CLOSE WINDOW

N2011: འབྲེལ་མེད་ཀྱི་ལྟ་བ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

སློབ་དཔོན་དྷ་རི་ཀ་བ་ནས་བརྒྱུད་པ། སློབ་དཔོན་ས་ར་བྷ་ཁས་མཛད་པ་རྫོགས་ཤོ།། །།རྒྱ་གར་སྐད་དུ། ཨ་སམྦྷནདྷ་དྲིཥྚི་ནཱ་མ། བོད་སྐད་དུ། འབྲལ་མེད་ཀྱི་ལྟ་བ་ཞེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ།། ནོར་དང་ལང་ཚོ་རིགས་ཀྱིས་དྲེགས། །བདག་ཉིད་འཇིག་པར་འགྱུར་བའི་དུས། །དེ་དག་གཅིག་ཀྱང་སྣང་བ་མེད། །ཁྱོད་དང་ང་ཞེས་བྱ་བ་ནི། །ཕྲད་པར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་རམ་ཅི། །ཕ་དང་མ་དང་བུ་ཆེ རྣམས། །གར་ལ་བལྟ་ཕྱིར་འདུས་པ་འདྲ། །གར་མཁན་སོང་ནས་ལྟད་མོ་གྱེས། །ཁྱོད་དང་ང་ཞེས་བྱ་བ་ནི། །ཕྲད་པར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་རམ་ཅི། །ཚོང་འདུས་དག་གམ་སྲང་ངག་གམ། །རིའམ་ཐད? ངམ་ཆུ་འགྲམ་དུ། །ལུས་ངག་གང་གི་སར་འཇིག་པ། །བདག་གིས་དེ་ནི་མ་ཤེས་སོ། །ཁྱོད་དང་ང?་ཞེས་བྱ་བ་ནི། །ཕྲད་པར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་དམ?་ཅི། །ཀ་ན་པ་ནི་སྨྲ་བར་བྱེད། །བདག་པོས? འདི་ལས་རྟོགས་པ་མེད། །འགྲོ་འོང་བྱས་པས་བདག་ཉིད་བཅོམ། །ཁྱོད་དང་ང་ཞེས་བྱ་བ་ནི། །ཕྲད་བར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་རམ་ཅི། །སློབ་དཔོན་ནག་པོ་པས་མཛད་པ། འབྲེལ་མེད་ཀྱི་ལྟ་བ་ཞེས་བྱ་བ་རྫོགས་ཤོ།། རྒྱ་གར་སྐད་དུ།

CLOSE WINDOW