Wylie | e-texts based on the ACIP/ALL ![]() ![]() |
།ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ཞེས་བྱ་བ་བཞུགས་སོ། །*། །རྒྱ་གར་སྐད་དུ་། མཧཱ་མུ་དྲ་ཀ་ན་ཀ་མཱ་ལེ་ནཱ་མ་། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ
ཕྱག་འཚལ་ལོ། །ལྗོན་ཤིང་མེ་ཏོག་འདབ་རྒྱས་འབྲས་བུ་མངར་མང་ཞིང། །ཆོས་ལྡན་རྒྱལ་པོས་སྟོང་གསུམ་ཞིང་དུལ་རྒྱན་གྱིས་མཛེས། ནམ་མཁའ་ཨི་ཉི་ཟླའི་གར་དང་རྒྱུ་སྐར་གར་དང་བཅས། །ཀླུ་རྒྱལ་སྤྱི་བོ་ནོར་བུ་རིན་ཆེན་རྒྱན་གྱིས་བརྒྱན།།
མཛེས་ལྡན་ཡིད་འཕྲོག་སྐྱེས་བུ་མུ་ཏིག་པྲ་ཡིས་སྤྲས?། །མཚན་ལྡན་སངས་རྒྱས་ལྷ་མི་འཁོར་གྱི་ཚོགས་ན་གསལ། །ནོར་བུ་རིན་ཆེན་ཡོན་ཏན་མང་ལྡན་ཡང། །དེད་དཔོན་དང་བྲལ་རྒྱ་མཚོར་བགྲོད་མི་ནུས། །ཐོས་མང་སྡེ་སྣོད་ཡོན་ཏན་ཀུན་ལྡན་ཡང། །བྱིན
བརླབས་དང་བྲལ་སྐྱེ་མེད་དོན་མི་རྟོགས། །དབྱར་གྱི་དུས་ན་སྔོ་རྣམས་སྐྱེ་འགྱུར་ཀྱང། །ཞིང་ལམ་བཏབ་ལོ་ཏོག་འབྱུང་མིན་ལྟར། །འགྲོ་དྲུག་སེམས་ཅན་སངས་རྒྱས་རང་བཞིན་ཡང། །མ་བསྒོམས་རྣམ་གྲོལ་ཡེ་ཤེས་དོན་མི་མཐོང། །མིག་ཡོང
ཐེ་ཚོམ་ལམ་གྱི་འདྲུལ་ཆད་དེ། །འདོད་པའི་ཡུལ་དུ་ཕྱིན་པར་འགྱུར་མིན་ལྟར། །ཡིད་ཆེས་མ་གྱུར་ཐེ་ཚོམ་བློ་ཅན་གྱིས། །བདེ་ཆེན་བྱང་ཆུབ་གོ་འཕང་རྙེད་མི་འགྱུར། །བསྒོམ་དང་མི་བསྒོམ་རྟོག་པ་བློ་ཡི་ཡུལ། །བསྒོམ་མིན་སྙམ་བྲལ་ཡེངས་སུ་མེད
པའི་ས། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །ཀྱེ་འོ་བྱ་བྲལ་སྐྱེ་མེད་བློ་ལས་འདས། །གསལ་སྟོང་འོད་རིག་ཆོས་ཉིད་ཡེ་ཤེས་སྒྲོན། །བདེ་སྟོང་ཟག་མེད་བདེ་ཆེན་རྒྱལ་པོ་ལ། །སྣང་སྟོང་རྟོག་མེད་ཆོས་ཉིད་སྤྱན་པ་ཡིས། །ེ་མ་ངོ་མཚར་ཆོས
ཉིད་བདེན་པ་མཐོང། །སྒྱུ་མ་འོད་གསལ་ཆོས་སྐུ་འོད་དྲང་ཞིང། །སྒྱུ་ལུས་འོད་གསལ་ཆོས་སྐུའི་སྣང་བ་བཟུང། །གཉིས་མེད་ལྷན་སྐྱེས་ཆོས་ཉིད་?་ཕྲད་ཀྱིས། །ཀྱེ་མ་བླ་མ་སངས་རྒྱས་ཨེ་སངས་རྒྱས།། །།ནཱ་ག་ས་ར་པརྱ་པ། །ས
ཝ་ས་ར་ཀ་མ་ཡ། །ཤཱི་ཏི་བྷུ་སུ་བྷི་བ་པ། །དེ་ཀི་ཨཽ་ན་མིན་པ། །བུ་དབྲི?་ཙ་ཏྲ་བྷ་ཏྲ་པ། །ཨཱརྱ་མེ་ཀ་ཀ་རུ་པ། །ར་བི་དི་ཀོ་ཀོབདྷོ་ལི། །བྷ་ག་བི་ར་ནི་ལོ་པའི། །ཀཾ་ཀ་ཀོ་ཀི་ཨ་ན་ཏ། །ཙནྡྲ་སརྦ་ཀོ་ཏ་ལི། །བྷ་དེ་ཀ་ན་ཀཾ་བྷ་ལི། །ཌོཾ་བྷི་ཧེ་རུ་དཱ་རི་ཀ། ཀཥྞི་ནཱ་ག་པྲ་བྷཱ་ཀ་།ཀུ་ཀུ
ཙ་ནུ་གྷཎྜ་པ། ། །།གང་གིས་མི་རྟོགས་རྟོག་པའི་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་པོའི་ཁྲིམས་ལ་དམངས་ཀྱིས་གནོད་པ་བཞིན། །རྟོགས་པ་རྣམས་ཀྱིས་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་བརྟན་པ་འདམ་དུ་ཚུད་པ་བཞིན། །ཀྱེའོ་གྲོགས
དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མའི་ཞལ་ལ་དྲིས། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ནི་འཆི་མེད་རླུང་ཡང་ཆད་པ་མེད། །ཆོས་ཉིད་འོད་གསལ་བདེ་ཆེན་གྱི། །ཟག་མེད་མྱ་ངན་འདས་ཀྱི་སྐུ། །གང་གིས་མ་རྟོགས་རྟོགས་མེད་ལམ། །བསྟན
པར་མི་ནུས་སྙིང་པོའི་མཆོག་། བདག་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །ཐར་ལམ་སྲོག་གཅོད་ཕྱི་ནང་གི་།རྡུལ་མེད་རྡུལ་ཚོན་ལ་སོགས་ཀྱི། །དཀྱིལ་འཁོར་འབད་རྩོལ་ཅི་ཡང་མེད། །བདེ་སྟོང་གཉིས་མེད་ཉམས་མྱོང་བླ་མ་ཡི། །བྱིན་བརླབས་སྒྲོན་མེ?
ཆོས་ཉིད་རང་བྱུང་ལ། །མ་རྟོགས་མི་རྟོགས་བསྒོམ་དུ་མེད་པ་ལ། །འདི་དང་འདི་ཞེས་སྨྲར་མེད་ལྐུགས་པར་སྤྱོད། །གང་ནས་མ་འོངས་གང་ཡང་ནི། །མི་འགྲོ་སྐྱེ་མེད་གཉུག་མའི་ལམ། །ཆོས་ཉིད་བྱང་ཆུབ་ཚེས་སྐུ་ཡི། །ཉི་མ་མ་རིག་མུན་དང་བྲལ། །དུས
སྦལ་ལྟ་བུར་འཁོར་བ་ཡི། །སྐྱོན་གྱིས་མ་གོས་གདོད་ནས་དག་།སྒྲོན་མ་མུན་བྲལ་བླ་མ་ཡི། །དྲིན་གྱིས་ཡེ་ཤེས་ཉི་མ་བདེ། །མ་བལྟ་བལྟས་པས་མཐོང་བ་མེད། །མ་རྟོག་རྟོག་དཔྱོད་ཡུལ་མིན་གྱིས། །མ་སེམས་བསམ་དུ་ཅི་ཡང་མེད། །མ་རེ་རེ་དོགས
ཡུལ་ལས་འདས། །བལྟས་པས་མཐོང་བའི་ཡུལ་མི་ཕྱིན། །བསྒོམ་པ་བླ་མའི་བྱིན་བརླབས་ཀྱིས། །ཆོས་ཉིད་དོན་མཐོང་ཅི་ཡང་ནི། །མི་སེམས་ངོས་བཟུང་མེད་པར་གྲོལ། །བྱ་བ་བཏང་བའི་སྐྱེས་བུ་ལ། །བྱ་བྲལ་བྱར་མེད་བཟུང་འཛིན་མེད། །རེ་དོགས་དང
བྲལ་ཉམས་ལེན་ལ། །མི་རྟོག་བསྒོམ་དུ་ཅི་ཡང་མེད། །ེ་མ་ངོ་མཚར་ཆོས་ཉིད་བདེན་པ་མཐོང། །ེ་མ་བྱིན་བརླབས་ཉམས་མྱོང་སྒྲོན་མ་འབར། །ེ་མ་བླ་མའི་དད་གུས་ཡེངས་པ་མེད། །ེ་མ་འབྲས་བུ་རང་གསོལ་བྱིན་བརླབས་གསལ། །རང་རིག་གདོན
མ་མ་སྐྱེས་པ། །སྟོང་པ་མ་བཅོས་ལྷུན་གྱིས་གྲུབ། །སེམས་ཉིད་རང་རིག་རང་གསལ་གྱི། །ནོར་བུ་གསལ་དངས་གོ་མི་འགགས། །བསྒོམ་དང་མི་བསྒོམ་རྟོག་བཅས་ཀྱིས། །རང་བཞིན་འོད་གསལ་རྙེད་མི་འགྱུར། །བསྒོམ
མེད་ཡེངས་སུ་མེད་པ་ལ། །མ་བཅོས་ཡེངས་མེད་ལྷུག་པ་ཉིད། །རང་རིག་ལྷན་ཅིག་སྐྱེས་པ་ཡི། །ཆོས་ཉིད་བདེ་ཆེན་སྨྲར་མེད་ལ། །བདག་གཞན་བདེ་སྡུག་བློ་ལས་འདས། །ཆོས་ཉིད་བདེན་མཐོང་ཆོས་སྐུའི་ཀློང། །རང་རིག་རང་གིས་རྟོགས་པ་ལ། །
ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །སངས་རྒྱས་སེམས་ཅན་འཁོར་འདས་དག་།སྦང་བླར་ཐ་དད་ཅི་ཡང་མེད། །དུག་གསུམ་རང་གྲོལ་ཆེས་ཀྱི་སྒྲོན་མ་ཡི། །རྩ་རླུང་བདེ་སྟོང་གཉིས་མེད་ལ། །ཐ་མ་ལ་རྣམ་རྟོག་དངོས་པོར་འཛིན་པ་ཡེ། །ཆགས་སྡང
མདུད་པ་རང་སར་བཟུང་འཛིན་གྲོལ། །ཡེ་ཤེས་ལུས་ཅན་ཆོས་ཉིད་གསལ་དངས་ལ། །མཛའ་བྲལ་བརྟེན་མེད་དམིགས་སུ་མང་པའི་ཕྱིར། །འཁྲུལ་དང་མ་འཁྲུལ་འཁྲུལ་གཞི་འཁྲུལ་པ་ཡི། །རྩ་བ་སྐྱེ་མེད་བྱ་བྲལ་དང་དུ་ཆད། །འཇའ་ཚོན་ལྟ་བུ་སྒྱུ་མའི་སྐུ། །
དམ་ཚིག་ཕྱག་རྒྱ་ཞེན་མེད་ཀྱི། །དབང་པོ་རང་སྣང་ཐུག་ཕྲད་ཀྱིས། །ཆོས་ཉིད་བདེན་པ་མཐོང་པ་ཡིན། །ཟག་མེད་བདེ་ཆེན་ཆེས་ཉིད་ཉི་མ་ཡི། །ལས་ཀྱི་ཕྱག་རྒྱ་ཆོས་ཉིད་ཡེ་ཤེས་སྒྲོན། །སྐྱེ་མེད་བྱང་ཆུབ་ཀུན་རྟོག་བྲལ་པ་ཡི། །འཁོར་བའི་སྡུག་བསྔལ་བདེ
ཆེན་ཀློང་དུ་སད། །བདག་ལུས་རྒྱལ་པའི་དཀྱིལ་འཁོར་གྱི། །དཔའ་པོ་མཁའ་འགྲོ་ཆོས་ཀྱིས་ནི། །ཕྱག་རྒྱ་རྩ་རླུང་བྱང་ཆུབ་སེམས། །གཉུག་མ་དམིགས་སུ་ཅི་ཡང་མེད། །སེམས་ཉིད་བདེ་སྟོང་ཆོས་ཉིད་ཀྱི། །དོན་རྟོགས་ཕྱག་རྒྱ་ཆེན་པོའི་ལམ། །དམིགས་བྱ
དམིགས་བྱེད་དམིགས་མེད་ལ། །ཅིང?་ཡང་བསམ་དུ་མེད་པ་ཉིད། །བདག་མེད་སེང་གེའི་སྒྲ་སྒྲོགས་ཀྱིས། །སྟེང་ཉིད་ཏིང་འཛིན་སྒྲོན་མ་ཡིས། །བདེ་སྡུག་རྟག་ཆད་ལ་སོགས་ཀྱི། །སྒྲིབ་པ་མ་ལུས་སེལ་བར་བྱེད། །དགེ་དང་མི་དགེའི་ལས་རྣམས་ནི། །འཛིན་མེད
གཉུག་མའི་ངང་དུ་ཡལ། །ཆོས་ཉིད་བདེ་བ་ཆེན་པོའི་སྐུ། །རང་རིག་གཉིས་མེད་ངང་དུ་འཕྲོད། །པི་ཝཾ་སྒྲ་བཞིན་དམ་ཚིག་གི་།སྒྲོན་མ་བྲལ་ན་བདེ་མེད་ཕྱིར། །དམ་ཚིག་ཉི་མ་ཡེ་ཤེས་ཀྱི། །ཉི་མ་ཆོས་ཉིད་ཉི་མ་མཐོང། །དབང་བཞི་བསྒྲོད་པས་ལམ་བཞི་མཐོང
སྐུ་བཞི་ཕྱག་རྒྱ་བཞི་དུ་གྲོལ། །ཐབས་ལྡན་ཟུང་འཇུག་རྡོ་རྗེའི་སྐུ། །བདག་ལུས་རྒྱལ་བའི་ངང་དུ་རྫོགས། །བག་ཆགས་ཡེ་ཤེས་རང་གྲོལ་ལ། །རྟག་ཆད་སྤང་བླང་སྒྲོ་སྐུར་ཅི་ཡང་མེད། །གདོད་ནས་དག་པ་ཆོས་ཉིད་གཉུག་མ་ལ། །སྒྲིབ་བྱེད་བྱིང་རྒོད་རེ་དོགས་ཅི
ཡང་མེད། །བསམ་གྱིས་མི་ཁྱབ་རང་རིག་འོད་གསལ་ལ། །དྲན་པས་གཟུང་དང་བཟུང་འཛིན་ཅི་ཡང་མེད། །ཉོན་མོངས་རང་དངས་རྣམ་རྟོག་ཆོས་སྐུ་ལ། །དུས་གསུམ་སངས་རྒྱས་བཙལ་དུ་ཅི་ཡང་མེད། །གསེར་འགྱུར་རྩི་ལྟར་ཁམས་གསུམ་ཉིད། །བདེ
ཆེན་ཆོས་ཉིད་རོལ་གང་བ། །དོན་དམ་འཁོར་བ་ཀུན་ཐོབ?་དག་།མཛའ་བྲལ་ཆོས་ཉིད་དབུ་མའི་ལམ། །གཙང་དང་མི་གཙང་རྟོག་པ་ཡི། །སླེ་ཤ་བཟུང་འཛིན་འཁོར་བའི་ཆོས། །འཁྲུལ་པས་བདེ་ཆེན་མཐོང་པ་མེད། །མ་མཐོང་རྣལ་འབྱོར་དེ་མི་རྙེད། །ཐ་མལ
ཤེས་པ་སྙིང་གི་དབུས་སུ་སང?། །ཚོགས་དྲུག་དག་ན་བདེ་བརྒྱན་མི་འཆད། །བརྟགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམ་དུ་མེད་པས་གཉུག་མའི་དང་ལ་ཞོག་།ཕྱག་རྒྱ་ཆེན་པོ་རང་ལ་ལྷུན་གྱིས་གྲུབ་པ་སྟེ། །མི་བསམ་མི་རིག་འབད་པ་མེད་པའི
ངང་ལ་ཞོག་། ཆར?་པ་?་སྔོན་དུ་ཉམས་མྱོང་རང་གིས་མྱོང། །རྟག་པར་མི་འགྱུར་མངོན་ཞེན་མེད་པ་ཟུང་དུ་འཇུག་།ཤིང་རྟའི་འཁོར་ལོ་གཉིས་དང་མི་ལྡན་གང་ཡང་འགྲོ་བ་མི་ནུས་ལྟར། །སྦྱིན་སོགས་འབད་པ་བྱས་ཀྱང་བླ་མ་མི་ལྡན་དངོས་གྲུབ་དམ་པ་མིན་།
བྱ་རྒོད?་རྩལ་རྫོགས་འདབ་མར་བཅས་པ་དག་གིས་ནམ་མཁའ་གཅོད་ཅིང་རྒྱུ། །སྐལ་བཟང་རྣམས་ནི་དབང་དང་བྱིན་བརླབས་གདམས་པ་ཁོང་དུ་ཆོད་པས་བདེ། །རྒྱ་མཚོ་ཟབ་ཅིང་རྒྱ་ཆེ་དག་གི་ནང་ན་ནོར་བུས་གང་བ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་མངའ་?་གང?
ཡིན་དེ་ནི་ངོ་མཚར་ཆེ། །སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་འགྱུར་མེད་ཡིན་པ་ལ། །རྟོགས་དང་ཉམས་མྱོང་ལྡན་པའི་རྣལ་འབྱོར་རྣམས་ཀྱིས་ལོངས་སྤྱོད་ངོ་མཚར་ཆེ། །གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས
རྣམས་གསེར་དུ་བསྒྱུར་བ་ལྟར། །རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་ཡེ་ཤེས་གཉིས་མེད་བསྐྱུར། །རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཉམས་སུ་མྱོང་བའི་མདོག་ཕྱུང་བས། །སྤྱོད་པའི་ནུས་པས་དགོས་འདོད་འབྱུང། རོ་སྙོམས་ལྡན་བརྩམས
ཀྱིས་འགྲུབ། །རང་ལ་བདེ་ཆེན་ཡོད་ཀྱང་མ་རྟོགས་འཁྲུལ་པས་བསྒྲིབས། །དེ་བསལ་འདོད་པས་བསོད་ནམས་ཡེ་ཤེས་ཚོགས་བསག་བྱ། །ཚོགས་གཉིས་མ་བསགས་བསྐོལ་པ་བརྒྱ་རུ་འབད་བྱས་ཀྱང། །བླ་མ་མི་ལྡན་བདེ་བ་ཆེན་པོ
རྟོགས་མི་འགྱུར། །དུས་གསུམ་སངས་རྒྱས་ངོ་བོ་གཅིག་།དེ་ཡི་རང་བཞིན་རང་གིས་སེམས། །རྟོགས་པར་འདོད་ན་ཇི་བཞིན་ཞོག་།གོམས་པར་བྱས་ན་མངོན་སུམ་འགྱུར། །བླ་མ་ངག་ལས་དང་པོ་རང་གི་སེམས་རྟོགས་བྱ། །དེ་ནས་ཆོས་རྣམས
ཀུན་དང་ཐ་དད་མེད་བྱས་ལ། །གཉིས་མེད་རྟོགས་ཤིང་དུར་ཁྲོད་གནས་སུ་འདུག་ནས་ནི། །ཉམས་རྟོགས་སྨྱོན་པའི་བརྟུལ་ཞུགས་ངང་གིས་སྤྱད། །རྟ་དང་གླང་པོ་རྒྱ་མཚོ་འདྲན་མཉམ་ཉིད་བདེ། །སྤྲེའུ་ཆུ་ཡི་རི་མོ་བྲིས་པ་འདྲ་ན་སྤྲོས་པར་འགྱུར། །ཆུ་བོ
ཉི་མ་སྨན་དང་འདྲན?་དབྱེར་མི་ཕྱེད། །གཙུག་ཕུད་དམིགས་དང་འཁོར་ལོས་སྒྱུར་རྒྱལ་ལྟ་བུ་འཐོབ། །ས་ལ་གནས་པ་ཀུན་ཀྱང་བསྐལ་པ་བཟང། །རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ། །རལ་གྲི་ལག་ན་ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད
ས་ལ་ཕྱིན་ན་གཉེན་དང་ཕྲད། །སེམས་མ་གདུངས་ན་ལྟ་བ་ཆེ། །ཞན་པ་མེད་ན་རོ་སྙོམས་ཡིན། །འབད་པ་བྲབ་ན་བསྒོམ་པའི་མཆོག་།གཉིས་སྣང་བྲལ་ན་རྫོགས་སངས་རྒྱས། །ལ་ལ་ར་ས་དྷྲུ་ཏཱི་གསུམ། །རང་བྱིན་རློབ་ཅིང་བཅིང་བར་བྱ། །བླ་མ་སེམས
དང་སྣང་བ་གསུམ། །རྟོགས་པ་བསྐྱེད་ཕྱིར་བསྟེན་པར་བྱ། །ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ལས། །ཚོགས་འཁོར་དང་པོ་བྱིན་བརླབས་ཤུགས་བྱུང་གི་ལེའུ་སྟེ་དང་པོའོ།། །།ལཱུ་ཡཱི་ཛ་ལན་བྷི་རྦ་པ། ཀ་མ་ཨཻནྡྲ་ཁ་ར་བྷ། །པཾ་ཀུ་ན་ཐ་གྷོ་ར་ཁ། །
ཏོ་ཀ་བྷེ་ཎི་བི་ན་སི། །གྷུ་ན་ཨན་ཛོ་ཀཾ་ཐ་རི། །དྷ་བུ་ཏ་བ་པོ་ཏེ་ལེ། །ོ་ཏྲ་ས་ཀ་ན་ཏྲི་ཡི། །ཀཾ་ཀ་ས་ན་ག་ན་སི། །ཙ་བ་སུ་ཀུ་སི་ཡ?་ལི། །སུ་ཏ་དྷརྨ་གུ་རུ་ན། །ར་ཧུ་ཀུ་སུ་ཀུ་མ་དྲི། །ལ་ཁ་དྷ་ཁ་པ་ར་བུ། །དྷོ་པི་ཌ་ཎེ་ར་བ། །ཙ་མ་དྷ་ཁ་སྙིང་པོ་བ། །ཁྱི་རྒོད་མི་སྲུན
སྣ་ལ་སྦྲང་རྩི་བསྐུས་ན་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །བློ་དམན་སྐལ་པ་མེད་པའི་གང་ཟག་དག་ལ་གདམས་པ་བྱིན་ན་རང་རྒྱུད་སྲེག་།གླང་ཆེན་བརྟན་པ་དཔའ་བའ་ཨི་སྣ་ལ་རལ་གྲི་སྐུར་ན་དགྲ་དཔུང་ཐམས་ཅད་འཇོམས། །སྐལ་བཟང་བློ་ལྡན་སྐྱེ་མེད
རྟོགས་པའི་སྣང་བ་ཐུག་ཕྲད་དག་གིས་རྣམ་རྟོག་འཇོམས། །སྐྱེ་མེད་རྟོགས་ཀྱང་ཉམས་སུ་མྱོང་བྲལ་ན། །དེ་ཡང་སྲིན་པོའི་ལག་ན་བུ་ཁྱེར་འདྲ། །ཉམས་སུ་མྱོང་ཡང་གནས་ལུགས་མ་རྟོགས་ན། །གླང་ཆེན་སྣ་ལ་ལྕགས་ཀྱུ་བརྒྱབ་པ་འདྲ། །སངས་རྒྱས་མཆོད
སོགས་རྣམས་ལ་དོན་མི་འབྱུང། །འདོད་དང་རྩོལ་བ་ཡོད་ན་སངས་མི་རྒྱས། །བྱིན་བརླབས་བླ་མའི་ངང་གིས་ཉམས་མྱོང་འཕེལ། བློ་ཡི་ཆ་ལ་ཡིན་གྱིས་དོན་མ་ཡིན། །གང་ཡང་མ་ལྟ་དབུས་སུ་ལྟོས། །མཆོག་དང་དགའ་བྲལ་བདེ་བ་ཆེ། །སྔགས་རིགས་གསང་པ
སྨྱོན་སྤྱོད་ནས། །རྣལ་འབྱོར་རྟགས་ཀྱིས་བསྒྱུར་བར་བྱ། །དུས་ཀྱི་སྣ་རྩེ་བདག་བྱིན་བརླབས་ལྡན་ན། །ཕྱི་དང་ནང་གི་སྤྱོད་པ་དག་གིས་སངས་མི་རྒྱ། །བདེ་བ་རབ་རྒྱས་སྣང་བ་དག་དང་ཁྱད་མེད་ན། །ཞེན་པ་བཏང་བས་ཉམས་མྱོང་མཆོག་ཐོབ་འགྱུར། །རྗེ་བཙུན
དམ་པ་བསྟེན་ན་དེ་ཉིད་མཐོང། །ནགས་ཚལ་མཐོངས་སུ་བསྒོམས་ན་དབེན་པ་འཐོབ། །ཆོས་རྣམས་སེམས་སུ་རྟོགས་ན་མི་མཐུན་མེད། །ནམ་མཁའ་ཨི་འོ་མ་འཐུངས་ན་ཚིམ་པར་འགྱུར། །བདེ་དང་སྟོང་པ་མཛའ་བྲལ་ཉིད་རྟོགས་ན། །དཔག་བསམ་ཤིང་རྟེན་པ་ཡིས
མཉེན་བྱས་ཏེ། །མཚོ་ལས་སྐྱེས་བུ་རྒྱལ་བས་འགྲོ་ཤེས་ན། །བྲམ་ཟེ་ཕ་དང་མ་ལས་བུ་སྐྱེ་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །བཟུང་འཛིན་ཆགས་སྡང་རང་སང་ཆད། །རྨི་ལམ་སྒྱུ་འདྲ་ཞེན་མེད་ཀྱིས།།
ཉམས་མྱོང་གསལ་སྣང་གོ་མ་འགགས། །གསལ་ལོ་གསལ་ལོ་བདེ་ཆེན་གྱི། །བླ་མ་བྱང་ཆུབ་ལམ་མཁན་གསལ། །གཉིས་མེད་ཆོས་ཉིད་གསལ་དངས་ཀྱི། །ཉམས་མྱོང་གཉུག་མིའི་དང་དུ་གསལ། །བདེའོ་བླ་མ་བདེ་ཆེན་བདེ། །བདེ་བར་མི་འཛིན
ཅིར་ཡང་མི་རྟོག་བདེ། །བཟུང་འཛིན་དང་གྲོལ་འཛིན་པ་རང་དངས་བདེ། །བྱ་བྲལ་སྐྱེས་བུ་བྱར་མེད་བློ་འདས་བདེ། །སྟོང་ངོ་སྟོང་ངོ་ཐ་མལ་ལུས། །སྒྱུ་ལུས་ཞེན་མེད་དབྱིངས་སུ་སྟོང། །ཟུང་འཇུག་སྐྱེ་མེད་དང་དུ་སྟོང། །རང་རིག་ལྷན་སྐྱེས་སྐུ་རུ་སྟོང།།
རིག་གོ་རིག་གོ་རང་གི་སེམས། །ཅིང་ཡང་མི་འཛིན་རྟོག་མེད་རིག་།གར་ཡང་མ་སྤྱོད་སྨྲ་མེད་རིག་།རྟོག་སྤྱོད་ཡུལ་ལས་འདས་པར་རིག་།མི་རྟོག་རྟོག་མེད་རྟོག་སྤྱོད་ཡུལ་ལས་འདས། །མི་སེམས་བསམ་མེད་བསམ་དུ་རྩི་ཡང་མེད། །རྟན་དང་བརྟན་མེད
འགྲོ་འོང་གནས་དང་བྲལ། །འཁོར་འདས་བདེ་སྡུག་བདེ་ཆེན་ཀློང་དུ་སད། །མ་བཅས་ཡོངས་མེད་རང་བཞིན་ལྷུག་པ་ལ། །སེམས་བྱུང་རྒྱུན་ཆད་འོད་གསལ་འགྲོ་འོད་བྲལ། །སྣང་བ་སྨྲར་མེད་སློབ་དཔོན་ཡོངས་སུ་མེད། །ཆོས་ཉིད་དང་གསལ་རིག་པ་ཆོས་སྦྱང
འཕྲོད། །སེམས་ཉིད་མ་མཐོང་ཅི་ཡང་མེད། །ད་ལྟར་ལྟར་མེད་བསྟན་དུ་མེད། །མ་ཡེངས་མ་ཡེངས་མེད་ཡོངས་སུ་མེད། །བསྒོམ་མེད་བསྒོམ་དུ་མེད་པ་ཡིན། །བྲལ་ལོ་བྲལ་ལོ་འཁོར་འདས་བྲལ། །བདེ་ཆེན་ཆོས་ཉིད་ཀློང་དུ་བྲལ། །རིག་པ་སྨྲར་མེད་དང་དུ་བྲིལ།།
བསྒོམ་པ་ཞེན་མེད་དབྱིངས་སུ་བྲལ། །བྱ་བ་བྱར་མེད་སྐམ་སར་གནས། །ེ་མ་ཆོས་ཉིད་ཆོས་ཉིད་མཐོང། །ཀྱེ་མ་སངས་རྒྱས་ཀྱི་སངས་རྒྱས། །ཀྱེའོ་བྱང་ཆུབ་གོ་འཕང་ཐོག་།ེ་མ་ངོ་མཚར་འཆི་རྒྱུ་མེད། །སྣང་སྲིད་མི་བདེན་གདོང་ནས་བརྫུན། །དགྲ་ཐུན་ཡེ་ཤེས་འཁྲུལ
སྣང་ཡིན། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་དང། །ཆགས་སྡང་བྲལ་ན་སངས་རྒྱས་ཡིན། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བྱར་མེད་བདེའོ་རྣལ་འབྱོར་རྩོལ་མེད་བདེ། །ཅིལ་བསམས་ཀྱང་དགོས་འདོད་མི་འབྱུང་བས། །བསམ་དུ་མེད་པ་གཉུག
མའི་དང་ལ་བདེ། །སེམས་ཉིད་བདེ་ཆེན་ཐིག་ལེའི་སྐུ། །བདེ་སྟོང་དབྱེར་མེད་སེམས་ཀྱི་རྒྱུན། །ནམ་མཁའ་ལྟ་བུར་བརྗོད་མེད་ཀྱིས། །ཆོས་ཉིད་བལྟར་མེད་བསྟན་དུ་མེད། །ེ་མ་ངོ་མཚར་བླ་མའི་སྐུ། །སྟོང་ཉིད་སྤྲོས་བྲལ་རྟོག་མེད་དང། །སྣང་སྟོང
དབྱེར་མེད་སྟོང་པའི་དབྱིངས། །ཆོས་སྐུ་སྐྱེ་མེད་རྒྱུན་དུ་ལྡན། །སྣང་སེམས་སངས་རྒྱས་སེམས་ཅན་དག་།ཉི་མ་དང་ནི་འོད?་བཞིན་དུ། །སྤངས་ཐོབ་ལས་གྲོལ་ཞེ་འདོད་མེད། །གང་ལ་མེད་པ་དེ་སངས་རྒྱས། །ཤེས་བྱ་སྣང་བ་རང་བཞིན་བྲལ། །ཤེས་པ
གསལ་ལ་རྟོག་མེད་དེ། །སེམས་ཉིད་བདེ་ཆེན་ཟག་མེད་ལ། །ཡེངས་མེད་བསྒོམ་དུ་ཅི་ཡང་མེད། །སེམས་ཉིད་བླ་མ་སངས་རྒྱས་སྐུ། །སྣང་སེམས་འདུས་བྱས་དགེ་བའི་གཞི། །ཆོས་སྐུ་ངན་སོང་ཏིང་འཛིན་ལམ། །ང་རྒྱལ་གཉིས་མེད་བྱང་སེམས་ལྡན། །ཆོས་ཉིད་མ་བཅོས
འཁོར་བ་ཡི། །ཐོག་མཛའ་རེ་དོགས་མཉམ་དང་བྲལ། །བསྒོམ་བྱ་སྒོམ་བྱེད་བླང་དོར་སྤངས། །འབྲས་བུ་རང་གསལ་རང་གི་མཆོག་།རང་རིག་ལྷན་ཅིག་སྐྱེས་ཀྱི་སྐུ། །ངོ་བོ་རིག་པ་རང་གསལ་གྱི། །འགྲོ་དྲུག་སངས་རྒྱས་སྙིང་པོ་ལ། །དམ་ཚིག་རྟོག་མེད་རྒྱན་དང་ལྡན།།
སྣང་སེམས་ཆོས་ཉིད་ཆོས་ཀྱི་ནི། །སྐུ་ཅན་མཉམ་བྲལ་རྟོག་མེད་ཀྱི། །དག་པའི་སྒྱུ་ལུས་བྱང་ཆུབ་ལམ། །ཟུང་འཇུག་སྐྱེ་མེད་བདེ་འགྲོའི་རྒྱན། །སྣང་སེམས་རང་རིག་བདེ་ཆེན་སྤྲོས་དང་བྲལ། །སྒྱུ་མ་རྩ་རླུང་རླུང་སེམས་བརྗོད་དུ་མེད། །རྨི་ལམ་འོད་གསལ་བདེ་ཆེན་ཟུང་འཇུག་ལ།།
སྐུ་གཞི་ཡེ་ཤེས་གསལ་སྣང་གོ་མ་འགགས། །བལྟར་མེད་བ་ལྟ་རུ་མེད་པ་ཡི། །རང་སེམས་རྣམ་དག་བླ་མར་སྣང། །སྣང་བ་སྟོང་པ་བདེ་ཆེན་སྐུ། །བདེ་སྟོང་དབྱེར་མེད་བྱིན་བརླབས་རྒྱན། །སེམས་ཉིད་ལྟར་མེད་བློ་འདས་གྱི། །རྩ་ནི་གསལ་སྟོང་མཁའ་འགྲོའི་གསང། །སྣང
བ་སྟོང་ཉིད་བདེ་ཆེན་སྐུ། །སྣང་སྟོང་དབྱེར་མེད་མཁའ་འགྲོའི་རྒྱན། །བྱ་བྲལ་རྟོགས་མེད་རླུང་སེམས་ཀྱི། །སྣང་བ་སྟོད་པ་སྤྲོས་དང་བྲལ། །སྟོང་ཉིད་བདེ་ཆེན་བརྗོད་དུ་མེད། །བདེ་སྟོང་མཛའ་བྲལ་རླུང་གི་རྒྱན། །རང་སེམས་བདེ་ཆེན་བྱང
ཆུབ་སེམས། །ཟག་མེད་བདེ་ཆེན་ཆོས་ཀྱི་སྐུ། །སྣང་བ་འོད་གསལ་སྟོང་པའི་ཀློང། །བདེ་སྟོང་ཡེ་ཤེས་བྱང་ཆུབ་རྒྱན། །སྣང་བ་རྨི་ལམ་བདེན་པས་སྟོང། །གཟུང་འཛིན་ཆགས་སྡང་འཁྲུལ་སྣང་ཡུལ། །བཏགས་བ་ཆུ་ཤིང་སྙིང་པོ་མེད། །ཞེན་མེད་གང་སྣང
ལམ་གྱི་རྒྱན། །གང་ནས་མ་འོངས་གར་ཡང་ནི། །མི་འགྲོ་མི་རྟོག་སེམས་ཉིད་ལ། །བལྟར་མེད་བསྟན་དུ་མེད་པ་ཡི། །ཆོས་ཉིད་ངོ་བོ་མཐོང་གི་རྒྱན། །འཁོར་བསྡུག་བསྔལ་བདེ་མེད་ཀྱང། །བླ་མའི་བྱིན་བརླབས་ངོ་སྤྲོད་ལམ། །བྱིང་རྒོང་བསྒོམ་པ་ཉམས་ཀྱི་དགྲ།
རང་རིག་འོད་གསལ་མཐོང་གི་རྒྱན། །ཉམས་མྱོང་བྱ་བྲལ་བློ་འདས་ཀྱི། །བསྒོམ་པ་དམིགས་བརྟགས་བཟུང་འཛིན་བྲལ། །ཅིར་ཡང་རྟོག་མེད་ལྷུན་གྲུབ་ལ། །རེ་དོགས་དགག་བསྒྲུབ་རང་གྲོལ་རྒྱན། །ཡེ་ཤེས་ལུས་ཅན་སྟོང་པ་ཉིད། །སྙིང་རྗེ་རྒྱན་ལྡན་ཟུང
འཇུག་ལམ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཕྱིར། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་སྐུ། །བདེའོ་ཤུགས་བྱུང་ཞེན་མེད་ཀྱི། །བློ་འདས་ཉམས་མྱོང་གཉུག?་མའི་ཀློང། །བསྒོམ་མེད་ཡོངས་སུ་མེད་པ་ཡི། །ཆོས་ཉིད་ཡེ་ཤེས་རྒྱན་ལྡན་བདེ། །གང་ཡང་མི་རྟོག་ཅིང་མི་སེམས། །
གང?་ཡང་མི་འཛིན་རྟོག་དཔྱོད་བྲལ། །བྱར་མེད་རིག་པ་དང་གསལ་བ། །བཅས་བཅོས་མི་བྱ་རང་གྲོལ་རྒྱན། །བདེའོ་ཅི་བདེར་རྟོག་མེད་ཉམས། །སྟོང་ངོ་ཆོས་ཉིད་བློ་འདས་དང། །སྤྱོད་རོ་སྙོམས་ཤུགས་བྱུང་ལམ། །གྲོལ་ལོ་རེ་དོགས་རང་གྲོལ་རྒྱན། །ཅིར་ཡང་མདོ
སྣང་སྲིད་ཡུལ། །གར་ཡང་སྟོང་ངོས་འཛིན་སེམས། །རྟོག་དཔྱོད་མེད་དོ་འཁོར་འདས་ལམ། །མི་བསྒོམ་མི་དཔྱད་གཉུག་མའི་རྒྱན། །ཆུ་རྒྱུན་གནས་པའི་ཉམས་བསྟན་ན། །སྤྱོད་པ་བགས་ཀྱིས་འགྲོ་བར་བྱ། །བླ་མ་དམ་པའི་གདམས་དག་གིས། །ཆགས་སྡང
རྟོག་པ་ཞི་བར་བྱེད། །ཕྱག་རྒྱ་ཆེན་པོ་གསེར་ཕྲེད་ལས། །ཚེགས་འཁོར་གཉིས་པ་བསྒོམ་དོན་ཉམས་ཀྱི་ལེའུ་སྟེ་གཉིས་པའོ།། །།ཏི་ལོ་ན་དོ་བྷ་སུ་ཏྲ། །གོས་ཅན་དྷཱ་ཏའི་རམ་ཡ། །སྤྱོད་པ་ར་ཏྲི་མཻ་ཏྲི་པ། །བྷོ་ཏ་ལེགས་སྦྱིན་པདྨ
ཞབས། །བཛྲ་དྷརྨ་ཕྲོ?་གི་ནི། །ཀཧྣ་མེ་ཁ་མཧཱ་ལ། །ར་རི་རཾ་ཀ་ཀ་སོ་རི། །འབར་བ་ཙནདི་སི་རུ་པ། །ཛྙཱ་ན་བཛྲ་མེ་ལྷ་པ། །ཌོཾ་པི་བྷ་ཏ་རི་བོ་?། །ཀ་མ་ཀྲི་ཏ་པྲ་ཛྙཱ་རུ། །བཛྲ་ཀ་ན་ན་མ་སེ། །ཧོ་ར་སི་ཏི་ཀ་རོ?་ན། །བྷུ་ཏི་ཏ་མོ་ཏ་འབྲས་ན།། །།
རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང། །མཁས་པ་དག་གིས་སྐྱེ་བ་མེད་རྟོགས་ནི། །དངོས་པོའི་རང་བཞིན་འཚམས་བདེ་བ་ཆེ། །བདག་ཉི་གདོད་མ་ཉིད་ནས་སངས་རྒྱས་ཡིན་པ་ལ། །རྣམ་རྟོག་དབང་གིས་སངས
རྒྱས་ཉིད་ནི་ངས་མ་མཐོང། །རྟོགས་པའི་དུས་ན་མཐོང་བ་མེད་དེ་ཐོས་པ་མེད། །གཉིས་མེད་གང་གིས་རྟོགས་པ་དེ་ནི་རྒྱག་རྒྱ་ཆེ། །བྱིས་པ་ཆུང་ངུ་མ་ཡིས་གསོས་པས་སྟོབས་དང་ལྡན་པ་བཞིན། །བློ་ཆུང་དག་ཀྱང་བླ་མའི་གདམས་པར་རིམ་གྱིས་ཐེག་པ་ཆེ། །རླུང
མཁྲིས་བད་ཀན་འདུས་པའི་ནད་ཀུན་སྨན་གྱི་ནུས་པས་སེལ་བ་ལྟར། །ང་དང་བདག་ཏུ་འཛིན་པའི་ནད་རབ་ཐམས་ཅད་བླ་མའི་གདམས་པས་སྲེག་།ལོང་བའི་ཚོགས་ཀུན་མིག་ལྡན་གྱི། །སྐྱེས་བུས་འཁྲིད་པར་བྱེད་པ་ལྟར། །ཡེ་ཤེས་ལམ་སྟོང་བླ་མ་ཡི། །སྤྱན
པས་བྱང་ཆུབ་འཁྲིད་པར་བྱེད། །འཁོར་ལོས་སྒྱུར་རྒྱལ་དབུང་གི་ཚོགས། །གླིང་རྣམས་ཀུན་ལ་དབང་བྱེད་བཞིན། །ལྷན་ཅིག་སྐྱེས་པའི་རོ་རྙེད་ནས། །འཁོར་བ་དབང་བསྐྱུར་བདེ་བ་ཆེ། །རིགས་ལྡན་རིགས་མཆོག་རིགས་ཀྱི་དབང། །བླ་མ་མཁའ་འགྲོ་ཆོས་ཉིད་གྲོགས། །ལྷ?
སྤྱོད་བསྒོམ་དོན་ལྷན་ཅིག་སྐྱེས། །དཔེ་དོན་ཡེ་ཤེས་བདེན་པ་མཐོང། །ལས་ཅན་རྣལ་འབྱོར་དབང་གི་ལམ། །སྐུ་གསུམ་ཆོས་ཉིད་འོད་གསལ་ཆེ། །སེམས་ཉིད་གསལ་དངོས་སྒྱུ་མའི་སྐུ། །རྣམ་གྲོལ་ཕྱག་རྒྱ་ཟུང་དུ་འཇུག་།འགྲོ་དྲུག་སྐྱེས་པ་སྡོམ་གསུམ་རྐྱན། །ལྷ་སྒོམ་སྣོད?
བ་ཞེན་མེད་སྐས། །རང་ལུས་བདེ་ཆེན་ངོ་བོར་རིག་།དགག་སྒྲུབ་སྤང་བླང་ཉམས་དང་བྲལ། །དེ་དོགས་དང་གསལ་བླ་མའི་དྲིན། །བདག་མ་རྟོགས་པའི་གོང་ནས་འབྲས་ཆན་དག་དང་རོ་འདི་ཁྱད་བར་ཆེ། །རྟོགས་ནས་མངར
བའི་འབྲས་ཆན་དག་རུལ་བ་ཡི་རོ་འདི་ཁྱད་པར་མེད། །དེ་བཞིན་མ་རྟོགས་དུས་ན་འཁོར་བ་དག་དང་སངས་རྒྱས་ཐ་དད་བརྟགས། །རྟོགས་པའི་དུས་ན་འཁོར་བདག་ནི་ཡེ་ནས་སངས་རྒྱས་ཆེན་པོའི་སྐུ། །བྱ་བ་བཏང་ན་མན་ངག་ཡིན། །ཞེ་འདོད་མེད་ན་རྟོགས
པ་ཡིན། །བདེ་བ་དངོས་མེད་བསྒོམ་པ་ཡིན། །བསྒྲུབ་བྱ་མེད་ན་སྤྱོད་པ་ཡིན། །ཐབས་དང་ཤེས་རབ་ཡ་ཛན་ལྟ། །བླ་མ་ཆུ་ཡི་རྒྱུན་གྱིས་རབ་ཏུ་ཁྱབ། །ལྷན་ཅིག་སྐྱེས་པའི་དཔག་བསམ་ཤིང་དག་པ། །འབྲས་བུ་ལྷུན་གྲུབ་དང་ལ་རབ་ཏུ་རྫོགས། །སངས་རྒྱས་ཀུན
གྱི་སྡོམ་པའི་མཆོག་། རང་ཡིད་རྟོག་ལ་མི་གནས་པས། །གཉུག་མའི་སེམས་ཀྱིས་གང་རྟོགས་པ། །སངས་རྒྱས་ཐམས་ཅད་དེས་མཐོང་ཡིན། །རྣལ་འབྱོར་པ་ཡིས་གང་ཐོས་ཐམས་ཅད་དམ་པ་སྟེ། །མཐོང་བ་དེ་ཡིས་སྐྱེ་མེད་རྟོགས་ཕྱིར་སློབ་དཔོན་མཆོག།
བྱས་པ་ཀུན་གྱིས་གཉིས་མེད་གསལ་ཕྱིར་ཐབས་ཡིན་ཏེ། །དགེ་སྡིག་འབྲས་བུ་སྐྱེས་བུ་དེ་ལ་གཉིས་མི་འགྱུར། །གང་ལས་བླ་མ་དམ་པ་ལས། །དབང་ལས་ལྷན་ཅིག་སྐྱེས་པ་ཡི། །རོ་ཡིས་ཀུན་ལ་ཁྱབ་པ་སྟེ། །སྐྱེ་མེད་རྒྱས་ཐེབས་རྡོ་རྗེ་འཛིན། །བདེ་དང་སྟོང་པ
དབྱེར་མེད་སྙིང་ག་པདྨ་དག་ལ་རྫོགས། །སྐྱེ་མེད་ཡིད་ལ་བྱེད་པ་བསམ་གྱིས་མི་ཁྱབ་བདེ་ཆེན་སེམས། །སྣང་གྲགས་ཐམས་ཅད་ངོ་སྙོམས་རྣམ་གསུམ་རྣལ་འབྱོར་རྣམས་ཀྱིས་སྤྱོད། །རྗེ་བཙུན་དག་གི་བྱིན་བརླབས་ཤར་བས་དབྱེར་མེད་རྫོགས་སངས་རྒྱས། །
ཆོས་རྣམས་ཀུན་དང་རང་གི་སེམས་རྣམས་དུ་མར་སྤྱོད། །རྟོགས་པ་ཐམས་ཅད་ཉམས་མྱོང་གདམས་པ་དོན་བྲལ་ན། །ནོར་བུ་འཆིང་བུ་དག་ལ་རང་བཞིན་དུ་བདེ་ན། །ཆོས་རྣམས་དེ་དང་ལྡན་ན་རེ་དོགས་མེད་པས་རང་བདེ་ཞིག་།དང་པོ་བློ་ལྡན་རྟོགས་པ་བསྐྱེད། །གཉིས
པ་ནགས་སུ་སྣ་རྩེ་བསྒོམས། །ཉམས་སུ་མྱོང་བ་སྐྱེས་པ་ན། །སྤྱོད་པས་ཁྱད་པར་འགྲོ་བར་བྱ། །གང་གང་ལྷན་ཅིག་སྐྱེས་པ་དེ། །གླང་པོ་ཆེ་ཡི་མིག་བཞིན་དུ། །གཟེར་རེ་བསྐྱེད་ནས་ཟུག་རྡུ་འབྱུང། །གློད་ན་ཞེན་མེད་བསམ་གཏན་མཆོག་།བདེའོ་བདེའོ་གནས་མེད་བདེ།།
འདོད་པ་མེད་པའི་རང་བཞིན་བདེ། །བརྟགས་པ་ཐམས་ཅད་དེར་ཤེས་བདེ། །བསྒྲུབ་པ་མེད་པའི་སངས་རྒྱས་བདེ། །གོ་ཆ་ཆེན་པོ་བགོས་ནས་ཀྱང། །ནོར་བུ་ལྟ་བུའི་སྙིང་སྟོབས་ཀྱིས། །རང་གི་སེམས་ལ་གྲུབ་གཏད་ན། །མི་རོའི་ཁོག་བར་བདེ་ཆེན་ཞུགས། །གང
གིས་གང་དུ་གང་ལས་ནིས། །རྟོག་ཅིང་དཔྱོད་པའི་བློ་ལས་ནི། །དངོས་འཛིན་གདོན་གྱིས་དབང་སོང་ཕྱིར། །ཅིར་ཡང་མི་འཛིན་བློ་གྲོས་མཆོག་།སྣང་བ་ཆོས་ཉིད་ཉི་མ་ལ། །བཟུང་འཛིན་ཁྲི་མོན་སྨག་དུ་ཚུད། །སེམས་ཉིད་རང་གསལ་ཆོས་སྐུ་ཉིད། །མ་རིག་མུན
པའི་དྲ་བས་བསྟུམས། །གཉིས་མེད་བདེ་ཆེན་བླ་མའི་དྲིན། །ཤུགས་བྱུང་ཞེན་དྲལ་ཉམས་ཀྱི་ཀློང། །རང་གྲོལ་རང་བཞིན་སྤྱོད་པའི་འགྲོས། །རེ་དོགས་ལས་གྲོལ་ཆོས་ཀྱི་སྐུ། །སྐྱེ་མེད་ཀུན་རྟོགས་སྤངས་པ་ཡིས། །བྱང་ཆུབ་ལས་ཆེན་རྟོག་དང་བྲལ། །མེ་རྟོག
འཛིན་མེད་བློ་ལས་འདས། །གང་དུ་བཙལ་ཡང་རྟོག་མེད་དང། །རང་བཞིན་དྲི་མེད་ཐབས་དང་ཤེས་རབ་ཀྱི། །རང་བཞིན་སེམས་གང་ལས་ནི་སངས་རྒྱས་ཀྱི། །ཡོན་ཏན་རིན་ཆེན་རིན་ཐང་མེད་ཀྱི་མཛོད། །དམ་ཆོས་ཉི་མ་བླ་མའི་དྲིན་གྱིས་བལྟོས། །འཁྲུལ
བཅས་བདན་ལས་འདེས་པ་ཡི། །ཉོན་མོངས་འཆིང་བ་གཅོད་མཛད་ཀྱི། །ཆོས་ཉིད་བདེན་པ་མངའ་བརྙེས་པའི། །བཤེས་གཉེན་སྐྱེ་མེད་འོད་གསལ་མཐོང། །ཤེས་རབ་མིག་བྲལ་དངོས་པོ་ཡི། །གདོན་འཛོམས་བདག་གཞན་གང་ཆེན་སྐུ། །ཅིར་ཡང་རྟོག་མེད་བྱ་བྲལ
ཀྱི། ཉམས་མྱོང་ཡེ་ཤེས་སྒྲོན་མ་གསལ། །གང་གིས་དངོས་རང་དངོས་མེད་དུ། །འཛིན་ཏེ་མར་མེ་ལྟ་བུ་དུ། །བློ་ཡི་ཡུལ་མིན་སྤང་ཀའི་ཕྱིར། །བློ་འདས་བས་བཅོས་རྒྱ་མདུད་ཞིག་།ཐབས་བྲལ་ཤེས་རབ་སྒྲོན་མ་ཉིད། །ནམ་མཁའ་མེ་ཏོག་ཤེས་རབ་ལམ། །དེ་?
རུ་ལྟར་དོན་མེད་ཀྱི། །སྤུང་བྱ་མཛའ་འཛིན་བློ་དང་བྲལ། །གང་གིས་གཉིས་མེད་དོན་རྟོགས་ན། །ཆོས་ཉིད་མ་མཐོང་ཆོས་སྐུ་ཡི། །ཆོས་ཉིད་ཉི་མ་ཡོངས་སུ་མེད། །དེ་ཉིད་ཕྱག་དུ་ཆེན་པོ་ཡིན། །ཤེས་དང་ཤེས་བྱ་ལས་གྲོལ་གྱི།།
འཁོར་འདས་སྟོང་ཉིད་འོད་གསལ་བ། །བལྟར་མེད་བསྟན་དུ་མེད་པ་ཡི། །བློ་འདས་ཤེས་རབ་སྒྲོན་མ་ཉིད། །སྙིང་རྗེ་རྒྱུན་ལྡན་གྲུ་རྫིངས་ཀྱི། །འགྲོ་རྣམས་འཁོར་བ་བཟོད་མེད་ཀྱི། །སྡུག་བསྔལ་མཚོ་ཚན་པོ་ལས། །མ་ལུས་སྒྲོལ་མཛད་ཐབས་ཀྱི་སྐས།།
སྣང་སེམས་གཉིས་མོད་ཐབས་དང་ནི། །ཤེས་རབ་དབྱེར་མེད་བྱང་ཆུབ་ལམ། །ཆུ་དང་འོ་མ་ལྟ་བུ་རུ། །རོ་མཉམ་ཉམས་མྱོང་དབྱེར་མི་བྱེད། །ཡོད་མེད་བཟུང་འཛིན་མཚན་ཉིད་དང། །མཚོན་བྱ་དང་བཞིན་དྲི་ལེགས་སོ། །གཉིས་མེད་ཡེ་ཤེས་ཆོས་ཉིད་སྒྲོན།།
དུས་གསུམ་སངས་རྒྱས་ཀུན་གྱི་གསང། །འགྲོ་རྣམས་བདེ་སྡུག་སྐྱོན་ཡོན་གཞི། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །མ་ལུས་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལྟ་བུར་གནས། །དགག་སྒྲུབ་རི་དོགས་ལས་གྲོལ?་གྱི། །ཉམས་མྱོང་བལྟར་མེད
བསྟན་དུ་མེད། །ཡང་དག་དོན་གྱི་དེ་ཉིད་ལ། །ཡང་དག་དོན་མཐོང་རྣམ་པར་གྲོལ། །རིས་དྲུག་སྡུག་བསྔལ་སེམས་ཀྱི་ནི། །སྣང་བ་ཉམས་མྱོང་བདེ་ཆེན་ལ། །སྣང་བ་མཐུན་སྣང་མེད་པ་རུ། །བླ་མའི་དྲིན་མཐོང་རྣལ་བྱོར་གྲོལ། །དོན་ཆེན་ཉི་མ་བྱང་ཆུབ་ཀྱི།།
ཆོས་ཉིད་ཡེ་ཤེས་སྤྱན་པ་ཡི། །ཉམས་མྱོང་སྒྲོན་ལ་ཐམས་ཅད་ཀྱི། །བདེ་ཆེན་སྨྲར་མེད་དོན་མཐོང་བདེ། །ཀུན་རྟོག་འཆིང་བ་གཅོད་མཛད་ཀྱི། །བླ་མའི་དྲིན་ཐོབ་ཞེན་མེད་ཉམས། །གང་གིས་བྱ་ར་མ་བྱེད་བར། །གནས་པས་འཁོར་བར་བདེ་མི་རྙེད། །སྒྲ་དོན
འབྲེལ་མེད་ཐོས་ནས་ནི། །ཤེས་རབ་ཡུལ་ལས་འདས་པའི་ཕྱིར། །བླ་མའི་དྲིན་གྱིས་སེམས་དང་ནི། །ནོར་བུ་རིན་ཆེན་ཡོན་ཏན་ལྡན། །དད་གུས་ཡེངས་མེད་དམ་ཚིག་གི་།སྒྲོན་མ་བདག་ལུས་རྒྱལ་བའི་མཛོད། །བདེ་ཆེན་ཡོན་ཏན་འབྱུང་གི་གནས། །བལྟར་མེད་དོན་མཐོང
ངོ་མཚར་ཆེ། །གང་ནས་མ་འོང་གང་ཡང་ནི། །འགྲོ་འོངས་ལས་གྲོལ་གཉུག་མ་ཡི། །ཉམས་མྱོང་སྨྲང་མེད་གཉུག་མ་ཡི། །ཉམས་མྱོང་སྨྲ་མེད་ཡེངས་སུ་མེད། །བསྒོམ་པ་འབྲལ་མེད་བློ་ལས་འདས། །ཆོས་ཉིད་འོད་གསལ་དག་པའི་སེམས། །བྱང
ཆུབ་གསལ་སྣང་ཆོས་ཀྱི་དབྱིངས། །བདེ་ཆེན་ཡེ་ཤེས་སྤུ་ཅན་གྱི། །སེམས་ཀྱི་ནོར་བུ་དྲི་མེད་རྙེད། །མ་བལྟ་བདེ་ཆེན་མཐོང་དུ་མེད། །མ་རྟོགས་ཉམས་མྱོང་བློ་ལས་འདས། །མ་སེམས་རྟོག་པ་ཆོས་ཉིད་ཀློང། །ཅིར་ཡང་བྱ་བྲལ་ཡེངས་སུ་མེད། །དི་རིང་མཆོག
ལ་གནས་པའི་ཉམས་མྱོང་རིན་པོ་ཆེ། །བརྟགས་པ་མ་ཡིན་གཉུག་མ་ཡེངས་སུ་མེད་པའི་དང། །ཡེངས་མེད་གཟུགས་ཀྱིས་བདག་འཛིན་དངོས་པོ་འཇོམས་མཛད་པའི། །གནས་ལུགས་དགེ་སྡིག་སྤང་བླང་ཅི་ཡང་བསམ་དུ་མེད། །དམིགས་མེད་ཡིད་ལ་མི
བྱེད་དྲན་པ་ཡི། །ཀུན་རྟོག་འཆིང་བ་གཅོད་མཛད་ཡེ་ཤེས་སྒྲོན། །རྒྱུ་བ་ཆོས་ཉིད་ཆོས་སྐུའི་གློང་དུ་ཆད། །མ་བསྒོམས་དམུས་ལོང་མཐོང་བའི་ཡུལ་མིན་ཕྱིར། །བསྒོམ་པ་བདུད་རྩིའི་རོ་ཚོར་བླ་མའི་དྲིན། །བྱིན་བརླབས་བརྒྱུད་པ་གཉུག་མའི
ཉམས་མྱོང་ལ། །བདེ་བའི་ངོ་?་ངོས་བཟུང་ཅི་ཡང་མེད། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་མེད་རྟོག་དཔྱོད་ཡུལ་ལས་འདས། །བསྒོམ་དང་བསྒོམ་བ་ཅིར་ཡང་མེད། །མི་འཛིན་འཛིན་རྟོག་འཁྲུལ་པ་སྤངས། །ཆོས་ཀྱི་སྤྱན་ཅན་ཆོས་ཀྱི་ནི།།
གླུ་ཅན་ཆོས་ཀྱི་སྒྲོན་མ་ཡིས། །ཚོགས་གཉིས་ཆོས་ཀྱི་རྔ་བོ་ཆེ། །བྱང་ཆུབ་ལམ་ཆེན་ཆོས་ཀྱི་དུང། །བདག་མེད་འོད་གསལ་སྒྲ་སྒྲོགས་དུས། །ནོར་བུ་རིན་ཆེན་འདོད་འཇོའི་བ། །འཆི་མེད་བདུད་རྩི་བཅུད་ཀྱི་ལེན། །ལྗོན་ཤིང་མེ་ཏོག་འབྲས་ལྡན་གྱི།།
རྒྱ་མཚོར་རི་རབ་བུམ་བ་བཟང། །ནམ་མཁའ་ཉི་ཟླ་གླུ་གར་བརྩོ། །མངོན་སུམ་དང་ནི་རྗེས་དཔག་གིས། །བརྟགས་པ་དོན་ཤེས་དོན་མཐོང་གི་།ཡིད་ཆེས་ངེས་དང་བཅས་པ་ཡི། །སྔར་འདྲིས་མ་བུང?་མ་ཚིག་འཇལ། །ཆོས་དང་ཆོས་མིན་མཉམ་ཉིད་ལས། །
ཐ་དད་འགྲོ་རྣམས་བརྫུན་བློ་ཡིས། །ཐར་པའི་སྲོག་གཅོད་ཚེ་འདི་ཡི། །རྣམ་རྟོག་ཐར་མེད་ཆུ་སྲིན་ཁ། །སྙིང་རྗེ་དང་ནི་སྟོང་པ་ཉིད། །ཡ་བྲལ་ཐ་དད་དོན་མི་མཐོང། །སྟོང་དང་སྙིང་རྗེ་འབྱེར་མེད་ལམ། །འཁོར་བ་མྱ་ངན
འདས་མི་གནས། །ཞེན་པའི་བློ་ཅན་རྟག་བ་ཡི། །ཡུལ་གྱི་རྒྱ་མདུད་སུ་མི་འདོད། །འདོད་ཡོན་ལྷན་ཅིག་སྐྱེས་པ་ཡི། །བདེ་བའི་རོས་གང་སྐྱེ་མེད་ལམ། །རང་བཞིན་དགེ་བའི་སེམས་ཉིད་ནི། །གཉུག་མའི་བདེ་ཆེན་མངོན་སུམ་གྱི། །ལྷན་སྐྱེས་ངོ་ཚོར
བརྗོད་མེད་ན། །རྟགས་ཀྱིས་དེ་ཉིད་དོན་མི་རྙེད། །བདེ་ཆེན་འཁོར་འདས་རྟོག་པ་ཡི། །བློ་ཅན་རྨོངས་རྣམས་འཆིང་བའི་ཕྱིར། །གང་དང་གང་དུ་བལྟས་གྱུར་ཀྱང། །དེ་ཉིད་བློ་ཡི་ཡུལ་ལས་འདས། །རང་རིག་བདེ་ཆེན་མཚོན་དུ་མེད་པའི་ལམ། །ལྷན
ཅིག་སྐྱེས་པའི་ཡིད་ཅན་གཉུག་མའི་རོ། །བླ་མའི་དྲིན་རྟོགས་སྐྱེ་མེད་བསྒོམ་པ་ཡི། །ཉམས་ལས་དོན་མཐོང་སྐྱེ་མེད་ངོ་མཚར་ཆེ། །འགྲོ་རྣམས་འཆིང་བྱེད་ལས་ལ་ནི། །རྣམ་གྲོལ་དོན་ཤེས་རང་རིག་གི་།སེམས་རྟོགས་མྱ་ངན་འདས་ཀྱི་མཆོག་།དེ
ཉིད་སྤྲོས་པའི་ཡུལ་དང་བྲལ། །སེམས་ཉིད་ནོར་བུ་རིན་ཆེན་མཛོད། །འཁོར་འདས་སྲིད་ཞི་མྱ་ངན་འདས། །དགེ་སྡིག་ས་པོན་བག་ཆགས་རྩ། །ཐར་ལམ་བྱང་ཆུབ་རྙེད་ཀྱི་སྐུ། །རང་སེམས་ཆོས་ཉིད་ནམ་མཁའ་ཡི། །གྲོང་དུ་གྲོལ་ན་འགྲོ་རྣམས་ཀུན།།
རྣམ་དག་ཡེ་ཤེས་ཉི་མ་སྟེ། །རྣམ་གྲོལ་བྱང་ཆུབ་གཞན་དགའ་མེད། །འགྲོ་རྣམས་བདེ་ཆེན་རོས?་གང་ཡང། །ཐབས་བྲལ་དེ་ཉིད་དོན་མི་མཐོང། །ཐབས་ལྡན་བྱ་བྲལ་སྐྱེས་བུ་ལ། །འཆི་མེད་འགྲོ་འོང་ཡུལ་ལས་འདས། །གང་གང་འཛིན་དེ་དངོས
པོ་ཡི། །གདོན་གྱི་དབང་གྱུར་རྨོངས་རྣམས་ལ། །འཆིང་ལས་ཐར་ལམ་མེད་པའི་ཕྱིར། །ཐར་པའི་ལམ་སྟོན་འཛིན་མེད་ལྟོས། །རླུང་གི་རྟ་ཞོན་རྟོག་བཅས་ཡིད་ཀྱི་བུ། །བཟུང་འཛིན་སྒྲང་མ་འདོད་ཡོན་རྗེས་སུ་སྙེག་།གང་སྙེགས་བདེ་མེད་འཁོར་བའི་འཁྲུལ
བཅད་དེ། །ཡེ་ཤེས་བྱང་ཆུབ་རྩ་རླུང་ཆས་ཉིད་ཟུང། །གང་གང་རིགས་འཛིན་རྟོག་པ་ཡི། །དབང་སོང་འདོད་ཡོན་ལྟད་མོ་ཉིད། །བདག་གཞན་ལྟོས་མེད་མཐོང་བ་ལས། །རང་རྒྱུད་མ་མཐོང་འདོད་མི་ཚིམ། །དངོས་མེད་དངོས་དང་བྲལ་བ་ཡི། །ཆོས་རྣམས་དངོས
དང་དངོས་མིན་ཕྱིར། །གང་དང་གང་དུ་འཛིན་དེ་ཉིད། །བློ་ཡི་ཡུལ་ཡིན་འཛིན་རྟོག་ཕྱིར། །སྟོང་དང་སྟོང་ཉིད་འབྲས་བུ་རུང། །དངོས་པོར་འཛིན་པའི་གདོན་ཆེན་གྱིས། །གཞན་དབང་བྲན་ལྟར་མ་བཀོལ་ན། །གང་ལ་གནས་པ་དེ་མི་མཐོང་ངོ། །མོས་པའི་བློ་ལྡན
གུས་པའི་བློ་གྲོས་མཆོག་། ལས་ཀྱི་མཚམས་སྦྱོར་བག་ཆགས་རྩ་བ་ཅན། །ཡིད་ཀྱི་ལུས་ཅན་ཆོས་ཉིད་དོན་མཐོང་གི་།གཞན་དོན་ནོར་བུ་དཔག་བསམ་ཤིང་ལྟར་མཐོང། །ཏིང་འཛིན་བྱིང་རྒོད་ལས་གྲོལ་རྟོག་པ་ཡི། །རླུང་གི་མི་བསྐྱོད་རྟོག་མེད་ཆོས་ཀྱི་ནི།།
སྐུ་ཅན་བླ་མ་ཆོས་ཉིད་སྐུ་ཡི། །རི་བོ་ཉིས་མ་རིག་མུན་བྲལ་མཛོད། །འགྲོ་ལ་བརྩེ་བའི་བློ་ཅན་ཐུགས་རྗེ་ཡི། །རྒྱ་མཚོ་མི་གཡོ་དཔལ་ལྡན་རྡོ་རྗེ་འཛིན། །ཐུགས་རྗེའི་མངའ་བདག་ཐུགས་ཀྱི་དཀོར་མཛད་ནས། །ཡེ་ཤེས་སྒྲོན་མ་བྱང་ཆུབ་པ་ལམ་མཁན་མཛོད།།
མེ་ཏོག་འབྲས་ལྡན་འགྱུར་མེད་དཔག་བསམ་ཤིང། །འཆི་མེད་བདུད་རྩིའི་རོས་གང་ཀུ་སཱ་ལི། །བདག་མེད་བདེ་ཆེན་སྤྲོས་བྲལ་རྩེད་མོ་ཡི། །འགྱུར་མེད་དོན་སྟོན་དངོས་པོའི་གདོན་འཇོམས་མཛོད། །སྐྱེ་མེད་འོད་གསལ་སྟོང་ཉིད་འོད་འཕྲོ་ཡི། །ནོར་བུ་རིན་ཆེན
ཡོན་ཏན་ཀུན་ལྡན་གྱིས། །དཔལ་ལྡན་དཔལ་གྱི་འབྱུང་གནས་ཨཱ་ཙཱིརྱ། །གཉིས་མེད་སྤྲོས་བྲལ་སྟོང་ཉིད་སྒྲ་སྒྲོགས་མཛད། །བདེ་ཆེན་བདེ་བའི་འབྱུང་གནས་སངས་རྒྱས་ཀུན་གྱིས་གསང། །མི་འཇིགས་སེང་གེ་འཇིགས་བྲལ་མ་ཧཱ་པཎྜི་ཏ། །བུམ་པ་མེ
ཏོག་བཅུད་ལྡན་སྒྲང་རྩི་ལེན་བཞིན་དུ། །རང་བཞིན་རྟོག་མེད་བློ་འདས་སྒྲོན་མའི་དོན་སྟོན་མཛོད། །བསོད་ནམས་མཆོག་གིས་བརྐྱན་པ་ཡི། །ནམ་མཁའ་ཨི་ཡོན་ཏན་མི་ཟད་གཏེར། །སངས་རྒྱས་ཡེ་ཤེས་དྷརྨ་བཞི། །དྷཱུ་ཏཾ་བྱང་ཆུབ་ཆོས་ཐོབ་མཛོད། །སྒྱུ?་མེད་སྒྲོ
ལྡན་ནམ་མཁའ་ལྟ་བུ་ཡི། །ཆོས་རྣམས་སྟོང་ཉིད་འོད་གསལ་འདུས་མ་བྱས། །མཛའ་བྲལ་བདག་མེད་སྤྲོས་བྲལ་ཆོས་སྐུ་ཡི། །ཚོགས་ལྡན་ཉི་མས་ཡེ་ཤེས་དོན་རྟོགས་ཤོག་།རང་བཞིན་ལྷན་སྐྱེས་འགྲོ་རྣམས་ལྷན་སྐྱེས་འགྲོ་རྣམས་ལྷན
ཅིག་སྐྱེས་ཀྱི་སྐུ། །ཆོས་རྣམས་རྣམ་དག་མྱ་ངན་འདས་ཀྱི་དབྱིངས། །རྣམ་རྟོག་དང་བྲལ་ཚོགས་གཉིས་ལྷུན་གྲུབ་སངས་རྒྱས་སྤྱན། །ཚོགས་རྗེ་ཚོགས་ཀྱི་བདག་པོ་ཆོས་ཉིད་དོན་མཐོང་ཤོག་།སངས་རྒྱས་ཀུན་སྡོམ་བཅོམ་ལྡན་མཁའ་འགྲོ་མ་ཡི་སྡོམ།།
བདེ་བའི་འབྱུང་གནས་བདེ་ཆེན་ཉི་མ་བདེ་བ་ཀུན་གྱི་དཔལ། །བླ་མའི་གསང་མཛོད་གདམས་དག་སྙིང་པོ་དོན་གྱི་གསང་ལྡན་མཛོད། །བདེ་ཆེན་བདག་མེད་བདེ་ཆེན་པོའི་ཚོགས་དང་ལྡན་གྱུར་ཅིག་།སྲིད་དང་ཞི་བ་རྣམ་དག་ནི། །རོ་མཉམ་དཀྱིལ་འཁོར
ལྡན་གྱི་གཙོ། །ཚོགས་ཀྱི་འཁོར་ལོ་ཚོགས་ཀྱི་མཆོག་།ཚོགས་རྗེ་ཚོགས་བདག་དཔལ་ལྡན་ཤོག་།གཉིས་མེད་འཛིན་དང་བྲལ་བ་ཡི། །ཆོས་རྣམས་དངོས་མེད་སྟོང་པ་ཉིད། །ཆོས་ཉིད་འོད་གསལ་ཚོགས་ཀྱི་ནི། །འཁོར་ལོ་བྱང་ཆུབ་དོན་མཐོང་ཤོག།
བསྒོམ་བྱ་སྒོམ་བྱེད་དམིགས་པ་ཡི། །ཀུན་རྟོག་འཆིང་བ་གཅོད་མཛད་ཀྱི། །ཚོགས་ཀྱི་འཁོར་ལོ་ཚོགས་ཀྱི་ནི། །བྱམས་མགོན་རྒྱུན་དང་ལྡན་པར་ཤོག་།ཞི་བའི་བློ་གྲོས་བདག་མེད་མྱ་ངན་འདས་ཀྱི་དབྱིངས། །ཇི་སྲིད་བདེ་ཆེན་བྱང་ཆུབ་མཆོག་གི་སེམས། །སྙིང
རྗེའི་རྒྱུན་ལྡན་གསང་སྔགས་སྙིང་པོ་དོན་གྱི་བཅུད། །སྒྱུ་མ་བྱང་ཆུབ་ལམ་ཆེན་སངས་རྒྱས་བྱང་ཆུབ་འོད། །དངོས་དང་དངོས་མེད་བརྟན་གཡོ་གཉིས་དང་གཉིས་འཛིན་གྱི། །ལམ་སྟོང་ཁྱབ་བདག་བཅོམ་ལྡན་མི་ཡི་སེངྒེ་ནི། །སངས་རྒྱས་གྲོང་ཁྱེར་ཚོགས
ཀྱི་འཁོར་ལོའི་གྲོང་མཆོག་ཏུ། །བྱང་ཆུབ་སྒྲོན་མ་ཡེ་ཤེས་སྒྲོན་མའི་འོད་ལྡན་ཞིང། །སེམས་ཅན་རྣམ་དག་གདོང་ནས་སངས་རྒྱས་རང་བཞིན་ཡང། །རིས་དྲུག་རྨོངས་རྣམས་མ་རིག་མུན་པའི་སྤྲིན་ཚོགས་ཀྱིས། །ཡང་དག་ལམ་བྲལ་བདེ་གཤེགས་ཉི་མ
ནུབ་རྣམས་ལ། །ཚོགས་ཀྱི་འཁོར་ལོ་ཡེ་ཤེས་འོད་འབར་མེ་བོ་ཆེ། །ཆོས་རྣམས་རང་བཞིན་སྤྲོས་བྲལ་མྱ་ངན་ལས་འདས་པའི། །ཆོས་ཉིད་བདེ་ཆེན་བྱང་ཆུབ་ལམ་གྱི་རྩ་བ་ཅན། །གཉིས་མེད་འོད་གསལ་མ་ཉམས་ཟག་མེད་མྱང་འདས་ཀྱི། །བདེ་སྤྱོད
འགྲོ་མགོན་ཐུགས་ཀྱིས་འཛིན་པར་ཤོག་། མ་རིག་མུན་གསལ་ཡེ་ཤེས་ཉི་མའི་བྱང་ཆུབ་འོད། །དཔལ་ལྡན་ཆོས་ཀྱི་བྱང་ཆུབ་ཆོས་ཀྱི་སྒྲོན་མ་ཡི། །ཡེ་ཤེས་བྱང་ཆུབ་བཤས་གཉེན་ཨཱཏྨ་ཏ་ཀྲི་ནི། །ཆོས་ཀྱི་བློ་གྲོས་ཆོས་ཉིད་གཟུངས་ཀྱིས་འཛིན་པར་ཤོག།
དགེ་བའི་བློ་ཅན་ཡོན་ཏན་ཀུན་གྱི་གཉེན་གཅིག་པོ། །ཐུགས་རྗེའི་རྩ་བརྟན་མི་ཡི་སེང་གེ་བྱམས་པ་ཡི། །ལྗོན་ཤིང་བཤེས་གཉེན་ནོར་བུ་རིན་པོ་ཆེ། །མི་ཟད་གཏེར་ཆེན་གྲིབ་ལ་སྐྱོད་པར་ཤོག་།དཔལ་ལྡན་འཇིག་རྟེན་སྲིད་གསུམ་ཡོན་ཏན་ཀུན་གྱི་གཙོ། །མི
མཆོག་རྒྱལ་པོ་ལྷ་དང་ལྷ་མིན་ཀུན་གྱི་ནི། །གཙུག་གི་ནོར་བུ་ཡོན་ཏན་ཀུན་ལྡན་དམ་པའི་རྗེ། །ཞིང་སྐྱེས་ནོར་བུ་རིན་ཆེན་རྒྱན་དང་ལྡན་པར་ཤོག་།རྣམ་རྟོག་ལས་གྲོལ་བཅོམ་ལྡན་ལྷུན་གྲུབ་ཆོས་ཀྱི་ནི། །སྨན་པ་ཉོན་མོངས་ཟུག་རྡུ་འབྱིན་མཛད་འགྲོ་བ་ཡི།།
མགོན་གྱུར་རྗེ་བཙུན་ལས་ཅན་ལས་ལས་གྲུབ་པ་ཡི། །ལས་ཀྱི་ཉོན་མོངས་ཟུག་རྡུ་མི་ཟད་དབྱུང་དུ་གསོལ། །བདེ་གཤེགས་ཉི་མ་ཆོས་ཉིད་ཆོས་ཀྱི་སྤྱན་ཅན་གྱིས། །ཟླ་བའི་འོད་ཟེར་དྲི་མེད་ཤེལ་གོང་དངས་གསལ་གྱི། །བླ་མའི་བདུད་རྩིའི་ཆུ་རྒྱུན་འཆི་མེད
སྒྲོན་མ་ཡིས། །སྔགས་སྐྱེས་འཁོར་བའི་དྲི་མ་མ་ལུས་དག་པར་མཛོད། །དཔའ་ཁྱོད་ཐུགས་རྗེས་འགྲོ་བའི་སྡུག་བསྔལ་མ་ལུས་སེལ་མཛད་སྒྲོན་པའི་ཕ། །དཔལ་ལྡན་དྲི་མེད་ཐབས་དང་ཤེས་རབ་བདག་གཞན་ཕན་པའི་རྒྱུད་གྱུར་པ། །རྒྱུད་ལྡན་བླ་མ
མཚུངས་མེད་དཔའ་བོ་ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །སྲིད་མཚོ་ལས་སྒྲོལ་འཁོར་བའི་འཁོར་ལོ་རྒྱུན་གཅོད་པ་ཆེན་རོལ་མཛད་པ། །དཔལ་ལྡན་རྒྱལ་བའི་ཚོགས་ཀྱི་མཆོད་པ་ཆོས་ཀྱི་སྤྱན་དང་ལྡན་པའི་བུ། །ཚོགས་རྗེ་ཚོགས་ཀྱི་མཆོད་པ་སྲིད
མཚོ་མ་ལུས་སྐེམས་བྱེད་བུ། །བདེ་གཤེགས་མཆོད་པ་དཔག་བསམ་ཤིང་ཆེན་ཡོན་ཏན་ཀུན་གྱི་རྒྱན་ལྟ་བུ། །མཁའ་འགྲོའི་གསང་ཚིག་སངས་རྒྱས་སྐྱེ་མེད་ཚོགས་ཀྱི་འཁོར་ལོའི་བུ། །མ་མ་མ་གཅིག་བཅོམ
ལྡན་ཡུམ་གྱུར་ཚོགས་ཀྱི་འཁོར་ལོ་བདེ་ཆེན་མ། །གཉིས་མེད་བྱང་ཆུབ་ལམ་མཁན་ཚོགས་འཁོར་བདག་མེད་ཆོས་ཀྱི་སྤྱན་ཅན་མ། །གང་ཞིག་གང་གི་དྲིན་གྱིས་བདག་བློའི་པདམོ་ཁ་འབྱོད་ཉི་མའི་འོད། །མཐོང་ཐོས་དྲན་གྱི་སྒྲོན་མ་མ་རིག་མུན
སེལ་ཡེ་ཤེས་བྱང་ཆུབ་སྒྲོན། །རྣལ་འབྱོར་ཉམས་མྱོང་མཁས་པ་རྟོགས་ཚང་སྤེལ་ལེགས་མུ་ཏིག་རིན་ཆེན་ཕྲེང། །འགྲོ་དྲུག་ནོར་བུ་རིན་ཆེན་ཡོན་ཏན་མེད་ཀྱི་དུས། །བདེ་གཤེགས་ཆོས་ཀྱི་སྤྱན་མངའ་སངས་རྒྱས་སྲས་པོ་ཡོན་ཏན་རིན་ཆེན་གདུང
རྒྱུད་ལྡན། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་བྱང་ཆུབ་ལམ་གྱིས་བག་ཆགས་རྩ་བ་འཆང། །ཆོས་ཉིད་ཆོས་ཀྱི་དོན་ལྡན་ཆོས་མཆོག་ལམ་ཆེན་ཡིད་འོད་གསེར་གྱི་ཕྲེང་བར་ལྡན། །གཉིས་མེད་ཡེ་ཤེས་ལས་བྱུང་ཁྱབ་བདག་འགྲོ་མགོན་ནོར་བུ་རིན་ཆེན
ཆོས་ཀྱི་མཛོད། །དོན་ཡོད་ལུགས་གཟིགས་སྡེ་སྣོད་རྣམ་གྲོལ་དོན་མཐོང་རྣམ་དག་ཐུགས་དེའི་དགོངས་པ་ཉིད། །གང་གི་དྲིན་གྱིས་མ་མཐོང་མཐོང་ཕྱིར་མཐོང་པའི་ལམ་ལྟར་བདེ་ཆེན་དོན་མཐོང་ཞིང། །ཐེ་ཚོམ་བློ་བྲལ་ཡིད་ཆེས་སྒྲོན་མ་བྱང
ཆུབ་གསལ་དངས་དྲི་མེད་རྟོག་དང་བྲལ། །གཉུག་མའི་ཉམས་མྱོང་ཞེན་མེད་ཆོས་ཉིད་འོད་གསལ་ཉི་མས་མ་རིག་མུན་པ་སངས། །འདིར་འཕྲད་སྨོན་ལམ་མཚམས་སྦྱོར་བག་ཆགས་ཀྱི་རྩ་བཅན། །བསམ་པའི་སྡོང་པོ་རྣམས་མཛེས་བསྒྲུབ་པའི་མེ
ཏོག་འབྲས་ལྡན་གྱི། །བྱང་ཆུབ་ལྗོན་ཤིང་ལས་འབྲས་ཡིད་ཆེས་བསིལ་གྲིབ་ལ། །སྔར་འདྲིས་མི་དང་ཕྲད་བཞིན་སྨོན་ལམ་མ་པུ་ཅིས་མི་འཇལ། །ཕྱག་རྒྱ་ཆེན་པོ་གསེར་འཕྲེང་ལས། །ཚོགས་འཁོར་གསུམ་པ་གཉིས་མེད་ཡིད་ཆེས་རང་གསལ་གྱི
ལེའུ་སྟེ་གསུམ་པའོ། ། །།ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་།རིན་པོ་ཆེ་གསེར་ཕྲེང་ཞེས་བྱ་བ། །གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང། །པཎྜི་ཏ་མང་པོས་གསུངས་པ་རྣམས། །རྗེ་བཙུན་མངའ་བདག་མཻ་ཏྲི་པས། །གཞུང་གཅིག་ཏུ་བསྡེབས་པའི
གདམས་པ་རྫོགས་ཧོ། ། །།པཎྜི་ཏ་དེ་ཉིད་དང། །ལོཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། པྲཛྙཱ་ལེ་ཁ་ནཱ་མ། བོད་སྐད་དུ། །ཤེས་རབ་ཀྱི་ཕྲིན་ཡིག་ཅེས་བྱ་བ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །རྗེ
བཙུན་སྤྱན་རས་གཟིགས་དབང་ཕྱུག་དང།
CLOSE WINDOW