CLOSE WINDOW

N2144: སྦྱིན་སྲེག་གི་ཆོ་ག
Wyliee-texts based on the ACIP/ALL Input

། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བ་དྲ་དང། ཞུ་ཆེན་གྱི་ལོ་ཙ་བ་བནདྷེཾ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སྦྱིན་སྲེག་གི་ཆོ་ག་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཧོ་མ བི་དྷི། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གང་ཞིག་དྲན་པ་ཡིས། །དངོས་གྲུབ་མི་འཇིག་ཐོབ་འགྱུར་བ། །རྡོ་རྗེ་ཅན་ལ་གུས་བཏུད་ནས། །སྦྱིན་སྲེག་ཆོ་ག་གསལ་བར་བཤད། །གང་དག་ཏུ་ནི་རང་ཉིད ཀྱི། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེར་ནི་སྤྱི་རྒྱུད་ལས་གསུངས་པའི། །ཆོ་ག་མཁས་པས་བསྟེན་པར་བྱ། །དེ་ལ་ཞི་བ་ལ་ནི་ས་གཞི་དཀར་པོ་ལ་རྒྱར་ཁྲུ་གང་ཙམ། ཟབས་སུ་སོར་བཅུ་གཉིས་པའི་ཐབ་ཁུང་ཟླུམ་པོར་བརྐོས་ལ། དེའི་དབུས་སུ་པདྨའི་སྟེང་རྡོ་རྗེ རྩེ་ལྔ་པ་སོར་བརྒྱད་བར་བྱ། ཐབ་ཁུང་གི་སྟེང་དུ་སོར་བཞི་བར་དུ་དོར་ལ། དཔངས་དང་རྒྱར་སོར་བཞིའི་ཁ་ཆེར་ཀུན་ནས་བྱས་ལ། མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང། ཐབ་ཁུང་གིས་གཞི་དེ་བ་ལང་གི་ལྕི་བ་དང། ས་དཀར་པོས་བྱུགས་ལ། ཡང་དེ་ཉིད་དྲི་དཀར་པོས་བསྐུ་ཞིང་དུས་གསུམ་དུ་དྲི་ཞིམ་པོའི་མེ་ཏོག་དཀར་པོས་གཏོར་བར་བྱའོ། །རྒྱས་པ་ལ་ནི་ས་གཞི་སེར་པོ་ལ་ཁྲུ་དོ་པ། ཟབས་སུ་དེའི་ཕྱེད་པ་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུ་འམ། ཟུར་བཞི་པ་སྟེ། དེ་ཟབས་སུ་ཁྲུ་གང་བརྐོས་པ་ལ་། འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྡོ་རྗེ་རིན་པོ་ཆེ་ཟུར་དྲུག་པ། སྟེང་དུ་སོར་བརྒྱད་པ་ཙམ་གྱི་ཁ་ཁྱེར་དབྱིབས་མཉམ་པ་བྱས་ལ། ས་སེར་པོ་དང་དྲི་སེར་པོས་ཐབ་ཁུང་གི་ས་གཞི་དེ་ཉེ་བར་བྱུག་ལ། མེ་ཏོག་སྣ་ཚོགས་དགྲམ་པར་བྱའོ། མངོན་སྤྱོད་ལ་ནི་རྩུབ་པ་དང། །ཚྭ་སྒོ་ཅན་དང་གས་པ་དང། །གནག་ཅིང་སྔོ་བའི་ས་གཞི་ལ་སོར་ཉི་ཤུ་པ། ཟབས་སུ་སོར་བཅུ་པ། གྲུ་གསུམ་མགོ་བྱང་དུ་བལྟས་པ། ཐབ་ཁུང་གི་དབུས་སུ་རྩེག་གསུམ་པའི་སྟེང་དུ། ཁྲོ་བོ་སོར་བརྒྱད་པ་མཚན་པ། དེའི་སྟེང དུ་སོར་གསུམ་དོར་བར་ཆུར་དང་དཔངས་སོར་གསུམ་པའི་ཁ་ཁྱེར་ཁ་ཕྱིར་བལྟས་པས་བསྐོར་པ། ས་ནག་པོ་དང་རོ་བསྲེགས་པའི་ཐལ་བ་དང། བོང་བུ་དང་རྔ་མོ་ལ་སོགས་པའི་རྟུག་པས་ཇི་ལྟ་བཞིན་དུ་བྱུགས་ཏེ། དྲི་ངན་པ་དང་མེ་ཏོག་སྔོན་པོ་དང དམར་པོ་དང་འབྲུ་འམ་ཕུའི?་མས་གཏོར་བར་བྱའོ། །དབང་ལ་ནི་ས་གཞི་དམར་པོ་ལ། ཐབ་ཀྱི་དབྱིབས་བྷ་ག་ལྟ་བུ་འམ་རླུང་གི་དཀྱིལ་འཁོར་ལྟ་བུ་འམ་ཨ་ཤྭད་ཐའི་ལོ་མ་ལྟ་བུའི་དབུས་སུ་རྡོ་རྗེ་པདྨས་མཚན་པའོ། །དགུག་པ་ལ་ནི་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་དབུས་ཀྱི་ཆ་ལ རྡོ་རྗེ་ལྕགས་ཀྱུས་མཚན་པ། ཁ་ཁྱེར་ཡང་དེ་དང་འདྲ་བས་བསྐོར་བ། ས་དང་དྲི་དམར་པོས་བྱུགས་པ། དྲི་དང་མེ་ཏོག་གི་ཉེ་བར་མཛེས་པར་བྱ་སྟེ། འདི་གཉིས་ཀྱི་བརྐོ་བ་དང་ཁ་ཁྱེར་ལ་སོགས་པའི་ཚད་ཀྱང་ཞི་བའི་ཐབ་ཁུང་དང་འདྲ་བར་ཤེས་པར་བྱའོ། །ལས་ཐམS ཅད་པའི་ཐབ་ཁུར?་ཡང་དེ་བཞིན་ཏེ། འོན་ཀྱང་ལ་ཁྱེར་ནི་པདྨ་ཁ་བྱེ་བ་ལྟ་བུ་ལ་རྡོ་རྗེ་ཕྲེང་བས་བསྐོར་བའོ། །རྡོ་རྗེ་དང་པདྨ་དང་རིན་པོ་ཆེ་དང་རྡོ་རྗེ་སྔ་ཚོགས་རྡོ་རྗེའི་དབུས་སུ་ཆུད་པའི་འཁོར་ལོའི་ཕྱག་རྒྱས་མཚན་པར་བྱའོ། །དཀྱིལ་འཁོར་རམ་ལྷའི་ཁང་བའི་ཤར ཕྱོགས་སུ་ནི་ཞི་བའི་ཐབ་ཁུང་དང། ལྷོར་ནི་མངོན་སྤྱོད། བྱང་དུ་ནི་རྒྱས་པ། ནུབ་ཏུ་ནི་དགུག་པའི་ཐབ་ཁུང་ལས་དང་རྗེས་སུ་མཐུན་པར་ཐབ་བརྐོ?་པ་འམ། ཚོན་གྱིས་བྲི་བར་བྱའོ། །ཐབ་ཀྱི་དབང་དུ་བྱས་པའོ། །དགང་གཟར་ནི་གསེར་རམ་ཟངས་ཀྱི་རྒྱུ་ལས་བྱས་པ་འམ ནི་མ་པའམ་མཆོད་སྦྱིན་གྱི་ཤིང་ལས་པདྨའི་འདབ་མའི་དབྱིབས་ལྟ་བུ། དེའི་ཡུ་བ་སྐྱེས་པ་ཚད་དང་ལྡན་པའི་མཐེ་བོའི?་སོར་ཉི་ཤུ་རྩ་བཞི་རྡོ་རྗེ་ལ་སོགས་པའི་ཁུ་ཚུར་གྱིས་གཟུང་དུ་རུང་བ་འམ། དེའི་སྟེང་དུ་སོར་བཞི་པ་ཟུར་བཞི་ཁའི་ཟབས་སུ་སོར་གཉིས་ཀྱིས་དམའ་བར བརྐོས་ལ་རྡོ་རྗེ་རྩེ་ལྔ་པས་མཚན་པ། ཁུ་བཅུད་འཛག་པའི་བུ་ག་སོར་གཅིག་ཙམ་རྩེ་མོ་ལ་རྡོ་རྗེ་རྩེ་གསུམ་སོར་བཞིས་མཚན་པ། ཡུ་བའི་ཞབས་སུ་རྡོ་རྗེ་དང་རིན་པོ་ཆེ་སོར་དྲུག་པར་བྱའོ། །བླུགས་གཟར་ཁྲུ་གང་ཙམ་ལ་རྩེ་མོ་པདྨའི་འདབ་མ་ལྟ་བུ་རྒྱར་སོར་གཉིས ཐབས་སུ། དེའི་ཕྱེད་བརྐོས་པ་ལ། རྡོ་རྗེ་རྩེ་ལྔ་པས་དེའི་དབུས་སུ་མཚན་པ། ཡུ་བའི་འོག་རྡོ་རྗེ་དང། རིན་པོ་ཆེས་བྱའོ། །ཡང་ན་སོར་མོ་ལྔས་ལེགས་པར་བཅེར་བས་ཀྱང་དགང་གཟར་བྱ་ཞིང་སོར་མོ་གསུམ་བཅེར་བས་བླུགས་གཟར་བྱའོ། །དགང་གཟར་གྱི་དབང་དུ བྱས་པའོ། །ཡམ་ཤིང་ནི་པ་ལ་ཤ་དང། ཨཽ་དུམ་བར་དང། ཨ་འབྲ་དང་ཀ་དཾ་པ་བ་ཀ་དང། ཨ་ཤྭད་ཐ་དང། བླ་ཀྵ་དང། ཤ་མི་དང། ནྱ་གྲོ་དྷ་ལ་སོགས་པ་ཤིང་ལོ་མ་ཅན་ལས་གྲུབ་པ་འདབ་མ་དང་བཅས་པ་མཉམ་པོར་བཅད་པ། རྩེ་མོའི་ཆ་ལས་བྱུང་པ་མཐོ གད?་ཙམ་ལ། རྩེ་མོ་སྦྲང་རྩི་དང། འོ་མ་དང་མར་ལ་བཏགས་པ། དྲི་དཀར་པོའི་ཆུ་ལས་སྭངས་པ། རྩེ་མོ་ལོ་མ་གཉིས་དང་བཅས་པ་རྩེ་གཅིག་པས་དབུལ་པར་བྱའོ། །སྙིང་པོ་དང་འདབ་མ་མེད་པ་དང། རུལ་པ་དང་ཁོང་སྟོང་དང་ཤུན་པགས་མེད་པ་དང། ཐུང་དུ་དང ཡོན་པོ་དང། རྩེ་མོ་གཉིས་སུ་གས་པ་དང། ཕྲ་བ་དང། སྦོམ་པ་དང། རིང་པོ་དང། འབུས་ཟོས་པ་དང། སྲོག་ཆགས་དང་བཅས་པ་ནི་སྤང་བར་བྱའོ། །ཞི་བ་ལ་ནི་ནས་དང་འོ་མ་དང་ཞོ་དང། འབྲས་ཡོས་དང། ཏིལ་དང་དུར་བ་དང། ཀུ་ཤ་སྔོན་པོ་དང། བིལ བའི་ལོ་མ་དང། ཙན་དན་དང། པྲི་ཡང་ཀུའི་མེ་ཏོག་དང། འབྲས་སཱ་ལུའི་ཆན་དང། མེ་ཏོག་དཀར་པོ་དང། ནག་གེ་སར་དང། ཐང་ཆུའི་དྲི་ཞིམ་པོ་དང། སྦྲང་རྩི་དང་མར་རྣམས་ལས་ཇི་སྙེད་པ་སྦྱིན་སྲེག་ལ་དབུལ་བར་བྱའོ། །རྒྱས་པ་ལ་ནི་ཡམ་ཤིང་དེ་ ཉིད་ལས་དབུས་ཀྱི་ཆ་ལས་བྱུང་བ་ཆང་བ་གང་གི་ཚད་ལས་དཔངས་སུ་ཁྲུ་གང་ཙམ། ཞོ་དང་འོ་མ་དང་མར་ལས་བཏགས་པ་སྤོས་ཆུ་སེར་པོས་སྤངས་པ། མེ་དང་གསུམ་ལས་བརྟགས་པ་དང། ཟས་མཆོག་གི་གོང་བུ་དང། ཞོ་དང་སྦྲང་རྩི་དང། མར་དང་ལྡན་པ་དང་?་ནག་པོ་དང། འབྲས་ཆན?་ཞོ་དང་མར་དུ་བཅས་པ་དང། ཤ་དང་པུས་པ་དང། བིལ་བའི་འབྲས་བུ་དང། འབྲས་སཱ་ལུ་དང། པདྨ་དང། ནག་གེ་སར་དང། ཀར་ནི་ཀར་དང། འབྲུ་རྣམས་དབུལ་བར་བྱའོ། །མངོན་སྤྱོད་ལ་ནི་ནིམ་པ་དང། སེང་ལྡེང་དང། ཀོ་པའི་དར་དང། པི་ལོ་ཏ་ཀ་དང། མདན་རྣམས་ཀྱི་འམ། གཞན་ཡང་ཁ་བ་དང་ཚེར་མ་ཅན་དང་ཆེ་བའི་ཤིང་རྣམས་ཀྱི་འམ། རོ་སྲེགས་པའི་འགལ་དུམ་ལ་རྩ་བའི་ཆ་ལས་བྱུང་བ་གས་པ་སོར་བཅུ་བ་རྩེ་མོ་གཉིས་དུག་དང། ཁྲག་དང་ཉུང་མར ཁས་བཏགས་ཤིང། ཆེ་མོ་རྣོ་བའི་ཡམ་ཤིང་དང། ཡུངས་ཀར་དང། ཡུངས་མར་དང། ཁྲག་དང། ལན་ཚ?་དང། སྐེ་ཚེ་དང་ནི་མ་པའི་ལོ་མའི་ཐལ་བ་དང། རྐང་རྗེས་ཀྱིས་དང། བུད་བུ་དང། རྔ་མོ་ལ་སོགས་པའི་རྟུག་པ་དང། སྒྲ་བརྡུངས་པ་དང། བྱ་རོགས སོགས་པའི་གཤོག་པ་དང། གཤད་གཅི་དང་ཚེར་མ་དང། རུས་ཕྱེ་དང། གླང་པོ་ཆེའི་ཤ་ལ་སོགས་པའི་ཇི་སྙེད་པ་དང། རྫས་རེ་རེ་ལ་ཁྲག་དང་དུག་ལས་བཏགས་ཤིང་བཤགས་པའི་རྫས་སམ་ཐལ་བ་དང། སོལ་བ་དང། ཕུབ?་མ་ལས་དགྲ་བོའི་གཟུགས་ བརྙན་བྱས་ལ། དུག་ལ་སོགས་པས་བསྐུས་ཏེ། བཅད་ཅིང་སྦྱིན་སྲེག་བྱའོ་།དབང་དུ་བྱ་བ་ལ་ནི། ཙམ་པ་དང། ཨ་ཤོ་ཀ། བ་ཀུ་ལ་དང། པྲི་ཡང་ཀུ་དང། ལ་ཀུ་ཙ་ལ་སོགས་པའི་ནགས་ཀྱི་ལྕུག་མའི་ཡམ་ཤིང་སོར་ལྔ་པ་འདབ་མ་དང་བཅས་པ་འམ། སྐྱུར ཞིང་དམར་བ་དང། མེ་ཏོག་དང་འབྲས་བུ་གཞན་དང་གཞན་དག་གམ། རང་གི་རྟོག་པ་ལས་བཤད་པའི་རྫས་རྣམས་དབུལ་བར་བྱའོ། །དགུག་པ་ལ། ཡང་དེ་དག་ཉིད་དམ། ཚེར་མ་ལྕགས་ཀྱུ་ལྟ་བུ་ཡོད་པའི་སྦྱིན་སྲེག་བྱའོ། །པ་ལ་ཤ་དང། བླ་ཀཱ་དང། ཨཽ་དུམ བར་དང། སེར་སྣང་དང། ཨར་ག་དང། མེ་ད་དང། པེ་དང། ཀ་ཧ་དང། ཨ་མྲ་དང། ཤ?་མི་དང། ཀ?་ས་མ་རྒྱ་དང། ཨ་པོ་མ་རྒྱ་དང། ཨ་ཤྭད་ཐ་ལས་བྱུང་བ་གསར་ཞིང་རྩེ་མོ་མ་གོས་པ། དྲང་པ་མཐོ་གང་ཙམ་ལ་སྤོས་ཆུས་ངན་པ་སེན་མོ་གཉིས་བརྟགས་པའི ཡམ་ཤིང་ལས་ཐམས་ཅད་དབུལ་བར་བྱའོ། །གང་ཡང་ཞི་བ་དང་རྒྱས་པའི་སྲེག་རྫས་རྣམས་དང། གང་ཡང་བདག་ཉིད་ཀྱི་ཁ་ཟས་དེ་དག་ཐམས་ཅད་ཉིན་རེ་བཞིན་རང་གི་ལྷ་ལ་རྟག་ཏུ་དབུལ་བ་དང། མར་གྱི་རྟགས་པའི་གུ་ཀུམ་ལམ། ས་ལའི་ཐབ་ཆུས་ཡང་རང གི་གསང་སྔགས་ཀྱི་དབྱེ་བས་སྦྱིན་སྲེག་བྱའོ། །དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པའི་རྫས་རྣམས་ཀྱང་ལས་དང་རྗེས་སུ་མཐུན་པར་རང་གི་གསང་སྔགས་ཇི་ལྟ་བ་བཞིན་དུ་བཟླས་བརྗོད་བྱའོ། །སྲེག་རྫས་ཀྱི་དབང་དུ་བྱས་པའོ། །ཞི་བ་ལ་ནི་མཆོད་སྦྱིན་གྱི ཤིང་རྣམས་ཀྱི་བུད་ཤིང་སྲོག་ཆགས་མེད་པ། ཐབ་ཁུང་ལས་ཅུང་ཟད་ཀྱི་དམའ་བ་འམ། དགོན་པའི་བ་ལང་གི་ལྕི་བས་བྱའོ། །རྒྱས་པ་ལ་ནི་དགོན་པའི་བ་ལང་གི་ལྕི་བ་མ་གཏོགས་པ་ཇི་སྐད་དུ་བཤད་པའི་བུད་ཤིང་འདྲས་བུ་དང་བཅས་པའོ། །མངོན་སྤྱོད་ལ་ནི ཚ་བ་དང། ཚེར་མ་ཅན་དང། དྲི་ངན་པའི་ཤིང་རྣམས་སམ། དུར་ཁྲོད་པ་འམ། བུང་བཱུམ་རྔ་མོའི་རྟུག་པ་ལ་སོགས་པ་འམ། ཤིང་ཤིན་ཏུ་སྐམ་པས་བྱའོ། །དབང་དུ་བྱ་བ་ནི་ནིམ་པ་དང་ཤིང་སྒྱུར་པོ་དང་གཞན་ཡང་མེ་ཏོག་དང་བཅས་པར་བྱའོ། །དགུག་པ་ལ ཆེར་མ་དང་བཅས་པས་སོ། །ལས་ཐམས་ཅད་པའི་བུད་ཤིང་ནི་ལས་དང་རྗེས་སུ་མཐུན་པས་བྱའོ། །ང་ནས་སྒྲུབ་པ་པོ་ཁྲུས་བྱས་ཤིང་ལུས་དྲི་ཞིམ་པོས་བསྒོས་པ། བྱམས་ཤིང་བཟོད་པ་ལྡན་པ་གོས་དཀར་པོ་གྱོན་ཏེ་ལས་དང་རྗེས་སུ་མཐུན་པར་ལྷའི་རྣལ་འབྱོར ནས་བསྲུང་པའི་ཆོགས་བྱས་ཤིང་བཟླས་པ་དང་མི་སྨྲ་བ་བས་འཇམ་ཤིང་ཤིན་ཏུ་བདེ་བའི་སྟན་ལ་པདྨའི་འདུག་སྟངས་ཀྱིས་འདུག་པ། ནང་པར་བློས་བསྒྲུབ་པར་བྱ་བ་ལ་དམིགས་ནས་ཡར་གྱི་ངོའི་ཚེས་གཅིག་ནས་བརྩམས་ཏེ་ཞི་བའི་ཡིད་ཀྱིས་ཞི་བར་བྱའོ། ། དེ་བཞིན་དུ་རྒྱས་པ་ལ་རྒྱན་དང་ཕྲེང་བ་སེར་པོ་དང། གོས་སྣ་ཚོགས་དང་བཟང་པོའི་འདུག་སྟངས་ཀྱི་འདུག་སྟེ། དགའ་བའི་ཡིད་ཀྱིས་བྱང་དུ་བལྟས་ནས་སྔ་དྲོ་ཟླ་བ་ཉ་ནས་བརྩམས་ཏེ་རྒྱས་པ་བྱའོ། །ཁྲོས་ཤིང་གོས་སྔོན་པོ་འམ ཁྲག་གམ་ཆུས་གཤེར་བའི་གོས་བགོས་ཏེ། སྟན་སྲ་བ་ལ་ཕྱོགས་སུ་ཁ་བལྟས་ཏེ་འདུག་པ་འམ། བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་བྲང་ལ་མནན་ཅིང་སྟན་མེད་པར་རྐང་པ་གཡོན་པས་མནན་ཏེ། སོས་སོ་བཅའ་ཞིང་མིག་མི་གཡོ་བ་དང། གཉེར་མ བསྡུས་པས་ཟླ་བ་མར་གྱི་ངོ་བོའི་མི་བཟད་པའི་ཉིན་ཞག་གང་ཡང་རུང་བ་ལ་ཁྲོ་བ་ཉིད་ཚད་མར་བྱ་སྟེ། ཉི་མ་ཕྱེད་དམ། ནམ་ཕྱེད་ན་མངོན་སྤྱོད་བྱའོ། །དམར་ཞིང་རྒྱན་དམར་པོ་ལ་སོགས་པ་དང། ནུབ་ཕྱོགས་སུ་ཁ་བལྟས་ཤིང་སྟན་མཐོན་པོ་ལ་རྡོ་རྗེ སྐྱིལ་མོ་ཀྲུང་གིས་འདུག་སྟེ། དབང་གི་ལས་བྱའོ། །དགུག་པ་ཡང་དེ་དང་འདྲ་སྟེ། འོན་ཀྱང་ཁ་སྟེང་དུ་བལྟ་བའི་ལྷའི་སྦྱོར་བ་འམ། ནུབ་ཏུ་བྱའོ། །སྒྲུབ་པ་པོའི་དབང་དུ་བྱས་པའོ། །ཞི་བ་ལ་ནི་གསེར་རམ་དངུལ་ལམ་ཟངས་སམ་ཤིང་དམ་ས་ལས་བྱས་པ འམ། དུང་ཕོར་དང་ཉ་ཕྱིས་སམ་ལོ་མ་ལས་བྱས་པའི་མཆོད་ཡོན་གྱིས་སྣོད་ལ་ནས་དང་བཅས་པའི་འོ་མ་དྲི་དཀར་པོ་ལ་སོགས་པ་དང། ཆུ་བཅུག་པ་སྤོས་ཀྱིས་བདུགས་ཏེ། རང་གི་ལྷའི་སྔགས་མཐར་སྭཱ་ཧཱ་དང་བཅས་པ་དང་བཟླས་བརྗོད་བྱའོ། །རྒྱས་པ་ལ་ནི ?་དྲི་ལ་སོགས་པ་སེར་པོ་དང་ཆུ་དང་ཏིལ་དང་བཅས་པའི་ཞོལ། མཐར་ཨཱ་དང་བཅས་པས་བཟླས་བརྗོད་བྱའོ། །མངོན་སྤྱོད་ལ་ནི་གནག་ཅིང་དྲི་མི་ཞིམ་པའི་དྲི་ལ་སོགས་པ་དང། ཆུ་དང་བཅས་པ་དང། ཀྲོ་ཏ་པ་དང་བ་གཅིན་ལས་མཐར་ཕཊ་དང་བཅས པས་བཟླས་བརྗོད་བྱའོ། །དབང་ལ་ནི་དྲི་དམར་བོ་ལ་སོགས་པ་ཆུ་བཅུག་པ་ལ་ཐ་མ་ཧོ་དང་བཅས་པའོ། །དེ་བཞིན་དུ་དགུག་པ་ལ་ནི་མཛའ་མར་ཡི་གེ་ཛ:དང་བཅས་པའི་རང་གི་སྔགས་ཀྱི་ཐ་མར་སྭཱ་ཧཱ་དང་བཅས་པ་དང། དེ་ཉིད་ཀྱི་སྔགས་ཀྱི་བཟླས་འབྱོར? ལན་བདུན་དུ་བྱའོ། །ཐམས་ཅད་དུ་ཡང་དྲི་དང་མེ་ཏོག་དང། ཏིལ་དང། ཀུ་ཤ་དང། འབྲས་ཡོས་དང། ཆུ་རྣམས་ལས་ཇི་སྙེད་པ་ལས་ཀྱི་རྗེས་སུ་མཐུན་པར་བཞུགས་པར་བྱའོ། །མཆོད་ཡོན་གྱི་དབང་དུ་བྱས་པའོ། །དེ་ནས་ཞི་བ་དང་རྒྱས་པ་དང། དབང་དུ་བྱ་བའི ལས་རྣམས་ལ། རྡོ་རྗེ་རྩེ་མོ་དང་རྡོ་རྗེ་གནོད་སྦྱིན་དག་ཡོངས་སུ་བཟླས་ལ། ལས་ཐམས་ཅད་པའི་ཆུའི་སྣོད་དང། མཆོད་ཡོན་གྱི་སྣོད་རང་གི་གཡོན་ཕྱོགས་སུ་གཞག་ལ། དེ་དག་ལེགས་པར་བཟླས་པའི་ཆུ་ལག་པ་གཡས་པས་བླངས་པས་བསངས་ལ། ཡམ ཤིང་དང་བུད་ཤིང་ལ་སོགས་པ་སྲེག་རྫས་རྣམས་ནི་རང་གི་གཡས་སུ་གཞག་པར་བྱའོ། །གསད་པ་དང་སྐྲད་པ་དང་དགུག་པ་ལ་སོགས་པའི་ལས་རྣམས་ལ་ནི་བསང་གཏོར་དང་བཞག་པའི་གོ་བཟློག་སྟེ་བྱའོ། །ོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཏེ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། མཐེའུ་ཆུང་གཉིས་ཆེ་བར་བྱ་སྟེ། ཁའི་ཐད་ཀར་བཞག་པའོ། །ོཾ་བཛྲ་ཤི་ཁ་རེ་རུ་ཊ་མཊ། རྡོ་རྗེ་རྩེ་མོའི་སྔགས་ཏེ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་རེ་འདེགས་པའི་ཚུལ་དུ་བྱའོ། །རྫས་བཞག་པའི་ཚུལ་དུ བྱས་པའོ། །ཞི་པ་ལ་ནི་ཤིང་ལོ་མ་ཅན་དང། དགོན་པ་ལས་བྱུང་བའི་མེ་འམ། རྒྱུན་བཞག་པའི་མེས་བྱའོ། །རྒྱས་པ་ལ་ནི་རྒྱལ་པོ་འམ་རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བ་འམ། གཙུབ་ཤིང་གི་མེ་འམ། ནགས་ཚིག་པའི་མེས་བྱའོ། །དྲག་པོ་ལ་ནི་དུར་ཁྲོད་པ་འམ། རྡོ་ལས་བྱུང་བ་འམ། གདོལ་པའི་ཁྱིམ་ནས་བྱུང་བས་བྱའོ། །དབང་ལ་རྗེ་རིགས་སམ་སྨད་འཚོང་གི་ཁྱིམ་ནས་བྱུང་བས་བྱའོ། །དགུག་པ་ལ་ནི་གར་མཁན་ནམ་རོལ་མོ་མཁན་ནམ་ལམ་ཀའི་མེ་གཟུང་ངོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་མེ རྣམ་པར་སྦྱངས་ཏེ། དེ་བཟླས་པའི་ཆུ་དང་ཀུ་ཤ་བླངས་ནས། བསྐོར་ཞིང་ལན་གསུམ་བསང་གཏོར་བྱས་པའི་ཐབ་ཏུ་གཙང་ཞིང་ཤིན་ཏུ་སྐམ་པའི་རྩ་བ་དང་བཅས་པའི་ཤིང་བཅག་ལ། རླུང་ཡབ་ཀྱི་རླུང་གིས་སྦར་བར་བྱའོ། །ོཾ་ཛཝ་ལ་ཧཱུཾ་མེ་སྦར་བའི སྔགས་སོ། །དེ་ནས་རིགས་ཀྱི་སྙིང་པོ་ལན་བདུན་བཟླས་པའི་མར་གྱིས་སྦར་བར་བྱའོ། །ོཾ་བཛྲ་སཏྭ་ཨབལྟས་པ་དང། ཁ་ལྷོར་བལྟས་པ་དང་ནུབ་དུ་བལྟས་པ་དང་བྱང་དུ་བལྟས་པས་གཞག་གོ་།དེ་ནས་ཐབ་ཁུང་ཀུ་ཤའི་རྩེ་མོ་ཤར་དུ་བལྟས་པ་གཡོག་གོ་།དེ་ནས་རང་གི་ལྷའི་ཆོས་ཀྱི་ཡི་གེ་ལས་ཐབ་ཁུང་བསྐྱེད་ལ། དེའི་དབུས་སུ་ཡི་གེ་རཾ་གྲུ་གསུམ་དང་བཅས པའི་སྟེང་དུ་ཨོཾ་ལས་བྱུང་བའི་པདྨ་ལ་གནས་པའི་ཡི་གེ་རཾ་ལས་བྱུང་བའི་མེ་ལྷའི་ལས་ཀྱི་རྗེས་སུ་མཐུན་པའི་གོས་དང་རྒྱན་དང་གདན་དང་ལྡན་ཞིང་འབར་བའི་ཕྲེང་བ་ཅན་གསུས་ཁྱི་མཆེ་བ་རྡོ་རྗེ་རྩེ་གསུམ་དང་ཕྲེང་བ་དང་དབྱུག་པ་དང། གུ་ཎ་ཌ་འཛིན་པའི་རྡོ་རྗེ མེ་བསམས་ལ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་ང་རྒྱལ་དང་ལྡན་པས་མཛུབ་མོ་དང་མཐེའུ་ཆུང་ལྕགས་ཀྱུར་བཅིངས་ཏེ། རྡོ་རྗེ་ཁུ་ཚུར་བླ་འོག་ཏུ་བྱས་པའི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་འདི་དང། ཧཱུཾ་ཊཀྐི་ཛཕྱི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་ཕྱག་རྒྱས་ཐབ་ན་གནས་པའི་རང་གི་གཟུགས་ལ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་དང། བསྲུང་བ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་དེས་པར་བཙིར བའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་དང། ཨོཾ་བཛྲ་སནྟི་བི་ཞེས་བྱ་བའི་སྔགས་དང་བཅས་པ་དང། ཕྱོགས་དང་དཀྱིལ་འཁོར་བཅིང་བ་ལ་སོགས་པ་བྱས་ཏེ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་དང། མེ་རང་གི་སྔགས་ཀྱིས་གདན་བསྟབས་ལ། གཡས་པའི་ཁུ་ཚུར་གྱིས སོར་མོ་ཐམས་ཅད་བཀུག་ལ། མཐེ་བོང་དང་མཛུབ་མོ་རྩ་སྦྱར་བས་མེ་ཏོག་བླངས་ཏེ་ཞབས་བསིལ་དབུལ?་ཞིང་སོར་མོ་རྣམས་བརྐྱང་བ་ནི་ཞབས་བསིལ་གྱི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་པྲ་བ་ར་ས་ད་ཀཱ་ར་པྲ་ཏཱི་ཚ་སྭཱ་ཧཱ། ཞེས་བྱའོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡས་པ་འབར་བ་ལྟར་བསྟན་པ་ནི་དམ་ཚིག་གི་ཕྱག་རྒྱས་བཅིངས་ལ། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛཝ་ལ་ཡ་སརྦ་བྷསྨི་ཀུ་རུ། སརྦ་དུཥྚཱི་ཧཱུཾ་ཕཊ་དྲི་ཤྱ་ཛའདི་ལན་གསུམ་བརྗོད་དོ། །ཡང་སྐྱེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ། ཨོཾ་ཛཝ་ལ་ཛཝ་ལ་ཧཱུཾ་ཕཊ། ཅེས་བྱ་བའི་ཆོས་ཀྱི་ཕྱག་རྒྱ་དགོད་དོ། །དེ་ནས་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམས་ལ། གར་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཉིད་མའི ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་ཡི་གེ་ཧཱུཾ་ལས་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྣམ་པར་བསམས་ཏེ། སྔར་བཤད་པའི་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའོ། །ོཾ་བཛྲ་རཏན་ཨ་བྷི་ཥིཉྩ་ཞེས་བྱ་བའི་སྔགས་ཀྱིས་དབང་བསྐུར་རོ། །འདིའི་ཕྱག་རྒྱ ནི་རྡོ་རྗེ་བསྡམས་པ་ཉིད་ལས་མཐེ་བོང་བསྙམས་ཏེ་བསྒྲེངས་ལ། མཛུབ་མོ་དང་རྩེ་སྦྱར་ནས་རྡོ་རྗེ་རིན་པོ་ཆེ་ལྟར་བྱས་པའོ། །རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །དམ་ཚིག་འདས་ན་མྱུར་དུ་ནི། །རིགས་ཀྱང་ཐལ་བར་བྱེད་པར་འགྱུར་རོ། །ོཾ ཧ?་ན་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་དམ་ཚིག་ལ་བཞག་པར་བྱའོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེ་སེམས་མ་བརྟན་པར་བྱས་ལ། མཛུས་མོ་གཉིས་བཀུག་སྟེ་གུང་མོ་དང་སྦྱར། མཐེ་བོང་གཉིས་དང་མཐེ་ཆུང་གཉིས་གཤིབས་ཏེ། རྡོ་རྗེའི་རྩེ་མོ་རྣོན་པོ་ལྟར་བྱ་བ་ནི དམ་ཚིག་འཛིན་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བསྲུང་བ་བརྟན་པར་བྱས་ལ་རྡོ་རྗེ་བཅིང་བ་ཡང་བསྡམ་པར་བྱའོ་ཞེས་བྱ་བའི་ཕྱག་རྒྱ་དང། ཨོཾ་བཛྲ་བན་དྷ་ཧཾ་ཞེས་བྱ་བའི་སྔགས་དང་བཅས་པས་བདག་གི་མངོན་པར་འདོད་པའི་བྱ་བ་འདི་མཛོད་གཅིག་ཅེས རང་གི་སྒོ་བ་ངེས་པར་སྦྱར་བ་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ། ལས་དང་རྗེས་སུ་མཐུན་པའི་དྲི་ལ་སོགས་པའི་མཆོད་པ་དང། སྒེག་མོ་ལ་སོགས་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། རྡོ་རྗེ་གནོད་སྦྱིན་གྱིས་ལན་གསུམ་པ་སངས ཏེ། གཡས་པའི་ཁུ་ཚུར་གྱི་མཐེ་བོས་རང་གི་མཛུབ་མོའི་རྩེ་མོ་མནན་ལ་བརྐྱང་བ་དབྱེ་སྟེ། ཕྱག་རྒྱ་འདི་དང་མེ་ལྷའི་སྔགས་ཀྱིས་ལས་ཐམས་ཅད་པ་བཟླས་པའི་ཆུ་དང་ལག་བར་འཐོར་འཐུང་ལན་གསུམ་བྱིན་ཏེ། དེའི་ལྕེ་དང་དེ་གང་གཟར་དང། བླུག གཟར་གྱི་ཁ་ལ་རང་གི་ཡི་དམ་གྱི་ལྷའི་ས་བོན་རྣམ་པར་བཀོད་དེ་བུས་མོ་གཉིས་ཀྱི་བར་དུ་ལག་པ་གཞག་ནས་དང་པོར་བླུག་གཟར་གྱིས་མར་གྱིས་དགང་བླུགས་གསུམ་ཟེར། ཞི་བ་དང་དབང་དང་རྒྱས་བ་དགུག་བའི་ལས་རྣམས་ལ་ནི་ཞལ་ཅུང་ཟད་གདངས པར་དབུལ་བར་བྱའོ། །དྲག་པོ་ལ་ནི་ཞལ་གདངས་པར་དུག་དང་བཅས་པའི་ཡུངས་མར་དང། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཊ་ཛཝ་ལ་ཡ། སརྦཾ་བྷསྨི་ཀུ་རུ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཅེས་བྱ་བའི་མེའི་སྔགས་ཀྱིས་སམ། ཨོཾ་ཨ་ག་ནཱ་ཡེ་ཧ་བྱ་?་བྱ་བཧྣཱ་ཡེ། དི་བྱི་དི་བྱི་ཏི པ་མེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་བགེགས་མེད་པ་དང། བགེགས་དང་བཅས་པའི་མེ་འབར་བའི་མཚན་མ་ལས་བརྟག་པར་བྱ་སྟེ། འཇའ་དང་འདྲ་ཞིང་མདོག་སྡུག་དང། །བྱུ་རུ་བཅག་པ་ལྟ་བུ་དང། །གཡས་སུ་འཁྱིལ་ཞིང ཤིན་ཏུ་སྣུམ། །ཻན་དྲ་གོ་བའི་མདོག་འདྲ་དང། །ལེ་བརྒན་རྩི་དང་བཻ་ཌཱུ་རྱའོ། །མདོག་འདྲའི་དབྱིབས་ནི་བླུགས་ག་?་དང། །རྩེ་གསུམ་རྡོ་རྗེ་པདྨ་དུད། །ཉ་དང་དཔལ་བེའུ་རྔ་ཡབ་དང། །རྒྱལ་མཚན་གདུགས་སོགས་བུམ་པ་དང། །གཡུང་དྲུང་ལྟ་བུར འབྱུང?་བ་དང། །གླིང་བུ་རྫ་རྔ་ལྟར་ཟབ་དང། །དྲི་ཞིམ་ཡིད་དུ་འོང་བ་དང། །གསེར་དང་དངུལ་འདྲ་དུ་བ་མེད། །ཉི་མ་འབར་འདྲ་དྲི་མེད་པའོ། །ཞི་ལ་ཁ་དོག་ཀར་པོར་སྣང། །རྒྱས་པ་ལ་ནི་གསེར་འདྲ་ཞིང། །རྗེས་སུ་ཆགས་ལ་དམར་པོར་སྣང། །མངོན་སྦྱོར ལ་ནི། ?་དང་གནག་།སྒྲུབ་པ་པོས་ནི་མདོར་བསྡུས་ན། །གཞན་ཡང་རྩེ་གཅིག་མཆོག་ཡིན་ཏེ། །རྩེ་གཉིས་པ་ནི་འབྲིང་དུ་བཤད། །རྩེ་གསུམ་ཐ་མར་ཤེས་པར་བྱའོ། །དུ་བ་མང་ཞིང་རྣམ་པར་འཕྲོ་དང་བཅས། །འབར་བ་དཀའ་ཞིང་ཅུང་ཟད་ལྡང་བ་དང། མེ་ལྕེ་རྣམ་པར་ཆད་ཅིང་གཟི་བརྗིད་མེད། །རྩུབ་ཅིང་གནག་ལ་བ་ལ་ཤ་ཡི་མདོག་།མདུང་དང་ཞིབ་མ་ལྟ་བུ་ཉིད་དང་ནི། །དེ་བཞིན་བ་ལང་མགོ་བོ་ལྟ་བུ་དང། །མི་རོའི་དྲི་དང་དྲི་མི་ཞིམ་པ་དང། །བོང་བུའི་དྲི་དང་དེ་བཞིན་དྲི་ངན་དང། །སྦྱིན་སྲེག་བྱེད་པས་གདུངས བ་དང། །མེ་ལྕེ་རྣམ་པར་འགོད་ཅིང་གཡོ་བ་རྣམས། །དེ་ལྟར་བགེགས་དང་བཅས་པར་ཤེས་ནས་ནི། །སྔ་མ་བཞིན་དུ་བསང་གཏོར་བྱས་པས་ཞི། །རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་རྣམ་པར་སྦྱངས་ལ། དེ་ཉིད་ཀྱིས་མར་གྱི་སྲེག་བླུགས་བདུན དབུལ་བར་བྱའོ། །ཡ?་རང་གི་གསང་སྔགས་ཀྱིས་བསངས་ལ། དགང་གཟར་དང། དགང་བླུགས་གསུམ་མམ་བདུན་ནམ་གཅིག་མེ་ལྷའི་རང་གི་སྔགས་ཀྱིས་ཕུལ་ལ་བླུགས་གཟར་ལ་སོགས་པས་མར་གྱི་སྲེགས་བླུགས་གསུམ་མམ་བདུན་དབུལ་བར་བྱའོ།། འདིར་རིམ་པ་ནི། འབར་བའི་མེ་ལ་ཡན་ཤིང་སྟེ། །དེ་ནས་མར་དང་དེ་འོག་ཏིང?། །དེ་ནས་འབྲས་ཅན་ལ་སོགས་པ། །ཆོ་ག་འདི་ནི་མདོར་བསྡུས་པའི། །དེ་ལ་ཞུ་བའི་རྫས་ཐམས་ཅད་ནི་ཞལ་དུའོ། །ཡམ་ཤིང་དང་ནི་མི་རུས་ཀྱི་ཕྱེ་མ་ལ་སོགས་པ་ནི་འོད་ཀྱི་དཀྱིལ་འཁོར དུའོ། །?་དང་འབྲས་ཅན་དང་བཟའ་བ་དང་ཏིལ་ལ་སོགས་པ་ནི་ཕྱག་དུའོ། །དྲ་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འོད་འཕོ་བ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མར་མེ་དང་མཆོད་ཡོན་ནི་མདུན་དུ་དབུལ་བར་བྱ་སྟེ། མཆོད་ཡོན་གྱི་ཆུ་ནི སྣོད་དུ་བླུགས་པར་བྱའོ། །དེ་ནས་འཐོར་འཐུང་དང། བསང་གཏོར་བྱས་ལ་མའི་ཐབ་ཁུང་དུ་འབར་བའི་རྣམ་པར་བསམ། རང་གི་གཟུགས་སུ་མེའི་ཕྱོགས་སུ་གཞག་པར་བྱའོ། །མེའི་དབང་དུ་བྱས་བའོ། །དེ་ནས་སྦྱིན་སྲག་གི་ཡོ་བྱད་རྣམས། རྡོ་རྗེའི་རྩེ་མོས སྔ་མ་བཞིན་དུ་བསངས་ལ། ཞི་བ་ལ་ནི་མེའི་དབུས་སུ་བཅོམ་ལྡན་ལངས་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱར་བཅིངས་པ། ཞི་ཞིང་ན་བཟའ་དཀར་པོ་བསྣམས་ཤིང་རྒྱན་གྱིས་བརྒྱན་པའོ། །པདྨ་དཀར་པོ་ལ་བཞུགས་པའོ། །བཛྲ་དྷཱ་དུ སྭཱ་ཧཱ་ཞེས་བྱ་བ་འདིས་བསམས་པར་བྱའོ། །དེ་བཞིན་དུ་རྒྱས་པ་ལ་ནི་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། ན་བཟའ་དང་རྒྱན་སེར་པོ་མངའ་བ་པདྨ་སེར་པོ་ལ་བཞུགས་ཤིང་དགྱེས་ཤིང་ཐུགས་རངས་པས་མཆོག་སྩོལ་པ། བཛྲ་རཏན་དྷཱ་ཏུ་ཨོཾ ཞེས་བསམ་པར་བྱའོ། །དེ་བཞིན་དུ་མངོན་སྤྱོད་ལ་ནི་རྡོ་རྗེ་གནོད་སྦྱིན་སྐུ་མདོག་གནག་ཅིང་རྒྱན་དང་ན་བཟའ་ནག་པོ་མངའ་བ། ཁྲོས་པས་པདྨ་སྔོན་པོ་ལ་བཞུགས་པ། ཡི་གེ་ཧཱུཾ་ལས་བསམ་པར་བྱའོ། །དབང་དུ་བྱ་བ་ལ་ནི་རྡོ་རྗེ་ཆགས་པ་ཐམས་ཅད་དམར་པོ་ཡི་གེ་ཧོ་ལས བསམ་པར་བྱའོ། །དེ་བཞིན་དུ་དགུག་པ་ལ་ནི། རྡོ་རྗེ་རྒྱལ་པོའི་ཡི་གེ་ཛལ་གནས་པའི་གཟུགས་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་དང། བགེགས་བསལ་ཞིང་བསྲུང་བ་དང། ཕྱོགས་བཅིང་བ་ལ་སོགས་པ་བྱས་ལ། མཆོད་ཡོན་དང་ཞབས་བསིལ་ཕུལ་ཏེ་ཕྱག་རྒྱ་བཞིས་བཏབ་པ་དང། དབང་བསྐུར་བ་དག་ཇི་ལྟ་བ་བཞིན་དུ་རང་གི་རྒྱུད ལས་གསུངས་པའི་ཆོ་གས་བྱའོ། །དེ་ནས་ཞི་བ་ལ་ནི་བཛྲ་གནདྷེ་ཞེས་བྱ་བ་དང། དྲི་ཞིམ་པོ་དཀར་པོ་དང། བཛྲ་བུཥཔེ་ཞེས་བྱ་བ་དང། དཀར་ཞིང་དྲི་ཞིམ་པའི་མེ་ཏོག་དང། བཛྲ་དྷཱུ་པེ་ཞེས་བྱ་བ་དང། སྙིང་པོ་དཀར་པོའི་བདུག་སྤོས་དང། བཛྲ་དྷི་པེ་ཞེས་བྱ་བ་དང། བའི་མར་གྱི་མར་མེ་དང། ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨ་ཎཱཾ། ཨཱ་དྱ་ནུཏ་པན་ན་ཏྭཱཏ་ཅེས་བྱ་བ་དང། ཁ་ཟས་དཀར་པོ་མངོན་པར་བསྔགས་པ་དང། མཐར་རང་གི་སྔགས་ཀྱིས་ཀྱང་མཆོད་པར་བྱའོ། །རྒྱས་པ་ལ་སོགས་པ་ལ་ཡང་དེ་དག་ཉིད་ལས་ཇི་ལྟ་བ བཞིན་དུ་རྗེས་སུ་མཐུན་པའི་ཁ་དོག་དང་ལྡན་པའི་མཆོད་པ་རྣམ་པ་ལྡོས་མཆོད་པར་བྱའོ། །དྲག་པོ་ལ་གནག་ཅིང་དྲི་མི་ཞིམ་པའི་དྲི་དང། བིལ་བ་དང། ཨརྐ་དང། རྒྱ་སྐྱེགས་ལ་སོགས་པའི་མེ་ཏོག་དང། ས་རྫས་ལ་ར་ལ་སོགས་པའི་སྤོས་དང། མི དང་ཉ་བ་སོགས་པའི་ཞག་གི་མར་མེ་དང། ཁ་བ་དང་ཚ་བ་ལ་སོགས་པའི་ཡིད་དུ་མི་འོང་བའི་བྱེ་བྲག་ཅན་རྣམས་དབུལ་བར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། མཆོད་ཡོན་དང་འཐོར་འཐུང དང་བསང་གཏོར་དག་བྱས་ལ། ལྕེ་ལ་ཡི་གེ་ཧཱུཾ་རྣམ་པར་བཀོད་དེ། རང་གི་སྔགས་ཀྱིས་དགང་བླུགས་སྔ་མ་བཞིན་དུ་ཕུལ་ཏེ། རྫས་ཐམས་ཅད་ལ་རེ་རེ་ཞིང་སྦྱིན་སྲེག་ལན་གསུམ་དབུལ་བར་བྱའོ། །ཞི་བ་ལ་ནི་དགང་གཟར་དང་བླུགས་གཟར་བྱང་ཆུབ་མཆོག གིས་གཟུང་ངོ། །རྒྱས་པ་ནི་རིན་པོ་ཆེའི་ཁུ་ཚུར་གྱིས་སོ། །མངོན་སྦྱོང་ལ་ནི་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སོ། །དབང་དུ་བྱ་བ་དང་དགུག་པ་ལ་ནི་པདྨའི་ཁུ་ཚུར་གྱིས་སོ། །གཞན་དག་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཞི་བ་ལ་ནི་རང་གི་སྔགས་ཀྱི་མཐར ཆེ་གེ་མོ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། །ཞེས་བྱ་བའི་སྔགས་བཟླས་སོ། །དེ་བཞིན་དུ་རྒྱས་པ་ལ་ཐ་མར་ཨོཾ་དང་སྦྱར་རོ། །མངོན་སྤྱོད་ལ་ནི་ཐ་མར་ཕཊ་དོ། །དབང་དུ་བྱ་བའི་ཐ་མར་ཡི་གེ་ཧོ:ཱོ། །དགུག་པ་ལ་ནི་ཐ་མར་ཡི་གེ་ཛ:སྟེ། བསྐུལ་བའི་ཚིག་དང་ལྡན པར་བརྗོད་ལ། སྦྱིན་སྲེག་བརྒྱ་འམ་སྟོང་དམ་དཔག་ཏུ་མེད་པ་བྱའོ། །ཐམས་ཅད་དུ་འམ། དེ་བཞིན་དུ་ཞི་བའི་ཐབ་ལ་ནི་ཏིལ་གྱི་སྦྱིན་སྲེག་དང། ཞི་བའི་སྔགས་ཨོཾ་སརྦ་པཱ་མཾ་ད་ཧ་ན་སྭཱ་ཧཱ། ཞེས་བྱའོ། །དེ་བཞིན་དུ་རྒྱས་པའི་ཆོ་ག་ལ་ནི་འབྲས་ཀྱི་སྦྱིན སྲེག་དང། རྒྱས་པའི་སྔགས་ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱ། ཞེས་བྱའོ། དེ་བཞིན་དུ་ལས་ཐམས་ཅད་པའི་ཐབ་ཁུར་དུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བསམས་ལ། ཚེ་འཕེལ་བར་བྱ་བའི་ཕྱིར། དུར་བའི་མྱུ་གུ་མར་ལས་བཏགས་བའི་སྦྱིན་སྲེག སྔགས་འདིས་བྱ་སྟེ། ཨོཾ་བཛྲ་ཨཱ་ཡུ:ཥེ་སྭཱ་ཧཱ། དེ་ཉིད་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དེ་བཞིན་དུ་བསམས་ལ། བསྲུང་བ་བྱ་བའི་ཕྱིར་ཏིལ་མར་ལས་བཏགས་པ་ཀུ་ཤའི་མྱུ་གུ་སྦྱིན་སྲེག་སྔགས་འདིས་བྱ་སྟེ། ཨོཾ་ཨ་པྲ་ཏི་ཧ་ད་བཛྲ་ཡ་སྭཱཧཱ ཞེས་བྱ་བ་བརྗོད་ལ་སྦྱིན་སྲག་བརྒྱ་འམ་སྟོང་དམ་དཔག་ཏུ་མེད་པ་བྱ་སྟེ། འདི་ལྟར་ཐམས་ཅད་དུ་ཡང་རང་གི་བསྐུལ་བའི་ཚིག་ཇི་ལྟ་བ་དང། རང་དང་གཞན་གྱི་རྟོག་པའི་ཆོ་ག་ཇི་ལྟ་བས་སྦྱིན་སྲེག་བྱས་ལ། མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་མུཥྚི་བཾ། ཞེས་བྱ་བ་དང། རིགས་ཀྱི་སྙིང་པོ་ལན་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གི་བར་དུ་མར་གྱི་སྦྱིན་སྲེག་གི་གཟི་སྦྱིན་བསྐྱེད་པར་བྱའོ། །དེ་ནས་ཐ་མར་རིགས་ཀྱི་བདག་པོ་བཟླས་པའི་དགང་བླུགས་དང་མཆོད་ཡོན་དབུལ་བར་བྱའོ། །དེ་ལ་ཨོཾ་ཞེས་བྱ་བ ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོའོ། །ཡང་ཧཱུཾ་ཧྲིདུ་ཡང་དག་པར་མཆོད་ནས་མཆོད་ཡོན་ཕུལ་ཏེ། ཡང་དག་པར་བཟླས་ལ་ཡི་གེ་བརྒྱ་བ་བརྗོད་ནས། ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་མཛད་ཅེས་བྱ་བ་ལ་སོགས་པས་བསྐུལ་ལ། རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། གྱེན་དུ་བཀྲོལ་ནས་རང་གི་སྔགས ཏ་ཧ་མ་ཡི་གེ་མུའཐོར་འཐུང་ཇི་ལྟ་བ་བཞིན་དུ་ཕུལ་ཏེ། བསང་ལ་མཆོད་ཅིང་མཆེད་ཡོན་ཕུལ་ནས་མངོན་པར་འདོད་པའི་དངོས་གྲུབ་གསོལ་བ་བཏབ་ལ། བཛྲ་སཏྭ་ཞེས་སྔ་མ་བཞིན་དུ་ཟློས་ཤིང་ཕྱག་རྒྱ་དགྲོལ་བ་ལ་སོགས་པ་བྱས་ནས། སྔ་མ་བཞིན་དུ་གཤེགས་སུ གསོལ་ཏེ། ཨོཾ་ཧཱུཾ་མུབྱའོ། །འདིར་གསུངས་པ་ནི། ན་བའི་དོན་དུ་ཞི་བ་བྱ། །འབྱོར་བའི་དོན་དུ་རྒྱས་པ་བྱ། །གདུག་པ་ཀུན་ལ་གསོང་པ་སྟེ། །དབང་ལ་སོགས་པ་ཕན་ཕྱིར་རོ། །ཐབ་དང་དགང་གཟེར་བླུགས་གཟེར་རྫས། །ཤིང་དང་སྒྲུབ་པའི་རྫས་རྣམས་དང། །རྫས་བསང་དགོད་དང་མེ སྦྱངས་དང། །གསང་གཏོར་དང་ནི་སྦར་བ་དང། །ཀུ་ཤ་དགྲམ་དང་གནས་པདྨ། །མི་བསྐྱེད་སྤྱན་དྲང་ལ་སོགས་དང། །བསྲུང་བསྐྲད་བཅིང་དང་མཆོད་ཡོན་དང། །ཞབས་བསིལ་སྒྲུབ་པ་དབང་བསྐུར་དང། །དམ་ཚིག་སྒོ་དང་མཆོད་ཡོན་མཆོད། །བསང གཏོང་འཐོར་འཐུང་སྲེག་བླུགས་དང། །མེ་བརྟགས་གསང་དང་དགང་བླུགས་དང། །ཀུན་བསྲེག་གསང་དང་བཟོད་གསོལ་དང། །ཐབ་དང་མེ་ལྷ་དགོད་པ་དང། །བསྡུ་དང་བསྟོད་དང་དགུག་པ་དང། །སྔོན་བཞིན་ཕྱག་རྒྱ་དབང་བསྐུར་ལ། །མཆོད་དང་མཆོད ཡོན་འཐོར་འཐུར་བས། །དགང་བླུགས་ཅིག་ཤོས་ལས་སྒྲུབ་དང། །ལྷ་རྣམས་གཟི་སྦྱིན་བསྐྱེད་པ་དང། །མེ་ལྷ་དགང་བླུགས་མཆོད་ཡོན་བཅས། །གསང་གཏོར་འཐོར་འཐུང་མཆོད་པ་དང། །གཤེགས་སུ་གསོལ་བར་བྱ་བའོ། །བསྡུས་པའི་ཚིགས སུ་བཅད་པའོ། །སྦྱིན་སྲེག་ཆོ་ག་རྫོགས་པ་དང། །མདོར་བསྡུས་པ་ཡི་རིམ་ལྡན་པ། །རབ་འབྱོར་བསྐྱངས་ཀྱིས་འདི་ཉིད་ནི། །རྣལ་འབྱོར་རྒྱུད་ལས་དྲིས་པ་ཡིན། །སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྷཱ་ཀ་ར་བརྨ་དང། ཞུ་ཆེན་གྱི་ལོ་ཚ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། །།དཔལ་ལྡན་རྒྱ་ཆེ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་བཞུགས།། །།*། །རྒྱ་གར་སྐད་དུ། ཤྲཱི་མ་ནུ་ད་ར་ནཱ་མ་མཎྜ་ལ་ནི་བི་ཀ་བོད་སྐད་དུ། དཔལ་ལྡན་རྒྱ་ཆེ་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་།

CLOSE WINDOW