CLOSE WINDOW

N2012: དེ་བཞིན་ཉིད་ཀྱི་ལྟ་བ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

།ལུས་ངག་གང་གི་སར་འཇིག་པ། །བདག་གིས་དེ་ནི་མ་ཤེས་སོ། །ཁྱོད་དང་ང?་ཞེས་བྱ་བ་ནི། །ཕྲད་པར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་དམ?་ཅི། །ཀ་ན་པ་ནི་སྨྲ་བར་བྱེད། །བདག་པོས? འདི་ལས་རྟོགས་པ་མེད། །འགྲོ་འོང་བྱས་པས་བདག་ཉིད་བཅོམ། །ཁྱོད་དང་ང་ཞེས་བྱ་བ་ནི། །ཕྲད་བར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་རམ་ཅི། །སློབ་དཔོན་ནག་པོ་པས་མཛད་པ། འབྲེལ་མེད་ཀྱི་ལྟ་བ་ཞེས་བྱ་བ་རྫོགས་ཤོ།། རྒྱ་གར་སྐད་དུ། ཏ་ཐཱ་ག་ཏཱ་དྲིཤཏི་ནཱ་མ། བོད་སྐད་དུ། དེ་བཞིན་ཉིད་ཀྱི་ལྟ་བ་ཞེས་བྱ་བ། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་ཉིད་ཀྱི་ཤིང་དུང་ལ། །རྩ་བ་ཡལ་ག་དམིགས་པ་མེད། །མ་ཏོག་འབྲས་བུ་རྟག་ཏུ་འབྱིན། །ཀྱེ་མ་ཤིང་འདི་ངོ་མཚར ལྟོས། ཏ་ཐཱ་ག་ཏཱ་དྲིཤཏི་ནཱ་མ། བོད་སྐད་དུ། དེ་བཞིན་ཉིད་ཀྱི་ལྟ་བ་ཞེས་བྱ་བ། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་ཉིད་ཀྱི་ཤིང་དུང་ལ། །རྩ་བ་ཡལ་ག་དམིགས་པ་མེད། །མ་ཏོག་འབྲས་བུ་རྟག་ཏུ་འབྱིན། །ཀྱེ་མ་ཤིང་འདི་ངོ་མཚར ལྟོས། །ས་བོན་མྱུ་གུ་མེད་པ་ཡི། །འབྲས་བུ་དཔག་ཏུ་མེད་པ་འབྱུང། །དེ་ཡི་རང་བཞིན་ཇི་ལྟ་བུ། །ནམ་མཁའ་ཆན་བར་བཅུག་ནས་ནི། །ཁུ་ཚུ་ད་དག་གིས་གཅོག་པ་བཞིན། །ཤིང་དེ་གཅོག་པ་དེ་དང་འདྲ། །རྩ་བ་དག་ཀྱང་ཡོད་འགྱུར་ལ། །ཡལ་ག་དག་ཀྱང་ཡོད་པ་ཡི། །ཤིང གིས་ནམ་མཁའ་ཁྱབ་པར་སྣང། །ས་བོན་མྱུ་གུ་མེད་པ་ཡི། །འབྲས་བུ་དཔག་ཏུ་མེད་པ་འབྱུང། །དེ་ཡི་རང་བཞིན་ཇི་ལྟ་བུ། །ནམ་མཁའ་ཆན་བར་བཅུག་ནས་ནི། །ཁུ་ཚུ་ད་དག་གིས་གཅོག་པ་བཞིན། །ཤིང་དེ་གཅོག་པ་དེ་དང་འདྲ། །རྩ་བ་དག་ཀྱང་ཡོད་འགྱུར་ལ། །ཡལ་ག་དག་ཀྱང་ཡོད་པ་ཡི། །ཤིང གིས་ནམ་མཁའ་ཁྱབ་པར་སྣང། །ཀྱེ་མ་ལྟོས་དང་ཤིང་འདི་ལ། །ནམ་མཁའ་ཁྱབ་པ་ངོ་མཚར་ཆེ། །ཀྱེ་མ་ཤིང་འདི་ངོ་མཚར་ལྟོས། །ས་བོན་མྱུ་གུ་མེད་པ་ཡི། །འབྲས་བུ་དཔག་ཏུ་མེད་པ་འབྱུང། །དེ་བཞིན་ཉིད་ཀྱི་ཤིང་འདི་ཡི། །མཚན་ཉིད་ཁྱོད་ཀྱིས་རྟོགས་པ་མེད། །བདག གིས་བསྟན་པར་རྟོགས་པར་འགྱུར། །ཀྱེ་མ་ལྟོས་དང་ཤིང་འདི་ལ། །ནམ་མཁའ་ཁྱབ་པ་ངོ་མཚར་ཆེ། །ཀྱེ་མ་ཤིང་འདི་ངོ་མཚར་ལྟོས། །ས་བོན་མྱུ་གུ་མེད་པ་ཡི། །འབྲས་བུ་དཔག་ཏུ་མེད་པ་འབྱུང། །དེ་བཞིན་ཉིད་ཀྱི་ཤིང་འདི་ཡི། །མཚན་ཉིད་ཁྱོད་ཀྱིས་རྟོགས་པ་མེད། །བདག གིས་བསྟན་པར་རྟོགས་པར་འགྱུར། །དྷ་རི་པ་ནི་སྨྲ་བར་བྱེད། །འདི་ལ་ལེ་ལོ་བྱས་པ་ཡི། །མཛའ་རུ་ཕྱིན་པར་མ་གྱུར་པས། །བར་དུ་ཕུད་བར་མ་བྱེད་ཅིག་།ཀྱེ་མ་ཤིང་འདི་ངོ་མཚར་ལྟོས། །ས་བོན་མྱུ་གུ་མེད་པ་ཡི། །འབྲས་བུ་དཔག་ཏུ་མེད་པར་འབྱུང། །དེ་བཞིན་ཉིད ཀྱི་ལྟ་བ་ཞེས་བྱ་བ། །དྷ་རི་པ་ནི་སྨྲ་བར་བྱེད། །འདི་ལ་ལེ་ལོ་བྱས་པ་ཡི། །མཛའ་རུ་ཕྱིན་པར་མ་གྱུར་པས། །བར་དུ་ཕུད་བར་མ་བྱེད་ཅིག་།ཀྱེ་མ་ཤིང་འདི་ངོ་མཚར་ལྟོས། །ས་བོན་མྱུ་གུ་མེད་པ་ཡི། །འབྲས་བུ་དཔག་ཏུ་མེད་པར་འབྱུང། །དེ་བཞིན་ཉིད ཀྱི་ལྟ་བ་ཞེས་བྱ་བ། སློབ་དཔོན་དྷ་རི་ཀ་པས་མཛད་པ་རྫོགས་ཤོ།། །།ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ཞེས་བྱ་བ་བཞུགས། །*། །རྒྱ་གར་སྐད་དུ། ཥོ་ཌ་?་བིནདྷུ་བྷ་བཱ་ན་ནཱ་མ། བོད་སྐད་དུ། ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ནས་བྱ་བ། ཡུམ་བདག་མེད་མ་ལ་ཕྱག་འཚལ་ལོ། སློབ་དཔོན་དྷ་རི་ཀ་པས་མཛད་པ་རྫོགས་ཤོ།། །།ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ཞེས་བྱ་བ་བཞུགས། །*། །རྒྱ་གར་སྐད་དུ། ཥོ་ཌ་?་བིནདྷུ་བྷ་བཱ་ན་ནཱ་མ། བོད་སྐད་དུ། ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ནས་བྱ་བ། ཡུམ་བདག་མེད་མ་ལ་ཕྱག་འཚལ་ལོ། །རང་ལུས་ཁོང་སྟོང་བསམ་བྱས་ནས། །མཚན་མེད་ཨ་བ་དྷུ་ཏཱི་ལ། །འཁོར་ལོ་བཞི་ནི་བསམ་པར་བྱ། །ཡི་གེ་དྲུག་ཅུ་རྩ་བཞི་ནི། །སྤྲུལ་བའི་འཁོར་ལོར་བྱིན་གྱིས་བརླབས། །བདེ་གཤེགས་ལྔ་དང་ལྷ་མོ་རྣམས། །འདབ་བརྒྱད་པདྨ་དགོད་པར་བྱ ཁམས་དང་ཕུང་པོ་དག་པའི་ཕྱིར། །དབྱངས་ཅན་བཅུ་དྲུག་ལོངས་སྤྱོད་བསྒོམ། །དེ་རྣམས་ཉིད་འགྱུར་སྤྱི་བོ་རུ། །བདག་ཉིད་བསྲུང་བའི་མན་ངག་གོ་།བཅུ་དྲུག་ཐིག་ལེ་རབ་ཏུ་འབར། །རྩ་བརྒྱད་ཐིག་ལེ་རྒྱུ་བ་ཡིན། །བཞི་པོ་ཞུ་སྟེ་རོལ་པ་གཉིས། །གཉིས་ཀྱི་ཕྱེད་ནི་བདག་མེད་མ།། བཅུ་དྲུག་ཕྱེད་ཕྱེད་གྲངས་ཡིན་ནོ། །ཀ་ནས་བརྩམས་ནས་མ་ཡི་བར། །རེག་བྱེད་ཉི་ཤུ་རྩ་ལྔ་ཡིན། །ཡ་ནས་བརྩམས་ནས་ཧ་ཡི་བར། །མི་རིགས་མིང་ཅན་བརྒྱད་ཡིན་ནོ། །བསྡུས་པ་ཨཱ་ཕྲེང་ཀཱ་ཕྲེང་གཉིས། །སྤྲུལ་པའི་འཁོར་ལོར་བསམ་པར་བྱ། །ཉི་མའི་འོད་ཀྱིས་དྲོས་ཙམ་ན། །ཁང་ག? བསྲེག་ཅིང་ཞུ་བར་བསམ། །ཆོས་ཀྱི་རིམ་པའི་རྗེས་འབྲངས་ནས། །རི་བོང་ཅན་གྱིས་རྒྱས་པར་འགྱུར། །མཁའ་འགྲོ་ལོངས་སྤྱོད་བདག་ཐིམ་ནས། །དགའ་བའི་བདག་ཉིད་སྐད་ཅིག་ལ། །དཔའ་རྒྱལ་སྙིང་རྗེ་ཆེན་པོ་སྐྱེ། །ཡང་དག་ཟུང་འཇུག་གྲུབ་པ་ཡིས། །སྒྲིབ་པ་ཐམས་ཅད་དག་པ འགྱུར། །སྐྱེ་འགག་མེད་པའི་རྣལ་འབྱོར་ནི། །ཀཾ་ཀ་ལི་བདག་གྲུབ་པ་ཐོབ། །ཀྱེ་འོ་མ་ཡེངས་རྣལ་འབྱོར་པ། །རང་གི་སེམས་ལ་ཉམས་ལེན་གྱིས། །སློབ་དཔོན་ཀཾ་ཀ་ལི་པས་མཛད་པ། །འཁོར་ལོ་བཞིའི་ཉམས་ཀྱི་ཞལ་གདམས་རྫོགས་ཤོ།། །། རྒྱ་གར་སྐད་དུ། བཱཧཡ་ཨནྟ་བོདྷི་ཙིཏྟ་བནདྷ་ནཱ་མ། བོད་སྐད་དུ། ཕྱི་ནང་བྱང་ཆུབ་སེམས་བཅིང་པའི་མན་ངག་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས། །ལྷན་ཅིག་སྐྱེས་ཏེ་མུན་བས་བསྒྲིབས། །ཀུན་ཏུ་སྐྱེ་བའི་ཉམས་ལེན ནི། །བདག་གིས་འདི་རུ་བཤད་པར་བྱ། །སྤྱི་བོའི་གཙུག་ནས་བོ་ལའི་བར། །སྣ་ཚོགས་རྩ་ནི་བསྒོམ་པར་བྱ། །དེ་ནས་བདེ་ཆེན་འཁོར་ལོ་རུ། །སྒོ་ངའི་ཁོག་པ་ལྟ་བུ་ཡི། །བྱང་ཆུབ་སེམས་ལ་སེམས་གཏད་ནས། །བོ་ལའི་རྩ་ལ་རྒྱལ་པོ་ཙམ། །གསལ་ལ་སྲན་རྡོག་ཙམ་དུ་བསྒོམ།། བདེ་ཆེན་སྒོ་ངའི་རྩེ་ལ་ནི།

CLOSE WINDOW