Wylie | e-texts based on the ACIP/ALL ![]() ![]() |
།རང་བཞིན་གྲུབ་པ་མེད་པའི་གཞིའི་མན་ངག་ཅེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཤ་?་ཨ་ཀྵ་ར་བྷཊཊ?་སྱ་ས་ཛཝ་ཏཻ་ཡ་བྷ་བ་ན། བོད་སྐད་དུ། རྗེ་བཙུན་ཡི་གེ་བརྒྱ་པའི་སེམས་དཔའ་གསུམ་གྱི་བསྒོམ།
པའི་ཐབས། །བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱི་ལམ། །དགེ་བ་གསུམ་གྱི་བདག་ཉིད་ཅན། །སྐུ་གསུང་ཐུགས་ལ་ཕྱག་འཚལ་ཏེ། །བློང་མན་དང་ལྡན་སྒྲུབ་བརྩོན་ཞིང། །བླ་མའི་གདམས་ངག་དང་བྲལ་ལ། །ཕན་ཕྱིར་སྒྲུབ་ཐབས།
གསུམ་བསྲེས་ཙམ། །ོཾ་ཤཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་བཏིཥ?། ཌི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུརཀྟོ་མེ?་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མ་པྲ་ཡཙྪ། སརྦ་ཀརྨ་སུ་ཙམ་མེ། ཙིཏྟཾ་ཤྲེ་ཡཧེ་རུ་ཀ་བཛྲཱི་བྷ་བ་མ་ཧཱ་ས་ཡ་སཏྭ་ཨ་ཧཱུཾ་ཕཊ། །དེ་ལ་བསྒོམ་པའི་མན་དག་ནི། །རང་སྙིང་དབུས་གུར་ཕྲ་བ་ཡི། །ཧཱུཾ་གི་དཀྱིལ་དུ་མཐེ་བོ་ཚད། །ཊཾ་ཡིག་དཀར་འོད་ལྟ་བུ་ནི། །དེ་ཡི་སྤྱི་བོར་གནས་པར་བསམ། །ཧཱུཾ་ལས་བྱུང་བའི་འོད་ཟེར་ནི། །ཏིང་འཛིན་སེམས་དཔའ་ཨི
སྙིང་གི་ཡི། །ཁ་སྦྱོར་ནམ་མཁའ་ཨི་དབུས་སུ་ནི། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །ོཾ་དང་ཧཱུཾ་གི་སྦྱོར་པ་ལས། །པདྨ་རྡོ་རྗེ་རྣམ་པར་བསྒོམ། །ོཾ་ནི་དུ་པའི་མདོག་ལྟ་བུ། །དམ་ཚིག་སེམས་དཔའ་ཤེས་པར་བྱ། །དེ་གཉིས་ཉེ་བར་སྦྱོར་པ་ལས། ། ནི་ཡེ་ཤེས་སེམས་དཔའ་བསྒོམ།
དང་བཞིན་འོད་གསལ་སྟོང་པ་ཉིད། །ཐིག་ལེའི་ངོ་བོ་ཡི་གེ་མེད། །གཉིས་དང་གཉིས་མིན་ཞེ་བ་ཉིད། །ནམ་མཁའ་ལྟ་བུར་དྲི་མ་མེད། །འདི་ལྟ་བུ་ནི་མགྲིན་པར་བསྒོམ། །གཉིས་ཀྱང་འོད་ཟེར་གཅིག་ལ་སྤྲོ། །དུ་བ་མེ་ཁྱེར་མར་མེའི་ནད། །མཁའ་སྣང་དང་ནི་སྨིག་རྒྱུའོ། །ཁ་དོག་ལྔ
བའི་འོད་ཟེར་ནི། །དབང་པོའི་?་འདྲའི་ངོ་བོ་ཉིད། །རྣམ་སྣང་རྡོ་རྗེ་ཉི་མ་དང། །པདྨ་གར་དབང་རྡོ་རྗེ་རྒྱལ། །རྡོར་སེམས་དྲུག་པ་ཧེ་རུ་ཀ་།མགྲིན་པར་བསྡུས་ཏེ་རྣམ་པར་གནས། །དེ་ལྟར་བླ་མེད་རྒྱུད་རྣམས་ལ། །བསྙེན་པའི་སེམས་དཔའ་གསུམ་གྱིས་ནི། །བསྒྲུབ་པའི་གདམ།།
དག་ཞལ་གྱི་ལུང། །རིམ་པ་ཇི་བཞིན་བཤད་བྱས་ནས། །ད་ནི་རྣལ་འབྱོར་རྒྱུད་བཞིན་དུ། །བསྒྲུབ་པའི་ཞལ་གདམས་བཤད་པར་བྱ། །རྣལ་འབྱོར་རྒྱུད་དུ་དཔང་ཐོབ་པའི། །ཤེས་རབ་ལྡན་པའི་རྣལ་འབྱོར་པས། །བདེ་པར་སྟན་ལ་འདུག་བྱས་ལ། །ོཾ་ཨཱདཔའ་ནི། །གསུམ་གྱི་དོན་ལ་འདི་ལྟར་བརྩམ། །ཐོག་མར་རྡོ་རྗེ་སྐྱིལ་ཀྲུང་བཅས། །ཏིང་འཛིན་རྒྱལ་བཅས་སྣ་རྩེར་ལྟ། །ོཾ་ཨཱ:ཧཱུཾ་ནི་བརྗོད་བྱས་པས། །གནས་གསུམ་དུ་ནི་རྣམ་པར་བསམ། །དེ་ནས་སོ་སོའི་ཁ་དོག་གི་།འོད་ཟེར་ལྕགས་ཀྱུ་ལྟ་བུ་ནི། །སྤྲོས་པས
སངས་རྒྱས་སྲས་བཅས་རྣམས། །མདུན་གྱི་ནམ་མཁར་སྦྱར་དྲང་ཞིར། །དེ་ལ་ལྔ་འམ་བདུན་པས་མཆོད། །གསུམ་ལ་སྐྱབས་འགྲོ་ལ་སོགས་བྱ། །དེ་ནས་སྤྲིན་བྲལ་ནམ་མཁའ་ལ། །གནས་པའི་སྐར་མ་ལྟ་བུ་ནི། །ཡིག་རྒྱའི་སྔགས་ནི་འདི་ཡིན་ཏོ། །ོཾ་ཤྲཱི་བཛྲ་ལ་སོགས
བ། དེ་ནས་འདི་ལྟའི་སྔགས་བརྗོད་བྱ། །།ོཾ་དད་སྭ་བྷ་བཤུདྡྷ:། །སརྦ་དྷརྨ་སྭ་བྷ་བ། །ཤུདྡྷོ་ཧི་ནས་བརྗོད་བྱས་པས། །སྐར་མ་ལྟར་གསལ་དག་པར་བསམ། །ོཾ་དད་ཙིཏྟ་པྲ་ཏི་བེ། །དྷཱཾ?་དང་ཀ་རོ་མི་བརྗོད་པས་སོ།། དེ་ལ་ནམ་མཁར་ཧཱུཾ་པས་ནི། །སྣ་ཚོགས་པདྨ་བས
པར་བྱ། །དེ་ནས་ཡི་གེ་ཨོཾ་གྱིས་ནི། ནམ་མཁར་ཟླ་བའི་དཀྱིལ་འཁོར་བསམ། །དེ་ཡི་སྟེང་དུ་ཨཱ་བརྗོད་པས། །རང་ཉིད་སྐར་མ་ལྟར་གསལ་པ། །ཟླ་པའི་སྟེང་དུ་རྣམ་པར་བསམ། །དེ་རྗེས་ཨཾ?་དང་བོ་དྷི་ཙིཏ། །ཏ་དང་ཨཽཏཔ་ཏ་ཨཱ
མིན་བརྗོད་དེ་རང་ཉིད་ཡི་གེ་ཨཱ། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །དེ་ཡི་རང་བཞིན་གསལ་བ་ཡི། །བྱང་ཆུབ་ཀྱི་ནཾ་སེམས་ཡིན་པས། །འགྲོ་བ་རྣམས་ལ་ཁྱབ་བྱེད་ཅིང། །གསལ་བར་བྱེད་པའི་བདག་ཉིད་བསམ། དེ་རྗེས་གསུམ་པ་ཡི་གེ་ནི། ཧ་ཞེས་བརྗོད་པས་སྐྱེ
པོ་ཡི། །ཚངས་པའི་བུ་གར་ཧཱུཾ་བསམས་ལ། །དེ་ལས་བྱུང་བའི་རྡོ་རྗེ་ནི། །རྩེ་ལྔ་པ་ནི་རྣམ་བསམས་ཏེ། །བརྟེན་བྱེད་སྔགས་འདི་བརྗོད་པར་བྱ། །ོཾ་དང་ཏིཥྚ?་བཛྲ་ཧཱུཾ། །དེ་ཞུ་བ་ལས་རྡོ་རྗེ་སེམས། །བདག་ཉིད་འདི་ཡི་རིགས་ཅན་ནི། །ཡིན་པར་ཡང་ནི་རབ་བསམས་ཏེ། །ཞལ་གཅིག
ཕྱག་གཉིས་སྐུ་མདོག་དཀར། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། དེ་ལ་ཤཱི་ནི་དཔལ་གྱི་དོན། །དེ་ནི་རྡོ་རྗེ་སེམས་དཔར་བརྗོད། །དེ་ལྟར་ཨོཾ་གྱི་ཡི་གེ་ཡིས། །དམ་ཚིག་སེམས་དཔའ་རྣམ་པར་བསྟན། །ཡང་ན་འདི་ལྟར་ཤེས་པར་བྱ། །ོཾ་ནི་ཟླ་བའི་དེ་སྟེང་དུ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ།།
དེ་ཡི་དབུས་ཀྱི་རྩེ་མོ་ལ། །དབྱངས་ཡིག་དང་པོ་ལས་བྱུང་པའི། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །ཞལ་ཕྱག་ལ་སོགས་སྔ་མ་བཞིན། །དེ་ནི་ཨོཾ་སྟེ་དམ་ཚིག་སེམས། །ཐོག་མར་དགེ་བ་བཀྲ་ཤིས་པའོ། །ད་ནི་ཏིང་ངེ་འཛིན་སེམས་དཔའ་ནི། །སྒོམ་པ་རྣམ་པར་བརྩམ
པར་བྱ། །ོཾ་དང་ཡ་ཏ་ཏ་ཏ་ཐཱ། །ག་ཏ་ཏ་?་ཧཾ་ཞེས་པ། །བརྗོད་པས་མདུན་དུ་ཧཱུཾ་སྔོན་བསམ། །དེ་བྱུང་འཁོར་ལོ་བཅུ་དྲུག་རྩིབས། །དེ་ཡི་དབུས་འབྱུང་རྡོ་རྗེ་ནི། །རྒྱབ་མ?་དེ་དབུས་པཾ་ལས་ཀྱང། །སྣ་ཚོགས་པདྨ་འདབ་བརྒྱད་པ། །དེ་ཡི་གེ་སར་སྟེང་དུ་ནི། །ཧཱུཾ་འབྱུང་རྡོ་རྗེ་སེམས།།
དཔའ་བསམ། །དེ་ནས་ཤར་གྱི་འདབ་མ་ལ། །ཚངས་ཡིག་དང་པོ་བྲིས་པ་ཡི། །མཱ་མེ་མུཉྫའི་སྔགས་བརྗོད་པས། །རང་གི་ས་བོན་ལས་བྱུང་བའི། །མི་སྐྱེད་མགོན་པོ་བསམ་པར་བྱ། །རང་གི་ས་བོན་ལས་བྱུང་བའི། །རིན་ཆེན་འབྱུང་ལྡན་གཡས་འདབ་ལ། །ོཾ་དང་བཛྲ་སཏྭ
ཏེ། ནོ་པ་ཏིཥཐ་བརྗོད་པས་སོ། །ོཾ་དད་དྲི་ཌཧོ་མེ་བྷ་བ། །བརྗོད་པས་རྒྱབ་དཀྱིལ་པད་འདབ་ལ། །ས་བོན་ལས་བྱུང་འོད་དཔག་མེད། །གཡོན་གྱི་པདྨའི་འདབ་?་ལ། །ོཾ་དང་སུ་ཏོ?་ཥྱོ་མེ་བྷ་པ། །བརྗོད་པས་དོན་གྲུབ་ས་བོན་ལས། །མེ་ཡི་ཕྱོགས་ཀི་འདབ་མ་ལ། །རྣམ་སྣང་ཡི་གེ་དང་བཅས
པའི། ། ནུ་རཀྟོ་མེ་བྷ་བ། །བརྗོད་པས་རང་གི་ས་བོན་ལས། །རྡོ་རྗེ་སེམས་མ་སྐུ་མདོག་དཀར། ཞལ་གཅིག་ཕྱག་གཉིས་གཡོན་དུ་གཟིགས། །ཕྱག་གཉིས་དགུ?་བརྟེན་གཙོ་དང་མཚུངས། །གཡས་པའི་ཕྱག་ན་རྡོ་རྗེ་འབར། །བདེན་བྲལ་ཨོཾ་དང་སུ་པོཥྱོ། །མེ་བྷ་བ་བརྗོད་རིགས
ཅན་མ། །ས་བོན་ལས་བྱུང་སྐུ་མདོག་སེར། །ཕྱག་གཡོན་སྔར་བཞིན་གཡས་?། །རིན་ཆེན་འཛིན་ཅིང་གཡོན་དུ་གཟིགས། །རླུང་ཨོཾ་སརྦ་སིདྡྷོམམི?། །པྲ་ཡཙྪེ་བརྗོད་ཆོས་མ་དམར། །གཡས་པད་གཡོན་པ་སྔ་མ་བཞིན། །གཡོན་དུ་གཟིགས་ཏེ་དབང་ལྡན་དུ། །རིག་བྱེད
ཚིག་གི་དང་བ་དང། །སརྦ་ཀརྨ་སུ་ཙམ། །ཙིཏྟ?་ཤྲེ་ཡབརྩམས་གཡོན་སྐོར་དུ། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །སེམས་དཔའ་བཅུ་དྲུག་རིས་བཞིན་བསྐྱེད། །ཧཱུཾ་ཧ་ཧ་ཧ་ཧ་སྭོབྷ?། །ག་བཱན་བཛྲ་སཏྭ་ནི། །ཀུན་ལ་ཁྱབ་པར་བྱེད་པའི་ཚིག་།མ་ནི་འདྲེན་བའི་དོན་ཡིན་ཏེ། །མེ་ནི་བདག་ཏུ་རྣམ་པར་བཤད། །མུཉྩ་འཛིན་པར་བརྗོད
ཅིག་པའོ། །དེ་ཕྱིར་བདག་ནི་ཟུང་ལ་དྲོངས། །ཁྱད་པར་བྱུང་བ་རྡོ་རྗེ་སེམས། །སྐུ་མདོག་ལྗང་གུ་གཡོན་དུ་གཟིགས། །གཡས་པ་རྡོ་རྗེ་རྩེ་ལྔ་པ། །གཡོན་པ་དྲིལ་བུ་དཀུར་བརྟེན་ཏེ། །པདྨའི་གདན་ལ་བརྟེན་པའོ། །བཛྲཱི་ལས་རྡོ་རྗེ་རྒྱལ་པོ་སེར། །ཕྱག་གཡས་རྡོ་རྗེ་གཡོན་ལྕགས་ཀྱུ།
ཁ་ཅིག་གཡས་པ་ལྕགས་ཀྱུ་སྟེ། །ཕྱག་གཡོན་དཀུར་ནི་བརྟེན་པ་འཆང། །ས་བྱུང་ཆགས་པ་སྐུ་མདོག་དམར། །གཡས་?་གཡོན་ནི་གཞུ་འཛིན་པའོ། །སྟཝཾ་ལས་ལེགས་པ་མ་རྒད་མདོག་།སྐྱབས་སྦྱིན་གཡས་ལ་གཡོན་དཀུར་བརྟེན། །ལྷ་འབྱུང་རྡོ་རྗེ་རིན་ཆེན་སེར། །དཔང
བསྐུར་ཕྲེང་བ་གཉིས་ཀྱིས་འཛིན། །ག་ལས་རྡོ་རྗེ་ཉི་མ་དམར། །སྙིང་གར་ཕྱག་གཉིས་ཉི་མར་འཛིན། །བན་ལས་རྒྱལ་མཚན་ནམ་མཁའ་ཨི་མདོག། ཡིད་བཞིན་ནོར་བུའི་རྒྱལ་མཚན་ནི། །ཕྱག་གཉིས་ཀྱིས་ནི་འཛིན་པའོ། །མ་བྱུང་བཞུངས?་སུནདྡ?་རི།།
མདོག་ཅན་རྒྱལ་མཚན་སོ་ཡིས་ནི། །ཕྲེང་བས་མཚན་པ་འཛིན་པའོ། །ཧཱ་ལས་ཆེས་ནི་དཀར་དམར་མདོག། གཡོན་གྱི་པད་སྡོང་གཡས་ཀྱིས་འབྱེད། །ས་འབྱུང་རྣོན་པོ་གུར་གུམ་མདོག། ཕྱག་གཡོན་པོ་ཏི་གཡས་རལ་གྲི། །མ་ལུས་བྱུང་བའི་རྡོ་རྗེ་རྒྱུ། །སྐུ
མདོག་སེར་ལ་ཆོས་འཆད་རྒྱ། །ཡ་ལས་རྡོ་རྗེ་འོད་མདོག་དམར། །གཡོན་དུ་གཡས་པས་ལྕེ་འཛིན་པ། །ས་ལས་རྡོ་རྗེ་ལས་ལྗང་སེར། །ཕྱག་གཉིས་རྡོ་རྗེ་རྩེ་གསུམ་པ། །གང་སྟབས་ཀྱིས་ནི་སྤྱི་བོར་འཛིན། །ཏྭ་ལས་བསྲུང་བ་སྐུ་མདོག་སེར། །གཉིས་ཀྱིས་རྡོ་རྗེ་གོ་ཆ
འཛིན། །ཏྭ་བྱུང་རྡོ་རྗེ་གནོད་སྦྱིན་ནག། ཕྱག་གཉིས་ཀྱིས་ནི་ཞལ་ཕྱོགས་སུ། །མཆེ་འཛིན་བདུད་རྣམས་འཇིགས་བྱེད་རྒྱ། ། ལས་རྡོ་རྗེ་ཁུ་ཚུར་དཀར། །རྡོ་རྗེ་འཆིང་བྱེད་གཉིས་ཀྱིས་འཛིན། །དེ་ནི་ཧཱུཾ་གི་རང་བཞིན་ཅན། །ཏིང་འཛིན་སེམས་དཔའ་ཤེས་པར་བྱ། ། ནི
ཡེ་ཤེས་སེམས་དཔའ་སྟེ། །དེ་ཡི་སྦྱོར་བ་བཤད་པར་བྱ། །ཕྱག་རྒྱ་སྔ་མ་ལ་གནས་ནས། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ལས། །འོད་ཟེར་སྤྲོ་བའི་སྦྱོར་བ་ཡིས། །ོཾ་ཤྲཱི་བཛྲ་སཏྭ་དང། །ས་མ་ཡོ་ཧཾ་ཞེས་བརྗོད་པས། །དམ་ཚིག་སེམས་དཔའ་བདག་ཉིད་བསམ།།
ས་མ་ཡ་སྟཝཾ་ཞེས་བརྗོད་པས། །རང་མདུན་ནམ་མཁར་ཟླ་དཀྱིལ་ལ། །གནས་པའི་ཡེ་ཤེས་སེམས་དཔའ་དགུག་།ཡང་ནི་ས་མ་ཡ་སྟཾ་ཞེས། །ཏིང་ངེ་འཛིན་དང་ཡེ་ཤེས་འཕྲེང། །དེ་ཡང་མདུན་གྱི་ནམ་མཁའ་ལ། །ཟླ་སྟེང་ཨ་ནི་དཀར་པོ་ཡི། །ངོ་བོར་ཞུགས་པའི་ཡེ་ཤེས
སེམས། །བཀུག་སྟེ་གཙོ་བོའི་ཐུགས་ཀར་བསྟིམ། །ཡང་ན་ཕྱག་རྒྱ་སྔ་མ་ཡིས། །འདི་ལྟའི་རྡོ་རྗེ་སེམས་དཔའ་དགུག། ཨ་ནི་ཟླ་བའི་དཀྱིལ་འཁོར་ཏེ། །ཧཱུཾ་ནི་རྡོ་རྗེ་རྩེ་ལྔ་པ། །དེ་ཡི་དབུས་ཀྱི་རྩེ་མོ་ལ། །ོཾ་ནི་ཡེ་ཤེས་སེམས་དཔའ་སྟེ། །དེ་ཉིད་རྡོ་རྗེ་སེམས་དཔས་པར་བཤད། །རྩེ
མོ་བཞི་ལ་རིགས་བཞི་སྟེ། །མཚམས་བཞིར་ལྷ་མོ་རྣམ་པ་བཞི། །འོད་ཀྱི་ཚུལ་དུ་རྣམ་པར་གནས། །དེ་ནས་ཟླ་བ་རྡོ་རྗེ་ལ། །རྡོ་རྗེ་ཧཱུཾ་ནི་ཨོཾ་ལ་སྟེ། །དེ་ལ་རྩེ་བཞིའི་འོད་དབུས་ལ། །མཚམས་ཀྱང་དབུས་ལ་ཐིམ་པ་དང། །དེ་ནི་ཏིང་འཛིན་སེམས་དཔའ་ལ། །ཐིམ་པར་གྱུར་པར་རྣམ་པས
བྱ། །དེ་ནི་དམ་ཚིག་སེམས་དཔའ་ལ། །དེ་ཡང་གཉིས་མེད་དོན་དུ་བཤད། །དེ་རྗེས་ཡི་གེ་ཧཱུཾ་གྱུར་པས། །རྡོ་རྗེ་ལྕེ་ནི་རྡོ་རྗེ་ཡི། །འོད་ཟེར་སྤྲོ་བར་རྣམ་བསམ་བྱ། །དེ་ཡིས་ཕྱི་ནང་དག་བྱས་ནས། །བདག་ཉིད་ལ་ནི་དབང་བསྐུར་ཏེ། །དེ་རྗེས་བཟླས་པ་ཅི་ནུས་བྱ། །བཟླས་པའི་རིག
པ་འདི་ལྔ་སྟེ། །ོཾ་ཤྲཱི་བཛྲ་སཏྭ་ས་མ་ཡ་མ་ནུ་པ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲི་ཌཧོ་མི་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟེ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིཾ?་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟི་ཤྲེ་ཡེ:ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ:བྷ་ག་བཱན། བཛྲ་སཏྭ་མཱ་མེ
མུཉྩ། བཛྲཱ་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨ:།། །།ངེས་ནི་དམ་ཚིག་བསྲུང་བར་གསུངས། །ཡི་གེ་བརྒྱ་པ་བཏུས་པ་ཡིས། །སྒོ་ནས་སེམས་དཔའ་གསུམ་གྱི་དོན། །སྒྲུབ་ཐབས་དགེ་པ་གསུམ་ལྡན་པ། །རྣལ་འབྱོར་རྒྱུད་དང་མཐུན་པར་བསྟན། །ད་ནི
བྱ་བའི་རྒྱུད་གསུངས་པའི། །སེམས་དཔའ་གསུམ་གྱི་སྦྱོར་བ་བརྩམ། །ཐོག་མར་རྣལ་འབྱོར་དབང་ཕྱུག་གིས། །ཕུང་པོ་ལྔ་ཡི་ང་རྒྱལ་བྱ། །དེ་རྗེས་སྔགས་ནི་འདི་ལྟར་བརྗོད། །ོཾ་མ་ཎི་དྷ?་རི་བཛྲི་ཎི། མ་ཧཱ་པྲ་ཏི་ས་རེ། རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། །།
ལུས་ཀྱི་དཀྱིལ་འཁོར་བསྒོམ་བྱས་ལ། །དེ་རྗེས་བྱམས་སོགས་དྲན་བྱས་ནས། །མདུན་དུ་ལམ་སྐྱེས་གྲུ་བཞི་སྟེ། །དེ་དབུས་སྣ་ཚོགས་པདྨ་བསམ། །དེ་སྟེང་ཨོཾ་ལས་བྱུང་པ་ཡི། །ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ། །ཽཏཔལ་ཕྱག་རྒྱས་བཀུག་པ་ཡི། །ཽཏཔལ་རིགས
བརྒྱ་བསམ་པར་བྱ། །ཕྱག་རྒྱ་དེ་ནི་དམ་ཚིག་གི་།སེམས་དཔར་ཡང་ནི་རྣམ་པར་བཤད། །དེ་རྗེས་ཡེ་ཤེས་སེམས་དཔའ་ནི། །སྔགས་འདི་ཡིས་ནི་དགུག་པར་བྱ། །ོཾ་ཨེ་ཧཡེ་ཧི་བྷ་ག་བ་ཏི། པྲ་སཱ་དྷི་ཅི་དྷ་ཡཾ་ཀུ་རུ་ཨ། པུ་ཛཾ?་གྲཧྞཾ། ཨ་ན་སན?་ཧི་ཏོ་བྷ་བ། འདི་བརྗོད་ཨཾ་ཀུའི་
ཕྱག་རྒྱ་ཡིས། །ཡེ་ཤེས་སེམས་དཔའ་སྤྱན་དྲང་བྱ། །ང་ནི་ཏིང་འཛིན་སེམས་དཔའ་ཡི། །སྦྱོར་པ་འདི་ལྟར་ཤེས་པར་བྱ། །ོཾ་བྷ་ག་བ་ཏི་ས་མ་ཡེ་ཤྭ་རི་སརྦ་བུདྡྷ་མ་ཏེ། ཏ་རེ་ཨ་ཏིཥྛ་ནཱཉྩ་མེ་ཀུ་རུ་སྭཱཧཱ། །ཏཾ་ཡིག་ཧཱུཾ་གིས་བརྐྱང་པ་ལས།།
བྱུང་བའི་སྒྲོལ་མ་ལྗང་གུ་ནི། །ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་སྟེ། །མི་བསྐྱོད་པ་ཡིད་བུ་རྒྱན་ཅན། །རྒྱན་རྣམས་ཀྱིས་ནི་ལེགས་པར་སྤྲས། །གཡས་ཞལ་དཀར་ལ་གཡོན་ཞལ་གནག། གཡས་གསུམ་ཕྱག་མཚན་རིམ་པར་ནི། །མི་འཇིགས་སྦྱིན་དང་མདའ
དང་ནི། །རྡོ་རྗེ་རྩེ་ལྔ་རྣམ་པར་འཛིན། །གཡོན་གསུམ་རིམ་བཞིན་སྡིགས་མཛུབ་དང། །གཞུ་དང་ཨཽཏཔལ་ཤེས་པར་བྱ། །སྣ་ཚོགས་པདྨའི་སྟེང་དུ་ནི། །པདྨའི་སྟེག་རྒྱའི་བཞུགས་སྟབས་ཀྱིས། །མཁའ་ལྡིང་ལྔ་ལ་བརྟེན་པའོ། །དབུས་ཀྱི་མཁའ་ལྡིང་དཀར
པོ་སྟེ། །ལག་པ་གཉིས་ཀྱིས་དུམ་པ་འཛིན། །གཡས་སུ་ནག་དང་སེར་པོ་སྟེ། །གཡོན་པ་ལྗང་དང་དམ?་པོ་ཡང། །རིམ་པ་བཞིན་དུ་ཤེས་པར་བྱ། །དེ་?་ཏིང་འཛིན་སེམས་དཔར་བཤད། །རང་ལུས་ལ་ནི་རྣམ་དག་དོན། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ོཾ
དཀར་སྤྱི་པོའི་གཙུག་ཏུ་སྟེ། །མགྲིན་པར་ཨཱ:ཡིག་དམར་པོ་བསམ། །ཧཱུཾ་ནག་སྙིང་གའི་པདྨ་རུ། །དེ་ལྟར་རང་ལུས་རྣམ་བསམ་བྱ། །ས་བོན་རྣམས་ལ་ལེགས་བསྐོར་པའི། །ཡི་གེ་བརྒྱ་པ་བཟླས་པར་བྱ། །ོཾ་བྷ་ག་བ་ཏི་ཏཱ་རེ། ས་མ་ཡ་མ་ནུ་པཱ་ལ་ཡ། ཏཱ་ར་ཀ
ཏྭེ་ནོ་པ་ཏིཥྛ། དྲི་ཌཏོ་མེ་བྷ་པ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ་། སརྦ་སིདྡྷི་མེ་པྲ་ཡཙྪ་། སརྦ་ཀརྨ་སུ་ཙ་མོ?་། ཙིཏྟཾ་ཤི་ཡ:ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོའདི་ལྟར་མི་སྐྱོའི་པར་དུ་བཟླ། །སྨོན་ལམ་རྒྱ་ཆེན་བཏབ་བྱས་ལ། །ོཾ་གཙྪ་ཏྭཾ་བུདྡྷ་བི་ཥ་ཡཾ་བུན་ར་ག་མ་ན་ཡཙྪ། ཛ:ཧཱུཾ་བཾ་ཧོ:ཞེས་བྱ་བའི་དོན་ནི་ཨོཾ་ཁྱེད་ནི་སངས་རྒྱས་གནས་སུ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ་ཞེས་པའོ། །ཧཱུཾ་གིས་དགུག་ཅིང་ཛ?
གིས་གཤེགས། །བགྱིས་བཅིངས་ཤིང་ཧོ:ས་དགྱེས་པའོ།། །།དེ་ལྟར་བྱ་བའི་རྒྱུད་ལ་ནི། །བརྟེན་པའི་སེམས་དཔའ་གསུམ་དོན་བཤད། །ང་ནི་རྒྱུ་ཡི་ཐེག་པ་ལས། །གྲགས་པའི་སེམས་དཔའ་ཨི་དོན་བཤད་བྱ།། །།ཡང་ན་གཅིག་ཀྱང་ལྡན་པས
ཀྱང། །འཇིག་རྟེན་ཆོས་ལ་བློ་ལྡོག་སྟེ། །རྣམ་པར་དབེན་པའི་ས་ཕྱོགས་སུ། །བདེ་བར་སྟན་ལ་འདུག་ནས་སུ། །འདི་ལྟར་བསྒྲུབ་པའི་སྦྱོར་བ་ཙམ། །དང་པོར་མཎྜལ་ལ་སོགས་བཤམ། །སེམས་བསྐྱེད་སྔོན་དུ་སོང་པ་ཡིས། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། སྐྱབས
ཀྱི་དམ་པ་བླ་མེད་པའི། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བརྗོད་ལུས་ཡིད་སྦྱོར་ལྡན་བྱ། །ངེས་ནི་བྱང་ཆུབ་སེམས་དཔའ་ཡི། །དགེ་བསྙེན་དུ་ནི་མི་འགྱུར་ཏེ། །དེ་རྗེས་བྱང་ཆུབ་སེམས་བསྐྱེད་དེ། །བདག་དང་ཐ་མི་དད་པ་ཡི། །བྱམས་དང་སྙིང་རྗེ་དགའ་བ་དང། །བཏང
སྙོམས་ཀྱང་ནི་བསྒོམ་པར་བྱ། །དེ་ཡི་རྗེས་ལ་བླ་མ་ལ། །དད་པ་བསྐྱེད་དེ་དང་པ་བསྒོམ། །དེ་ལྟར་བྱས་བས་འབྲས་བུ་ནི། །འཁོར་བ་ལས་ནི་གྲོལ་འགྱུར་ཏེ། །བར་ཆང་རྣམས་ཀྱང་མི་འབྱུང་ངོ?། །གདམས་ངག་དོན་ནི་རྣམ་པ་གཉིས། །བསྒོམ་དང་དེ་བཞིན་བཟླས་པའོ།། །།
སྒོམ་དོན་དང་པོ་མལ་ནས་ལངས་བྱས་ཏེ། །དེ་རྗེས་དཀོན་མཆོག་གསུམ་ནི་རྗེས་དྲན་བྱ། །དེ་ནས་བདག་ཉིད་ཐོག་མར་ཁྲུས་བྱས་ཏེ། །རང་གི་ལག་མཐིལ་གཡོན་པར་ཨོཾ་ལས་ནི། །ཟླ་བའི་དཀྱིལ་འཁོར་དེ་ཡི་སྟེང་དུ་ཧྲཱི:། །དེ་ལས་བྱུང་བ་འོ་མའི་མདོག་ཅན་གྱི། །བདུད
རྩིའི་ཆུ་བསམ་ཨོཾ་ཧྲཱི:སྭཱཧཱ་ཡི། །བྱིན་གྱིས་བརླབ་བྱ་ཆུ་དང་རང་ཉིད་ལ། །དབང་བསྐུར་ཚུལ་དུ་སྔགས་འདི་བརྗོད་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ། ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། །ཞེས་བྱ་བའི་སྔགས་བརྗོད་རང་ཉིད་སྤྱི་བོར་གཏོར། །བསྒྲུབ་པའི་གནས་ལ་སོགས་ལ་གཏོར
བར་བྱ། །དེ་རྗེས་ཡི་གེ་གསུམ་གནས་ནི་གསུམ་དུ་དགོང། །སྤྱི་བོར་ཚངས་པའི་ཡི་གེ་དཀར་པོ་སྟེ། །མགྲིན་པར་ཡེ་ཤེས་ཡི་གེ་ཨཱཔདྨ་སྟེ། ། ནི་ཟླ་བ་རིག་བྱེད་དང་པོའི་ཚིག། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིན་ཞེས་བསམ། །དེ་ནི་གནས་གསུམ་བསྲུང་ཞིང་དག་པའོ། །དེ་རྗེས་ཤར་གྱི་ཕྱོགས་སུ་ཁ་བལྟས་ལ། །གསེར་སོགས་སྣོད་དུ་ཆུ་ནི་གཙང་མ་ལྟམ། །ཤར་གྱི་ཕྱོགས་སུ
ནམ་མཁར་ཧཱུཾ་ཡིག་བསམ། །དེ་གྱུར་ལས་བྱུང་པདྨའི་གེ་སར་ལ། ། ལས་ཟླ་བ་དེ་ཡི་རིགས་སྐྱེས་མཚོན། །དེ་སྟེང་རྣམ་སྣང་ཡིག་གྱུར་ཉི་དཀྱིལ་འཁོར། །འོད་ཀྱི་དཀྱིལ་འཁོར་ལྟ་བུར་རྣམ་པར་བསམ། །ཟླ་དབུས་བཅོམ་ལྡན་ཤཱཀྱ་ཐུབ་ཆོས་འཆད་རྒྱ། །ཉི་འོད་ཐུབ་དང
གཉིས་སུ་མེད་པར་བསམ། །དེ་ཡི་རྗེས་ལ་གསང་སྔགས་འདི་བརྗོད་དེ། །ོཾ་ན་མོ་ཏ་ཐཱ་ག་ཏ་སྱ་ཕཊ་ཕཊ། མྲིཥཾ་ཨན་ཎྞ་པ་ནི། པྲ་ཡཙྪ་མེ་སྭཱ་ཧཱ། །མེ་ཏོག་རེ་བླངས་སྔགས་རེ་བརྗོད་བྱས་པས། །སྔར་བཤམས་ཆུ་ལ་ཉི་ཤུ་རྩ་གཅིག་དོར། །ཡང་ན་རིག་པ་དེ་ཉིད་བརྗོད
བྱས་ལ། །སྔ་མའི་མེ་ཏོག་རེ་རེ་བླངས་ནས་ཀྱང། །མཎྜལ་ལ་སོགS་ས་ཕྱོགས་གཙང་མར་ནི། །བཅོམ་ལྡན་ཤཱཀྱ་ཐུབ་ལ་དབུལ་བར་བྱ། །དེ་རྗེས་དཔལ་ལྡན་ཡི་གེ་བརྒྱ་པ་ནི། །མི་སྐྱོའི་ཡིད་ཀྱིས་ཅི་ནུས་བཟླས་པར་བྱ། །ོཾ་བྷ་ག་བཱ་ཏི་མུ་ན་ཡེ་ས་མ་ཡ་མ་ནུ་པཱ
ལ་ཡ། ཤཱཀྱ་མུ་ནི་ཏྭེ་ནོ་པ་ཏིཥྛ། དྲི་ཌཧོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམམ?་པྲ་ཡཙྪ། སརྦ་ཀརྨ་སུ་ཅི་མེ། ཙིཏྟཾ་ཤྲེ་ཡེ:ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོདེ་ནི་ཐོག་མར་གཏི་མུག་ཡི་གེ་ལ། །བར་དུ་སྒྲ་གཅན་ཐ་མར་དབྱངས་ཡིག་ལས། །ཡི་གེ་ཨ་སྟེ་སེམས་དཔའ་གསུམ་དུ་གྲགས། །དེ་རྗེས་དགེ་བའི་རྩ་བ་བསྔོ་བྱས་ཏེ། །ཛ:ཧཱུཾ་བཾ་ཧོ:ས་གཤེགས་སུ་གསོལ་བར་བྱ། །རིག་གནས་ལྔ་ལ་མཁས་པ་རྣམས་ཀྱིས་ཀྱང།།
སྤྱད་པར་རྟོགས་དཀའ་རྡོ་རྗེ་འཆང་གི་དངོས། །རྩ་བའི་གྲུབ་ཆེན་ལཱུ་ཡི་ནས་བརྒྱུད་པ། །གདམས་པ་ཕྱི་ནང་གསང་བའི་སེམས་དཔའ་གསུམ། །སྒྲུབ་ཐབས་སློབ་མ་མཆོག་གི་གསོལ་བཏབ་ངོར། །བླ་མའི་གདམས་པ་བུམ་རྒྱུན་ལེགས་འཐུངས་པ། །བརྩོན་ཤུགས
འབར་བའི་སྙིང་རྗེས་སྣ་དྲངས་ཏེ། །ཉམས་ཆུང་བཟུང་ཕྱིར་རིན་ཆེན་ཕྲེང་བར་བསྡེབས། །ཇི་སྲིད་ཐུབ་པའི་བསྟན་པ་གནས་བར་དུ། །མཛའ་ཁོ་བ་ཕྱོགས་སུ་དར་ཅིང་རྒྱས་གྱུར་ཅིག། རྗེ་བཙུན་གྱི་ཡི་གེ་བརྒྱ་པའི་སེམས་དཔའ་གསུམ་གྱི་སྒོམ་པའི་ཐབས། །སློབ་དཔོན་ནཱ་རོ
པས་མཛད་པ་རྫོགས་ཤོ། ། །།རྒྱ་གར་སྐད་དུ། རཏན་མཱ་ལ་ནཱ་མ། བོད་སྐད་དུ། རིན་ཆེན་ཕྲེང་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མགོན་པོ་ཀུན་གྱི་བདག་ཉིད་ནི། །དངོས་པོའི་རང་བཞིན་མ་གྲུབ་པའི། །བླ་མ་རྗེས་ལ་ཕྱག་འཚལ་ནས། །རིན་ཆེན
ཕྲེང་བ་བཤད་པར་བྱ།
CLOSE WINDOW