CLOSE WINDOW

N1946: དོ་ཧ་མཛོད
Wyliee-texts based on the ACIP/ALL Input

། *། །རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ། བོད་སྐད་དུ། དོ་ཧ་མཛོད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇིག་རྟེན་པ་ནི་ང་རྒྱལ་བྱེད། །ད་ནི་དོན་དམ་འཇུག་པའོ་ཞེས། །གོས་པ་མེད་ལ་ཞུགས་པ་ནི། །བྱེ་པའི ནང་ནས་གཅིག་ཙམ་སྲིང། །ལུང་དང་རིག་བྱེད་རྙིང་པ་ཡིས། །མཁས་པ་ང་རྒྱལ་བྱེད་པ་དག། དཔལ་འབྲས་སྨིན་པ་ལ་ནི་བུང་བ་ནི། །ངེས་ནི་ཕྱི་རོལ་དག་ཏུ་འཁོར་བར་བྱེད། །བྱང་ཆུབ་སེམས་དང་རྡུལ་གྱིས་བརྒྱན། །མི་བསྐྱོད་པ་ནི་གོས འགྱུར་བས། །པདྨའི་ས་བོན་རང་བཞིན་ལ། །དག་པ་གཉུག་མའི་ལུས་ལ་མཐོང། །ནམ་མཁའ་ཨི་ཆུ་དང་འོད་དཔག་མེད་ཀྱི་འདམ། ངེས་ནི་རྩ་བ་རབ་ཏུ་སྤངས་ནས་བྱས། ། བ་དྷུ་ཏཱིས་རྩ་བ་སྡོང་པོ་བྱས། །ཧམ་གྱི་ཡི་གེའི་རྣམ་པར་སྐྱེས་གྱུར་པ།། རོ་མ་དང་ནི་རྐྱང་མ་གཉིས་ཀྱིས་ནི། །གཡས་དང་གཡོན་ཕྱོགས་གཉིས་ཀྱི་སྡོང་བུར་བྱས། །པདྨ་འདབ་མ་བཞི་དང་རྩ་བ་བཞི། །བདེ་བ་ཆེན་པོ་དག་ནི་ཚར?་ན་གནས། །ེ་བམ་ས་བོན་དག་ནི་བླངས་ནས་ནི། །མེ་ཏོག་པདྨ་བཞིན་དུ་རྒྱས་པར བྱེད། །བུང་པའི་གཟུགས་ཀྱིས་བདེ་ཆེན་དཔའ་བོ་ནི། །སྦྲང་རྩི་དག་ནི་རབ་ཏུ་འཐུང་བར་བྱེད། །འབྱུང་བ་ཆེན་པོ་ལྔ་ཡི་ས་བོན་ནི། །བླངས་ནས་རྫོགས་པ་དག་ཏུ་བྱེད་པར་འགྱུར། །སྲ་བར་གྱུར་པ་དག་ནི་ས་ཡིན་ནོ། །ཆུ་ནི་རླན་པ་ཚ་བ་མེ་ལས་ སྐྱེས། །ཡང་ཞིང་གཡོ་བ་དག་ནི་རླུང་ཡིན་ནོ། །ནམ་མཁའ་བདེ་བ་དག་ནི་གང་བའོ། །མ་ལུས་ལྷ་དང་ལྷ་མིན་དེ་ལས་སྐྱེས། །རྨོངས་པ་འདི་དག་རྣམས་ནི་སྟོང་པའོ། །ས་དང་ཆུ་དང་མེ་རླུང་ནམ་མཁའ་རྣམས། །བློ་ཡི་ཡུལ་དུ་བླངས ནས་ཤེས་པར་གྱིས། །དཔའ་རླབས་མེད་ཅིང་མཉམ་པ་གཉུག་མའི་ལུས། །སྒྲུབ་པ་མ་ལུས་སྤངས་པ་སྟེ། །དགེ་དང་སྡིག་པ་གཅིག་ཀྱང་མེད། །གསལ་པོར་ནག་པོ་དག་གིས་གསུངས། །ཕྱི་རོལ་འབྱུང་བ་དག་ནི་སྤྱད་བྱས་ནས། །སྟོང་དང་སྟོང མིན་དག་ལ་འཇུག་པར་གྱིས། །སྟོང་ངང་སྟོང་མིན་གཉིས་ཀྱིས་དབུས་སུ་ནི། །ཀྱེའོ་རྨོངས་པ་ཅི་ཡང་མ་མཐོང་ངམ། །ལྷན་ཅིག་སྐྱེས་པ་གཅིག་པུ་ཡོད། །ནག་པོ་དག་གིས་ཡོངས་སུ་ཤེས། །ལུང་དང་སྟན་བཅོས་མང་པོ་བཀླག་པ་དང། ཉན་ཀྱང་རྨོངས་པ་ཅི་ཡང་མི་ཤེས་སོ། །སྟེང་དུ་མི་རྒྱུ་འོག་ཏུ་མི་འགྲོ་ཞིང། །གཉིས་པ་སྤངས་པས་དེ་ནི་བརྟན་པར་གནས། །ནག་པོ་ན་རེ་ཡིད་ནི་གང་དུ་མི་འཕྲོ་ཟེར། །མི་གཡོ་རླུང་ནི་ཁྱིམ་བདག་མོ་ནི་ཁྱིམ་དུ་གནས། །མཆོག་གི་རི་བོ་དག་ནི ཕུག་ཟབ་མོར། །འགྲོ་བ་མ་ལུས་པ་ནི་ཆད་པར་འགྱུར། །དྲི་མ་མེད་པར་ཆུ་ནི་སྐམས་འགྱུར་ཏེ། །དུས་ཀྱིས་མེ་ནི་རབ་ཏུ་ཞུགས་གྱུར་པ། །ས་འཛིན་འདི་ནི་ཤིན་ཏུ་བཟུང་དཀའ་སྟེ། །མཉམ་དང་མི་མཉམ་དག་ལ་རྒལ་མི་ནུས། །ནག་པོ་ན་རེ?་མཚོན་དཀའ་ རྟོགས་དཀའ་བ། །འདི་ནི་གང་གིས་སེམས་ཀྱི་བསམ་མི་ནུས། །གང་གི་ཡི་ནི་རིན་ཆེན་རིས་ནུས་པ། །ཉི་མ་རེ་རེ་ལྷན་ཅིག་སྐྱེས་པ་འཕྲོ། །དེ་ཡིས་ཆོས་ཀྱི་རང་བཞིན་དག་ནི་ཤེས། །གཞན་ལ་བསྟན་དུ་ཟིན་ཀྱང་མི་ཤེས་སོ། །ལམ་འགྲོ་གཉུག་མའི ཡིད་ནི་བཅིངས་ནུས་བ། །ཁམས་གསུམ་མ་ལུས་སྤྲོ་ཞིང་ཡང་དེར་སྡུད། །བདེ་གཤེགས་སྲིད་པའི་ལྷ་མོ་ཁྲོ་བོའི་ཚོགས། །དཀྱིལ་འཁོར་འཁོར་ལོ་དག་ནི་སྤངས་ནས་སུ། །ལྷན་སྐྱེས་སྐད་ཅིག་ལ་ནི་བདག་གནས་བྱ། །གང་གིས་ལྷན་སྐྱེས མི་གཡོ་བརྟན་ནུས་པ། །གཉུག་མའི་ཡིད་ཀྱིས་རྒྱལ་པོ་རོ་མཉམ་འགྱུར། །དེའི་སྐད་ཅིག་ལ་ནི་འགྲུབ་འགྱུར་ཏེ། །རྒས་དང་འཆི་བའི་འཇིགས་པ་གང་ཡང་མེད། །མི་གཡོ་མི་རྟོག་སྐྱོན་རྣམས་མེད་པ་ནི། །ཤར་ནུབ་སྤངས་པ་དེ་ནི་སྙིང་པོ་སྟེ། །འདི་ནི འདི་རུ་མྱ་ངན་འདས་པར་གསུངས། །དེས་ནི་ཡིད་ཀྱིས་ང་རྒྱལ་ཅི་ཡང་མི་བྱེད་དོ། །ེ་བམ་རྣམ་པ་གང་གིས་ཤེས་གྱུར་པ། །དེས་ནི་མ་ལུས་ལུས་པ་མེད་པར་ཤེས། །ཀྱེའོ་ཆོས་ཀྱིས་ཟ་མ་ཏོག་ཅེས་དེ་ལ་བྱ། །གཉུག་མའི་བདག་པོ་ཆ་ལུགས་དེ་ཡིན ནོ། །གལ་ཏེ་རླུང་དང་ནམ་མཁའ་སྒོ་གཉིས་ལ། །སྒོ་ལྕགས་དམ་པོར་གང་གིས་འཇུག་ནུས་ན། །དེས་ནི་དེ་རུ་མུན་པ་ནག་པོ་ཡིས། །ནང་དུ་ཡིད་ཀྱི་མར་མེ་དག་ནི་བྱ། །རྒྱལ་བ་རིན་ཆེན་ལུས་ཀྱི་སྟེང་དུ་སོང། །ནག་པོ་ན་རེ་སྲིད་ལོངས་སྤྱད་པས་ཐར་པ འགྲུབ། །གང་གིས་ཡིད་ནི་བརྟན་པར་བྱས་གྱུར་ན། །དེ་ནི་ཆོས་ཀྱི་ཡི་གེའི་དྲུང་ན་གནས། །སྐད་ཅིག་གིས་ནི་རླུང་གིས་འཆིང་བར་འགྱུར། །དེའི་ཚེ་ཡུལ་རྣམས་ལ་ཡང་རེ་བ་མེད། །མཆོག་དང་དགའ་བྲལ་དབུས་སུ་གང་སྐྱེས་པ་། །ཆོས་ཀྱི་ཡི གེའི་དབུས་སུ་ཤེས་པར་གྱིས། །འདི་ལྟའི་གདམས་ངག་གསལ་པོར་འགྲུབ་འགྱུར་ན། །དེ་ཡི་ཁྱིམ་བདག་མོ་རླུང་མི་གཡོ་བཅིངས། །མཆོག་གི་རི་བོའི་རྩེ་ལ་རྒྱས་པའི་ཐང། །རི་ཁྲོད་པ་ནི་དེ་རུ་གནས་བྱས་པས། གདོང་ལྔ་པས་ཀྱང་རྒལ་བར་མི དུས་ན། །གླང་པོ་ཆེའི་རེ་བ་རིང་དུ་འགྱུར། །འདི་ནི་མཆོག་གི་རི་བོར་བདག་གི་བསྟན། །འདི་ནི་བདེ་བ་ཆེན་པོའི་གནས་ཡིན་ནོ། ལྷན་ཅིག་སྐྱེས་པའི་སྐད་ཅིག་འདི་རུ་ལྟོས། །བདེ་བ་ཆེན་པོ་མ་རྙེད་བར་དུའོ། །འགྲོ་བ་ཀུན་གྱིས་ལུས་ངག་ཡིད འདྲེན་སྤྱོད། ཀྱེའོ་དེ་ཉིད་བདེ་ཆེན་རྒྱལ་པོ་གཅིག་དུ་ཉིད། །རྒྱུད་དང་སྔགས་རྣམས་ཀྱིས་ནི་ཅི་ཞིག་བྱ། །གཉུག་མའི་ཁྱིམ་བདག་མོ་ནི་བླངས་ནས་རོལ་པར་བྱ། །གཉུག་མའི་ཁྱིམ་བདག་མོ་ནི་མཆུད་པའི། །བར་དུ་དེ་སྲིད་འདོད་ཡོན་ལྔ་ལ་སྤྱོད་། བཟླས་པ་སྦྱིན་བསྲེགས་དཀྱིལ་འཁོར་ལས་འདི་ཡིས། །རྟག་ཏུ་ཀུ་རེ་རྩེད་མོས་ཅི་ཞིག་བྱ། །གཞོན་ནུ་མ་དང་རྟག་ཏུ་མཛའ་བ་དེ་མེད་ན། །ལུས་འདི་ཡིས་ནི་བྱང་ཆུབ་ཇི་ལྟར་འགྲུབ། །གང་གི་རྒྱུན་ཏུ་ལྷན་ཅིག་སྐྱེས་རྟོགས་ན། །རིགས བྱེད་རྙིང་པ་དེ་ཡང་ཅི་ཞིག་བྱ། །དེས་ནི་འགྲོ་བ་མ་ལུས་རྣམ་རྟོག་བཅང། །གང་གིས་ཡིད་ནི་རིན་ཆེན་བརྟན་ནུས་ན། །གཉུག་མའི་ཁྱིམ་བདག་མོ་ནི་བླངས་ནས་འདིར། །དེ་ནི་རྡོ་རྗེ་སེམས་དཔའ་མགོན་པོ་སྟེ། །མཆོག་གི་དོན་འདི་བདག་གིས རབ་ཏུ་བརྗོད། །ཇི་ལྟར་ལན་ཚྭ་ཆུ་ལ་ཞུ་བ་བཞིན། །དེ་ལྟར་ཁྱིམ་ཐབ་མོས་ནི་གཟུང་བའི་སེམས། །ཀྱེ་ཧོ་སྐད་ཅིག་གིས་ནི་རོ་མཉམ་འགྱུར། །གང་གིས་དེ་དང་རྟག་ཏུ་མཉམ་པར་གནས། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སློབ་དཔོན་ནག་པོ་རྡོ རྗེས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བ་རྫོགས་སོ། ། །།ལྷོ་ཕྱོགས་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད དུ་ཤྲཱི་ཀྲིཥྞ་བཛྲ་པཱ་ད་དོ་ཧ་ཀོ་ཥ་ཤཱི?་ཀཱ།

CLOSE WINDOW