྟགས་ནས། །ཤིན་ཏུ་ལེགས་པར་རྣམ་པར་དག་པར་ཉེ་བར་བསྡུས། །སྔོན་མེད་སྒྲ་ཡིས་ཤིན་ཏུ་ལེགས་པར་མ་གྱུར་ཀྱང། །དེ་ལྟ་ན་ཡང་བློ་ལྡན་མཁས་རྣམས་བཟོད་པར་གསོལ།། ཆུ་སྐྱེས་མཚན་སྙན་པའི་གདངས་ཆགས་པའི། །དཔལ་ལྡན་རིགས་ཀྱི་བྱིན་པས་སྦྱར་བའི་གཞུང། །སྦྱིན་བདག་རྣམས་ཀྱི་ཡིད་ནི་འཕྲོག་བྱེད་པ། །སློབ་དཔོན་ཀུན་གྱི་རྒྱན་གྱི་མཆོག་གྱུར་པ། །ཆོ་གའི་རྣམ་པ་སྤྲོས་པ་ལས། །བདག གིས་དགེ་བ་གང་བསགས་འདིས། །འཇིག་རྟེན་རྡོ་རྗེ་སེམས་གྱུར་ནས། །བཅིང་བྲལ་རང་བཞིན་མཆོག་གྱུར་ཅིག། །།ཅེས་པ་ནི་པཎྜི་ཏ་ཆེན་པོ་ནིམཛད་པ་བྱ་བ་བསྡུས་པའི་པཉྫི་ཀཱ་ལས་རབ་ཏུ་བྱེད་པ་བརྒྱད་པ་རྫོགས་སོ། ། །།བླ་མ་པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་ནས་ཞུས ཤིང་གཞུང་སུམ་གཉིས་བལ་པོའི་མཐིལ་དུ་བསྒྱུར་ཞིང་། སུམ་ཆ་གཅིག་དུས་འཁོར་བ་ཆེན་པོ་ཤེས་རབ་སེང་གེས་བསྐུལ་ཞིང་སྦྱིན་བདག་མཛད་པ་ལ་བརྟེན་ནས། ཤཱཀྱའི དགེ་སློང་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་ཡོས་ལོ་དབོའི་ཟླ་བའི་། དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་གཞུའི་ཀུན་དགའ་ར་བའི་གཙུག་ལག་ཁང་ཆེན པོར་ཡོངས་སུ་རྫོགས་པར་བསྒྱུར་ནས་བྲིས་སོ།

CLOSE WINDOW