Wylie | e-texts based on the ACIP/ALL ![]() ![]() |
། །།རྒྱ་གར་གྱི་མཁན་པོ་ཤྲདྷཱ་ཀ་ར་ཝ་ར་མ་དང། ལོ་ཙ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཐུགས་རྗེ་འབྱུང་བ་ཞེས་བྱ་བ་བཞུགས།། །།
རྒྱ་གར་སྐད་དུ། ཀཱ་རུ་ཎོར་ད་ཡ་ནི་བྷཱ་བ་ནཱ་མ་ཛ་པ་བི་དྷི། བོད་སྐད་དུ། ཐུགས་རྗེ་འབྱུང་བ་ཞེས་བྱ་བ། བསྒོམ་པ་དང་བཟླས་པའི་ཆོ་གའོ། །བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བསྒོམ་དང་བཟླས་བའི
ལམ་ནི་རྡོ་རྗེ་སློབ་དཔོན་དག་གིས་རབ་མཛེས་པའི། །བསྟན་བཅོས་ཤིན་ཏུ་ཐབ་དང་བཅས་ཕྱིར་ཐུབ་པའི་གསུང་བཞིན་དེ་ཉིད་མི་རྟོགས་ཏེ། །རང་བློའི་རྣམ་པར་རོལ་པས་མི་གསལ་དཔེ་དང་ཐེག་པ་གཞན་རྣམས་དང་ནི་གཅིག་བྱེད་པ། །སློབ་མའི་ཚོགས་གཉིས་
དག་གིས་བྱིན་བརླབས་ཐེག་པ་ལ་ནི་ཆེན་པོར་འཛིན་མི་བྱེད། །ཆོས་རྣམས་ཡང་དག་སྟོན་ཅིང་ཆོ་ག་མ་ལུས་འཆད་པ་འགལ་མེད་ལ། །སེར་སྣས་བྱང་ཆུབ་འཇིག་ཅིང་མ་བཤད་ཡུལ་ནི་ཡེ་ཤེས་དག་ལས་ཉམས་འགྱུར་ཕྱིར། །སྙིང་རྗེས
བྱམས་ཆས་སློབ་དཔོན་ཡེ་ཤེས་རྡོ་རྗེ་གཞན་ཡང་པད་དཀར་ཞེས་བྱ་བས། །བྱིས་པ་ལེགས་རྟོགས་ཚིག་གིས་སྐུ་དང་ཕྱག་རྒྱ་སྔགས་རྣམས་ཆོ་ག་བཞིན་བཤད་བྱ། །དེ་ལ་དང་པོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི
དཀྱིལ་འཁོར་ཆེན་པོ་དང། གཟུངས་ཀྱི་དཀྱིལ་འཁོར་དང་ཆོས་ཀྱི་དཀྱིལ་འཁོར་དང། ལས་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བ་ཐོབ་པ། དཔལ་རྣམ་པར་སྣང་མཛད་ཀྱི་གསང་སྔགས་གཟུང་བ་དང། རིག་པའི་དབང་བསྐུར་བ་དང། མཉན་པའི
དབང་བསྐུར་བ་དང། རྗེས་སུ་གནང་བའི་དབང་བསྐུར་བ་དང། སློབ་དཔོན་གྱི་དབང་བསྐུར་བ་དང། ལུང་བསྟན་པའི་དབང་བསྐུར་བ་ཐོབ་ཅིང་བསྒོམ་པ་དང་བཟླས་པར་འདོད་པས། དང་པོ་ཁོ་ནར་ཡིད་དུ་འོང་བའི་གནས་སྒྲའི་ཚེར་མ་ལ་སོགས་པ་དང་བྲལ་བར
སྙན་ཤིན་ཏུ་འཇམ་པོ་ལ་འདུག་སྟེ། ཁ་ཤར་རམ་ནུབ་དུ་བལྟ་བ་འམ། ཇི་ལྟར་དགའ་བར་བལྟས་ཏེ། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་སྐྱིལ་མོ་ཀྲུང་ཕྱེད་པ་དང། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དང། དཀྲ་ཤིས་ཀྱི་འདུག་སྟངས་དང། བཟང་པོའི་འདུག་སྟངས་ཀྱི་ཐལ་མོ
མཉམ་པར་སྦྱར་བའི་ཟླ་བ་ཕྱེད་པས་ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྟན་དེ་གང་ཡང་རུང་བས་འབད་པ་མེད་པར་ལག་པ་གཉིས་རྡོ་རྗེའི་བཅིང་བ་བྱས་ལ་ལུས་དྲང་པོར་བསྲང་སྟེ། མགྲིན་པ་བསྟོང་ལ་སོས་སོ་མནན་པ་སྤུ་རྩེ་ཙམ་གྱིས་སོའི་ཐད་ཀར་ལྕེ་རྡོ་རྗེ་ལྟར་མི
གོམ?་བར?་བཞག་?་ནགས་ཀྱི་རི་དགས་པག་ཕབས་ནས་ཉལ་བ་ལྟར་མིག་ཅུང་ཟད་བཙུམས་ཏེ། མིག་གཉིས་སྣའི་རྩེ་མོར་གཏད་པར་བྱའོ། །དེ་ནས་རིམ་པ་འདིས་གནས་བསྲུང་བ་བྱ་སྟེ། རང་གི་ལུས་རང་གི་ལྷའི་སྐུར་བསམས་ལ། ལག་པ་གཉིས་སུ་ཡི་གེ་ཧཱུཾ་གཉིས
ལས་རྡོ་རྗེ་གཉིས་རྣམ་པར་བསམས་ཏེ། སོར་མོ་ལྔའི་ཚིགས་རྩེ་མོའི་རྣམ་པར་བསྒོམ་པར་བྱའོ། །དེ་རྣམས་ཀྱི་དབུས་སུ་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱི་ཡི་གེ་རྣམ་པར་དགོད་པར་བྱ་སྟེ། དེ་ལ་གུང་མོ་ལ་ནི་ཡི་གེ་ཨོཾ་མཛུབ་མོ་ལ་ནི་ཧཱུཾ། སྲིན་ལག་ལ་ཏྲཾ།
མ་ཐེའུ་ཆུང་ལ་ཧྲཱིཔ་རྣམས་ཀྱང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་སྐུར་བསམས་ནས། ཕན་ཚུན་ཐབས་དང་ཤེས་རབ་དག་དང་བཅས་པའི་མངོན་པར་འདོད་པས་མངོན་དུ་ཕྱོགས་པའི་ཐལ་མོ་མཉམ་པར་བྱས་ལ། ཨ་ནྱེ་ནྱ་ཨ་ནུ་ག་ཏཱ་སརྦ་དྷརྨཱ:ཞེས་བརྗོད
དོ། །དེ་ནས་སོར་མོ་དེ་རྣམས་ཤིན་ཏུ་ཡང་བཅེར་ཏེ། ལྷ་མོ་རྣམས་ཀྱི་ཐུགས་ཀར་ཞུགས་པར་གྱུར་པ་རྣམ་པར་བསམས་ལ། ཨཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ:ཞེས་བརྗོད་དོ། །དེའི་འོག་ཏུ་རྡོ་རྗེ་སྡམས་པ་བཅིངས་ལ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན
ཡང་དག་པར་བསྐྱེད་པ། བསོད་ནམས་དང་ཡི་ཤེས་ཀྱི་ཚོགས?་དཔག་ཏུ་མེད་པ། བསགས་པར་བསམས་ལ་བཛྲ་བན་དྷ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་སྙིང་གར་བཛྲ་བན་དྷ་ཏྲཌ་ཞེས་ལན་གསུམ་བརྗོད་ལ་དགྲོལ་ལོ། །དེ་ནས་རང་གི་ལུས་ལ་དེ་བཞིན་གཤེགས?
པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚོགས་ཞུགས་བར་གྱུར་པར་བསམས་ལ། བཛྲེ་ཨཱ་བེ་ཤ་ཨ། ཞེས་ལན་གསུམ་བརྗོད་དོ། །རྡོ་རྗེ་བསྡམས་པ་བཅིངས་ཏེ། སྲིན་ལག་དང་མཐེའུ་ཆུང་གི་རྩ་བའི་བར་དུ་མཐེ་བོ་གཉིས་བཅུག་ལ་སྙིང་གར་བསྐྱེད་པ་ནི་རྡོ་རྗེ་དབབ་པའི
ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བསྡམས་པ་བཅིངས་ལ་ཕྱེ་སྟེ་ཁ་ཐུར་དུ་བསྟན་ནས་ས་ལ་བཞག་ལ། ཨོཾ་བཛྲི་བྷཱ་བ་ཧཱུཾ་ཞེས་ཀྱང་བརྗོད་དོ། །རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཡི་གེ་ཧཱུཾ་གི་ཚོགས་མེ་ལྕེ་ཤིན་ཏུ་འཕྲོ་བའི་ཚོགས་རྣམས་ཀྱིས་ས་གཞིའི་གཏན་པ་ལ
ཐུག་གི་བར་དུ་མ་ལུས་པའི་ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་དག་དང། སེམས་ཅན་དེ་རྣམས་རྡོ་རྗེ་འབར་བའི་གཟུགས་ཅན་ལྟ་བུར་བསམ་པར་བྱའོ། །དེ་ནས་ནམ་མཁའ་ཨི་ཕྱོགས་སུ་ཡི་གེ་ཧཱུཾ་རྣམ་པར་འཕྲོ་བ་དང་བཅས་པར་བསམས་ལ། དེ་ཉིད་ཡོངས་སུ
གྱུར་པ་ལས། ལྟེ་བ་ཡན་ཆད་རྡོ་རྗེ་ཧཱུཾ་མཛད་ལྟ་བུ་ལ། དེ་མན་ཆད་རྩེ་གཅིག་པ་ལྟ་བུས་བགེགས་རྣམས་ཀུན་ཏུ་འབིགས་པར་བསམས་ལ་ཀུན་ནས་ཀྱང་འཇིགས་པའི་དུས་ཀྱི་མེ་འབར་བ་ལྟ་བུས་ཁེབས་པར་གྱུར་པའི་གནས་ཀྱི་ས་ལ་ཞུགས་པར་གྱུར་པར་བསམས་ནས།
ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷཝཾ?་བན་དྷ་ཧཱུཾ་ཕཊ་ཅེས་ཀྱང་བརྗོད་ལ་རྡོ་རྗེ་འབར་བརྣམས་ཀྱིས་བདུག་པ་རྣམས་རབ་ཏུ་ཚིག་པར་གྱུར་ཅིང་འབྱེད་བར་གྱུར་པར་བསམ་མོ། །དེའི་སྟེང་དུ་ཡི་གེ་ཨོཾ་ལས་རབ་ཏུ་གྲགས་པའི་ཉི་མ་སྟོང་པས་ལྷག་པའི་འོད་དང་ལྡན་ཞིང། འཇིག
རྟེན་གྱི་ཁམས་དཔག་ཏུ་མེད་པ་ཁྱབ་པར་བྱེད་བའི་ཉི་མའི་དཀྱིལ་འཁོར་ཆེན་པོ་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བླང་པར་བྱ་སྟེ། རང་གི་ལུས་ཡི་གེ་མ་དམར
པོ་ཅམ་དུ་བསམས་ལ། དེ་ཉིད་འཁོར་ལོ་རྩིབས་བཅུ་དྲུག་པར་བསམས་ཏེ། སྟེང་གི་རྩིབས་གཉིས་ནི་མགོ་བོ། །དེའི་ངོས་གཉིས་ཀྱི་རྩིབས་གཉིས་ནི་དཔུང་བ། ཡང་ངོས་གཉིས་ཀྱི་རྩིབས་གཉིས་ལྟེ་བ་དང་བཅས་པ་ནི་སྙིང་ག་དང་རྩིབས་ལོག་གཉིས་སེ། །ཡང
ངོས་གཉིས་ཀྱི་རྩིབས་གཉིས་ནི་བརླ་དང་བྱིན་པ་གཉིས་སོ། །རྩིབས་ལྷག་མ་གཉིས་ནི་མཚན་ཏེ་རྡོ་རྗེ་ཞེས་བྱ་བ་བསྐྱེད་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་སྐུ་མདོག་དམར་པོ་ཐུགས་ཀའི་ཟླ་བའི་དབུས་ན་གནས་པའི་འཁོར་ལོའི་ནང་དུ་ཆུང་པའི
ཅ་ཧོས་ཀྱི་ཕྱག་རྒྱའི་སྙིང་པོ་ལ་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་མོཾ་དམར་པོ་ཤིན་ཏུ་འཕྲོ་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགེངས་ཤིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སྤྲིན་གྱི་རྒྱ
མཚོ་རྣམས་དང། སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་དེ་རྣམས་སུ་ཞུགས་པར་གྱུར་ཅིང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བས་དབང་བསྐུར་བར་གྱུར་ལ། བདག་ཉིད་ཀྱང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་རྣམས་ཉིད་སླར་བྱོན་པས་དབང
བསྐུར་བར་གྱུར་ནས་རང་གི་ལུས་ལ་ཞུགས་ནས་བྱིན་གྱིས་བརླབ་པར་གྱུར་པར་བསམས་ལ། རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་ཞིང། སྔགས་ཀྱང་བརྗོད་བར་བྱ་སྟེ། ཨོཾ་བཛྲ་ཙཀྲ་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་དང་མཐེའུ་ཆུང་གཉིས
ལྕགས་སྒྲོང?་བཅིང་བའི་ཚུལ་དུ་མདུད་ནས་དེའི་དབུས་སུ་མཾ་གྱིས་མཚན་པའི་འཁོར་ལོ་བསམས་ཏེ། སྙིང་གའི་ཐད་ཀར་འཁོར་ལོ་བཞིན་དུ་ཡོངས་སུ་བསྐོར་ནས་ཁའི་སྟེང་དུ་བཞག་ལ་སྔར་གྱི་སྔགས་བརྗོད་པར་བྱ་སྟེ། དེས་ནི་དམ་ཚིག་ཉམས་པ་རྣམས་ཀྱང་དེ་བཞིན
གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འཐོབ་པར་འགྱུར་རོ། །དམ་ཚིག་ཆེན་པོ་ཉམས་པས་ནི་སྟོང་རྩ་བརྒྱད་བཟླས་པར་བྱའོ། །འབྲིང་ལ་ནི་བརྒྱ་རྩ་བརྒྱད་དེ། །ཕྲ་མོ་ལ་ནི་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །དེ་ནས་སྦྱོར་བ་གཉིས་པོ་འདིས་སྡིག་པ་བྲལ་བར་བྱ་སྟེ། ལྟེ་བའི
ཕྱོགས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་འོད་ཟེར་དང་བཅས་པ་བསམ་པ་དང། སྙིང་གར་ཡི་གེག?་ཁ་དོག་ནག་པོ་སྒྲིབ་པ་གསུམ་གྱི་བག་ཆགས་ཀྱི་ས་བོན་བསམ་ནས། ཡི་གེ་ཧཱུཾ་གི་སྒྲ་དང་གྱེན་དུ་འཕྲོ?་བའི་འོད་ཟེར་རྣམས་ཀྱིས་འབྱིན་བར་གྱུར་པ་དང། ཡི
གེ་ཧཱུཾ་ཡང་སྟེང་དུ་སོང་ནས་རང་གི་འོད་ཟེར་གྱི་ཚོགས་ཀྱིས་ཡི་གེ་ཀ་ཕྱི་རོལ་ཏུ་ཕྱུང་ལ། གང་གི་ཚེ་འདི་སྙིང་གའི་ཕྱོགས་སུ་ཀུན་ཏུ་གནས་པ་དེའི་ཚེ་ཡི་གེ་ཀ་སྣའི་རྩེ་མོར་བྱུང་སྟེ། མི་དགེ་བ་མ་ལུས་པའི་གཟུགས་ཤ་ཟའི་ལུས་ཅན་གདོད་རྣམ་པར་འགྱུར་བ། ཤ་མེད
བ་སྐྲ་གྱེན་དུ་བརྫེས་པ། ལག་པ་གནམ་དུ་རྐྱོང་བ་གཅེར་བུ་བ། མདོག་གནག་པ། འཇིགས་པས་ཁྱབ་ཅིང་རབ་ཏུ་འདར་བའི་གཟུགས་ཅན་བརྒྱལ་བར་འགྱུར་བར་བསམས་པར་བྱའོ། །ཡི་གེ་ཧཱུཾ་ཡང་རང?་གི་འོད་ཟེར་གྱི་ཚོགས་ཀྱིས་རྡོ་རྗེར་གྱུར་ནས་འབར་བ་རྣོན
པའི་ཚོགས་དེ་ཉིད་ལས་རང་གི་གཟུགས་སུ་ཡོངས་སུ་གྱུར་ཏེ། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཅན་ཞལ་མཆེ་བ་རྣམ་པར་བཙིགས་པ། འབར་པའི་ཚོགས་ཀྱི་རྣམ་པར་བཀྲིགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་དག་པའི
བསོད་ནམས་ཀྱི་ཚོགས་ཀྱིས་ཡོངས་སུ་འབར་བར་གྱུར་པའི་འབར་བའི་མེའི་ངོ་བོ་ཉིད་དུ་ཡོངས་སུ་བསམ་པར་བྱའོ། །དེའི་ནང་ན་ཡོད་པའི་རྡོ་རྗེའི་ལྟེ་དབུས་སུ་རྡོ་རྗེ་གནོད་སྦྱིན་དང་འདྲ་བ་གཡོན་བརྐྱང་བའི་གནས་བས་བཞུགས་པ་དང། སྣ་རྩེའི་གནས་སུ
གནས་པའི་རྡོ་རྗེ་ཕྲ་མོ་འབར་བར་གྱུར་ཅིང་མེ་འབར་བའི་ནང་དུ་ཆུད་པའི་ལྕགས་ཀྱི་གོང་བུ་ལྟ་བུ། བཅོམ་ལྡན་འདས་དེ་ཉིད་ཀྱི་ཆོས་ཀྱི་རྒྱུ་འཐུན་པ་ལས་བྱུང་བ། ཞལ་རྣམ་པར་གདངས་ཤིང། སྣ་ཁུང་དང། མཁུར་ཚོས་རྣམ་པར་འགྱུར་བ། གཡོན་པའི
ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་ཅིང། གཡས་པའི་དབུང་བ་བཏེག་ནས་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་འབར་བ་འཛིན་པ། ཁྲོ་གཉེར་བསྙེར་བའི་ཁྲོ་བོའི་ཁུ་ཚུར་གྱིས་རྣམ་པར་བརྒྱན་པ། བཛྲ་མུབར་བྱས་པས། སྡིག་པའི་ལུས་སྐད་ཅིག་གིས་འཇིགས་ཤིང་རབ་ཏུ་འདར་བ་དང། བྱེད་བར་གྱུར་ནས། རྒྱ་མཚོ་ཆེན་པོར་ལྟུང་བར་གྱུར་ལ་ཀུན་ཏུ་འབར་བའི་རྡོ་རྗེ་ངེས་ངེས་པར་བསྲེགས་ནས་རྡོ་རྗེ་དེ་སླར་བླངས་ཏེ། རང་གི་སྙིང་གའི་རྡོ་རྗེའི་ནང་དུ་ཆུད
བར་བསམ་མོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སྔགས་བརྗོད་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ནོ། །རྡོ་རྗེ་བསྡམས་པ་དེ་དམ་དུ་བཅིངས་ལ། མཐེའུ་ཆུང་གཉིས་རྣམ་པར་ཕྱེ་སྟེ། སོ་སོར་བཞག་ནས་མཛུབ་མོ་གཉིས་ཀྱང་གང་དུ་བུ་ལྟ་བུར
བྱས་ཏེ། མཐེ་པོ་གཉིས་བསྐུམས་ནས་རང་གི་ཁ་འགྲམ་གྱི་གནས་གཉིས་སུ་ཇི་ལྟ་བ་བཞིན་དུ་བཞག་ལ། ཁ་དང། སྣ་ཁུང་དང། མཁུར་བ་དང། མིག་རྣམ་པར་གདངས་ཤིང། ཕྱག་རྒྱ་འདི་བཅིངས་ལ། ལན་གསུམ་མམ་བདུན་གྱི་བར་དུ་སྔགས
ཧཱུཾ་བཛྲ་ཡཀྵ་ཁཱ་ད་ཡ། སརྦ་པཱ་པ་ཎི་མེ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་བཞི་རྡོ་རྗེའི་ནང་དུ་ཆུད་པར་བསམས་ལ་ནམ་མཁའ་ཨི་ཁམས་མ་ལུས་པར་ཁྱབ་པའི་དུས་མཛའ་ཨི་མེ་མང་པོ་འབར་བའི་ཚོགས་རྣམས་ལས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་བདག་ཉིད་བསམS
ལ་ཁམS་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་འམ། རྡོ་རྗེ་ཏི་རིན་ཏི་རའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ། སྡིག་པ་ཐམས་ཅད་དགུག་པའི་སྔགས་ཕྱག་རྒྱ་དང། བཅས་པས་ངན་འགྲོའི་འགྲོ་བར་གཏོགས་པའི་སེམས་ཅན་སྣོད་དང་བཅས་པར་བཀུག་ལ་སྡིག་པ་བྲལ་བའི་ཕྱག
རྒྱ་སྔགས་དང་བཅས་པས་སྒྲིབ་པ་ཐམས་ཅད་དང་བྲལ་བར་བྱ་སྟེ། ཨོཾ་སརྦ་པཱ་པ་ཨཱ་ཀར་ཥ་ཎ་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ནི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་བསྒྲེངས་ཏེ་མཉམ་པོར་བྱས་ནས་འོག་ནས་འདྲེན་པའི་ཚུལ་གྱིས
སྟེང་ཏུ་བཏེག་ལ། མཛུབ་མོ་དེ་གཉིས་མདུད་པའི་ཚུལ་དུ་བཅིང་པར་བྱ་སྟེ། ཕྱག་རྒྱ་འདི་སྔར་བཤད་པའི་སྔགས་དང་བཅས་པ་ནི་དགུག་པའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་སྦྱར་ཏེ། གཡས་དང་གཡོན་གྱི་མཐེ་བོ་དང། མཐེའུ་ཆུང་གཉིས་ཀྱི་བུར་དུ
བལྟས་པར་སྦྱར་བར་བྱའོ། །འདི་ཡང་སྙིང་གར་བཅིངས་ནས་གུང་མོ་སྦྱར་བ་སྔགས་ཀྱི་ཐར་འགྲོལ?་བར་བྱ་སྟེ། དེ་རྣམས་ཀྱི་སྒྲིབ་པ་རྣམས་ཟད་པར་བསམས་ལ། སེམས་ཅན་དེ་རྣམས་ཀྱང་སྒྲིབ་པ་དང་བྲལ་ནས་དེ་བཞིན་གཤེགས་པའི་ཞབས་དྲུང་དུ་སྐྱེས་པར་བྱུང་ཅིང།
སྣོད་ཀྱི་འཇིག་རྟེན་དེ་ཡང་རྒྱ་མཚོར་ལྷུང་བར་གྱུར་པར་བསམ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་པཱ་ཎི་བི་སཕོ་ཊ་ཡ། སརྦ་པཱ་པཾ་བན་དྷ་ནཱ་ནི་པྲ་མོཀྵ་ཡ། སརྦཱ་པ་ཡ་ག་ཏེ་བྷཡ:སརྦ་ས་ཏྭན། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། དེ་ནས་ཕྱག་རྒྱ་འདི་མགོ?་བོར
བཞག་ལ་སྔགས་བརྗོད་པར་བྱ་སྟེ། ཁྱད་པར་ནི་མཾ?་ཞེས་བྱ་བའོ། །འདིས་ནི་རང་གི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ངེས་པར་ལྡོག་པར་འགྱུར་རོ། །ངེས་ན་འདོད་པའི་རྒྱལ་པོ་སྙིང་ཀར་བསམས་ལ། འདོད་ཆགས་དང་བྲལ་བ་གཞིག་པར་བྱ་སྟེ། རྡོ་རྗེ་བསྡམས་པ་བཅིངས
ལ་མཐེ་བོ་དང་མཐེའུ་ཆུང་སྦྱར་ཏེ། ཁ་གྱེན་དུ་བལྟས་པར་བྱས་ལ། ལྷག་མ་རྣམས་རྣམ་པར་ཕྱེ་སྟེ། འཁོར་ལོ་ལྟ་བུར་བྱ་བ་ནི་འཁོར་ལོ་རྩིབས་བརྒྱད་པ་ལྟ་བུའི་ཕྱག་རྒྱ་སྟེ། སྔགས་ཀྱི་མཐར་སྙིང་གར་དགྲོལ་བར་བྱའོ། །ཧཱུཾ་ཊཀྐི་ཕེ་ཊ་ཡ་མ
ཧཱ་བི་རཱ་ག་བཛྲ། བཛྲ་དྷ་ར་ས་དྱེ་ནཱ་ཐ། དེ་ནས་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ལ། སྔགས་བརྗོད་པར་བྱ་སྟེ། ཨོཾ་མ་ཧཱ་དུགཡས་པ་ཡི་ནི་མཐེ་བོའི་མཚན། །བཅུག་པ་བསྐྱེད་ཅིང་བཅིང་བར་བྱ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང། གནས་པ་ཉིད་ཀྱི་མཛུབ་མོའི་ཚིགས་དང་པོ་ལ། ཨཾ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་ལ། །དེའི་སྟེང་དུ་ཧཱུཾ་ལས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད
པ་ཁྱད་པར་བྱེད་པ་འོད་ཟེར་རྣོན་པོ་འདད?་པའི་ཚོགས་ཀྱིས་ཀུན་ནས་དཀྲིགས་བའི་རྡོ་རྗེ་ཆེན་པོའི་གཟུགས་ཀུན་ཏུ་བསྐོར་བར་མ་རུངས་པ་ཐམས་ཅད་དང། བགེགས་ཐམས་ཅད་དེར་བྱེར་བར་གྱུར་ཏེ། ཕྱོགས་བཅུར་སོང་བར་གྱུར་པར་བསམས་ལ། དེ
ནས་རྡོ་རྗེ་ཆེན་པོ་དེ་ཉིད་ཤིན་ཏུ་འབར་བར་གྱུར་པར་བསམ་ཞིང། དེ་ཉིད་ཀྱི་ཡན་ལག་དང། ཉིད་ལག་རྣམས་ཀྱང་ཤིན་ཏུ་རྣོ་ཞིང་འབར་བར་གྱུར་པ་རྡོ་རྗེ་མེ་ལྟ་བུ་ཕྲ་བའི་ཚད་ཙམ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་གྱུར
ཅིང། རྡོ་རྗེ་ཐམས་ཅད་ཀྱི་ནང་ན་ཡོད་པའི་ཡི་གེ་ཧཱུཾ་གི་སྒྲ་ལས་ཉེ་བར་གྱུར་པའི་ཅ་ཅོའི་ཚོགས་ཆེན་པོས་བར་མཚམས་མེད་པའི་རྡོ་རྗེའི་ཚོགས་ཕན་ཚུན་འདྲེས་པར་གྱུར་པ་དང། རྡོ་རྗེ་འབར་བའི་རླབས་ལྟ་བུས་འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པའི་རྡོ་རྗེ
ཆེན་པོའི་རྒྱ་མཚོ་བསམ་པར་བྱའོ། །དེས་ཀྱང་གདུག་པ་ཐམས་ཅད་སྔ་མ་བཞིན་དུ་བྱེད་བར་གྱུར་ཅིང་སེམས་ཅན་གཞན་རྣམས་ཡོངས་སུ་སྤྱངས་ཏེ། ཉོན་མོངས་པ་ཅན་གྱི་ལུས་ཐལ་བར་བྱས་ནས་དེ་བཞིན་གཤེགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི
ཚོགས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་བསམས་ལ། དེ་ཉིད་བསྡུས་ནས་བསྒྲུབས་པ་ལས་རང་ཇི་ཙམ་འདོད་པའི་མཐར་ཐུག་པའི་རྡོ་རྗེ་ཆེན་པོའི་དྲ་བ་བསམ་པར་བྱའོ། །དེའི་འོག་ཏུ་ཡང་རང་གི་མཛུབ་མོ་གཡོན་པའི་རྩེ་མོར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ
ལས་ཞི་བའི་རྡོ་རྗེ་དྲི་མ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་བསམས་ལ་སྔ་མ་བཞིན་དུ་སྤྲོས་ཏེ། རྡོ་རྗེ་ཤིན་ཏུ་ཕྲ་བ་ལས་བསྒྲུབ་པ་རྡོ་རྗེ་དྲ་བའི་ནང་དང་འདབ་འབྱོར་པར་ཞི་བའི་རྡོ་རྗེའི་དྲ་བ་བསམ་པར་བྱའོ། །དེ་གཉིས་ཀྱི་སྟེང་དུ་བཾ་འོད་ཟེར་དང་བཅས་པའི་གཟུགས
ཅན་རྣམ་པར་བསམས་ལ། ཨོཾ་བཛྲ་མུཥཏི་པཾ?་ཞེས་བརྗོད་དེ་རྒྱ་མཚོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བཛྲ་དྲི?་ཌཧ་ཏིཥྛ་ཞེས་བྱ་བ། འདིས་བརྟན་པར་བྱ་སྟེ། བསྲུང་བ་ཆེན་པོ་འདི་ནི་རྟག་ཏུ་བྱས་ན་གལ་ཏེ་སངས་རྒྱས་ཐམས་ཅད་བདུད་ཉིད་དུ་མཛད་ཀྱང་གཞིག
བ་ཨར་མི་སྤྱོད་ན་གདུག་པ་གཞན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་དེ་ནས་རྣམ་པར་སྣང་མཛད་འདི་ནི་ང་ལ་དད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒོམ་པ་དང་བཟླས་པ་ལ་རབ་ཏུ་འཇུག་པ་ཡིན་ནོ་ཞེས་ཤིན་ཏུ་དགྱེས་པར་གྱུར་ནས་རང་ལ་བྱིན་གྱིས་བརླབས
པའི་ཕྱིར་མདུན་དུ་བྱོན་པར་བསམས་ལ། རྡོ་རྗེ་ཕྲ་མོར་གྱུར་ཏེ་རང་གི་ལུས་ལ་ཞུགས་ནས་རིམ་པ་ཇི་ལྟ་བ་བཞིན་དུ་དབང་དུ་བྱས་ཤིང་ཞུགས་པར་གྱུར་པས་སྡིག་པ་ཐམས་ཅད་འཛོམས་ཤིང་བདག་ཉིད་བསྲུང་བར་གྱུར་པར་སྔགས་དང་ཕྱག་རྒྱའི་སྦྱོར་བ་འདིས
བསམས་པར་བྱ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ལ། རང་གི་ཡི་གེ་ངོ་བོ་ཉིད་རང་གི་ས་བོན་ལག་པ་གཉིས་ཀྱི་མཐིལ་དུ་ཧཱུཾ་ཧོ། །ཧྲིརྣམས་ཀྱིས། ཨོཾ་བཛྲ་དྷཱ་དྷུ་ཛ:ཧཱུཾ་པ་ཧོ:པ་ཤཾ་ཀུ་རུ་མ་མེ་ཡ་ཨཱ:ཞེས་བརྗོད་ལ། རྡོ་རྗེ་ཐལ་མོ་ཡང་དལ་བུས་བརྡབས་ནས་བསམ་མོ། །དེ་ནས་རྡོ་རྗེ་བསྡམས་པ་བྱས་ལ། དེའི་ལག་མཐིལ་གཉིས་སུ་ཧོ། ། ཧོ་ཞེས་བྱ་བ་རྣམ་པར་བཀོད་དེ། ཐལ་མོ་དལ་
བུས་བརྡབས་ལ། དྲེའི་འོད་ཀྱི་ཚོགས་ཀྱིས་ལུས་ཐམས་ཅད་ཁྱབ་པར་གྱུར་ཅིང་བརྒྱལ་ཞིང་མྱོས་པར་གྱུར་ལ། ལུས་ཐམས་ཅད་ཀྱིས་གཤིས་ཀྱི་མཚམས་ཞིག་ནས་རིམ་གྱིས་བྱུང་བར་གྱུར་ཅིང་ཡེ་ཤེས་ཕུལ་དུ་བྱུང་བས་འགྲོ་བ་མ་ལུས་པའི
ངོ་བོ་ཉིད་མངོན་སུམ་དུ་གྱུར་ནས་ཡོངས་སུ་དག་པའི་རྣམ་པར་སྣང་མཛད་ཆེན་པོར་སྐུ་ཡོངས་སུ་རྫོགས་པའི་ཡེ་ཤེས་བབས་པར་གྱུར་པར་རིམ་གྱིས་བསམས་ཏེ། ཨོཾ་བཛྲ་དྷཱ་ཏུ་ཛ:ཧཱུཾ་བཾ་ཧོདེ་ནས་རྡོ་རྗེ་བསྡམས་པ་ཉིད་ལས་མཛུབ་མོ་གཉིས་བསྒྲེང་སྟེ། ལག་མཐིལ་གཉིས་ཀྱང་བརྡབ་པ་བྱས་ནས་ཧཱུཾ་ཕཊ་ཅེས་བྱ་བ་རྣམ་པར་བཀོང་ལ་བསྒྲིབ་པ་ལྷག་མ་རྣམས་ཀྱང་ཟད་པར་གྱུར་པར་བསྒོམ་ཞིང། ཨོཾ་བཛྲ་དྷཱ་ཏུ་ཛ:ཧཱུཾ་བཾ་ཧོ:ཕཊ། བཛྲ་ཧ་ན་ཧཱུཾ་ཕཊ
་ཞེས་ཀྱང་བརྗོད་ལ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་དགྲོལ་ལ། རཀྵ་ཧཾ་རཀྵ་ཞེས་བྱ་བ་རྣམ་པར་བཀོད་པས་ཡོངས་སུ་དག་པའི་ལུས་དེ་ཉིད་བསྲུངས་པར་གྱུར་པར་བསམས་ལ། ཨོཾ་བཛྲ་དྷཱ་ཏུ་ཛ:ཧཱུཾ་བཾ་ཧོའདི་ནི་བདག་དང་མཉམ་པའོ་ཞེས་དེ་ཉིད་དུ་བྱིན་གྱིས་རླབས་པར་མཛད་པར་བསམ་པར་བྱའོ། །དེ་ནས་བྱིན་གྱིས་བརླབས་པ་དེའི་མཐུས་དེ་བཞིན་གཤེགས་པའི་འོད་ཟེར་དཔག་ཏུ་མེད་པའི་དབང་བསྐུར་བས་བདག་ཉིད་དབང་བསྐུར་བར་ཤེས་ནས
སེམས་ཅན་ཐམས་ཅད་མགྲོན་དུ་བོས་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་ཕྱོགས་པར་བྱེད་པས་རྡོ་རྗེའི་དབང་པོའི་གནས་སུ་འགྲོའོ། །དེར་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མཐོང་ནས་སྦྱོར་བ་འདིས་ཕྱག་རྣམ་པ་བཞི་བྱ་སྟེ། རང་གི་སྙིང་ག
དང། དཔྲལ་བ་དང། ལྕེ་དང་སྤྱི་གཙུག་ཏུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་དེ། དེ་རྣམས་ལ་ཡང་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་ཧཱུཾ་ཏྲཾ་ཧྲཱི:་ཞེས་བྱ་བ་བསྐྱེད་ལ། ཤར་ཕྱོགས་སུ་ལུས་ཐམས་ཅད་ཕབ་སྟེ།
རྡོ་རྗེ་ཐལ་མོ་བརྐྱང་ནས་སྙིང་གར་གནས་པའི་རྡོ་རྗེས་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ། ཨཱ་ཏ་མཱ་ནཱི་ནིརྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨདྷཱི་ཏིཥྛ་སྭ་མཱཾ། དེ་ནས་མི་བསྐྱོད་?་པ་ལས་རྗེས་སུ་གནང་བ་ཐོབ་ནས་རང་གི་རིགས་ལུས་ལ་བཅུག་སྟེ།
བདག་ཉིད་ཀྱང་མི་བསྐྱོད་པའི་སྐུ་ལ་ཞུགས་ནས་དེ་ཡང་བླངས་ཏེ་རང་གི་སྙིང་གའི་རྡོ་རྗེ་ལ་ཞུགས་ཤིང་ཡི་གེ་ཧཱུཾ་དེ་ཉིད་ལ་ཐིམ་པར་གྱུར་པར་བསམ་མོ། །རྡོ་རྗེ་སེམས་དཔས་སྤྲོས་པས་ཀྱི?་དབྱིན་གྱིས་བརླབས་པའི་འབྲས་བུར་གྱུར་པས་སེམས་ཅན་ཐམས
ཅད་རྡོ་རྗེ་སེམས་དཔའ་ཨི་སྐུ་ཐོབ་པར་བསམས་ལ། བསྡུ་བ་དང། གནས་པ་དང། བརྟན་པར་གྱུར་ཅིང་སྔར་སྤྲོས་པས་རྡོ་རྗེ་སེམས་དཔའ་ཨི་སྐུར་བསྐྱེད་པར་བྱའོ། །དེ་ནས་ལྷོ་ཕྱོགས་སུ་སོང་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། དཔྲལ་བར་གནས་པའི་རིན་པོ
ཆེས་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ། ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏན་ཨ་བྷི་ཥིཉྩ་མཱཾ། དེ་བཞིན་དུ་སྣང་བ་མངོན་དུ་འགྲོ་བས་རིན་པོ་ཆེའི་རིགས་ཐམས་ཅད་དཔྲལ་བར་གནས་པའི་རིན་པོ་ཆེ་ཞུགས་ཤིང། ཡི་གེ་ཏྲ་སྤྲོས
པས་ཀྱང་སྔར་རྡོ་རྗེ་སེམས་དཔའ་ཨི་སྐུ་བསྐྱེད་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབང་བསྐུར་བས། བསྡུ་བ་དང། གནས་པ་དང། བརྟན་པར་གྱུར་པར་བྱའོ། །དེ་ནས་ནུབ་ཕྱོགས་སུ་སོང་སྟེ། རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱར་ལ་ཁར་གནS?
པའི་པདྨས་ཆོས་ཀྱི་རིགས་ལ་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ?་ནཱ་ཡ། ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་བར་ཏ་ཡཱ་མཱཾ། དེ་བཞིན་དུ་སྣང་བ་སྔོན་དུ་འགྲོ་བས་ཆོས་ཀྱི་རིགས་ཐམས་ཅད་ལ་ཞུགས་ཤིང་སྤྲོས་པས་སྔར་རྡོ་རྗེ
སེམས་དཔའ་ཨི་སྐུར་བྱུང་པ་རྣམས་ལ། དབང་བསྐུར་ནས། འདི་སྤྲོས་པས་ཀྱང་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ངོ་བོ་ཉིད་དུ་བྱས་ལ། རང་གི་ཁ་ལ་གནས་པའི་ཡི་གེ་ཧྲཱི:ལ་བསྡུ་བ་དང་གནས་པ་དང། བརྟན་པར་གྱུར
པར་བྱའོ། །དེ་ནས་བྱང་ཕྱོགས་སུ་སོང་སྟེ། ཐལ་མོ་སྙིང་གར་སྦྱར་ལ་སྤྱི་གཙུག་ན་གནས་པའི་སྣ་ཚོགས་རྡོ་རྗེ་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱི་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ། བཛྲ་ཀརྨ་ཀུ་ར་མཱཾ། དེ་བཞིན་དུ་རིགས།
ཐམས་ཅད་ལ་ཞུགས་པ་དང། སྤྲོས་པས་ཀྱང་རྡོ་རྗེ་སེམས་དཔའ་ཨི་སྐུ་ཐོབ་ཅིང་དབང་བསྐུར་བ་དང། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་རང་བཞིན་ཅན་རྣམས་ལ་ཕྱི་དང་གསང་བའི་མཆོད་པ་སྤྲོ་ཞིང་སྤྱི་གཙུག་མ་གནས་པའི་སྣ་ཚོགས་རྡོ་རྗེ་ལ། བསྡུ་བ་དང།
གནས་པ་དང། བརྟན་པར་གྱུར་པར་བྱའོ། །དེ་ལྟར་རིགས་བཞིའི་ངོ་བོ་ཉིད་དུ་གྱུར་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་དཔལ་བེའུ་ལྟ་བུ་ཞུགས་ཏེ། རྡོ་རྗེ་ཕྲ་མའི་གཟུགས་ཀྱིས་དེ་ཉིད་ཀྱི་སྐུ་དང། གསུང་དང་ཐུགས་རྡོ་རྗེ་དང་དབྱེར་མེད་པར་གྱུར་ཏེ།
སེང་གེའི་གདན་གྱི་སྟེང་དུ་འདུག་པར་བྱའོ། །དེ་ཅེས?་ཡིད་དུ་འོང་བའི་ཕན་ཡོན་ལ་སོགས་པའི་སྒོ་ནས་བྱམས་པ་ལ་སོགས་པའི་ཚངས་པའི་གནས་པ་བཞི་མངོན་དུ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཾ་སི་ཏྭ་སརྦ་སཏྭཱ་ནཱཾ། སརྦ་སདྷུ་ཡ། སམ་པད་བྱང?་ཏཱ་མ
སརྦ་ཏ་ཐཱ་ག་ཏ་ཨ་བྷི?་ཏིཥྱཾ་ཏ། ཞེས་བྱ་བ་འདིས་ནི་བདེ་བ་བསྐྱེད་པའི་མཚན་ཉིད་ཅན་བྱམས་པ་བསྟན་པ་ཡིན་ནོ། །སྭ་བྷཱ་བ་ཤུདྡྷ་?་སརྦ་དྷརྨ:སྭ་བྷ་བ་ཤུདྡྷོ་ཧི་ཞེས་བྱ་བ་འདིས་ཀྱང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་དམིགས་པ་ལས་བྱུང་བའི་མགུ་བ་སྟེ། དགའ་བ
སྟོན་པ་ཡིན་ནོ། །ངོ་བོ་ཉིད་དག་པར་སེམས་ཅན་རྣམས་ཀྱིས་མི་ཤེས་ལ་དེ་མ་ཤེས་མི་འདོད་པའི་སྡུག་བསྔལ་ལ་ངེས་པར་ཞུགས་པར་གྱུར་པ་དེ་དང་བྲལ་བའི་འདོད་པ་ནི་སྙིང་རྗེ་སྟེ། འདིས་ནི་སྙིང་རྗེ་སེམས་སྐྱེ་བར་སྟོན་ཏོ། །དེ་ནས་དེ་བསྒྲལ་བར་བྱའོ། །
ཞེས་པ་འདིས་ཀྱང་ཁྱད་པར་ཅན་གྱི་དུས་ལ་སྡོད་པ་གནས་ཤིང་ནུས་པ་ཐོབ་ཀྱི་བར་དུ་བཏང་སྙོམས་སུ་བྱེད་པ་སྟོན་ཏོ། །དེ་ནས་སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་བྱེད་པས་དེ་བཞིན་དེ་ནས་རང་ཡེ་ཤེས་ཙམ་ལ་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ
ལྟ་བུའི་ཐིག་ལེ་ཙམ་དཔག་ཏུ་མེད་པའི་སྙིང་རྗེའི་སྣང་བའི་རྒྱུད་ཡོངས་སུ་གྱུར་བཞིན་པ་ལས་ཡི་གེ་ཨའི་ངོ་བོ་ཉིད་དུ་བསམས་ལ་ས་བོན་གྱི་ཡི་གེ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་གྱིས་བྱིན་གྱིས་བརླབ་བའི་མཐུས། དེ་ཉིད་བྱང་ཆུབ་ཀྱི
སེམས་རྡོ་རྗེ་དང། ལྷའི་སྐུ་དང། རིགས་རྣམས་དང། དཀྱིལ་འཁོར་དང། འགྲོ་བ་དང། སེམས་ཅན་དང། དུས་གསུམ་དང་སྲིད་པ་གསུམ་དང་མཆོག་གསུམ་དང། འཇིག་རྟེན་གསུམ་གྱི་མཆོག་དང། ཁམས་གསུམ་དང། འཁོར་བ་དང། མྱ་ངན་ལས་འདས་པ
ཉིད་དང། འདོད་ཆགས་དང། ཐར་པ་ཡང་དེ་ཉིད་དེ། དེ་ཉིད་ཡོངས་སུ་གྱུར་པ་ལས་སེམས་སོ་སོར་རྟོག་པའི་རྣམ་པར་བསྒོམ་པར་བྱ་སྟེ། ཉི་མའི་ཆ་གྱེན་ཁར་གནས་པ། རྣོ་བ་ཡེ་ཤེས་ཀྱི་ངོ་བོ་ཉིད། རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེ་དེའི་གདན་དུ་གྱུར
པ། ཉི་མ་སྟོང་པས་ལྷག་པའི་འོད་ཀྱིས་སྣང་བའི་ལུས་ཅན་ཏེ་དེ་གཉིས་ཡང་པདྨའི་སྡོད་བུའི་སྣལ་མ་བཀས་བ་ཙམ་གྱི་རི་མོ་དཀར་པོས་གྱེན་དུ་ཕུག་པའི་གནས་སྐབས་ནི་སྐྱེ་བ་མེད་པ་ཉིད་དུ་སྟོན་པའི་གནས་སྐབས་ཏེ་མཛའ་མེད་པ་ཉིད་དུ་བལྟའོ། །ཐབས་དང་ཤེས་རབ
དེ་གཉིས་ནི་མ་སྐྱེས་བ་ཉིད་སྟོན་ཅིང་གནས་པར་བཤད་ལ། ཡེ་ཤེས་ཀྱི་མཚན་ཉིད་ཅན་གྱི་དབུས་ཀྱི་ཕྲ་བའི་སྐུ་ནི་ཡེ་ཤེས་ཙམ་གྱི་ངོ་བོ་ཉིད་དེ། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ལ་སོགས་པ་བག་ཆགས་ཐམས་ཅད་དང་བྲལ་བས
བདེ་བར་གནས་པ། མྱ་ངན་ལས་འདས་པའི་མཆོག་གི་བདེ་བ་ཆེན་པོའི་རང་བཞིན་རྣམ་པར་སྣང་མཛད་ཆེན་པོའོ། །ཐིག་ལེ་དེ་ཡང་དེ་ཉིད་ཀྱི་འོད་ཀྱི་དཀྱིལ་འཁོར་རོ། །རི་མོ་དེ་ཉིད་ཀྱི་ཚངས་པའི་རི་མོ་བཞིན་དུ་སྐུའི་དབུས་བུག་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས
པར་མཉམ་པར་འཇོག་པར་བསྒོམ་པར་བྱའོ། །འདི་ནི་སེམས་སོ་སོར་རྟོག་པ་སྐུ་གསུམ་གྱི་ངོ་བོ་ཉིད་དང། དེ་ཁོ་ན་ཉིད་གསང་ཞིང། སྦ་བའི་རང་བཞིན་ཏེ། རང་གི་སེམས་དེ་བཞིན་གཤེགས་པའི་རིགས་སུ་བསྐྱེད་པ་ལ་སོ་སོར་རྟོགས་པ་ནི་རབ་ཏུ་ཆུང
ཅིང་འཇུག་པའོ། །སེམས་ཅན་ཐམས་ཅད་ཀྱི་སྲིད་པ་བར་མར་སྐྱེ་བ་བཞིན་ཏེ། དོན་འདི་ཉིད་སྔགས་ཀྱིས་གསུངས་པ་ཡིན་པས་དེ་ཉིད་ཀྱིས་འདིར་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་བརྗོད་པར་བྱའོ། །དེ་ནས་དེ་
བཞིན་གཤེགས་པའི་གསུང་སྔོན་དུ་འགྲོ་བར་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་བཅུ་དྲུག་གི་ངོ་བོ་ཉིད་དང། དེས་བྱིན་གྱིས་བརླབ་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་བསྒོམ་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཨ་ཨཱ། ཨཻ་ཨའི། ཨཽ་ཨའུ།
རི་རཱི། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨནས་དེ་ནས་དེ་ཉིད་ཡོངས་སུ་གྱུར་པ་ལས་ཉི་མའི་ཆ་ལྟ་བུ་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་ཅན་ཤེས་རབ་དང། སྙིང་རྗེའི་རྒྱུ་མཐུན་པ་ལས་བྱུང་བ་ལ་སྔ་མ་བཞིན་དུ་དེའི་ནང་དུ་ཆུད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བྱུང
བར་གྱུར་པར་བསམས་ལ། སོ་སོར་རྟོག་པའི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ནང་ན་ཡོད་པའི་རི་མོའི་རྒྱབ་ཀྱི་ཆ་ལ་རྒྱབ་དང་ཉེ་བར་ཡི་གེ་ཨ་གནས་པར་བསམས་ལ། དེ་ཉིད་ཀྱི་བད་ཀར་ཉི་མའི་ཆ་ལྟ་བུར་ཡོངས་སུ་གྱུར་པར་རྣམ་པར་བསམས
ཏེ། དེའི་འོད་ཀྱིས་རེག་པ་ཉིད་ཀྱིས་བདག་ཉིད་ཀྱི་གཟུགས་རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་ཡོངས་སུ་གྱུར་པར་བསམས་ཏེ། མདུན་ན་གནས་པའི་ཉི་མའི་ཆ་ལ་གནས་པའི་རྡོ་རྗེ་སེམས་དཔའ་བཀུག་ནས་རང་གི་ལུས་ལ་བཅུག་པའི་ཡེ་ཤེས་ཀྱིས་བྱིན
གྱིས་བརླབས་པའི་འཇིག་རྟེན་པའི་བསམ་གཏན་རྣམས་མངོན་སུམ་དུ་བྱས་ཏེ་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་མཆོག་རིམ་པ་འདིས་མངོན་སུམ་དུ་བྱའོ། །དེ་ལ་དང་པོ་ཁོ་ནར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་པ
རྣམས་སུ་རིན་ཆེན་སེམས་མས་བསྐྱེད་པའི་ཟད་པར་བསྒོམ་པར་བྱའོ། །དེ་ནས་སའི་རྡུལ་དེ་ཉིད་མེའི་ཕྲ་རབ་ཀྱིས་གཤིག་ནས་རྡོ་རྗེ་སེམས་མས་རབ་ཏུ་བསྒྲུབས་པའི་ཟད་པར་མེ་བསྒོམ་པར་བྱའོ། །མེའི་ཕྲ་རབ་དེ་ཉིད་ཆུའི་རྡུལ་ཕྲ་རབ་ཀྱི་ཁྱེར་ནས་ཆོས་ཀྱི་སེམས
མས་བསྒྲུབས་པའི་ཟད་པར་ཆུ་བསྒོམ་པར་བྱའོ། །ཆུའི་རྡུལ་ཕྲ་རབ་དེ་ཉིད་ཀྱང་རླུང་གི་རྡུལ་ཕྲ་རབ་རྣམས་ཀྱིས་རབ་ཏུ་བསྐམས་ཏེ། ལས་ཀྱི་སེམས་མས་རབ་ཏུ་བསྒྲུབས་པའི་ཟད་པ་རླུང་དུ་བསྒོམ་པར་བྱའོ། །རླུང་གི་རྡུལ་ཕྲ་རབ་དེ་ཉིད་ནམ་མཁའ་ཨི་ཕྲ་རབ་རྣམས་ཀྱི
ནང་དུ་ཐིམ་ནས་འགྲོ་བ་ཐམས་ཅད་ནམ་མཁའ་ཙམ་དུ་རྣམ་པར་བསྒོམས་ལ་ཟད་པར་ནམ་མཁའ་ལ་འདུག་པ་དེ་ཉིད་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབ་པའི་ངོ་བོའོ། །ནམ་མཁའ་དེ་ཉིད་ཀྱི་ཕྲ་རབ་རྣམ་པར་ཤེས་པའི་ཕྲ་རབ་དུ་མི་སྣང་བར་བྱས་ཤིང་མི་བསྐྱོད
པར་བྱིན་གྱིས་བརླབ་པའི་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་བསྒོམ་པར་བྱའོ། །རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མི་སྣང་བར་བྱས་ནས། འོད་དཔག་ཏུ་མེད་བ་དང། རིན་ཆེན་འབྱུང་ལྡན་གྱི་བྱིན་གྱིས་བརླབས་པར་རབ་ཏུ་བསྒྲུབས་པའི
ཅི་ཡང་མེད་པའི་སྐྱེ་མཆེད་རྣམ་པར་བསྒོམ་པར་བྱའོ། །ཐམས་ཅད་ཁྱབ་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཡང་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་བསྐྱེད་པ་ཡིན་ནོ། །དེ་ནས་བག་ཆགས་ལ་གོམས་པའི་དབང་གི་འདུ་ཤེས་ཆུང་དུ་ཐོབ་ཅིང་སླར་ཡང་དེ་ཁོ་ན
ཉིད་ལ་བཅུག་ནས་སྟོང་པ་ཉིད་ཆེན་པོར་རྣམ་པར་བསྒོམ་མོ། །དེ་རྣམ་པར་བསྒོམ་པ་ལ་ནི། བསོད་ནམས་ཀྱི་ཚོགས་ཤིན་ཏུ་ཡང་མེད་པས་ཉན་ཐོས་ཀྱི་ཡུལ་ལ་འཇུག་པའམ། ཅི་ཡང་མེད་པར་རྟོག་པ་འམ། མི་གཡོ་བའི་ཏིང་ངེ་འཛིན་ཐོབ་ནས་དེ་ཡང་འཁོར
བའི་བདེའི་ཆ་ཙམ་ཡང་མེད་པར་ཐལ་བར་འགྱུར་བ་སྟེ། གཉིས་ཀ་ཡང་མཛེས་པ་མ་ཡིན་པར་འགྲོ་བའི་དོན་དུ་བདག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། དེར་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་ལྷགས་ནས་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ཏེ། སེ་གོ?
གཏོགས་པས་སློང་བར་མཛད་པར་བསམས་ཏེ། རིགས་ཀྱི་བུ་ཇི་ལྟར་ན་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར་ཤིན་ཏུ་དཀའ་བ་ལ་སྤྱོད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
མངོན་པར་རྫོགས་པར་འཚར་རྒྱ་བར་འགྱུར་ཞེས་བྱ་བའི་ཚིག་འདི་གསུངས་པར་གྱུར་པར་བསམ་མོ། །དེ་ནས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསམས་ལ། དེའི་གྲངས་དང
མཉམ་པའི་ལུས་སྤྲོས་ལམཆོག་ཏུ་གུས་པས་རང་ཉིད་ཀྱི་ཕྱག་རྒྱ་བཞིས་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཞིའི་ཕྱག་བྱས་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་པཱཀྩིཏྟ། བཛྲ་བན་དཱ་ནཱཾ་ཀ་རོ་མི་ཞེས་བརྗོད་པར་བྱའོ། །དེ་ནས་འདུག་ལ་གསོལ་བ་གདབ་པར་བྱ་སྟེ།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་འཚལ་ན། བཅོམ་ལྡན་འདས་དེ་ཁོ་ན་ཉིད་དེ་བཀའ་སྩལ་དུ་གསོལ་གང་གིས་རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་ཀུན་ཏུ་བསྒྲུབས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེS
བསྐྱེད་པར་བྱའོ། །ཞེས་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སྔོན་དུ་འགྲོ་བ་འདི་ནས་བཟུང་སྟེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་རིམ་པ་འདིས་ཡང་དག་པར་བསྐྱོད་པར་བྱའོ། །དང་པོ་ཁོ་ནར་རང་གི་ལུས་དང། འཁོར
བར་འཇུག་པའི་དངོས་པོ་རྣམས་ཡི་གེ་ཤཾ?་གྱིས་སྟོང་པར་བྱས་ལ་ཡང་དག་པའི་མཛའ་ཨི་ཏིང་ངེ་འཛིན་ལ་དུས་ཅུང་ཟད་ཅིག་འཇུག་པར་བྱའོ། །གཅིག་ཏུ་བྱས་ནས་བཅིང་བ་དང་དབང་དུ་བྱས་ཏེ། ཡིད་ཀྱིས་ཛ:ཧཱུཾ་བཾ་ཧོ:ཞེས་བྱ་བས་གཞག་པར་བྱའོ། །
མདུན་ན་གནས་པའི་ཉི་མའི་ཆ་ཡང་དེའི་རྒྱབ་ཉིད་དུ་འོངས་ནས་ཉི་མའི་དཀྱིལ་འཁོར་གྱི་ཕྱོགས་གཅིག་ཏུ་གྱུར་པར་བསམ་མོ། །སེམས་སོ་སོར་རྟོགས་པའི་ཆ་ལ་ཡི་གེ་ཨའི་ཆ་སྟེང་དུ་བལྟས་པས་ལྷག་པར་གྱུར་པའི་འོད་ཀྱི་དཀྱིལ་འཁོར་གྱི་གཟུགས
ཀྱིས་རྡོ་རྗེ་སེམས་དཔའ་ཨི་སྐུ་ཅུང་ཟད་རྒྱས་པར་གྱུར་པ་བསམ་མོ། །དེ་ནས་ཡི་གེ་ཨ་རྡོ་རྗེ་སེམས་དཔའ་ཨི་ཐུགས་ཀར་གནས་པ་ཉི་མའི་ཆ་དང། ཉེ་བར་གནས་པ་ཉིད་དུ་བསམས་ལ་ཡོངས་སུ་གྱུར་པ་ལས་ཐད་ཀའི་ཆ་གཞན་སྔ་མ་དང་ལྷན་ཅིག་ཐ་མི་དད་པར
གྱུར་པས་དུས་གཅིག་དུ་རང་གི་གཟུགས་རྡོ་རྗེ་རྒྱལ་པོའི་གཟུགས་སུ་གྱུར་པར་བསམས་ལ། ཕྱི་རོལ་ན་གནས་པའི་ཉི་མའི་ཆ་ལ་བཞུགས་པའི་རྡོ་རྗེ་རྒྱལ་པོ་བཀུག་ལ་རང་གི་ལུས་ལ་བཅུག་སྟེ། བཅིངས་ནས་དབང་དུ་བྱས་པས་ལུས་ཅུང་ཟད་ཀྱིས་རྒྱས
པར་གྱུར་པར་བསམས་ལ། བདག་ཉིད་ཀྱང་ཨཱ་ཉིད་ཀྱི་འོད་ཀྱི་དཀྱིལ་འཁོར་གྱི་ཆ་ལས་ཆ་གཞན་བསམས་ནས་རྒྱས་པར་གྱུར་པར་བསམ་མོ། །དེ་ལྟར་རིམ་གྱི་ཆ་བརྒྱད་པོ་ཐུགས་ཀའི་རི་མོའི་རྒྱབ་ཀྱི་ཆ་དང། མདུན་གྱི་ཆ་ལ་ཆ་བརྒྱད་པོ་ཉིད་བསམས་ལ།
ཆ་གསུམ་པ་ནས་བརྩམས་ཏེ། ཨཻ་ལ་སོགས་པའི་ཡི་གེ་རྣམས་རིམ་གྱིས་རྡོ་རྗེ་ཆགས་ཕལ་སོགས་པའི་གཟུགས་སུ་གྱུར་པ་ལ་མདུན་ན་གནས་པའི་རྡོ་རྗེ་ཆགས་པ་ལ་སོགས་པ་དགུག་པ་ལ་སོགས་པ་བྱ་ཞིང་རྗེས་སུ་འགྲོ་བའི་ཉི་མའི་ཆ་རྣམས་ཀྱིས་ཉི་མའི
དཀྱིལ་འཁོར་གྱིས་ཡན་ལག་རྫོགས་པར་བསྐྱེད་ལ་ཨཻ་ལ་སོགས་པ་ཉིད་ཀྱིས་འོད་ཀྱི་དཀྱིལ་འཁོར་ལ་སོགས་པའི་ཆ་རྒྱས་པར་བྱས་ཏེ། ཨཻ་ལ་སོགས་པ་ཉིད་ཀྱིས་རང་གི་སྙིང་གར་ཆ་རྫོགས་པར་བསྐྱེད་དེ། རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པའི་བར་གྱིས་རང
གི་ལུས་རྒྱས་པར་བྱའོ། །དེས་ཀྱང་གདན་དང། ཐུགས་ཀ་དང། རྒྱབ་དུ་ཉི་མའི་དཀྱིལ་འཁོར་ཡོངས་སུ་གང་བར་བསམ་པར་བྱའོ། །ཡང་སྙིང་གར་ཡི་གེ་ཨལ་སྔར་བཤད་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཉིས་པ་བསྐྱེད་ལ་དེ་གཉིས་ཡང་གཅིག་ཏུ
བྱའོ། །གདན་?་འོད་ཀྱི་དཀྱིལ་འཁོར་ཡང་དེ་ཉིད་ཀྱི་བྱིན་གྱིས་བརླབས་པ་བྱས་ལ། རང་གི་ལུས་དེ་བཞིན་བཤིན་གཤེགས་པའི་ཡོན་ཏན་གྱི་ཡོངས་སུ་གང་ཞིང། སྔོན་མ་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་འགྲོ་བ་མ་ལུས་པའི་མི་ཤེས་པ་འཇིག་ཅིང།
དགའ་བ་བྱེད་པ་རི་མོས་ཕུག་པའི་སྐྱེས་བུ་ཆེན་པོའི་སྐུར་བྱང་ཆུབ་ཀྱི་སེམས་བསྒོམ་ལ། འདི་སྐད་དུ་བོ་དྷི་ཙིཏྟཾ་ཨཽཏ་པཱ་ད་ཡཱ་མི། ཞེས་ལན་གསུམ་བརྗོད་ལ་བྱིན་གྱིས་བརླབ་པར་བྱའོ། །སྙིང་གའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ
ཅ་ཧོས་ཀྱི་རི་མོས་ཕུག་པ་ཡེ་ཤེས་ཀྱི་འོད་ཟེར་རྣོན་པོའི་ཚོགས་འཕྲོ་བ་སྔོན་དུ་འགྲོ་བའི་སྣང་བའི་ཚོགས་ཀྱི་རྡུལ་ཕྲ་རབ་ཀྱི་ངོ་བོ་མི་གཡོ་བའི་ཏིང་ངེ་འཛིན་གྱི་མཐུས་བརྟན་པར་གྱུར་པ་ནམ་མཁའ་ཨི་ཁམས་མ་ལུས་པར་ཀུན་ཏུ་ཁྱབ་པའི་ཚད་དང་ལྡན་པའི་རྡོ་རྗེ་ཆེན
པ་ཨོའི་གཟུགས་ས་བོན་གྱི་ཡི་གེས་མཚན་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཉི་མའི་དཀྱིལ་འཁོར་བས་ལྷག་པའི་འོད་དང་ལྡན་པའི་སྔར་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དེ་བཞིན་གཤེགས་པ་ཐམས
ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ཉིད་བསམས་ལ། ཨོཾ་ཏིཥྛ་བཛྲ་ཞེས་ལན་གསུམ་བརྗོད་ལ། བྱིན་གྱིས་བརླབ་པར་བྱ་ཞིང། དེ་དག་ཀྱང་དེ་བཞིན་གཤེགས་པའི་གསུངས་སྔོན་དུ་འགྲོ་བར་བྱ་སྟེ། འོག་མ་རྣམས་ལ་ཡང་དེ་བཞིན་ནོ། །དེ་ནས་དེ་ཉིད་ཀྱིས
གཟུགས་བརྙན་དུ་གྱུར་པའི་ཕྱིར་ཆོས་ཀྱི་རི་མོས་ཐུག་པ་ཉིད་ཀུན་ཏུ་བཟང་པོའི་དཔྲལ་བའི་ཕྱོགས་སུ་ཡི་གེ་ཨ་ཉི་མ་འཆར་ཀའི་འོད་དང་ལྡན་པས་ནམ་མཁའ་ཨི་ཕྱོགས་ཐམས་ཅད་ཀུན་དུ་གང་བའི་གྱུར་པར་ཀུན་ཏུ་བསམས་ལ། དེའི་འོད་ཀྱི་རེག་མ་ཐག་ཏུ་ནམ་
མཁའ་མ་ལུས་པའི་ཁོངས་སུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་ཀྱི་རྡོ་རྗེའི་དབྱིངས་ཕྱག་རྒྱ་རྣམ་པ་བཞིའི་ངོ་བོ་ཉིད་དེ་བཞིན་གཤེགས་པའི་ས་བོན་གྱི་ཡི་གེས་བྱིན་གྱིས་བརླབས་པའི་མཐུ་ལས་རྡོ་རྗེ་ཆེན་པོ
དེའི་ལྟེ་བའི་དབུས་སུ་ཞུགས་པར་གྱུར་པར་བསམས་ལ། འོད་ཀྱི་ཚོགས་དེ་རྣམས་ལས་ཀྱང་ཕྱི་རོལ་ཏུ་རྩེ་ལྔ་པའི་རྡོ་རྗེ་ཆེན་པོ་རྣམ་པར་བསམ་མོ། །དེས་ཀྱང་དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་ཕྱག་རྒྱའི་གཟུགས་ཀྱིས་དཔག་ཏུ་མེད་པའི་དེ་བཞིན
གཤེགས་པའི་རང་བཞིན་ཉིད་དུ་བཅོམ་ལྡན་འདས་དམ་ཚིག་སེམས་དཔའ་ཨི་མཆོག་རྡོ་རྗེ་སེམས་དཔའ་ཞི་བ་རྒྱན་མེད་པ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་ལ། སྣ་རྩེར་རྡོ་རྗེ་ཕྲ་མོ་ཡོད་པ། རལ་པ་དང་ཐོར་ཚུགས་དཀར་པོ་འཆང་བ།
བདེ་བ་ཆེན་པོའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཆེན་པོ་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་དུ་ཡང་དག་པར་བྱུང་བར་བསམ་མོ། །འདིའི་ཐུགས་ཀར་ཡང་ཡི་གེ་ཨ་དཔྲལ་བ་དང་ལྐོག་མར་ཡང། ཡི་གེ་ཨཱ:དང་ཨོཾ་རི་མོས་ཕུག་པ་བསམས་ལ། ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཞེས་ལན
གསུམ་བརྗོད་པར་བྱའོ། །དེ་ནས་དེ་ཉིད་ཀྱི་སྤྱི་གཙུག་ཏུ་ཡི་གེ་ཨ་ཆོས་ཀྱི་རི་མོ་དེ་ཉིད་ཀྱིས་ཕུག་པར་བསམས་ལ། རང་གི་ལུས་ཀྱི་ལན་ལག་དང་ཉིད་ལག་རྣམས་ལས་འོད་ཟེར་རྣམ་པར་འཕྲོ་བར་བསམ་མོ། །དེ་ནས་སྤྱི་གཙུག་ནས་འོད་ཟེར་དཀར་པོ་སྙིང་གའི
ཕྱོགས་ནས་ནག་པོ། ཁ་ནས་དམར་པོ་འཕྲལ་བ་ནས་སེར་པོ། །ལུས་ཀྱི་འོག་དང། ལུས་ཀྱི་ཕན་ཚུན་གྱི་བ་སྤུའི་བུ་ག་ལ་སོགས་པ་ལས་ལྗང་གུ་བྱུང་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་སུ་ཁ་དོག་དང། སྤྱོད་ལམ་སྣ་ཚོགས་པའི་རྣམ་པར་སྣང
མཛད་དང། རྡོ་རྗེ་ཧཱུཾ་མཛད་དང། འགྲོ་བ་འདུལ་པ་དང། རིན་ཆེན་འབྱུང་ལྡན་དང། མཚོན་ཆ་མཆོག་དང། དཔལ་མཆོག་དང་པོ་དང། བདེ་བ་ཆེན་པོ་ལ་སོགས་པའི། སྐུ་དཔག་ཏུ་མེད་པ་འབྱུང་ནས་ཞི་དང་དྲག་པོ་ལ་སོགས་པའི་བསམ་པ་སྣ་ཚོགས་པས་ཕྱེ
?་རྣམས་ཀྱི་དོན་མཛད་ནས་སླར་ཡང་གཅིག་ཏུ་གྱུར་ཏེ། འདུས་ནས་རྣམ་པར་སྣང་མཛད་ཆེན་པོའི་ཕྱག་རྒྱ་ཆེན་པོའི་སྐུར་གྱུར་ནས་འོད་ཟེར་གྱི་རང་བཞིན་གྱི་ཚོགས་ཀྱི་ཕྱི་རོལ་ཏུ་གནས་ཏེ། ཉི་མའི་དཀྱིལ་འཁོར་གྱི་དབུས་དང། ཞི་བའི་སེམས་པའི་ཐུགས
ཀ་དང། ལས་ཀྱི་ཕྱག་རྒྱ་སྟེ། དེ་ལྟར་ཕྱག་རྒྱ་བཞི་ཕྱག་རྒྱའི་གཟུགས་ཀྱིས་སམ། རང་གི་གཟུགས་ཀྱིས་སྐུལ་བྱེད་མའི་གཟུང་ཟློས་པ་བཞིན་དུ་བསྒོམ་པར་བྱའོ། །ཕྱི་རོལ་གྱི་ལྷའི་སྐུ་ཐུགས་ཀར་ཟླ་བ་ལས་ཨ། ལྐོག་མར་ཨོཾ་དེ་ཉིད་ཀྱི་དཔྲལ་བར་ཨཱ:
དེ་ཉིད་ཀྱི་གཙུག་ཏུ་ཡི་གེ་ཨ་སྟེ། དེ་དག་ཐམས་ཅད་ངེས་པར་འབིགས་ཤིང་ནམ་མཁའ་ལ་རྗེས་སུ་རྒྱུ་བའི་ཆོས་ཀྱི་རི་མོ་བསམ་པར་བྱ་ཞིང། ཕྱག་རྒྱ་བཞི་པོ་འདི་ཉིད་དང། ཡི་གེ་ཨ་བཞི་པོ་ཕུག་ནས། འོག་ཏུ་ཡང་ལྟེ་བའི་བར་དུ་སོང་ནས།
གཉིས་སུ་གྱུར་ཏེ། བྱིན་པ་གཉིས་ཀྱི་དབུས་ནས་མཐེ་བོའི་རྩེ་མོ་ནས་བྱུང་སྟེ། ཡང་གཅིག་ཏུ་གྱུར་ནས་འོག་ཏུ་མཛའ་མེད་པར་སོང་བར་བསམ་མོ། །དེ་ནས་རང་གི་ལུས་དང། ཡིད་སོ་སོར་རྟོག་པ་ལ་སོགས་པའི་ཡོན་ཏན་ཐོབ་པའི་དུས་བརྩམས་ཏེ། སེམས
ཅན་ཐམས་ཅད་ཀྱང་རང་གི་ལུས་བསྐྱེད་པའི་དུས་སུ་རྣམ་པར་སྣང་མཛད་ཀྱི་སྐུར་གྱུར་པར་བསམ་མོ། །དེ་ཡང་ཡི་གེ་ཛའིཡ་ཐ་སརྦ་ཏ་ཐཱ་ག་ཏ་སྭཱ?་ཐ་ཨ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ནས་བྱིན་གྱིས་བརླབས་པར་གསོལ་བར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་བྱིན་གྱིས་བརླབ་ཏུ་གསོལ། མངོན་པར་བྱང་ཆུབ་པ་འདི་ཡང་བརྟན་པར་མཛོད་ཅིག
ཅེས་བྱའོ། །དེ་ནས་རང་གི་ལུས་དང་འདྲ་བར་བསྐྱེད་པའི་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་བཞིས་རྡོ་རྗེ་དབྱིངས་རྡོ་རྗེ་དབྱིངས་ཤེས་རྡོ་རྗེ་མིང་གི་དབང་བསྐུར་བས། དབང་བསྐུར་བར་གྱུར་པར་བསམ་མོ། །དེ་ནས་དེ་རྣམས་རང་གི་ལུས་ལ་རྗེས་སུ་ཞུགས་ཏེ། །མི
བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང། །དོན་ཡོད་པར་གྲུབ་པས་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་དང། ཆོས་དང། ལས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་ནས་གྲངས་ཇི་ལྟ་བ་བཞིན་དུ་ཞུགས་པར་བསམ་མོ། །དེ་ནས་རང་གི
ལུས་དེ་དང་འདྲ་བར་མདུན་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེང་རང་གི་ལུས་དང་འདྲ་བར་རྣམ་པར་སྣང་མཛད་བསྐྱེད་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱས་བསྐུལ་བར་བྱའོ། །རྡོ་རྗེ་ཐལ་མོ་དམ་དུ་བསྡམས་ནས་གུང་མོ་གཉིས
མཉམ་པོར་སྦྱར་ཏེ། མཛུབ་མོ་གཉིས་རྩེ་སྤྲད་ནས་བུམ་པ་ལྟ་བུར་བྱས་ལ་གུང་མོ་གཉིས་ཀྱི་ཚིགས་དབུ་མ་ལ་སྦྱར་ལ་བཞག་མཐེ་བོ་གཉིས་སྐྱིལ་མོ་ཀྲུང་ལྟ་བུར་བྱས་པ་ལས་གཡོན་པ་ཅུང་ཟད་ཕབ་སྟེ། དེའི་སྟེང་དུ་གཡས་པའི་མཐེ་བོ་གདན་ལྟ་བུར་བཞག་ལ། མཆོད
རྟེན་ལྟ་བུར་རྣམ་པར་གསལ་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་སྟེ། དེ་ཉེ་བར་བསྟན་ནས་ས་མ་ཡ་སྟཝཾ་ཞེས་བསྐུལ་བར་བྱའོ། །ཡང་འདི་ཉིད་བཅིངས་ལ་བཛྲ་ཛྙ་ན་ས་མ་ཡ་ཧོ་སུ་ར་ཧ་སྟཝཾ་ཞེས་ཀྱང་བསྐུལ་བར་བྱའོ། །དེ་ནས་སྔར་བཤད་པའི་རིམ་གྱིས། རྡོ
རྗེ་བསྡམས་པ་བཅིངས་ལ་སྙིང་གར་དགྲོལ་ཞིང། ཨོཾ་བཛྲ་བནདྷ་ཏྲཊ?་ཅེས་བྱ་བ་སྔགས་ལན་གསུམ་བརྗོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་གཞུག་པའི་ཕྱིར་རང་གི་ལུས་ཡང་དག་པར་སྦྱངས་ལ། རིམ་པ་འདིས་བཅོམ་ལྡན་འདས་དགུག་པ་དང
གཞུགས་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་དགྲད་པའི་ཚུལ་དུ་ནང་དུ་བཅུག་ནས་བསྐྱོང་ལ། བཛྲ་ཨཾ་ཀུ་ཤ་ཛ:ཞེས་ལན་གསུམ་བརྗོད་པ་འདིས་སྤྱན་དྲངས་ནས་སྙིང་ག་དང་ཉེ་བར་ཞུགས་པར་བསམ་མོ། །སྲིན་ལག་དང་མཐེའུ་ཆུར་གཉིས་ཀྱི་རྩ་བའི་བར
དུ་མཐེ་བོ་གཉིས་བཅུག་ལ་ཅུང་ཟད་བསྐྱོད་ནས་བཛྲ་པཱ་ཤ་ཧཱུཾ་ཞེས་ལན་གསུམ་བརྗོད་པ་འདིས་རང་གི་ལུས་ཐམས་ཅད་དུ་ཞུགས་ནས་བྱིན་གྱིས་བརླབས་ཏེ། གཅིག་ཏུ་གྱུར་ནས་བཞུགས་པར་བསམ་མོ། །ཡང་དག་པར་འདྲེས་ནས་བཛྲ་སཕོཊ་ཊ་བཾ་ཞེས་བརྗོད་པ
འདི་དང་རྡོ་རྗེ་བསྡམས་པ་ཉིད་ཀྱིས་བརྟན་པར་གྱུར་ནས་གཞུག་པར་བསམ་མོ། །མཐེ་བོ་གཉིས་ཀྱི་རྒྱབ་ཏུ་རང་རང་གི་མཛུབ་མོ་གཉིས་ཇི་ལྟ་བ་བཞིན་དུ་བཞག་སྟེ། བཛྲ་གྷཎྚེ་ཧོ། །ཞེས་བརྗོད་པ་འདིས་ཡོངས་སུ་མཉེས་པར་བསམ་མོ། །དེ་ནས་ལན་གསུམ
ལན་བདུན་ཡི་གེ་བརྒྱ་པ་བཟླས་པས་བརྟན་པར་བྱ་སྟེ། ཨོཾ་བཛྲ་དྷཱ་ཧུ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་དྷཱ་ཏུ་ཏྭ་ནོ་བ་ཏིཥྛི་དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷ་མཻ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟ་ཤྲི་ཡ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ:བྷ
ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ:དེ་ནས་རིམ་པ་འདིས་བྱིན་གྱིས་བརླབ་པར་བྱ་སྟེ། སྙིང་གར་རྡོ་རྗེ་ལ་ཡི་གེ་ཧཱུཾ་དམ་མི་བསྐྱོད་པའི་སྐུ་ཤིན་ཏུ་དང་བ། ཧཱུཾ་གིས་མཚན་པ་དང། དཔྲལ་བ་དང། ལྕེ་དང།
སྤྱི་གཙུག་ཏུ་རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེ་རྣམ་གྲངས་ཇི་ལྟ་བ་བཞིན་དུ་ཏྲཾ་ཧྲི:།ཞེས་བྱ་བ་འདི་དག་ལས་རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང། དོན་ཡོད་པར་གྲུབ་པ་ཡི་གེ་དེ་དག་ཉིད་ཀྱིས་མཚན་པ་འམ། ཡི་གེ་འབའ་ཞིག
བསྒོམ་པར་བྱའོ། །དེ་ནས་གཟུངས་ཀྱི་དཀྱིལ་འཁོར་གྱི་མི་བསྐྱོད་པའི་གནས་ཀྱི་ཕྱག་རྒྱ་དེ། སྙིང་གར་བཅིངས་ལ་ཡི་གེ་ཧཱུཾ་ལས་བྱུང་བ་བཅོམ་ལྡན་འདས་ཡུམ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ། སངས་རྒྱས་ལྔའི་ཆོད་པན་དང་ལྡན་པ། སྐུ་མདོག་གསལ་བ
ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མཆོག་ཏུ་དགྱེས་པས་རང་གི་སྙིང་གར་ཞུགས་ནས། མི་བསྐྱོད་པ་ལ་ཡང་དག་པར་འཁྱུང་ནས་ཞུགས་ནས། དེ་དང་བཅས་པར་གཅིག་ཏུ་གྱུར་ནས་ས་བོན་གྱི་ཡི་གེ་ལ་ཐིམ་པར་གྱུར་ཅིང། དཔག་ཏུ་མེད་པའི་བསོད
ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་དཔལ་བེའུ་ལྟ་བུས་གནས་ཤིང་རྣམ་པར་འཕྲོ་བར་བསམས་ལ། ཨོཾ་བཛྲ་བཛྲི་ཎི་ཛ:ཧཱུཾ་བཾ་ཧོ:བཛྲ་ཛྙ་ན་ཨ་དྷི་ཏིཥྛ་སྭ་མཱི་ཧཱུཾ། ཞེས་བརྗོད་དོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་དཔྲལ་བར་བཅིངས་ལ་དེ་ཉིད་དུ་བཅོམ
ལྡན་འདས་ཡུཾ་ཡི་གེ་ཏྲཾ་ལས་བྱུང་བ། སྐུ་མདོག་སེར་མོ་དཔྲལ་བའི་རིན་པོ་ཆེ་ལ་ཞུགས་ནས་བཅོམ་ལྡན་འདས་དང་བཅས་པར་ས་བོན་གྱི་ཡི་གེ་ལ་ཐིམ་པར་གྱུར་པ་ནས་ལྕགས་ཀྱུའི་གཟུགས་ཀྱིས་མདོག་དཀར་པོ། གཡས་སུ་འཁྱིལ་པ་དེ་བཞིན་གཤེགས
པའི་ཡོན་ཏན་གྱི་ཚོགས་ཡང་དག་པར་འགུགས་པ་ལ་བརྩོན་པ། མཛོད་སྤུ་ལྟ་བུར་གནས་པར་གྱུར་པར་བསམས་ལ། ཨོཾ་རཏན་བཛྲེ?་ཎི་ཛ:ཧཱུཾ་བཾ་ཧོ:བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཏྲཾ་ཞེས་བརྗོད་དོ། །དེ་ནས་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཁར་བཞག་ལ། ཕྱག་རྒྱ་བཅིངས
པ་དེ་ལས་བཅོམ་ལྡན་འདས་ཡུམ་སྐུ་མདོག་དམར་པོ་ཁར་ཞུགས་ནས་བཅོམ་ལྡན་འདས་དང་བཅས་པར་ས་བོན་གྱི་ཡི་གེ་ལ་ཐིམ་པར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀི་ཆོས་ཀྱི་རྒྱུ་མཐུན་པ་ལས་བྱུང་བར་གྱུར་པ་ལྕེའི་གཟུགས་ཟླ་གམ་ལྟ་བུས་བསམས
ལ། ཨོཾ་དྷརྨ་བཛྲི་ཎཾ་ཛ:ཧཱུཾ་བཾ་ཧོ:བཛྲ་ཛྙཱ་ན་ཨ་དྷཱི་ཏིཥྛ་སྭ་མཱཾ་ཧྲི:ཞེས་བརྗོད་དོ། །དེ་ནས་དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་བཅིངས་ལ་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདས་ཡུམ་ཞུགས་ནས། རྗེ་བཙུན་དང་བཅས་པར་ཐིམ་པར་གྱུར་ཏེ། སྤྱི་གཙུག་ནི་གནས་པའི་རྡོ
རྗེའི་ས་བོན་གྱི་ཡི་གེའི་ནང་དུ་ཞུགས་ནས་སྤྱི་གཙུག་ལྟར་མི་མཐོང་བ་ལྟ་བུར་གནས་པར་གྱུར་པར་བསམས་ལ། ཨོཾ་སརྦ་བཛྲ་ཎི་ཛརྒྱ་བཅིངས་པ་དེ་ཉིད་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་ཆོས་ཉིད་རྣམ་པར་དག་པའི་ངོ་བོ་ཉིད་སངས་རྒྱས་ལྔའི་ཅོད་པན་མདངས་རྣམ་པར་འཕྲོ་བ་བྱུང་ལ། རང་གི་ལུས་ཀྱི་ཡན་ལག་དང་ཉིད་ལག་ཐམས་ཅད་དང།
བ་སྤྲུའི་བུ་ག་ཐམས་ཅད་དང། མཚན་དང་དཔེ་བྱང་ཐམས་ཅད་ལ་ཞུགས་ནས་ཆོས་ཀྱི་འཁོར་ལོ་ལྟ་བུར་གྱུར་ཏེ། ལུས་ཐམས་ཅད་དང། ཕྱག་རྒྱ་རྣམ་པ་བཞི་དང། ཁོང་སྟོང་དུ་གནས་པ་རྣམས་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་ནས། འོད་ཀྱི་དཀྱིལ
འཁོར་དུ་གྱུར་ཏེ། བསོད་ནམས་དང་ཡེ་ཤེས་རྣམ་པར་དག་པའི་འོད་ཟེར་གྱིས་འགྲོ་བ་སྣང་བར་བྱས་ནས་གནས་པར་བསམས་ལ། ཨོཾ་བཛྲ་སྭཱ་ཏྭཱི་ཤྭ་རི་ཧཱུཾ་བཛྲ་ཎི་ཛ:ཧཱུཾ་བཾ་ཧོའདི་དག་ཕྱོགས་བཞི་དང་སྟེང་སྟེ་གནས་ལྔར་རྟག་པ་ལ་སོགས་པ་དཀར་པོ་དང། ནག་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་ལ་བྱང་ཆུབ་མཆོག་དང། ས་གནོན་དང། མཆོག་སྦྱིན་དང། ཏིང་ངེ་འཛིན་མཆག་དང། མི་འཇིགས་པ་སྦྱིན་པའི་ཕྱག
རྒྱས་བཞུགས་པར་བསྐྱེད་ལ། དེ་དག་ཉིད་ཐུགས་ཀར་གནས་པར་ཤིན་ཏུ་གསལ་བར་གྱུར་པར་བསམ་མོ། །དེ་ནས་ཕྱག་རྒྱ་དེ་དག་ཉིད་དང། རིམ་པ་འདིས་དབང་བསྐུར་བར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཅིངས་ལ། དབུ་རྒྱན་གྱི་སྟེང
གི་ཕྱོགས་རྟག་པར་གནས་སུ་ཕྱག་རྒྱ་དེ་གཅིངས་པ་ལས། བཅོམ་ལྡན་འདས་རང་གི་ས་བོན་གྱི་མཚན་པ་བྱུང་བར་བསམས་ནས། དེའི་ཕྱག་དུ་ཡི་གེ་བ་ལས་བུམ་པ་བསམས་ཏེ། བུམ་པའི་དབུས་སུ་ཡི་གེ་ཨ་རྣམ་པར་བསྒོམས་ལ་བདུད་རྩི་འབབ་པར
གྱུར་པ་དང། བདག་ཉིད་ཀྱི་སྙིང་གར་ཡི་གེ་ཨ་བསམས་ལ་བདུད་རྩིས་དབང་བསྐུར་བར་གྱུར་བར་བསམ་མོ། །དེ་ནས་རང་གི་ལུས་ཀྱི་རྡུལ་ཕྲ་རབ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདུད་རྩི་ཞུགས་པར་གྱུར་པར་བསམས་ལ། ཨོཾ་བཛྲ་དྷཱ་ཏཱི་ཤྭ་རི
ད་ཟ:ཧཱུཾ་བཾ་ཧོསྣང་མཛད་ཀྱི་འོག་ཏུ་མི་བསྐྱོད་པའི་གནས་སུ་བཞག་ལ། སྔ་མ་བཞིན་དུ་དབང་བསྐུར་བར་བྱ་སྟེ། ཨོཾ་བཛྲ་བཛྲི་ཎི་ཛ:ཧཱུཾ་བཾ་ཧོ:་བྷི་ཥིཉྩ་མཱཾ། ཧཱུཾ་ཞེས་པའི་སྔགས་འདི་ཡང་བརྗོད་པར་བྱའོ་།དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་ཏེ། རིན་ཆེན་འབྱུང་ལྡན
ལ་སོགས་པའི་སྐུར་གྱུར་ནས་དེའི་ཡི་གེ་མཚན་བཅིང་ཕྱག་རྒྱ་ལག་པས་བཅིངས་ལ་དེ་ལས་བྱུང་པའི་ལྷ་མོ་རྣམས་ཀྱིས། རང་གི་ས་བོན་གྱི་བདུད་རྩིས་དབང་བསྐུར་བ་བླང་བར་བྱ་ཞིང། དེ་རྣམས་ཀྱང་སངས་རྒྱས་རྣམས་ཀྱི་ཐུགས་ཀར་ཞུགས་པར་བསམ་མོ།།
རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིངས་ལ། རྣ་བ་གཡས་པའི་སྟེང་དུ་བཞག་སྟེ། ཨོཾ་རཏན་བཛྲ་ཎི་ཛ:ཧཱུཾ་བཾ་ཧོ་བྷི་ཥིཉྩ་སྭ་མཱི་ཧྲཱི:ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་རྣ་བ་གཡོན་པའི་སྟེང་དུ་བཞག་ལ། ཨོཾ་ཀརྨ་བཛྲི་ཎི་ཛ:ཧཱུཾ་བཾ་ཧོ:་བྷི་ཥིཉྩ་སྭ་མཱཾ་ཨ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པར་བྱ་སྟེ།
རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་སྔར་བཤད་པ་ཉིད་དོ། །གཞན་དག་གི་བརྗོད་པར་བྱ་སྟེ། རྡོ་རྗེའི་ཐལ་མོ་བཅིངས་ལ་གུང་མོ་གཉིས་ལྷོ་སྦྱར་ལ་བཅིངས་པ་ནི་མི་བསྐྱོད་པའི་གསང་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་རིན་པོ་ཆེ་ལྟ་བུར་བཀུག་པ་ནི་རིན
ཆེན་འབྱུང་ལྡན་གྱི་གསང་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་དང་སྲིན་ལག་མཐེའུ་ཆུང་པདྨའི་འདབ་མ་འདྲ་བར་བཀུག་ནས་བཞག་པ་ནི་འོད་དཔག་ཏུ་མེད་པའི་གསང་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་གང་དུ?་བུར་བྱས་ཏེ་འདབ་མ་ལྟ་བུ་གུང་མོའི
དྲུང་དུ་བཞག་པ་ནི་དོན་ཡོད་པར་གྲུབ་པའི་གསང་པའི་ཕྱག་རྒྱ་སྟེ། གཟུགས་ཀྱི་དཀྱིལ་འཁོར་གྱི་སྔགས་དང་ཕྱག་རྒྱ་རྣམས་ནི་ཤིན་ཏུ་ཡང་བྱིན་གྱིས་རློབ་པར་བྱེད་པས་སྔགས་དང་ཕྱག་རྒྱ་དེ་དག་ཉིད་བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དག་ལ་བསྟན་པ
ཡིན་ནོ། །དཀྱིལ་འཁོར་ཆེན་པོའི་སྔགས་དང་ཕྱག་རྒྱ་ཡང་ཕྱིས་བྱ་བ་ལ་ཉེས་པ་མེད་དེ། དེར་ཡང་སྔགས་དང་ཕྱག་རྒྱ་དག་གི་མན་ངག་མེད་པས་ཡིད་མགུ་བར་མ་གྱུར་པ་ལས་མན་ངག་ཇི་ལྟ་བ་དེ་བཞིན་དུ་བསྟན་པར་བྱ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ
གཉིས་ནང་དུ་བཅུག་ནས་ལག་པའི་མཐིལ་དུ་ཐད་ཀར་བཞག་སྟེ། མཐེ་བོ་དང་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་ཕྱོགས་བཞི་ལྟ་བ་བཞིན་དུ་སྦྱར་བ་སེམས་དཔའ་ཨི་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱའོ། །འདི་བརྟན་པར་བྱས་ནས་གུང་མོ་གཉིས་གྱེན་དུ་བསྒྲེང
ལ། རྩེ་མོའི་ཚུལ་དུ་བཞག་བཞི་རྟག་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་དྷཱ་ཏུ་ཛ:ཧཱུཾ་བཾ་ཧོ:བཛྲ་ཛྙའན་ཨ་དྷི་ཏིཥྛ་སྭ་ཨམཾ་ཨོཾ་ཞེས་བརྗོད་དོ། །དེ་ཉིད་ལས་ཚིགས་དབུས་མ་བཅག་སྟེ་སོར་མོ་ནང་དུ་བཀུག་ལ་གཡས་པའི་མཛུབ་མོ་གཡོན་པའི་ངོས་སུ་བཞག་།གཡོན
པ་གཡས་པའི་སྲིན་ལག་གི་ངོས་སུ་གཞག་པ་ནི་མི་བསྐྱོད་པའི་ཕྱག་རྒྱའོ། །ོཾ་བཛྲ་དྷཱ་ཏུ་ཛབཞག་པ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་སྟེ། ཨོཾ་བཛྲ་དྷཱ་ཏུ་ཛབ་ཨཛྲ་ཛྙ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུཾད་ཟ:ཧཱུཾ་བཾ་ཧོའཁོར་ཆེན་པོ་ལས་གསུངས་པ་ནི་མ་བྱས་ཀྱང་ཉེས་པར་མི་འགྱུར་རོ། །བྱས་སུ་ཟིན་ཀྱང་དེར་ཤིན་ཏུ་བྱིན་གྱིས་བརླབ་པར་འགྱུར་རོ། །གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་རྣམས་ཀྱང་ངེས་པར་བྱ་བ་ཡིན་པས་དབང་བསྐུར་བ་ལ་ཨ་བྷི་ཥིཉྩ་མཱ
ཞེས་བྱ་བའི་ཁྱད་པར་འདིས་བྱའོ། །དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་རྣམས་ཀྱིས་ཐུགས་ཀ་ལ་སོགས་པར་བཀོད་པས་བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་ནི་རྒྱུད་ལས་གསུངས་པའི
རིམ་པས་བྱ་སྟེ། སྙིང་ག་རྩིབས་ལོགས་རྒྱབ་སྦྱོར་དང། །དེ་བཞིན་དཔྲལ་བ་ལ་སོགས་དང། །ཁ་དང་རྣ་བ་ལྷག་པ་དང། །སྤྱི་བོ་དཔྲལ་བ་ཁ་རྒོད་བཞག་ཅེས་བྱ་བ་དང། སྙིང་ག་དཔལ?་བ་ཁ་སྤྱི་གཙུག་།འདོམས་དང་མིག་དང་བྲང་དང་ནི། །བརླ
གཉིས་དང་ནི་པུས་མོ་གཉིས། །བྱིན་པ་གཉིས་དང་རྐང་གཉིས་སོ་ཞེས་བྱ་བའོ། །དེ་ལ་ལྐོག་མའི་ཕྱོགས་སུ་ཡི་གེ་རཾ་ལས་དུ་བསམས་ལ། རྣམ་པར་དག་པའི་ཡེ་ཤེས་ཀྱིས་འོད་ཟེར་གྱི་རང་བཞིན་ཅན་དེའི་ཁའི་ཆ་ལས་བྱུང་བའི་ལྕེ་ཧྲཱིབརླབ་པར་བྱས་ལ། །ོཾ་པདྨ་ས་ར་སྭ་ཏི་སཏྟཡ་མ་བརྨ་ཏ་ཡ་ཤོ་དྷ་ལ་ཧཱུཾ་ཧྲཱི་ཞེས་བརྗོད་ལ་?་དེའི་དབུས་སུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་ལྕེའི་ཁམས་ཀྱི་གཟུགས་ཅན་ཆུར་གནས་པ་དེའི་ཆང་ཟུངས་ཀྱི་དབུས་སུ་ཡི་གེ་ཧྲཱིད་ཨུ་འོད་དཔག་མེད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཡེ་ཤེས་ཀྱི་སྐུ་དེའི་ཐུགས་ཀར་ཡེ་གེ་ཧྲཱིས་ཨུ་ཏྲི་རཾ་ཀྲཾ་ནཱད་ཨང་འདྲ་བའི་འོད་ཟེར་རྣམས་ཀྱི་ཚིག་སྨྲ་བའི་དུས་སུ་ཕྱི་བཞིན་རྣམ་པར་འཕྲོ་བའི་རང་གི་ས་བོན་ཡི་གེ་ཨཞེས་བྱ་བ་རྡོ་རྗེ་བཞད་པ་བྱིན་གྱིས་རློབ་པར་བྱེད་པ་བསམས་ལ། མཚན་ཐམས་ཅད་དང་ལྡན་པའི་སོའི་འཕྲེང་བ་བསྒོམ་པར་བྱ་ཞིང། སོ་གསལ་བས་རྣམ་པར་སྤྲས་པའི་ཁལ་མདུན་སོ་གཉིས་སུ་ཡི་གེ་ཧོ་གཉིས་སུ་འོག་ཏུ་ཡང་གཉིས་པོ་ཉིད་འོད
ཟེར་དམར་པོའི་ཚོགས་ཀྱི་བཀོད་པས་རྣམ་པར་འཕྲོ་བ་བསམ་མོ། །མིག་གཡས་སུ་ཧཱུཾ་མ་ཧཱུཾ་ལས་རྡོ་རྗེ་ཉི་མ་རྡོ་རྗེ་འཕྲེང་དུ་གནས་པའི་ཚད་ཟུངས་ཀྱི་དབུས་སུ་རྣམ་པར་འཕྲོ་བ་རྣོན་པོས་དཀྲིགས་པའི་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །མིག་གཡོན
པར་ཧཱུཾ་ཊ་ཧཱུཾ་ཞེས་བྱ་བ་འདི་ལས་རྡོ་རྗེ་འཕྲེང་དུ་གནས་པའི་དབུས་སུ་འོད་ཟེར་དཀར་པོ་རྣམ་པར་དཀྲིགས་པའི་ཟླ་བའི་དཀྱིལ་འཁོར་ཆེན་པོ་བསྒོམ་པར་བྱའོ། །དེ་ཉིད་ཀྱི་བར་དུ་ཡི་གེ་ཧོ་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུ་འོད་ཟེར་སྟོང་ཕྲག
གི་ཁྱབ་པ་མཐོང་བ་རྣམས་ཀྱང་དེ་ལྟ་བུའི་རྣམ་པར་དཀྲུགས་ཤིང། གཟིངས་པ་དེ་ཉིད་རང་གི་ལུས་ལ་ཞུགས་པས་ཞི་བར་ཐོབ་པར་བསམ་མོ། །ཧཱུཾ་ཞེས་བྱ་བ་འདིས་བསམ་ལ། གཙུག་ཏོར་བསྐྱེད་པར་བྱའོ། །དེའི་དབུས་སུ་ཡི་གེ་བྷུཾ་དུས་མཛའ་ཨི་མེ་འབར་བ
ལྟར་སྣང་བའི་འོད་ཀྱིས་འཕྲོ་བ་མ་ལུས་པར་བཀང་བར་བསམ་མོ། །དེ་ནས་ཀཾ་ཧཾ་ཀཾ་ཞེས་བྱ་བས་དབུ་རྒྱན་གྱི་རྩེ་མོའི་མཛའ་ནས་བརྩམས་ཏེ། འོད་ཟེར་ལྗང་གུ་རྣམ་པར་འཕྲོ་བས་བརྒྱན་པའི་སྣ་ཚོགས་རྡོ་རྗེའི་ཚོགས་ཀྱི་གོ་ཆ་ཆེན་པོ་རྐང་པའི
མཐར་ཐུག་གི་བར་དུ་བསྒོམས་ལ། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་བཅིངས་ནས་སྔགས་བརྗོད་ནས་བྱིན་གྱིས་བརླབ་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་སྙིང་ག་དང། དཔྲལ་བ་གཉིས་སུ་གོ་ཆའི་ཚུལ་དུ་བཞག་ལ། ཧཾ་བཛྲ་རཀྵ་ཛནི་ར་བྷ་ཡ་སྟཝཾ་ཞེས་བརྗོད་པར་བྱའོ། །གོ་ཆའི་འོག་ཏུ་རྐང་པའི་མཐར་ཐུག་པར་རབ་ཏུ་འཕྱང་བ། རིན་པོ་ཆེ་དམ་པའི་སྐུད་བས་བརྒྱུས་པའི་དེ་བཞིན་གཤེགས་པ་དང། རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། སྣ་ཚོགས་རྡོ་རྗེའི་ཕྲེང་བ་གསེར་གྱི
རྣམ་པར་སྤྲས་པ་ལྔ་ས་བོན་འདི་རྣམས་ལས་བསྒོམ་པར་བྱ་སྟེ། ཨོཾ་བཾ་ཧཱུཾ་བཾ་ཏྲཱཾ་བཾ་ཧྲཱིབ་ཇི་ལྟ་བ་བཞིན་དུ་ཨ་བྷི་ཥིཉྩ་མཱཾ་ཞེས་ཐུན་མོང་དུ་བརྗོད་པར་བྱའོ། །དེ་ནས་ཕྱག་རྒྱ་བཞི་རང་གི་ལུས་ལ་བསམས་ལ། ང་རྒྱལ་བསྐྱེད་པར་བྱ་སྟེ། མ་ཧཱ་ས་མ་ཡ་སཏྭ་ཧཾ། བྷ་ག་བཱན་བཛྲ་དྷཱ་ཏུ་ཞེས་བརྗོད་པར་བྱའོ། །གདན་དུ་ཡི་གེ་ཧྲཱི་ལས་ཟླ་བའི་དཀྱིལ་འཁོར་དང། འོད་ཀྱི་དཀྱིལ་འཁོར་འདས་མི་མོ། །དེ་ནས་རང་གི་སེང་གེའི་གདན། ། སི་ཨ་ཞེས་བྱ་བ་འདིས་བྱིན་གྱིས་བརླབས་ལ། ཕྱོགས་རྣམས་སུ་ཧཱུཾ་ག་ཧཱུཾ། ཏྲ་བཾ་ཏྲབཞིན་དུ། གླང་པོ་དང། རྟ་དང། རྨ་བྱ་དང། ནམ་མཁའ་ལྡིང་གི་གདན་བསྐྱེད་པར་བྱའོ། །དེ་ནས་མཚམས་རྣམས་ཀྱི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་གྲཝ་དང། སྒོ་རྣམས་སུ་ཡི་གེ་ཧྲི་ལས་པདྨ་བསྐྱེད་ལ། དེ་རྣམས་ཀྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས
ནས། དེའི་འོག་ཏུ་དཀྱིལ་འཁོར་དབུས་མའི་ཕྱོགས་རྣམས་སུ་རྡོ་རྗེ་སེམས་མ་ལ་སོགས་བྱ། ཧཱུཾ་ཏྲཾ་ཧྲིའ་ཁོར་གྱི་མཚམས་རྣམས་སུ་རྡོ་རྗེ་བདུག་པ་མ་ལ་སོགས་པ་ཨཀྱི་སྟེང་དུ་བསམ་པར་བྱ་སྟེ། འདི་དག་ཀྱང་སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་གྱིས་མངོན་པར་བྱང་ཆུབ་པ་ལྔས་རང་གི་སྐུའི་ཚུལ་ཐོབ་པ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་པར་བསམ་པར་བྱ་བ་འམ། ཡི་གེ་ཤིན་ཏུ
གསལ་ཞིང་འོད་ཀྱི་ཚོགས་འཕྲོ་བ་འདུས་པར་གྱུར་པ་ལས་ལྷའི་སྐུ་བསམ་པར་བྱའོ། །ཡང་ན་རང་གི་ལུས་ལས་ཕྱུང་སྟེ་སྔར་བཤད་པའི་སྔགས་ཀྱི་ཐུགས་ཀར་མཚན་ནས་གཞག་པར་བྱའོ། །དེ་ནས་དེ་ལྟར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བསྐྱེད་ལ་ཕྱོགས
བཞིར་སངས་རྒྱས་བཞི་པོ་འཁོར་གྱི་ཚོགས་དང་བཅས་པ་རང་གི་ལུས་ལ་བཅུག་སྟེ། དེ་ཕྱུང་ནས་རྡོ་རྗེ་སེམས་མ་ལ་སོགས་པ་བཞུགས་ཏེ། བྱིན་གྱིས་བརླབས་ནས་བཞུགས་པར་བསམ་མོ། །བྱམས་པ་ལ་སོགས་པ་འཁོར་གྱི་ཚོགས་རྣམས་ཀྱང་ཕྱོགS
བཞིར?་ཕྱི་རོལ་གྱི་སྣམ་བུ་ལ་བསམ་པར་བྱ་སྟེ། དེ་རྣམས་ཀྱང་མིང་ཡི་གེ་དང་པོ་ལས་བྱུང་བའོ། །དེ་ལ་འདི་དག་ནི་བྱམས་པ་ལ་སོགས་པ་སྟེ། འདི་ལྟ་སྟེ། བྱམས་པ་དང། མཐོང་བ་དོན་ཡོད་དང། དན་སོང་ཀུན་འདྲེན་དང། མྱ་ངན་དང
མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང། སྤོས་ཀྱི་གླང་པོ་དང། དཔའ་བར་འགྲོ་བ་དང། ནམ་མཁའ་མཛོད་དང། ཡེ་ཤེས་ཏོག་དང། འོད་དཔག་ཏུ་མེད་པ་དང། ཟླ་བའི་འོད་དང། བཟང་སྐྱོད་དང། དྲ་བ་ཅན་ཀྱི་འོད་དང། རྡོ་རྗེ་སྙིང་པོ
དང། བློ་གྲོས་མི་བཟང་བ་དང། སྤོབས་པ་བརྩེགས་པ་དང། ཀུན་ཏུ་བཟང་པོ་སྟེ། དེ་དག་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བདག་ཉིད་མཆོད་བར་གྱུར་པར་བསམ་མོ། །དེ་ནས་ཡི་གེ་ཤཾ་གྱིས་འགྲོ་བ་ཐམས་ཅད་སྟོང་པར་བྱས་ནས་རྡོ་རྗེ་རླུང
གི་དཀྱིལ་འཁོར་ནས་བརྩམས་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་བསྐྱེད་པའི་ངོ་བོ་ཉིད་དུ་རིམ་པ་འདིས་བསྐྱེད་ལ། འགྲོ་བ་རྣམས་བྱིན་གྱིས་བརླབ་པར་བྱ་སྟེ། ཧཱུཾ་ཡཾ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱིའོ། །ཧཱུཾ་བཾ་ཧཱུཾ་ཞེས་བྱ་བ
ནི་དེ་ཉིད་ཀྱི་སྟེང་དུ་ཆུའི་དཀྱིལ་འཁོར་གྱིའོ། །ཧཱུཾ་རཾ་ཧཱུཾ་ཞེས་བྱ་བ་ནི་དེ་ཉིད་ཀྱི་སྟེང་དུ་མེའི་དཀྱིལ་འཁོར་གྱིའོ། །དེའི་སྟེང་དུ་ཡི་གེ་ཁཾ་ལས་རྣམ་པར་སྣང་མཛད་བསམས་ལ། དེ་ཉིད་ཀྱི་སྐུའི་ཡན་ལག་དང་ཉིད་ལག་གི་བ་སྤུའི་བུ་ག་རྣམས་ལས་བྱུང
བའི་ཆར་གྱི་རྒྱུན་སྦོམ་པོ་དཔག་ཏུ་མེད་པ་འབེབས་པ་གཏོང་བས་སྣོད་ཀྱི་འཇིག་རྟེན་མ་ལུས་བར་ཆུས་ཡོངས་སུ་གང་བར་བྱས་ཏེ། བཅོམ་ལྡན་འདས་ཀྱང་དེ་ཉིད་དུ་ཐིམ་པར་གྱུར་པར་བསམས་ནས། མེ་དང་ཆུའི་དཀྱིལ་འཁོར་དག་གི་བར་དུ་ཧཱུཾ་ལཾ
ཧཱུཾ་ཞེས་བྱ་བ་བཀོད་ལ། དེ་བསྐོལ་བ་སྔོན་དུ་འགྲོ་བས། འདུས་པའི་ཏིང་ངེ་འཛིན་བརྟན་པར་གྱུར་པའི་མཐུས། སའི་དཀྱིལ་འཁོར་དཔག་ཏུ་མེད་པར་བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་ཁཾ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ
བྱ་བ་བའི་གཞལ་ཡས་ཁང་ཆེན་པོ་རྣམ་པར་བསམ་པར་བྱའོ། །དེའི་དབུས་སུ་སེངྒེའི་གདན་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གྲངས་དང་མཉམ་པར་སྔར་བཤད་པའི་ས་བོན་གྱི་ཡི་གེ་ལ་བསྐྱེད་པར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས
དཔག་ཏུ་མེད་པ་ལས་ཡང་དག་པར་འདུས་པར་གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟ་འབྱེ་ཆེན་པོ་ལ་སོགས་པའི་སེམས་ཅན་གྱི
ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མཆོད་པར་གྱུར་པ་དང། བསྟོད་པར་གྱུར་ཅིང་གདུགས་དང། རྒྱལ་མཚན་དང། བ་དན་ལ་སོགས་པ་རྣམས་དང། གླུ་དང། གར་དང། རོལ་མོ་ལ་སོགས་རྣམས་ཀྱིས་འཁོར་བ་ཐམས་ཅད་ཀྱི་བདག་པོར་གྱུར་པ
རྗེས་སུ་ཐོབ་ཅིང་འགྲོ་བའི་དོན་ལ་དེ་འཇུག་པར་གྱུར་པར་བདག་ཉིད་བསམ་མོ། །དེར་ཞུགས་ནས་འཇུག་སྟེ། གནས་ཇི་ལྟ་བ་བཞིན་དུ་མདུན་དུ་དེ་བཞིན་དུ་གཞལ་ཡས་ཁང་ཆེན་པོ་བསམས་ཏེ། སྔར་བཤད་པའི་ས་བོན་ཉིད་ལས་སྟན་དང། ཕྱག་རྒྱ་བཞིའི
དཀྱིལ་འཁོར་གྱི་ལྷའི་སྐུ་བསྐྱེད་ལ། རིམ་པ་འདིས་ལྷ་རྣམས་སྤྱན་དྲངས་པར་བྱ་སྟེ། རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱ་བཅིངས་ལ། རང་གི་སྙིང་ག་ལས་ཡི་གེ་ཧོ་དང་ཨཱསོང་བར་གྱུར་བར་བསམས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་རྗེས་སུ་ཞུགས་པར་བསམ་པར་བྱའོ། །དེ་ལ་ཡི་གེ་ཧོ་ཞུགས་ནས་ཡོངས་སུ་མཉེས་པར་བྱེད་དོ། །ཡི་གེ་ཨཱ?་གཟི་བྱིན་བསྐྱེད་པ་དང། ཐུགས་སུ་ཆུད་པ་བྱ་བ་དག་བྱེད་དོ། །བཛྲ་དྷཱ་ཏུ་ཞེས་བྱ་བའི་སྒྲས་ནི་རིགས་བཞིའི་ངོ་བོ་ཉིད་དུ་བྱིན་གྱིས་རློབ་པར་བྱེད་དོ། །ཡི་གེ་ཧཱོ་ག་ཟུགས་རྣམ་པར་བསམས་ལ་རང་ཉིད་ཀྱང་ཡི་གེ་ཛཔ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བ་སྤྱན་འདྲེན་བར་བསམ་མོ། །བཅོམ་ལྡན་འདས་བྱོན་པ་ནམ་མཁའ་ཨི་ངོས་ལ་འོད་ཟེར་གྱིས་ཚེགས་འབྱིན་པར་མཛད་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ལ་སོགས་པ་དངོས་གྲུབ་ཀྱི་མཆོག་ཐོབ
པར་མཛད་ཅིང་ཞལ་རབ་ཏུ་འཛུམ་པ་དང། ཉིད་ཀྱི་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ཏེ་བྱོན་ནས་དཀྱིལ་འཁོར་གྱི་སྟེང་དུ་བསམ་མོ། །དེ་ནས་ཡིད་ཀྱིས་རང་གི་ཕྱག་རྒྱ་བཞི་བཞག་ནས། ཡང་བཅོམ་ལྡན་འདས་ལ་རྡོ་རྗེ་འཆང་གི་གླུ་དང་མཚན་བརྒྱ་རྩ་བརྒྱད
ཀྱི་བསྟོང་པར་བྱ་སྟེ། རྡོ་རྗེའི་དབྱིངས་ཀྱི་སེམས་དཔའ་ཆེ། །སེམས་ཅན་དོན་མཆོག་བདག་ཉིད་དེ། །ཤཱཀྱའི་རྒྱལ་པོ་ཡེ་ཤེས་ཆེ། །རྡོ་རྗེ་བདག་ཉིད་ཁྱོད་ཕྱག་འཚལ། །སེམས་དཔའ་འབྱུང་བ་དེ་ཉིད་དོན། །སེམས་ཅན་རྒྱུ་སྟེ་ཚུལ་ཆེན་པོ། །སེམས་ཅན་དོན
ཆེན་དགོངས་པའི་དོན། །སེམས་དཔའ་སེམས་དཔའ་ཁྱོད་ཕྱག་འཚལ། །སངས་རྒྱས་ཆོས་ཏེ་ཆོས་ཆེན་པོ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །སྨྲ་བ་ཆེན་པོ་རང་རིགས་མཆོག་།སེམས་དཔའ་ཆེན་པོ་ཁྱོད་ཕྱག་འཚལ། །ལས་ཆེན་བསྲུང་བ་ཆེན་པོ་སྟེ།
ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཉིད་ཆེན་སེམས་ཅན་སྤྱོད་པ་མཆོག་།སེམས་དཔའ་རྒྱུ་ཁྱོད་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་པ་ཀུན་བརྙེས་པ། །ཀུན་མཁྱེན་ཡེ་ཤེས་མཁྱེན་པ་པོ། །ཤེས་རབ་ཆེན་པོ་ཁྱོད་ཕྱག་འཚལ། །ཐུགས་རྗེ་ཆེན་པོ་མཆོག་གི་མཆོག
ཐུགས་རྗེ་ཐུགས་རྗེའི་བདག་ཉིད་དེ། །ཐམས་ཅད་གཏོང་བ་བྱམས་པ་ཆེ། །ཀུན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཤཱཀྱ་སིངྒེ་ཤཱཀྱ་ཆེ། །ཤཱཀྱའི་ཤཱཀྱ་ཐུབ་པ་ཆེ། །འདུལ་བ་ཆེན་པོ་ཁྱབ་པ་པོ། །འགྲོ་དོན་འདུལ་མཆོག་ཁྱོད་ཕྱག་འཚལ། །ཆོས་ཀྱི་དབྱིངས་དང་མཉམ
བརྙེས་པ། །ཆོས་དབྱིངས་དེ་བཞིན་གཤེགས་པ་སྟེ། །རྡོ་རྗེ་མགོན་པོ་མགོན་ཆེན་པོ། །སེམས་ཅན་ཚོགས་ནི་ཁྱོད་ཕྱག་འཚལ། །འོད་ཆེན་སྣང་བ་ཆེན་པོ་སྟེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །དཔལ་བ་ཆེན་པོ་རབ་དཔའ་མཆོག་།བདེ་སྤྱོད་དཔའ་བ་ཁྱོད་ཕྱག
འཚལ། །ཚངས་པར་དབྱུང་བཅོམ་ལྡན་འདས། །ཤཱཀྱ་དཔའ་བོ་ཐུབ་པ་ཆེ། །ཀུན་བདག་ཐུབ་པ་དག་པ་ཡི། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ནམ་མཁའ་ཨི་སྐུ་སྟེ་སྐུའི་མཆོག་།སྐུ་གསུམ་སྐུ་མིན་སྟོན་པ་པོ། །ཀུན་གྱི་སྐུ་སྟེ་སྐུ་ཆེ་བ། །རྡོ་རྗེའི་སྐུ་ཁྱོད་ཕྱག་འཚལ་ལོ།།
གསུང་མིན་གསུང་སྟེ་གསུང་གི་མཆོག་། གསུང་གསུམ་གསུང་མིན་སྟོན་པ་པོ། །གསུང་ཀུན་ཤིན་ཏུ་གསུང་ཆེ་བ། །རྡོ་རྗེའི་གསུང་ཁྱོད་ཕྱག་འཚལ་ལོ། །སེམས་མིན་སེམས་ཏེ་སེམས་ཀྱི་མཆོག་།སེམས་གསུམ་སེམས་མིན་སྟོན་པ་པོ། །ཀུན་གྱི་སེམས་ཏེ་སེམས
ཆེ་བ། །རྡོ་རྗེའི་སེམས་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་མ་ཡིན་རྡོ་རྗེའི་མཆོག་།རྡོ་རྗེ་གསུམ་པ་རྡོ་རྗེ་སྤྱོད། །རྡོ་རྗེ་ཐམས་ཅད་རྡོ་རྗེ་ཆེ། །རྡོ་རྗེ་རྡོ་རྗེ་ཁྱོད་ཕྱག་འཚལ། །ཀུན་ཁྱབ་སྲིད་པའི་རྩེ་མོ་མཆོག་།བདེ་གཤེགས་བདག་པོ་རྒྱལ་བ་ནི། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ།
སྣང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མཚན་བརྒྱ་རྩ་བརྒྱད་འདི་དག་ནི། །གང་གི་ལན་ཅིག་ཉན་བྱེད་དམ། །ཀློག་གམ་ཡང་ན་བསྒོམ་ཡང་རུང། །ཀུན་གྱིས་སངས་རྒྱས་ཉིད་ཐོབ་འགྱུར། །དེ་ནས་རིམ་པ་འདི་ཕབ་སྟེ། །གཟུགས་བརྙན་ལ་ཞུགས་པ་དང། བཅིང་བ་དང། མཉེས
པ་བྱས་ནས་བཞུགས་སུ་གསོལ་ལོ། །རྡོ་རྗེ་ཁུ་ཚུར་བཅིངས་ལ་ལག་པ་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་ཏེ། ཁ་ཕྱིར་བལྟས་པར་བཞག་ལ། གཡོན་པའི་མཐེའུ་ཆུང་བཀུག་སྟེ་གཡས་པའི་མཛུབ་མོའི་དྲུང་དུ་བཞག་ལ་དགུག་པར་བྱ་ཞིང་དེ་ཡང་ལྷ་རྣམས་སྤྱན
འདྲེན་པའི་ཚུལ་གྱིས་གཞག་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་བཛྲ་ཨཾ་ཀུ་ཤ་ཛགཉིས་གཤིབས་ལ་རྒྱབ་སྦྱར་ཏེ། མཐེའུ་ཆུང་གཉིས་ལྕགས་སྒྲོག་ལྟར་མདུད་ལ་མཛུབ་མོའི་རྩེ་མོ་སྦྱར་ནས་ཞགས་པ་དང་འདྲ་བར་བཞག་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་བཛྲ་པཱ་ཤ་ཧཱུཾ་ཞེས་བྱ་བ་སྟེ། འདིས་རང་གི་སྐུའི་གཟུགས
བརྙན་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པ་རྣམས་ལ་ཡང་དག་པར་ཞུགས་པར་གྱུར་པར་བསམ་མོ། །རྡོ་རྗེ་ཁུ་ཚུར་གཉིས་པོ་ཉིད་ཀྱི་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་ལྕགས་སྒྲོག་བཅིང་པའི་ཚུལ་དུ་བཅིང་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་སྟེ། འདིའི་སྔགས
ནི་ཨོཾ་བཛྲ་སཕོཊ་བཾ་ཞེས་བྱ་བ་སྟེ། འདིས་བྱིན་གྱིས་བརླབས་པར་གྱུར་པར་བསམ་མོ། །དེ་ཉིད་ལས་ལག་པའི་རྒྱབ་གཉིས་དྲིལ་བུ་བཞིན་དུ་བསྐྱོད་པ་ནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨོཾ་བཛྲ་གྷཎ་ཌེ་ཧོ་ཞེས་བྱ་བ་སྟེ། འདིས་དངོས་སུ་མཉེས
པར་གྱུར་པར་བསམ་མོ། །དེ་ནས་དམ་ཚིག་གི་ཕྱག་རྒྱས་དམ་ཚིག་ལས་མི་འདའ་བར་བྱ་བའི་ཕྱིར་བྱིན་བརླབས་ལ། དེའི་འོག་ཏུ་རང་གི་ལས་ལ་སྦྱར་བར་བྱ་སྟེ། བྱིན་གྱི་རློབ་པར་མ་བྱས་པར་ལས་རྣམས་ལ་ངེས་པར་སྦྱར་བ་ནི་ནམ་མཁའ་ཨི་མེ་ཏོག་དང་འདྲ
བས་ན། །དང་པོར་དམ་ཚིག་གི་ཕྱག་རྒྱ་ཉིད་བསྟན་པར་བྱའོ། །ལྷ་དང་ལྷ་མོ་འདི་དག་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་ཕྱག་རྒྱ་ནི་ཐུགས་ཀར་རང་གི་ས་བོན་གྱི་ཡི་གེ་རྣམས་བསམས་ལ། སྔགས་དང་བཅས་པ་བརྗོད་པར་བྱའོ། །དེ་ལ་འདི་དག་ནི་དམ་ཚིག
གི་ཕྱག་རྒྱ་དང། ས་བོན་གྱི་ཡི་གེ་སྟེ། ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ནི་རྡོ་རྗེ་མཆོད་རྟེན་བྱིན་གྱིས་བརླབས་ལ། དེའི་ནང་དུ་ཆོས་ཀྱི་ཕྱག་རྒྱ་ནི་ཏིང་ངེ་འཛིན་གྱི་སེམས་དཔའ་ཨི་ངོ་བོ་ཉིད
དེའི་ནང་དུ་སྣ་ཚོགས་རྡོ་རྗེ་འཆང། ?་ཀྱི་དབུས་སུ་ཡི་གེ་ཨགཟུགས་ཅན་ཉིད་དུ་བསམ་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་བཅིང་བའི་དུས་སུ་ནི་དམ་ཚིག་གི་ཕྱག་རྒྱ་ལ་ཡིད་ཀྱི་དམིགས་པར་བྱའོ། །ལས་ཀྱི་ཕྱག་རྒྱ་བསྟན་བའི་དུས་སུ་ནི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཏེ་འདི་ནི་ཁྱད་པར་ཡིན་ནོ། །རྡོ་རྗེ་སྒེག་མོའི་ནི་རྡོ་རྗེ་དང
ཡི་གེ་ཧོའོ། །རྡོ་རྗེ་འཕྲེང་བ་མ་ནི་རྡོ་རྗེའི་འཕྲེང་བ་དང་ཡི་གེ་རི་མོ། །རྡོ་རྗེ་གླུ་མའི་ནི་པདྨ་དང་ཡི་གེ་གིའི་འོ། །རྡོ་རྗེ་གར་མཁན་མའི་ནི་སྣ་ཚོགས་རྡོ་རྗེ་དང། ཡི་གེ་ཀྲཾ་མོ། །རྡོ་རྗེ་བདུག་པ་མའི་རྡོ་རྗེ་དང་ཡི་གེ་ཨཱམེ་མའི་ནི་པདྨ་དང་ཡི་གེ་དིའོ། །རྡོ་རྗེ་བླུག་པ་མའི་ནི་སྣ་ཚོགས་རྡོ་རྗེ་དང་ཡི་གེ་བཾ་མོ། །རྡོ་རྗེ་ལྕགས་ཀྱུ་མའི་ནི་རྡོ་རྗེ་ལྕགས་ཀྱུ་དང་ཡི་གེ་ཛབ་ཨུའི་ནི་རྡོ་རྗེ་དྲིལ་བུ་དང་ཡི་གེ་ཧོགཟུགས་ཅན་ཏེ། ཐུགས་ཀར་པདྨ་དང། ཡི་གེ་ཧྲཱིཤེས་པར་བྱའོ། །དེ་ལྟར་སོ་སོར་བསམས་ལ། རིམ་པ་འདིས་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་དམ་ཆོག་གི་ཕྱག་རྒྱ་སྔར་བཤད་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་དྷཱ་ཏུ་ཛབརྗོད་པར་བྱའོ། །སེམས་མ་རྡོ་རྗེ་ལ་སོགས་པ་ནི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱི་གནས་པ་མེད་པས་དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དག་མེད་དེ། དེའི་བདག་པོའི་ཕྱག་རྒྱ་ཉིད་བཅིངས་ལ་སྔགས་བརྗོད་པར་བྱ་སྟེ། མི་བསྐྱོད་པའི་ཕྱག་རྒྱ
ཅ་ཨིངས་པའམ་སྔར་བཤད་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་སེམས་མ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ཧཱུཾ་སཏྭ་བཛྲ་ཛཧ་ཨོབཛྲ་ཛྙཱ་ན་ཞེས་བརྗོད་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་མཉམ་པར་བྱས་ཏེ། སྙིང་གར་བཞག་པ་ནི་རྡོ་རྗེ་སྒེག་མོའི་ཕྱག་རྒྱ་སྟེ་འདིའི་སྔགས་ནི་ཧོསུ་བཞིག་ལ་ཕྱེ་སྟེ། མེ་ཏོག་གི་ཕྲེང་བ་འཆིང་བ་ལྟར་བྱེད་ཅིང་རང་གི་མགོ་བོའི་རྒྱབ་དུ་མདུད་པ་པོར་བ་ནི་རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་རཏན་བཛྲ་མཱ་ལ་ཛདུ་བལྟས་པར་བྱས་ཏེ། ཕན་ཚུན་བལྟས་པར་བསྒྲེང་བ་ནི། རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་གཱབསྡམས་པ་བཅིངས་ལ་དེ་ནས་དལ་བ་ཉིད་དུ་རྡོ་རྗེ་བསྡམས་པ་སྙིང་གར་བཀྲོལ་ལ་ལག་པ་གང་དང་གང་དུ་འགྲོ་བ་དེ་དང་དེར་སྨིན་མ་འདེབས་ཤིང་རོལ་པ་དང་བཅས་པའི་ལྟ་བས་བལྟས་ལ། དང་པོར་གཡོན་ལོགས་སུ་རྡོ་རྗེ་བསྡམས་པ་བཀྲོལ་པ་ལག
པོ་?་ལེའུ་ཆུད་ལ་སོགས་པའི་སོར་མོ་ལག་པ་གཡོན་པའི་སྟེར་དུ་ལག་པའི་མཐིལ་ལ་མངོན་པར་ཕྱོགས་པར་བཀུག་ནས་ལག་པ་གཡོན་པའི་རྒྱབ་དུ་དྲངས་ལ། ལག་པ་གཡོན་པའི་སོར་མོ་གཉིས་ཀྱང་མཐེའུ་ཆུང་ལ་སོགས་པ་ནས་ལག་པའི་མཐིལ་དུ་བསྐུམས
ཏེ་ལག་པ་གཡས་པའི་རྒྱབ་ཀྱི་ཆ་ཉིད་ལ་ལག་པ་གཡོན་པའི་རྒྱབ་སྤྲད་ལ་གཡོན་ལོགས་སུ་བལྟ་བ་དང་བཅས་པར་མགོ་ཅུང་ཟད་བཏུད་ལ་ཁུ་ཚུར་གཉིས་ཅུང་ཟད་མངོན་དུ་ཕྱོགས་པ་ལས་མཛུབ་མོ་དང་མཐེའུ་ཆུང་ལེགས་པར་མངོན་དུ་ཕྱོགས་པ་གཞག་ལ། འོག
ཏུ་?་པའི་ལག་པ་གཡོན་པའི་ཁུ་ཚུར་ཀྱི་མཛུབ་མོ་ལ་སོགས་པ་དང། སྟེང་ན་གནས་པའི་ལག་པ་གཡས་པའི་མཐེའུ་ཆུང་ལ་སོགས་པ་ནས་རིམ་གྱིས་སོར་མོ་རྣམས་དགྲོལ་བར་བྱས་ལ་ལག་པ་གཉིས་བལྟ་བ་དང་བཅས་པར་བསྐོར་ལ་རིམ་གྱི་སྙིང་གར་ཕྱོགས་?་བསྡུས་ཏེ་པདྨ་ལྟ་བུར་བཞག་ལ་པདྨ་བསྐོར་བར་བྱའོ། །དེ་ནས་དེ་ཉིད་བཀྲོལ་ལ་གཡས་པར་བྱ་བ་གཡོན་གྱིས་བྱས་ལ། གཡོན་པར་བྱ་བ་གཡས་ཀྱིས་བྱས་ནས། ཁུ་ཚུར་གཉིས་གཡས་ལོགས་སུ་དྲངས་ཏེ། དེ་བཞིན་དུ་དཀྲོལ་ལ་སྙིང་གའི་ཕྱོགས་སུ་པདྨ་བྱའོ། །དེ
ནས་དེ་ཉིད་གྱེན་དུ་བཏེག་ལ་མཐོང་བའི་སྤྱོད་ཡུལ་གྱི་བར་དུ་མིག་གིས་བལྟས་ལ། ལྟ་བས་ཕྱག་བྱེད་ཅིང་སྤྱི་གཙུག་གི་ཕྱོགས་སུ་བཞག་པར་བྱ་བ་ནི་རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཀྲི་བཛྲ་མྲི་ཏྱ་ཛཔ་བཅིངས་ལ་བདུག་སྤོས་ཀྱི་རྒྱན་འབྱུང་བ་ལྟར་བྱ་བ་ནི་རྡོ་རྗེ་བདུག་པ་མའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨཱརྗེ་མེ་ཏོག་མའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཏྲ་བཛྲ་པུཥཔེ་ཛསྟེ་། འདིའི་སྔགས་ནི་དཱི:བཛྲ་ཨཱ་ལོ་ཀེ་ཛ:ཧཱུཾ་བཾ་ཧོབྱ་བའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་ཏེ་འགུགས་པའི་ཚུལ་དུ་བསྐྱོད་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་སྟེ། འདིའི་སྔག་ག་ནི་ཛཔོ་གཉིས་མདུད་པར་བྱ་བ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ། འདི་ཉིད་ཀྱི་སྔགས་ནི་ཧཱུཾ་བཛྲ་པཱ་ཤ་ཛལྕགས་སྒྲོག་གི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་བཾ་བཛྲ་སཕོ་ཊ་ཛནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཧོབཞིའི་དཀྱིལ་འཁོར་བའི་ལྷ་རྣམས་ལས་ངེས་པར་སྦྱར་བར་བྱའོ། །དེ་ལ་ལས་ནི་འདི་དག་ཡིན་ཏེ། བཅོམ་ལྡན་འདས་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱས་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་འགྲོ་བ
བྱིན་གྱིས་བརླབས་ནས། སེམས་ཅན་ཐམས་ཅད་ཀྱི་སྐྱབས་མཛད་པར་རྣམ་པར་དག་པ་ཉིད་དུ་མཛད་པར་བསམ་པར་བྱའོ། །རྡོ་རྗེ་སེམས་མ་ནི་རྡོ་རྗེའི་ནང་དུ་ཆུད་པ་སྐུ་མདོག་དཀར་བ་དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར
བརྒྱན་པ། བཅོམ་ལྡན་འདས་མི་བསྐྱོད་པའི་རྡོ་རྗེ་རིགས་བྱིན་གྱིས་བརླབ་པར་མཛད་པར་གནས་ཤིང་ས་གནོན་གྱི་ཕྱག་རྒྱ་བཞུགས་པར་བསམ་པར་བྱའོ། །རིན་ཆེན་སེམས་མ་རིན་པོ་ཆེའི་ནང་དུ་ཆུད་པ་སྐུ་མདོག་སེར་པོ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་དང
ལྡན་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཚན་དང་དཔེ་བྱད་ཐམས་ཅད་ཀྱི་ཐུན་མོང་སྟེ་ཁྱད་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་བདག་ལ་བྱིན་གྱིས་རློབ་པར་བཞེད་པ།
མཆོག་སྦྱིན་གྱི་ཕྱག་རྒྱས་བཞུགས་པར་བསམ་མོ། །ཆོས་ཀྱི་སེམས་མ་ནི་པདྨའི་ནང་དུ་ཆུད་པ། སྐུ་མདོག་དམར་བ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་དང། ཆོས་ཀྱི་རིགས་ཀྱི་དབང་བསྐུར་བར་བྱེད་པ་ཏིང་ངེ་འཛིན་མཆོག་གི་ཕྱག
རྒྱས་བཞུགས་པར་བྱའོ། །ལས་ཀྱི་སེམས་མ་ནི་སྣ་ཚོགས་རྡོ་རྗེའི་ནང་དུ་ཆུང་པ་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་བྱིན་གྱིས་རློབ་པར་བྱེད་པ་དང་ལས་ཀྱི་རིགས་ཀྱི་དབང་བསྐུར་བ་སྩོལ་བ། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་བཞུགས་པར་བསམ་པར
བྱའོ། །རྡོ་རྗེ་སྒེག་མོ་ནི་སྐུ་མདོག་དཀར་པོ་བཅོམ་ལྡན་འདས་ལ་སྒེག་པ་ལ་སོགས་པས་དཀའ་བའི་མཆོད་པ་བྱེད་པ། གཡོན་ཕྱོགས་སུ་ཅུང་ཟད་འདུད་པར་བྱེད་ཅིང་མངོན་པར་འདོད་པ་དང་བཅས་པས་བལྟ་བར་བྱེད་པར་བསམ་མོ། །རྡོ་རྗེ་ཕྲེང་བ་མ་ནི་མདོག
སེར་པོ་རྡོ་རྗེས་མཚན་པའི་མེ་ཏོག་གི་ཕྲེང་བ་ཕྱག་གི་པདྨ་གཉིས་ཀྱིས་བསྣམས་པ། བཅོམ་ལྡན་འདས་ལ་རིན་པོ་ཆེའི་དབང་བསྐུར་བ་སྟོན་པར་བསམ་པར་བྱའོ། །རྡོ་རྗེ་གླུ་མཁན་མ་ནི་སྐུ་མདོག་དམར་མོ་རྡོ་རྗེས་མཚན་པའི་པི་ཝང་ཐོགས་ཏེ་དེ་བཞིན་གཤེགས
པ་ཐམས་ཅད་ཀྱི་ཆོས་ཀྱི་ཕུང་པོ་སྟོན་པར་བྱེད་པ་སྟེ། ཇི་ལྟར་པདྨ་རབ་དམར་བ་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་སྟོན་པའི་ཚིག་གིས་དེ་ཁོ་ན་ཉིད་སྟོན་པར་བསམ་པར་བྱའོ། །རྡོ་རྗེ་གར་མཁན་མ་ནི་སྐུ་མདོག་ལྗང་གུ་མེ་ཏོག་གི་ཐལ་མོ་ལ་སོགས་པའི
ཀར་ཐབས་ཀྱིས་དགའ་བའི་ཡིད་འཕྲོག་པའི་ཡན་ལག་བསྐྱེད་པ་དང་རྗེས་སུ་འབྲེལ་པ་ཡན་ལག་ཅན་དང་ཚིག་ཅན་དང། རྗེས་སུ་མཚོན་པ་དང། སེམས་དཔའ་ཨི་ཚུལ་གྱི་སྒོའི་ཆགས་པའི་ཉམས་དང་ལྡན་བས་དེ་བཞིན་གཤེགས་པའི་གར
ཀྱི་འཁོར་ལོ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་གར་མཛད་པ། དེ་བཞིན་གྷསེགས་པ་མ་ལུས་པ་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་གྱིདཀྱིལ་འཁོར་དང་བཅས་པ་ལ་རབ་ཏུ་འཇུག་ཅིང་སྒེག་པ་ལ་སོགས་པའི་མཆོད་པའང་བྱེད་པར་བསམ་པར་བྱའོ། །ལྷ་མོ་བདུག
པ་ཨ་མ་ནི་ཨཽ་ཏཔལ་སྔོན་པོ་འདབ་མ་ལྟ་བུའི་མདོག་ཅན་བདུག་སྤོས་ཀྱི་སྤྲིན་རབ་ཏུ་འཛིན་ཅིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྐུལ་བར་བྱེད་པར
བསམ་པར་བྱའོ། །རྡོ་རྗེ་མེ་ཏོག་མ་ནི་སྐུ་མདོག་སེར་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཀྱི་མེ་ཏོག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཀུན་ཏུ་འཐོར་བར་བྱེད་པར་བསམ་པར་བྱའོ། །རྡོ་རྗེ་མར་མེ་མ་ནི་སྐུ་མདོག་དམར་མོ
ཕྱག་ན་མར་མེ་ཐོགས་ཏེ། དེ་ཉིད་ནས་འཇིག་རྟེན་ཀྱི་ཁམས་དཔག་ཏུ་མེད་པར་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དང། ཡིད་བཞིན་གྱི་ནོར་བུའི་འོད་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། བཅས་པ་དང།
ཉན་ཐོས་དང། རང་རྒྱལ་བ་དང། ལྷ་དང། ཀླུ་ཐམས་ཅད་དང། དེ་ལས་བཞན་པ་སྣོད་ཀྱི་འཇིག་རྟེན་དག་ཀྱང་ཤིན་ཏུ་གསལ་བར་གྱུར་པར་བསམ་པར་བྱའོ། །རྡོ་རྗེ་དྲི་ནི་མདོག་ལྗང་གུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང།
ཤེས་རབ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དེ་བཞིན་གཤེགས་པ་རྣམས་ཀྱི་དྲི་ཆེན་པོ་སེམས་ཅན་ཐམས་ཅད་ལ་གྱུག་པར་བྱེད་པར་བསམ་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ནི་སྐུ་མདོག་དཀར་པོ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པར
བྱེད་པ། སེམས་ཅན་ཐམས་ཅད་སུ་སྟེགས་ཀྱི་ལམ་ལས་བཟློག་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པར་སེམས་འདྲེན་པར་བྱེད་པར་བསམ་པར་བྱའོ། །རྡོ་རྗེ་ཞགས་པ་ནི་སྐུ་མདོག་སེར་པོ་ཞགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
དཀྱིལ་འཁོར་དུ་བཞུགས་ཏེ། སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ལམ་ལ་འཛུད་པར་བསམ་པར་བྱའོ། །རྡོ་རྗེ་ལྕགས་སྒྲོག་ནི་སྐུ་མདོག་དམར་བ་རྡོ་རྗེ་ལྕགས་སྒྲོག་གིས་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་རློབས་པར་བྱེད་པ་དང། སེམས་ཅན
གཤེགས་པ་ཐམས་ཅད་ཡོངས་སུ་མཉེས་པར་བྱེད་པ་དང། སེམས་ཅན་བྱའོ། །རྡོ་རྗེ་དྲིལ་བུ་ནི་སྐུ་མདོག་ལྗང་གུ་སྙིང་རྗེ་དང་ཤེས་རབ་ཀྱི་རང་བཞིན་གྱི་རྡོ་རྗེ་དང་དྲིལ་བུས་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་མཉེས་པར་བྱེད་པ་དང། སེམས་ཅན་རྣམས་ཀྱང
སངས་རྒྱས་ཀྱི་ལམ་ལ་གནས་པར་བྱེད་པར་མ་བསམ་པར་བྱའོ། །དེ་དག་གི་ལས་ཀྱི་ཕྱག་རྒྱ་ནི་འདི་དག་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་པའི་མཛུབ་མོ་སྒྲེང་ལ་གཡས་པའི་ཁུ་ཚུར་གྱི་ནང་དུ་བཅུག་པ་འདི་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཞེS་བྱ
སྟེ། འདི་ནི་བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཀྱི་ངོ་བོ་ཉིད་དོ། །རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་དང། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཡང་སྣ་ཚོགས་རྡོ་རྗེ་བསམས་ལ། ལྕེའི་དབུས་སུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསྒོམས་ཏེ། ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ
ཞིང། སྔར་བསྟན་པའི་སྔགས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་སེམས་མ་ལ་སོགས་པ་རྣམས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་མེད་ཅིང་ལས་ཀྱིས་ཕྱག་རྒྱ་ཡང་བསྟན་པ་མེད་པས།
མི་བསྐྱོད་པ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་དང། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་དེ་དག་ཀྱང་དེ་དང་ཐ་མི་དང་པ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་བརླ་གཡོན་པའི་རྩ་བར་བཞག་ལ། གཡས་པ་བུས་མོ་གཡས
པའི་སྟེང་དུ་བརྐྱང་ནས་ལག་པ་ཐུར་དུ་བསྟས་པས་ས་ལ་རེག་པ་ལྟ་བུར་བཞག་པ་ནི་ས་གནོན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་བཅིངས་ལ་ལག་པ་གཡས་པ་གན་རྐྱལ་དུ་བྱས་ཏེ། ལག་པ་གཡས་པ་ལ་གནས་པའི་ཡིད་བཞིན་གྱི་ནོར
བུའི་ཆར་འབེབས་པས་མཆོག་སྩོལ་བའི་ཚུལ་དུ་གཞག་པ་ནི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་པ་དབང?་བཞག་སྟེ་སྙོམས་པར་ཞུགས་པ་བཞིན་དུ་གནས་པ་ནི་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་པ
གཡོན་ལོགས་སུ་སྔ་མ་བཞིན་དུ་བཞག་ནས། གཡས་པ་བ་ངན་གྱི་ལག་པའི་ཚུལ་དུ་བཞག་ལ་མི་འཇིགས་སྦྱིན་པ་ལྟར་བདག་དང་ཉེ་བར་འཇོག་པ་ནི་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་སྟེ། འདི་དག་ནི་རིམ་པ་ཇི་ལྟ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས
པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། བརླ་རྩ་གཉིས་སུ་བཞག་སྟེ་གཡོན་ཕྱོགས་སུ་བཏུང་ལ་སྣ་ཚོགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་སྔར་བཤད་པ་བཞིན་དུ་བསམ་པར་བྱའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་མགོ་ལ་འཕྲེང་བ་འཆིང
བའི་ཚུལ་དུ་ལས་ཀྱི་ཕྱག་རྒྱ་སྔ་མ་བཞིན་དུ་ཤེས་པར་བྱ་སྟེ། དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བ་ཡིན་ལ། འདི་དག་ནི་རྡོ་རྗེ་ཁུ་ཚུར་ལས་བྱུང་བ་ཡིན་པས་ན་ཁྱད་པར་ནི་དེ་དག་ཡོད་དོ། །དེ་ནས་རིམ་པ་འདི་རྡོ་རྗེ་བདུག་པ་མ་ལ
སོགས་པ་ཕྱི་རོལ་གྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་དཀྱིལ་འཁོར་གསང་པའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པར་བྱ་སྟེ། སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་དེའི་འོག་ཏུ་རྡོ་རྗེ་བདུག་པ་མ་ལ་སོགས་པའི་ས་བོན་གྱི་ཡི་གེ་བསམས
ལ། དེ་སྤྲོས་པ་ལས་བདག་ཉིད་རྡོ་རྗེ་བདུག་པ་མ་ལ་སོགས་པའི་གཟུགས་སུ་ཡོངས་སུ་གྱུར་པར་བསམས་ནས་ལག་པས་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་དུས་སུ་དེ་ཉིད་ཀྱི་སྔགས་འདོན་ཅིང་འཁོར་བ་ཐམས་ཅད་དུ་སྤྲོས་ནས་རྡོ་རྗེ་གདུག་པ་མ་ལ
སོགས་པའི་གཟུགས་ཀྱི་སྔར་བཤད་པའི་ལས་རྣམས་བྱས་ནས་མཆོད་པར་བྱའོ། །དེ་ནས་ཡང་དག་པར་བསྡུས་ནས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་གྱི་ནང་ན་གནས་པའི་རྡོ་རྗེ་བདུག་པ་མ་ལ་སོགས་པ་ལ་གཞུག་ཅིང་བཅིངས་པ་དང། དབང་དུ་བྱས་ཏེ་བཞག
པར་བྱའོ། །དེ་བཞིན་དུ་རྡོ་རྗེ་གར་མཁན་མའི་བར་ཐམས་ཅད་ཀྱི་མཆོད་པར་བྱ་སྟེ། རང་གི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་སྔོན་དུ་སོང་པ་ལས་རང་གི་ལྷའི་གཟུགས་སུ་གྱུར་ཏེ་སྔ་མ་བཞིན་དུ་གནས་སོ། །དེ་ནས་བསྟོད་པས་མཆོད་པར་བྱ་སྟེ། རྡོ་རྗེ་སེམས
དཔལ་བསྡུས?་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུང་བླངས་པ། །རྡོ་རྗེ་ལས་ཀུན་བྱེད་པའོ། །ཞེས་བྱ་བའི་རྐང་པ་རེ་རེ་དང་གསང་བའི་མཆོད་པའི་དུས་སུ་སྒེག་མོ་ལ་སོགས་པ་དང་རིམ་པ་ཇི་ལྟ་བ་བཞིན་དུ་རྐང་པ་བཞི་དང་གླུ་བླང་བར་ཤེས་པར་བྱའོ། །
གཟུགས་སོགས་འདོད་པའི་བདེ་བ་དམ་པའི་ཐུགས། །བཅོམ་ལྡན་ཁྱོད་ནི་གླུར་བར་བསྡུས་པ་སྟེ། །བདག་ལ་དེང་ནི་དགའ་བདེ་ཀུན་མཛོད་ཅིག་།དམ་པའི་བདག་ཉིད་ཆོ་ག་བཞིན་མྱུར་གྲུབ། །དེ་ནས་བསྒོམ་པ་འདི་དག་བྱས་ནས་དེ་བཞིན་གཤེགས་པ་ཐམས
ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་པ། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ལ་རབ་ཏུ་འཇུག་པའི་གླུ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་བརླབས་པ་གླུར་ལེན་ཅིང་བསྟོད་པས་མཆོད་པར་བྱའོ། །རྡོ་རྗེ་སྒེག་མོ་ལ་སོགས་པ་འང་རང་གི་ས་དོན
ལས་སྤྲོ?་བར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་ལྷ་མོ་རྣམས་ཀྱི་རང་རང་གི་ང་རྒྱལ་དང་ལྡན་པས་རང་དང་རྗེས་སུ་མཐུན་པའི་མཆོད་པ་ལ་བརྩོན་པས་འགྲོ་བ་མ་ལུས་པར་བཀང་ལ་གླུ་བླང་བར་བྱའོ། །ཇི་སྐད་དུ་།དེ་ནས་དེ་ཉིད་དམ་པ
ཡིས། །ཐད་པ་ཐམས་ཅད་རྨོངས་པ་ཡི། །རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་ལ། །གླུ་འདི་ཡིས་ནི་བསྐུལ་བར་བྱ། །རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདམོ་ཡི། །རྣམ་པར་དག་པའི་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པ་།མཆོག་ཏུ་རྟག་པའི་རྣལ
འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །ཀྱེ་མའོ་མཆོག་ཏུ་བདེ་བ་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་ཤིན་ཏུ་རྣལ་འབྱོར་སྐལ་བཟངས་མཆོག་།དགྱེས་པ་རང་གི་དམ་ཚིག་སྐྱོན་མེད་རྟག་ལ་རོལ་ཅིག་རོལ་ཅིག་ཧོ། །ཀྱེ་མའོ་མཆོག
ཏུ་གསང་བའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར། །རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །འགྲོ་བའི་རྒྱུད་ནི་རྣམ་པ་སྣ་ཚོགས་གདུལ་བར་གསལ་བར་མཁྱེན། །དམ་ཚིག་ཐམས་ཅད་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར། །རྒྱལ་བ
ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་མཁའ་འགྲོ་སྒྱུ་མའོ། །ཀྱེ་མ་དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་བསྒྲུབས་ལ་སྟོན། །ཛ:ཧཱུཾ་བཾ་ཧོ:ཀྱེ་མའོ་བདེ་མཆོག་བདེ་བ་དྲོངས། །རྣམ་པར་སྤྲུལ་ཧཱུཾ་སྣང་བར་མཛོད། ། ལ་ལ་ཧོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།།
མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས། སློབ་མར་རབ་ཏུ་གཞུག་ཏུ་གསོལ། །གླུ་ཡི་རྒྱལ་པོ་འདི་དག་གིས། །རྡོ་རྗེ་སེམས་དཔའ་དཔལ་ལ་བསྟོད། །ཀུན་གྱི་སྒྱུ་མ་བདེ་བའི་མཆོག་།མ་ལུས་ལུས་པ་མེད་པ་འགྲུབ། །གླུ་འདི་དག་ནི་ལེན་པ་ན། །དཀྱིལ་འཁོར་དག་ནི་ཐམས་ཅད་དུ།།
སངས་རྒྱས་ཐམས་ཅད་རྣམ་འཕྲུལ་བ། །མ་ལུས་ལུས་པ་མེད་པ་འགྲུབ། །རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །ོཾ་ཧཱུཾ། དམ་ཚིག་དམ་པ་འགྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད
འགྲུབ་པར་མཛོད། །ོཾ་ཧཱུཾ། མཆོད་པ་ཆེན་པོ་ཐམས་ཅད་འགྲུབ་པར་མཛོད། །གླུ་ཡི་ཕྱག་རྒྱ་འདི་ནི་དཔལ། །རྡོ་རྗེ་སེམས་དཔའ་ལ་གནས་ཏེ། །མཆོད་པ་མ་ལུས་ལུས་མེད་པའི། །རབ་འབྱམས་ལས་ལ་སྦྱར་དུ་རུང། །གང་དག་གྲུབ་པར་མ་གྱུར་དང། །མཛོད
པ་དག་ཀྱང་མི་འབྱོར་པ། །ཕྱག་རྒྱ་འདི་ཡིས་མཆོད་བྱས་པ། །མཆོད་པ་ཐམས་ཅད་མྱུར་དུ་འགྲུབ། །དེ་ནས་དཀྱིལ་འཁོར་འདི་དག་ཐམས་ཅད་རང་རང་གི་སྙིང་གའི་དམ་ཚིག་གི་ཕྱག་རྒྱ་ལ་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ
བཅིངས་ལ། ཨཱ:བཛྲ་དྷཱ་ཏུ་ཛ:ཧཱུཾ་བཾ་ཧོ:བཛྲ་ཛྙཱ་ན་?་བརྒྱ་རྩ་བརྒྱད་བརྗོད་པར་བྱའོ། །དེ་ནས་རིམ་པ་འདིས་གྲུབ་པའི་དཀྱིལ་འཁོར་ཕྱུང་ལ་བཞག་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་སྤྱི་གཙུག་ནས་ཕྱུང་སྟེ། སྔ་མ་བཞིན་དུ་གཞག་ལ། སྔགས་བརྗོད་ནས་དེའི
མཐར་དྲི་ཌཧ་བཛྲ་ཏིཥྛ་ཞེས་བརྗོད་ལ་བརྟན་པར་བྱའོ། །ོཾ་བཛྲ་མུཥྚི་བི་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ཕྱག་རྒྱ་ཡང་རྡོ་རྗེ་དྲིལ་བུ་དང་འདྲ་བར་ཐད་ཀར་བཅིང་བར་ཤེས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གཞག་ནས་དབང་བསྐུར་བར་འདོད
ན། དུང་གི?་ནང་དུ་སྤོས་ཀྱི་ཆུ་སྔར་བཤད་པར་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པ་བཞག་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེར་སྤོས་ཆུ་ཕྱག་རྒྱ་བཞིའི་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དབང་བསྐུར་བ་ཡང་བླང་བར་བྱ
ཞིང་བཅོམ་ལྡན་འདས་འཁོར་དང་བཅས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཟེར་པདྨའི་དྲ་བ་སྟོང་ཕྲག་གི་དབང་བསྐུར་བར་གྱུར་ཅིང་བྱིན་གྱིས་བརླབས་པར་བདག་ཉིད་བསམ་པར་བྱའོ། །དེ་ནས་རྒྱུད་ཕྱི་མའི་རིམ་པས་དཀྱིལ་འཁོར་གྱི་སྒོའི་ཕྱོགས
གཅིག་ཏུ་འདུག་ལ་བསྒོམ་པར་བྱ་བ་འམ། རྡོ་རྗེ་བཟླས་པས་བཟླས་བརྗོད་བྱའོ། །དེ་ནས་བསྒོམས་པ་ཡང་དག་པར་བསྡུས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དེ་ཉིད་དུ་གཞུག་པར་བྱའོ། །ལྷ་གཞན་རྣམས་ནི་རང་གི་དཀྱིལ་འཁོར
གྱི་ལྷའི་ནང་ཉིད་དུ་གཞུག་ལ། དེ་ལྟར་གཉིས་སུ་མེད་པའི་སྦྱོར་བས་ཐ་མི་དད་པར་གྱུར་ནས་རང་གི་ལུས་ཀྱི་བྱིན་གྱིས་རླབ་པར་བྱེད་པའི་དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་རློབ་པར་མཛད་པའི་ཕྱིར་དང། གཟི་བྱིན་བསྲུང་བར་མཛད་པའི་ཕྱིར་དང། གཟི་བྱིན
བསྐྱེད་པར་བྱ་བའི་ཕྱིར་དང། བསྐུལ་བར་བྱ་བའི་ཕྱིར་དང། རང་གི་ལུས་ཉིད་ཀྱི་མཆོག་དགའ་བའི་བདེ་བ་བསྐྱེད་པར་བྱ་བའི་ཕྱིར་ཡང་དག་པར་བསྒོམ་པར་བྱའོ། །བཾ་ཨཾ་ཨ:ོཾ་ཧཱུཾ། ཞེས་བྱ་བ་འདི་ཁ་སྦྱར་གྱིས་སྦྱོར་བས་བདག་དང་དཀྱིལ་འཁོར་བསྒོམ
པར་བྱའོ། རྒྱུད་ཕྱི་མའི་ལས་གསུངས་པའི་སངས་རྒྱས་ཉིད་དུ་བསྒྲུབ་པ་བཤད་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སའི་རྡུལ་ཕྲ་རབ་ཀྱི་ཚུལ་ནམ་མཁའ་དང་རྣམ་པར་ཤེས་པ་ལ་སོགས་པར་བསྒོམ་པ་རྣམས་ཀྱི
སྣང་བའི་ངོ་བོ་ཉིད་དུ་བསམས་ལ། རང་གི་ས་བོན་གྱི་ཡི་གེ་སྤྲོས་པ་ལས་ཕྱག་རྒྱའི་ལྷའི་སྐུ་རང་གི་ལྷའི་གཟུགས་བྱིན་གྱིས་བརླབས་ནས། ཡང་རང་གི་ལུས་ཀྱི་ཕྱག་རྒྱ་ཆེན་པོ་ལ་བཅུག་ལ། དེའི་བདེ་བའི་རེག་པ་ཉམས་སུ་མྱོང་བའི་རང་གི་ས་བོན་གྱི་ཡི་གེ
སྙིང་གར་བཞག་ལ། བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་ཇི་སྲིད་ལན་གཉིས་ལན་གསུམ་གྱི་བར་དུ་བྱས་ན་འདི་དག་ཐམས་ཅད་བརྟན་པར་འགྱུར་ཏེ། བག་ཆགས་ཙམ་དུ་ཡང་འགྲོ་བ་གཞན་ཡིན་པར་བསམ་པར་མི་བྱའོ། །དེ་ལྟར་བསླབས་ན་རིམ་གྱི་ཏིང་ངེ
འཛིན་དང། གཟུངས་དང། སོ་སོ་ཡང་དག་པར་རིག་པ་དང། རྣམ་པར་ཐར་པ་དང། ས་དང། ཡེ་ཤེས་རིམ་གྱིས་འགྱུར་བ་ལ་རྩོམ་པར་འགྱུར་རོ། །དེ་ལ་རོ་མྱོང་བར་གྱུར་ནས་རིམ་གྱི་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །གལ་ཏེ་དེ་ལྟར་མི་འདོད་ན་དེའི་ཚེ
སྙིང་གར་ཟླ་བའི་ཆ་ས་བོན་གྱི་ཡི་གེ་ལས་བསྐྱེད་ལ་དེ་ཉིད་བརྟན་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང། ཆོས་ཀྱི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱ་རྣམས་སྔ་མ་བརྟན་པར་བྱས་ལ་རིམ་གྱི་བསྒྲུབ་པར་བྱའོ། །གལ་ཏེ་རྡོ་རྗེ་ཕྲ་མོ་བསྒོམས་པས་སེམས
ཉིད་བརྟན་པར་བྱ་བར་བསྒྲུབ་པར་འདོད་ན། དེའི་ཚེ་དཔལ་རྡོ་རྗེ་འབྱུང་བའི་རིམ་པའི་མན་ངག་གི་རྡོ་རྗེ་ཕྲ་མོ་བསྐྱེད་པ་བསླབས་ལ་བསྒོམ་པར་བྱ་སྟེ། གཞན་དུ་ན་མིག་ལ་སོགས་པའི་དབང་པོ་རྣམས་རྣམ་པར་གཡེང་བར་འགྱུར་བར་བྱིན་གྱིས་བརླབས་པར་མི
འགྱུར་ཞིང་དངོས་གྲུབ་འགྲུབ་པར་ཡང་མི་འགྱུར་རོ། །དེ་ལྟར་ཇི་སྲིད་དུ་རིམ་པ་འདི་ཉིད་ཀྱིས་བསྒོམས་ན་མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བ་རྣམས་ཀྱང་ལོ་གཅིག་གིས་སངས་རྒྱས་སུ་འགྲུབ་པར་འགྱུར་རོ། །གཞན་དུ་ན་རྡོ་རྗེ་སློབ་དཔོན
སྨོད་པ་རྣམས་ནི་མ་ཡིན་ནོ། །གལ་ཏེ་དེ་ཁོ་ན་ཉིད་གསང་བའི་དེ་ཁོ་ན་ཉིད་སྦས་པའི་རིམ་གྱིས་མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འདོད་ན། དེའི་ཚེ་དཔལ་རྡོ་རྗེ་འབྱུང་བ་ཉིད་ལན་མང་དུ་མཉན་པར་བྱས་ལ། དེ་ཉིད་ཀྱི་ཚིག་འདི་དག་ལེགས་པར་རྟོགས་ནས། དེ་ཉིད
ཀྱི་རིམ་པ་ཉིད་ཀྱིས་སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་པས་བདག་ཉིད་བསྐྱེད་ལ་དེ་ལས་བཤད་པའི་བསྒོམ་པ་ཉིད་ཀྱིས་སངས་རྒྱས་ཉིད་བསྒོམ་པར་བྱ་ཞིང། དེ་ལས་བཤད་པའི་སངས་རྒྱས་ཀྱི་ས་དང། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཅུ་གཉིས་པ་རྡོ
རྗེ་འཛིན་པའི་ས་བསྐྱེད་པར་བྱ་བའི་ཕྱིར་བསྒོམ་པའི་རིམ་པ་དེ་ཡང་འདི་ཉིད་དུ་ཤེས་པར་བྱ་སྟེ། དང་པོ་ཁོ་ནར་རང་གི་ལྷའི་རྣལ་འབྱོར་ཡང་དག་པར་རྫོགས་པར་གྱུར་པ་རྗེས་སུ་དྲན་ལ། འདོད་པའི་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱ་ལག་པས་བཅིངས་ནས། ཊཀྐི་ཧཱུཾ་ཛ:
ཞེས་བརྗོད་ལ། བཅོམ་ལྡན་འདས་སྤྲོས་ནས་སྲིད་པ་གསུམ་པོ་མ་ལུས་པར་འབར་བས་ཀུན་ཏུ་བཀང་སྟེ། བདག་ཉིད་ཀྱི་གཟུགས་ཀྱི་འཁོར་བ་ཐམས་ཅད་དུ་འཇུག་པའི་འཇིག་རྟེན་གྱི་ཁམས་སུ་ཡང་དག་པར་འགྲོ་བར་གྱུར་ཅིང། ལག་པ་བཞི་ལས་ལག་པའི
དཀྱིལ་འཁོར་གྱིས་འདོད་ཆགས་ཀྱི་མདའ་རྣ་བའི་མཐར་ཐུག་གི་བར་དུ་འདྲེན་ཅིང། འཛིན་པ་དང། ལག་པ་གཞན་གྱི་རྡོ་རྗེ་འབར་པ་དང། རྡོ་རྗེ་ལྕགས་ཀྱུའི་དྲིལ་བུ་འཛིན་ཅིང་སྨིན་མ་འདེགས་པར་བྱེད་པ་དང། དཔྲལ་བའི་དབྱེས་བསྙེར་པས་རྣམ་པར་འཕྲོ་ཞིང་ཐུགS
རྗེས་གནོད་མཛེས་ལྟ་བུར་གཡོན་བརྐྱང་བའི་གནས་བར་བྱེད་པ་དང། ཕུན་སུམ་ཚོགས་པ་དང་རྗེས་སུ་མཐུན་བར་སྤྱོད་པ་རྣམས་ཀྱི་དྲག་པོའི་ཉམས་ཕྱི་རོལ་ཏུ་གསལ་བར་བྱེད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར
དཔག་ཏུ་མེད་པ་རྣམས་སུ་ཕྱོགས་བཅུར་ཡང་སོང་སྟེ། བསྐལ་པ་གྲངས་མེད་པ་གསུམ་མམ། བདུན་གྱི་བར་གྱིས་གང་ཕ་རོལ་ཏུ་ཕྱིན་པ་བཅུ་དང། ས་བཅུ་ཡོངས་སུ་ཐོབ་པར་སྦྱང་བར་བྱས་ཏེ། སངས་རྒྱས་ཀྱི་ས་རྡོ་རྗེ་འཛིན་པའི་ས་རྣམས་སུ་དེ་རྣམས་ཀྱི་སེམས
འདོད་ཆགས་ཀྱི་མདས་རབ་ཏུ་བསྣུན་ལ་རྡོ་རྗེ་ལྕགས་ཀྱུས་དྲངས་ནས། རྡོ་རྗེ་དྲིལ་བུས་མཉེས་པར་བྱས་ཏེ། སྤྱན་དྲངས་ནས་མདུན་དུ་ཡང་དག་པར་བཞག་སྟེ། བརྟན་པར་བྱས་ནས་གནས་པར་གྱུར་པར་བསམ་པར་བྱའོ། །དེ་ཡང་འདོད་པའི་རྒྱལ་པོའི
གཟུགས་ཀྱི་རང་གི་སྙིང་གར་ཞུགས་པར་བསམ་པར་བྱའོ། །དེ་ནས་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དང་ས་ནས་བརྩམས་ཏེ། གྲངས་ཇི་ལྟ་བ་བཞིན་དུ་འོག་ནས་བཤད་པའི་ས་བོན་རྣམས་ལས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་བསྐྱེད་ལ། རང་གི་ཕྱག་རྒྱ་བཞི་ལ་གཞུག
པར་བྱ་ཞིང། ཐིམ་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་ཕ་རོལ་ཏུ་ཕྱིན་པ་དང་པོ་ཅིག་གཞུག་པར་བྱའོ། །དེའི་འོག་ཏུ་ས་དང་པོ། །དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་གཉིས་པ། དེའི་འོག་ཏུ་ས་གཉིས་པ་སྟེ། དེ་བཞིན་དུ་གཞུག་པའི་རིམ་པ
ཐམས་ཅད་ལ་ཡང་ཤེས་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་རྡོ་རྗེ་ཕྲེང་བ་མའི་གཟུགས་ཀྱི་ཞུགས་པར་བསམ་པར་བྱའོ། །ས་རྣམས་ཀྱང་རྡོ་རྗེ་སྒེག་མོའི་གཟུགས་ཀྱིས་གཞུག་པར་བྱའོ་ཞེས་མན་ངག་ལས་བཤད་དོ། །དེ་ནས་དེ་རྣམས
བཅུག་ལ་ཐམས་ཅད་ཀྱི་འོག་ཏུ་རྡོ་རྗེ་འཛིན་པའི་ས་སྒེག་མོ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་བར་དུ་སྟེ། དེ་དག་ཀྱང་སངས་རྒྱས་ལྔའི་དབུ་རྒྱན་ལ་གནས་པས་དབང་བསྐུར་བ་བྱས་ལ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ནས་བཞུགS?
པར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྙིང་ག་ནས་བྱུང་བས་བདག་ཉིད་དབང་བསྐུར་བར་བྱས་ལ་སྙིང་པོ་འདིས་བརྟན་པར་བྱ་སྟེ། ཨོཾ་བཛྲ་རཏན་ཨ་བྷི་ཥིཉྩ་སརྦ་མུ་དྲཾ་མཻ་ཏྲི་ཌཧཱི་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ། ཞེས་བྱའོ། །ཉིན་རེ་ཞིང་ཡང་སྦྱོར?
བ་འདི་བསྒོམ་པར་གྱུར་ན། དེ་བཞིན་གཤེགས་པ་ཐམས་ཅད་རང་ཉིད་བྱོན་ནས། འཁོར་བ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ལ་དབང་བྱེད་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བར་གྱུར་པ་ནི་རྒྱུན་མི
འཆད་བ་དང་མི་འཇིགས་པའི་མན་ངག་གོ་། དེ་ནས་དེ་རྣམས་ཀྱི་ས་བོན་གྱི་ཡི་གེ་རྣམས་ནི་འདི་དག་ཡིན་ཏེ། དཾ་ཤཾ་ཀྵཾ་བཾ་དཾ་པྲ:ོཾ་ཧྲཾ་ཨཻཾ་ཨཻཾ་ཨཾ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིའོ། །ཐཾ་བྷྲུཾ་བྷྲཾ་བྷྲ:བྷྲོ་བྷྲ་བྷྲི་བྷྲུ་བྷྲི:བྷྲུ་བྷྲུཾ། ཞེས་བྱ་བ་ནི་ཀུན་ཏུ་བཟང་པོའི་མཐར་ཐུག་པའི
ས་རྣམས་ཀྱིའོ། །ཧཱུཾ་ཏྲཾ་ཧྲཱི:ཾ་ཨ:ཞེས་བྱ་བ་ནི་རྡོ་རྗེ་སེམས་མ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཐར་ཐུག་པའི་བར་གྱི་སྟེ། དེ་དག་ཐམས་ཅད་ཀྱིས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་ས་ཉིད་ཤེས་པར་བྱ་སྟེ། གང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར
པའི་རྒྱུད་ལས་ཀྱང། སེམས་དཔའ་སངས་རྒྱས་ཀུན་གྱིས་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་ཞུགས། །ཞེས་བྱ་བ་ལ་སོགས་པ་གསུངས་བའི་ཕྱིར་རོ། །ལྷའི་ཁང་པ་ནས་ལངས
པ་ན་ཡང། ཕུང་པོ་ལྔ་རྣམས་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་ལ་ལྡང་བར་བྱའོ། །ལངས་ནས་ཀྱང་གཡོན་པ་རྡོ་རྗེ་ཁུ་ཚུར་གོས་ཀྱི་གཡོགས་ལ། བསྒོམ་པ་འམ་བཟླས་པ་བྱ་ཞིང་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཀྱང་མཉམ་པར་མ་བཞག་པའི
སྦྱོར་པས་སྤྱོད་ལམ་རྣམ་བཞིར་བྱ་སྟེ། ཇི་སྐད་དུ་དཔལ་མཆོག་དང་པོའི་རྒྱུད་ལས་ཀྱང། འགྲེད་དམ་ཡང་ན་འདུག་ཀྱང་རུང། །འཆག་གམ་ཇི་ལྟར་གནས་པ་དང། །རྒོད་དམ་རབ་ཏུ་སྨྲ་བ་འམ། །གང་དང་གང་ཡིན་ཇི་ལྟ་བར། །དང་པོ་རྡོ་རྗེ་ཁུ་ཚུར་བཅིང།།
གཡོན་པའི་ལག་པ་གཡོགས་ནས་ནི། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སྙིང་པོའི་དོན་དུ་བཟླས་པ་བྱ། །ཆོ་ག་འདི་ནི་འདོད་པ་བཞིའི་སྦྱོར་བ་ལ་སོགས་པས་བྱ་སྟེ། ཁྱད་པར་གྱི་ཡེ་ཤེས་ཕུལ་དུ་བྱུང་བ་ཐོབ་པས་ནི་ལན་ཅིག་མངོན་པར་འདུས་བྱས
ནས་བསྒོམ་པ་རྒྱུན་མི་འཆད་པའི་སེམས་ཀྱི་བྱ་བ་ལ་ཉེས་པ་མེད་དོ། །ཐུགས་རྗེས་འབྱུང་བ་ཞེས་བྱ་བ་བསྒོམ་པ་དང་བཟླས་པའི་ཆོ་ག་སློབ་དཔོན་ཆེན་པོ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་མཛད་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་
པོ་ཤྲདྡྷ་ཀ་ར་པརྨ་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།སྤྱན་དབྱེ་བའི་ཆོ་ག་བཞུགས་སོ།། །།རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི། བོད་སྐད་དུ། སྤྱན་དབྱེ་བའི་ཆོ་ག།
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།
CLOSE WINDOW