CLOSE WINDOW

N1937: སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། ཙརྱཱ་ཀོཥྚཱི་པྱཱ?་ཎཱི་བྲིཏྟི་ནཱ་མ། བོད་སྐྲད་དུ། སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ་ཞེས་བྱ་བ། དཔལ་རྡོ་རྗེ སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་དམ་པའི་ཞལ་གྱི་ཆུ་སྐྱེས་རོ་མྱངས་རབ་གསལ་བརྩེ་བའི་ཐུགས་མངའ་བ། །གཉིས་མེད་བློ་ལྡན་དཔལ་ལྡན་རྡོ་རྗེའི་དབང་ཕྱུག་དྲི་མེད་ཞལ་མངའ་དད་བས་ཕྱག་འཚལ་ནས། །དཔལ ལྡན་ལཱུ་ཡི་ཞབས་སོགས་གྲུབ་པ་རྣམས་ཀྱིས་གསུངས་ཤིང་ཡ་མཚན་སྤྱོད་བའི་གླུ་ཡི་ཚོགས། །ལམ་མཆོག་དྲི་མ་མེད་པའི་ཚིག་ནི་རྟོགས་པར་བྱ་ཕྱིར་དེ་ཡི་འགྲེལ་བས་གསལ་བར་བྱ། །ལུས་ལྗོན་ཤིང་མཆོག་ཡན་ལག་རྣམས་ལྔ་ལ། ། གཡོ་བའི་སེམས་ལ་སྒྲ་གཅན་རབ་ཏུ་འཇུག། བརྟན་བར་མཛོད་ཅིག་བདེ་ཆེན་ཡོངས་ཀྱི་ཆེད། །ལཱུ་ཡིས་སྨྲས་པ་བླ་མ་ལ་ཞུས་མཁྱེན། །མ་ལུས་ཏིང་འཛིན་རྣམས་ཀྱིས་ཅི་ཞིག་བྱ། །བདེ་བ་རྩ་ནས་བཏོན་ན་ངེས་པར་འཆི། །སྤོངས་ཤིག་སྡེབ་སྦྱོར བྱེད་ཅིང་གཡོ་སྒྱུའི་བློ། །སྟོང་ཉིད་ཕྱོགས་ལ་ཞགས་པས་བཅིངས་ཅིས་ཀྱེ། །ལཱུ་ཡཱི་བདག་གི་བསམ་གཏན་ཀྱིས་མཐོང། །ཟླ་བ་ཉི་མ་གཉིས་ཕབ་སྟེང་དུ་སྡོད། །?་ཧའི་སྙེ་མ་ཞེས་བྱ་བའི་གླུའི་གདངས་སོ།། །།ལུས ལ་ཇོན་པའི་ཤིང་ཞེས་བྱ་བ་ལ་སོགས་བ་ནི་གང་ཞིག་དཔལ་ལྡན་བླ་མའི་ཞབས་ཀྱི་ཆུ་སྐྱེས་ཀྱི་སྦྲང་གི་ཐིག་བའི་ཚོགས་འབབ་པའི་དགའ་བས་སེམས་བརླན་ཞིང་ཡང་དག་པར་ཆིམ་ནས་བདེན་པ་གཉིས་ལ་རྨོངས་ཤིང་འཁྲུལ་པའི་རྒྱ་མཚོ ཆེན་པོའི་དབྱིངས་སུ་བྱིང་བ་སྐྱབས་མེད་པ་སྡུག་བསྔལ་བའི་སྐྱེ་བོ་རྣམས་ཡང་དག་པར་གདོན་པར་འདོད་པའི་ཕྱིར། གྲུབ་པའི་སློབ་དཔོན་ལཱུ་ཡཱི་པའི་ཞབས་ཀྱི་སྨོན་པས་བསྐུལ་བ་རྣམས་གདོན་པའི་ཕྱིར། ལུས་ལྗོན་ཤིང་མཆོག་ནི་དགོངས པའི་ཚིག་གིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་བཞིའི་རང་བཞིན་གྱི་སྣང་བ་ལ་སྦྱོར་བ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་།དབང་པོ་དྲུག་པོ་རྣམས་དང། ཁམས་རྣམས་དང། ཡུལ་རྣམས་ལ་གཟུང་འཛིན་དུ་འཛིན པས་ལོ་མ་དང་འདྲ་བར་ཉེ་བར་མཚོན་པའི་ཕྱིར་ལུས་ལྗོན་ཤིང་མཆོག་ཏུ་གཟུང་ངོ། །ཅི་སྟེ་སེམས་དང་ལྡན་པའི་ཕྱིར་ཇི་ལྟར་ལུས་ལྗོན་པའི་ཤིང་མཆོག་ཅེ་ན། །འདིའི་སྐྱོན་མེད་དེ། དེ་བཞིན་དུ་ཕྱིའི་བསྟན་བཅོས་བྱེད་པས་ཀྱང་ཉེ་བར་བལྟ་བར་བྱའི རྒྱན་གཞན་ལ་སྦྱོར་བ་རྣམས་ཀྱིས་ཅུང་ཟད་དབྱེ་བར་གནས་པ་དེ་དང་འདྲ་བ་ཉིད་ལ་ཉེ་བར་བརྗོད་དོ། །ཅིའི་ཕྱིར་བརྟགས་ན་རང་བཞིན་དུ་སྣང་བའི་སྐྱོན་གྱི་དབང་ལས་གཡོ་བ་དེ་ཡིས་སོ། །ཐ་མལ་པའི་སེམས་འཛག་པའི་རང་བཞིན་གྱིས་སྒྲ་གཅན་ཏེ། དེ་ཉིད་ཀྱི་དུས་སུ་ནག་པོའི་ཆོས་གཅིག་གི་སྐབས་སུ་རབ་ཏུ་འཇུག་གོ། གང་ལ་དགའ་བ་དང། བཟང་པོ་དང། རྒྱལ་བ་དང། སྟོང་པ་དང། གང་བ་རྣམས་ཆོས་ཀྱི་རིམ་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རི་དགས་མཚན་སྐམ་པར་འགྱུར་རོ། །འདིའི་ཁྱད པར་དུ་སློབ་དཔོན་ནག་པོ་སྤྱོད་པའི་ཞབས་ཀྱིས་མངོན་པར་གསུངས་ཏེ། རི་བོ་མཆོག་གི་མགུལ་ཕུག་ཏུ། །འགྲོ་རྣམས་མ་ལུས་ཀུན་ཆད་གྱུར། །དྲི་མེད་ཆུ་རྒྱུན་སྐམས་ནས་འགྲོ། །དུས་ཀྱི་མ་ནི་རབ་ཏུ་འཇུག། དེ་བཞིན་དུ་ར་ཏི་བཛྲ་ཡིས་ཀྱང། བྱང ཆུབ་སེམས་ནི་ལྷུང་གྱུར་ན། །དངོས་གྲུབ་ཀུན་གྱི་གཏེར་ནི་གང། ཕུང་པོ་རྣམས་ཤེས་བརྒྱལ་བ་ལ། །བསྟོད་པའི་དངོས་གྲུབ་གང་ལས་འབྱུང། །དེ་བཞིན་དུ་ས?་བུ་ཊ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང། དཔག་མེད་རྣམ་རྟོག་མུན་པས་ཟིལ གནོན་པའི། རླུང་གིས་གཡོ་པའི་གློག་བཞིན་གཡོ་བ་ཅན། །འདོད་ཆགས་ལ་སོགས་བསྲུང་དཀའ་དྲི་མ་ཡི། །སེམས་ཉིད་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །དེའི་ཕྱིར་གང་འགའ་ཤིག་ཕྱོགས་གཅིག་ཏུ་བཅོམ་ལྡན་འདས་ཀྱིས་དགེ་བ རྣམས་ཡོངས་སུ་སྨིན་པ། །རིམ་པ་ལྔ་པའི་ཐབས་འཛིན་པ་ལ་ཞུགས་པ་སྔོན་དུ་ཟུང་འཇུག་བཅིངས་པའི་ངོ་བོ་ལྷན་ཅིག་སྐྱེས་པའི་དགའ་བའི་འབྲས་བུ་རྟག་ཏུ་ཚོལ་བ་ན་དེ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པར་འགྱུར་རོ།། འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་ཏེ། རིམས་པ་ལྔའི་གོ་རིམས་མེད་ན་རྫོགས་པའི་རིམ་པ་ཡང་དག་པའི་བྱང་ཆུབ་མངོན་སུམ་དུ་བྱེད་པ་ཐོབ་པར་མི་འགྱུར་རོ།། །།བརྟན་པར་མཛོད་ཅིག་ཅེས་བྱ་བ་ལ ས་ཨོགས་པ་ནི་འདིས་ནི་དགེ་བའི་བཤེས་གཉེན་གྱིས་སྡོམ་པ་ལ་སོགས་པའི་རིམ་པས་གོ་རིམས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བའི་མཆོག་རྣལ་འབྱོར་བས་དམ་ཚིག་གི་བརྡའི་རྫས་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ནས་ནམ་ཕྱེད་ན ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པ་ཇི་ལྟ་བ་བཞིན་དུ་བརྟན་པར་བྱའོ། །དེ་བཞིན་དུ་བདེ་བ་ཆེན་པོ་དགའ་བ་བཞི་བ་ཉིད་ཀུན་གྱི་ཚད་མའོ། །ལཱུ་ཡཱིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར ས་བྱོར་བས་མི་འཛག་པའི་བདེ་བའི་ཕྱིར་དཔལ་ལྡན་བླ་མ་ལ་ཞུས་ན་ཁྱད་པར་གྱིས་དགའ་བ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དེ་ཡིས་ཆོས་ཐམས་ཅད་དམིགས་པ་མེད་པའི་ཚུལ་གྱིས་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བ་ཆེན་པོ་ཉིན་དང་མཚན དུ་ཤེས་སོ། །དེ་བཞིན་དུ་དཔལ་གསང་བ་འདུས་པ་ལས་ཀྱང། །རྡོ་རྗེ་བླ་མ་དང་བྲལ་ན། །ཉོན་མོངས་མ་ལུས་སྤངས་པ་དང། །ཞི་བ་མྱང་འདས་གོ་འཕང་དང། །ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །དེ་བཞིན་དུ་ཡང་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་རྡོ་རྗེའི་བཟླས པ་ལས་གསུངས་ཏེ། འགའ་ཞིག་རི་དབང་རྩེ་ལས་རབ་ཏུ་ལྷུང་གྱུར་ནས། །ལྟུང་བར་མི་འདོད་ན་ཡང་དེ་བཞིན་རྣམ་པར་ལྟུང། །བླ་མའི་དྲིན་གྱིས་ཕན་པའི་མན་ངག་ཐོབ་གྱུར་ན། །གྲོལ་བར་མི་འདོད་ན་ཡང་དེ་བཞིན་གྲོལ་བར་འགྱུར། །ས་ར་ཧའི ཞབས་ཀྱིས་བཤད་སྦྱར་ལས་ཀྱང་གསུངས་ཏེ། གང་ཞིག་འཁོར་བའི་འཁོར་ལོ་མི་སྒྲུབ་ན། །བདག་ཉིད་ཆེད་དུ་ཡིད་ནི་ཉེར་སྦྱོར་ཞིང། །དེ་བློ་བརྟན་པ་དང་བས་ཞུགས་གྱུར་ན། །སྤྲོས་བྲལ་རང་གི་བདག་པོའི་ས་ཉིད་དོ། །དེ་ཡང་སོ་སོ་རང་རིག་སྐྱེ་འགྱུར་ཏེ། ། བདེ་བ་རྟོག་པའི་དྲ་བ་ལས་གྲོལ་བྱེད། །དུས་ཀུན་ཏུ་ནི་བླ་མ་དམ་པ་ཡི། །དེ་ཡི་ཞབས་ཟུང་སྤྱི་བོས་གུས་པར་འདུད། །དེ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང། བསོད་ནམས་ཉིད་ལས་བདག་གིས་ཤེས། །བླ་མའི་རིམ་པ་ཉེར་བསྟེན་ཕྱིར། །རྐང་པ་གཞན་གྱིས འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་ཉེ་བར་གསལ་ཞིང་རྗེས་སུ་བསྔགས་པ་གསུངས་ཏེ། མ་ལུས་ཏིང་འཛིན་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཉིད་ཀྱིས་མཛའ་མེད་པའི་ཏིང་ངེ་འཛིན་རྣམས་ཀྱི་ཚུལ་གྱི་དབྱེ་བ་ནི་མི་དགེ་བ་བཅུ་ཡོངས སུ་སྤངས་པའི་ཕྱིར་དང། དབང་པོ་རྣམས་འགོག་པའི་ཕྱིར་ངེས་པར་གསུངས་སོ། །ཏིང་ངེ་འཛིན་དེ་རྣམས་ཀྱིས་འདིར་བྱ་པ་ཅུང་ཟད་ཀྱང་མེད་དེ། འདོད་ཆགས་ཆེན་པོའི་ཚུལ་བདེ་བ་དང་བྲལ་བའི་ཕྱིར་དཀའ་ཐུབ་དང་བསྙང་གནས་ལ་སོགས་པའི་ངེས་པས སོ། །དེའི་ཕྱིར་དཔལ་གསང་བ་འདུས་པ་ལས། དཀའ་སྤྱད་ངེས་པ་དྲག་པོ་ཡིས། །ལུས་ནི་སྐམས་ཤིང་སྡུག་བསྔལ་ཏེ། །སྡུག་བསྔལ་ལས་ནི་སེམས་གཡེང་བྱེད། །རྣམ་གཡེང་ལས་ནི་དངོས་གྲུབ་གཞན་ཞེས་སོ། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས་ཀྱང། །འདོད་ཆགས་ཀྱིས ནི་འཇིག་རྟེན་འཆིང། །འདོད་ཆགས་ཀྱིས་ནི་རྣམ་གྲོལ་བའི། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས་ཞེས་སོ། །དེ་བཞིན་དུག་བདེ་བ་རྩ་ནས་བཏེན་ན་བདེ་བ་ཆེན་པོའི་དེ་ཉིད་དང་བྲལ་བས་སངས་རྒྱས་པའི་མུ་སྟེགས་པ་རྣམས ནི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་ཞིང་སྐྱེ་བ་དང་ཡང་འཆི་བར་བྱེད་དེ། དེ་རྣམས་དེ་ཁོ་ན་ཉིད་ཀྱི་སྐལ་བ་དང་མི་ལྡན་པས་སོ། །དེ་བཞིན་དུ་ཡང་ལུང་ལས་བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང། དེ་ཉིད་བྲལ་བས་འགྲུབ་མི་འགྱུར། ཞེས་པའི་ཚིག་ལས་འདོད ཆགས་ཆེན་པོའི་ཚུལ་གྱིས་སྦྱོད་པ་འང་གསུངས་ཏེ། དཔལ་གསང་བ་འདུས་པ་ལས། འདོད་ཡོན་ལྔ་ནི་སྤང་མི་བྱ། །དཀའ་ཐུབ་སྡུག་བསྔལ་བསྟེན་མི་བྱ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །བདེ་བ་ཡིས་ནི་བྱང་ཆུབ་བསྒྲུབ་ཅེས་སོ། །དེ་བཞིན་དུ དཔལ་ས་ར་ཧའི་ཞབས་ཀྱིས་ཀྱང། །གང་ཞིག་ཕྲ་རབ་སེམས་ཀྱི་མྱུ་གུ་ལ། །གལ་ཏེ་ཡུལ་བཅུད་དྲི་མེད་ཀྱིས་མ་བརླན། །ནམ་མཁའ་ཁྱབ་པའི་འབྲས་བུ་སྦྱིན་པ་ཡི། །དཔག་བསམ་ལྗོན་ཤིང་ཉིད་ནི་ཇི་ལྟར་འཐོབ། །ཆགས་པ་ཆེན་པོའི ཚུལ་གྱིས་སྤྱོད་པའི་དོན་མི་འཛག་པ་མངོན་དུ་གྱུར་པ་ནི་ཚད་མའོ། །དེ་རྣམས་ཀྱི་ལོག་པའི་ཤེས་པས་མངོན་པར་ཆགས་པའི་ཞེན་པ་འགོག་པའི་དོན་ནོ། །རྐད་པ་གསུམ་གསུངས་པ་སྤོངས་ཤིག་ཅེས་པ་ལ་སོགས་པ་ནི་སྡེབ་སྦྱོར་དྲུག་དང། གཡོ་རྒྱུ་བྱེད་པ་ལ་སོགས་པ་བཅིང་བ་དང་བྲལ་པའོ། །སྟོང་ཉིད་ཕྱོགས་ཞེས་པ་ནི་བདག་མེད་བའི་ཆོས་ནི་ཞགས་པ་སྟེ་དེ་ལ་འདིར་ཉེ་བར་འཁྱུད་པར་གྱིས་ཤིག་པའོ། །ཀྱེའི་ནི་བོད་པ་སྟེ། ཀྱེའི་ཐར་བའི་དང་ཚུལ་ལོ། །དེ་བཞིན་དུ་ཡང་ལུང ལས་དེ་དང་དེ་རྣམས་རི་རྩེ་ཡང་དག་མཐོ་བ་ཡི། །འཇིག་ཚོགས་ལྟ་བའི་རི་བོ་རྒྱ་ཆེན་གནས་པ་རྣམས། །བདག་མེད་རྟོགས་པའི་རྡོ་རྗེས་བདག་འཇིག་ཅིང། །ལྷན་སྐྱེས་སྡུག་བསྔལ་ཉིད་ཀྱང་འཇོམས་པར་བྱེད། །རྐང་པ་བཞི་པས་ཇི་ལྟ་བ བཞིན་དུ་གྱུར་པའི་ཆོས་ཀྱི་བདག་ཆེན་པོ་མཐོང་བའི་རྐྱེན་དུ་གསུངས་ཏེ། །སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་དང་པོ་སྒྲུབ་པའི་སློབ་དཔོན་ལཱུ་ཡཱི་པའི་ཞབས་ཀྱིས་འདི་བཞིན་དུ་གསུངས་ཏེ། བསམ་གཏན་དབང་གིས་ཞེས་བྱ་བ་ནི་གྲུབ་པའི སློབ་དཔོན་ལཱུ་ཡཱི་པའི་ཞབས་ཀྱིས་བདག་གི་བསམ་གཏན་ནི། ཡིད་དང་རྣམ་ཤེས་ཡུལ་དབང་ཐིམ་གྱུར་ཏེ། །དཔལ་གྱི་བླ་མའི་བཞི་པའི་མན་ངག་ཐོབ། །གོམས་པའི་ཟུང་དུ་འཇུག་པའི་ངོ་བོ་མཐོང། །དེ་བཞིན་དུ་ལུང་ལས་ཀྱང་ལུས་ནི་ཡང དག་བདེ་བས་རྒྱལ། །དབང་པོ་རྣམས་ནི་གཉིད་ལོག་བཞིན། །ཡིད་ཀྱང་ནང་དུ་ཐིམ་པ་བཞིན། །སེམས་ནི་སེམས་མེད་གསལ་བར་སྣང། །ཟླ་བ་ཞེས་པ་ནི་དཀར་པོ་རི་བོད་འཛིན་པ་རྣམ་པར་དག་པ་ཨཱ་ལིའོ། །ཉི་མ་ནི་འོད་ཟེར་སྟོང་ལྡན་རྣམ་པར དག་པ་ཀཱ་ལིའོ། །དེ་གཉིས་གདན་དུ་བྱས་ཏེ་རང་གི་ལྷའི་ང་རྒྱལ་གྱིས་སྟེང་དུ་སྡོད་པ་ནི་མངོན་སུམ་དུ་བྱས་པའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང། ཨཱ་ལི་ཀཱ་ལི་ཡང་དག་སྦྱོར། །རྡོ་རྗེ་སེམས་དཔའ་ཨི་གདན་དུ་བྱ་ཞེས་སོ།། །། རུས་སྦལ་འཇོ་ཞིང་སྟེགས་བུ་གཟུང་དུ་མེད། །བསེ་ཡབ་ལྗོན་པའི་འབྲས་བུ་ཆུ་སྲིན་ཟ། །སྒོ་མདུན་ཁང་བཞུགས་ཉོན་ཅིག་རིག་ངན་ཀྱེ། །མདོ་ཕུགས་ཁང་ལོགས་ནམ་ཕྱེད་རྐུན་མས་ཁྱེར། །རྒྱུག་མོ་གཉིད་སོང་མནའ་མ་གཉིས་མེད་གྱུར། །མདོ་ཕུགས ཁང་ལོགས་རྐུན་ཁྱེར་གང་དུ་ཚོལ། །ཉིན་མོ་མནའ་མ་བྱ་རོག་མཐོང་བས་འཇིགས། །མཚན་མོར་སོང་ན་ཀཱ་མ་རུ་རུ་འགྲོ། འདི་འདྲའི་གླུ་འདི་ཀུཀྐུ་རི་པས་བླངས། །བྱེ་བའི་ནང་ནས་གཅིག་སྙིང་འཇུག་སྲིང་དམ། །ཆེན་པོ་ཞེས་བྱ་བའི་གླུའི་གདངས་སོ། ། དེ་ཉིད་བདེ་པ་ཆེན་པོའི་རྒྱལ་པོ་རང་གི་ཆང་གི་བཏུང་བས་ཡིད་རབ་ཏུ་དགའ་ནས་ཀུཀྐུ་རི་བའི་ཞབས་ཀྱིས་དགོངས་པའི་སྐད་ཀྱིས་རབ་ཏུ་གསལ་པོར་གསུངས་ཏེ། དུ་ལི་ཞེས་བྱ་བ་ལ་སོགས་བའི་དུ་ནི་ཀྱི་གཉིས་རྣམ་པ་ལ་ནི་གང་ལ་ཐིམ་པར་གྱུར་ཏེ། བདེ་པ ཆེན་པོའི་པདྨ་དུ་ལི་ནི་རུ་སྦལ་ཏེ་དགོངས་པའི་སྐད་ཀྱིས་བརྡས་ཁོང་དུ་ཆུད་པར་བྱའོ། །ལས་ཀྱི་ཕྱག་རྒྱ་དང་རབ་ཏུ་སྦྱོར་བ་ལས་དགའ་བ་ལ་སོགས་བའི་རིམ་པའི་སྒོ་ནས་འཇོ་བ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཨ་བ་དྷུ་ཏཱིའི་ལམ་གྱིས་འོད་བའོ། ། སྟེགས་བུ་ནི་རྡོ་རྗེ་ནོར་བུ་ལས་ལྟུད་ན་གཟུང་དུ་མེད་པ་སྟེ། བྱིས་པའི་རྣལ་འབྱོར་བས་དེ་འཛིན་པར་མི་ནུས་སོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང། འདི་ནི་གཟུང་དཀའ་ཨི་རི་བོ་ཡི། །མཉམ་དང་མི་མཉམ་འཛིན་པར་བྱེད། །ཀཱ་རྞས་སྨྲས་པ་མཚོན་དཀའ་ དང། །བརྗོད་དཀའ་གང་གི་ཡིད་ཀྱིས་བསྒོམ། །དེའི་ཕྱིར་བླ་མ་རྒྱུད་པའི་རིམ་པས་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་ཤེས་ཏེ། ལུས་ལྗོན་ཤིང་གི་འབྲས་བུའི་དེ་ཉིད་བྱང་ཆུབ་ཀྱི་སེམས་བསེ་ཡབ་ཀྱི་འབྲས་བུ་བཞིན་དུ་ཡོན་པོའོ། །ཆུ་སྲིན་ཞེས་པ་ནི མཚན་ཉིད་དང་བྲལ་བས་ཡོངས་སུ་སྦྱངས་པ་ཀུམ་བྷ་ཀའི་ཏིང་ངེ་འཛིན་གྱིས་རང་གིས་ཉམས་སུ་མྱོང་བའི་རིམ་པས་དེ་ཟ་བ་ནི་རང་བཞིན་མེད་པར་བྱེད་བའོ། །དྷྲུའི་རྐང་པས་བསྟན་པར་གསུངས་ཏེ། སྒོ་མདུན་ཞེས་པ་ནི་འབྱུང་བའི རླུང་ལ་ཉེ་བར་ལྟོས་ནས་འཇུག་པ་ཡང་ཁོང་དུ་ཆེད་དུ་པར་བྱའོ། །རིགས་ངན་ཞེས་པ་ནི་བདག་ཉིད་ཡོངས་སུ་དག་པ་ཨ་བ་དྷུ་ཏཱིའི་ཚུལ་དུ་གྲོལ་བ་རྣལ་འབྱོར་གྱི་དབང་ཕྱུག་གིས་གསུངས་ཏེ། ཡོངས་སུ་དག་པའི་ཨ་བ་དྡྷྲཱུ་ཏཱི་པ་གསོན་དང། དང་པོ་རྡོ་རྗེ བཟླས་པའི་མན་ངག་གིས་སྣ་ཚོགས་པའི་དགའ་བ་ཨ་བ་དྷུ་ཏཱིའི་ཁང་སར་གཉིས་པོ་ལེན་པའོ། །དེ་ལ་ཁང་པ་ནི་སླར་ཡང་ནམ་ཕྱེད་ལ་བཞི་པའི་མཚམས་སོ། །མདོ་ཕུགས་ཁང་ལོགས་ཞེས་པ་ནི་དེ་ཉིད་ཇུག་པ་སོགས་བརླུང་གི་སྦྱོན གྱིས་དངོས་པོ་རྣམས་ལྷན་ཅིག་སྐྱེས་པའི་དགའ་བས་རྐུ་བར་བྱེད་དོ། །རྐང་པ་གཉིས་པས་དེ་ཉིད་ཀྱི་དོན་རྒྱས་པར་བཤད་དེ། །རྒྱུག་མོ་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་མྱུར་བའི་དབུགས་ཏེ། ཞི་བའི་དགའ་བའི་རྣལ་འབྱོར་གྱི་ག་ཉིད་དུ་སོང བ་ཨ་བ་དྷུ་ཏཱིར་དགོངས་པའི་སྐད་ཀྱིས་སོ། །ཐོག་མ་མེད་པའི་སྲིད་པའི་རྣམ་པར་རྟོག་པ་སྤངས་ཏེ་རང་བཞིན་གྱིས་རྣམ་པར་དག་པའི་ཨ་བ་དྷྲུ་ཏཱིའི་གཟུགས་ཀྱིས་རྣལ་འབྱོར་མ་ཉིད་ཀྱང་ཉིན་དང་མཚན་དུ་གཉིད་སད་པར་བྱེད་དེ། །མདོ་ཕུགས་ཁང ལོགས་ནི་འོད་གསལ་གྱི་རྐུན་པོས་རབ་ཏུ་འཇུག་པ་ལ་སོགས་པའི་རླུང་གི་སྐྱོན་གང་གི་ཚེ་ཁྱེར་བ་དེའི་ཚེ་གཟུང་བ་ལ་སོགས་པའི་དངོས་པོ་མེད་པས་རྣལ་འབྱོར་གྱི་དབང་ཕྱུག་གིས་ཕྱོགས་བཅུ་གང་དུ་ཡང་ཅུང་ཟད་ཀྱང་བཙལ་དུ་མེད་པའོ། ། རྐང་པ་གསུམ་པས་ཡོངས་སུ་དག་པ་ཨ་བ་དྷུ་ཏཱིའི་དབྱེ་བས་བདེན་པ་གཉིས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། །ཉིན་མོ་ཞེས་བྱ་བ་ལ་སོགས་པ་ནི་ཆུད་དུ་ལ་སོགས་པའི་ལྷག་པའི་བསམ་པའི་དབྱེ་བས་དེ་ཨ་བ་དྷུ་ཏཱི་པ་ཀུན་རྫོབ་བྱང་ཆུབ ཀྱི་སེམས་ཀྱི་གཟུགས་ཀྱིས་འཇིག་རྟེན་གསུམ་པོ་སྤྲུལ་ནས་སླར་ཡང་རང་ཉིད་ཉིན་མོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །བྱ་རོག་ཅེས་བྱ་བ་ནི་དུས་ཀྱི་སྐྱེས་བུས་ཤིན་ཏུ་འཇིགས་ཏེ་སྒྲག་པར་བྱེད་དོ། །དེ་བཞིན་དུ་ལུང་ལས་ཀྱང། དཔེར་ན་རི་མོ མཁན་གྱིས་ནི། །གནོད་སྦྱིན་ཤིན་ཏུ་འཇིགས་བྱེད་གཟུགས། །ཡང་དག་བྲིས་ནས་བདག་ཉིད་སྐྲག། དེ་བཞིན་མི་མཁས་འཁོར་བ་པ་ཞེས་སོ། །མཚན་མོ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱིས་རང་བཞིན་གྱིས་རྣམ་པར་དག་པའི་ཨ་ཕ་དྷུ་ཏཱི་པའི་ཕུང པོ་ལྔ་ལ་སོགས་པ་ལ་དབང་བསྐུར་བར་བྱེད་དོ། །ཀཱ་མ་རུ་ཞེས་པ་ནི་རང་ཉིད་བདེ་བ་ཆེན་པོའི་འཁོར་ལོའི་རང་གི་གནས་སུ་རྣམ་པར་མི་རྟོག་པས་འགྲོ་བར་བྱེད་དོ། །དེ་བཞིན་དུ་ལུང་ལས་ཀྱང། །རང་གནས་གནས་ལ་ལྷན་སྐྱེས་ཀྱི། །རླུང་གི་སེ་རྟོག པའི་དྲ་བ་གྲོལ། །ཞི་བའི་གནས་ཆིམ་གང་གིས་ཀྱང། །སྐྱེད་བྱེད་དེ་ཉིད་སྟོང་པའི་དངོས། །དེའི་ཕྱིར་བླ་མས་གནང་བའི་སྙིང་རྗེ་ཆེན་པོའི་ཐབས་ཀྱི་རྒྱུ་མནོས་པས་འཁོར་བ་འདི་རབ་ཏུ་སྐྱེ་ཞིང་རྟག་ཏུ་དགའ་བས་སེམས་ཅན་གྱི་དོན་མཛད་དོ། །ཤིན་ཏུ རྙེད་པར་དཀའ་བ་རྟོགས་པར་བྱ་བའི་ཕྱིར་རྐང་པ་བཞི་པ་གསུངས་ཏེ། འདི་འདྲའི་ཞེས་བྱ་བ་ལ་སོགས་པ་ནི་འདི་འདྲ་ནི་འདི་ལྟ་བུ་སྤྲོས་པ་མེད་པ་སྤྱོད་པའི་གླུ་རྣལ་འབྱོར་གྱི་དབང་ཕྱུག་གིས་བརྟན་པར་བྱེད་ཅིང་སྤྱོད་པ་ལ་སོགས་པ་ཅན་ཀུཀྐུ་རི་པའི་ཞབས ཀྱིས་གསུངས་པའི་དེ་ཉིད་འདིའི་དོན་རྣལ་འབྱོར་བྱེ་བ་རྣམས་ཀྱི་ནང་ནས་གལ་ཏེ་གཅིག་གི་སྙིང་གི་ནང་དུ་འཇུག་སྲིད་དམ་ཞེས་སོ། །དེ་བཞིན་དུ་ཡང་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང། འཇིག་རྟེན་ཁེངས་པའི་ང་རྒྱལ་འཛིན། །ང་ཡིས་དོན་དམ་ཤེས་སོ་སྙམ། །བྱེ་བའི་ནང ནས་གལ་ཏེ་གཅིག། མིག་སྨན་མེད་པའི་མི་སྣང་འགྱུར། །ཆེན་པོ་ཞེས་བྱ་བའི་གླུའི་གདངས་སོ། །བི་རུ་བའི་ཞབས་ཀྱིའོ། །ཆང་མ་གཅིག་ཉིད་ཁྱིམ་ནི་གཉིས་ན་ཆད་སྦྱོར་བྱེད། །ཕབས་དང་རྩིས་མེད་ཆུ་བདག་ཆང་ནི་སྦྱོར་བར་བྱེད། །ལྷན་ཅིག་སྐྱེས་པ་བརྟན་པར་བཟུང? ཀྱེ་རྣལ་འབྱོར་ཆང། །གང་གིས་རྒས་དང་འཆི་མེད་ཕུང་པོ་འགྱུར་མེད་བརྟན། །སྒོ་ནི་བཅུ་པར་རྟགས་ཀྱིས་མཚོན་པ་མཐོང་བར་འགྱུར། །ཆང་ཉོ་འོངས་པ་རང་གིས་ཆང་ནི་ཁུང་ནས་འོངས། །ཆུ་ཚོད་དྲུག་ཅུ་རྩ་བཞིའི་གྷཱ་འིའི་སྟེགས་བུ་བཤམས ཆང་འཐུར་རབ་ཏུ་ཞུགས་ནས་ངེས་པར་བྱུང་བ་མེད། །ཆང་གི་བུམ་པ་གཅིག་གི་མཆུ་ནི་ཤིན་ཏུ་ཕྲ། །བི་རུས་སྨྲས་པ་བརྟན་པ་ཉིད་དུ་བསྐྱོད་པར་གྱིས། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་དབྱེ་བས་དེ་ལ་ཨ་པ་དྷུ་ཏི་པ་བི་རཱུ་པའི་ཞབས་ཀྱིས་མཆོག གིས་སྙིང་རྗེས་ཡང་ནས་ཡང་ཡིད་ཐེ་ཙོམ་མེད་པར་རབ་ཏུ་གསལ་པོར་གསུངས་ཏེ། ཆང་མ་གཅིག་གིས་ཞེས་བྱ་བ་ལ་སོགས་པ་ནི་གཅིག་ཉིད་དྲུག་གི་སྦྱོར་བ་ལས་དེ་ཨ་བ་དྷུ་ཏཱིའི་ཆང་མ་ནི་སྟེང་དུ་སྣའི་དྲིལ་བུའི་བུ་ག་ལ་ཟླ་བ་དང་ཉི་མ་གཡོན་དང་གཡS པ་དག་རྣལ་འབྱོར་པ་དར་མས་སྟོབས་དང་ལྡན་པས་གཉིས་པོ་སྦྱོར་བར་བྱེད་པར་དབུ་མར་རབ་ཏུ་འཇུག་པར་བྱེད་དོ། །དེས་ནི་རང་བྱིན་གྱིས་བརླབས་པ་བརྟན་པར་བྱེད་དོ། །སླར་ཡང་རང་ཉིད་དེ་བཞིན་དུ་འོངས་པ་འོག་ཏུ་སྣ་ནི་རྡོ་རྗེ་ནོར་བུའི་རྩེ མོའི་བུ་གར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ནི་མ་རིག་པའི་ས་བོན་ཞེ་སྡང་ལ་སོགས་པའི་དྲི་མ་དང་བྲལ་ཞིང་འོད་གསལ་བས་བླ་མའི་མན་ངག་ལས་དགོངས་པའི་སྐད་ཆུ་བདག་ཆང་ཞེས་ཏེ། བདེ་བས་རབ་ཏུ་ཚིམ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་འཆིང་བར བྱེད་དོ། །བརྟན་པའི་རྐང་པས་དོན་དམ་བྱང་ཆུབ་ཀྱི་སེམས་བརྟན་པོར་བྱེད་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་ཞེས་པ་ནི་རྡོ་རྗེ་བླ་མའི་དྲིན་ལས་སྣ་ཚོགས་པའི་དགའ་བ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་བརྟན་པར་བྱའོ། །ཀྱེ་རྣལ་འབྱོར་པ་ཆང་ཞེས་པ ནི་དགོངས་པའི་སྐད་ཀྱིས་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་ཁོང་དུ་ཆུད་པར་བྱའོ། །དེའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་བྱིན་གྱིས་བརླབས་པར་གྱུར་པས་མི་འགྱུར་བའི་བདེ་བའི་ཞགས་པས་བཅིངས་པར་བྱས་ནས་གང་གིས་གོམས་པའི་ཁྱད པར་གྱིས་རྒས་པ་དང་འཆི་བ་ཉིད་མེད་པ་བརྟན་པའི་ཕུང་པོ་འདིས་ཐོབ་པར་བྱེད་དོ། །དེ་བཞིན་དུ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་ཀྱང། བསྟན་པའི་སྙིང་པོ་མི་རྙིང་ས་དང། །མི་ཆོད་མི་འཇིགས་མཚན་ཉིད་དོ། །མི་འཆིག་པ་དང་ཆུད་མི་?། །སྟོང་ཉིད རྡོ་རྗེ་ཞེས་བརྗོད་དོ། །རྐང་པ་གཞན་གྱིས་སོ་སོར་རྒྱས་པར་བཤད་པ་གསུངས་ཏེ། སྒོ་བཅུ་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཀྱི་སྒོར་ཡང་ཆགས་པ་ཆེན་པོའི་བདེ་བས་རབ་ཏུ་དགའ་བའི་རྟགས་བལྟས་ནས་དྲི་ཟའི་སེམས་ཅན་ཉིད་རང་ཉིད་འོངས་ཏེ་སྒོ ནས་རབ་ཏུ་ཞུགས་ནས་བདེ་བ་ཆེན་པོའི་ཆུ་སྐྱེས་ཀྱི་རོའི་བཏུང་བས་རང་གི་སེམས་ཆིམ་པར་བྱེད་དོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང་ཨེ་བཾ་ཡི་གེའི་ས་བོན་ལེན། །ཆུ་སྐྱེས་ཀྱི་ནི་མེ་ཏོག་ལ། །སྦྲང་རྩི་བྱེད་པའི་གཟུགས་ཀྱིས་ནི། །རབ དགའ་ཨི་དཔའ་བོ་སྦྲང་རྩི་སྣོམ། །ཀཱཧྣས་སྨྲས་པ་སེམས་ཉིད་ནི། །གང་དུ་མི་འཇིགས་ཆད་པ་མེད། །མི་གཡོ་བ་ཡི་རླུང་ཉིད་ཀྱིས། ཁྱིམ་མི་མོ་ཡི་ཁྱིམ་ན་འཁོར། །ཇི་ལྟར་རང་ཉིད་ཀྱིས་སྣོམ་ཞེ་ན། དེ་ཉིད་དགྱེས་པའི་རྡོ་རྗེ་ལས་ཀྱང། རང་ཉིད་བྱེད་པོ་རང ཉིད་འཕྲོག། རང་ཉིད་རྒྱལ་པོ་རང་ཉིད་གཙོ། །ཞེས་པའི་ཚིག་ལས་སོ། །རྐང་པ་གསུམ་པས་དྲི་ཟའི་སེམས་ཅན་གྱི་འགྲོ་བ་འགོག་པ་གསུངས་ཏེ། ཆུ་ཚོད་དྲུག་ཅུ་རྩ་བཞི་ཞེས་བྱ་བ་ལ་སོགས་པའི་དྲུག་ཅུ་རྩ་བཞིའི་པད་འདབ་ལ་གྷ་ཌཱི་དགོངས་པའི སྐད་ཀྱིས་སྤྲུལ་པའི་འཁོར་ལོར་སྟེགས་བུ་ནི་དགོངས་པའི་སྐད་ཀྱིས་དེ་ཉིད་ཀྱང་གདན་ནོ། །དེ་ལ་ཆགས་པ་ཆེན་པོའི་མེ་འབར་བ་ལས་དྲི་ཟའི་སེམས་ཅན་རབ་ཏུ་འཇུག་གོ། དེའི་འཇུག་པ་ནི་འབྱུང་བ་མེད་པའོ། །དེ་བཞིན་དུ་ནག་པོ་སྤྱོད་པའི ཞབས་ཀྱིས་ཀྱང། འོག་དང་སྟེང་དུ་འཇུག་གཉིས་དང། །བྲལ་ཞིང་དེ་ལ་མི་གཡོར་གནས། །ཀཱཧྣས་སྨྲས་པ་སེམས་ཉིད་ནི། །གང་དུ་མི་འགྲོ་ཆད་པ་མེད། །མི་གཡོ་བ་ཡི་རླུང་ཉིད་ཀྱིས། །ཁྱིམ་མི་མོ་ཡི་ཁྱིམ་ན་འཁོར། །རྐང་པ་བཞི་པ་གསུངS པ་ནི། །བུམ་པ་གཅིག་གི་ཞེས་བྱ་བ་ལ་སོགས་པའི་དེ་ཉིད་སྔོན་དུ་གསུངས་པ་ཨ་བ་དྷུ་ཏཱི་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དབྱེར་མེད་པར་བྱེད་བའི་ཕྱིར་གྷ་ཊཱི་སྟེ་སྣང་བ་གཉིས་འགོག་པའི་ཕྱིར་ཤིན་ཏུ་ཕྲ མོའི་གཟུགས་བི་རུ་པའི་ཞབས་ཀྱིས་དེ་བཞིན་ཉིད་གསུངས་ཏེ། དེ་ཡིས་ཁུ་བའི་རྩ་བླ་མའི་མན་ངག་ལས་དེ་ལ་མི་ལྷུང་བ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ནས་རྦ་རླབས་མེད་པའི་ཚུལ་གྱིས་བསྐྱོད་པའོ། །དེ་བཞིན་དུ་དབང་བཤད་པས་ལས ཀྱང་ཇི་སྲིད་མི་ལྟུང་འོད་གསལ་རང་བཞིན་ཏེ། །བསིལ་ཟེར་བྱེད་པ་འཛིན་པའི་ཁུ་བ་ཉིད། །ལྷ་མོའི་པདྨའི་འདབ་མའི་ནང་ཉིད་དུ། །རོ་མཉམ་གྱུར་པ་རྒྱལ་བའི་ཆོགས་རྣམས་ཀྱིས། །རྡོ་རྗེ་ནོར་བུའི་རྩེ་མོར་འཕྲོ་བ་ཡིས། །འཇིགས་པ་མེད་པའི་སྙིང་རྗེས་འགྲོ་བ བྱེད། །དེ་ཉིད་དཔལ་གྱི་སྙིང་རྗེའི་སྟོབས་ཀྱིས་ནི། །ཁྱབ་བདག་ལྷན་ཅིག་སྐྱེས་པའི་ཆུལ་ཉིད་ཤེས། །སྐྱ་རེང་ཞེས་བྱ་བའི་གླུའི་གདངས་གུཎྜི་རིའི་ཞབས་ཀྱིའོ། །ཀ་མགོ་ནོན་ལ་ཡན་ལག་འཁྱུད་ལ་བྱིན། །ཆུ་སྐྱེས་རྡོ་རྗེ་སྦྱར་ཚོད་དུས་མིན་རྒོངས་མོ གྱིས། །རྣལ་འབྱོར་ཁྱོད་མེད་སྐད་ཅིག་ཀྱང?་མི་འཚོ། །ཁྱད་ཞལ་འོ་བྱེད་ཆུ་སྐྱེས་ཁུ་བ་འཐུང། །འཕངས་ནས་ལེན་མི་ཤེས་པ་རྣལ་འབྱོར་མ། །མ་ཎི་ཀུཎྜ་ལེ་ཕྱི་ཨཽ་རྒྱན་མཉམ། །རྒྱུག་མོའི་ཁྱིམ་ཕྱིན་ལྡེ་ཀྱོག་ལྡེ་མིག་གོ། ཟླ་བ་ཉི་མ་གཉིས་ཀྱི་སྒོ་གླེགས ཅན། །གུཎྜ་རཱི་བདག་ཀུན་ད་རྤེ་སྨྲ། །མི་དང་མི་མོའི་དབུས་སུ་རྟགས་མཚན་བཙུགས། །དེ་ཉིད་ཀྱི་དོན་དཔལ་ཧེ་རུ་ཀའི་རྟོགས་པ་གུཎྜ་རའི་ཞབས་ཀྱིས་གཞན་རྣམས་ལ་རང་བཞིན་མེད་པ་རྟོགས་པར་བྱེད་པ་ནི་ཀ་མགོ་ཞེས་བྱ་བ་ལ་སོགས་པ་རྐྱང་མ དང་རོ་མ་དང་ཀུན་འདར་མའི་རྩ་གསུམ་མནན་ནས་ཤིན་ཏུ་གསལ་སྣང་དུ་བྱས་པ་དེ་ཉིད་ཡོངས་སུ་དག་པའི་ཨ་བ་དྷུ་ཏཱི་པ་རྣལ་འབྱོར་མ་བདག་མེད་མའོ། །ཡན་ལག་འཁྱུད་ལ་ཞེས་པ་ནི་ཨ་ཀ་ནི་རྟགས་ཏེ་སྒྲུབ་པ་པོ་ལ་གཏེར་བར་བྱེད་དོ། །དེ ཡང་སྐྱོང་བར་བྱེད་པའོ། །ཡང་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་མཚན་ཉིད་རྣལ་འབྱོར་བས་དགའ་བ་ལ་སོགས་པའི་རིམ་པ་སྟེར་བར་བྱེད་དོ། །སླར་ཡང་དེ་ཉིད་སྒོམ་པ་པོས་རྒྱུན་མི་འཆད་པར་མངོན་པར་སྦྱོར་བ་ལས་དབུགས་འབྱིན་པ་སྟེར་བར་བྱེད དོ། །ཆུ་སྐྱེས་རྡོ་རྗེ་ཞེས་པ་ནི་ཀྱེ་མཆོག་གི་རྣལ་འབྱོར་པ་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར་སྦྱོར་བ་ལ་ཆགས་པས་དགའ་བ་ཡང་དག་པར་འཇོ་བ་དེ་ཡིས་དུས་མིན་པ་ཞེས་པ་ནི་དུས་དང་བྲལ་ནས་བདག་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ མངོན་སུམ་དུ་བྱེད་དོ། །དེའི་ཕྱིར་བདེ་བ་ཆེན་པོ་གསལ་བར་གྲགས་པའི་བདག་ནི་དགོངས་པའོ། །འདི་བཞིན་དུ་གསུངས་ཏེ་ཀྱེ་བདག་མེད་རྣལ་འབྱོར་མ་ཁྱོད་མེད་ན་སྐད་ཅིག་ཀྱང་བསྲུང་བར་དགའ་བའི་ཤུགས་ཅན་རབ་ཏུ་གཡོ་པའི་ཕྱིར་སྲོག་གི་རླུང བདག་གིས་འཛིན་པར་མི་ནུས་སོ་ཞེས་སོ། དེ་བཞིན་དུ་ལུང་ལས་ཀྱང་།སྐྱེ་དང་གནས་དང་འཇིགས་རྣམས་ལ། །བར་དོའི་སྲིད་པ་གནས་པ་སྟེ། །ཇི་སྲིད་རྣམ་རྟོག་འཇིག་རྟེན་པ། །རླུང་དང་སེམས་ཀྱིས་རྣམ་པར་བྱས། །ཁྱོད་ཞལ་ནི་ལྷན་ཅིག་སྐྱེས་པའི་དགའ་ བ་ཡང་འོ་བྱེད་པའོ། །ཆུ་སྐྱེས་ཁུ་བ་ཞེས་པ་ནི་གཙུག་ཏོར་གྱི་པདྨའི་ཆང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བླ་མའི་དྲིན་ལས་སྣ་ཚོགས་པའི་དགའ་བ་སྐལ་བ་དང་ལྡན་པའི་དུས་སུ་བྱེད་པར་འགྱུར་ཏེ། །སྐལ་མེད་ཌི་ན་ཌི་མ་རུ་བརྗོད། །སྐལ་ལྡན ཀཱ་ལི་ཛ་རར་འདོད་ཅེས་སོ། །རྐང་པ་གཞན་གྱིས་རྣལ་འབྱོར་མའི་བསྔགས་པ་གསུངས་ཏེ། འཕངས་ནས་ཞེས་བྱ་བ་ལ་སོགས་པ་ནི་འཕངས་པ་ནི་རང་གི་གནས་སུ་སྦྱོར་བ་ལས་དེ་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་བདག་མེད་པའི་རྣལ་འབྱོར་མ མཚན་ཉིད་དང་བྲལ་བས་སྦྱངས་པའི་དགའ་བས་ནོར་བུའི་རྩ་བ་ནས་རྨོངས་པའི་དྲི་མས་མ་གོས་པར་འགྱུར་རོ། །སླར་ཡང་དེ་ལ་རྩེ་བའི་རོ་ཉམས་སུ་མྱོང་བའི་ནོར་བུའི་རྩ་བ་ནས་སྟེང་དུ་འགྲོ་ཞིང་འོང་བས་བདེ་བ་ཆེན་པོའི་འཁོར་ལོའི་བར དུ་འགྲོ་བར་འགྱུར་རོ་ཞེས་སོ། །དེའི་ཕྱིར་ནག་པོ་སྤྱོད་པ་པའི་ཞབས་ཀྱིས་གསུངས་ཏེ། དེ་ཉིད་རི་བོ་མཆོག་ཅེས་བདག་གིས་སྨྲས། །དེ་ཉིད་བདེ་བ་ཆེན་པོ་ཉིད་ཀྱིས་གནས། །རོ་གཅིག་ཉིད་གྱུར་ཆད་ནི་ལྷན་ཅིག སྐྱེས། །ཇི་སྲིད་བདེ་བ་ཆེན་པོའི་དུམ་བུ་ལོང། །རྐང་པ་གསུམ་པས་གནས་ཡོངས་སུ་དག་པ་གསུངས་ཏེ་།རྒྱུག་མོའི་ཁྱིམ་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་ཇི་སྲིད་རྣལ་འབྱོར་གྱི་དབང་ཕྱུག་གིས་ལྷ་ཉིད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བས སྐུ་རྡོ་རྗེ་བརྟན་པར་བྱས་ནས་རྡོ་རྗེ་བཟླས་པའི་མན་ངག་གིས་ཟླ་བ་དང་ཉི་མ་དག་གིས་ཕྱོགས་སུ་ལེན་པ་འགོག་པས་གསུངས་རྡོ་རྗེ་བརྟན་པར་བྱེད་དོ། །ཐུགས་རྡོ་རྗེ་བརྟན་པར་བྱེད་པའི་ཕྱིར་ཏེ་སྣ་ཚོགས་པ་དཀའ་བ་ཨ་བ་དྷུ་ཏཱི་པས ལྷན་ཅིག་སྐྱེས་པའི་དགའ་བ་དང་རོ་གཅིག་པའི་ངོ་བོས་དབུགས་ཀྱི་ཁྱིམ་དུ་རི་རབ་ཀྱི་རྩེ་མོར་ལེན་པར་བྱེད་དོ། །ལྡེ་ཀྱོག་ཅེས་པ་ནི་ལྡེ་མིག་ཡང་དག་པར་སྦྱོར་བར་བྱེད་པ་ནོར་བུའི་རྩ་བའི་སྒོར་དགག་པར་བྱའོ། །བདག་ཉིད་ཡང་དག་པའི་བྱང་ཆུབ་རང ཉིད་ཀྱིས་མངོན་སུམ་དུ་སོང་བ་སྨྲ་བར་བྱེད་དོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང། གང་ལ་ཡང་རླུང་འཇུག་པ་ཡི། །སྒོ་ནི་སྦྱོར་བས་བརྟན་པར་བྱ། །གལ་ཏེ་མི་བཟད་མུན་དེ་ལ། །ནོར་བུའི་སྒྲོན་མ་སྦར་བྱས་ནས། །རྒྱལ་བའི་རིན་ཆེན་སྟེང་གི ནི། །གལ་ཏེ་ནམ་མཁར་ཕྲད་བྱས་ནི། །འཁོར་པ་ཟ་བར་ཀཱརྞ་སྨྲ་། །མྱ་ངན་འདས་པ་ཉིད་ཀྱང་འགྲུབ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་གྲུབ་པའི་སློབ་དཔོན་གླུ་ཌ་རཱི་བདག་ཉིད་དེ་ལྟ་བུའི་བསྔགས་པ་གསུངས་པ་ནི་སྨྲ་ཞེས་བྱ་བ་ལ་སོགས་པ་སྟེ། དེ རྣམས་རབ་ཏུ་བྱིན་པ་ལས་གཞན་ཁ་ཕྱིར་ཕྱོགས་པའི་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཀུན་ཏུ་རུ་ཡིས་དབང་པོ་གཉིས་སྙོམས་པར་འཇུག་པའི་སྦྱོར་བ་མི་འགྱུར་བའི་བདེ་བས་ཉོན་མོངས་པའི་དགྲ་བཅོམ་པས་བདག་དཔའ་བའ་ཨོ། །སླར ཡང་དེ་རྣམས་ཀྱི་ནང་དུ་རྟགས་མཚན་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་རྟགས་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་དག་གི་མངོན་དུ་གྱུར་པ་མངོན་པར་ཤེས་པ་མཐོང་བའི་དོན་ནོ། །གུཛཛ་རཱི་ཞེས་བྱ་བའི་གླུའི་གདངས་ཙཱ་ཌི་ལའི་ཞབས་ཀྱིའོ། །སྲིད་པའི་ཆུ་ཀླུང ?་བཅའ་ཟབ་མོ་རྒྱུག་ཅིང་འབབ། །མཛའ་མ་གཉིས་ནི་རབ་འདྲེད་དབུས་ན་འདུག་གནས་མེད། །ཆོས་དབྱིངས་དོན་དུ་ཙཱ་?་ལ་ཡིས་ཟམ་པ་བྱས། །ཕ་རོལ་འགྲོ་པའི་འཇིག་རྟེན་ངེས་པར་?་བར་བྱེད། །མ་རིག་ལྗོན་ཤིང་གཤགས་ནས་སྤང་ལེབ་ཡང་དག་བསྒྲིགས།། བཟང་གཉིས་ཀྱིས་ནི་བརྟན་པར་མྱ་ངན་འདས་པ་དུག། ཟམ་པ་དེ་ལ་འགྲོ་ན་གཡས་གཡོན་མ་འགྲོ་ཅིག། ཉེ་བར་བདོག་པས་རིང་དུ་འགྲོ་བར་མ་བྱེད་?་ཏེ་ཁྱེད་རྣམས་འཇིག་རྟེན་ཕ་རོལ་འགྲོ་ན་ཡང། །བླ་མེད་བྱང་ཆུབ་ཙཱ་ཌི་ལ་ལ་དྲི་བར་གྱིས། །དེ་ཁོ་ན་ཉིད ཀྱི་དོན་ཇི་ལྟ་བ་བཞིན་དུ་གྱུར་པའི་ཙཱ་ཊི་ལའི་ཞབས་ཀྱིས་སྒྲ་གཞན་གྱིས་རབ་ཏུ་གསལ་བར་གསུངས་ཏེ། སྲིད་པའི་ཆུ་ཀླུང་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར?་དུ་བཤད་པའི་རྐྱང?་མ་དང་རོ་མའི་རྩ་ཡིས་སྣང་བ་རྣམ་གསུམ་ཚུ་རོལ་ཕ་རོལ་ཟབ་པ་ཉིད་ཀྱིས་ཆུ་ཀླུང དགོངས་པའི་སྐད་ཀྱིས་ཁོང་དུ་ཆུད་པར་བྱའོ། །ཉིན་མོ་དང་མཚན་མོ་དང་ཐུན་མཚམས་སུ་ཡུལ་ལ་རྣམས་གཡེང་སྐྱེད་པ་ཉམས་པར་བྱེད་པ་ཡང་ངོ། །དེའི་ཕྱིར་ཀློང་དང་བཅས་པའི་འཇིགས་སུ་རུང་པ་རང་བཞིན་གྱི་སྐྱོན་ནི་ཟབ་མོ་སྟེ། ལམ་དྲུག་གི་སྒོ་ནས་ཆུ་དང་དྲི? མ་ལ་སོགས་པ་རབ་ཏུ་འབབ་པའི་ཕྱིར་རོ། །དེའི་ཕྱིར་ན་དེ་བཞིན་དུ་མཛའ་གཉིས་ནི་ཚུ་རོལ་དང་ཕ་རོལ་ཏེ་གཡོན་དང་གཡས་སུ་ཤིན་ཏུ་འདྲེད་པ་ཞེས་བྱའོ། །རང་བཞིན་གྱི་སྐྱོན་གྱི་འདམ་གྱིས་མ་གོས་པ་དབུ་མའི་དོན་ལ་བདག་ཉིད་དེ། ཨ་བ་དྷུ་ཏཱིའི་ཚད་མའི་རང བཞིན་གྱིས་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་བྱེད་པར་མི་ནུས་སོ། །དྷྲུའི་རྐང་པས་བཞི་པའི་དགའ་བ་ཉེ་བར་གསུངས་ཏེ། ཆོས་ཀྱི་དོན་ནི་རང་གི་མཚན་ཉིད་འཛིན་པའི་ཆོས་ཏེ། །བུམ་པ་དང་སྣམ་བུ་དང་ཀ་བ་དང་རྫ་ལ་སོགས་པར་གྱུར་པའི་རྣམ་འགྱུར་ཏེ་རང་བཞིན གྱིས་མེད་པའི་གཟུབས་ཞེས་སོ། །དཔལ་ཧེ་རུ་ཀའི་རྒྱུད་ཀྱི་དེ་ཁོ་ན་ཉིད་ཀྱི་ལེའུར་གསུངས་པ་རྣམ་པར་དཔྱོད་པ་དམིགས་པ་མེད་པ་དེ་ཡིས་གྲུབ་པའི་སློབ་དཔོན་ཙཱ་ཊི་ལ་པས་ཟམ་པ་ཞེས་གསུངས་པ་ནི་ཀུན་རྫོབ་དང་དོན་དམ་པ གཅིག་ཏུ་བྱེད་པ་བླ་མའི་དྲིན་གྱིས་ཉེ་བར་འབྱེད་པར་བྱེད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། །སྟོང་ཉིད་སྙིང་རྗེ་དག་ནི་སྦྱོར་བ་མེད་གྱུར་ན། །སྲིད་དང་མྱང་འདས་མི་གནས་ཐོབ་པར་མི་ནུས་སོ། །གལ་ཏེ་སྙིང་རྗེ་འབའ་ཞིག་བསྒོམས པར་བྱེད་གྱུར་ན། །སྐྱེ་བ་སྟོང་གིས་ཐར་པ་ཐོབ་པར་མི་འགྱུར་རོ། །གྲུབ་པའི་སློབ་དཔོན་གྱིས་ཐབས་འདིས་ཐར་པ་རང་གི་ལུས་ཀྱི་ནི་རྣལ་འབྱོར་པས་སོ། །དེ་རྣམས་ཀྱང་ངེས་པར་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་བྱེད་དོ་ཞེས་སོ། །རྐང་པ གཞན་གྱིས་བཤད་པའི་དོན་གསལ་བར་བྱེད་པ་གསུངས་ཏེ། བཤགས་ནས་ཞེས་བྱ་བ་ལ་སོགས་པ་ནི་མ་རིག་པའི་ལྗོན་ཤིང་ནི་ཡུལ་ལ་འཇུག་པའི་དབང་ལས་དེ་ལ་དེ་བཞིན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་བཀས་ནས་དེའི་ཡུལ་དུ་འཛིན པའི་འགོག་པའི་ཕྱིར། །རྟག་ཏུ་འོད་གསལ་ནི་ཡང་སྤང་ལེབ་སྟེ་ལྷན་ཅིག་ཏུ་བྱེད་པ་ནི་ཡང་དག་བསྒྲིགས་པའོ། །སླར་ཡང་འདིའི་འབྲས་བུ་རྟོགས་པར་བྱ་བའི་ཕྱིར་ཟུང་འཇུག་གི་སྟ་རེས་བརྟན་པར་བྱེད་པའི་ཕྱིར་རོ། །རྐང་པ་གསུམ་པས་ལམ གྱི་རྗེས་སུ་བསྔགས་པ་གསུངས་ཏེ། ?་པ་ཞེས་བྱ་བ་ལ་སོགས་པ་ནི་རང་བྱིན་གྱིས་བརླབས་པ་དང་འོད་གསལ་བ་དག་གཅིག་ཏུ་བྱེད་པ་ནི་ཟམ་པ་སྟེ་སྐྱེ་བོ་སེམས་པ་རྣམས་འཁོར་པའི་རྒྱ་མཚོ་ལས་ཕ་རོལ་ཏུ་བྱེད་པའི་ཕྱིར་རོ། །ཀྱེ་རྣལ འབྱོར་པ་དེ་ལ་འགྲོ་ན་གཡོན་དང་གཡས་སུ་ཟླ་བ་དང་ཉི་མར་སྣང་བ་དག་སྔོན་དུ་རྡོ་རྗེའི་བཟླས་པས་འགོག་པ་ལས་སླར་ཡང་ཕྱི་ནས་བསྒོམ་པས་བསམ་པར་མི་བྱའོ། །འདིས་གོམས་པའི་དབང་གིས་བྱང་ཆུབ་པ་ཕྱག་རྒྱ་ཆེན་པོའི་དངོས གྲུབ་མི་རིང་པ་སྟེ་ཤིན་ཏུ་ཉེ་བ་ཉིད་དོ། །དེའི་ཕྱིར་ལམ་ངན་པ་ལ་འགྲོ་བ་ལ་དེ་བཞིན་དུ་རིང་དུ་མ་འགྲོ་ཅིག་ཅེས་པའི་དོན་ནོ། །རྣལ་འབྱོར་གྱི་གནས་རྐང་པ་བཞི་པས་གདུངས་ཏེ། གལ་ཏེ་ཁྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་གསལ་སྣང་གསུམ་གྱིས་རྨོངས་པ ཆེན་པོའི་རྩ་ལས་ཕ་རོལ་ཏུ་འགྲོ་བར་འདོད་པ་རྣམས་ལ་ཀྱེ་རྣལ་འབྱོར་པ་དེའི་ཚེ་གྲུབ་པའི་སློབ་དཔོན་གྱི་མན་ངག་བདག་གིས་ངེས་པར་ཤེས་སོ་ཞེས་གསུངས་པའོ། །གཞན་རྣལ་འབྱོར་པས་དེ་བཞིན་ཉིད་སྒྲུབ་པ་མི་ཤེས་ཏེ་པོ་ཏི་བལྟས་པའི་ང་རྒྱལ་ལས་སོ།། དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང། དོ་ཧ་མཛོད་ལས་མངོན་པར་གསུངས་ཏེ། ལྷན་སྐྱེས་གཅིག་པུའི་ལམ་མཆོག་དེ་ཉིད་ནི། །ཀཱཧྣ?་པ་ཡིས་གསལ་བར་ཡོངས་སུ་ཤེས། །ལུང་དང་བསྟན་བཅོས་མང་པོ་བཀླགས་པ་དང། །སྦྱངས་ཀྱང་བྱིས་པས་ཅུང་ཟད་ཤེས མི་འགྱུར། །པ་ཏ་ཧ་མཉྫའི་ཞེས་བྱ་བའི་གླུའི་གདངས་བྷུ་སུ་ཀུའི་ཞབས་ཀྱིས་སོ། །གང་གིས་ཟས་ལ་འདུས་ནས་ཅི་སྟེ་འདུག། མཛའ་སྐོར་རྒོལ་བ་ཕྱོགས་བཞི་རྣམས་ནས་སོ། །རི་དགས་རང་ཤ་རང་གི་དགྲ་རུ་ལངས། །སོ་རྟག་སྐད་ཅིག་མི་འདོར་བྷུ་སུ་ཀུ། རྩཝ་ལ་མི་རེག རི་དགས་ཆུ་མི་འཐུངས། །ཀྱེ་མ་རི་དགས་ཕོ་མོ་གནས་མི་ཤེས། །རི་དགས་སྨྲ་ཉོན་རྩཝ་མེད་རི་དགས་མ། ནགས་འདི་སྤངས་ནས་འཇིགས་མེད་གནས་སུ་སོང། །འཕྱོངས་ཞིང་བརྒྱུགས་པས་རི་དགས་རྐང་མི་སྣང། །བྷུ་སུ་ཀུས་སྨྲས་བླུན་སྙིང་ལ་མི་འཇུག། དེ་ལྟ བུའི་དོན་གཞན་གྱི་དོན་དུ་སེམས་སྙིང་རྗེས་བསྐུལ་བའི་བྷུ་སུ་ཀུ་པའི་ཞབས་ཀྱིས་རི་དགས་ཀྱི་སྒྲས་དགོངས་པའི་སྐད་ཀྱིས་གསུངས་སོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་མིང་པའི་དུས་ནས་བཟུང་ནས་ཤེས་བཞིན་མ་ཡིན་པའི་སྒྱོན་གྱིས་འཆི་བདག་གི བདུད་ཀྱི་དུག་གིས་བསྐོར་ནས་འདུག་པ་སོང་སོང་ཅེས་རྒོལ་བ་བདག་གི་སེམས་ཀྱི་རི་དགས་ཀྱིས་ཐོམ?་ནས། ད་ནི་བླ་མ་དམ་པའི་ཞབས་ཀྱིས་རྡུལ་གྱིས་སྟབས་ཀྱིས་དེ་རྣམ་པར་སྤངས་ལ་ཆོས་ཐམས་ཅད་དམིགས་སུ་མེད་པ་དེ་ཡིས་གཟུང་བ་དང་འཛིན་པའི་དོ པོ་ཉིད་དུ་མེད་པའི་ཕྱིར་ཅིས་ཀྱང་གཟུང་ནས་བདག་ཉིད་གྲོལ་བར་གནས་པའོ། །དྷྲུའི་རྐང་པས་བརྟན་པར་བྱེད་དོ། །རང་གི་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་དེ་བཞིན་དུ་རང་གིས་བྱས་པའི་མ་རིག་པ་དང་སེར་སྣའི་སྐྱོན གྱིས་གཡོ་བ་དེ་ཡིས་ཡང་སེམས་ཅན་དེ་ཉིད་རི་དགས་ཏེ། ཐམས་ཅད་ཀྱི་སྒྲ་ཡིས་བསྐོར་བས་སེམས་ཀྱི་རི་དགས་སྐད་ཅིག་ཉིད་ཀྱང་སྤོང་པའོ། །བྷུ་སུ་ཀུའི་ཞབས་ཀྱིས་སོ་རྟོག་ནི་བླ་མ་དམ་པའི་ཞབས་ཀྱི་མངའ་ཡིས་གཞན་ལ འཕེན་པའོ། །དེ་ལྟ་བུ་ཉིད་ཅེས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ་ལས་ཀྱང། ཇི་སྲིད་པགས་པས་བཏུམས་པ་འདི། །རང་གི་བློ་ཡིས་གུད་དུ་གྱིས། །ཤ་ཡང་རུས་པའི་དྲ་བ་ལས། །ཤེས་རབ་མཚོན་གྱིས་དབྱེ་བར་བྱ། །རུས་པ་འང སོ་སོར་དབྱེ་བྱས་ནས། །རྐང་མར་ནང་དུ་བལྟས་པ་ལས། །འདི་ལ་སྙིང་པོ་ཅི་ཞིག་ཡོད། །རང་ཉིད་དེ་བཞིན་རྣམ་པར་དཔྱོད། །སེམས་ཀྱི་རི་དགས་ཐེ་ཚོམ་མེད་པར་རྟོགས་པ་གང་ལས་བཤད་ན་རྩཝ་མི་ཟ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན ཕྱིའི་རི་དགས་རྩཝ་ཟ་ཞིང་འབབ་ཆུ་འཐུང་བར་བྱེད་པ་དེ་བཞིན་དུ་སེམས་ཀྱི་རི་དགས་མི་བྱེད་དོ། །ཁྱད་པར་དུ་རྣམ་པར་དཔྱོད་པའི་རང་བཞིན་གྱིས་དེ་དག་སེམས་དང་རླུང་དག་གི་གནས་ནི་འདུག་གནས་དབང་པོའི་སྒོ་ཡིས་མི་རྟོགས་སོ། །དེ་བཞིན དུ་ནག་པོ་སྤྱོད་པ་པའི་ཞབས་ཀྱིས་དོ་ཧ་མཛོད་ལས་གསལ་པོར་གསུངས་ཏེ། རི་མཆོག་རྩེ་མོ་མཐོང་བ་ཡི། །ཐང་ལ་ཤ་པ་རི་དགས་བཅས། །གདོང་ལྔ་པ་དང་མི་འཕྱོང་ཞིང། །གླང་ཆེན་མཆོག་ནི་རིང་དུ་གནས། །རྐང་པ་གསུམ་པས་ལུས་ཀྱི་ནགས་ཡུལ ལ་ལོ་མ་གཡོ་བ་ཉེ་བར་སྡུད་པ་གསུངས་ཏེ། རི་དགས་ཤེས་བྱ་བ་ལ་སོགས་པ་ནི་ཡུལ་གྱི་ཆུ་དང་སྲིད་པ་ཟ་བ་རི་དགས་ཏེ་འགོག་པའི་ཕྱིར་རོ། །རེ་དགས་ཤེས་པ་ནི་དགོངས་པའི་སྐད་ཀྱིས་དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་བདག་མེད་མ་སྒོམ་པ་པོ་གོམས་པས དབང་དུ་འདུས་ཤིང་དབུགས་འབྱིན་པ་སྟེར་པར་བྱེད་དོ། །ཀྱེའི་སེམས་ཀྱི་རི་དགས་ལུས་ཀྱི་ནགས་འདིའི་ལུས་ཀྱི་ཁྱིམ་སྤངས་ནས་གང་ལ་བདེ་བ་ཆེན་པོའི་པདྨའི་ཚལ་དུ་སོང་ནས་འཁྲུལ་པའི་རྣམ་རྟོག་པ་མེད་པ་ལ་སྤྱོད་དོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་སྡོམ་པ་ལས་ཀྱང། དམིགས་མེད་ཀུན་ཏུ་ཁྱབ་པ་ཡིས། །ཡིད་ནི་སྙིང་རྗེ་རོ་གཅིག་པས། །འདིར་ནི་འདོད་ལྡན་མ་བཞིན་དུ། །གཅིག་ཅར་སྟོང་ཉིད་འཁྱུད་པར་གྱིས། །རྐང་པ་བཞི་པས་བྱང་ཆུབ་དུ་དང་ཆེན་པོ་ལ་སོགས་པའི་རྗེས་སུ་བསྔགས་པ་གསུངས་ཏེ། འཕྱོང་ཞིང་རྒྱུག་པས་རི་དགས ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་རྣལ་འབྱོར་པ་དེའི་རང་གི་སེམས་ཀྱི་རི་དགས་ཀྱི་ཆ་ཤས་ལ་སོགས་པའི་རྣམ་པར་རྟོགས་པ་མི་རྟོགས་པའོ། །འགའ་ཞིག་གིས་ཀྱང་ཕྱིའི་བསྟན་བཅོས་དང་ལུང་གི་མངོན་པའི་ང་རྒྱལ་གྱི་མཁས པ་དེ་རྣམས་ཀྱིས་ཀྱང་ཆོས་འདི་ལ་ཡང་དག་པར་རྨོངས་ཤིང་ཤིན་ཏུ་རིང་དུ་གྱུར་པ་སྟེ། །གྲུབ་པའི་སློབ་དཔོན་བྷུ་སུ་ཀུ་པའི་ཞབས་ཀྱིས་གསུངས་པ་དེ་རྣམས་ཀྱི་སྙིང་ལ་དེ་ཁོ་ན་ཉིད་ཅུང་ཟད་མིག་ཉེ་བར་ཞི་བ་ཙམ་དུ་ཡང་མི་འགྱུར་རོ། །གང་དུ་བཅོམ་ལྡན་འདས་ཀྱིས གསུངས་པ་ལྷ་མོ་བཞིས་ཞུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཐུབ་ཆེན་ཆོས་ཀྱི་ཕུང་པོ་ནི། །བརྒྱད་ཁྲི་དང་ནི་བཞི་སྟོང་ལ། །གང་གིས་དེ་ཉིད་མི་ཤེས་པ། །དེ་རྣམས་ཐམས་ཅད་འབྲས་མེད་ཡིན། །རྔའི་ཚོགས་པ་ཞེས་བྱ་བའི་གླུའི་དབྱངས་ནག་པོ་སྤྱོད་པ་པའི་ཞབས ཀྱིའོ། །འཇིགས་བྱེད་དུས་མཚན་མ་ཡིས་ལམ་ནི་བཀག། དེ་མཐོང་?་སེམས་ནི་རྣམ་མི་དགའ་། །ཀཱཧྣས་གང་དུ་ཕྱིན་ནས་གནས་འཆའ་བྱེད། །ཡིད་ཀྱི་སྤྱོད་ཡུལ་གང་དེ་བཏང་སྙོམས་འདུག། ཁམས་གསུམ་གསུམ་པ་གསུམ་ཀྱང་སོ་སོར་འདུག། ཀཱཧྣས་སྨྲས་པ སྲིད་པ་ཡོངས་སུ་གཅོད?། །གང་དང་གང་བྱུང་དེ་དང་དེ་ཡང་སོང། །བདག་ཉིད་འོངས་ནས་ཀཱཧྣས་ཡིད་མིང་དེ། །འདི་ནི་ཀཱཧྣ་རྒྱལ་པོའི་ཕོ་བྲང་ཉེ། །ཀཱཧྣས་སྨྲས་ཀྱང་བདག་གི་སྙིང་མི་འཇུག། འགྲོ་བའི་དོན་ལ་སྙིང་རྗེའི་ཁུར་གྱིས་ཐུགས་བརླན་པའི་སློབ་དཔོན་ནག་པོ་སྤྱོད པའི་ཞབས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་ཁྱད་པར་དུ་འཕགས་པ་གསུངས་ཏེ། །འཇིགས་བྱེད་ཅེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་རྡོ་རྗེ་བཟླས་པའི་མན་ངག་ཐོབ་པ་ནག་པོ་སྤྱོད་པ་པས འཇིགས་བྱེད་ནི་ཡེ་ཤེས་ཀྱི་སྣང་བ་དང་དུས་མཚན་མ་ནི་སྣང་བ་མཆེད་པ་གཅིག་ཏུ་བྱས་ནས་ཨ་བ་དྷུ་ཏཱིའི་ལམ་དུ་བརྟན་པ་དང་འཕོག?་པའོ། །སླར་ཡང་བླ་མ་དམ་པའི་དྲིན་ལས་རང་བཞིན་གྱིས་ཡོངས་སུ་དག་པ་ཨ་བ་དྷུ་ཏཱིའི་པའི་གཟུགས་ནག་པོ སྤྱོད་པའི་ཞབས་ཀྱི་ཡིད་ཁྱད་པར་དུ་འཕགས་པར་གྱུར་པའོ། །ཀཱཧྣ་གང་དུ་ཕྱིན་ནས་ཞེས་བྱ་བ་ལ་སོགས་པ་ནི་དྷྲུའི་རྐང་པས་རང་གི་གནས་སུ་འགོག་པས་འགོག་པ་གསུངས་ཏེ། རང་ཉིད་དེ་བཞིན་དུ་བདག་ལ་སོགས་པ་འབོད་པར་བྱེད་དེ། ཀྱེ་ནག་པོ སྤྱོད་པ་པ་རྡོ་རྗེའི་ཚིག་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་གཟུགས་ཀྱིས་བདེ་བ་ཆེན་པོས་ཁྱབ་པ་ནི་འགྲོ་བ་ཞེས་སོ། །དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཀྱི་རྒྱལ་པོར་གསུངས་པའི་དོན་མངོན་དུ་བྱེད་པ་ལས་གང་དུ་གནས་འཆའ་བ་ནི་བདག་ཉིད་ཀྱིས གནས་པར་བྱེད་པའོ། །ཐམས་ཅད་དེའི་རང་བཞིན་ཡིན་པའི་ཕྱིར་གང་རྣམས་ཀྱིས་ཀྱང་རྣལ་འབྱོར་པའི་ཡིད་སྤྱོད་ཡུལ་ཡིད་ཀྱི་དབང་པོས་རྟོགས་པ་ཉིད་གཙོ་བོར་འགྱུར་ཏེ། དེ་རྣམས་ཀྱང་འདིར་ཆོས་ལ་བཏང་སྙོམས་ཏེ་དེ་ལས་རིང་དུ་གྱུར་པ་ཉིད དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། གང་དུ་ཡིད་རླུང་མི་རྒྱུ་ཞིང། །ཉི་མ་ཟླ་བ་འཇུག་མེད་དེར། །རྨོངས་པ་སེམས་ཀྱི་ངལ་སོ་གྱིས། །ས་ར་ཧ་ཡིས་མན་ངག་བསྟན། །རྐང་པ་གཉིས་པས་དེ་ལ་གསལ་བར་བྱེད་པ་གསུངས་ཏེ། གསུཾ གསུམ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་མཐོ་རིས་དང་ས་སྟེངས་དང་ས་འོག་དང། ནང་གི་ལུས་དང་ངག་དང་ཡིད་དང། ཉིན་མོ་དང་མཆན་མོ་དང་ཐུན་མཚམས་རྣམས་རྣལ་འབྱོར་མའི་རྒྱུད་ལ་སོགས་པར་ཁོང་དུ་ཆུད་པར་བྱའོ། །དེ་རྣམས་ཕན་ཚུན བདེ་བ་ཆེན་པོས་ཁྱབ་པར་བྱེད་པ་ཉིད་ཀྱིས་དབྱེ་བའི་མཚན་ཉིད་མི་དམིགས་པ་སྟེ། རྣལ་འབྱོར་པས་དོན་དམ་པར་རིག་པས་སོ། །དེ་བཞིན་དུ་ལུང་ལས་ཀྱང། མཐོ་རིས་ས་སྟེང་ས་འོག་རྣམས། །གཅིག་གི་གཟུགས་གྱུར་སྐད་ཅིག་ལས། །ཤེས་པའི ཚིག་ལས་དེ་རྣམས་ཀྱི་དོན་སྤྱོད་པ་པ་གླུ་དབྱངས་ཞབས་ཀྱིས་གསུངས་ཏེ། སུམ་ཅུ་བདུན་དང་དགུ་དང་སུམ་ཅུ་བརྒྱད། །དེ་རྣམས་དཀྱིལ་འཁོར་གསུམ་ལ་ཁྱད་པར་མེད། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཆོས་ཐམས་ཅད་ཁོང་དུ་ཆུད་པ་ནག་པོ སྤྱོད་པའི་ཞབས་ཀྱིས། བདག་ནི་སྲིད་པའི་རྣམ་རྟོག་གཅོད་པ་པོ་ཞེས་གསུངས་སོ། །རྐང་པ་གསུམ་པས་རང་གི་རྗེས་སུ་བསྡགས་པ་གསུངས་ཏེ། གང་དང་གང་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་གང་དང་གང་དེ་དང་དེའི་དངོས་པོ་ཐིམ་པར་གྱུར་པའོ། ། དེ་རྣམས་སྐྱེ་བ་དང་འཇིགས་པ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་བླ་མའི་དྲིན་ལས་ཡོངས་སུ་ཤེས་པས་ནག་པོ་སྤྱོད་པའི་ཞབས་ཀྱི་ཡིད་ཁྱད་པར་དུ་འཕགས་པའི་ཡོངས་སུ་དག་པར་གྱུར་ཏེ། །དེ་བཞིན་དུ་ལུང་ལས་ཀྱང། །སྲིད་པའི་དེ་ཉིད ཡོངས་ཤེས་ན། །མྱ་ངན་འདས་ཤེས་བྱ་བར་བརྗོད། །རྐང་པ་བཞི་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་རང་ཉིད་ཀྱི་བདག་ལ་འབོད་པར་བྱེད་དེ། ཀྱེའི་རྡོ་རྗེ་ནག་པོ་ཞབས་རིམ་པ་ལྔ་སྔོན་དུ་སོང་ན་སླར ཡང་རྒྱལ་པོའི་ཕོ་བྲང་བདེ་བ་ཆེན་པོའི་གྲོང་ཁྱེར་བདག་ལ་ཤིན་ཏུ་ཉེ་བར་འགྱུར་རོ། །དེ་བཞིན་དུ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ཀྱི། །དེ་ཐབས་རྫོགས་སངས་རྒྱས་ཀྱིས་ཀྱང། །སྐས་ཀྱི་རིམ བ་བཞིན་དུ་སྤྲུལ། །ལྷ་རྣམས་རོལ་པ་ཞེས་བྱ་བའི་གླུ་དབྱངས་ལ་ཝའི་ན་བཟའ་ཅན་གྱི་ཞབས་ཀྱིས་ཀྱང་།སྙིང་རྗེའི་གྲུ་ནི་གསེར་གྱིས་རབ་ཏུ་ཁེངས། །དངུལ་ལ་གཞག་པའི་གནས་ཉིད་མེད་པར་གྱུར། །ནམ་མཁའ་བལྟས་ནས་ལ་བ་པ་ཡིས་འགྲོ། །སྐྱེ་བ་སོད་ ནས་སླར་ཡང་ཇི་ལྟར་འབྱུང། །གྲུ་ཡི་བརྟོད་ཕུར་ཐོན་ལ་ཉག་ཐག་ཐོང། །བླ་མ་དམ་པ་ལ་བྲིས་པ་ཡི་འགྲོ། །གྲུ་ཡི་མཇུག་ལ་ཞོན་པས་མཚོན་ཞིང་འགྲོ། །གྲུ་སྐྱ་མེད་པར་མཉན་པ་གང་གིས་འགྲོ། །བྱང་དང་ལྷོ་དག་བཅུན? ནས་བྲུ་སྣ་ཞོན། །བདེ་བ་ཆེན་པོའི་གྲོགས་དང་ལམ་དུ་འཛོམ། །མཆོག་གི་སྙིང་པོ་དགའ་བའི་ཐུགས་ཚིམ་པའི་ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱི་སྙིང་རྗེའི་དགོངས་པའི་སྐད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གསལ་བར་མཛད་ནས་གསུངས་ཏེ། གསེར ཞེས་བྱ་བ་ལ་སོགས་པ་ནི་སྙིང་རྗེའི་ཞེས་བྱ་བ་དགོངས་པའི་སྐད་ཀྱིས་དེ་ལ་དེ་བཞིན་དུ། བྱང་ཆུབ་ཀྱི་སེམས་ལ་གྲུ་ཞེས་བྱ་སྟེ། གཟུགས་ཀྱི་རྒྱན་དུ་གཞན་ལ་རྟོགས་པར་བྱའོ། །དེ་དང་དེའི་བདག་ཉིད་དེ་ཡིས་རྣམ་པ་ཐམས་ཅད་དང་ལྡན་པའི སྟོང་པ་ཉིད་དང་ལྷན་ཅིག་བླ་མའི་དྲིན་གྱི་བཅུད་ཀྱིས་གང་ནས་བདེ་བ་ཆེན་པོའི་འཁོར་ལོར་འགྲོ་བའོ། །རྒྱ་མཚོའི་སྟེང་དུ་འགྲོ་བ་ནི་བདག་ཉིད་ལ་བོང་པ་སྟེ་གྲུབ་པའི་སློབ་དཔོན་ལ་བའི་ཊ་བཟའ་ཅན་གྱི་ཞབས་ཀྱིས་སྒྲོད?་པར་བྱེད་པའོ། །རཥུ?་པ་ཞེས་བྱ བ་ལ་སོགས་པ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་དབྱེ་བའི་གནས་མེད་པ་སྟེ། ཐམས་ཅད་དེ་བཞིན་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་རྣམས་བཞི་པའི་ཐབས་ལ་གྲུས་འགྲོ་བ་སྟེ་།བདག གྲུབ་པའི་སློབ་དཔོན་དུ་གྱུར་ནས་སྐྱེ་བ་མཛའ་དག་ཏུ་ལྡོག་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །དེ་ཉིད་བདག་ལ་བོད་པ་སྟེ་ལ་བའི་ན་བཟའ་ཅན་གྱི་ཞབས་ལ་རྣམ་པར་མི་རྟོག་པ་རབ་ཏུ་འབབ་པ་གོམས་པར་གྱིས་ཤིག་པའོ། །དེ་བཞིན་དུ་རབ་ཏུ་མི གནས་པ་གསལ་བར་མཛད་པ་ལས་ཀྱང། །ཇི་སྲིད་འགའ་ཞིག་རྣམ་པར་རྟོག། རབ་སྐྱེ་ཡིད་ནི་སྤང་བྱ་སྟེ། །དེ་སྲིད་དུ་ནི་གཉིས་ཉིད་ཕྱིར། །གང་ཡང་དགའ་བའི་ངོ་བོ་ཉིད། །མཆོག་ཏུ་བདེ་བར་བྱེད་པས་སོ། །དེ་ཡང་རྣམ་པར་རྟོག་པ་ཙམ། །གང ཡང་ཆགས་པ་དང་བྲལ་བའི། །དངོས་མེད་དེ་ཡང་དེ་གཉིས་ལ། །དེ་ཡི་དངོས་པོར་འཛིན་པའི་ཕྱིར། །མྱ་ངན་འདའ་བར་མི་འགྱུར་རོ། །འགའ་ཞིག་ཀྱང་ནི་ཡུལ་ཉིད་ལ། །རྣམ་པར་མི་རྟོག་བདག་སེམས་ལས། །དེ་བཞིན་དུ་བྱང་ཆུབ་སེམས དཔའ་ཨི་སྤྱོད་པ་ལ་འཇུག་པ་ལས་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་པོ་ཆེ་ལས་སྒྲོལ། །བྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག། རྐང་པ་གཞན་གྱིས་དེ་ཉིད་ཀྱི་དོན་གསལ་བར་གསུངས་ཏེ། བརྟོད་བུར? ཞེས་བྱ་བ་ལ་སོགས་པ་ནི་དང་པོ་ལ་སྣང་བའི་ཉེས་པ་ལ་བླ་མའི་གསུང་གིས་བརྟན་པ་བསྐྱེད་པར་བྱའོ། །ཀྱེ་མཆོག་གི་རྣལ་འབྱོར་པ་ཞེས་སོ། །ཉམ་ཐག་ནི་མ་རིག་པའི་སྲད་བུ་མྱུར་དུ་གྲོལ་བར་བྱས་ལ་དེ་ཡིས་འགྲོ་བར་གྱིས་ཤིག་པའོ། །དེ རྣམས་ཀྱི་སྣང་བའི་ཁྱད་པར་གྱིས་བླ་ན་མེད་པའི་ཆོས་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འདིར་ཐེ་ཚོམ་མེད་དོ། །རྐང་པ་གསུམ་པས་བླ་མའི་གདམས་པ་དང་བྲལ་པས་ཕྱིན་ཅི་ལོག་ཏུ་གྱུར་པར་གསུངས་ཏེ། གྲུའི་མཇུག་ཅེས་བྱ་བ་ལ་སོགས་པ་ནི ད་གའ་བྲལ་གྱི་ལམ་དུ་སོང་ནས་ཕྱོགས་བཞིར་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་ལ་གལ་ཏེ་ལྟ་ཞིང་རྟོག་པར་བྱེད་ན་དེའི་ཚེ་བླ་མའི་གསུང་གི་མཉམ་པ་དང་བྲལ་པས་ལྡན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་ཀྱིས རབ་ཏུ་བགྲོད་པ་བདེ་བ་ཆེན་པོའི་འཁོར་ལོར་འགྲོ་བར་མི་ནུས་ཏེ། སླར་ཡང་ངེས་པར་འཁོར་བར་ལྷུང་བར་འགྱུར་ཏེ། དེ་ལྟར་ཡང་ནག་པོ་སྤྱོད་པའི་གླུ་དབྱངས་ཀྱིས་ཀྱང། དོང་དུ་ལྟུང?་ན་ག་བུར་ཉམས་པར་འགྱུར་ཞེས་གསུངས་སོ། །གང་ཞིག་སླར་ཡང བླ་མ་དམ་པའི་གསུང་གིས་རྡོ་རྗེ་དང་ཆུ་སྐྱེས་ཀྱི་བདེ་བའི་རྗེས་སུ་ཚོལ་བར་བྱེད་པ་དེ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ནག་པོ་སྤྱོད་?་གླུ་དབྱངས་ཞབས་ཀྱིས་ཀྱང། གང་ཞིག་ཕུག་པས་ཡིད་ཀྱི་རིན་པོ་ཆེ། །ཉིན རེ་ཉིན་རེ་ལྷན་ཅིག་སྐྱེས་པ་འཕྲོ། །དེ་ཉིད་ཀྱིས་ནི་ཆོས་ཀྱི་གནས་ཉིད་ཤེས། །ཐུབ་པ་རྣམས་ཀྱིས་གཞན་དུ་ཅི་ཞིག་གསུངས། །རྐང་པ་བཞི་པས་འབྲས་བུ་གསལ་བར་བྱེད་པ་གསུངས་ཏེ། བྱང་དང་ལྷོ་ཞེས་བྱ་བ་ལ་སོགས་པ་ནི གཡོན་དང་གཡས་ཀྱི་སྣང་བ་གཉིས་པོ་དབུས་སུ་རབ་ཏུ་ཞུགས་པའི་ཕྱིར་ལམ་སྣ་ཚོགས་པའི་དགའ་བར་གྱུར་པ་བྱང་ཆུབ་ཀྱི་སེམས་ལ་རང་གི་ཡེ་ཤེས་ཡོངས་སུ་སྦྱངས་ནས་བདེ་བ་ཆེན་པོའི་འཁོར་ལོ་རྒྱ་མཚོར་མཚོན་ནས་དེའི་ཚེ་འཇོམ་པ་སྟེ། དེ་ལ་ལམ་དུ་ནི་བདེ་བ་ཆེན་པོའི་གྲོགས་བདག་མེད་པའི་ཡེ་ཤེས་ལ་མངོན་པར་འཁྱུད་པ་བདག་ཉིད་ཀྱིས་ཐོབ་པར་འགྱུར་རོ། །པ་ཌ་ཧའི་ཚོགས་པ་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །ེ་བམ་ཡི་གེ་བརྟན་བྱས་ཀ་གཉིས་ཉེད?། །རྣམ པ་སྣ་ཚོགས་ཁྱབ་བྱེད་འཆིང་བ་སྟོན། །ཀཱཧྣ་རྩེ་ཞིང་སྦྲང་གི་ཆང་གིས་མྱོས། །ལྷན་སྐྱེས་ཆུ་སྐྱེས་ཚལ་ཞུགས་སེམས་མེད་འགྱུར། །ཇི་ལྟ་ཇི་ལྟར་གླང་ཆེན་གླང་མོར་ཆགས། །དེ་ལྟ་དེ་ལྟར་དེ་ཉིད་ངོས་འགྲམ་འབབ། །འགྲོ་དྲུག་མཛའ་དག་རང་བཞིན་དག པ་སྟེ། །དངོས་དང་དངོས་མེད་ལ་ཆགས་མ་དག་པ། །སྟོབས་བཅུའི་རིན་ཆེན་ཕྱོགས་བཅུ་རྣམས་སུ་འཕྲོ། །རིག་པའི་གླང་དབང་ཉོན་མོངས་ཉིད་ཀྱིས་བཙལ། །དགའ་བའི་ཚོགས་པས་ཁྱབ་པ་དེ་ཡིས་ནག་པོ་བླུ་དབྱངས་ཞབས་ཀྱིས་སེམས་ཀྱིས་གླང་པོ་ཆེའི དགོངས་པའི་སྐད་ཀྱིས་དེ་ཉིད་ཀྱི་དོན་གཟུགས་ཀྱི་རྒྱན་དུ་གསུངས་ཏེ། ཨེ་བམ་ཡི་གེ་ཞེས་བྱ་བ་ལ་སོགས་པའི་བམ་ཡིག་ཟླ་བའི་སྣང་བ་ཨེ་ཡིག་ཉི་མ་སྟེ། གཉིས་པོ་ཉིན་མོ་དང་མཚན་མོའི་ཤེས་རབ་ཀ་བ་གཉིས་མཉེས་ནས་སྣང་བ་མེད་པར་བྱ་སྟེ། རྡོ་རྗེའི བཟླས་པས་གཞན་སྣ་ཚོགས་པས་རབ་ཏུ་བྱེད་པ་ཨ་བ་དྷུ་ཏཱི་ཁྱབ་བྱེད་འགོག་པ་ཕྱུང་ནས་གསུམ་པོ་དེ་རྣམས་ཀྱི་དམིགས་པ་མེད་པའི་ཆང་གིས་བཏུང་བས་རབ་ཏུ་མྱོས་པའོ། །ཡོད་པའི་ཤེས་པ་ལ་གླང་པོ་ཆེའི་དབང་པོ་ནག་པོ་སྤྱོད་པའི་ཞབས་ཀྱིས གསུངས་སོ། །ཆུ་སྐྱེས་ཚལ་ནི་བདེ་བ་ཆེན་པོའི་ཆུ་སྐྱེས་ཀྱི་ཚལ་དུ་ཕྱིན་ན་རྣམ་པར་མི་རྟོག་པར་རོལ་པར་བྱེད་པའོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང། །ཕྱི་རོལ་གང་དེ་བདེན་མེད་རང་བཞིན་བྲལ། །ཤེས་པ་ཡང་ནི་ཕྱི་རོལ་དོན་བཞིན་ནོ། །གང་ཞིག་སྟེང པར་ཡོངས་སུ་རྟོགས་བྱེད་ན། །དེ་ཡང་སྟོང་ཉིད་འདོད་པ་འབའ་ཞིག་མིན། །དེ་ཉིད་ཡོངས་སུ་རྟོག་པའི་དངོས་ཚོགས་ནི། །དེ་ཉིད་མེད་ལ་དེ་ཉིད་གཅིག་པའི་བློས། །སྒྱུ་མའི་གར་མཁན་གར་གྱི་བྱ་བ་ལ། །གར་མཁན་རྣལ་འབྱོར་དབང་ཕྱུག་རྩེ་བར་བྱེད། །རྐང་པ གཞན་གྱིས་དེ་ཉིད་གསུངས་པ་སྟེ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཕྱི་རོལ་ཏུ་གླང་པོ་ཆེ་གླང་མོ་ལ་ཆགས་པའི་མྱོས་པས་རྒྱུག་པར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་བདག་མེད་མ་ལ་ཆགས་པ་དེ་ཡིས་སེམས་ནི་གླང་པོ་ཆེའི་དབང་པོ་ནག་པོ་སྦྱོང་པ པའི་ཞབས་ཀྱི་དེ་བཞིན་ཉིད་ཀྱི་ཆང་རབ་ཏུ་འབབ་པར་བྱེད་དོ། །དེའི་ཕྱིར་རྐང་པ་གསུམ་པས་དངོས་པོ་དང་དངོས་པོ་མེད་པའི་དམིགས་པ་གསུངས་ཏེ། འགྲོ་དྲུག་ཅེས་བྱ་བ་ལ་སོགས་པ་ནི་སྒོ་ང་ལས་སྐྱེས་པ་དང། མངལ་ལས་སྐྱེས་པ་དང། བྲོད?་གཤེར་ལས་སྐྱེས་པ དང། བརྫུས་ཏེ་སྐྱེས་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་འགྲོ་བ་དྲུག་པོ་རྣམས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་དངོས་པོ་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པའི་སྐྲའི་རྩེ་མོ་ཙམ་ཡང་མ་དག་པ་མེད་པས་ཅི་ཡང་མེད་པའོ། །དེ་བཞིན་དུ་དབུ་མའི་བསྟན་བཅོས་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྐང་པ་བཞི་པས་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་མཚན་ཉིད་གསུངས་ཏེ། སྟོབས་བཅུ་ཞེས་བྱ་བ་ལ་སོགས་པ ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དེ་བཞིན་ཉིད་ཀྱི་རིན་པོ་ཆེ་ཕྱོགས་བཅུར་ཁྱབ་པ་དེ་ཡིས་ཉམས་སུ་མྱོང་བ་གོམས་པའི་སྟོབས་ཀྱིས་འགྲོ་བ་བདག་ཉིད་ཀྱིའོ། །དེའི་ཕྱིར་དེ་བཞིན་ཉིད་ཀྱི་རིན་པོ་ཆེའི་མཐུས་མ་རིག་པའི་བླང་པོ་ཆེའི དབང་པོ་མ་ཆགས་པའི་མྱོས་པ་གང་ལས་སོ། །དེ་ཤ་ཁ་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །གྲོང་ཁྱེར་ཕྱི་རོལ་གཡུང་མོ་ཁྱོད་ཀྱི་ཁྱིམ། །རེག་གིན་རེག་གིན་འགྲོ་དེ་བྲམ་ཟེའི་བུ། ཀྱེ་གཡུང་མོ་ཁྱོད་དང མཉམ་འགྲོགས་བྱ། །ཀཱཧྣ་ཐོང་པའི་རྣལ་འབྱོར་སྐྱུག་བྲོ་སྤངས། །གཅིག་ཉིད་པང་འདབ་དྲུག་ཅུ་རྩ་བཞི་ལ། །དེར་གནས་གཡུང་མོ་གར་བྱེད་པ་པུ་ལཱི། །བདག་གིས་གཡུང་མོ་ཁྱོད་ལ་བདེན་དངོས་དྲིས། །འོང་དང་འགྲོ་བ་གང་གི་གྲུ་ལ་བྱེད།། རྒྱུད་ཚོང་གཡུང་མོ་གཞན་ཡང་མེ་ཏོག་སྟེགས། །ཁྱོད་ཀྱི་ཆེད་དུ་འདམ་བུའི་སྟན་གཞག་གོ། ཀྱེ་ཁྱོད་གཡུང་མོ་བདག་ནི་ཀཱ་པ་ལཱི། །ཁྱོད་ཀྱི་ཆེད་དུ་བདག་གི་རུས་འཕྲེང་བཅངས། །རྫིང་བུ་བཅོམ་ནས་གཡུང་མོ་པད་རྩ་ཟོས། །གཡུང མོ་བླངས་ནས་བདག་གིས་ཕ་རོལ་གསོད། །དེ་ཁོ་ན་ཉིད་ཀྱི་དོན་བདག་མེད་པའི་ཆོས་ཁོང་དུ་ཆུད་པ་ནག་པོ་སྤྱོད་པའི་ཞབས་ཀྱིས་གཡུང་མོའི་སྒྲས་དགོངས་པའི་སྐད་གསུངས་ཏེ། གྲོང་ཁྱེར་ཞེས་བྱ་བ་ལ་སོགས་པ་ནི་མི་རེག་པའི་སྦྱོར་པའི ཕྱིར་ཏེ། གཡུང་མོ་ནི་ཡོངས་སུ་དག་པའི་ཨ་བ་དྷུ་ཏི་བདག་མེད་པར་ཁོང་དུ་ཆུད་པར་བྱའོ། །བྲམ་ཟེ་ཞེས་པ་ནི་བྲམ་ཟེ་ཧཱུཾ་ཡིག་གི་ས་བོན་ལས་སྐྱེས་པ་གཡོ་བའི་སྦྱོར་བ་ལས་སེམས་ནི་བྲམ་ཟེའི་བུའོ། །མན་ངག་ཐོབ་པའི་རྣལ་འབྱོར་པས་བྱང་ཆུབ ཀྱི་སེམས་ཀུན་རྫོབ་ཁུ་བའི་གཟུགས་ནོར་བུའི་རྩ་བ་ལས་དགའ་བྲལ་ལ་རག་གྱེན་ངག་ཀྱིན?་ཁྱོད་འགྲོ་སྟེ་ཀྱེ་བདག་མེད་མའི་གྲོང་ཁྱེར་ལ་ཞེས་སོ། །དེ་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཚོགས་པར་ཤེས་པར་བྱའོ། །དབང་པོའི་སྤྱོང་ཡུལ་མ་ཡིན་པ ཉིད་ཀྱིས་བླ་མའི་མན་ངག་གིས་ཁྱོད་ཀྱི་ཁྱིམ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་བདག་གྲུབ་པའི་སློབ་དཔོན་ནག་པོ་ཞབས་ཀྱིས་རྟོག་པ་ཞེས་སོ། །ཀྱེ་གཡུང་མོ་ཞེས་བྱ་བ་ལ་སོགས་པ་ནི་ཀྱེ་གཡུང་མོ་ནི་བདག་མེད་མ་ཁྱོད་དང་བདག་ལྷན་ཅིག མངོན་པར་འཁྱུད་པར་བྱའོ། །གང་དང་འདྲ་བའི་གནས་ད་དང་འདྲ་བ་དག་ལ་བདག་ནི་སྐྱུག་བྲོ་བ་དང་ངོ་ཚ་བ་ལ་སོགས་པའི་སྐྱོན་དང་བྲལ་བའོ། །དེ་བས་ན་བདག་རྟག་ཏུ་རྒྱུན་མི་འཆད་པར་འཛིན་པས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ ཐོབ་པོ། །ཇི་ལྟར་དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ལ་བདག་གིས་བཤད་ཀྱིས་ཉོན། །རྐང་པ་གཉིས་པས་གོམས་པའི་གནས་གསུངས་ཏེ། གཅིག་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་འཁོར་ལོར་པདྨ་འདབ་མ དྲུག་ཅུ་རྩ་བཞི་དང་ལྡན་པ་ལ་གནས་པའི་བཅོམ་ལྡན་འདས་བདག་མེད་མ་དང་ལྷན་ཅིག་རོ་ཅིག་པ་དེ་ཡིས་ཆགས་པ་ཆེན་པོའི་དགའ་བས་ཤིན་ཏུ་ཡིད་དུ་འོང་བ་ཉིད་ཀྱིས་ནག་པོ་སྤྱོད་པ་པ་གར་བྱེད་དོ། །དེ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང། ། གང་ནི་ཧེ་རུ་ཀ་གཟུགས་ཀྱིས། །རྗེས་དྲན་ཐོས་པ་སྦྱོར་བ་ལས། །རྐང་པ་གསུམ་པས་བདག་མེད་མ་ཁོང་དུ་ཆུད་པ་བརྟན་པར་བྱེད་དོ། །ཀྱེ་ཁྱོད་ཅེས་བྱ་བ་ལ་སོགས་པ་ནི་ཀྱེའི་བདག་མེད་མ་བདེན་པའི་དངོས་པོའི་རང་བཞིན་གྱིས་བསམ་པས་ཁྱོད་ལ བདག་གིས་བྲིས་པའོ། །ཆོས་ཐམས་ཅད་བདག་མེད་མདེ་ཡིས་གང་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་གྲུའི་ལམ་གྱིས་ཁྱོད་ཀྱིས་འགྲོ་བ་དང་འོང་བ་བྱེད་པར་ཁྱོད་ཀྱིས་མི་བྱེད་དོ་ཞེས་པའི་དོན་ཏེ། ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཀྱིས་ཅེས་སོ།། དེ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང་། དེའི་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ལྷན་ཅིག་སྐྱེས་པའི་ངོ་བོ་བརྗོད། །ངོ་བོ་ཉིད་ནི་མྱ་ངན་འདས། །རྣམ་དག་རྣམ་པའི་སེམས་ཉིད་དོ། །རྐང་པ་བཞི་པས་ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་ཉིད་དུ་གསུངས ཏེ། རྒྱུད་ཅེས་བྱ་བ་ལ་སོགས་པ་ནི་རྒྱུད་ཅེས་པ་བྷ་ག་པདྨའི་གནས་སུམ་རོག་པའི་རང་བཞིན་ནོ། །མེ་ཏོག་སྟེགས་ནི་དེའི་འདབ་མར་ཡུལ་གྱི་སྣང་བའོ། །དེ་དག་བླ་མའི་ཞབས་ཀྱི་དྲིན་ཀྱིས་བདག་ཉིད་འཚོང་བ་ནི་ཁྱོད་ཀྱིས་ཡོངས་སུ་?་བར་བྱས་ཀྱི བདག་མེད་མ་ཞེས་སོ། །དེའི་ཕྱིར་གར་མཁན་བཞིན་དུ་འཁོར་པའི་མཛོད་དག་གིས་ཁྱོད་ཀྱི་ཆེད་དུ་ཡོངས་སུ་སྤང་བར་བྱའོ་ཞེས་སོ། །རྐང་པ་ལྔ་པས་རྣལ་འབྱོར་གྱི་དབང་ཕྱུག་སྤྱོད་པ་རབ་ཏུ་གསལ་པར་གསུངས་ཏེ། ཀྱེ་ཁྱོད་ཅེས བྱ་བ་ལ་སོགས་པ་ནི་ཀྱེའི་གཡུང་མོ་བདག་མེད་མའི་རང་བཞིན་དེ་ཡིས་ཁྱོད་ལ་བཟང་པོས་བླ་མ་དམ་པའི་དྲིན་ལན་བདག་གིས་ཤེས་སོ། །བདག་ཀྱང་ཐོད་པ་ཅན་གྱི་སྤྱོད་པ་འཛིན་པ་སྟེ། ཀམ་ནི་ཁྱོད་ཀྱིས་བདེ་བ། བཱ་ནི་སྐྱོང་བར་ནུས་པའོ། །དེའི་ཕྱིར ཁྱོད་ཀྱི་ཆེད་དུ་བདག་ནག་པོ་སྤྱོད་པས་དེ་བཞིན་གཤེགས་པ་དྲུག་གི་འཁོར་ལོ་དང་རྣ་རྒྱན་དང་མགུལ་རྒྱན་དང་རུས་རྒྱན་གྱི་སྤྱོད་པ་བཟུང་ནས་ཕྱི་རོལ་གྱི་སྔགས་དང་རྒྱུད་ལ་བལྟོས་པ་མེད་པ་དེ་ཡིས་རིགས་ལྔའི་སྤྱོད་ལམ་བྱའོ། །དེ་བཞིན་དུ རྟག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང། གལ་ཏེ་སྔགས་རྒྱུད་ཅུང་ཟད་གཅིག་མེད་པར། །རང་གི་ཆུང་མ་བླངས་ནས་རྩེ་བར་བྱེད། །རང་ཁྱིམ་ཆུང་མ་ཇི་སྲིད་མ་དག་པ། །དེ་སྲིད་རིགས་ལྔའི་སྤྱོད་ལམ་གལ་ཏེ་ཅི། །རྐང་པ་དྲུག་པས་གཡུང་མོའི་དབྱེ བ་རྣམ་པ་གཉིས་གསུངས་ཏེ། རྫིང་བུ་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་དྲིན་གྱིས་རྣམ་པར་དམན་པ་ཡིས། དེ་ཉིད་གཡུང་མོ་ཨ་བ་དྷུ་ཏི་པ་ཡོངས་སུ་མ་དག་པ་ཅན་ནོ། །རྫིང་བུ་ནི་ལུས་ཀྱི་རྫིང་བུའོ། །དེ་ལ་རྩ་བ་དེ་བཞིན་ཉིད་བྱང་ཆུབ་ཀྱི སེམས་ཀུན་རྫོབ་དུ་བའི་ངོ་བོས་གསོད་པ་སྟེ། བདག་གིས་རང་བཞིན་མེད་པར་བྱེད་པའོ། །དེ་བཞིན་དུ་ཕྱི་རོལ་གྱི་བསྟན་བཅོས་ལས་ཀྱང། གང་ཞིག་སྔགས་ཀི་བྱིན་བརླབས་ཆུ། །སྣོད་ཀྱི་ཁྱད་ཀྱིས་བསྐུར་བ་འཐོབ། །སྦྲུལ་གྱི་ཁ་རུ་མིད་གྱུར ནས། །ཉ་ཕྱིས་ལས་སྐྱུགས་མུ་ཏིག་གོ། ནཱ་ཌཱི་པ་དང་ཌོམྦྷི་པའི་ཞབས་ཀྱི་སྟེང་པ་ཞེས་བྱ་བ་ལ་སོགས་པའི་གླུ་ནི་རྣམ་པར་མ་བཤད་དོ། །པཊ་ཧ་མཉྫ་རི་ཞེས་བྱ་བའི་གླུ་དབྱིངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །ནཱ་ཌི་ནུས་ལྡན་བརྟན གཟུང་ཁ་ཊཝཾ་ག། གཞོམ་མིད་ཌཱ་མ་རུ་སྒྲོགས་དཔའ་པོའི་གདངས། །ཀཱཧྣ་ཐོད་ཅན་རྣལ་འབྱོར་ཞུགས་ནས་སྤྱོད། །ལུས་ཀྱི་གྲོང་ཁྱེར་ཞེས་བྱར་རིགས་གཅིག་སྤྱོད། །ཱ་ལི་ཀཱ་ལི་དྲིལ་བུ་རྐང་གདུབ་ཅན། །ཟླ་བ་ཉི་མ་རྣ་རྒྱན་བརྒྱན་དུ་བྱས། །འདོད ཆགས་ཞེ་སྤང་གཏི་མུག་ཐལ་བས་བྱུགས། །མཆོག་གི་ཐར་མཆོག་མུ་ཏིག་དོ་ཤལ་བཅིངས། །རྒྱུག་མོ་ཨ་ནི་སྐུད་པོ་ཁྱིམ་དུ་སོད། །མ་ནི་གསོད་པས་ཀཱཧཱུཾ?་ཀཱ་པ་ལི། །མཆོག་གི་བདེ་བ་ཆེན་པོས་བརྗིད་པའི་ནག་པོ་སྤྱོད་པས་སླར་ཡང་དེ་ཁོ་ན བཞིན་དུ་དོན་དམ་པ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་གསུངས་ཏེ་། ནཱ་ཌཱི་ཞེས་བྱ་བ་ལ་སོགS་པ་ནི་རྩ་སུམ་ཅུ་སོ་གཉིས་ལ་དེ་རྣམས་ཀྱི་ནང་ནས་ནུས་ལྡན་གྱི་རྩ་ནི་གཙོ་བོ་ཨ་བ་དྷུ་ཏཱིར་ཁྱད་པར་གྱི་དགའ་བའི་ངོ་བོ་ཉིད་བླ་མའི་དྲིན་ལས་ནོར་བུའི་རྩ བར་རྣམ་པར་གཟུང་བར་བྱའོ། །ཁ་ཊཝཱཾ་ག་ཞེས་བྱ་བ་ནི་ཁ་ནི་སྟོང་པ་ཉིད་འོད་གསལ་བས་ལྷན་ཅིག་སྐྱེས་པ་ལ་ཡང་དག་པར་རེག་པའོ། །ཌཱ་མ་རུའི་སྒྲ་ནི་གཞམ་དུ་མེད་པའི་དབྱངས་དཔའ་བོའི་གདངས་ཀྱིས་སྟོང་པ་ཉིད་སེང་གེའི་སྒྲ་སྒྲོགས་པར་གྱུར་པས་ནག་པོ སྤྱོད་པ་པ་ནི་ཐོད་པ་ཅན་ནོ། །ལུས་ཀྱི་གྲོང་ཁྱེར་དུ་རབ་ཏུ་ཞུགས་ནས་རབ་ཏུ་སྤྱོད་པ་ནི་ཉོན་མོངས་པ་མངོན་པར་རྦ་བའི་ཚུལ་གྱིས་རིགས་གཅིག་པ་དེ་ཡིས་སྤྱོད་ལམ་གྱི་འཆག་པར་བྱེད་ཅེས་སོ། །རྐང་པ་གཉིས་པས་རྣལ་འབྱོར་པའི་རྒྱན་གསུངས ཏེ། །ཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་རེ་ཤིག་རྣལ་འབྱོར་གྱི་དབང་ཕྱུག་གིས་རྡོ་རྗེའི་བཟླས་པས་ཡོངས་སུ་སྦྱངས་པའི་ཟླ་བ་དང་ཉི་མ་ལ་སོགས་པས་དྲིལ་བུ་དང་རྐང་གདུབ་ལ་སོགས་པ་རྣལ་འབྱོར་པའི་རྒྱན་དུ་བྱེད་པ་ཞེས་སོ། །རྐང་པ་གསུམ་པས་རྣལ འབྱོར་པའི་རྒྱན་གསུངས་ཏེ། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ནི་དེ་རྣམས་དེ་བཞིན་དུ་བདེ་བ་ཆེན་པོའི་འདོད་ཆགས་ཀྱིས་མེས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྲེག་པར་བྱེད་པའོ། །ཐལ་བ་དེ་རྣམས་ཀྱི་ལུས་ལ་རྣམ་པར་བྱུགས་ཤིང་སླར་ཡང་ རྡོ་རྗེ་སེམས་དཔའ་ཨི་རང་བཞིན་གྱིས་བདག་ལ་དམིགས་ཏེ། མཆོག་གི་ཐར་པའི་མུ་ཏིག་གིས་བརྒྱན་ནས་འཆག་པའོ་ཞེས་སོ། །རྐང་པ་བཞི་པས་ཐོད་པ་ཅན་གྱི་སྤྱོད་པ་གསུངས་ཏེ། གསོད་པ་ཞེས་བྱ་བ་ལ་སོགས་པ་ནི་སྔོན དུ་གསུངས་པའི་དྲུང་སྟེ། དེ་ལ་ཡིད་དང་རླུང་དབང་དུ་བྱས་ཏེ་མིག་གི་དབང་པོ་ལ་སོགས་པའི་རྣམ་པར་ཤེས་པའི་རླུང་སྣ་ཚོགས་པའི་རབ་ཏུ་བྱེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་མ་རིག་པ་ཡང་རང་བཞིན་མེད་པར་བྱས་ལ་སྒྱུ་མའི་ཚུལ་གྱིས ཐབས་དང་ཤེས་རབ་དབྱེར་མེད་པ་ལ་ཉེ་བར་སྤྱོད་པ་ནག་པོའི་སྤྱོད་པ་བ་སྟེ། འགྲོ་བ་པ་ལ་འགྲོ་བའི་དོན་གྱི་བསམས་པས་རྡོ་རྗེ་ཐོད་པ་ཅན་དུ་བྱས་ནས་འཁྱམ་པའོ། །དེ་བཞིན་དུ་ད་ཨཽ་ཌའི་ཞབས་ཀྱིས་ཀྱང། སེམས་ཅན་རྡོ་རྗེ་འཛིན་དང་འགྲོ པ་ཡི། །བུད་མེད་ཐོད་པ་ཅན་གྱི་ཆུང་མ་མཚུངས། །ང་རྒྱལ་དང་བཅས་ཧེ་རུ་ཀ་གཟུགས་དེས། །བཅོམ་ལྡན་གང་ཞིག་བདག་ནི་དབྱེ་བ་མེད། །ཇི་ལྟར་དཔལ་གྱི་པདྨའི་མྱོས་བྱེད་དང། །གོ་ཀུ་ད་ཧ་ནར་བྱས་གུས་པར་གྱིས། །འདི་ཡིས་ཐམས་ཅད་བློ་གྲོས་དབང་པོ རྣམས། །རྩེ་ཅག་ཡིད་ཀྱི་རྣལ་འབྱོར་དབང་ཕྱུག་འགྲུབ། །རྔ་བོ་ཆེ་ཞེས་བྱ་བའི་གླུ་དབྱངས་ནག་པོ་ཞབས་ཀྱིའོ། །སྙིང་རྗེའི་རྒྱལ་མཚན་རྒྱན་པོ་རྩེ་བར་བྱེད། །བླ་མའི་གསུང་གི་སྲིད་པའི་སྟོབས་ལས་རྒྱལ། །ཕྱོགས་སུ་ཌུ་ཨ་བསྐུལ་ན་རྒྱལ་པོ་ལ། ། ཕན་ཐབས་ཀཱཧྣ?་རྒྱལ་བའི་ཕོ་བྲང་ཉ?། །དང་པོར་མི་རིང་བཏོན་ན་གསོད་པར་འགྱུར། །གླང་ཆེན་བཏོན་ནས་སྐྱེ་བོ་ལྔ་དང་རྩེས། །བློ་ཡིས་རྒྱན་པོ་ཡོངས་སུ་མྱ་ངན། །ངེས་པར་བྱས་པས་སྲིད་པའི་དཔུང་ལས་རྒྱལ། །ཀཱཧྣས་སྨྲས་པ་བདག་ནི་བདེ མཆོག་བཟང། །རེ་དམིགས་དྲུག་ཅུ་རྩ་བཞི་རྩིས་ནས་ལེན། །སླར་ཡང་དེ་ལ་དེ་ལྟ་བུའི་དོན་རྒྱན་པོ་འགྱེད་པ་དགོངས་པའི་སྐད་ཀྱིས་ནག་པོ་སྤྱོད་པའི་ཞབས་ཀྱིས་གསལ་པོར་གསུངས་ཏེ། སྙིང་རྗེའི་ཞེས་པ་ནི་རང་བྱིན་གྱིས་བརླབས་པ་སེམས་ཀྱི་ངོ་བོས་སེམས སུ་ཤེས་པར་བྱའོ། །རྒྱལ་ཞེས་པ་ནི་དེའི་རྟེན་ཏིང་ངེ་འཛིན་གྱི་སྒྲིབ་པ་སྐྱོན་བདུན་རྟོགས་པར་བྱའོ། །དེ་རྣམས་ལས་རྒྱལ་བ་ནི་དམིགས་པ་མེད་ཅེས་བྱའོ། །རྒྱན་པོ་ནི་སྔགས་ཀྱི་ཚུལ་གསང་དཔལ་བཞི་པའི་དགའ་པའི་སྟོབས་དེ་ལ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ བ་ལ་མའི་མན་ངག་ལས་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས་མཉམ་དུ་སྦྱོར་བ་གཉིས་པོ་གཅིག་པ་དེ་ཡིས་རྒྱུན་མི་འཆད་པར་དགའ་བ་མངོན་པར་སྦྱོར་བར་རྩེ་བར་བྱེད་པ་ནི་སྲིན་པའི་སྟོབས་ཡུལ་སྣང་བའི་སྟོབས་ལས་ཉོན་མོངས་པ་མེད་པའི་དབང་གིས་བདག་ཅག དག་པོ་སྤྱོད་པ་བརྒྱལ་བཞེས་སོ། །བརྟན་པའི་རྐང་པས་གསལ་བར་གསུངས་ཏེ། བསྐུལ་ན་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་དེ་བཞིན་དུ་རྡོ་རྗེ་བཟླས་པའི་རིམ་པས་སྣང་བ་གཉིས་པོ་སྟེ་བསྐུལ་བ་ཞེས་པ་ནི་གཅོདཔར་བྱེད་པའོ། །ཡང་རྒྱལ་པོ་ནི་མ རིག་པའི་སེམས་ལ་ཕན་པར་བྱེད་པ་བོའི་ཐབས་ཀྱིས་ཞེས་ཏེ། ཆགས་པའི་མཐར་ཁྱད་པར་གྱི་དགའ་བ་བྱུང་བའི་དུས་སུ་བྱང་ཆུབ་ཀྱི་སེམས་མི་འགྱུར་བ་མན་ངག་གི་ཁྱད་པར་གྱི་དགའ་བས་ནག་པོ་སྤྱོད་པ་བརྒྱལ་བའི་ཕོ་བང་རང་ཉིད་ཀྱིས་ཉེ་བར འཛོམ་པར་གྱུར་པ་ཞེས་སོ། །དེ་བཞིན་དུ་ཨཽ་ཌའི་ཞབས་ཀྱིས་ཀྱང་ཆགས་པའི་མཛའ་མར་ཁྱད་པར་དགའ་འཇུག་པ། །བསམ་པ་ཡིས་ནི་རང་བཞིན་གནས་པར་བྱེད། །གང་ཞིག་ཤེས་པའི་ཡིད་ནི་རབ་ཏུ་འཇུག། གཞན་ཡང་རླུང་དག་འགོག་པར་? པ་ཡིས། །གང་ལ་དུས་དེ་གཞིན་དུ་འབྱུང་མི་འགྱུར། །བདེ་བ་མངོན་སུམ་ཕ་རོལ་དེ་ཡིས་གནས། །དེ་ལ་རང་གིས་ཉམས་མྱོང་གང་དེ་སླར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབས་པའི་ཕྱིར། །རྐང་པ་གཉིས་པ་གོམས་པས་ཤིན་ཏུ་འགྲོ་བ་གསུངས་ཏེ། དང པ་ཨོར་ཞེས་བྱ་བ་ལ་སོགས་པ་ནི་མི་རེང?་ཞེས་བྱ་བ་དགོངས་པའི་སྐད་ཀྱིས་དྲུག་ཅུ་ལྷག་པ་བརྒྱའི་རང་བཞིན་དག་གིས་རྡོ་རྗེ་བཟླས་པའི་རིམ་པས་དང་པོ་ལ་རང་བཞིན་མེད་པར་བྱས་ནས་སླར་ཡང་གླང་ཆེན་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་དེ་བཞིན ཉིད་ཀྱི་སེམས་གླང་པོ་ཆེའི་དབང་པོ་ཡིས་ཕུང་པོ་ལྔའི་བདག་ཉིད་དང་ཡུལ་ལྔའི་བར་བྱེད་པ་དང་བདག་ཏུ་བྱེད་པ་ལ་སོགས་པའི་རྒྱན་པོ་རབ་ཏུ་སྤངས་ནས་བདག་མེད་པ་མངོན་སུམ་དུ་བྱེད་པ་ཞེས་སོ། །རྐང་པ་གསུམ་?་དེ་ཉིད་གསལ བར་གསུངས་ཏེ། བློ་ཡིས་ཞེས་པ་ནི་བློ་གྲོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་རིག་པར་བྱའོ། །རྒྱལ་པོ་ཞེས་པ་ནི་ཉོན་མོངས་པས་བསྐྱེད་པའི་སེམས་ཡོངས་སུ་མྱ་ངན་ལས་འདའ་བར་སྐྱེད་པར་བྱེད་པའོ། །དེའི་ཕྱིར་སྲིད་པའི་དཔུང་གི་དངོས་དོའི་གྲོང་གི སྟོབས་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་རང་གི་བྲེལ་པ་མཛའ་དག་བྱས་པས་བདག་རྒྱལ་པའོ། །དེ་བཞིན་དུ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང། །གང་གི་སེམས་ཀྱིས་བྱིས་དེ་རྣམས། །འཁོར་བ་ཉིད་དུ་འཆིང་བར་འགྱུར། །རྣལ་འབྱོར་སེམས་དེ་ཉིད་ཀྱིས ནི། །བདེ་བར་གཤེགས་པའི་གོ་འཕང་འགྱུར། །རྐང་པ་བཞི་པས་བདག་རྣལ་འབྱོར་པའི་གོ་འཕང་གི་རྗེས་སུ་བསྔགས་པ་གསུངས་ཏེ། སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ནག་པོ་སྤྱོད་པ་པས་གསུངས་པའོ། །བདེ་མཆོག་ནི་ཡང་དག་པ་ཇི་ལྟ་བའི་བསམ པས་དགོངས་པས་རེ་མིག་དྲུག་ཅུ་རྩ་བཞི་སྤྲུལ་པའི་འཁོར་ལོར་གནས་པར་བྱས་ནས་རང་གི་སེམས་འོད་གསལ་བ་རང་གིས་འཛིན་པའོ། །འདོད་པ་སྦྱིན་པ་ཞེས་བྱ་བའི་གླུ་དབྱངས་ནག་པོ་ཞབས་ཀྱིའོ། །སྐྱབས་གསུམ་གྲུར་བྱས་གཞོན་དུ་མ་རྣམ་བརྒྱད། ། རང་ལུས་སྙིང་རྗེ་སྟོང་པའི་ཆུང་མ་ཅན། །སྲིད་མཚོ་ལས་སྒྲོལ་སྒྱུ་མ་རྨི་ལམ་བཞིན། །དབུས་སུ་རྫིངས་བཅས་ཆུ་རླབས་ཡོད་མི་ཤེས། །དེ་བཞིན་གཤེགས་པ་ལྔ་ཡི་མཉན་པ་བྱས། །ཀཱཧྣ་ལུས་ནི་སྒྱུ་འཕྲུལ་ལས་སྒྲོན་བྱེད། །དྲི་རེག་རེ་ནི་ཇི་ལྟ་དེ་ལྟའོ། ། གཉིད་ནི་མེད་ཀྱང་རྨི་ལམ་དེ་བཞིན་ནོ། །སེམས་ཀྱིས་མཉན་པས་སྟོང་ཉིད་གྲུར་འཇུག་ལ། །གཞོན་ནས་ཀཱཧྣ་བདེ་བ་ཆེན་པོའི་གྲོགས། །གསུངས་པའི་དོན་བསྟན་པར་བྱ་བའི་ཕྱིར་གླུ་གཞན་གྱིས་གསུངས་ཏེ། སྐྱབས་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གསུམ ནི་ལུས་དང་དག་དང་ཡིད་དོ། །ལྔ་ཉིད་ལྔ་ཉིད་རབ་ཏུ་དབྱེ་བ་བྱས་པ་ལས། །དེ་རེ་ཡང་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས། །འཁོར་བའི་ལས་རྣམས་གང་ལས་འབྱུང་བ་ཉིད་དུ་འགྱུར། །རྐང་པ་གསུམ་པས་ཐེ་ཚོམ མེད་པར་རྟོགས་པར་བྱ་བའི་ཕྱིར་སྒོམ་པ་རྣམ་པར་དག་པ་གསུངས་ཏེ། དྲི་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དྲི་དང་རོ་དང་རེག་བྱ་ལ་སོགས་པའི་ཡུལ་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པ་དེ་ལས་སོ་སོར གཉིད?་དང་?་གསལ་དང་བྲལ་བ་དེ་ཡིས་གཉིད་སད་པའི་གནས་སྐབས་སུ་ཡང་རྨི་ལམ་བཞིན་དུ་སོ་སོར་གསལ་བའོ། །དེ་བཞིན་དུ་མདོ་ལས་ཀྱང། གཉིད་ལོག་རབ་ཏུ་སད་ནས་དོན་ལ་དབྱེ་བ་མེད། །རྨི་ལམ་འབྲས་བུ་མངོན་འདོད་ཡང་དག་རྟོགས་བྱེད་པ།། ཉིད་?་མཚན་དུ་རྨི་ལམ་དང་?་སྐྱེ་བོ་རྣམས། །རབ་ཏུ་འབད་པ་ཆེན་པོས་ཡུན་ནི་རིང་པོས་བསྒྲུབས། །རྐང་པ་བཞི་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད ཀྱི་གྲུའི་ལམ་ལ་སེམས་གདོམ་པ་འཛིན་པར་ཡང་དག་པར་སྐྱེད་པ་དང་འགྲོགས་ཏེ་ནག་པོ་སྤྱོད་པའི་ཞབས་བདེ་བ་ཆེན་པོའི་གླིང་དང་མཚུངས་པར་འགྲོ་བར་བྱེད་དོ། །དྷ་ནི་སཱི་ཞེས་བྱ་བའི་གླུ་དབྱངས་ཌོཾ?་བྷི་པའི་ཞབས་ཀྱིའོ། །གཾ?་གཱ་དང་ནི་ཡ་མུན་དབུས་རྩང་བ་འབབ། ། དེར་ཞུགས་གདོལ་པའི་བུ་མོ་རོལ་པས་སྒྲོལ་བར་བྱེད། །བསྐྱོད་ཅི་ག་ཌོཾ་བྷི་ཀྱེ་བསྐྱོད་ཅིག་ཌོཾ་བྷིའི་ལམ་ནི་དྲང་པོ་ལ། །བླ་མ་དམ་པའི་ཞབས་ཀྱི་དྲིན་གྱིས་སླར་ཡང་རྒྱལ་བའི་ཕོ་བྲང་འགྲོ། །ཀྱེ་བ་འཛིན་པ་ལྔ་ཡིས་གྲུར་འཇུག་སྐུལ་བྱེད་གདང་བུ་རྒྱབ་ཏུ་བཅིངས ནམ་མཁའ་རྐོ?་བ་ཆུ་ཡིས་བྲན་པས་མཚམས་ནས་ཆུ་ནི་འབྱུང་མི་འགྱུར། །ཟླ་བ་ཉི་མ་གཉིས་ཀྱི་འཁོར་ལོ་སྐྱེད་དང་སྡུད་པ་པུ་ལ་ནི་དཱ། །གཡོན་དང་གཡས་པ་གཉིས་ཀྱི་ལམ་མི་བསམ་ཞིང་རྒྱུན་མི་འཆད་པར་འབབ། །ཌོཾ་བྷི་འགྲོན་བུ་མི་ལེན་རང་གི་འདོད་པས ཕ་རོལ་སྒྲོལ་བར་བྱེད། །གང་ཞིག་དེ་ལ་སྐུགས་ནས་འགྲོད་མི་ཤེས་པ་ཕན་ཚུན་དོགས་སུ་འབྱིང། །དེ་ལྟ་དེ་ལྟ་བུའི་དོན་མཆོག་གི་སྙིང་རྗེས་སླར་ཡང་གྲུབ་པའི་སློབ་དཔོན་ཌོ་བྷི་བས་གྲུས་བགྲོད་པ་དགོངས་པའི་སྐད་ཀྱིས་གསུངས་ཏེ། གི་གཱ་ཞེས་བྱ་བ་ལ་། སོགས་པ་ནི་གཾ་གཱ་དང་ནི་ཡ་མུ་ན་དགོངས་པའི་སྐད་ཀྱིས་ཟླ་བ་དང་ཉི་མའི་སྣང་བ་གཟུང་བ་དང་འཛིན་པའི་སྟེ། གང་གིས་ཁུ་བའི་རྩལ་ཁྱད་པར་གྱི་དགའ་བ་ཨ་བ་དྷུ་ཏཱིའི་དབུས་སུ་འཇུག་པའོ། །དེའི་ཕྱིར་དེ་ཉིད་གྲུ་དགོངས་པའི་སྐད་དུ་རྟོགས་པར་བྱེད་དོ། །དེ་ལ གནས་པའི་ལྷན་ཅིག་སྐྱེས་པའི་ཆང་གི་བཏུབ་པ་ནི་གདོལ་པའི་བུ་མོ་གཡུང་མོ་བདག་མེད་མས་འཁོར་བའི་གྲུ་ལ་རྣལ་འབྱོར་གྱི་དབང་ཕྱུག་ཕ་རོལ་ཏུ་སྒྲོལ་པར་བྱེད་པའོ། །བརྟན་པའི་རྐང་པས་རྐྱེན་གྱིས་ཡང་དག་པར་མཐོང་བ་ལས་དགེ་བ་ལ་གོམས་པར་བྱེད པ་སྟེ། བསྐྱོད་ཅིག་ཅེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པས་སྦྱངས་པའི་ཁྱད་པར་གྱི་དགའ་བའི་གྲུའི་ལམ་ཐོབ་པར་གྱུར་ནས་ཟས་དང་སྐོམ་ལ་ཁྱོད་ཆགས་སེམས་ཀྱེའི་ཌོཾ་བྷི་ཞེས་བདག་ཉིད་ལ་འབོད་པར་བྱེད་དེ། །ཅིའི་ཕྱིར་ཡུན་རིང་སྡོད་པར་བྱེད། །བླ་མ་དམ པའི་དྲིན་གྱིས་རྒྱུན་མི་འཆད་པར་གོམས་པར་བྱད་པས་སླར་ཡང་རྒྱལ་པོའི་ཕོ་བྲང་བདེ་བ་ཆེན་པོའི་གྲོང་ཁྱེར་དང་ཤིན་ཏུ་ཉེ་བར་གནས་པའོ། །དེ་བཞིན་ཉིད་ཀྱི་རྗེས་སུ་སེམས་པས་རྒྱུན་མི་འཆད་པར་བགྲོད་ཅིང་གོམས་པར་བྱའོ། །རྐང་པ་གཉིས་པས་གོམས་པའི རྗེས་སུ་བསྔགས་པ་གསུངས་ཏེ། ལྔ་ཞེས་བྱ་བ་ལ་སོགས་པའི་སྐྱ་བ་འཛིན་པ་ནི་རིམ་པ་ལྔའི་མན་ངག་བླངས་ནས་གདངས་བུ་ནི་ནོར་བུའི་རྩ་བར་གྱུར་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་དགའ་བས་རྣམ་པར་བཟུང་སྟེ། དྲི་མ་མེད་པ་བརྒྱ་ཡིས་འཁོར ལོའི་ཕྱོགས་སུ་འབབ་པར་བྱའོ། །ནམ་མཁའ་ཨི་རྐོ་བ་ནི་དབང་བཞི་པས་དབང་བསྐུར་བ་དང་ལྡན་པའི་རྣལ་འབྱོར་གྱི་དབང་ཕྱུག་གི་ལུས་ལ་ཆུ་ནི་ཡུལ་ལ་གཡོ་བ་མི་འཇུག་པའོ། །རྐང་པ་གསུམ་པས་གོམས་པའི་ཁྱད་པར་ལས་སྣང་པ་གསུམ་འགོག་པ་གསུངས་ཏེ། འཁོར་པ་སྐྱེད་བ་དང་སྡུད་པའི་བདེ་བ་བོའོ། །ཆོས་ཐམས་ཅད་དམིགས་པ་མེད་པའི་རྒྱ་མཚོ་ལ་འགྲོ་བ་ན་གཡས་གཡོན་དང་མདུན་རྒྱ་བ་དུ་མི་ལྟ་བ་ཞེས་སོ། །ཀྱེ་ཌོཾ་གྱི་རང་གི་འདུ་པས་མཚན་ཉིད་དང་བྲལ་བས་རྣམ་པས་སྦྱངས པའི་བྱང་ཆུབ་ཀྱི་སེམས་ཀྱི་གྲུ་ལ་གོམས་པར་བྱའོ། །རྐང་པ་བཞི་པས་བདག་མེད་པའི་ཆོས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། མགྲོན་བུ་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་ཏུ་ཕན་ཚུན་དུ་སྒྲོལ་བར་བྱེད་པ་ལ་གྲུ་བླ་འགྲོན་བུ་ལ་སོགས་པ་ལེན་པར བྱེད་པའོ། །དེ་ཁོ་ན་ཉིད་ལ་བཟུང་བ་དང་འཛིན་པ་དེ་ཡིས་བཅོམ་ལྡན་འདས་མ་བདག་མེད་མ་?་མི་ལེན་པའོ། །ཤས་པ་ཙམ་དུ་བཟུང་བ་དེ་ཡིས་སྲིད་པའི་རྒྱ་མཚོ་ལས་ཕ་རོལ་ཏུ་བྱེད་པའོ། །བདག་མེད་མའི་ཆོས་ལ་འདྲིས་མེད་པའི་ཕྱིའི་བསྟན བཅོས་ཀྱི་ང་རྒྱལ་ཅན་གྱི་རྩལ་འབྱོར་པ་གང་ཞིག་དེ་རྣམས་ཀྱི་ལུས་ཀྱི་དོགས?་སུ་འཁྱམ་པར་འགྱུར་ཏེ། མི་ཤེས་པའི་བྱིས་པ་རྣམས་དོགས?་སུ་འབྱིང?་བར་འགྱུར་རོ། །དགའ་བར་བྱེད་པ་ཞེས་བྱ་བའི་གླུ་དབྱངས་ཤཱནྟི་བའི་ཞབས་ཀྱིའོ། །རང་རིག་རང་བཞིན ?་དཔྱོད་པ། །མཚན་ཉིད་མེད་ལ་མཚན་དུ་མེད། །གང་གང་ལམ་ནི་དྲང་པོར་སོང། །དེ་ཡི་ལམ་ནི་གཞན་དུ་སོང། །ལུས་ཀྱི་ངོ་བོ་མི་ཤེས་པ། །རྨོངས་པའི་ལམ་དྲང་འཁོར་བ་ད། །སྐྲ་རྩེ་ཏིལ་འབྲུ་ཅིག་མེ་ཡོ། །རྒྱལ་པོ་ཡི་ནི་གསེར་ལ་ལོག། སྒྱུ་མ་ལ རྨོངས་རྒྱ་མཚོ་ཡིས། །མཛའ་དང་གཏིང་ཉིད་མི་རྟོགས་པའི། །མངོན་དུ་གྲུ་རྒྱལ་རྫས་མི་མཐོང། །འཁྲུལ་པ་མགོན་ལ་ཅིས་མི་འདྲི། །སྟོང་པའི་ལམ་དུ་མཚན་མ་མཐོང། །འཁྲུལ་པའི་བག་ཆགས་ཀྱིས་མི་འགྲོ། །འདི་ཡིས་དངོས་གྲུབ་ཆེན་པོ བརྒྱད། །དྲང་པོའི་ལམ་དུ་འགྲོ་བས་འགྲུབ། །ལྷོ་བྱང་གཉིས་ཀྱི་ལམ་འབྲང་སྤངས། །ཤཱནྟིས་ཉེར་སྡུད་གསལ་བར་སྨྲས། །ཁྲལ་ས་ཤོ་ཁམ་འགག་མེད་པའི། །མིག་གིས་ཤེས་པའི་ལམ་ལ་འགྲོ། །ཤིན་ཏུ་མཆོག་ཏུ་དགའ་བ་ཉིད་ཀྱི་ཤཱནྟི? པས་དེ་ལྟ་བུའི་དོན་གསལ་བར་མཛད་དོ། །རང་རིག་ཅེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས་མཉམ་དུ་སྦྱོར་བ་ལ་རང་གིས་ཡང་དག་པར་རིག་པ་ནི་ཉམས་སུ་མྱོང་བའི་རང་བཞིན་གྱིས་གྲུབ་པའི་སློབ་དཔོན་ཤཱནྟི་པས་མཚན་ཉིད་མེད་པ་ལ སོགས་པ་ནི་རྣམ་པར་དཔྱོད་པ་དང། །རྣམ་པར་རྟོག་པར་མ་སོང་བའོ། །གང་ཡང་འདས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱང་འདིས་ཁྱད་པར་གྱི་དགའ་བ་དྷུ་ཏཱིའི་ལམ་མཆོག་ཏུ་གྱུར་པས་དེ་རྣམས་ཀྱིས་ཀྱང་ཕྱིར་མི་ལྡོག་པ་བདེ་བ་ཆེན་པོའི་འཁོར ལོའི་?་བུའི་ཛ་ལ་དུ་སྦྱོར་པའོ། །དེ་བཞིན་?་བཛྲ་གྱིས་ཀྱང། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གི་ཁྱེད་རྣམས་འབྲོ་འགྱུར་བར། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཞེས་སོ། །བརྟན་པའི་རྐང་པས དེ་ཁོ་ན་ཉིད་ཀྱི་དོན་བརྟན་པར་བྱེད་དོ། །ལུས་ཞེས་བྱ་བ་ལ་སོགས་པ་ནི་ཀུ་ལེ་སྟེ་རང་གི་ལུས་ལ་ཀྱེའི་རྨོངས་པ་བྱིས་པའི་རྣལ་འབྱོར་པ་འདིར་ཁྱད་པར་གྱི་དགའ་བའི་ཐབས་ལམ་སྤངས་ནས་ལམ་གཞན་གྱི་སྡོམ་པས་མངོན་པར་བདེ་བར་འགྱུར་བ་ཡིན་ནོ།། དེ་བཞིན་དུ་ར་ཏི་བཛྲ་གྱིས་ཀྱང། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །དག་པ་འདི་ནི་འགྲོ་བའི་བདག་ཅེས་སོ། །དེ་ནས་རྡོ་རྗེའི་ལམ་གཡོན་དང་གཡས་སུ་སྐྲའི་རྩེ་མོ་ཙམ་ལ་སོགས་པའི་རྣམ་པར་རྟོག་པ་ཡང་མི་བྱའོ། །ཀྱེ་བྱིས་པའི་རྣལ འ་བྱོར་པ་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་གྱི་ལམ་བཟུང་ནས་སྐྱེད་མོས་ཚལ་དུ་རོལ་རྩེད་ལ་འཇུག་པ་ལྟར་འདིར་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཀྱང་ཨ་བ་དྷུ་ཏཱིའི་ལམ་གྱི་རོལ་རྩེད་ཀྱི་བདེ་བ་ཆེན་པོའི་འཁོར་ལོའི་ཆུ་སྐྱེས་ཀྱི་སྐྱེད་མོས ཚལ་དུ་འཇུག་པར་བྱེད་དོ། །དེ་བཞིན་དུ་བིརཱུ?་པའི་ཞབས་ཀྱིས་ཀྱང། །ཉི་ཟླར་འགྲོ་པ་གཞོམ་པའི་ཕྱིར། །རྟག་ཏུ་རྡོ་རྗེ་བསླད་བར་བྱ། །གཞན་དུ་ན་ནི་ཀུན་སྤོང་འཆར། །སྲོག་གི་རླུང་ནི་འཇུག་པ་མེད། །བྱིས་པའི་རྣལ་འབྱོར་པའི་དབང་དུ་བྱས་ནས རྐང་པ་གཉིས་པ་གསུངས་ཏེ། སྒྱུ་མ་ལ་རྨོངས་རྒྱ་མཚོ་ཡི་ཞེས་བྱ་བ་ལ་སོགས་པའི་སྒྱུ་མ་ནི་ཤེས་རབ་ཏུ་བརྗོད་དེ། དེ་ལ་མངོན་པར་ཆགས་པ་ནི་རྨོངས་པའོ། །དེ་ཉིད་རྒྱ་མཚོ་ཆེན་པོ་དེའི་མཛའ་ཨི་ཚང་བྱིས་པའི་རྣལ་འབྱོར་བས་མི་ཤེས་སོ། །དེ ནས་དེ་ལ་བླ་མ་དམ་པའི་གསུང་གི་གླུ་རྒྱལ་རྣམ་པར་སྤངས་ནས་གཞན་གྱི་གྲུའི་ཐབས་ཀྱང་མེད་དེ། ཀྱེའི་བྱིས་པའི་རྣལ་འབྱོར་པ་བླ་མ་དམ་པའི་མགོན་ལ་ཅིའི་ཕྱིར་འཁྲུལ་པ་འདྲི་བར་མི་བྱེད། དེའི་འཁྲུལ་པའི་མཛའ་རྣམ་པར་སྤངས་ནས་དཔལ གྱི་བླ་མའི་ཞལ་ལས་བཞི་པའི་དགའ་བའི་ཐབས་བླངས་ནས་དེའི་སྒྱུ་མ་ལ་རྨོངས་པ་རྒྱ་མཚོའི་མཛའ་ཚད་མའི་ངོ་བོ་ཉིད་དུ་བྱའོ། །དེ་བཞིན་དུ་བླ་ན་མེད་པའི་མཚམས་སྦྱོར་ལས་ཀྱང། སྒྱུ་མའི་ངེས་པ་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར འཕགས། །ཡེ་ཤེས་གསུམ་གྱི་རབ་དབྱེ་འདི། །འདི་ཉིད་ལ་ནི་གསལ་བར་མཚོན། །རྐང་པ་གསུམ་པས་ལམ་གྱི་ཆེ་བའི་བདག་ཉིད་གསུངས་ཏེ། སྟོང་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡང་ལམ་ཐོབ་ནས་འོད་གསལ་སྟོང་པ་ཉིད་དུ་བྱ་སྟེ་ཆད་པར ཐལ་བའི་འཁྲུལ་པར་མི་བྱའོ། །ཀྱེ་རྨོངས་པ་འདིར་དེ་ཉིད་འོད་གསལ་བས་ཡང་སྦྱངས་ཤིང་རང་བྱིན་གྱིས་བརླབས་པའི་སེམས་ལ་སྒོམ་པ་པོས་སླར་ཡང་དངོས་གྲུབ་བརྒྱད་ངེས་པར་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ལུང་ལས་ཀྱང་།ལྷན་སྐྱེས་ཡེ་ཤེས མེ་ཡིས་ནི། །སྒྱུ་མའི་གྲོང་ཁྱེར་རབ་དགའ་བསྲེགས། །རྟག་ཏུ་སྟོང་ཉིད་མཐོང་བ་ཡིས། །རྣལ་འབྱོར་པ་ནི་ལྷ་མིག་ཉིད། །རྐང་པ་བཞི་པས་དེ་ཉིད་རྒྱས་པར་བཤད་པ་གསུངས་ཏེ། བྱང་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་སློབ་དཔོན་ཤཱནྟི་པས་ལྷོ་བྱང་གི སྣང་བ་གཉིས་ཡོངས་སུ་སྡུད་པ་གསལ་པོར་བྱས་ནས་ཡུལ་གྱི་དངོས་པོར་ཉེ་བར་སྡུད་པར་བྱེད་དོ། །འདིར་ཡོངས་སུ་དག་པའི་ཨ་པ་དྷུ་ཏཱིར་ཁྱད་པར་གྱི་དགའ་བའི་ལམ་གྱིས་འགྲོ་བར་གྱུར་པ་ལ་འགག་དང་ཁྲ་ས་དང་ཤོ་གམ་དང་འཕྲད་ལ་སོགས པའི་འཇིགས་པ་མེད། །རྩཝ་དང་ཚེར་མ་དང་དོང་ལ་སོགས་པའི་བར་ཆད་མེད་པའོ། །དེ་ནས་མིག་ཟིམ་བུ་མི་གཡོ་པའི་མིག་ཟུང་གིས་ཡང་དག་པར་མཐོང་སྟེ། དེ་བཞིན་དུ་ལུང་ལས་ཀྱང། མིག་ནི་གཡོ་བ་མེད་བྱས་ཏེ། །མགོ་ནི་ཅུང་ཟད་སྨད་བྱས་ནས།། སེམས་ཉིད་བརླན་པའི་སེམས་ཀྱིས་ནི། །སྟོང་ཉིད་སྟོང་པར་མིག་གིས་མཐོང། །རྔ་པོ་ཆེ་ཞེས་བྱ་བའི་གླུ་དབྱངས་ས་འཛིན་ཞབས་ཀྱིའོ། །རྣམ་གསུམ་སྦྱོར་ཞིང་གཞོམ་མེད་སྒྲ་ནི་རབ་འཇིགས་གླང་ཆེན་སྒྲོགས། །དེ་ཐོས་བདུད་རྣམས་སྐྲག་བྱེད་ཀྱེ མ་ཡུལ་གྱི་དཀྱིལ་འཁོར་ཐམས་ཅད་?་ནས། །སེམས་ཉིད་མྱོས་པར་གྱུར་པའི་གླང་ཆེན་དབང་པོ་རྒྱུག། །རྒྱུན་མི་འཆང་པར་ནམ་མཁའ་ཨི་ཕྱོགས་སུ་ཉི་ཟླ་འཁོར། །དགེ་སྡིག་གཉིས་ཀྱི་ལྕགས་སྒྲོག་ཐེན་ནས་ཀ་བའི་གནས་སུ་ཉེད་བར་བྱེད། །ནམ མཁའ་གཞོམ་མེད་སྒྲ་རུ་གྱུར་ནས་སེམས་ནི་མྱ་ངན་འདས་པར་ཞུགས། །བཅུད་ཆེན་བཏུང་མྱོས་ཁམས་གསུམ་མ་ལུས་གཏང་སྙེམས་སོ། །ཡུལ་ལྔ་འདྲེན་བྱང་གང་ལེ་གང་དུ་འང་མི་མཐུན་ཕྱོགས་མི་མཐོང། །མི་ཟད་ཉི་མས་རབ་ཏུ་གདུངས པས་ནམ་མཁའ་ཨི་འཁོར་སར་འགྲོ་ཞིང་སླེབ། །མ་ཧེན་དྲ་ཡིས་སྨྲས་པ་འདི་ལ་བྱིན་ཏེ་ཅི་ཡང་ངས་མ་མཐོང། །ཡེ་ཤེས་ཀྱི་བཏུང་བས་རབ་ཏུ་མྱོས་པའི་གྲུབ་པའི་སློབ་དཔོན་ས་འཛིན་གྱིས་ཐུགས་ཉིད་གླང་པོ་ཆེའི་དབང་པོ་དགོངས་པའི་སྐད་ཀྱིས དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་རྣམ་གསུམ་ནི་སྐུའི་དགའ་བ་ལ་སོགས་པ་སྟེ། དེ་ལ་དབྱེར་མེད་པ་ཉེ་བར་སྤྱོད་པ་བཟུང་ནས་ཡེ་ཤེས་ཀྱི་བཏུང་བས་མྱོས་པ་མི་ཐོབ་པའོ། །གསང་བ་འདུས་པ་ལས། དེ་བཞིན་དུ་ཡང་སྐུའི་རྣམ་པས ཐུགས་ལ་ཐུགས་ཀྱི་རྣམ་པས་སྐུ་ལ། ཐུགས་ལ་གསུངས་གིས་རབ་ཏུ་བརྗོད་པར་གསུངས་སོ། །དེའི་གནས་ལ་ཡེ་ཤེས་ཀྱི་སྦྲང་གི་བཏུང་བས་རབ་ཏུ་དགྱེས་པའི་གྲུབ་པའི་སློབ་དཔོན་ས་འཛིན་གྱི་ཐུགས་ཉིད་གླང་པོ་ཆེའི་དབང་པོའོ། །གཞོམ་དུ མེད་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་སྒྲའོ། །རབ་ཏུ་འཇིགས་ཤིང་སྐྲག་པ་ནི་སྟོང་པ་ཉིད་ཀྱི་གདངས་ཐོས་ནས་མགྲིན་པར་སྒྲོགས་པར་བྱེད་དོ། །དེ་ལ་གཞོམ་དུ་མེད་པའི་སྒྲ་ཐོས་ནས་འཁོར་བ་སྐྲག་པར་བྱེད་པ་གློ་བུར་གྱི་ཕུང པོ་དང་ཉོན་མོངས་པ་ལ་སོགས་པའི་བདུད་རྣམས་འཇོམས་པར་བྱེད་པའོ། །དེ་བཞིན་དུ་ར་ཏི་བཛྲ་གྱིས་ཀྱང། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཁས་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི སྟོབས་ཆེན་བཅོམ། །བརྟན་པའི་རྐང་པས་དེའི་ཤིན་ཏུ་དགའ་བས་རབ་ཏུ་ཚིམ་པ་གསལ་བར་གསུངས་ཏེ། མྱོས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ཉིད་ཀྱིས་མྱོས་པའི་ཕྱིར་སེམས་ནི་གླང་པོ་ཆེའི་དབང་པོའོ། །ཉི་མ་དང་ཟླ་བ་ཉིན་མོ དང་མཚན་མོའི་རྣམ་པར་རྟོག་པ་བཤིག་ནས་ནམ་མཁའ་ཨི་མན་ངག་ལ་བཞི་པའི་དགའ་བའི་མན་ངག་བླངས་ནས་རྒྱག་པར་བྱེད་པ་ནི་བདེ་བ་ཆེན་པོའི་རྫིང་དུ་རྒྱུན་མི་འཆད་པའོ། །རྐང་པ་གཉིས་པས་དེ་ཁོ་ན་ཉིད་གསལ་བར་གསུངས་ཏེ་དགེ་སྡིག ཅེས་བྱ་བ་ལ་སོགས་པ་ནི་སྡིག་པ་དང་བསོད་ནམས་དག་འཁོར་བའི་ཞགས་པ་གཉིས་པོ་འགོག་པའི་ཕྱིར། ཀ་བ་ཞེས་པ་ནི་མ་རིག་པའི་ཀ་པ་འཇོམས་པའོ། །ནམ་མཁར་ཊ་གེ་ཞེས་པ་ནི་གཞོམ་དུ་མེད་པའི་སྒྲས་བསྐུལ་བར་གྱུར་པས་དེ་ཉིད སེམས་ཀྱི་གླང་པོ་ཆེའི་དབང་པོ་མྱ་ངན་ལས་འདས་པའི་མཚོའི་ཚལ་དུ་འགྲོ་བའོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང། ས་ཆུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་རང་གི་སེམས་དང་གཉིས་སུ་བྱར་མེད་པར གསུངས་ཏེ། བཅུད་ཆེན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དང་དངོས་པོ་མེད་པ་དག་གཅིག་པའི་གཟུང་པ་ལ་རྣམ་པར་རྟོག་པ་མི་བྱའོ། །དེའི་ཡུལ་ལྔ་རྣམས་ཀྱི་འདྲེན་པ་ཉིད་ཀྱི་དེ་ཉིད་དྲུག་པ་རྡོ་རྗེ་འཛིན་པ་ཆེན་པོའོ། །སླར་ཡང་ཉོན་མོངས་པའི་མི ཐུན་ཕྱོགས་བྱེད་པ་མི་མཐོང་བའོ། །རྐང་པ་བཞི་པས་རྣམ་པར་མི་རྟོག་པ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་གསུངས་ཏེ། མི་བཟད་ཉི་མ་ཞེས་བྱ་བ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འདོད་ཆགས་ཀྱི་མེས་བསྐུལ་བར་གྱུར་ནས་དེ་ཉིད་སེམས་ཀྱི་གླང་པོ་ཆེའི་དབང པོ་ནམ་མཁར་འཁོར་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་རྫིང་བུར་འགྲོ་ཞིང་ཐོབ་པ་གྲུབ་པའོ། །སློབ་དཔོན་ས་འཛིན་གྱིས་དེ་བཞིན་ཉིད་གསུངས་སོ། །འདི་ལ་བྱིན་པ་ནི་བདག་གིས་འདིའི་ངོ་བོ་ཉིད་ཅི་ཡང་མ་མཐོང་བ་སྟེ། རྣམ་པར་མི་རྟོག་པའོ། །དེ་བཞིན་དུ་ལུང ?་ཀྱང་། ཇི་སྲིད་ཇི་སྙེད་རྣམ་རྟོག་པ། །དེ་སྙེད་ཐམས་ཅད་བརྫུན་པ་སྟེ། །བདེན་པ་དེ་ཉིད་དེ་བཞིན་འགྱུར། །དེ་ཉིད་རྣམ་པར་མི་རྟོག་པ་ཞེས་སོ། །པ་ཌ་ཧ་མཉྫ་རིའི་གླུ་དབྱངས་པི་ཝང་ཞབས་ཀྱིའོ། །ཉི་མའི་ཀུ་བ་ཟླ་བ་རྒྱུད་ལ་སྦྱར། །གཞོམ་མེད་དབྱིག་དྲང ་བ་དྷུ་ཏཱིར་བྱས། །ཀྱེ་གྲོགས་ཧེ་རུ་ཀ་ཡི་པི་ཝང་སྒྲོགས། །རྒྱུད་ཀྱི་སྒྲ་ཉིད་སྙིང་རྗེས་སྒྲོགས་པ་ཅན། །ཱ་ལི་ཀླ་ལི་གཉིས་ཀྱི་གཉའ་ནོན་ཤེས། །བཟའ་མཆོག་རོ་མཉམ་མཚམས་རྣམས་བརྩི་བྱས་ནས། །གང་ལ་ཤིང་དང་ཤིང་བུ་མནན་གྱུར་ན། །དེ་ཚེ རྒྱུད་སྒྲ་དེ་ཡིས་ཀུན་ཏུ་ཁྱབ། །རྒྱལ་པོ་གང་བྱེད་ལྷ་མོ་གླུ་ལེན་བྱེད། །སངས་རྒྱས་གར་ནི་ཁྱད་པར་ཉིད་དུ་དཀའ་། །དེ་ཁོ་ན་ཉིད་ཀྱི་དོན་ཧེ་རུ་ཀའི་དོན་རྟོགས་པའི་པི་ཝང་ཞབས་ཀྱིས་པི་ཝཾ་གི་སྒྲའི་སྒོ་ནས་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཉི་མ་ཞེས་བྱ་བ ལ་ཉི་མའི་སྣང་བ་ཀུ་བའི་རྣམ་པར་བལྟས་ནས་ཟླ་བའི་སྣང་བས་རྒྱུད་དུ་བྱས་ཏེ། ཡུལ་གྱི་འཁོར་ལོ་ཅན་ཨ་བ་དྷུ་ཏཱིར་ལྷན་ཅིག་བྱས་ནས་གཞོམ་དུ་མེད་པའི་སྒྲ་དབྱིག་པ་ལ་སྦྱར་ཏེ། ཀྱེ་གྲོགས་མོ་བདག་མེད་མ་པི་ཝཾ་ཞབས་ཀྱིས་པི་ཝཾ་གི་སྒོ་ནས དཔལ་ཧེ་རུ་ཀའི་ཡི་གེ་བཞི་པོའི་དོན་གཞོམ་དུ་མེད་པའི་སྒྲའི་དབྱངས་སུ་བརྗོད་དོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་སྒྲའི་དགོངས་པའི་སྐད་ཀྱིས་འོད་གསལ་བ་ནི་གཞོམ་དུ་མེད་པའི་གཟུགས་སོ། །དེ་ཉིད་སྲིད་པ་ལས་རྣམ་པར་གྲོལ་བར་བྱེད་པ་སྟེ། སྲིད་པར འཆིང་བར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དགྱེས་པའི་རྡོ་རྗེ་ལས་ཀྱང་།དངོས་པོར་འཆིང་བ་བསད་པར་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་གླུ་དབྱངས་གཞན་ལས་ཀྱང། སྲིད་པ་ཟ་ཡིས་འཆིང་བ་མ ཡིན་གློ་བུར་ཡ་མཚན་ཅན། །གང་གིས་འཇིག་རྟེན་འཆིང་ཡང་རྣལ་འབྱོར་དེ་ཡིས་གྲོལ་བ་འང་བྱེད། །རྐང་པ་གཉིས་པས་དེའི་དོན་བསྟན་པར་བྱེད་དོ། ། ལི་ཞེས་བྱ་བ་ལ་སོགས་པ་ཨཱ་ལི་དང་ཀཱ་ལིའི་ཡི་གེ་རྣམས་ཀྱི་ནང་ནས་།སྙིང པོའི་ཡི་གེ་ཨ་ཡིན་ཏེ། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་ཀྱང། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། ཅེས་པས་དེ་ལ་མི་འགྱུར་པའི་ངོ་བོ་ཉིད་རྟོགས་པས་གཟའ་མཆོག་ནི་སེམས་ཀྱི་རྒྱལ་པོའི་ཉེས་པའི་མཚམས་ཀྱི་བུ་ག? བརྩོམས?་ནས་དེ་ཉིད་?་ཞབས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཀྱི་སྒྲའི་སྒོ་ནས་རྟོགས་པར་བྱ་བའི་ཕྱིར་གསུངས་སོ། །དེ་བཞིན་དུ་ལུང་ལས་ཀྱང། རགས་པར་སྒྲ་ཡིས་དངོས་པོར་གསུངས། །དེ་བཞིན་ཕྲ་མོར་སེམས་དངོས་ཏེ། །སེམས་ཉིད་དང བྲལ་གང་ཡིན་པ། །དེ་ཉིད་རྣལ་འབྱོར་མི་བཟང་གནས། །རྐང་པ་གསུམ་པས་ངོ་བོ་ཉིད་ཀྱི་རང་བཞིན་གསུངས་ཏེ། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་སྣའི་ཤིང་ནི་སེམས་ཏེ་སེམས་ཀྱི་རྔ་ནོར་རྟོགས་པར་བྱའོ། །ཤིང་པུ་ནི་ཕྲ་མོ་སྟེ་སྙིང རྗེ་གཞོམ་དུ་མེད་པའི་ཆ་འོད་གསལ་དུ་རྟོགས་པར་བྱའོ། །གང་ལ་མཚན་ཉིད་དང་བྲལ་བའི་དུས་སེམས་ཀྱི་རྔ་མོ་ངེས་འོད་གསལ་འདྲེན་པས་ན་མནན་པར་གྱུར་པ་ནི་ཀུན་ཏུ་འགྲོ་བས་དེའི་ཚེ་རྩ་སུམ་ཅུ་སོ་གཉིས་ལྷའི་གཟུགས་སོ།། སྒྲ་ཞེས་པ་ནི་གཞོམ་དུ་མེད་པ་བདག་མེད་མའི་ཡེ་ཤེས་ཀྱི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དངོས་པོ་དང་དངོས་པོ་མེད་པ་ལ་ཁྱབ་པ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། དེ་ལ་དེ་ཉིད་ཅེས་བྱ་བ་ལ་སོགས པ་གསུངས་སོ། །རྐང་པ་བཞི་པས་འབྲས་བུ་ཐོབ་པས་དགའ་བ་རྡོ་རྗེའི་གང་སྟབས་ཀྱི་གང་བྱེད་པ་ཞེས་སོ། །གང་ཞེས་བྱ་བ་ལ་སོགས་པ་ནི་པི་རྩང?་ཞབས་ཏེ། རྡོ་རྗེ་འཛིན་པའི་གོ་འཕང་གི་གར་བྱེད་པའོ། །དེ་རྣམས་ཀྱི་ལྷ་མོ་ནི་རྣལ་འབྱོར་མོ་བདག་མོད མ་ལ་སོགས་པས་རྡོ་རྗེའི་གླུས་བཀྲ་ཤིས་པར་བྱེད་པའོ། །དེའི་ཕྱིར་སངས་རྒྱས་ཀྱི་གང་ནི་ཁྱད་པར་འཕགས་ཤིང་ལྷག་པའི་ཆ་ཡིས་སེམས་ཅན་པ་རྣམས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང། གལ་ཏེ་དགའ་ ?་ཕུན་སུམ་ཚོགས། །ཐར་པའི་རྒྱུ་ཡིས་གར་ཉིད་དོ། ཞེས་བྱ་བ་ལ་སོགས་པས་སོ། །བླུ་དབྱངས་ཆེན་པོ་ཞེས་བྱ་བ་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །ས་གསུམ་པོ་ལ་བདག་ནི་འབད་མེད་འཛུག། བདག་ནི་ཉལ་ནས་བདེ་བ་ཆེན་པོས་རོལ། །ཇི ལྟར་དོཾ?་བྷི་ནི་ཁྱོད་སྐྲ་ཡང་ཀྱི། །མཛའ་རིགས?་སྐྱེ་བའི་ནང་ན་ཀཱ་པཱ་ལི། །ཀྱེ་མ་ཁྱོད་ནི་རྣམ་པར་ཉམས་བྱེད་དེ། །བྱ་བ་བྱེད་པ་རི་བོང་འཛིན་པ་འཇོམས། །གང་དང་གང་ཡང་ཁྱོད་ནི་ངན་པར་བརྗོད། །རིགས་ལྡན་སྐྱེ་བོ་ཁྱོད་ཀྱི་མགུལ་ནས་འཁྱུད།། འདོད་པ་གཏུམ་མོའི་གླུ་ནི་ཀཱཧ་ནས་བླངས། །གདོལ་པ་མོ་བས་ལྷག་པའི་དམངས་རིགས་མེད། །དོན་དེ་ཉིད་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་དོན་ཁོང་དུ་ཆུད་པས་ནག་པོ་སྤྱོད་པའི་ཞབས་ཀྱིས་ཌོཾ་བྷི་ནི་དགོངས་པའི་སྐད་ཀྱིས་གསུངས་ཏེ། གསུམ ཞེས་བྱ་བ་ལ་སོགས་པ་ནི་ནག་པོ་སྤྱོད་པ་བདག་གིས་རྡོ་རྗེའི་བཙུན་མོ་ལ་མངོན་པར་ཆགས་པས་ས་གསུམ་གྱི་ལུས་དང་ངག་དང་ཡིད་དེ། དེའི་དྲུག་ཅུ་ལྷག་པའི་བརྒྱའི་རང་བཞིན་གྱིས་ཉེས་པ་འབད་པ་མེད་པས་འགོག་པ་སྟེ། དེའི་ཕྱིར་ཉལ་ནས འཇུག་པའོ། །རོལ་ཞེས་པ་ནི་རོལ་རྩེད་ཀྱིས་རྣལ་འབྱོར་པ་གཉིད་དུ་སོང་བ་དང་བདག་མེད་མའི་ཆོས་ཁོང་དུ་ཆུད་པའོ། །དྷྲུའི་རྐང་པས་ཡོངས་སུ་མ་དག་པའི་ཨ་བ་དྷུ་ཏཱི་པ་ཁྲོ་བར་བྱེད་པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྐྲ་ཡགས་ཀྱེ་ནི་མི རྟགས་པར་སྒྲོ་འདོགས་པས་ཀྱེའི་ཌོཾ་བྷི་ནི་ཡོངས་སུ་མ་དག་པའི་ཨ་བ་དྷུ་ཏཱི་པ་ཁྱོད་ཀྱི་ཅི་བྱེད། གང་ཞིག་ལུས་ལ་ཐིམ་ན་གང་གིས་འོད་གསལ་མི་ཤེས་པའི་དབང་གིས་དེ་རྣམས་ཕྱི་རོལ་ཏུ་བྱེད་དོ། །ཀུན་རྫོབ་བྱང་ཆུབ་ཀྱི སེམས་སྐྱོད་པར་བྱེད་པའི་ཕྱིར་ཀ་པཱ་ལ་ནི་དེ་ཡིས་ཌོཾ་བྷི་ནི་ཡོངས་སུ་མ་དག་པའི་ཨ་བ་དྷུ་ཏཱི་པ་གང་གིས་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པ་ཁམས་གསུམ་པ་ཐམས་ཅད་ལེག་པའི་ཤེས་པས་རྣམ་པར་ཉམས་པར་བྱེད་པའི་ཕྱིར་རོ། །གང དེ་ཉིད་འཛེམས་པ་ནི་ཡི་བོང་འཛིན་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འོད་གསལ་ཀྱི་རྒྱུར་གྱུར་པ་མན་ངག་དང་བྲལ་བའི་རྣལ་འབྱོར་པས་འཇོམས་ཤིང་རྣམ་པར་ཉམས་པར་བྱེད་པའོ། །དེ་བཞིན་དུ་གླུ་དབྱངས་ཞབས་ཀྱིས་ཀྱང། དོང་དུ ལྷུང་ན་ག་བུར་འཇིག་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་ཌོཾ་བྷི་ནའི་རང་བཞིན་གསུངས་ཏེ། གང་དང་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་དེ་རྣམས་ཀྱིས་ཀྱང་རང་བཞིན་གྱིས་མངོན་པར་ཤེས་པ་ལྷན་ཅིག སྐྱེས་པའི་དགའ་བ་ཡོངས་སུ་དག་པའི་ཌོཾ་བྷི་ནི་ཁྱོད་མི་ཤེས་སོ། །དེ་རྣམས་ཀྱང་ལས་ཀྱིས་དབང་གིས་སྐྱེ་བའི་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་ཞིང་འགལ་བར་སྨྲ་བར་འགྱུར་རོ། །དེ་རྣམས་ལས་གང་ཕྱོགས་གཅིག་ཏུ་རྣལ འབྱོར་གྱི་དབང་ཕྱུག་ཡང་དག་པར་རྡོ་རྗེ་དང་པདྨ་མཉམ་དུ་སྦྱོར་བ་ལས་མི་འཛག་པའི་བདེ་བ་དེ་ཡིས་ཁྱོད་རབ་ཏུ་རིག་པར་བྱའོ། །དེ་རྣམས་ཀྱིས་ཀྱང་མགུལ་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོར་ཉིན་དང་མཚན་དུ་ཡོངས་སུ་མི་འདོར བ་ཞེས་སོ། །དེ་བཞིན་དུ་ལུང་ལས་ཀྱང། ཀཀྐོ་ལ་དང་དགའ་བའི་བོ་ལ་ཕྲད་པ་དེ་ཡིས་དགའ་བ་འཕྲོ་བ་ཀུན་ཏུ་རྒྱུ། །དེ་མ་ཐག་ཏུ་ཆུ་ཡིས་སྦྱོང་ཞིང་ལག་པ་འཁྲུད་པ་སྐལ་པ་དང་ལྡན་འཁོར་ལོ་ཅན། །ཆུ་ཡིས་གཤེར་ཞིང་མཛེས་པའི མཚོ་སྐྱེས་འདབ་མའི་བཏུང་བར་མཆུ་ཉིད་རྣམ་པར་ཀུན་ལ་ཆགས། །དུར་ཁྲོད་གནས་སུ་གནས་པར་རྟག་ཏུ་རབ་ཏུ་དགའ་བ་འགའ་ཞིག་རྣལ་འབྱོར་པས། །རྐང་པ་བཞི་པས་རྣལ་འབྱོར་པའི་བསྔགས་པ་གསུངས་ཏེ། ཀཱཧྣ་ཞེས་བྱ་བ་ལ་སོགས པ་ནི་འདི་འདྲ་བའི་ལས་ཀྱི་གནས་བསྒྲུབས་པའི་ཐབས་གཏུམ་མོའི་གླུད་དབྱངས་ནག་པོ་སྤྱོད་པ་པས་གཞན་དུ་བླངས་པ་ནི་གཞན་མ་ཡིན་པས་ཌོཾ་བྷི་ནི་དང་བྲལ་ན་གཞན་དམངས་རིགས་མེད་ན་ཡང་གྲོང་ཁྱེར་མ་ཉིད་ཡོད་པའོ། །གང་གི་ཕྱིར་ན་སེམས ཅན་གྱི་དབྱེ་བས་ཐོབ་པར་བྱ་བའི་གནས་ཡོད་པའོ། །དེ་བཞིན་དུ་ཡང་ཡེ་ཤེས་ཡང་དག་པར་བྱང་ཆུབ་པ་ལ་སེམས་ཉིད་ཀྱི་ས་བོན་ཆེན་པོ་ལ་སྲིད་པ་དང་མྱ་ངན་ལས་འདས་པ་དག་ཀྱང་ཀུན་རྫོབ་ལ་ཀུན་རྫོབ་ལ་ཀུན་རྫོབ་ཀྱི་ཕྱིར་ཤིན་ཏུ་མྱ་ངན་ལས་འདས པའི་ངོ་བོ་ཉིད་མི་གནས་པའོ། །བྷཻ་ར་བའི་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །སྲིད་དང་མྱ་ངན་ལས་འདས་པ་པ་ཊ?་ཧ་དང་རྔ་བོ་ཆེ། །ཡིད་ལ་རླུང་དག་གཉིས་པོ་ཁར་རྔ་སྒྲོགས་པར་བྱེད། །རྒྱལ་གྱུར་རྒྱལ་གྱུར་མཁའ་ལ་རྔ་ཆེན སྒྲ། །ཀཱཧྣས་རོ་བྷི་ནི་ནི་བག་མར་བླངས། །གཡུང་མོའི་བག་མ་ལེན་པའི་ཁ་ཟས་སྦྱར། །ཞལ་མཐོང་སྟོན་མོ་བླ་མེད་ཆོད་ཉིད་དོ། །ཉིན་མཚན་ཤིན་ཏུ་དགའ་བའི་གྲོགས་དང་འགྲོགས། རྣལ་འབྱོར་མའི་དྲ་བར་ནམ་ལངས་གྱུར། །ཀྱེ་ཡི་ཌོཾ་བྷི་གྲོགས་དང གང་གང་དགའ་། །སྐད་ཅིག་མི་འདོར་ལྷན་ཅིག་སྐྱེས་པས་མྱོང།། །དེ་ཁོ་ན་ཉིད་ཀྱི་དོན་བསྟན་པར་བྱེད་པའི་ནག་པོ་སྤྱོད་པའི་ཞབས་ཀྱི་གླུ་དབྱངས་གཞན་མངོན་པར་གསུངས་ཏེ། སྲིད་དང་མྱ་ངན་འདས་རཞེས་བྱ་བ་ལ་སོགས་པ་ནི་འཁོར་བ་དང་མྱ་ངན ལ་ཨས་འདས་པ་དག་ཡིད་དང་རླུང་ལ་སོགས་པ་རྣམ་པར་མི་རྟོག་པ་སྔོན་དུ་གསུངས་པའི་རིམ་པས་ཡོངས་སུ་སྦྱངས་པ་རྔ་པ་ཊ་ཧ་ལ་སོགས་པ་སྣོད་དུ་ཉེ་བར་བལྟས་ཏེ་བདེ་བ་ཆེན་པོའི་གྲོགས་བཟུང་ནས་ཌོཾ་བི་ནི་ནི་དེ་ཉིང་ཁུ་བའི་རྩ་བ་ཡོངས་སུ་མ་? པའི་ཨ་བ་དྷུ་ཏཱི་པ་དེའི་འཇིག?་པ་གཞོམ་པའི་ཕྱིར་ནག་པོ་སྤྱོད་པའི་ཞབས་གང་གིས་ཚེ་རབ་ཏུ་བསྐྱོད་པ་དེའི་ཚེ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་པ་ནི་སྒྲ་དང་མེ་ཏོག་གི་ཆར་དང་རྔ་བོ་ཆེ་ལ་སོགས་པའི་རྟོགས་ནམ་མཁའ་ལ རབ་ཏུ་བྱུང་བར་གྱུར་པའོ། །རྐང་པ་གཉིས་པས་ཌོཾ་བི་ནའི་བག་མའི་འབྲས་བུ་གསུངས་ཏེ། ཌོཾ་བྷི་ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་ཌོཾ་བྷི་ནི་རླུང་གི་ངོ་བོ་དེའི་འགྲོ་བའི་སྒོ་ནས་འགྲོ་བ་གཞོམ་པར་བྱའོ། །སྐྱེ་བའི་ཞེས་པ་ནི་སྐྱེ་བ་དང་འཇིག་པ་ལས? སོགས་པའི་ཉེས་པ་འཇོམས་པའོ། །དེའི་ཕྱིར་ཞལ་མཐོང་སྟོན་མོ་ནི་ཉོན་མོངས་པ་མེད་པ་བླ་ན་མེད་པའི་ཆོས་ཉིད་མངོན་སུམ་དུ་བྱས་པ་ནག་པོ་སྤྱོད་པ་བདག་གིས་ཞེས་སོ། །རྐང་པ་གསུམ་པས་རྣལ་འབྱོར་མའི་སྟོབས་གསུངས་ཏེ། ཉིན་མཚན ཞེས་བྱ་བ་ལ་སོགས་པ་ནི་འདི་ས་ཡེ་ཤེས་ཀྱི་རྒྱ་མཚོར་ལྷན་ཅིག་རྣལ་འབྱོར་གྱི་དབང་ཕྱུག་གང་གིས་ཉིན་དང་མཚན་དུ་ཤིན་ཏུ་དགའ་བ་དང་མངོན་པར་འགྲོགས་པར་གྱུར་པའོ། །དེའི་རྣལ་འབྱོར་གྱི་དབང་ཕྱུག་གི་རྣལ་འབྱོར་མའི་དྲ་བ་ཞེས་པ ནི་དེའི་ཡེ་ཤེས་ཀྱི་འོད་ཟེར་རོ། །ནམ་ཞེས་བྱ་ལ་སོགས་པ་ནི་ཉོན་མོངས་པའི་མུན་པ་བསངས་པའོ། །དེ་བཞིན་དུ་ལུང་ལས་ཀྱང། བདག་ཉིད་ཐིམ་གྱུར་བཅོམ་ལྡན་འདས་ནི་སྲོག་གི་བདག་པོ་སྟེ། །དབུགས་ནི་འབྱུང་རྡུབ་གྱུར་པ་རབ་ཞི་སྲོག་གི་མེ འདི་ཉིད། །གང་གིས་འོད་ཟེར་རབ་བརྐྱང་འོད་གསལ་རྣལ་འབྱོར་དབང་ཕྱུག་སྟེ། །འདི་ཡིས་རང་ལུས་ཉིད་ལས་དེ་ཉིད་ཕྱུང་ནས་མུན་པ་བཅོམ། ཞེས་པ་ནི་འཇིག་རྟེན་གསུམ་ཀུན་ཏུ་གནོན་པའོ། །རྐང་པ་བཞི་པས་རྣལ་འབྱོར་མའི་དྲིན་ལས་རྣལ འབྱོར་གྱི་དབང་ཕྱུག་སྤྱོད་པ་གསུངས་ཏེ། ཌོ་བི་ཞེས་བྱ་བ་ལ་སོགས་པའི་ཌོཾ་བིའི་དེ་ཉིད་ནི་རང་བཞིན་ཡོངས་སུ་དག་པའི་ཨ་བདྷུ་ཏཱི་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེའི་ཤིན་ཏུ་མངོན་པར་དགའ་བ་ལ་མངོན་པར་ཆགས་པའི་རྣལ་འབྱོར་པའི་དགའ་བའོ དེ་དང་དེ་རྣམས་ཡེ་ཤེས་ཀྱི་ཕྱག་རྒྱ་བདེ་བ་ཆེན་པོའི་དགའ་བ་འཛིན་པའི་ཕྱིར་སྐད་ཅིག་ཀྱང་ཡོངས་སུ་མི་འདོར་བ་ཞེས་བྱའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། ཀུན་ཏུ་དངོས་མེད་གྱུར་ལྡན་འབབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །པ་ཊ་ཧ་མཉྫ རཱི་ཞེས་བྱ་བའི་གླུ་དབྱངས་ཀུཀྐུ་རཱིའི་ཞབས་ཀྱིའོ། །བདག་ནི་ཆགས་མེད་ནམ་མཁའ་ཨི་ཡིད་ཀྱི་བདག། བདག་གི་ཉམས་མྱོང་ཇི་ལྟར་སྨྲ་རྒྱུ་མེད། །ཀྱེ་མི་ཁྱོད་སྤངས་ནས་མཛའ་མར་ལྟ། །གང་ཞིག་འདིར་ནི་འབབ་པ་དེ་འདིར་མེད། །དང་པོར་བདག་གི་རྣམ་ཤེས་བག ཆགས་གཏུམས། །རྩ་ལ་རྣམ་དཔྱོད་དེ་ཉིད་པཱ་བུ་ཌཱ། །བདག་ནི་གཞོན་ནུ་དར་མ་རྫོགས་པར་གྱུར། །རྩ་བར་ལྷུང་བ་ཉེ་བར་སྡུད་པར་བྱེད། །ཀུཀྐུ་རཱི་པའི་སྲིད་པ་བརྟན་པར་སྨྲ། །འདི་ནི་གང་ཤེས་དེ་ནི་དཔའ་བོ་སྟེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི བདུད་རྩིའི་གཏུང་བས་ཡོངས་སུ་ཚིམ་པའི་ཀུཀྐུ་རཱི་པའི་ཞབས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་གྱི་བདག་ཉིད་བཅོམ་ལྡན་འདས་མ་བདག་མེད་མའི་རྣལ་འབྱོར་མ་ལ་ལྷག་པར་མོས་ནས་སྨྲས་པ། བདག་ནི་ཆགས་མེད་ཅེས་བྱ་བ་ལ་སོགས་པའི་བདག་ནི བཅོམ་ལྡན་འདས་མ་བདག་མེད་མ་ཆགས་པ་མེད་པ་སྟེ། ཀུན་ནས་ཆགས་པ་དང་བྲལ་བའོ། །ནམ་མཁའ་ཨི་ཡིད་ཅན་ཞེས་པ་ནི་ཐམས་ཅད་སྟོང་པ་ལ་ཡིད་ཀྱི་བདག་པོ་འདིའི་ཤིན་ཏུ་བདེ་བ་ལ་མངོན་པར་ཆགས་པས་བདག་གི་ཁྱད་པར་འཕགས་པ་ཡང དག་པའི་སྦྱོར་བ་མི་འགྱུར་བའི་བདེ་བ་མྱོང་བ་གང་དུ་ཡང་སྨྲ་རུ་ཡོད་པ་མ་ཡིན་པའོ། །དྷུའི་རྐང་པས་དེའི་དོན་བརྟན་པར་གསུངས་ཏེ། སྤངས་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་ལས་མཛའ་མ་ནི་མཐར་ཐུག་པའི་བདེ་བ་ཆེན་པོའི་འཁོར་ལོའི་ཁྱིམ དུ་བལྟས་ནས་འཕྲོ་བའོ། །ཡུལ་ལ་སོགས་པའི་ཚོགས་པ་ལ་བདག་གིས་བདག་མེད་པ་དེའི་དུས་སུ་སེལ་བ་དེའི་མཐུ་ལས་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་རྡོ་རྗེ་འཛིན་པ་ཆེན་པའི་གནས་ལ་སྐུ་མཛེས་པར་གྱར་པས་ཁྱོད་ཀྱི་སྐུ རྡོ་རྗེ་ལེགས་སོ་ཞེས་བདག་ཉིད་ལ་རང་གིས་པོས་ནས་གསུངས་པའོ། །རྐང་པ་བཞི་པས་མངོན་སུན་དུ་བྱས་པ་གསུངས་ཏེ། སྨྲ་བྱ་ལ་སོགས་པ་ནི་འདིར་ཀུན་རྫོབ་བྱང་ཆུབ་སེམས་ནི་སྲིད་པའོ། །བརྟན་པ་ཞེས་པ་ནི་བརྟན བོར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་ལ་རྣལ་འབྱོར་གྱི་དབང་ཕྱུག་གང་དང་གང་དུ་དམིགས་པ་མེད་པའི་ངོ་བོས་ཁོང་དུ་ཆུད་པར་དེ་དང་དེ་རྣམས་ཀྱི་འདིར་སྲིད་པའི་དཀྱིལ་འཁོར་ཡུལ་གྱི་དག་འཇོམས་པའི་ཕྱིར་དཔའ་བོའོ། །དེ་བཞིན་དུ་ནག་པོ སྤྱོད་པའི་ཞབས་ཀྱིས་ཀྱང། གང་གིས་ཤེས་པ་རྒྱུན་ཆད་མེད་པ་ལྷན་སྐྱེས་སྐད་ཅིག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བ་རཱ་ཌཱི་ཞེས་བྱ་བ་ལ་སོགས་པའི་གླུ་དབྱངས་འདུ་ཤེས་གསུམ་པའི་ཞབས་ཀྱིའོ། །མཚན་མོ་མུན་པར་བྱི་བ་རྒྱུ བྱེད་ཅིང། །བདུད་རྩིའི་ཁ་ཟས་བྱ་བས་ཟ་བར་བྱེད། །ཀྱེ་རྣལ་འབྱོར་རླུང་བྱི་མ་བསད་ཅི། །གང་གིས་འགྲོ་དང་འོང་བ་མ་བཀག་ན། །སྲིད་པ་རྣམ་འཇོམས་བྱི་བས་རྩིག་པ་འབུགས། །གཡོ་བའི་བྱི་བས་སྣོད་རྣམས་ཟ་ཞིང་འཇོམས། །བྱི་བ་སྒྲ་གཅན སྤུ་དང་ཁ་དོག་མེད། །ནམ་མཁའ་རྐང་པས་འགྲོ་ཞིང་ཡིད་ཀྱི་ཆོས། །དེ་ཚེ་བྱི་བ་འཕྱོད་ཞིང་རབ་ཏུ་འགྲོ། །བླ་མ་དམ་པའི་གསུང་གིས་གཡོ་མེད་བྱ། །གང་དུ་ཕྱི་བ་འདི་ཡི་རྐང་པ་བཅད་བྱས་ན། །དེ་ཚེ་བཅིངས་གྲོལ་བྷུ་སུ་ཀུ་ལ་སྨྲ། །དོན དེ་ཉིད་བྱི་བ་དགོངས་པའི་སྐད་ཀྱིས་འདུ་ཤེས་གསུམ་པའི་ཞབས་ཀྱིས་གསུངས་ཏེ། མཚན་མོ་མུན་པ་ཞེས་བྱ་བ་ལ་སོགས་པ་ནི་རྐུ་བའི་ཕྱིར་བྱི་བ་དགོངས་པའི་སྐད་ཀྱིས་སེམས་དང་རླུང་དུ་རྟོགས་པར་བྱའོ། །མཚན་མ་ནི་ཤེས་རབ་ལས ཀྱི་ཕྱག་རྒྱའི་ཡན་ལག་ཏུ་ཡང་རྟོགས་པར་བྱའོ། །དེའི་ལས་ཀྱི་ཡན་ལག་གང་དུ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་པའི་སྐུའི་དགའ་བ་ལ་སོགས་པ་བྱ་བའི་སྒོ་ནས་རྡོ་རྗེ་དང་ཆུ་སྐྱེས་སྙོམས་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བདུད་རྩིའི ཟས་དེ་ཉིད་ཀྱི་བྱི་བ་སེམས་དང་རླུང་དང་ཉིད་ཀྱིས་བྱེད་པའོ་དེ་ལ་ཁྱད་པར་གྱི་དགའ་བའི་སྐད་ཅིག་ལ་དཔལ་ལྡན་བླ་མའི་ཞལ་ནས་ཐོབ་པའི་ཐབས་ཀྱིས་མྱུར་དུ་དེའི་རང་བཞིན་མེད་པར་བྱའོ། །བྱེད་པ་ནི་བྱིས་པའི་རྣལ་འབྱོར་པས་དེ་དང་བྲལ་བར་བྱས ནས་འཁོར་བའི་འཁོར་ལོར་འགྲོ་བ་དང་འོང་བ་རྣམ་པ་གཉིས་མི་འཆད་པས་སེམས་སྡུག་བསྔལ་བར་བྱེད་དོ། །དེ་བཞིན་དུ་ལུང་ལས་ཀྱང། རྣམ་པ་གཉིས་སྤོང་རབ་གསལ་མཁས་པས་རང་རིག་སྐལ་བཟང་ཚོགས་པ་གཅིག། དགའ་བས ཁྱབ་པ་སྟོབས་ཅན་རོ་ཡིས་གང་བ་ནམ་མཁའ་ཨི་མཐིལ་དུའོ། རྣམ་པ་སྣ་ཚོགས་རབ་འཕྲོ་སེམས་འཁྲུགས་ཞི་བ་དེ་ནང་སོང་བ་ཡིས། །འདིར་ནི་དེ་ཉིད་འཇིག་རྟེན་གསུམ་པོ་ཐིམ་གྱུར་ཡིད་ནི་གསལ་བར་བྱེད། །རྐང་པ་གཉིས་པས་བྱི་བ་སེམས ཀྱི་ཐ་སྙད་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། སྲིད་པ་ཞེས་བྱ་བ་ལ་སོགས་པ་ནི་འབྱུང་བར་བྱེད་པའི་ཕྱིར་སྲིད་པ་རང་ལུས་རྣམ་པར་འཇོམས་པར་བྱེད་པའོ། །རང་བཞིན་གྱིས་གཡོ་བ་དེ་ཡིས་དེ་ཉིད་སེམས་ཀྱི་བྱི་བ་གཞན་གྱི་ངོ་བོར་བྱེད་དེ། རྩིག་ག་ནི་དུད་འགྲོ་དང་དམྱལ་བ་ལ་སོགས་པ་ངན་འགྲོ་རྣམས་སུ་ལྷུང་བ་ཡང་རང་ཉིད་ཀྱི་སྐྱེད་པར་བྱེད་དོ། །དེའི་ཕྱིར་སེམས་ཀྱི་བྱི་བའི་རང་བཞིན་གྱི་སྐྱོན་བགྲངས་ནས། ཀྱེ་རྣལ་འབྱོར་པ་མན་ངག་ཐོས་པ་དེ་ཡིས་དེའི་དངོས་པོར་སྒོ་བཏགས། པར་མི་བྱའོ་ཞེས་སོ། །རྐང་པ་གསུམ་པས་དེའི་ངོ་བོ་གསུངས་ཏེ། ནག་?་ཞེས་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་འཇོམས་པ་ཉིད་ཀྱིས་དེ་ཉིད་སེམས་ཀྱི་བྱི་བ་སྒྲ་གཅན་ནོ། །དེའི་ཕུང་པོ་ཟ་བས་དབྱེ་བས་རྣམ་པར་དཔྱོད་པས་ཀྱེའི རྣལ་འབྱོར་པ་གདམས་པ་ཐོབ་པ་ལ་མེད་པའོ། །ནམ་མཁའ་ཞེས་པ་ནི་བླ་མའི་མན་ངག་ལས་བདེ་བ་ཆེན་པོའི་ཆུ་སྐྱེས་ཀྱི་ཚལ་དུ་སོང་ནས་སླར་འོང་བ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སྦྲང་གི་གཏུང་བའི་རོ་མྱང་བར་བྱེད་པའོ། །དེ་བཞིན་དུ་ཡང ཕྱི་རོལ་གྱི་ལྟ་བ་མཱི་ན་ནཱ་ཐས། །བླ་མ་ཡིས་ནི་དོན་དམ་གསུངས་པའི་ལམ་གྱི་རི་དགས་ཏིང་འཛིན་སྒོ་གླེགས་ཅན། །ཆུ་སྐྱེས་རྣམས་རྒྱས་གསུངས་ལ་གཤིན་རྗེའི་རྒྱལ་མེད་ཆུ་སྐྱེས་སྦྲང་རྩི་བུད་བ་འཐུང། །རྐང་པ་བཞི་པས་རྡོ་རྗེ་བླ མའི་བདག་ཉིད་ཆེ་བ་གསུངས་ཏེ། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཀྱི་བྱི་བ་འདི་དེ་སྲིད་པ་དེ་ཉིད་རྨོངས་པ་དང། ང་རྒྱལ་ཞི་བར་མི་འགྱུར་རོ། །གང་གི་ཚེ་བླ་མ་དམ་པའི་གསུང་གི་འཁྲུལ་འཁོར་གྱིས་ཉམས་སུ་མྱོང་བར་བྱེད་དོ། །ཀྱེ་རྣལ་འབྱོར པ་དེའི་ཕྱིར་བླ་མའི་བཞེད་པ་བརྩམ་པར་བྱའོ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། གང་གི་དྲིན་གྱི་འོད་ཟེར་གྱིས་ཞེས་བྱ་བ་ལ་སོགས་པར་གསུངས་སོ། །རྐང་པ་ལྔ་པས་སེམས་ཀྱི་བྱི་བའི་རང་བཞིན་གསུངས་ཏེ། གང་དུ་ཞེ་བྱ་བ་ལ སོགས་ནི་གང་གི་ཚེ་ལྷན་ཅིག་སྐྱེས་པའི་དགའ་བ་ལ་སེམས་ཀྱི་བྱི་བ་རྒྱུ་བློ། ང་ཞེས་རྐྱེན་གྱིས་བརྟགས་པ་རྒྱུན་གཅོད་པའོ། །དེའི་ཚེ་འཁོར་བར་འཆིང་བ་གཅོད་པའོ། །དེ་བཞིན་དུ་ལུང་ལས་ཀྱང། །དེ་ཉིད་ལ་ནི་འཁོར་བ་མེད། །ལུས་འཛིན འཆིང་བ་འདིར་གང་ལས། །འགའ་ཞིག་གང་དུ་འཆིང་མེད་འགྲོ། དེ་བཞིན་གྲོལ་བྱས་གྲོལ་བར་བྱ། །ལོག་པར་སྒྲོ་བཏགས་བྱས་དེ་ལས། །ཐག་སྤྲུལ་གྲིབ་མ་ཤ་ཟ་འཁྲུལ། །ཅུང་ཟད་མ་སྤངས་མ་བཟུང་བར། །རོལ་པས་ལེགས་གནས་སྐབས ཇི་བཞིན། །གུཉྫ་རི་ཞེས་བྱ་བའི་གླུ་དབྱངས་ས་ར་ཧའི་ཞབས་ཀྱིས་སོ། །རང་གི་བྱས་བྱས་འཁོར་བ་མྱ་ངན་འདས། །ལོག་ལྟས་འཇིག་རྟེན་རང་ཉིད་འཆིང་བར་བྱེད། །བདག་གིས་མི་ཤེས་བསམ་མེད་རྣལ་འབྱོར་པ། །སྐྱེ་དང་འཆི་བའི་སྲིད པ་ཇི་ལྟར་ཡིན། །ཇི་ལྟར་སྐྱེ་དང་འཆི?་བ་ཡང་ནི་དེ་བཞིན་དུ། །གསོན་དང་ཤི་བདག་ལ་ཁྱད་པར་མེད། །གང་འདིར་སྐྱེ་འཆི་དག་ལ་ཐེ་ཚོམ་མེད། །དེ་བྱེད་གསེར་འགྱུར་བཅུད་ལེན་སྒྲུབ་པར་བྱེད། །གང་གི་གཡོ་དང་མི་གཡོར་བཅས པར་འཁྱམ། །དེ་རྣམས་རྒ་དང་འཆི་བར་ཅིས་མི་འགྱུར། །སྐྱེ་ལས་ལས་སམ་ཅི་སྟེ་ལས་ལས་སྐྱེས། །ས་ར་ཧས་སྨྲས་པས་མ་མེད་པ་དེ་ཆོས། །དོན་དེ་ཉིད་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ས་ར་ཧའི་ཞབས་ཀྱིས་གསུངས་ཏེ། རང་གིས་ཞེས་བྱ་བ་ལ་སོཌ པ་ནི་ཐོག་མ་མེད་པའི་བག་ཆགས་ཀྱིས་སྐྱོན་གྱིས་སྲིད་པ་དང་མྱ་ངན་ལས་འདས་པར་རྟོག་པར་སྒྲོ་བཏགས་ཤིང་བྱས་པའི་ཕྱིར་འཇིག་རྟེན་འདིར་འཁྱམ་ཞིང་རང་ཉིད་ཀྱིས་སྲིད་པར་འཆིང་བ་དང་གྲོལ་བར་བྱེད་པའི་ཕྱིར་རོ། །དྷཱཱིུ་རྐང་པས་རང་གི་ཡེ ཤེས་བརྟེན་པར་བྱེད་དེ། བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་སློབ་དཔོན་ས་ར་ཧའི་ཞབས་ཀྱིས་དེ་ལྟ་བུ་ཉིད་གསུངས་པ་ནི་བླ་མའི་ཞབས་ཀྱི་དྲིན་ལས་དངོས་པོའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་བསམ་དུ་མེད་པའི་རྣལ་འབྱོར་པ་བདག་ཉིད དོ། །དེའི་ཕྱིར་སྐྱེ་དང་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་པ་ཇི་ལྟ་བ་བཞིན་དུ་གྱུར་པ་ཞེས་པའོ། །དེ་བཞིན་དུ་ཡང་ཚིགས་སུ་བཅད་པ་གཅིག་གིས་བཅོམ་ལྡན་འདས་མ་ལ་སྐྱེ་བ་དང་གནས་པ་དང་འཇིག་པའི་སྐྱོན་དང་བྲལ་བ་ཞེས་བྱ་བ་ལ་སོགས པའོ། །རྐང་པ་གཉིས་པས་སྐྱེ་བའི་རང་བཞིན་གསུངས་ཏེ། གང་འདིར་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་བདག་མེད་པར་ཁོང་དུ་ཆུད་པས་གང་གི་སྐྱེ་བ་ཡོད་དེ། ཀྱེ་རྣལ་འབྱོར་གྱི་དབང་ཕྱུག་རང་ཉིད་ཀྱི་བདག་ལ་འབོད་པར་བྱེད་དོ། །གང་ལ་སྐྱེ་བ མེད་པ་དེ་ལ་འཆི་པ་ཡང་མ་མཐོང་སྟེ། དེ་བཞིན་དུ་གཉིས་སུ་མེད་པ་སྒྲུབ་པ་ལས། རང་གི་རང་བཞིན་སྐྱེ་མེད་པ། །དེ་ཉིད་འཇིག་པར་མ་མཐོང་སྟེ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །དེ་ནི་གཉིས་མེད་ཡེ་ཤེས་མིང། །དེའི་ཕྱིར་སྐྱེས་བུ་གསོན་པ་དང ཤི་བདག་ལ་ལྷན་ཅིག་དབྱེར་མ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་སུ་ཏ་ཀེ་ལས་ཀྱང། རྨི་ལམ་དང་ནི་རབ་སད་གཞན་དུ་དབྱེ་བ་མེད། །རྣམ་པར་རྟོག་བྱེད་རྨི་ལམ་འབྲས་བུ་མངོན་འདོད་ཅན། །རྐང་པ་གསུམ་པས་རང་ཉིད་ཀྱི་རྗེས་སུ་བསྡོགས་པ་གསུངས་ཏེ། གང་ལ་འཆི་བ་ལ་སོགས་པའི་འཇིགས་པ་འང་ཡོད་པའི་རྣལ་འབྱོར་བ་དེ་ཡང་གསེར་འགྱུར་ལ་སོགས་པ་སྣ་ཚོགས་པའི་ཆོ་ག་རབ་ཏུ་སྦྱོར་བར་བྱེད་དོ། །བདག་ནི་སླར་ཡང་འཆི་བ་ལ་སོགས་པའི་འཇིགས་པའི་ཐེ་ཚོམ་གྱི་རྣམ པར་རྟོག་པ་མེད་པའི་གཟུགས་སོ། །རྐང་པ་བཞི་པས་སླར་ཡང་རྗེས་སུ་བསྔགས་པ་གསུངས་ཏེ། གང་གི་ཞེས་བྱ་བ་ལ་སོགས་པ་ནི་བྱིས་བའི་རྣལ་འབྱོར་པ་གང་འཛམ་བུའི་གླིང་གི་གནས་ཆེན་པོར་གཡོ་བ་དང་མི་གཡོ་བ་དང་མི་གཡོ་བར་བཅས་པ་འཁྱམ་པར བྱེད་དོ། །ཡང་ན་སྔགས་དང་སྨན་ལ་སོགས་པའི་ནུས་པས་སུམ་ཅུ་རྩ་གསུམ་གྱི་གནས་སུ་བགྲོད་པར་བྱེད་དོ། །དེ་ཡང་བླ་མའི་ལམ་ཐོབ་ནས་འཆི་བ་མེད་པ་ཉིད་ཐོབ་པ་མ་ཡིན་ནོ། །བདག་གི་བཅད་དུ་མེད་ཅིང་གཞིག་ཏུ་མེད་པའི་གཟུགས་སོ། །རྐང པ་ལྔ་པས་ལམ་གྱི་བདག་ཉིད་ཀྱི་ཆེ་བ་གསུངས་ཏེ། སྐྱེ་བ་ལས་ཞེས་བྱ་བ་ལ་སོགས་པ་ནི་བྱེད་པ་པོ་དང་ལས་དང་བྲལ་བའི་རྣལ་འབྱོར་གྱི་དབང་ཕྱུག་གི་སྐྱེ་བ་ལས་ལས་སུ་ཇི་ལྟར་འགྱུར་ཏེ་ལས་ལས་ཀྱང་སྐྱེ་བ་ཡོད་དོ། །དེའི་ཕྱིར་ས་ར་ཧའི་ཞབས ཀྱིས་ཀྱང་རང་གི་བཞེད་པ་གསུངས་ཏེ། དོན་དམ་པར་རིག་པའི་རྣལ་འབྱོར་བ་ལ་བསམ་དུ་མེད་པའི་ཕྱིར་ཆོས་ཉིད་དོ། །བ་རཱ་ལ་ཞེས་བྱ་བའི་གླུ་དབྱངས་འདུ་ཤེས་གསུམ་པའི་ཞབས་ཀྱིའོ། །གང་ཚེ་བྷུ་སུ་ཀུ་ཁྱོད་རྔོན་འགྲོ་སྐྱེ་བོ་ལྔ་པོ་སོང། །པདྨའི་ཚལ་དུ་རབ་ཏུ འཇུག་ན་ཡིད་དུ་གཅིག་ཏུ་ཕྱིས། །གསོན་པོ་གསོད་པར་མ་བྱེད་ཤི་བའི་རོ་ནི་མ་བླང་ཅིག། ཤ་ནི་མེད་པར་བྷུ་སུ་ཀུ་པ་ཁྱིམ་དུ་འཇུག་མ་བྱེད། །སྒྱུ་འཕྲུལ་དྲ་བ་བརྐྱང་ནས་སྒྱུ་མའི་རི་དགས་བསད་པར་གྱིས། །བླ་མ་དམ་པའི་གསུངས་གིས་གོ་བྱེད་གང དུ་གང་གིས་གཏམ། །ལུས་ནི་བདག་གི་སྣོད་ཡིན་ཨེ་མས་ཆུ་མེ་དང་ཟས། །དུས་དང་དུས་མིན་གཉིས་གཟར་རླུང་ལམ་སྦྱར་ཚོད་སྐྱ་བས་དཀྲུག། རྒྱ་དང་རྡོ་ལྕགས་ཐེག?་པ་མེད་པར་རི་དགས་རྒྱུག་ཅིག་བྲོས། །འཕྱོང་ཞིང་འཕྱོང་ཞིང་རྒྱུག་པས ནམ་མཁའ་ཨི་ཐིལ་དུ་ནུབ་པར་གྱུར། །བྷུ་སུ་ཀུ་པ་མཚན་མོ་ནམ་ནི་རབ་ཏུ་ལངས་པར་གྱུར། །དོན་དེ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བས་བསྐུལ་བའི་ཡིད་ཀྱིས་གྲུབ་པའི་སློབ་དཔོན་བྷུ་སུ་ཀུའི་ཞབས་ཀྱིས་རི་དགས་ཀྱི་དགོངས་པ་རྣམ་པར་སྒོམྦཡེད་པ ཉིད་ཀྱིས་སོ། །གང་གི་ཚེ་ཁྱོད་ཅེས་བྱ་བ་ལ་སོགས་པ་ནི་ཀྱེའི་བྷུ་སུ་ཀུ་ཁྱོད་གལ་ཏེ་ལུས་རླུང་གི་རི་དགས་ལུས་ཀྱི་རླུང་གི་ངོ་བོ། །རྔོན་པ་ཞེས་པ་ནི་རང་བཞིན་མེད་པར་བྱེད་པའི་ཐབས་ཚོལ་བས་འགྲོ་བར་བྱའོ། །དེའི་ཚེ་ཡུལ་ལྔ་རྣམས་ལ་གཟུགས ཀྱི་ཕུང་པོར་གྱུར་པ་མེ་ལོང་ལྟ་བུའི་སའི་ཁམས་མིག་གི་དབང་པོ་ལ་སོགས་པ་ལ་དཀྱིལ་འཁོར་རྣམས་སྡུག་པའི་རིམ་པས་གསོད་པ་ནི་རང་བཞིན་མེད་པར་བྱེད་བ་ཐོག་མར་བྱེད་པར་འགྱུར་རོ། །སླར་ཡང་རྡོ་རྗེའི་བཟླས་པས་སྣང་བ་གཉིས་པ་འགོག ཅིང་ཡང་དག་བར་རྡོ་རྗེ་དང་ཆུ་སྐྱེས་མཉམ་དུ་སྦྱོར་བ་བླ་མའི་དྲིན་ལས་བདེ་བ་ཆེན་པོའི་འཁོར་ལོར་ཆུ་སྐྱེས་ཚལ་དུ་རབ་ཏུ་ཞུགས་པ་ལ། །ཡིད་གཅིག་ཏུ་བྱེད་པ་ནི་རྣམ་པར་རྟོག་པ་མེད་པར་འགྱུར་བ་རང་ཉིད་ཀྱིས་བདག་ལ་ཡང་དག་པར་འབེད་པར་བྱེད པའོ། །དེའི་ཕྱིར་དྷུའི་རྐང་པས་བརྟན་པ་ལ་དམིགས་པ་གསལ་པོར་བྱེད་པ་གསུངས་ཏེ། གསོན་པོ་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་ཞུགས་པའི་དབུགས་ནི་གསོན་པོ་ལ་ཨོཾ་ཡིག་ཉིན་མོའི་ཤེས་པས་རང་བཞིན་བཞི་བཅུའི་རང་བཞིན་དང་ལྡན་པའོ།། དབྱུང་བའི་དབུགས་ཤི་བའི་རོ་ཧཱུཾ་ཡིག་མཚན་མོའི་ཤེས་པའི་རང་བཞིན་སུམ་དུ་རྩ་གསུམ་གྱི་རང་བཞིན་གྱིས་ངོ་བོའོ། །གནས་པའི་དབུགས་ཀྱི་བཞི་ཨ་ཡིག་མ་ནིང་གི་ཤེས་པའི་རང་བཞིན་བདུན་གྱི་རང་བཞིན་དང་ལྡན་པའོ། །དེ་བཞིན་དུ་ཕྱག ན་རྡོ་རྗེས་ཀྱང། ཨོཾ་ཡིག་གིས་འཇུག་སེམས་ཅན་རྣམས། །སངས་རྒྱས་སྐུ་ཉིད་མཆོག་ཏུ་རྟག། ཧཱུཾ་ཡིག་འབྱིན་བྱེད་སེམས་ཅན་རྣམས། །ོཾ?་ཡིག་གིས་ནི་གནས་པར་བྱེད། །དེ་བཞིན་དུ་སྣང་བ་མཚན་མོའི་ཆ་ཉིད་ཀྱིས་ཤེས་བྱ་བ་ལ་སོགས བ་རྒྱ་ཆེར་གསུངས་སོ། །དང་པོར་སྲོག་ལ་སོགས་པའི་ཤེས་པ་དབུ་མར་རབ་ཏུ་གཞུག་པར་བྱས་ནས་དེའི་རྗེས་སུ་ཤ་ནི་དགོངས་པའི་སྐད་ཀྱིས་ཁྱད་པར་གྱི་དགའ་བ་རང་བྱིན་གྱིས་བརླབས་པའི་ངོ་བོ་བཞི་པའི་དགའ་བས་མ་སྦྱངས ན་ཀྱེ་བྷུ་སུ་ཀུའི་ཞབས་བདེ་བ་ཆེན་པོའི་ཁྱིམ་དུ་འཇུག་པར་མི་བྱེད་པའོ། །དེ་བཞིན་དུ་རིམ་པ་ལྔ་ལས་ཀྱང། མཚན་མོ་མ་ཡིན་མཚམས་ཀྱང་མིན། །ཉིན་མོ་ཡང་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་ས་ར་ཧའི ཞབས་ཀྱིས་ཀྱང། དབང་པོ་གང་དུ་ནུབ་ཅིང་མི་གནས་རང་བཞིན་ལ། །ཀྱེ་ལྷན་ཅིག་སྐྱེས་དགའ་བླ་མའི་ཞབས་ལ་དྲིས། །རྐང་པ་གཉིས་པས་ལམ་གྱིས་ཐབས་གསུངས་ཏེ། །སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་པའི་སྒྱུ་མའི་ཞེས་པ ནི་ལས་ཀྱི་ཡན་ལག་དུ་རྟོགས་པར་བྱ་སྟེ། རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་ལ་ཐོབ་པ་དེའི་བདེ་བ་ཚོགས་པའི་ལུས་ལ་དྲ་བ་གཞག་པ་སྟེ། དེ་ཡིས་ལུས་ཀྱི་རི་དགས་འཆིང་བར་བྱེད་པ་བླ་མའི་ཞབས་ཀྱི་དྲིན་ལས་དེའི་ངོ་བོ ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་དེ་ལ་བདེ་བ་ཉམས་སུ་མྱོང་བ་ངོ་བོ་ཉིད་ཐོབ་པ་དེའི་ཚེ་གང་དུ་ཡང་བརྗོད་པར་མི་ནུས་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། །དགའ་བས་མཉེས་གཤིན་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུང སོ། །རྐང་པ་གསུམ་པས་གོམས་པའི་ཁྱད་པར་གསུངས་སོ། །ལུས་སྣོད་ཅེས་བྱ་བ་ལ་སོགས་པའི་ལུས་ཉིད་ནི་བདག་གི་སྣོད་བཞིར་གྱུར་པ་དེ་ལས་འབྱུང་བ་ཆེན་པོ་ལྔར་གྱུར་པའི་རྫས་བཟའ་བར་བྱའོ། །དེ་ལ་དུས་དང་དུས་མིན་ནི་ཟླ་བ་ཉི་མ་དང་གསུམ པ་ཨ་བ་དྷུ་ཏིའི་རླུང་ལ་བཞི་པའི་དགའ་བས་ཐམས་ཅད་ཡོངས་སུ་འཇོམས་པའི་ཕྱིར། བཟའ་བ་དང་བཏུང་བ་ནི་རང་བཞིན་མེད་པར་བྱེད་པའོ། །དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོ་ལས་ཀྱང། གང་ཞིག་ཐིག་ལེ་དཀར་འཛིན་ལྷུང་ན་ཉིན་མཚན ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་བཞི་པས་འབྲས་བུ་རྫོགས་པ་གསུངས་ཏེ། རྒྱ་དང་རྡོས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་བདེ་བ་ཆེན་པོའི་དགའ་བ་ནི་རྒྱ་ཞེས་ཏེ་དགོངས་པའི་སྐད་ཀྱིས་སྐུའི་དགའ་བའི་རྣམ་པར་རྟོག་པའོ། །རྔོས་ཞེས་བྱ པ་ནི་དགོངས་པའི་སྐད་ཀྱིས་གསུངས་གི་དགའ་བའི་རྣམ་པར་རྟོག་པའོ། །ཐག་པ་ཞེས་པ་ནི་ཐུགས་ཀྱི་དགའ་བའི་རྣམ་པར་རྟོག་བའོ། །དེ་རྣམས་ཐམས་ཅད་གཟུགས་ལ་སོགས་པ་ཡང་ནམ་མཁའ་ཨོ། །རྒྱུག་པ་ཞེས་པ་ནི་འོད་གསལ་འབེབས་པ་དེ ཉིད་རླུང་གི་ངོ་བོ་ལུས་ཀྱི་རི་དགས་སོ། །བྲོས་པ་ནི་རང་བཞིན་མེད་པར་གྱུར་བ་རྟག་ཏུ་གོམས་པའི་རྣལ་འབྱོར་པས་ནམ་མཁའ་འོད་གསལ་ལ་ཐིམ་པར་གྱུར་པའོ། །དེའི་ཕྱིར་བྷུ་སུ་ཀུའི་ཞབས་ཀྱིས་མཚོན་མོ་ཞེས་པ་ནི་མ་རིག་པའི་མུན་པ་བསངས པ་ནི་བྲོས་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ལུང་ལས་ཀྱང་བདག་ཉིད་དེ་བཞིན་ཐིམ་གྱུར་ཏེ། བཅོམ་ལྡན་འདས་ནི་སྲོག་གི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དཔའ་བོའི་ཏ་ལ་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱི གང་ཚེ་ཟླ་བ་གང་བཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་དྲི་མ་མེད། །གཏི་མུག་དྲི་མ་གཅོད་པ་བླ་མའི་གསུང། །ཡུལ་དང་དབང་པོ་ནམ་མཁར་སླེབ་པར་འགྱུར། །མཁའ་མཚུངས་ས་བོན་གང་ཞིག་མཁའ་མཉམ་འགྲོ། །རང་གི་ཤིང་ལས་ཁམས གསུམ་གྲིབ་མས་ཁྱབ། །ཇི་ལྟར་ཉིན་བྱེད་ཤར་བས་མཚན་མོ་སེལ་བར་བྱེད། །སྲིང?་མཚོར་གཏི་མུག་རབ་རིབ་སེལ་བར་བྱེད། །ཇི་ལྟར་དང་པའི་རྒྱལ་བས་ཆུ་བོ་འབྱེད། །སྲིད་པ་ཟ་ཞེས་ཀཱཧྣ་བ་ཡིས་སྨྲ། །དོན་དེ་ཉིད་བདེ་བ་ཆེན་པོའི་རྒྱལ པོ་ཆོས་ཐམས་ཅད་དམིགས་པ་མེད་པའི་རོ་དེ་ཡིས་སླར་ཡང་ནག་པོ་སྦྱོད་པ་པ་རྣམ་པར་སྒོམ་པར་བྱེད་དོ། །ཟླ་བ་གང་པ་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་དྲིན་ལས་གང་གི་དུས་སུ་ཆ་བཅུ་དྲུག་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི དཀྱིལ་འཁོར་ཤར་བར་གྱུར་པ་དེའི་དུས་སུ་རྣལ་འབྱོར་གྱི་དབང་ཕྱུག་སེམས་ཀྱི་རྒྱལ་པོ་ཤིན་ཏུ་དྲི་མ་མེད་པར་འགྱུར་རོ། །དྷྲུའི་རྐང་པ་དོན་དེ་ཉིད་བརྟན་པར་བྱེད་དོ། །གཅོད་པ་ཞེས་བྱ་བ་ལ་སོགས་པ་ནི་བློ གྲོས་དང་ལྡན་པས་བླ་མའི་གསུང་གི་གཏི་མུག་ལ་སོགས་པའི་སྒྲིབ་པ་འབྲོས་པར་འགྱུར་རོ། །ཡུལ་དང་དབང་པོ་ཞེས་བྱ་བ་ལ་སོགས་པ་ནམ་མཁར་འོད་གསལ་ལ་འཇུག་པར་བྱེད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། དུས་མཉམ་ཤར་བ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གཉིས་པ་ཆོས་ཀྱི་ས་བོན་གྱི་ནུས་པ་གསུངས་ཏེ། མཁའ་མཚུངས་ས་བེན་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་དང་མཚུངས་པའི་ས་བོན ནི་འོད་གསལ་གྱི་རང་བཞིན་སེམས་ལས་སྐྱེས་པ་སྟེ། དེའི་རང་བཞིན་འོད་རབ་ཏུ་གསལ་བ་ནི་རང་གི་ཤིང་ལྗོན་པའི་གྲིབ་མ་རྣལ་འབྱོར། །གྱི་དབང་ཕྱུག་ཡེ་ཤེས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གསུམ་པོ་ཁྱབ་པའོ། །རྐང་པ་གསུམ པས་དེའི་ཁྱད་པར་གྱི་མཚན་ཉིད་གསུངས་ཏེ། མཚན་མོ་སེལ་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཉིན་མོར་བྱེད་བ་ཤར་བར་གྱུར་ན་མཚན་མོ་མུན་པ་སེལ་བ་བཞིན་དུ་ཇི་ལྟར་བླ་མ་དམ་པའི་ཞབས་ཀྱི་རྡུལ་གྱི་ཚོགས་ལ་རབ ཏུ་འདུད་ན་སོ་སོར་ལྟ་བ་ལས་ཡང་དག་པར་སྐྱེས་པའི་རང་བཞིན་གྱིས་དྲིན་ལས་སྲིད་པའི་རྒྱ་མཚོར་ཡེ་ཤེས་ཀྱི་གཏི་མུག་དང་ཞེ་སྡང་ལ་སོགས་པའི་སྒྲིབ་པ་རིང་དུ་འབྲོས་པར་གསུངས་སོ། །རྐང་པ་བཞི་པས་རྣལ་འབྱོར་གྱི་དབང་ཕྱུག་གི སྤྱོད་པ་གསུངས་ཏེ། དད་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཕྱི་རོལ་ཏུ་དད་པའི་རྒྱལ་པོས་ཆུ་དང་འོ་མ་འདྲེས་པའི་ཆུ་རྣམ་པར་ཕྱེ་ནས་འོ་མ་འཐུང་བར་བྱེད་དོ། །ནག་པོ་སྤྱོད་པ་ཉིད་ལ་ཀྱེ་རྣལ་འབྱོར་པ་མཆོག་གི་དེ་ཉིད་ཀྱིས་སྲིད པའི་རང་བཞིན་ཁོང་དུ་ཆུད་པས་སྲིད་པ་བཟའ་བར་བྱ་བ་ཡིན་གྱིས་ཁྱོད་སྲིད་པ་ལེན་པར་མ་བྱེད་ཅིག་པའོ། །དེ་བཞིན་དུ་ཡེ་ཤེས་བྱང་ཆུབ་པ་ལས་ཀྱང། །སྲིད་པ་མ་ཡིན་མྱ་ངན་འདས་པ་མིན། །ཡང་དག་ཇི་བཞིན་རྟོགས་པ་ལས་ཞེས་སོ།། །།འདི་ནི ཐག་པའི་ཞབས་ཀྱི་གླུ་དབྱངས་སོ། །ཆོས་འབྱུང་རྐང་རྟེན་རྡོ་རྗེའི་གནས་ཀྱི་སྐད། །ལན་ལྔ་འཐག་ཅིང་འཐག་པས་དྲི་མེད་གོས། །བདག་ནི་ཐ་གཱི་རང་བཞིན་རྒྱུ་རྣམས་དང། །སྤུན་དོག་བདག་གིར་མཚོན་པ་མི་ཤེས་སོ། །ཕྱེད་བཅས་ཁྲུ་གསུམ་ཁྱིམ་འཐག་སུན སྒྲོན་གསུམ། །ནམ་མཁའ་ཁེངས་གྱུར་དེ་ནི་ཐགས་འཐག་གོ། གཞོམ་མེད་ཐག་བཟངས་སྒྲ་ནི་བླ་མའི་གསུང་བྲལ་མིན། །གནས་གཉིས་བཅད་ནས་རྒྱུ་རྣམས་བསྒྲིམས་ཤིང་བརྟན་པོར་སྦྱོངས། །ནོར་བུས་སོན་པ་སྟོང་ཉིད་ཀྱིས་མཚོན་སྟོང་ཉིད་སྙིང། །ཐགས་ཀྱི་རི རྙེད་ཐ་ག་གཏི་མུག་དྲ་བ་གྲོལ། །ཆོས་ཐམས་ཅད་ཁོང་དུ་ཆུང་པའི་དོན་དེ་ཉིད་སེམས་ཅན་རྣམས་ཀྱི་ཕྱིར་གྲུབ་པའི་སློབ་དཔོན་ཐག་པའི་ཞབས་ཀྱིས་གསུངས་ཏེ། ཆོས་ཞེས་བྱ་བ་ལ་སོགས་པ་ནི་ཆོས་འབྱུང་དགོངས་པའི་སྐད་ཀྱིས་ཤེས་རབ་ཀྱི་ཆོས་འབྱུང་དུ རྟོགས་པར་བྱའོ། །རྐང་རྟེན་ཞེས་པ་ནི་རྐང་པ་བཞི་དགའ་བཞིའི་རྟེན་དུ་གྱུར་པའོ། །དེ་བཞིན་དུ་རྟག་པ་གཉིས་པ་ལས་ཀྱང། ཨ་ཡིག་གང་བྱེད་ལྷ་མོ་བཞི་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་དོན་དམ་རིག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ གྱུར་པའི་ཆོས་ཀྱི་འབྱུང་གནས་གང་ཡིན་པ་དེ་ནི་ཆོས་འབྱུང་ངོ། །རྡོ་རྗེ་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་བྱ་བ་དང་བྱེད་པའི་དངོས་པོ་ལས་དེའི་གནས་ཀྱི་སྐད་དེ་ནི་རྣལ་འབྱོར་རོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། རྡོ་རྗེ་འབེབས་པས་གཡོ་བ ཉིད། །པདྨ་ཡོད་པས་རྡོ་རྗེའོ། །བྱ་བ་བྱེད་པས་རྒྱས་འདེབས་པ། །འདི་ནི་བདེ་ཆེན་རྒྱལ་པོའོ། །དེ་ལ་ཤེས་རབ་ཀྱི་ཆུ་སྐྱེས་ལ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་རྡོ རྗེ་བླ་མའི་དྲིན་ལས་སོ། །དྲི་མེད་གོས་ཞེས་པ་ནི་རང་བཞིན་གྱི་འོད་གསལ་གྱིས་ཡོངས་སུ་དག་པར་བྱེད་དོ། །ཞེས་སོ་དེ་བཞིན་དུ་བརྟགས་པ་གཉིས་པ་ལས་ཀྱང། །ཀུན་རྫོབ་ཀུན་དང་མཚུངས་པ། །དོན་དམ་བདེ་བའི་གཟུགས ཅན་ནོ་ཞེས་སོ། །དྷྲུའི་རྐང་པས་ཡང་དག་པར་རྟོགས་པ་བརྟན་པར་བྱེད་དོ། །བདག་ནི་ཐ་ག་ཞེས་བྱ་བ་ལ་སོགས་པ་ནི་ངོ་བོ་ཉིད་ཀྱིས་ཐབས་ཀྱི་བདག་ནི་ཐག་པའི་ཞབས་སོ། །རྒྱུ་དང་སྤུན་དག་གི་གང་གི་ཕྱིར་ན་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ དམིགས་པས་མཚོན་པ་དག་གིས་མི་ཤེས་སོ། །དེ་བཞིན་དུ་ཡང། གཟུང་འཛིན་དངོས་པོ་མེད་པའི་ཕྱིར། །སེམས་ནི་གང་དུ་འང་སྐྱེ་བ་མེད། །གང་ལ་སེམས་ཉིད་སྐྱེ་མེད་པ། །དེ་ཉིད་མཆོག་གི་གོ་འཕང་ངོ། །རྐང་པ་གཉིས་པས་རྟེན་དང་བརྟེན་པ་གསུངས ཏེ། །ཕྱེད་བཅས་ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་རང་གི་ལུས་ལ་བསམ་གཏན་གྱི་ཁང་པར་གྲོལ་བ་སྟེ། དེ་ལ་དགའ་བ་གསུམ་པ་བསྐྱེད་པའོ། །ནམ་མཁའ་ཁེངས་གྱུར་ཞེས་པ་ནི་ཡོངས་སུ་དག་པའི་འོད་གསལ་གྱིས་ཡོངས་སུ་སྦྱར་བར་བྱས པས་སོ་སོར་བལྟ་བ་དང་ལྡན་བས་བདག་གནས་པའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང། ལུས་དང་བྲལ་བའི་སེམས་ཉིད་ནི། །གཞན་དུ་སྤང་བར་བྱ་བ་མེད་ཅེས་སོ། །རྐང་པ་གསུམ་པས་ཡིད་ཆེས་པའི་ཚོགས་པ་གསུངས་ཏེ། །གཞོམ་དུ མེད་པ་ཞེས་བྱ་བ་ལ་སོགས་བའི་ཐགས་བཟངས་ནི་དགོངས་པའི་སྐད་ཀྱིས་སྲོག་དང་རྩོལ་བ་དང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་རླུང་གཉིས་ལ་གཞོམ་དུ་མེད་པའི་སྒྲ་དང་གཟུགས་བརྙན་ཡོངས་སུ་རྟོག་པ་ཞེས་སོ། །ལྷན་ཅིག་སྐྱེས་པའི་སྒྲ་བརྙན དང། །དེ་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བླ་མ་དམ་པའི་གསུངས་གིས་བསྒྲུབ་པར་བྱའོ། །གནས་གཉིས་ཆད་གྱུར་ཞེས་པ་ནི་དངོས་པོ་མེད་པར་འཛིན་པ་དག་བཅད་ནས་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར་སྦྱོར་བ་བསྟན་པས་མི་བྱེད་པར བདག་གིས་བྱའོ་ཞེས་སོ། །རྐང་པ་བཞི་པས་རྣལ་འབྱོར་པའི་རྗེས་སུ་བསྔགས་པ་གསུངས་ཏེ། ནོར་བུས་སོན་པ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཁོང་དུ་ཆུད་པ་ལས་དར་མའི་སྐྱེ་བོ་དང་འཁྱུད་པས་དེ་ཉིད རང་བཞིན་གྱིས་ཡོངས་སུ་གྱུར་པ་ཨ་བ་དྷུ་ཏཱི་རྣལ་འབྱོར་མ་བདག་མེད་མའོ། །ནོར་བུར་གནས་ཞེས་པ་ནི་རྟག་པའི་ཚུལ་ཐག་པའི་ཞགས་བདག་གིས་ཐོབ་པའོ། །དེའི་ཕྱིར་དེའི་དྲིན་ལས་གཏི་མུག་གིས་མངོན་པར་འཁྱུད་པའི་སྲང་བུས་བཅིངས པ་རྣམ་པར་བྲལ་བར་གྱུར་པའོ། །ཐ་ག་ཞེས་པ་ནི་སྐྱེས་པའི་ཆོས་དང་རྣམ་པར་བྲལ་ནས་རྡོ་རྗེ་འཛིན་པར་གྱུར་ཏོ་ཞེས་པའོ། །དེ་བཞིན་དུ་སར་ཧའི་ཞབས་ཀྱིས་ཀྱང། དེ་ནི་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤཱ་བ་རི་ཞེས་བྱ་བའི་གླུ་དབྱངས ཞི་བའི་ཞབས་ཀྱིའོ། །ཚད་མས་བརྟགས་ཤིང་བརྟགས་པའི་ཆ་ཤས་ཆ། །ཆ་ཤས་ཆ་ཤས་བརྟགས་ན་ལྷག་མ་མེད། །དེ་ཉིད་ཕྱིར་ན་གཟུགས་ནི་མ་རྙེད་དོ། །ཤཱནྟིས་སྨྲ་བ་ཅི་ཞིག་སྒོམ་པར་བྱེད། །ཚད་མས་བརྟགས་བརྟགས་སྟོང་པ་ཉིད་དུ སོད། །སླར་ཡང་བླངས་ནས་རང་གི་འགོག་པར་བྱེད། །རྣམ་པ་གཉིས་འབབ་ལམ་ནི་མ་མཐོང་སྟེ། །ཤཱནྟིས་སྨྲས་པ་སྐྲ་རྩེའི་ཆ་མི་ཤོད། །བྱ་ལ་བྱེད་བཟུང་དག་ཡོད་མ་ཡིན། །རང་གིས་རིག་པས་ཤཱནྟི་པ་ཡིས་སྨྲས། །ཡེ་ཤེས་ཀྱི་དགའ་བའི་བདེ བས་གང་ཞིང་བརླན་པ་གྲུབ་པའི་སློབ་དཔོན་ཤཱནྟི་པས་དོན་དེ་ཉིད་སྐྱེ་བོ་རྣམས་ཀྱི་ཕྱིར་རབ་ཏུ་གསུངས་སོ། །ཏུ་ལ་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་གྱི་ཉོས་པ་ཉིད་ཚད་མས་གཞལ་བར་རིག་པ་ནི་འཇིག་རྟེན་གསུམ་དང་ལུས་ངག་ཡིད ཀ་ཡི་འདིར་གཡོ་བ་དང་མི་གཡོ་བ་ལ་སོགས་པའི་དབྱེ་བས་ཆ་ཤས་ཅན་གཅིག་ཚད་མས་སྐྱེད་པར་བྱས་པའི་རང་བཞིན་ཆ་ཤས་དྲུག་ཏུ་བསྒྲུབས་པར་བྱས་ནས་དེ་ཉིད་ཀྱི་ཆ་ཤས་རྡུལ་ཕྲ་རབ་གོང་བུའི་རྡུལ་དྲན་ཆ་དྲུག་ཏུ་དངོས་པོ་མེད་པར ཕྱེ་ཞིང་ཕྱེ་བས་ཆ་ཤས་མེད་པའོ། །ཆ་ཤས་མེད་པས་མཚོན་པ་དེ་ཉིད་ཀྱང་རྒྱུ་དང་བྲལ་བའི་ཕྱིར་དེའི་སེམས་ཀྱི་རྒྱུ་ཉི་ཕྱིར་ཆེས?་ལ་ཐོབ་པ་མེད་དོ། །ཤཱནྟིའི་ཞབས་ཀྱིས་གསུངས་པ། དངོས་པོ་ལ་དམིགས་པ་དང་དངོས་པོ་མེད་པ་ལ ཅི་ཞིག་བསྒོམ་པར་བྱ་སྟེ། དེ་བཞིན་དུ་ཡང་ཤེས་རབ་ལེའུ་ལས། རྣམ་པར་དཔྱད་བྱས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐད?་པ་གཉིས་པས་དོན་དེ་ཉིད་བརྟན་པར་བྱེད་དོ། །ཚད་མས་བརྟགས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་དཔྱོད པའི་ཚད་པས་ཡང་ཆ་ཤེས་ལ་སོགས་པ་འབྱིན་པའོ། །སྟོང་པ་ཞེས་པ་ནི་འོད་གསལ་ལ་སེམས་རབ་ཏུ་ཞུགས་པའོ། །དེ་ལ་བདག་གིས་འོད་གསལ་ལ་བཟུང་ནས་འགོག་པ་ཞེས་བྱ་བ་ལ་སོགས་པ་ནི་བདག་ཏུ་འཛིན་པའི་བསྒོམ་པར་བྱ་བ་དང། སྒོམ པའི་ངོ་བོ་འགོག་པ་ཞེས་སོ། །དེ་བཞིན་དུ་རྟག་པ་གཉིས་པ་ལས་ཀྱང། བསྒོམ་མེད་སྒོམ་པ་པོ་ཡང་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། འབབ་ཅེས་བྱ་བ་ལ་སོགས་པ ནི་འདིར་མཆོག་གི་ལམ་ལ་གཉིས་སུ་མེད་པའི་ཕྱར་རྣམ་པ་གཉིས་སུ་མེད་པའོ། །དེའི་ཕྱིར་ཤཱནྟིའི་ཞབས་ཀྱིས་གསུངས་ཏེ། འདིར་སྐྲའི་རྩེ་མོའི་ཆའི་ཆོས་ཀྱིས་ཞུགས་ན་དེ་འང་རིང་བ་ཉིད་དོ། །ཡང་ན་སྐྲའི་རྩེ། ཁའི་མཚམས་ཀྱི་ཆ་འདིར་མེད པའོ། །དེ་བཞིན་དུ་ཀླུ་གྲུབ་ཞབས་ཀྱིས་ཀྱང་།དེ་ཡི་ལུས་ལ་ཁོང་སོང་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་བཞི་པས་རང་བཞིན་ལ་དམིགས་པ་གསུངས་ཏེ། བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་སློབ་དཔོན་ཤཱནྟིའི ཞབས་ཀྱིས་རང་ཉིད་བྱ་བ་དང་བྱེད་པ་དང་བྲལ་བའི་ཕྱིར་བླ་ན་མེད་པའི་གོ་འཕང་དུ་གསུངས་སོ། །འདི་ཉིད་ཚད་མའི་རིགས་པས་བསྐྱེད་པ་བླ་མ་དམ་པའི་དྲིན་ལས་བླ་ན་མེད་པའི་གོ་འཕང་རང་ཉིད་ཀྱིས་མཁྱེན་པའོ། །དེ་བཞིན་དུ་བརྟག པ་གཉིས་པ་ལས་ཀྱང། བླ་མའི་རིམ་པ་ཉེར་བསྟེན་པས། གྱ་ནོམ་པ་ཉིད་བདག་གིས་ཤེས། །འདོད་པ་སྦྱིན་པ་ཞེས་བྱ་བའི་གླུ་དབྱངས་འདུ་ཤེས་གསུམ་པའི་ཞབས་ཀྱིའོ། །ནམ་ཕྱེད་ཆུ་སྐྱེས་ཁངས་རྒྱས་སུམ་ཅུ་གཉིས། རྣལ་འབྱོར་མ་རྣམས་དེ་ལ་ཡན་ལག ཚིམ། །རི་བོང་འཛིན་ལམ་ཨ་བ་དྷུ་ཏཱིར་བསྐྱོད། །རིན་ཆེན་ཚིག་ནི་ལྷན་ཅིག་སྐྱེས་པ་སྨྲ། །རི་བོང་འཛིན་བསྐྱོད་མྱ་ངན་འདས་པར་འགྲོ། །པདྨ་ཙན་ནི་པདམོར་འབབ་པའི་རྒྱུ། །ཁྱད་པར་དགའ་བ་མཚན་ཉིད་དང་བྲལ་བ། །གང་གིས་དེ་ཤེས་དེ་ནི་སངས རྒྱས་སོ། །བྷུ་སུ་ཀུས་སྨྲས་བདག་གིས་ཚོགས་པ་ཤེས། །ལྷན་ཅིག་སྐྱེས་དགའ་བདེ་བ་ཆེན་པོས་རོལ། །དོན་དེ་ཉིད་ལྷན་ཅིག་སྐྱེས་བའི་རོས་ཡོངས་སུ་གང་བའི་གྲུབ་པའི་སློབ་དཔོན་?་སུ་ཀུས་གསུངས་ཏེ། ནམ་ཕྱེད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལ དབང་གི་ལེའུར་གསུངས་པའི་ཆོ་ག་ལས། ནམ་ཕྱེད་ཀྱི་ཐུན་མཚམས་བཞི་ལ་ཤེས་རབ་ཡེ་ཤེས་དབང་སྟེར་བའི་དུས་སུ་རྡོ་རྗེ་ཉི་མའི་འོད་ཟེར་གྱི་ཆུ་སྐྱེས་ནི་བདག་གི་གཙུག་ཏོར་གྱི་ཆུ་སྐྱེས་སུ་རྣམ་པར་རྒྱས་པའོ། །དེའི་དུས་ལ་རྣལ་འབྱོར་མ སུམ་ཅུ་རྩ་གཉིས་ཅེས་པ་ནི་སུམ་ཅུ་རྩ་གཉིས་བྱང་ཆུབ་ཀྱི་སེམས་འབབ་པ་ལ་ལ་ནཱ་དང་ར་ས་ནཱ་དང། ཨ་བ་དྷུ་ཏཱི་མི་ཕྱེད་མོའི་གཟུགས་ལ་སོགས་པར་རྟོགས་པར་བྱའོ། །དེའི་གནས་སུ་འབད་པར་བྱེད་དོ། །དེ་རྣམས་ཀྱི་དགའ་བ་ལ་སོགས་པའི ཚོགས་པས་ཡན་ལག་ཡང་དག་པར་ཚིམ་པར་གྱུར་པའོ། །དྷྲུའི་རྐང་པ་དང་ལྷན་ཅིག་པའི་བླ་མའི་སྟོབས་གསུངས་ཏེ། དུས་དེར་དེའི་རྒྱུས་རི་བོང་འཛིན་པ་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཨ་བ་དྷུ་ཏཱའི་ལམ་གྱི་རྡོ་རྗེའི་རྩེ་མོར་སྡོན?་པ་བླ་མ་དམ་པའི་གསུང་གི དེ་ཉིད་རིན་པོ་ཆེའི་མཐུ་ལས་དེ་དག་ལ་ལྷན་ཅིག་སྐྱེས་པའི་དགའ་བ་སྟོན་པར་བྱེད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། སེམས་ཀྱི་དབང་པོའི་མདའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གཉིས་པས་དོན་དེ་ཉིད་གསུངས་ཏོ། བསྐྱོད་ཅེས བྱ་བ་ལ་སོགས་པ་ནི་རི་བོང་འཛིན་པ་བྱང་ཆུབ་ཀྱི་སེམས་ཨ་བདྷུ་ཏཱིའི་ལམ་གྱིས་གང་དུ་ཡོངས་སུ་བསྐྱོད་པར་བྱེད་པ་དེ་ཉིད་བླ་མའི་དྲིན་ཀྱིས་རྡོ་རྗེའི་རྩེ་མོ་མཆོག་ལ་མྱ་ངན་ལས་འདས་པ་འོད་གསལ་པར་གྱུར་པའོ། ། པདྨའི་རོལ་བདེ་བ་ཆེན་པོའི་རོ་དེ་ཡོད་པའི་ཕྱིར་རོ། །པདྨ་ཅན་ནི་དེ་ཉིད་རང་བཞིན་ཡོངས་སུ་དག་པ་ཨ་བ་དྷུ་ཏིའི་པ་བདག་མེད་མཆུ་སྐྱེས་ཀྱི་རོ་དེ་ཉིད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རོས་སྐུ་རྡོ་རྗེ་རྒྱས་པའི་ཕྱིར་བདེ་པ་ཆེན་པོའི། འཁོར་ལོར་སྟེང་དུ་འབབ་པའི་ཕྱིར་རོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང། རབ་ཏུ་འབབ་པས་རང་སེམས་འཆིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་དོན་དེ་ཉིད་གསུངས་ཏེ། ཁྱད་པར་གྱི་དགའ་བ ལ་ཨ་སོགས་པ་མཚན་ཉིད་དང་གྲལ་བ་བཞི་པའི་དགའ་བ་དག་པ་འདི་ཁྱད་པར་གྱི་དགའ་བ་གང་གི་རྣལ་འབྱོར་གྱི་དབང་ཕྱུག་གི་རྟོགས་?་མའི་དྲིན་?་མཚན་དུ་གྱུར་པ་དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་མཚན་སུམ ཅུ་རྩ་གཉིས་དང་ལྡན་པ་དཔེ་བྱེད་བཟང་པོ་བརྒྱད་?་བརྒྱན་པའོ། །འདིར་དེ་ཉིད་རྣམས་ཀྱི་མ་རིག་པའི་སྐབས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཌ་ཌཱི་ཞབས་ཀྱིས་ཀྱང། བ་ལང་ཁུ་རིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ བཞི་པས་རང་གི་རྟོགས་པ་བརྟན་པར་བྱེད་དོ། །བཛུ?་སུ་ཀུས་སྨྲས་པ་ཤེས་བྱ་བ་ལ་སོགས་པ་ནི་བྷུ་སུ་ཀུའི་ཞབས་ཀྱིས་བདག་གིས་བཤད་པ་སྟེ། ཐབས་དང་ཤེས་རབ་སྦྱོར་བས་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བ་ཆེན་པོ་བླ་མ དམ་པའི་དྲིན་གྱིས་ཁོང་དུ་ཆུད་པས་རོལ་པའོ། །པའི?་ཌི་ཞེས་བྱ་པའི་གླུ་དབྱངས་སར་ཧའི་ཞབས་ཀྱིའོ། །མཐོ་ཞིང་མཐོ་བའི་རི་བོ་དེར། །ས་བ་རི་ཡི་བུ་མོ་འདུག། རྨ་བྱའི་མདོངས་ནི་ལུས་མགྱོན། །མ་རུའི་ཕྲེང་བ་མགུལ་དུ་སྦྱངས། །སྨྱོན་པས་བིར་ནི འཁྲུལ། །གླུ་ལི་མ་བྱེད་ས་བ་རཱི། ཁྱོད་ཀྱི་རང་གི་ཁྱིམ་མི་མོ། །མིང་ནི་ལྷན་སྐྱེས་མཛེས་ལྡན་མ། །སྣ་ཚོགས་ཤིང་མཆོག་རྩེ་མོ་ནི། །ནམ་མཁའ་ཨི་མཐིལ་དུ་ཡལ་ག་རེག། གཅིག་པུར་ས་བའི?་ཉིད་འགྲོ། །རྣ་རྒྱན་འཁོར་ལོ་རྡོ་རྗེ་འཛིན། །ཁམས་གསུམ་པོ་ཡི་ཁྲི་ཉིད བཤམས། །བདེ་བ་ཆེན་པོའི་ཉལ་སར་བྱས། །ས་བ་རི་སྦྲུལ་བདག་མེད་མ། །གཟུགས་འཚོང་དགའ་བས་ནམ་ལངས་གྱུར། །སེམས་ནི་སོ་རྩི་བདེ་བ་རྩེ། ག་ཕུར་ཟ་བ་སྟེང་པ་ཡི། །བདག་མེད་མ་ཡི་མགུལ་ནས་འཁྱུད། །བདེ་ཆེན་མཚན་མོ་ནམ་ལངས?་གྱུར། །བླ མའི་གསུང་གི་གཞུ་དང་ནི། །རང་གི་ཡིད་ཀྱི་མདའ་ཡིས་ཕུག། མདའ་གཅིག་ཉིད་ནི་བསྔོགས་བྱས་ནས། །མཆོག་གི་མྱ་ངན་འདས་པ་ཕུག། སྨྱོན་པ་ཤ་བ་རི?་པ་ནི། །ཆེར་ཁྲོས་རི་བོ་མཆོག་རྩེ་ཡི། །མཚམས་སུ་ཞུགས་ནས་ཤ་བ་རི། །བདག་གིས་ཇི ལྟར་འཕྱོང་བར་བྱེད། །གྲུབ་པའི་སློབ་དཔོན་ས་པ་རི་པའི་ཞབས་ཀྱིས་དོན་དེ་ཉིད་སྙིང་རྗེ་ཆེན་པོའི་རོས་ཕུག་པས་འཇིག་རྟེན་པའི་དོན་དུ་གསུངས་སོ། །མཐོ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་རང་ལུས་སྒལ་ཚིགས་ཀྱི་དབྱིག་པ་མཐོ་གའི རི་རབ་ཀྱི་རྩེ་མོ་ལ་བདེ་བ་ཆེན་པོའི་འཁོར་ལོར་ས་ཡིག་གི་ཕ་རོལ་ཧ་ཡིག་དེ་ཉིད་འཛིན་པ་དེ་ཉིད་ས་བ་རིའོ། །དེའི་ཁྱིམ་ཡེ་ཤེས་ཀྱི་ཕྱག་རྒྱ་བདག་མེད་མ་ཨ་ཡིག་ལས་སྐྱེས་པ་ལ་འདུག་པར་བྱེད་དོ། །རྨ་བྱའི་མདོངས་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི ཕྱོགས་ཀྱི་རྣམ་པར་རྟོག་པའི་གཟུགས་ཀྱིས་ལྷག་པ་གནས་པ་དེ་ཡི་གོས་དང་རྒྱན་དུ་བྱས་པའོ། །མ་རུ་ནི་གུཉྫ་སྟེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་གུ་ཧཡའི?་གསང་སྔགས་?་པར་རྣམ་པར་འཛིན་པའོ། །རྐང་པ་གཞན་གྱི་རྐང་པས་དྷྲཱའི་རྐང་པར ཤེས་པར་བྱའོ། །རྐང་པ་གཉིས་པས་གོམས་པའི་རང་བཞིན་གསུངས་སོ། །སྨྱོན་པ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་བདག་མེད་མའི་ངོ་བོས་དབུགས་འབྱིན་པ་སྟེར་བར་བྱེད་དོ། །ཀྱེ་སྨྱོན་པ་ཡུལ་ལ་འཁྲུལ་པའི་སེམས་ས་པ་རི་བབས དང་ཤེས་རབ་གཅིག་པའོ། །གུ་ལཱི་ཞེས་པ་ནི་དགའ་བ་ལ་སོགས་པའི་རྣམ་པར་རྟོག་པ་མ་བྱེད་ཅིག་པའོ། །བདག་ཉིད་ཁྱོད་ཀྱི་ཁྱིམ་མི་མོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷན་ཅིག་སྐྱེས་པ་ནི་མཛེས་པ་ཅན་ནོ། །སྣ་ཚོགས་ཤེས་བྱ་བ་ལ་སོགས་པ་ནི་དེའི ལུས་ཀྱི་རི་རབ་པོ། །ཤིང་མཆོག་ནི་མ་རིག་པའི་གཟུགས་ལ་དགའ་བ་ལ་སོགས་པའི་སྔགས་ཀྱིས་སྣ་ཚོགས་པའི་རབ་ཏུ་བྱེད་པའི་རྒྱས་པར་ང?་གི་གཟུགས་སུ་གྱུར་པའོ། །འདིའི་ཡལ་ག་ཡང་ཕུང་ཕོ་ལྔ་ནམ་མཁའ་ལ་འོད་གསལ་ལ་རེག་པའོ། །དེའི་ཕྱིར་དེ་བདག མེད་མ་གཅིག་དུའོ། །རྣ་རྒྱན་ཞེས་པ་ནི་སྣ་ཚོགས་པའི་གནས་ལ་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔ་རུས་པའི་རྒྱན་གྱིས་བརྒྱན་པར་བྱས་ནས། །རྡོ་རྗེ་ནི་གྲབས་ཀྱིས་ཡེ་ཤེས་རྣམ་པར་འཛིན་པ་ཟུང་འཇུག་གི་ཚུལ་གྱིས་འདིར་ལུས་ཀྱི་རི་བོ་ལ་འགྲོ་བ་ནི་རོལ་པར བྱེད་པའོ། །རྐང་པ་གསུམ་པས་རོལ་པའི་བདེ་པའི་སྟོབས་གསུངས་ཏེ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པའི་ཁམས་གསུམ་ནི་ལུས་དང་ངག་དང་ཡིད་རྣམས་ནམ་མཁའ་ལ་འོད་གསལ་བ་བརྒྱད་ནས་དེ་ཡིས། གཟུང་བའི་བདེ་བ་ཆེན་པོར་ཉལ་བར་བྱས ནས། ས་བར་སེམས་ཀྱི་རྡོ་རྗེ་ནི། ལྟོ་འགྲོ་དང། ལྷན་ཅིག་གཟུགས་འཚོང་མ་ཞེས་བྱ་བ་ནི། ཉོན་མོངས་པ་འཇོམས་པའི་ཕྱིར་དཱ་རི་ཀ་སྟེ། བདག་མེད་མ་གཟུགས་འཚེད་མའོ། །དགའ་བས་ཞེས་པ་ནི་རོལ་པའི་དཔེ་མེད་པ་འཕེལ་བར་འགྱུར་རོ། །མཚན་མོ་ཞེས པ་ནི་མུན་པར་ཐབས་དང་ཤེས་རབ་ཀྱི་རྣམ་པར་རྟོག་པ་འཇོམས་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། དཔལ་གྱི་རྡོ་རྗེ་བདུད་རྩི་ཉིད་ཀྱང་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་བཞི་པས་རྒྱུ་དང་འབྲས་བུའི་ངོ་བོ་གསུངས་ཏེ། རྨ་བྱའི་མདོངས? ཤེས་བྱ་བ་ལ་སོགས་པ་ནི་སྙིང་གི་འོད་གསལ་ཀོ་ལར་མོས་པ་དང། ག་བུར་ནི་ཟུང་དུ་འཇུག་པའི་ངོ་བོས་རྒྱུ་དང། འབྲས་བུ་ཉིད་ཀྱིས་དེ་ཡིས་དེར་མོས་པའོ། །སྟོང་པ་ཞེས་པ་ནི་དེ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །བདག མེད་མའི་ཡེ་ཤེས་རྣལ་འབྱོར་མས། མགུལ་པ་ནི་ལོངས་སྤྱོདཀྱི་འཁོར་ལོར་རྣམ་པར་འཛིན་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་གྱིས། །ནམ་ཞེས་པ་ནི་རང་གི་ལུས་ལ་ཉོན་མོངས་པའི་མུན་པ་རང་ཉམས་པའོ། །དེ་བཞིན་དུ་ཡང་སཱུ་ཏ་ཀེ་ལས། རྒྱུ་དང འབྲས་བུ་རྒྱས་གདབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་ལྔ་པས་རྡོ་རྗེ་བླ་མའི་བདག་ཉིད་ཆེ་བ་གསུངས་ཏེ། བླ་མའི་གསུང་གི་ཞེས་བྱ་བ་ལ་སོགས་པའི་བླ་མ་དམ་པའི་གསུང་གཞུར་བྱས་ནས། རང་གི་ཡིད་བྱང་ཆུབ་ཀྱི་སེམས་ཀྱི མངའ་ཨོ། །མངའ་གཅིག་ཉིད་ནི་བསྡོགས་བྱས་ནས། ཤེས་པ་ནི་གཉིས་པོ་དག་གཅིག་ཏུ་བྱས་ནས་དབྱངས་གཅིག་ངེས་པར་སྒྲོགས་པས། དེ་ལ་གོམས་པར་བྱས་པར་གྱུར་པ་དེ་ཡིས་མྱ་ངན་ལས་འདས་པས་ས་ར་ཧའི་ཞབས་བདག་གིས་ཐོག་མ་མེད་པའི མ་རིག་པའི་བག་ཆགས་ཀྱི་སྐྱོན་བཅོམ་པའོ། །རྐང་པ་དྲུག་པས་སེམས་ཀྱི་ཡང་དག་པར་ཇི་ལྟ་བའི་ངོ་བོ་གསུངས་ཏེ། སྨྲོན་པ་ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པའི་ཆང་གིས་རབ་ཏུ་མྱོས་པ་དག་གི་སེམས་རྡོ་རྗེ་ཉིད་ས་བ་རའོ?། །ཆེར་ཁྲོས་པ་ཞེས་བ ནི་ཡེ་ཤེས་ཀྱི་དགའ་བའི་དྲིས་སྐུལ་བར་གྱུར་པ། བདེ་བ་ཆེན་པོའི་འཁོར་ལོར་པདྨ་བཞིན་དུ་གྱེན་དུ་རབ་ཏུ་བསྐྱོད་པ་ལས། དེ་ལ་ནུབ་པར་གྱུར་པའོ། །རི་མཆོག་ཅེས་བྱ་བ་ནི། གསུངས་པའི་དོན་གྲུབ་པའི་སློབ་དཔོན་བདག་གིས་ཇི་ལྟར་བཙལ་བར་བྱ། དེ་བཞིན དུ་ལུང་ལས་ཀྱང། ཇི་སྲིད་སེམས་ནི་རབ་འཇུག་པ། །བགྲོད་པ་རྣམས་ཀྱིས་མཐར་ཐུག་མེད། །སེམས་ཉིད་དེ་ལོག་པར་གྱུར་པ་ལ། །བགྲོང་བྱ་དང་ནི་བགྲོད་བྱེད་མེད། །པ་ཊ་ཧ་མཉྫ་རི་ཞེས་བྱ་བའི་གླུ་དབྱངས་ལཱུ་ཡི་པའི་ཞབས་ཀྱིའོ། །དངོས་པོ་མ་ཡིན་དངོས་པོ མེད་པའང་མ་ཡིན་པའི། །འདི་འདྲའི་སངས་རྒྱས་གང་གིས་ཡིད་ནི་ཆེས་པར་བྱེད། །ལཱུ་ཡིས་སྨྲས་པ་རྨོངས་པ་ཡ་མཚན་མཚོན་དུ་མེད། །ཁམས་གསུམ་ཉིད་དུ་རོལ་པ་དབྱིབས་དང་སྤྱོད་ལམ་མེད། །གང་གི་ཁ་དོག་མཚན་མ་གཟུགས་ནི་མི་ཤེས་སོ།། དེ་ནི་ཇི་ལྟར་ལུང་དང་རིག་བྱེད་དག་ལས་བཤད། །གང་གི་ཇི་ལྟར་སྨྲ་བ་བདག་གིས་དྲི་བར་བྱ། །ཆུ་ཡི་ཟླ་བ་ཇི་བཞིན་བདེན་དང་བརྫུན་པའང་མིན། །ལཱུ་ཡིས་སྨྲས་པ་བདག་གི་བསྒོམ་པ་ཇི་ལྟ་བུ། །གང་ཞིག་བླངས་འདུག་དེ་ནི་བདག གིས་མ་མཐོང་ངོ། །ཡེ་ཤེས་ཀྱི་དགའ་བས་བརྗོད་པའི་ལཱུ་ཡི་པའི་ཞབས་ཀྱིས་དེ་ཁོ་ན་ཉིད་ཀྱིས་དོན་ཁྱད་པར་དུ་འཕགས་པའི་ཕྱིར་གསུངས་ཏེ། དངོས་པོ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དེ་ཉིད་དེ་ཁོ་ན་ཉིད་མ་ཡིན་ནོ། །གང་གི་ཕྱིར་ན རིལ་པོར་འཛིན་པའི་དབྱེ་བ་མེད་པ་ལ་རྣམ་པར་དཔྱོད་པས་དངོས་པོར་དམིགས་པ་མེད་དེ་ཅི་སྟེ་དངོས་པོར་ཐོབ་པར་འགྱུར། དངོས་པོ་མེད་པ་ཡང་མ་ཡིན་ཏེ། བདེན་པ་མ་ཡིན་པའི་ངོ་བོའི་ཕྱིར་འདི་འདྲ་བའི་རྫོགས་པའི་སངས་རྒྱས་ཀྱང སེམས་ཅན་གང་གིས་ཀྱང་དེ་ཉིད་ཡིད་ཆེས་པར་བྱེད་ཅེས་སོ། །དྷྲུའི་རྐང་པས་ངོ་བོ་ཉིད་ཀྱི་རང་བཞིན་ཐོབ་པར་དཀའ་པ་གསུངས་ཏེ། ལཱུ་ཡིས་སྨྲས་པ་ཞེས་བྱ་བ་ལ་སོགས་པའི་གྲུབ་པའི་སློབ་དཔོན་ལཱུ་ཡི་པའི་ཞབས་ཉིད་ཀྱིས་ཏེ། འདི་ཉིད མཚན་པར་དཀའ་བའི་དེ་ཉིད་བྱིས་པའི་རྣལ་འབྱོར་པས་མཚོན་མི་ནུས་པའོ། །གང་གི་ཕྱིར་ཁམས་གསུམ་ནི་ལུས་ངག་ཡིད་གསུམ་རྣམ་པར་རོལ་པ་ནི་རྩེ་བར་བྱེད་པའོ། །དེའི་རྒྱུད་ལ་རིང་པོ་དང་ཐུང་དུ་དང་ཟླུམ་པོ་ལ་སོགས་པ་དབྱིབས་མི ཤེས་པས་གང་རུ་ངེས་པར་གནས་པར་བྱེད་དོ་ཞེས་པའོ། །རྐང་པ་གཉིས་པས་གསུངས་པའི་དོན་དེ་ཉིད་གསལ་བར་བྱེད་དོ། །གང་གི་ཞེས་བྱ་བ་ལ་སོགས་པ་ནི་གང་གི་དེ་ཉིད་ཀྱི་མཚན་མའི་གཟུགས་རྟོགས་པ་མེད་པ་སྟེ། དེ་ཡང་ཇི་ལྟར སྣ་ཚོགས་པའི། སྙན་དངགས་དང་འདུལ་བ་དང་ལུང་དང་བསྟན་ཆོས་དང་རིག་བྱེད་རྣམས་ཀྱིས་བཤད་པའོ། །དེ་བཞིན་དུ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང། དམར་པོ་མ་ཡིན་སེར་པོ་དང། །བརྩོད་ཁའི་ཁ་དོག་དེ་མི་དམིགས་ཞེས་བྱ་བ་ལ་སོགས་པ་གསུངས སོ། །རྐང་པ་གསུམ་པས་དེ་ཁོ་ན་ཉིད་ཀྱི་རང་བཞིན་གསུངས་ཏེ། གང་གི་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཅི་ཞིག་གྲོལ་ཏེ་སོ་སོའི་སྐྱེ་བོའི་ཕྱིར་བར་གྱི་གྲུབ་མཛའ་ཅི་ཞིག་སྦྱིན་པར་བྱ། །ཇི་ལྟར་ཆུ་ཟླ་བདེན་པ་ཡང་མ་ཡིན་མི་བདེན་པ་ཡང་མ ཡིན་པའོ། །དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་སྒོམ་པའི་གྲོང་ཁྱེར་གྱི་གཟུགས་བརྙན་ནོ། །དེ་ཇི་ལྟར་སྦྱར་ཏེ་བཤད་པར་བྱ། ཡང་ན་དེ་ལ་ཇི་ལྟར་ཡིད་ཆེས་པར་བྱེད་དེ་སྨྲར?་མེད་པའི་ཕྱིར་རོ། །རྐང་པ་བཞི་པས་སེམས་ཀྱི་ངོ་བོ་གསུངས་ཏེ། ལཱུ་ཡིས སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ལཱུ་ཡི་པའི་ཞབས་ཀྱིས་གསུངས་པ་སྟེ། བདག་གིས་བསྒོམ་པར་བྱ་བ་དང་སྒོམ་པ་པོ་སྒོམ་པ་རྣམས་ངོ་བོ་མེད་པས་ཅི་ཞིག་བསྒོམ་པར་བྱ། དེའི་ཕྱིར་རྐང་པ་བཟུང་ནས་བདག་གནས་པ་སྟེ། དེ་ཡང་བླ་མའི་གསུང གིས་རྣམ་པར་དཔྱད་ནས་དེའི་དབྱིབས་མདོར་བསྟན་པ་མེད་དེ་མ་མཐོང་བའོ། །དེ་བཞིན་དུ་ཡང། སེམས་ནི་ངེས་པར་རྟོགས་པ་ཡིས། །གང་གི་ཚེ་ན་གོམས་བྱེད་པས། །དེ་ཚེ་སེམས་ནི་ངས་མ་མཐོང། །གང་རུ་སོང་ཞིང་གང་ནས་འགྱུར། །མལ ལ་རེ་ཞེས་བྱ་བའི་གླུ་དབྱངས་བྷུ་སུ་ཀུའི་ཞབས་ཀྱིའོ། །སྙིང་རྗེའི་སྤྲིན་ནི་རྒྱུན་མི་འཆད་པར་འཕྲོ། །དངོས་པོ་དངོས་མེད་རྟོག་ཅིང་རྟོག་ཅིང་སེལ། །ཡ་མཚན་ཆེ་བ་ནམ་མཁའ་ཨི་མཐིལ་དུ་ཤར། །ལྷན་སྐྱེས་རང་བཞིན་ལྟོས་ཤིག་བྷུ་སུ་ཀུ། གང་གི་ཡིད་ལ མིག་འཕྲུལ་ཆད་གྱུར་པ། །རང་གི་ཡིད་ལ་དགའ་བ་སྟེར་པར་བྱེད། །ཡུལ་ནི་རྣམ་དག་བདག་གི་དགའ་བ་རྟོགས། །ནམ་མཁའ་ཨི་མཐིལ་དུ་ཇི་ལྟར་ཟླ་བ་ཤར། །དེར་ནི་ཁམས་གསུམ་པོ་ནི་རྣམ་པར་བརྐྱང། །གར་ཤར་བྷྲུཾ་སུ་ཀུ་ཡི་མུན་པ་སེལ། ། དེ་ཁོ་ན་ཉིད་ཀྱི་དོན་བདེ་བ་ཆེན་པོའི་དགའ་བས་རབ་ཏུ་ཚིམ་པའི་འདུ་ཤེས་གསུམ་པའི་ཞབས་ཀྱིས་གསུངས་སོ། །སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དང་དངོས་པོ་མེད་པར་གཟུང་བའི་རྣམ་པར་རྟོག་པ་སེལ་བ་སྟེ་རང་བཞིན་མེད་པར བྱས་ནས་ཡོངས་སུ་དག་པའི་ལོངས་སྤྱོད་རྫོགས་པའི་སྐུ་རྣལ་འབྱོར་གྱི་དབང་ཕྱུག་གི་བླ་མའི་དྲིན་ལས་འཕྲོ་པའོ། །དེའི་ཕྱིར་དྷུའི་རྐང་པས་དེའི་མཐུ་གསུངས་ཏེ། ཤར་པ་ཞེས་བྱ་བ་ལ་སོགས་པ་དེ་ལས་དེ་ཁོ་ན་ཉིད་རྟོགས་པ་སྟེ། འོད གསལ་ཡ་མཚན་ཆེ་བ་ཟུང་འཇུག་གི་འཇུག་གི་འབྲས་དུ་ཤར་བར་གྱུར་པའོ། །དེའི་ཕྱིར་ཀྱེ་རྣལ་འབྱོར་པ་འདུ་ཤེས་གསུམ་པའི་ཞབས་བླ་མའི་དྲིན་ལས་དགའ་པ་གསུམ་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ལྟོས་ཤིག་ནི་ཤེས་པར གྱིས་ཤིག་པ་སྟེ། བདག་ཉིད་ལ་རང་གིས་འབོད་པར་བྱེད་པའོ། །རྐང་པ་གཉིས་པས་དེའི་མཐུ་སྟོན་པར་བྱེད་དེ། །གང་གི་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ལྷན་ཅིག་སྐྱེས་པའི་དགའ་བ་སོ་སོར་བལྟ་བས་མིག་འཕྲུལ་ནི་དབང་པོའི་ཚོགས་ཆད ཅིང་མེད་པར་བྱེད་པའོ། །དེ་བཞིན་དུ་སར་ཧའི་ཞབས་ཀྱིས་ཀྱང། གང་དུ་དབང་པོ་ཐིམ་གྱུར་པ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་ཞེས་བྱ་བ་ལ་སོགས་པ་ནི་འབྱུང་བས་རྣམ་པར་མི་རྟོག་པའི་རྣམ་པས་རང་གི་ཡིད་བྱང་ཆུབ་ཀྱི་སེམས རྡོ་རྗེ་བླ་མའི་དྲིན་གྱིས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་པར་བྱེད་དོ། །དེ་བཞིན་དུ་སར?་ཧའི་ཞབས་ཀྱིས་ཀྱང། སེམས་དང་སེམས་མེད་ཡོངས་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་ལམ་གྱིས་རྗེས་སུ་བསྔགས་པ་གསུངS ཏེ། ཡུལ་ནི་ཞས་བྱ་བ་ལ་སོགས་པ་ནི་དཔེར་ན་ཟླ་བ་ཡིས་ནམ་མཁའ་འོད་གསལ་བར་བྱེད་དོ། །དེ་བཞིན་དུ་བདག་གིས་ཡུལ་རྣམས་ཀྱི་རྣམ་པར་དག་པ་ལས་སོ། །དགའ་བ་ཞེས་པ་ནི་ཁྱད་པར་གྱི་དགའ་བ་དང་མཆོག་དགའ་ཁོང་དུ་ཆུད་པས་ལྷན་ཅིག་སྐྱེས་པའི དགའ་བའི་ཟླ་བ་ཡིས་གཏི་མུག་གི་མུན་པ་འཇོམས་པར་བྱེད་པའོ། །རྐང་པ་བཞི་པས་འབྲས་བུ་ཐོབ་པའི་ཕྱིར་དེའི་མཐུ་གསུངས་ཏེ། དེར་ནི་ཞེས་བྱ་བ་ལ་སོགས་པ་དེ་ལ་འཇིག་རྟེན་གསུམ་དུ་དགའ་བ་བཞི་དང་བྲལ་ན་ཐབས་གཞན་མེད་པའོ། །གང་ཞིག ཤར་བས་གྲུབ་པའི་སློབ་དཔོན་འདུ་ཤེས་གསུམ་པའི་ཞབས་ཀྱིས་ཉོན་མོངས་པའི་མུན་པ་བསལ་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། གང་ཤར་ད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །པ་ཌ་རྒ་མཉྫ་རི་ཞེས་བྱ་བའི གླུ་དབྱངས་འཕགས་པ་ལྷའི་ཞབས་ཀྱིའོ། །གང་ལ་ཡིད་དང་དབང་པོ་རླུང་རྣམས་ཞུགས་གྱུར་ན། །བདག་གིས་མི་ཤེས་གང་དུ་སོང་དང་གང་དུ་སླེབ། །ཡ་མཚན་སྙིང་རྗེ་ཌ་མ་རུ་ཉིད་སྒྲོགས་པར་བྱེད། །འཕགས་པ་ལྷ་ནི་དམིགས་པ་མེད་ལ་རྣམ་པར མཛོས། །ཟླ་བ་ཟླ་བའི་འོད་ཟེར་ཇི་བཞིན་ཡོངས་སུ་ཤེས་། སེམས་ཀྱི་རྣམ་འགྱུར་དེ་ལ་འཕངས་ནས་ཡོངས་སུ་ཞུགས། །སྤངས་གྱུར་སྲིད་པའི་སྐྱག་བྲོ་འཇིག་རྟེན་སྤྱོད་པ་རྣམས། །ལྟ་ཞིང་ལྟ་བས་སྟོང་པ་ཉིད་ལ་རྣམ་པར་དཔྱད། །འཕགས་པ་ལྷ་ནི ཀུན་ལ་རྣམ་པར་དཔྱོད་པར་བྱེད། །འཇིགས་པ་དང་ནི་སྐྱུག་བྲོ་རིང་དུ་ཟད་པར་བྱས། །དེ་ཁོ་ན་ཉིད་ཀྱི་དོན་གྱིས་རབ་ཏུ་དགྱེས་པའི་འཕགས་པ་ལྷའི་?་ཞབས་ཀྱིས་གསུངས་ཏེ། གང་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་འོད་གསལ་དཀྱིལ་འཁོར་ལ་སོགས པ་སྡུད་པའི་རིམ་པས་ཡུལ་དང་རླུང་དང་དབང་པོ་ལ་སོགས་པ་རང་བཞིན་མེད་པར་གྱུར་པ་དེ་ལ་རབ་ཏུ་ཞུགས་པར་གྱུར་ན། བདག་གིས་ཤེས་བྱ་བ་ནི་སེམས་ཀྱི་རྒྱལ་པོ་མཚོན་པ་ཡང་མི་ཤེས་ཤིང་གང་དུ་སོད་པ་ཉིད་ཀྱང་ངོ། །དྷྲུའི་རྐང་པས་དགའ་བ་བརྟན པར་བྱེད་དོ། །ཡ་མཚན་ཞེས་པ་ནི་རྨད་དུ་བྱུང་བའི་སྙིང་རྗེ་ཞེས་ཏེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བླ་མའི་དྲིན་ལས། ཌཱ་མ་རུ་ཞེས་པ་ནི་གཞོམ་དུ་མེད་པའི་སྒྲར་བྱེད་པ་སྟེ། གཞོམ་དུ་མེད་པའི་སྒྲའི་ཡེ་ཤེས་རྣམ་པར་རྟོགས་པའོ། །དེའི་ཕྱིར་འཕགས་པ་ལྷའི ཞབས་དམིགས་པ་མེད་པ་ཆོས་ཐམས་ཅད་མི་དམིགས་པ་ལ་རྣལ་འབྱོར་གྱི་དབང་ཕྱུག་གིས་མཛེས་ཤིང་བརྗིད་པའོ། །རྐང་པ་གཉིས་པས་ཡུལ་གྱི་རང་བཞིན་གསུངས་ཏེ། ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཟླ་བ་ནུབ་པ་ན་དེར་ཟླ་བའི་འོད་ཟེར་ ཡང་དེ་ལ་ནུབ་པར་འགྱུར་བའི་ཕྱིར་རོ། །རྣམ་འགྱུར་ཞེས་པ་ནི་དེ་བཞིན་དུ་སེམས་ཀྱི་རྒྱལ་པོ་ཡང་གང་གི་ཚེ་སེམས་མེད་པ་འོད་གསལ་ལ་ཐིམ་པར་འགྱུར་རོ། །དེའི་ཚེ་དེའི་རྣམ་པར་རྟོག་པ་ཐིམ་ཞིང། དེ་ལ་ནུབ་པར་འགྱུར་རོ།། དེ་བཞིན་དུ་ལུང་ལས་ཀྱང་། ཟླ་བ་ནུབ་པར་འགྱུར་བ་ཇི་བཞིན་དུ། །ཆུ་ཡི་ཟླ་བ་ཇི་སྙེད་ནུབ་པར་འགྱུར། །དེ་བཞིན་སེམས་ཀྱང་ལྷན་སྐྱེས་ལ་ནི་ནུབ། །དེ་བཞིན་རྣམ་པར་རྟོག་པ་ཀུན་ཀྱང་ངོ། །རྐང་པ་གསུམ་པས་དངོས་པོ་ཆ་ཤས་མེད་པ་གསུངS ཏེ། སྤངས་ནས་ཞེས་བྱ་བ་ལ་སོགས་པ་ནི་དེའི་ཕྱིར་གྲུབ་པའི་སློབ་དཔོན་བདག་གིས་འཇིགས་པ་དང་ངོ་ཚ་བ་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་པ་ཡོངས་སུ་སྤངས་ནས་བླ་མའི་གསུང་གི་ལམ་གྱིས་སྟོང་པ་ཉིད་ལ་ངེས་པར་ལྟ་བའོ། །དངོས པོ་ནི་བདག་མེད་པའི་གཟུགས་ལ་ལྟ་བའོ། །རྐང་པ་བཞི་པས་བདག་ཉིད་ཀྱིས་རྗེས་སུ་བསྔགས་པ་གསུངས་ཏེ། འཕགས་པ་ལྷ་ཞེས་བྱ་བ་ལ་སོགས་པའི་འཕགས་པ་ལྷའི་ཞབས་ཀྱིས་བླ་མ་དམ་པའི་དྲིན་ལས་བདག་མེད་པའི་ཆོས་ཐམས ཅད་མངོན་སུམ་དུ་མཛད་ནས་འཁོར་བའི་སྐྱོན་ཐམས་ཅད་སུན་ཕྱུང་ནས་འབྲས་བུ་མེད་པར་མཛད་དོ་ཞེས་སོ། །དེ་ཤ་ཁ་ཞེས་བྱ་བའི་གླུ་དབྱངས་ས་ར་ཧའི་ཞབས་ཀྱིའོ། །ནཱ་ད་ཐིག་ལེ་ཉི་ཟླའི་དཀྱིལ་འཁོར་མེད། །སེམས་ཀྱི་རྒྱལ་པོ་ངོ་བོ་ཉིད་ཀྱིས གྲོལ། །དྲང་པོའི་ལམ་སྤངས་གཞན་ནི་མ་ལེན་ཅིག། བྱང་ཆུབ་ཉེ་བོ་རིང་དུ་མ་འགྲོ་རེ། །ལག་གདུབ་བལྟ་ལ་མེ་ལོང་མ་ལེན་ཅིག། བདག་གིས་བདག་ཉིད་ངེས་པར་ཤེས་པས་སོ། །ཕ་རོལ་ཚུ་རོལ་འགྲོ་བ་དེ་ཡིས་སོ། །སྡུག་པའི་སྐྱེ་པོ་དང་འགྲོགས འཆི་བར་འགྱུར། །གང་གི་གཡས་གཡོན་དག་ནི་དོང་དང་གཡང། །ས་ར་ཧས་སྨྲས་དྲང་པོའི་ལམ་མོ་ཀྱེ། །དེ་ཁོ་ན་ཉིད་ཀྱི་དོན་ཆོས་ཐམས་ཅད་ཁོང་དུ་ཆུད་པ་གྲུབ་པའི་སློབ་དཔོན་ས་ར་ཧའི་ཞབས་ཀྱིས་སྐྱེ་བོ་རྣམས་ཀྱི་ཕྱིར་གསུངས་སོ། །ནཱ་ཌ་ཞེས་བྱ་བ ལ་ཏ?་སོགས་པ་ནི་བླ་མ་དམ་པའི་གསུང་གི་བདུད་རྩིའི་རླབས་ཀྱིས་མཐུས་དོན་དམ་པ་སེམས་ཀྱི་རིན་པོ་ཆེ་ནཱ་ད་དང་ཐིག་ལེ་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པའི་རང་བཞིན་གྱིས་ཡོངས་སུ་གྲོལ་བ་ནི་ཐོག་མ་མེད་པའི་མ་རིག་པའི་ཤེས་པའི རབ་རིམ་ལས་སོ། །སླར་ཡང་གཞན་གྱི་ངོ་བོ་ལྟ་བའི་ཕྱིར་རོ། །དེ་བཞན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། ཨ་ཧོ་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྷྲུའི?་རྐང་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། དྲང་པོ་ཞེས་བྱ་བ་ལ་སོགས་པ་དེ་ནི དེའི་ཕྱིར་ཨ་བ་དྷཱུ་ཏིའི་ལམ་རྣམ་པར་སྤངས་ནས་རྣལ་འབྱོར་གྱི་དབང་ཕྱུག་གི་ཐབས་གཞན་མེད་པའོ། །དེ་ཡིས་འགྲོ་ན་བྱང་ཆུབ་རྒྱལ་པོའི་ཕོ་བྲང་ཉེ་བར་གནས་པའོ། །དེ་ནི་ཡང་དག་པར་བོད་པའོ། །ཀྱེ་བྱིས་པའི་རྣལ་འབྱོར་པ་ལམ་སྐྱོག པོ་ལ་ལྷུང་བས་སླར་ཡང་འཁོར་བའི་སྲིད་པ་མ་ལེན་ཅིག་པའོ། །རྐང་པ་གཉིས་པས་རང་གི་རྐྱེན་ཉིད་དུ་བྱེད་པ་གསུངས་སོ། །ལག་པ་ཅེས་བྱ་བ་ལ་སོགས་པ་ནི་ལག་པའི་གདུབ་བུ་ལ་མེ་ལོང་གིས་ཅི་ཞིག་བྱེད་པ་སྟེ། ཀྱེ་བྱིས་པའི་རྣལ་འབྱོར བ་ཁྱེད་ཀྱིས་སོ། །རང་གིས་དེ་ཉིད་རྡོ་རྗེ་བླ་མའི་དྲིན་ལས་རང་གི་ཡིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཤེས་པའི་ཕྱིར་རོ། །དེ་ལྟ་བས་ན་ཁྱོད་བླ་ན་མེད་པའི་ཆོས་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་སོ། །རྐང་པ་གསུམ་པས་བྱང་ཆུབ་ཀྱི རྗེས་སུ་བསྔགས་པ་གསུངས་ཏེ། ཕ་རོལ་ཚུལ་རོལ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་དོན་དམ་པ་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་མཆོག་གི་རྣལ་འབྱོར་པས་རྟོགས་པར་འགྱུར་པའོ། །དེའི་རྗེས་སུ་དེ་བླ་མའི་དྲིན་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ ཐོབ་པར་འགྱུར་པའི་ཕྱིར་འཁོར་བའི་སྲིད་པར་དེ་སོ་སོའི་སྐྱེ་བོས་ཁོང་དུ་ཆུད་པར་འགྱུར་རོ། །དེ་བས་ན་གཏི་མུག་ལ་སོགས་པ་སྡུག་པའི་སྐྱེ་བ་དང་འགྲོགས་ན་འཁོར་བའི་རྒྱ་མཚོར་འབྱིངས་པར་འགྱུར་རོ། །རྐང་པ་བཞི་པས་སླར་ཡང་ལམ་གྱིས རྗེས་སུ་བསྔགས་པ་གསུངས་ཏེ། གཡས་གཡོན་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །དེའི་ཕྱིར་ས་ར་ཧའི་ཞབས་ཀྱིས་ཀྱང། བདེ་བ་ཆེན་པོའི་གྲོང་ཁྱེར་དུ་ནི་འགྲོད་པའི་ཕྱིར། ཀུན་སྤངས་ལམ་བཞིན་འབྲས་བཟང?་མ་ཡོ་རེ་གྱིས།། དེ་བཞིན་གླུ་དབྱངས་གཞན་ལས་ཀྱང། །ཁལ?་ས་འགག་དང་ཤོ་གམ་མེད་པ་ཡི། །མིག་གིས་མཐོང་པའི་ལམ་ལ་འགྲོ་བར་གྱིས། །པ་ཌ་ཧ་མཉྫ་རི་ཞེས་བྱ་བའི་གླུ་དབྱངས་ཊེ་ཎ་ཊེ་ཎ་པའི་ཞབས་ཀྱིའོ། །གྲོང་ཁྱེར་དབུས་ན་བདག་གི་ཁྱིམ་སྟེ་ཁྱིམ་ཚེས་མེད།། ཕྲུ་བ་ལ་ནི་ཟན་མེད་རྟག་ཏུ་འདྲི་མ་པར་བྱེད། །སྦལ་པ་ཡིས་ནི་སྤྲུལ་ཉིད་འདེབ་པ་ཉིད་དུ་བྱེད། །འོ་མ་བཞོས་པས་ནུ་མ་ལ་ནི་ཞུགས་པར་འགྱུར། །གླང་ནི་སྐྱེད་གྱུར་པ་ནི་མོ་གཤམ་ལ། །ཁྲི་ནི་འཇོ་བར་བྱེད་དེ་ཐུན་མཚམས་གསུམ། །གང་དེ་བློ་ལྡན་དེ ནི་བློ་མེད་པ། །གང་དེ་ཚོམ་པོ་དེ་ནི་མཁའ་?་གསུངས་སོ། །རྟག་ཏུ་ལྕེ་སྤང་སེང་གེ་མཉམ་དུ་?། །ཊེ་ཎ་ཊེ་ཎ་ཞབས་གླུ་ནི་སུས་ཀྱང་གོ་བ་ཉུང། །དོན་དེ་ཉིད་མཆོག་ཏུ་དགའ་བའི་ཚོགས་ཀྱིས་ཚིམ་པའི་གྲུབ་པའི་སློབ་དཔོན་ཊེ་ཎ་ཊེ་ཎ་ས་དགོངས་པའི སྐད་ཀྱིས་གསུངས་ཏེ། གྲོང་ཁྱེར་དབུས་ཞེས་བྱ་བ་ལ་སོགས་པ་ནི་ཌཱ་ཞེས་པ་ནི་ཌ་མ་ལ་མི་བདེན་པའི་གཟུགས་ཏེ་ལུས་དང་དག་ཡིག་གསུམ་གྱི་དྲུག་ཅུ་ལྷག་པའི་བརྒྱའི་རང་བཞིན་གྱི་ཉེས་པ་གང་དུ་བདེ་བ་ཆེན་པོའི་འཁོར་ལོ་ལ་ཐིམ་པར་གྱུར་པ་དེ་ཉིད་བདག གི་ཁྱིམ་ཚེས་སུ་གནས་པ་ཟླ་བ་ཉི་མ་ཉིད་རྡོ་རྗེ་བཟླས་པའི་རིམ་པས་དེ་ཉིད་ལ་ཐིམ་པར་གྱུར་པའོ། །ཕྲུ་བ་ཞེས་པ་ནི་ལུས་ཀྱི་གཞི་ལ། །ཟན་ནི་དེའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྣམ་པར་ཤེས་པའི་ངོ་བོ་བླ་མའི་དྲིན་གྱིས་དེ་ལ་དེའི་དམིགས་པ་ཡོད་པ་མ་ཡིན པའོ། །དེའི་ཕྱིར་བདག་མེད་པའི་ངོ་བོ་ཉིད་དེ་ཡིས་རྣལ་འབྱོར་གྱི་དབང་ཕྱུག་རྟག་ཏུ་རྒྱུན་མི་འཆད་པར་ཞུགས་ནས་ཡང་དང་ཡང་དུ་སེམས་ལ་རྟོག་པར་བྱད་དོ། །དྷཱཱིུ་རྐང་པས་དོན་དེ་ཉིད་བརྟན་པར་བྱེད་དོ། །སྦལ་པ་བེམ་ག་ལ་སོགས་པ་སྟེ། །དེ་སྐལ་པའོ།། ཡན་ལག་མེད་པ་སྟོང་པ་ཉིད་དེ་ལ་འོད་གསལ་དུ་རིག་པར་བྱའོ། །ཡན་ལག་ནི་འགྲོ་བ་དྲུག་དུ་བརྐྱང་ཞིང་འགྲོ་བའི་ཕྱིར་སྤྲུལ་ལོ། །དེ་ཉིད་རླུང་གི་ངོ་བོ་དེ་ཡིས་ཡན་ལག་དང་བྲལ་བའི་འོད་གསལ་གྱིས་རྣམ་པར་ཤེས་པའི་རླུང་གིས་བསྐུལ་པའོ། །འོ་མ་བཞོས་པས་ཞེས པ་ནི་ལས་ཀྱི་ཕྱག་རྒྱ་དང་ཡང་དག་པར་འཁྱུང་པས་རྡོ་རྗེའི་རྩེ་མོར་བྱང་ཆུབ་ཀྱི་སེམས་གང་རྣལ་འབྱོར་གྱི་དབང་ཕྱུག་གི་ནུ་མ་ཞེས་པ་རྡོ་རྗེའི་རྩབ་ནས་བདེ་བ་ཆེན་པོའི་འཁོར་ལོར་འགྲོ་བའི་ཕྱིར་རོ། །ཅི་སྟེ་ངོ་མཚར་བ་ཞེས་སོ། །རྐང་པ་གཉིས་པས་གོམས་པའི་ཁྱད པར་གསུངས་ཏེ། གླང་ཞེས་བྱ་བ་ལ་སོགས་པ་ལ་ནི་ཤ་བོ་དེ་ཧ་ལུས་ལ་སྟེར་བར་བྱེད་པའི་ཕྱིར་རོ། །བ་ལ་དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་སྣང་བ་གསུམ་རབ་ཏུ་སྐྱེས་པར་གྱུར་པའོ། །བ་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་ཁྱིམ་དུ་མོ་ཤམ་བདག་མེད་མ་དེ་ལ དབང་དུ་བྱེད་པའོ། །ཁྲི་ནི་རང་གི་རྡོ་རྗེའི་རྩེ་མོར་བླ་མའི་དྲིན་ལས་དེའི་སྣང་པའི་སྐྱོན་གཉིས་འཛེ?་བ་ཞེས་པ་ནི་རང་བཞིན་མེད་པའི་བྱ་བར་བྱེད་པའོ། །ཐུན་མཚམས་གསུམ་ཞེས་པ་ནི་ཉིན་དང་མཚན་དུ་རྣལ་འབྱོར་པས་ཞེས་སོ། །དེ་བཞིན་དུ་སར་ཧའི་ཞབས་ཀྱིས ཀྱང་རྡོ་རྗེ་དང་ནི་ཆུ་སྐྱེས་ཡང་དག་སྦྱོར། །རྣལ་འབྱོར་དྲི་མེད་མཆོག་གི་བདེ་ཆེན་འགྱུར། །དེ་ཡི་ཚེ་མ་དགའ་བའི་དབྱེ་བ་ནི། །དེ་ལ་མཚོན་དུ་མེད་པ་ཡོངས་ཀྱི་ཚད། །རྐང་པ་གསུམ་པས་རང་བཞིན་ཡོངས་སུ་མཇལ་བ་གསུངས་ཏེ། གང་དེ་བློ་ཞེས་བྱ་བ་ལ་སོགས པ་ནི་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་བློ་གང་ཡིན་པ་དེ་རྣམ་པར་རྟོག་པའི་ཡེ་ཤེས་པའོ། །དེ་དོན་དམ་པ་རིག་པ་རྣམས་ཀྱིས་སོ་སོར་བླ་མའི་དྲིན་ལས་དམིགས་པ་མེད་པའི་ངོ་བོ་ཉིད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། གང་འདིར་མཚན་བཅས་བདེ པ་དེ་ཉིད་ནི། །ཆེན་པོ་རྣམས་ཀྱི་མཚན་མ་ཡོངས་སུ་ཞི་ཞེས་སོ། །དེའི་ཕྱིར་ན་ཡང་གང་དེ་ཉིད་སེམས་ཀྱི་རྒྱལ་པོ་ནི་ཆོམ་པོ་སྟེ་མ་བྱིན་པར་ལེན་པར་བྱེད་དོ། །དེ་ཉིད་ཀྱིས་དངོས་པོ་རྣམ་པར་སྤྱོད་པ་དང་ལྡན་པར་གྱུར་པ་དེའི་མི་མཐུན་ཕྱོགས་དོན་དམ་པའི ངོ་བོ་ཉིད་དོ། །དེའི་ཕྱིར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབ་པར་དཀའ་བ་དོན་དམ་པའི་བདེན་པ་སྡུག་བསྔལ་དེ་སྡུག་བསྔལ་གྱིས་བསྒྲུབ་པ་ཞེས་སོ། །རྐང་པ་བཞི་པས་རང་བཞིན་ངོ་བོ་ཉིད་གསུངས་ཏེ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ ནི་འཆི་བ་སོགས་བ་རྒྱུན་དུ་འཇིགས་པར་བྱེད་པ་དེ་ཉིད་དང་བཅས་པའི་སེམས་ནི་ལྕེ་སྤྱང?་དང་མཚུངས་པའོ། །གང་གི་ཚེ་དགེ་བའི་བཤེས་གཉེན་གྱི་བྱིན་གྱིས་བརླབས་པ་ལས་འོད་གསལ་རྣམ་པར་དག་པར་བྱེད་དོ། །དེའི་ཚེ་ཟུང་འཇུག་སེང་གེ་དང འདྲ་བར་བྱེད་དོ། །ཊེ་ཎ་ཊེ་ནའི་ཞབས་ཀྱི་གླུ་དབྱངས་འདི་འདྲ་སེམས་ཀྱིས་ཡོངས་སུ་རྟོགས་པ་ཉུང་སྟེ། རྟག་ཏུ་ལྟ་བའི་སེམས་ཅན་ཆེན་པོ་གང་ཞིག་གིས་ཀྱང་དོན་ཁོང་དུ་ཆུད་པར་བྱེད་པར་འགྱུར་རམ་ཞེས་སོ། །བ་ར་ཌི་ཞེས་བྱ་བའི་གླུ་དབྱངས་དཱ་རི ཀ་པའི་ཞབས་ཀྱིའོ། །སྟོང་པ་དང་ནི་སྙིང་རྗེ་དག། དབྱེ་བ་མེད་པས་ལུས་ངག་ཡིད། །རྣམ་པར་རོལ་པ་དཱ་རི་ཀ། ཕ་རོལ་མཆོག་གི་འགྲམ་དུ་སོང། །མཚན་ཉིད་མེད་པའི་མཚན་ཉིད་སེམས། །བདེ་བ་ཆེན་པོས་རྣམ་པར་རོ་ལ། །དཱ་རི་ཀ་པ་ནམ་མཁའ་ལ། །ཕ་རོལ མཆོག་གི་འགྲམ་དུ་སོང། །ཁྱོད་ཀྱིས་སྔགས་གང་ཁྱོད་རྒྱུད་དང། །ཁྱོད་ཀྱི་བསམ་གཏན་ཅི་ཞིག་བཤད། །རང་གནས་བདེ་བ་ཆེན་པོར་ཐིམ། །མཚོན་དཀའ་དོན་དམ་མྱ་ངན་འདས། །བདེ་སྡུག་ཅིག་ཏུ་བྱས་ནས་ནི། །མིག་འཕྲུལ་དྲ་བ་ཟ་བར་བྱེད།། རང་གཞན་གཞན་ཉིད་དཱ་རི་ཀ། མ་ལུས་བླ་ན་མེད་པར་ཤེས། །རྒྱལ་པོ་རྒྱལ་པོ་ཉིད་ཀྱི་རྒྱལ། །གཞན་ཡང་རྒྱལ་པོ་རྨོངས་པས་འཆིང། །ལཱུ་ཡི་པ་ཞབས་དྲིན་གྱིས་ནི། །དཱ་རི་ཀ་པས་ས་བཅུ་ཐོབ། །དོན་དེ་ཉིད་ཆོས་ཟབ་མོ་ཁོང་དུ་ཆུང་པའི་གྲུབ་པའི་སློབ དཔོན་དཱ་རི་ཀས་གསུངས་སོ། །སྟོང་པ་དང་ནི་སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྙིང་རྗེ་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང། སྟོང་པ་ཞེས་པ་ནི་དེ་ཡོངས་སུ་རྫོགས་པའི་གཟུགས་དོན་དམ་པའི་བདེན་པའོ། །གཉིས་པོ་དབྱེར་མེད་པར་ཉེ བར་སྤྱོད་པས་གཟུང་ནས་རྡོ་རྗེ་བླ་མའི་བྲིན་ལས་གྲུབ་པའི་སློབ་དཔོན་དཱ་རི་ཀས་སོ། །ནམ་མཁའ་ཞེས་པ་ནི་སྣང་བ་ལ་སོགས་པ་སྟོང་ཉིད་གསུམ་དུ་ཤེས་པར་བྱའོ། །དེའི་ཕ་རོལ་འོད་གསལ་བ་བདེ་བ་ཆེན་པོས་ཡོངས་སུ་གང་བ་ལུས་དང་ངག་དང ཡིད་རྣམས་རང་བཞིན་དང་བྲལ་བའི་ངེས་པས་རྣམ་པར་རོལ་པར་བྱེད་དོ། །དེ་བཞིན་དུ་ལུང་ལས་ཀྱང། །དངོས་པོ་རྣམས་ལས་སྟོང་པ་ཉིད། །གཞན་དངོས་གནས་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྷྲུའི་རྐང་པས་དོན་དེ ཉིད་བརྟན་པར་བྱེད་དོ། །མཚན་ཉིད་མེད་ཅེས་པ་ནི་མ་སྐྱེས་པ་སྟེ་མཚན་ཉིད་མེད་པ་སེམས་ཀྱི་མཆན་ཉིད་དོ། །དེ་ཡིས་འདི་གསལ་བའི་སེམས་ཀྱིས་རྣམ་པར་རོལ་པར་བྱེད་དེ་བདེ་བའི་ཕ་རོལ་ཏུ་འགྲོ་བའོ། །རྐང་པ་གཉིས་པས་གཞན་མ་ཡིན་པར འབོད་པར་བྱེད་དོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཞེས་པ་སྟེ་ཕྱིའི་སྔགས་བཟླས་པས་ཀྱེའི་བྱིས་པ་རྨོངས་པའི་རྣལ་འབྱོར་པ་ཅི་སྟེ། ཁྱོད་ཀྱི་རྒྱུད་ཀྱི་ཞེས་ཏེ་དེ་ལ་ཀློག་པ་དང་བསམ་གཏན་དང་བཤད་པ་འདིས་ཀྱང་ཅི་ཞིག་བྱེད། རབ་ཏུ་མི་གནས པའི་བདེ་པ་ཆེན་པོར་ཐིམ་པའི་ཕྱིར་ཁྱོད་ཀྱི་མྱ་ངན་ལས་འདས་པ་མཚོན་དཀའ་བ་བླ་མའི་ཞབས་ཀྱིས་རྡུལ་གྱི་འོད་ཟེར་གྱི་དྲིན་ལས་རབ་ཏུ་གྲུབ་པ་དེ་ཉིད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། །སྔགས་དང་རྒྱུད་ཅེས་བྱ་བ་ལ་སོགས་པ་གསུངས སོ། །རྐང་པ་གཉིས་པས་ལམ་གྱིས་རྗེས་སུ་བསྔགས་པ་གསུངས་སོ། །སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ནི་སྡུག་བསྔལ་ནི་འཁོར་བའི་བདེ་བ་དང་སྡུག་བསྔལ་ཞེས་ཏེ། དོན་དམ་པའི་བདེན་པས་ལྷན་ཅིག་ཏུ་བྱས་ནས་ཀྱེ་བྱིས་པའི་རྣལ འབྱོར་པའི་བླ་མ་ལ་དྲིས་ལ་ཡུལ་དང་དབང་པོ་ཉེ་བར་ལོངས་སྤྱོད་པར་གྱིས་ཤིག་པའོ། །འདིའི་ཐབས་ཀྱིས་ཐམས་ཅད་བླ་ན་མེད་པར་གྱུར་པ་གྲུབ་པའི་སློབ་དཔོན་དཱ་རི་ཀེའི་ཞབས་ཀྱིས་སོ། །འཁོར་བ་ལ་རང་དང་ཕ་རོལ་དང་གཞན་གྱི་ཆ་ཤས་དང་དབྱེ་པ མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་དྷོ་ཀ་ཌའི་ཞབས་ཀྱིས་ཀྱང། །འཁོར་བར་མང་དུ་ཡང་དག་འཁོར་གྱུར་ཀྱང། །བློ་གྲོས་དང་ལྡན་འདི་ཡིས་མཐུ་ཡིས་ནི། །དངོས་པོ་དངོས་མེད་ཟུང་དུ་རྣམ་པར་དཔྱད། །ཐམས་ཅད་རང་གི ཤེས་རབ་ཡང་དག་གནས། །ཕྱོགས་དང་ཕྱོགས་མིན་ལྟ་ཞིང་སྨྲ་གྱུར་པ། །བདག་གིས་ཅུང་ཟད་ཀྱང་ནི་མ་མཐོང་ངོ། །བཟུང་བ་?་འཛིན་པ་སྤངས་པའི་ཕྱིར། །དགའ་དང་སྡུག་བསྔལ་ཇི་བཞིན་དེ་ཉིད་དོ། །རྐང་པ་བཞི་པས་རང་གི་རྗེས་སུ་བསྔགས་པ གསུངས་ཏེ། རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གསུམ་གྱིས་རང་གི་བྱ་བ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་མཚོན་ནོ། །གཞན་དུ་གང་ལ་ལྷ་དང་ཀླུའི་དབང་པོ་ལ་སོགས་པ་ཡུལ་ལ་རྨོངས་པས་བཅིངས་ནས་གནས་སོ། །བདག་ནི སླར་ཡང་ལཱུ་ཡི་པའི་ཞབས་ཀྱིས་དྲིན་ལས་ས་བཅུ་གཉིས་པའི་རྒྱལ་བ་དང་མཚུངས་པའོ། །མལ་ལ་རི་ཞེས་བྱ་བའི་གླུ་དབྱངས་བྷ་དེའི་ཞབས་ཀྱིའོ། །དེ་ཙམ་དུས་སུ་འདུག་ཀྱང་བདག་ནི་ཤིན་ཏུ་རྨོངས། །ད་ནི་བླ་མའི་དམ་པའི་གསུངས་ལས་བདག གིས་རྟོགས། །ད་ནི་བདག་གི་སེམས་ཀྱི་རྒྱལ་པོ་ཞི་བར་གྱུར། །ནམ་མཁའ་རྒྱ་མཚོར་རབ་ཏུ་བསྐྱོད་པས་སླེབ་པར་གྱུར། །བདག་གིས་བལྟས་པ་ཕྱོགས་བཅུ་ཐམས་ཅད་སྟོང་པ་ཉིད། །སེམས་དང་རྣམ་པར་བྲལ་བས་སྡིག་དང་བསོད་ནམས་མེད།། རཱ་ཧུ་ལ་ཡིས་བདག་ལ་མཚན་མ་སྨྲས་ནས་བྱིན། །ནམ་མཁའ་ཨི་རྒྱ་མཚོར་བདག་ནི་སེམས་ནི་སྟོང་བར་གྱུར། །བྷཱུ?་དེས་སྨྲས་པ་ཆ་ཤས་མེད་པ་རབ་ཏུ་ལོང། །བདག་གི་སེམས་ཀྱི་རྒྱལ་པོ་ཉིད་ནི་སྟོར་བར་གྱུར། །ཡེ་ཤེས་ཀྱི་དགའ་བས་རབ་ཏུ་ཚིམ་པ་དང ལྡན་པའི་གྲུབ་པའི་སློབ་དཔོན་བྷཱ་དེའི་ཞབས་ཀྱིས་དོན་དེ་ཉིད་གསུངས་ཏེ། དེ་ཙམ་དུས་སུ་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་མེད་པའི་འཁོར་བ་ལ་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་སོ། །རྨོངས་པ་ཞེས་པ་ཕྱི་རོལ་ཡུལ་ལ་ཆགས་པས དཔག་ཏུ་མེད་པའི་བསྐལ་པར་དེ་སྲིད་དུ་གནས་པར་གྱུར་ནས། ད་ནི་སངས་རྒྱས་ཀྱིས་མཐུས་བླ་མ་དམ་པའི་བརྟགས་པ་དང་ཕྲད་པས་བདག་གི་སེམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་འགྱུར་རོ། །དྷྲུའི་རྐང་བས་དོན་དེ་ཉིད་བརྟན་པར་བྱེད་དོ། །ད་ནི་ཞེས་བྱ་བ་ལ་སོགS པ་ནི་ད་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་མི་འགྱུར་པའི་བདེ་བས་བདག་གི་སེམས་ཀྱི་རྒྱལ་པོ་མེད་པར་གྱུར་ཏེ། རང་བཞིན་གྱིས་འོད་གསལ་ལ་རབ་ཏུ་ཞུགས་སོ་ཞེས་པའོ། །རྐང་པ་གཉིས་པས་གོམས་པའི་རང་བཞིན་གསུངས་ཏེ། བདག གིས་བལྟས་པས་ཤེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་དམིགས་པ་མེད་པའི་རྣལ་འབྱོར་གྱིས་ཕྱོགས་གང་དང་གང་དུ་བལྟས་པ་དེ་དང་དེ་ཐམས་ཅད་སྟོང་པ་ཉིད་འོད་གསལ་གྱི་རང་བཞིན་དུ་བདག་ལ་སོ་སོར་རབ་ཏུ་གསལ་པའོ་། དེའི་ཕྱིར བཞི་པ་ཤར་བས་སྡིག་པ་དང་བསོད་ནམས་ལ་སོགས་པས་ཀྱང། འཁོར་བར་འཆིང་བར་བདག་གིས་ཤེས་པ་ཞེས་སོ། །དེ་བཞིན་དུས་ར་ཧའི་ཞབས་ཀྱིས་ཀྱང། སྔོན་དང་ཕྱི་མ་ཞེས་པས་སོ། །རྐང་པ་གསུམ་པས་རྡོ་རྗེ་བླ་མའི་མཐུ་གསུངས་ཏེ། རཱ་ཧཱུ་ལ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེའི་རིགས་ལ་ཞེས་ཏེ། རྡོ་རྗེ་བླ་མས་མཚོན་ནས་དངོས་པོ་ལས་གྲོལ་ནས་བཞི་པའི་དགའ་བའི་ཐབས་རབ་ཏུ་སྦྱིན་ནས་བདག་གིས་སླར་ཡང་གུས་པ་དང་བཅས་པས་གོམས་པས་ནམ་མཁའ་ལ་ཞེས་ཏེ། འོད གསལ་གྱི་རྒྱ་མཚོར་སྟོང་བྱས་པ་ཞེས་སོ། །རྐང་པ་བཞི་པས་རང་གི་ངོ་བོ་ཉིད་གསུངས་ཏེ། སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ཆ་ཤས་མེད་པ་ཞེས་ཏེ། མ་སྐྱེས་པའི་ཆ་བཟང་བོའི་ཞབས་བདག་གིས་བླངས་པའོ། །གང་ཐོག་མ་མེད་པའི་སྲིད་པའི་རྣམ པར་རྟོག་པའི་གཞི་སེམས་ཀྱི་རྒྱལ་པོ་བདག་གིས་ཆོས་ཐམས་ཅད་དམིགས་པའི་རྒྱ་མཚོར་རབ་ཏུ་ཞུགས་པའོ། །སྟོང་པའི་ཕྱི་མ་ནི་ཡོན་པོར་དེ་ཉིད་ངེས་པ་ཅན། གཏི་མུག་མཛོད་ནི་བླངས་ནས་ཐམས་ཅད་བསྐོར་བར་གྱུར། །གཉིད་ཡུར་སེམས་ མེད་རང་དང་། གཞན་དག་རྣམ་པར་བྲལ། །ལྷན་ཅིག་སྐྱེས་པའི་གཉིད་དུ་ཀཱཧྣ་པ་ནི་སོང་།སེམས་མེད་ཚོར་བ་མེད་པར་ཤིན་ཏུ་བ་ཉིད་དུ་སོང། ཐམས་ཅད་གྲོལ་བར་བྱས་ནས་བདེ་བར་གཉིད་དུ་སོང། །བདག་གི་རྨི་ལམ་ན་ནི་ཁམས གསུམ་སྟོང་པར་མཐོང། །འདྲེས་པར་བྱས་ནས་འགྲོ་དང་འོང་བ་བྲལ་བར་གྱུར། །ཛཱ་ལནདྷ་རའི་ཞབས་ལས་མངོན་སུམ་ཉིད་དུ་བྱས། །བདག་གཉིས་རྩར་ཡང་པཎ་ཌི་ཏ་ཡིས་ལྟ་མི་བྱེད། །ལྷན་ཅིག་སྐྱེས་པའི་དགའ་བས་བརྗིད་པའི་ཕྱིར། །ནག་པོ་གླུ དབྱངས་ཞབས་ཀྱིས་དོན་དེ་ཉིད་གསུངས་སོ། །སྟོང་པ་ཞེས་བྱ་བ་ལ་སོགས་པའི་སྟོང་པ་ཞེས་པ་ནི་སྣང་བ་ཐོབ་པ་ལ་དགོངས་པའི་ཤེས་པ་དེ་བཞིན་དུ་བག་ཆཌ་ལ་ཆཌ་པར་རིག་པར་བྱའོ། །རྣལ་འབྱོར་གྱི་དབང་ཕྱུག་གིས་དེའི་བག་ཆགས་ཀྱི་སྐྱོན་དེ་བཞིན་ཉིད ཀྱིས་རལ་གྲིས་རང་བཞིན་གྱི་གཏི་མུག་གི་ཡུལ་ལ་ཆགས་པའི་མཚན་ཉིད་ཐམས་ཅད་གཅོད་པ་ཞེས་སོ། །དྷྲུའི་རྐང་པས་བསམ་གཏན་གྱི་མཚན་ཉིད་གསུངས་ཏེ། གཉིད་ཡུར་བ་ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རྣལ་འབྱོར་པས གཉིད་དུ་སོང་སྟེ་ཁྱོད་ལ་སེམས་མེད་པའོ། །དེ་ལ་ཉམས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ནག་པོ་སྤྱོད་པ་པ་བརྗིད་པའི་ཕྱིར་ལྷན་ཅིག་སྐྱེས་པའི་དགའ་བའི་རྣལ་འབྱོར་པས་གཉིད་དུ་སོང་བའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང། གཉིད་ཡུང་དུག རྣམས་ཟ་བར་བྱེད་ཅེས་སོ། །དེའི་ལྷན་ཅིག་སྐྱེས་པའི་དགའ་བ་གཉིད་དོ། །རྐང་པ་གཉིས་པས་དེ་ཉིད་གསུངས་ཏེ། སེམས་མེད་ཅེས་པ་ནི་སེམས་ཀྱི་རྣམ་པར་མི་རྟོག་པའོ། །ཚོར་བ་ཡང་དེ་རྣམ་པར་མི་རྟོག་པའོ། །དེའི་ཕྱིར་དེའི་ཡེ་ཤེས་ཀྱི་མཛའ་དག་ཅེས པ་ནི་འཇིག་རྟེན་གསུམ་པོ་ཤིན་ཏུ་ཡོངས་སུ་སྦྱངས་པས་ཇི་ལྟ་བ་བཞིན་དུ་གྱུར་བ་དེ་ལྟ་བུའི་ཡེ་ཤེས་ཀྱི་གཉིད་དུ་སོང་བའོ། །རྐང་པ་གསུམ་པས་རང་གི་དགོངས་པའི་ཡེ་ཤེས་གསུངས་སོ། །རྨི་ལམ་ཞེས་བྱ་བ་ལ་སོགས་པའི་འགྲོ་བ་འོང་བ་ཞེས་པ་ནི ས་ངོན་དུ་གསུངས་པའི་རིམ་པས་ཟླ་བ་དང་ཉི་མ་དག་འགྲོ་བ་དང་འོང་བ་འགོག་པའི་ཕྱིར་འདྲེས་མར་བྱས་པ་ཞེས་པ་ནི་ཨ་བ་དྷཱ་ཏཱིར་རླུང་དང་ལྷན་ཅིག་སྐྱེས་པའི་དགའ་བ་ལ་རབ་ཏུ་ཞུགས་པའི་ཕྱིར་བདག་གིས་རྨི་ལམ་དང་འདྲ་བར་ས་གསུམ་པོ་སྟོང་པར མཐོང་བའོ། །དེ་བཞིན་དུ་ལུང་ལས་ཀྱང། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་མཐར། །དེ་ཡི་བུ་ནི་སྐྱེ་དང་ཤི་བ་མཐོང་གྱུར་པ། །སྐྱེས་ནས་དགའ་དང་ཤི་ནས་མི་དགའ་བ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །རྐང་པ་བཞི་པས་རྡོ རྗེ་བླ་མའི་བདག་ཉིད་ཆེ་བ་གསུངས་ཏེ། མངོན་སུམ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་གྱི་བླ་མ་ཛ་ལན་དྷ་རའི་ཞབས་ཀྱིས་གང་ལ་ཆོས་ཉིད་མངོན་སུམ་དུ་མཛད་པ་དེའི་ཞབས་ཀྱི་ཆུ་སྐྱེས་ཀྱི་རྡུལ་ལ་རིག་པའི་དྲིན་ལས་སོ། །གང་དང་གང་རྣམས་པོ་ཏིང? བལྟས་པར་གྱུར་པའི་པཎྜི་ཏའི་སློབ་དཔོན་དེ་དང་དེ་རྣམས་ཀྱིས་བདག་གི་རྩ་བར་ཡང་ཉེ་བར་མ་མཐོང་བའོ། །དགའ་བ་སྟེར་བ་ཞེས་པའི་ཀླུ་དབྱངས་ཏཱ་ར་ཀའི་ཞབས་ཀྱིའོ། །རང་ཉིད་མེད་པས་བདག་གི་ཐེ་ཚོམ་གང། །འདམ་དང་དོང་རྩེའི་འདོད་པ བྲལ་བར་འགྱུར། །ཉམས་མྱོང་ལྷན་སྐྱེས་མ་འཁྲུལ་རྣལ་འབྱོར་ཀྱེ། །མཛའ་བཞི་དང་བྲལ་ཇི་བཞིན་དེ་བཞིན་ཡིན། །ཇི་ལྟར་འདོད་པ་དེ་ལྟར་ཡོད་པར་གྱིས། །ལྷན་སྐྱེས་ལམ་ནི་རྣལ་འབྱོར་འཁྲུལ་མ་བྱེད། །སྣོད་སྤྱད་སྒྲོལ་པ་པོ་ནི་ཉིད་ཀྱིས་ཤེས། །དག་གི ལམ་ལས་འདས་པ་ཇི་ལྟར་བཤད། །ཎཱ?་ཌ་ཀ་ཡིས་འདི་སྨའི་གོ་སྐབས་མེད། །གང་ཤེས་དེ་ཡི་མགུལ་དུ་ཞགས་པས་བཅིངས། །ཡེ་ཤེས་ཀྱི་བཏུང་བས་རབ་ཏུ་ཚིམ་པའི་གྲུབ་པའི་སློབ་དཔོན་ཏཱ་ཌ་ཀ་ཉིད་ཀྱིས་དོན་དེ་ཉིད་གསུངས་སོ། །རང་ཉིད་མེད་པས ཤེས་བྱ་བ་ལ་སོགས་པ་ནི་བླ་མའི་ཞབས་ཀྱི་རྡུལ་གྱིས་དྲིན་ལས་དེ་བཞིན་གཤེགས་པའི་གསུང་གི་ཐབས་ཀྱི་སྒོ་ནས་རང་གི་ཡུས་རྣམ་པར་དཔྱད་པས་བདག་དང་བདག་གི་འབྲེལ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེའི་ཕྱིར་གློ་བུར་གྱི་ཕུང་པོ དང་ཉོན་མོངས་པ་དང་འཆི་བདག་གི་བདུད་ལ་སོགས་པ་རྣམས་ཀྱི་སོམ་ཉི་ཟ་བར་ཡང་བདག་ལ་མེད་པའོ། 1་།དེ་བཞིན་དུ་ལུང་ལས་ཀྱང་།བདག་ནི་འཇུག་པར་བྱེད་ཅེས་བྱ་བ་ལ་སོགས་པས་སོ། །དེ་ལ་ད་ནི་བདག་གི་སྲིད་པའི་དོན་གྱི རྣམ་པར་རྟོག་པའི་ངོ་བོ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པ་རྣམས་ནི་ཤིན་ཏུ་རིང་དུ་བྱས་པའོ། །དེ་བཞིན་དུ་ལུང་ལས་ཀྱང། །འགའ་ཞིག་སྔོན་དུ་བཅིངས་མེད་ཅིང། །དེ་ནི་གྲོལ་པར་གྱུར་པ་མེད། །འདིར་ནི་བཅིངས་གྲོལ་རྣམ་རྟོག་པ། །གང དེ་ཡེ་ཤེས་མཚན་ཉིད་མིན། །དྷུའི་རྐང་པས་གསུངས་པའི་དོན་དེ་ཉིད་གསལ་བར་བྱེད་དོ། །ཉམས་མྱོང་ཞེས་བྱ་བ་ལ་སོགས་པ་ནི་བདག་ལ་ཡང་དག་པར་འབོད་པར་བྱེད་དོ། །ཀྱེ་དཱ་ཌ་ཀ་ཉམས་སུ་མྱོང་བའི་དོན་ཇི་ལྟར་བརྗོད་པར་ནུས་ཏེ། དེའི་ཕྱིར ཉམས་སུ་མྱོང་བ་ནི་ལྷན་ཅིག་སྐྱེས་པ་ཞེས་ཇི་ལྟར་བརྗོད་པར་བྱེད། །ཉེ་བར་བསྒོམ་པ་ཀུན་རྫོབ་ཏུ་མི་འགོག་པས་གཞན་ལ་མོས་པར་བྱེད། རང་བཞིན་ནི་མ་ཡིན་ནོ། །དེ་བཞིན་དུ་ལུང་ལས་ཀྱང། ཚིག་ཏུ་སྦྱོར་བ་སྟོན་པ་ཡིས། །སངས་རྒྱས་གཉིས སུ་མེད་པར་བརྟག། བསམ?་མེད་མཆོག་ལ་སྦྱོར་བ་ཡིས། །སངས་རྒྱས་ཀྱང་མེད་གཉིས་མེད་མེད། །དེའི་ཕྱིར་མཛའ་བཞི་ལས་གྲོལ་བའི་ངོ་བོ་ལས་སླར་ཡང་དེའི་རབ་ཏུ་བྱེད་པས་གནས་པ་ཞེས་སོ། །དེ་བཞིན་དུ་ལུང་ལས་ཀྱང། ཡོད་མིན་མེད་མིན ཡོད་མེད་མིན་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་དོན་དེ་ཉིད་སོ་སོར་རྒྱས་པར་སྟོན་པར་བྱེད་དོ། །ཇི་བཞིན་ཞེས་བྱ་བ་ལ་སོགས་པ་ནི་གང་སྐྱེ་བའི་དུས་སུ་གྲུབ་པའི་བདག་མེད་པ་ལ་མངོན་པར་ཆགས་པ་ལས་བདེ་བ་ཆེན་པོའི་རང བཞིན་དུ་རྒྱས་པའི་ང་རྒྱལ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །སླར་ཡང་རྡོ་རྗེ་བླ་མས་དེ་ལ་ངེས་པའི་དོན་བསྟན་པར་བྱེད་དོ། །དེའི་ཕྱིར་ཀྱེའི་གྲུབ་པའི་སློབ་དཔོན་ལྷན་ཅིག་སྐྱེས་པ་དང་ཐ་དང་མ་བྱེད་ཅིག་པ་སྟེ། ཐེ་ཚོམ་མེད་པས་སེང་གེའི་ཚུལ་གྱིས་འགྲོ་བ་ལ་བགྲོང? པར་བྱེད་དོ། །རྐང་པ་གསུམ་པས་རྣལ་འབྱོར་གྱི་དབང་ཕྱུག་གི་མཚན་མ་གསུངས་ཏེ། སྣོད་སྤྱད་ཅེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཕ་རོལ་ཚུ་རོལ་ཏུ་སྒྲོལ་བར་བྱེད་པས་སྒྲོལ་བའི་སླ་ལེན་པའི་ཕྱིར་ཕ་རོལ་གྱི་འགྲོ་གནས་སུ་རྣམ་པར་ཐར་པར་འདོད་པ་རྣམས་འགྲོན བུ་ལ་ལྟ་བར་བྱེད་དོ། །དེ་རྣམས་ཀྱི་སྣོད་སྤྱད་ལ་སོགས་པ་འགོག་པའི་བྱེ་བྲག་ཀྱང་ལྟ་བར་བྱེད་དོ། །ཕྱིའི་དོན་ལས་འདས་པ་རང་རིག་པའི་མཚན་ཉིད་དང་ལྡན་པའི་ཆོས་འཇིག་རྟེན་ཀྱི་ཚིག་གི་སྒོ་ནས་ཇི་ལྟར་བསྟན་པར་བྱ། དེ་བཞིན་དུ་ཡང་དག་ལ་ཡིད་ཆེས་པའི ཆོས་རྟོགས་པ་བྱས་པ་ལས་ཡོན་ཏན་ཉིས་འགྱུར་གྱི་རྟགས་འཇིག་རྟེན་པས་ངེས་པ་རྣལ་འབྱོར་གྱི་དབང་ཕྱུག་གིའོ། །དེ་བཞིན་དུ་ལུང་ལས་ཀྱང། དུ་བ་ལས་ནི་མེད་ཤེས་བཞིན་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་བཞི་པས་ཤིན་ཏུ་རྣམ་པར་མི་རྟོག་པ གསུངས་སོ། །སྨྲ་བའི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་སློབ་དཔོན་ཏཱཌ་ཀས་དེ་བཞིན་དུ་སྨྲ་བར་བྱེད་དོ། །འདིའི་ཆོས་ལ་བྱིས་པའི་རྣལ་འབྱོར་པས་གོ་སྐབས་ཙམ་ཡང་མེད་དོ་ཞེས་སོ། །གང་ཞིག་ཡང་དོན་དམ་པར་རིག་པ་དེ་རྣམས་ཀྱང་གལ་ཏེ་སྨྲ་བར་བྱེད ནའང་འདིས་ཆོས་ཁོང་དུ་ཆུང་པར་བྱས་ནས་དེའི་ཚེ་དེ་ཉིད་ཀྱི་མགུལ་པར་འཁོར་བའི་ཞགས་པས་བཅིངས་པའོ། །དེ་བཞིན་དུ་ལུང་ལས་ཀྱང། ཏིལ་དང་སྤུན་པ་ཙམ་གྱི་དུག་གི་ལོ་མས་ཀྱང་ཞེས་བྱ་བ་ལ་སོགས་པས་སོ། །བྷཻ་ར་བི་ཞེས་བྱ་བའི་གླུ་ དབྱངས་ས་ར་ཧའི་ཞབས་ཀྱིའོ། །ལུས་ནི་གྲུ་ཡི་དུམ་བུ་ཡིད་ནི་སྐྱེ་པ་སྟེ། །བླ་མ་དམ་པའི་གསུང་གི་སྐྱེ་བ་འཛིན་པའོ། །སེམས་ཉིད་བརྟན་པ་ཉིད་དུ་བཟུང་གིས་གྲུ་པ་རྣམས། །ཐབས་གཞན་གྱིས་ནི་ཕ་རོལ་འགྲོ་བ་མེད། །གྲུ་ནི་འབབ་པ་གྲུ་ཤིང་མཉན པའི་ཡོན་ཏན་ཡིན། །འཚོགས་ཞིང་འཚོགས་པས་ལྷན་ཅིག་སྐྱེས་པས་གཞན་དུ་ཤེས། །ལམ་ནི་འགོག་པའི་འཇིགས་པ་རྣམ་པར་འོང་པར་གྱུར། །སྲིད་པའི་རྦ་རླབས་ཐམས་ཅད་རྣམ་པར་འཁྲུགས་པར་གྱུར། །ཕ་རོལ་ཚུ་རོལ་ཆུ་རྒྱུན་དྲག་པོ་རབ་ཏུ འབབ། །ས་ར་ཧ་ཡིས་སྨྲས་པ་ནམ་མཁའ་ཨི་ཏིང་ངེ་འཛིན། །བྱམས་པའི་རང་བཞིན་ཅན་སར་ཧའི་ཞབས་ཀྱིས་ཀྱང་དོན་དེ་ཉིད་ལུས་ལ་གྲུ་དགོངས་པའི་སྐད་ཀྱིས་གསུངས་སོ། །ལུས་ནི་གྲུའི་དུམ་བུ་ཞེས་བྱ་བ་ལ་སོགས་པ་ནི་རྟེན དང་བརྟེན་པའི་འབྲེལ་པས་ལུས་ལ་གྲུར་ཡོངས་སུ་བརྟགས་སོ། །ཡིད་ནི་རྣམ་པར་ཤེས་པ་གྲུའི་སྐྱེ་བ་ཉིད་ཀྱང་ངོ། །བླ་མ་དམ་པའི་གསུང་གི་མཉན་པས་བཟུང་ནས་རྡོ་རྗེ་དང་ཆུ་སྐྱེས་མཉམ་པར་སྦྱོར་བས་སྲིད་པའི་ཆུ་གཏེར་གྱི་དབུས་སུ་ཡེ་ཤེས ལྔའི་བདག་ཉིད་མཚན་ཉིད་དང་བྲལ་བས་རྣམ་པར་སྦྱངས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པས་ལུས་ཀྱི་གྲུ་མི་འགྱུར་པར་གྱིས་ཤིག་པའོ། །ཀྱེ་སར་ཧའི་ཞབས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཐབས་གཞན་མེད་དོ་ཞེས་པའོ། །དེ བཞིན་དུ་ད་ཨཽ་ཌིའི་ཞབས་ཀྱིས་ཀྱང། ལྔ་པོ་འདི་ཡིས་གཏི་མུག་འགྲམ་ལས་སྒྲོལ་བར་བྱེད། །ཕ་རོལ་དུ་ནི་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། གྲུ་ནི་འབབ་དང་ཞེས་བྱ་བ་ལ་སོགས་པ ནི་དཔེར་ན་ཕྱི་རོལ་དུ་གྲུ་འགྲོ་བ་སྐྱ་བ་འཛིན་པའི་ཡོན་ཏན་གྱིས་འདྲེན་པར་བྱེད་དོ། །དེ་བཞིན་དུ་འདིར་གྲུ་ནི་ཡང་ཉམས་སུ་མྱོང་བའོ། །ཀྱེ་རྣལ་འབྱོར་པ་རྡོ་རྗེ་བླ་མའི་ལྷན་ཅིག་སྐྱེས་པའི་དགའ་བའི་ཐབས་?་ལ་གླུ་ནི་ཡོངས་སུ་མ་སྤང་ཞིག པའོ། །གང་གི་དེ་མ་ཐག་ཏུ་བདེ་བ་ཆེན་པོའི་གླིང་དུ་སོང་ཞིག་པའོ། །རྐང་པ་གསུམ་པས་བདུད་ཀྱི་ལས་སུ་གནས་པ་གསུངས་ཏེ། ལམ་དུ་ཞེས་བྱ་བ་ལ་སོགས་པ་ནི་ཟས་དང་སྐོམ་དང་ཡུལ་ལ་སྒྲུབ་པ་པོ་ཆགས་པ་ཉིད་ཀྱིས་ཚེ་ལི་ཉམས་པར་འགྱུར་རོ། ་བདྷཱུ་ཏཱིར་སོང་བས་སྤོང་བའི་ཕྱིར་རོ། །འགོག་པའི་ཞེས་པ་ནི་དེའི་ཚེ་ཟླ་བ་དང་ཉི་མ་གཉིས་སྟོབས་དང་ལྡན་པར་གྱུར་པའོ། །རྒྱུ་དེའི་ཕྱིར་སྲིད་པའི་རྒྱ་མཚོར་ཡུལ་གྱི་རྦ་རླབས་ཀྱི་བདག་མེད་པའི་ཆོས་ལ་ཐམས་ཅད་ཀྱིས་རབ་ཏུ་བྱེད་པས འཁྲུལ་པར་འགྱུར་བ་ཞེས་སོ། །རྐང་པ་བཞི་པས་ཨ་བ་དྷཱུ་ཏིའི་ལམ་རྗེས་སུ་བསྔགས་པ་གསུངས་ཏེ། ཕ་རོལ་ཚུ་རོལ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ལ་ཞེས་པ་ལམ་ངན་པ་ཟླ་བ་ལ་སོགས་པ་སྟེ་གང་དུ་ཨ་བ་དྷཱུ་ཏི་ལ་ཐིམ་པར་གྱུར་པའོ། །དེ་ནི་རང་བཞིན་གྱི་ཡོངས་སུ དག་པ་ཨ་བདྷཱུ་ཏཱི་གུའི་སྒྲས་རྟོགས་པར་བྱའོ། །ལ་ཡ་ཞེས་པ་ནི་དེ་གཟུང་ནས་སོ། །རྒྱུན་དྲག་པོ་ཞེས་པ་ནི་བདེ་བ་ཆེན་པོའི་འདོད་ཆགས་ཀྱི་རྒྱུན་གྱིས་འཇུག་པས་དོན་དམ་པ་རིག་པ་གང་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་སྟེ་དེ་སྟེང་དུ་འགྲོ་བར་བྱེད་དོ། །ནམ་མཁའ་ཞེས་པ ནི་དྲི་མ་མེད་པའི་འཁོར་ལོའི་གླིང་དུ་ཐིམ་པར་འགྱུར་རོ་ཞེས་གསུངས་སོ། །མལ་ལཱ་སི་ཞེས་བྱ་བའི་གླུ་དབྱངས་ས་ར་ཧའི་ཞབས་ཀྱིའོ། །སྟོང་ཉིད་ལག་པས་ཧྲོལ་ཅིག་ཀྱེ། །ཁྱོད་ཀྱི་རང་གི་ཡིད་ཀྱི་སྐྱོན། །བླ་མའི་གསུང་གི་སྤྱོད་ལམ་ཀྱེ། །ཁྱོད་ཉིད་སླར་སྔོད་ཇི་ལྟ་བུ།། རྨད་བྱུང་ཧཱུཾ་སྐྱེས་ནམ་མཁའ་ལ། །ཀྱོག་པོར་འགྲོ་བ་བསླང་གྱིས་ལ། །ཕ་རོལ་འགྲོ་བ་འཇོམས་པ་ཡིས་།ཁྱོད་ཀྱི་གཡོ་རྒྱུ་སྣ་ཚོགས་པ། །ངོ་མཚར་སྲིད་པའི་གཏི་མུག་ལ། །ཀྱེ་མ་རང་དང་བཞན་དག་མཐོང། །འགྲོ་འདི་སྐུ་ཡིས་ཆུ?་བུར་འདྲ། །ལྷན་ཅིག་སྐྱེས་པའི་སྟོང པ་བདག། བདུད་རྩི་ཡོད་བཞིན་དུག་མེད་ཀྱི། །གཞན་དབང་སེམས་ཀྱི་བདག་ཁྱིམ་ན། །བཏུང་བ་བདག་གིས་གོ་བོ་ཀྱེ། །བདག་ནི་མ་རུངས་གཉེན་བདུན་ཟ། །ས་ར་ཧ་ས་སྨྲས་མཆོག་ཡིད་གྱུར། །བདག་ཅི་མ་རུངས་གླང་ལ་ནི། །གཅིག་པུས་འགྲོ་བ་འཛེམས པར་བྱེད། །ཀྱེ་མ་བདག་ནི་རང་འདོད་སྤྱོད། །གྲུབ་པའི་སློབ་དཔོན་ས་ར་ཧའི་ཞབས་ཀྱིས་དོན་དེ་ཉིད་དངོས་པོའི་ངོ་བོ་ཉིད་རྟོགས་ནས་འཇིག་རྟེན་པའི་ཆེད་དུ་གསུངས་སོ། །སྟོང་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ཀྱེ་རང་གི་ཡིད་སེམས་ཀྱི་རྒྱལ་པོ་ཁྱོད་མ་རིག་པ་ལ སོགས་པའི་ཉེས་པ་རྣམས་བདེ་བ་མ་ཡིན་པའི་ངོ་བོར་རྟོགས་པའི་ཕྱིར། །རྨི་ལམ་གྱི་རྫས་ལ་ཡང་མངོན་པར་འདོད་པ་དེ་ཡིས་དཔེར་ན་ལྷ་ཐམས་ཅད་ལག་ཏུ་རྣམ་པར་བརྐྱང་པ་བཞིན་དང་གཉིད་སད་པ་བཞིན་དུ་དེ་རྣམས་ཀྱི་སླར་ཡང་གང་ཇི་ལྟ་སྐྲ? ཞེས་སོ། །དེ་ལ་དེ་ནི་སངས་རྒྱས་ཀྱི་བསོད་ནམས་ཀྱི་མཐུས་བདག་གི་བླ་མ་དམ་པའི་གསུང་གི་ཟླ་བའི་འོད་ཟེར་གྱི་རང་བཞིན་གྱིས་འཇིག་རྟེན་གསུམ་པོ་རབ་ཏུ་གསལ་བའོ། །དེའི་ཕྱིར་གནས་གང་དུ་ཁྱོད་གནས་བྱེད་དེ་ཀྱེའི། ། སེམས་རྒྱལ་པོ་ཞེས་སོ། །དྷྲུའི་རྐང་པས་དོན་དེ་ཉིད་བརྟན་པར་བྱེད་དོ། །རྨད་དུ་བྱུང་བ་ནི་ངོ་མཚར་བ་བླ་མའི་ཞབས་ཀྱི་པདྨའི་དྲིན་ལས་རོལ་པའི་ཕྱིར་བདག་གིས་རྟོགས་པ་ཧཱུཾ་ཡིག་ས་བོན་ལས་བྱུང་བ་ཀྱེ་སེམས་ཀྱི་རྒྱལ་པོ་ནམ་མཁའ་ལ་ཞེས་ཏེ་འོད་གསལ ལ་རབ་ཏུ་ཞུགས་པའོ། །ད་ནི་མ་རིག་པའི་སྐྱོན་སྣ་ཚོགས་པ་འགྱོད་པ་བཅོམ་པ་ཁྱོད་ཉིད་དོ། །རྐང་པ་གཉིས་པས་སེམས་ཅན་ཤིན་ཏུ་ཆེན་པོའི་རྗེས་སུ་བསྔགས་པ་གསུངས་ཏེ། ངོ་མཚར་ཞེས་བྱ་བ་ལ་སོགས་པ་ནི་སྲིད་པའི་སེམས་ཅན་གྱི་ཅི་སྟེ གཏི་མུག་ལ་གང་ངོ་མཚར་བ་གང་ལས་བདག་གིས་ངོ་བོ་མི་ཤེས་པའི་ཕྱིར་རང་དང་གཞན་དང་ཕ་རོལ་ཏུ་འབྱེད་པའི་རྣམ་པར་དབྱེ་བལྟ་བར་བྱེད་དེ། །དེའི་ཕྱིར་དེའི་ང་རྒྱལ་བྱེད་པས་ཡིད་ལ་དོན་དམ་པ་སེམས་འཆད་པ་ཁྱོད་ལེན་པར བྱེད་དོ། །དེ་བཞིན་དུ་ལུང་ལས་ཀྱང། ང་རྒྱལ་དང་བཅས་ཡིད་མི་བཟད། །སྐྱེ་བར་འཇུག་ཅིང་འཆིང་བར་བྱེད། །ང་རྒྱལ་དང་བྲལ་འགྲོ་བ་ཡང། །སེམས་ལ་བདག་ལྟ་དེ་ནས་བྲལ། །སྟོན་པས་གཞན་མེད་འགྲོ་བ་ལ། །རྒྱལ་བ་མེད་ཅིང་བདག་མེད སྨྲ། །གཞན་མིན་དེ་ལས་ཉེ་བར་ཞི། །བསྒྲུབ་བ་དེ་ལ་འདི་ཡིད་ལམ། །དེ་ཉིད་རིག་ལ་ཆུ་ཟླ་སོགས། །དཔེ་ནི་བཅུ་གཉིས་སྒོ་རུ་གྱིས། །ཐམས་ཅད་སྟོང་པའི་ཆེད་མ་ཡིས་།སྐྱེ་པ་མེད་ལ་སྒྲུབ་པོར་བྱེད་ཅེས་སོ། །རྐང་པ་གསུམ་པས་དགའ་ བ་བཞིའི་བདག་ཉིད་ཆེ་བ་གསུངས་ཏེ། བདུད་རྩི་ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་གནས་པ་ཡོད་ན་གཟུགས་ལ་སོགས་པ་ཡུལ་གྱི་དུག་ཇི་ལྟར་སྤྱོད་པར་བྱེད། །ཀྱེའི་ལས་ཀྱི་དབང་ཕྱུག་སེམས་ཀྱི་རྣམ་པར དཔྱོད་པ་ཅན། །ཁྱིམ་ཞེས་པ་ནི་རང་གི་ལུས་ཀྱི་བཏུང་བ་ཅན་ཞེས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་ཚོགས་ལ་ཁྱོད་ཀྱི་རང་གི་ཁྱིམ་མི་མོ་ཡེ་ཤེས་ཀྱི་ཕྱག་རྒྱ་བདག་མེད་མ་ལ་ཡང་དག་པར་འཁྱུད་པ་དེའི་བཏུང་བ་ནི་རང་བཞིན་མེད་པར་བདག གིས་བྱེད་པའོ། །དེ་བཞིན་དུ་སར་ཧའི་ཞབས་ཀྱིས་ཀྱང། །ཁྱིམ་མི་མོ་ལ་གཞན་གྱི་དུག་ནི་ཟ་བར་བྱེད་ཅེས་པ་ལ་སོགས་པས་སོ། །རྐང་པ་བཞི་པས་རང་གི་འདོད་པའི་སྤྱོད་པ་གསུངས་ཏེ། གྲུབ་པའི་སློབ་དཔོན་ས་ར་ཧའི་ཞབས་ཀྱིས་ཀྱང། སར ཧས་སྨྲས་ཞེས་བྱ་བ་ལ་སོགས་པ་ནི་མ་རུངས་གླང་ལ་ཞེས་པ་ནི་མ་རུངས་པ་ཡུལ་གྱི་སྟོབས་སྟེར་བའི་ཕྱིར་དུཥྚ་བ་ལ་ད་སེམས་ཀྱི་རྒྱལ་པོར་རིག་པར་བྱའོ། །གཅིག་པུ་དེ་ཡིས་མ་རུངས་པས་འཇིག་རྟེན་གསུམ་འཇོམས་པས། དེ་ལྟ་བས་ནཱ?་མ་རུངས པའི་གླང་པོས་བདག་གིས་ཅི་ཞིག་བྱ། གོ་ཞེས་པ་ནི་གླང་པོའོ། །དེའི་དམིགས་པ་དང་བཅས་པ་ལུས་དེ་ལ་སྟོང་པ་འོད་གསལ་གྱི་གཟུགས་སུ་བྱས་ནས་བླ་མའི་གསུང་གི་དྲིན་ལས་རང་གི་འདུན་པས་འགྲོ་བ་གསུམ་དུ་རྣམ་པར་སྤྱོད་པར་བྱེད་དོ། ། དེ་བཞིན་དུ་ཞི་བ་ལྷའི་ཞབས་ཀྱིས་ཀྱང། རང་གི་མདུན་པས་སྤྱོད་པའི་གནས་ཤེས་བྱ་བ་ལ་སོགས་པས་སོ། །མཱ་ལ་སཱི་གོ་ཌ་ལ་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པ་ཞབས་ཀྱིའོ། །གང་ཞིག་ཡིད་ཀྱི་སྤྱོད་ཡུལ་མིག་འཕྲུལ་འདྲ། །ལུང་དང་བོ་ཏི བརྫུན་གྱི་ཕྲེང་བ་ཡིན། །ཇི་ལྟར་སྨྲ་བས་ལྷན་སྐྱེས་བརྗོད་པར་ནུས། །ལུས་ངག་ཡིད་ལ་གང་དུ་མི་འཇུག་གོ། བླ་མས་བརྫུན་གྱི་ཐབས་ཀྱིས་སློབ་མ་ལ། །ངག་གི་ལམ་ལས་འདས་པ་ཇི་ལྟར་སྨྲ།?་གང་དེ་སྨྲ་བ་དེ་རྣམས་བརྫུན། །བླ་མའི་ཐབས་ཀྱིས སློབ་མ་འཁྲུལ་པར་བྱ། །ཀཧྣས་རྒྱལ་བའི་རིན་ཆེན་ཇི་ལྟར་སྨྲ། །ལྐུགས་པས་འོན་པར་སྨྲ་བ་ཇི་བཞིན་ནོ། །ལན་ཅིག་སྐྱེས་པའི་དགའ་བས་ཚིམ་པའི་ནག་པོ་གླུ་དབྱངས་ཞབས་རབ་ཏུ་དགའ་བས་གསུངས་སོ། །གང་ཞིག་ཡིད་ཀྱི་ཞེས་བྱ་བ་ལ སོགས་པ་ནི་གང་ཡིད་དང་དབང་པོའི་སྤྱོད་ཡུལ་ནི་རྟོག་པ་དང་རྣམ་པར་རྟོག་པའི་དྲ་བའོ། །ལུང་དང་སྔགས་དང་བསྟན་བཅོས་ལ་སོགས་པའི་ཤེས་པ་ཡང་ཐམས་ཅད་ཀྱང་ངོ། །དེ་བཞིན་དུ་ཡང་ལུང་དང་རིག་བྱེད རྙིང་མ་ཞེས་བྱ་བ་ལ་སོགས་པས་སོ། །དྷྲུའི་རྐང་པས་ལྷན་ཅིག་སྐྱེས་པ་སྨྲ་དཀའ་བ་གསུངས་ཏེ། དེའི་ཕྱིར་རིག་བྱེད་དུ་ཇི་ལྟར་ལྷན་ཅིག་སྐྱེས་པ་བླ་ན་མེད་པའི་ཡེ་ཤེས་བརྗོད་པར་ནུས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ལུས་དང་ངག་དང་ཡིད་ལྷན་ཅིག སྐྱེས་པ་གང་ལ་ཐིམ་པར་གྱུར་པའོ། །དེ་བཞིན་དུ་ཏཻ་ལོ་པའི་ཞབས་ཀྱི་ཀྱང་།སོ་སོ་རང་རིག་འབྲས་བུ་ནི། །ཏཻ་ལོ་པ་ཡི་ཞབས་ཀྱིས་སྨྲས། །གང་ཞིང་ཡིད་ཀྱི་སྤྲོད་ཡུལ་སྦས། །དེ་ནི་དོན་དམ་མ་ཡིན་ནོ། །རྐང་པ་གཉིས་པས་དེ་ཁོ་ན་ཉིད་ཀྱི རང་བཞིན་གསུངས་སོ། །བརྫུན་པ་ཞེས་བྱ་བ་ལ་སོགས་པ་ནི་བདེན་པ་མ་ཡིན་པས་བླ་མས་སློབ་མ་ལ་མན་ངག་སྟེར་བར་བྱེད་དོ། །གང་ཡང་ལྷན་ཅིག་སྐྱེས་པ་དེ་རིག་བྱེད་མ་ཡིན་པས་སོ། །དེ་བས་ན་བླ་མས་ཅི་ཞིག་བྱས་ནས་སྨྲ་བར་བྱེད ཅེས་སོ། །དེ་བཞིན་དུས་ར་ཧིའི་ཞབས་ཀྱིས་ཀྱང། དེ་མེད་བླ་མས་ཇི་ལྟར་སྨྲ་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གསུམ་པས་དེ་ཉིད་བརྟན་པར་བྱེད་དོ། །གང་དེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་བྱུང་བའི་ཚིག་ཙམ་དུ་གྱུར་པ་གང་ལS སྨྲ་བར་བྱེད་དོ། །ལྷན་ཅིག་སྐྱེས་པ་དེ་ཐམས་ཅད་བརྫུན་ཏེ་རང་བཞིན་བདེན་པ་མ་ཡིན་པའོ། །གང་ཡང་རྡོ་རྗེ་བླ་མ་དེས་ཀྱང་འདིར་ཆོས་ལ་ཚིག་གིས་འཕོངས་ནས་རིགས་པས་སོ། །དེའི་སློབ་མས་ཀྱང་ཚིག་ཉིད་ཀྱིས་ཅུང་ཟད་ཐོས་པ མེད་དོ། །དེའི་ཕྱིར་དེ་ཡང་འོན་པ་སྟེ་དེར་ཟབ་མོའི་ཆོས་ལ་བློ་གྲོས་རྟོགས་པའོ། །སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནག་པོ་སྤྱོད་པ་པ་ཉིད་ཀྱིས་གསུངས་པའོ། །ཅི་འདྲ་ན་རྒྱལ་པའི་རིན་པོ་ཆེ་དགའ་བ་མཛའ་ཡས་པ་བླ་ན་མེད་པའི་བདེ་བ་རྒྱ ཆེན་པོའི་ཕྱིར་ཡིན་པོ་ཆེ་བཞི་པའི་དགའ་བར་རྟོགས་པར་བྱའོ། །དཔེར་ན་འོན་པ་ལ་བརྡ?་ལ་སོགས་པས་ལྐུགས་པའི་རྟོགས་པ་སྨྲ་བར་བྱེད་དོ། །དེ་བཞིན་དུ་རིང་དུ་བླ་མ་དམ་པས་སློབ་མ་ལ་དགའ་མཐུས་བདེ་བ་ཆེན་པོ་རྒྱ་ཆེར་སྟོན་ཏོ། །དེ་བཞིན་དུ་ཌ ཽ་ཌའི་ཞབས་ཀྱིས་ཀྱང། རིང་བ་མ་ཡིན་རིང་བ་ཞེས་བྱ་བ་ལ་སོགས་པས་སོ། །གུཉྫ་རཱི་ཞེས་བྱ་བའི་གླུ་དབྱངས་བྷུ་སུ་ཀུ་བའི་ཞབས་ཀྱིའོ། །དང་པོ་མ་སྐྱེས་པ་ཉིད་ཀྱིས། །འགྲོ་རྣམས་དེ་ཡིས་འཁྲུལ་པར་ཤེས། །ཐག་པ་སྤྲུལ་མཐོང་སྐྲག་པ་ཡིས། ། ཇི་ལྟར་གང་གི་ཁམས་ཀྱི་ཟས། །ངོ་མཚར་གང་ཞིག་རྣམ་པར་དཔྱོད། །ལག་པས་སྒྲེ་བར་མ་བྱེད་ཅིག། དེ་ལྟར་རང་བཞིན་གལ་ཏེ་འགྲོ། ཤེས་ན་ཁྱོད་ཀྱིས?་བག་ཆགས་ཟ། །མྱ་ངན་སྨིག་རྒྱུ་དྲི་ཟའི་གྲོང། །ཆུ་ཟླ་གཟུགས་བརྙན་ཇི་བཞིན་ནོ། །རླུང ནི་འཁོར་བས་བརྟན་པར་འགྱུར། །ཆུན་?་བཞིན་ནོ། །མོ་གཤམ་བུ་ནི་ཇི་ལྟར་རྩེ་བ་ལྟར། །རྩེད་མོ་རྣམ་པ་མང་པོ་རྩེ་བར་བྱེད། །བྱེ?་མའི་མར་ཁུ་རི་བོང་རྭ་ངང་ནི། །ནམ་མཁའ་ཨི་མེ་ཏོག་རྒྱས་པ་ཇི་བཞིན་ནོ། །རཱ་ཨཽ་ཏ་ཡི་དམག་གཏམ་བྷུ་སུ་ཀ། ། དངོས་ཚོགས་རང་བཞིན་མཛའ་དག་གཏམ་ཉིད་དོ། །གང་དུ་རྨོངས་པ་འཁྲུལ་པ་ཡོད་གྱུར་ན། །བླ་མ་དམ་པའི་ཞབས་ལ་དྲི་བར་གྱིས། །ལྷན་ཅིག་སྐྱེས་པའི་དགའ་བས་ཚིམ་པ་ཉིད་ཀྱིས་བྷུ་སུ་ཀྵུ?་ཞབས་ཀྱིས་དོན་དེ་ཉིད་གསུངས་ཏེ། དང་པོ ཞེས་བྱ་བ་ལ་སོགས་པ་ནི་ཐོག་མེད?་དངོས་པོ་རྣམས་མ་སྐྱེས་པ་ཉིད་ཀྱིས་འགྲོ་བ་རྣམས་འདིར་རང་དང་གཞན་དོན་ཤེས་པས་ཁོང་དུ་ཆུང་པ་ངེས་དེ་རྣམས་ལ་དངོས་པོ་གཞན་དུ་མི་འགྲོ་བའོ། །དེ་བཞིན་དུ་ལུང་ལས་ཀྱང། །འི་ཡི་གེའི སྒོ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ནས་འཁྲུལ་པ་མ་རིག་པ་ནི་རབ་རིབ་ཅན་གྱི་མིག་གིས་ནག་པོ་དང་སེར་པོ་ལ་སོགས་པའི་གཟུགས་ཀྱིའོ། །ཀྱེའི་བྱིས་པའི་རྣམ་འབྱོར་པས་དངོས་པོ་ཉིད་དུ་ཤེས་སོ། །དེ་བཞིན་བུ སློབ་དཔོན་ནི་ད་ཏཱ་ཀཱས་སྐྲ་ཤད་ཇི་བཞིན་ནམ་མཁའ་ལ། །རབ་རིབ་ཙམ་གྱི་སྐྱེ་བོས་མཐོང། །དེ་བཞིན་སྣང་སོགས་ཉེས་པ་ཡིས། །བྱིས་པ་རྣམས་ཀྱི་དངོས་པོར་རྟོག། ཐག་པ་ལ་ནི་སྦྲུལ་དུ་ཤེས། །གང་ཞིག་ཤིན་ཏུ་སྐྲག་བྱས ལྟར། །དེར་ཡང་དེ་ཡི་ཐག་སྦྲུལ་གྱིས། །བདེན་པར་དེ་ཡིས་ཅི་ཞིག་རྨུག། དྷྲུའི་རྐང་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། ངོ་མཚར་ཞེས་བྱ་བ་ལ་སོགས་པའི་ངོ་མཚར་ནི་མཚར་དུ་བརྩིས་ཏེ། ཀྱེ་བྱིས་པའི་རྣལ་འབྱོར་པ་འདིར་ལག པས་སྦྲེལ་བར་བྱ་མི་དགོས་ཏེ་། འདི་འདྲའི་དངོས་པོས་གལ་ཏེ་འགྲོ་བའི་རང་བཞིན་རྟོགས་པར་གྱིས་ཤིག་པའོ། །དེའི་ཚེ་ཁྱོད་ཀྱིས་ཐོག་མ་མེད་པའི་སྲིད་པར་རྣམ་པར་རྟོག་པའི་བག་ཆགས་ཀྱི་ཡེས་པ་བཟུང་བ་རྣམས་འབྲོས་པར་འགྱུར་རོ། །རྐང པ་གཉིས་པས་དོན་དེ་ཉིད་ཀུན་རྫོབ་དུ་དཔེ་ཡིས་གསལ་བར་བྱེད་དོ། །མྱ་ངན་སྨིག་རྒྱུ་ཞེས་བྱ་བ་ལ་སོགས་པ་ནི་རི་དགས་སྲེད་དང་དྲི་ཟའི་གྲོང་ཁྱེར་མཐོང་པ་ལ་སོགས་པ་ཇི་བཞིན་དུ་གཟུགས་བརྙན་ཙམ་དུ་དངོས་པོ་རྣམས་མཆོག་གི་རྣལ་འབྱོར པས་མཐོང་ངོ། །དེ་བཞིན་དུ་ལུང་ལས་ཀྱང། སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །དེ་བཞིན་དུ་ནི་བར་སྲིད་དོ་ཞེས་པ་ལ་སོགས་པས་སོ། །དེ་ཐམས་ཅད་མ་རིག་པའི་བག་ཆགས་ཀྱི་སྐྱོན་གྱིས་ལོག་པར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་རྟོག་པ བྱེད་དོ། །དཔེར་ན་རླུང་འཁོར་བས་ཆུ་ཡང་བརྟན་པར་གྱུར་པ་དེ་བཞིན་དུ་དངོས་པོའི་གྲོང་ཁྱེར་རྣལ་འབྱོར་གྱི་དབང་ཕྱུག་གིས་ཤེས་པར་བྱའོ། །དེ་བཞིན་དུ་ལུང་ལས་ཀྱང་སྟོང་ཉིད་དེ་ཉིད་གྱུར་པ་ཡིས། །དངོས་པོའི་བག་ཆགས་ཀྱིས་བསྒོས་འགྱུར། །རླུང ནི་འཁོར་བས་བརྟན་གྱུར་པའི། །ཆུ་ཡིས་དེ་ཉིད་ཚོགས་པ་འབྲོས། །རྐང་པ་གསུམ་པས་ཤིན་ཏུ་མེད་པ་མཚོན་ནོ་མོ་གཤམ་བུ་ཞེས་བྱ་བ་ལ་སོགས་པའི་མོ་གཤམ་ནི་བཅོམ་ལྡན་འདས་བདག་མེད་མ་དེའི་བུ་ནི་དོན་དམ་པའི་བདེན་པ་དཔེར་ན བྱེ་མའི་མར་ཁུ་འམ་དཔེར་ན་རི་བོང་གི་རྭ་བཞིན་ནོ། །དེ་རྣམས་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱི་དེའི་མཚོན་པོའོ། །དེ་རྣམས་སྐྱེ་བ་མེད་པའི་ཕྱིར་དོན་དམ་པའི་བདེན་པ་བདེ་བ་ཆེན་པོ་ཡེ་ཤེས་ལྔའི་བདག་ཉིད་དོ། །འགྲོ་པ་ལ་སྣ་ཚོགས་པའི་རབ་ཏུ་བྱེད པས་རོལ་པའི་བདེ་བ་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་བཞིན་དུ་སཱུ་ཏ་ཀེ་ལས་ཀྱང། སངས་རྒྱས་ལ་བདག་འགྲོ་ཀུན་པ་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་བཞི་པས་ངོ་བོ་ཉིད་ཡོངས་སུ་དག་པ་གསུངས་ཏེ། བྷུ་སུ་ཀཱུ་ཞེས་བྱ་བ་ལ་སོགས་པ ནི་འདུ་ཤེས་གསུམ་པ་ཉིད་ཀྱི་གསུངས་ཏེ། དངོས་པོ་རྣམས་ཀྱི་འདིར་ངོ་བོ་ཉིད་བདག་གིས་བཤད་པའོ། །ཀྱེ་བྱིས་པའི་རྣལ་འབྱོར་པ་གལ་ཏེ་ཁྱོད་ཀྱིས་འཁྲུལ་པ་ཡོད་ན་དེའི་ཚེ་བླ་མ་དམ་པའི་ཞབས་ལ་གུས་པར་བྱའོ། །འདོད་པ་སྦྱིན་པ་ཞེས་བྱ་བའི་གླུ་དབྱངས ནག་པོ་སྤྱོད་པའི་ཞབས་ཀྱིའོ། །སེམས་ཀྱི་ལྷན་སྐྱེས་སྟོང་ཉིད་རྫོགས། །ཕུང་པོ་དང་བྲལ་སྡུག་བསྔལ་མེད། །སྨྲས་པ་ཇི་ལྟར་ཀཱཧྣ་མེད། །བདག་ནི་ཁམས་གསུམ་གཏན་དུ་འཕྲོ། །རྨོངས་པ་བརྟན་ཉམས་འཇིག་བཅས་མཐོང། །རླབས་བྲལ་རྒྱ་མཚོ་ཇི ལྟར་སྐམ། །ཡོད་བཞིན་འཇིག་རྟེན་རྨོངས་མི་མཐོང། །འོ་མ་མར་ཡོད་བཞིན་མི་མཐོང། །འགྲོ་འོང་མེད་པའི་སྲིད་པ་འདི་ཡང་གང། །ཀཱ་ཧྣ་རྣལ་འབྱོར་ངོ་བོ་ཉིད་བཞིན་རོལ?། །ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་ཆིམ་པའི་ནག་པོ་སྤྱོད་པའི་ཞབས་ཀྱིས་དེ་ཉིད ཀྱི་དོན་གསུངས་སོ། །སེམས་ཞེས་བྱ་བ་ལ་སོགས་ནི་ལྷན་ཅིག་སྐྱེས་པས་ཞེས་ཏེ་རང་བཞིན་གྱི་ངོ་བོ་ཉིད་ཀྱི་ལྷ་ཐམས་ཅད་སྟོང་པ་ཉིད་བཅུ་དྲུག་གིས་ཡོངས་སུ་རྫོགས་པ་འདི་བདག་གི་སེམས་ཀྱི་རྒྱལ་པོའོ། །དེའི་ཕྱིར་ཕུང་པོ་དང་བྲལ་བ་ཞེས ཏེ། ཀྱེའི་སྐྱེ་བོ་རྣམས་བདག་གི་ཕུང་པོ་དང་བྲལ་བ་ལ་སྡུག་བསྔལ་མ་བྱེད་ཅིག་ཅེས་སོ། །དེ་བཞིན་དུ་དགྱེས་པའི་རྡོ་རྗེ་ལས་ཀྱང། །ཕུང་པོ་དངོས་མེད་བདེ་བའི་མཆོག་ཅེས་སོ། །དྷཱཱིུ་རྐང་པས་ངོ་བོ་ཉིད་གསུངས་ཏེ། །ཀྱེའི་བྱིས་པའི་རྣལ་འབྱོར་པ སྨྲས་པ་ཇི་ལྟར་ནག་པོ་སྤྱོད་པ་མེད་པར་འགྱུར་ཏེ། འཇིག་རྟེན་གྱི་ངོ་བོ་དེའི་བསྒོམ་པར་བྱའོ། །བརྟན་དུ་འཕྲོ་བར་བྱེད་དེ་དོན་དམ་པའི་ཆུ་གཏེར་ལ་རོལ་པར་བྱེད་དོ་ཞེས་པའི་དོན་ནོ། །དེ་བཞིན་དུ་ལུང་ལས་ཀྱང། ཇི་ལྟར ཆུ་ཀླུང་དངས། །བདག་གིས་ངོ་བོ་མྱུར་དུ་བསྐྱེད། །དེ་བཞིན་སྟོང་ཉིད་ཀུན་དངས་ལས། །སྒྱུ་འཕྲུལ་དྲ་བ་སྟོན་པར་བྱེད། །རྐང་པ་གཉིས་པས་དཔེའི་སྒོ་ནས་དོན་དེ་ཉིད་གསལ་བར་བྱེད་དོ། །རྨོངས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་པོ་དང སེར་པོ་ལ་སོགས་པའི་དབྱིབས་དང་ཁ་དོག་ཉིད་ཀྱི་གང་གི་དངོས་པོ་དེའི་འཇིག་པ་མཐོང་བའི་རྨོངས་པ་ཅིའི་ཕྱིར་འཇིགས་པར་བྱེད་དེ། ཅི་སྟེ་རྒྱ་མཚོའི་རླབས་ཞིག་པས་རྒྱ་མཚོ་སྐམས་པར་འགྱུར་རམ་ཞེས་སོ། །རྐང་པ་གསུམ་པས དེ་ཉིད་བརྟན་པར་བྱེད་དོ། །རྨོངས་པ་ཞེས་པ་ནི་དེ་བཞིན་དུ་བླུན་པོས་ཡོད་བཞིན་པ་ཡང་འོ་མའི་ནང་ན་མར་མི་མཐོང་བའོ། །དེ་བཞིན་དུ་འཇིག་རྟེན་གསུམ་མཐོང་བཞིན་པ་ཡང་མི་མཐོང་བའོ། །རྐང་པ་བཞི་པས་ཡོངས་སུ་གྲུབ་པ་གསུངས་ཏེ། སྲིད་པར་འགྲོ་བ་མེད་ཅེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་ཆུ་སྐྱེས་ཀྱི་རྡུལ་གྱིས་བྱེད་པའི་ཕྱིར་རོ། །འདིར་སྲིད་པའི་རང་བཞིན་ཡོངས་སུ་ཤེས་པ་ནག་པོ་སྤྱོད་པ་ཞབས་ལ་སྲིད་པ་ལ་འདིར་རོལ་བར་བྱེད་དེ་རྩེ་བར་བྱེད་དོ་ཞེས་པའོ། །པཾ་ག་ལ ཞེས་བྱ་བའི་ཀླུ་དབྱངས་བྷཱུ་སུ་ཀུའི་ཞབས་ཀྱིའོ། །ལྷན་ཅིག་སྐྱེས་པའི་ཤིང་ཆེན་འཇིག་རྟེན་གསུམ་ན་འཕྲོ། །ནམ་མཁའ་དང་མཚུངས་རང་བཞིན་བཅིངས་ནས་གྲོལ་བ་གང། དཔེར་ན་ཆུ་ལ་ཆུ་བཞག་དབྱེ་པར་མི་ནུས་ལྟར། །དེ་བཞིན་ཡིད་ཀྱི་རིན ཆེན་རོ་མཉམ་ནམ་མཁར་ཞུགས། །གང་ལ་བདག་ཉིད་མེད་པ་དེ་ལ་གཞན་དག་དང། །ཐོག་མ་མཛའ་མེད་སྐྱེ་དང་འཆི་བའི་སྲིད་པ་མེད། །བྷུ་སུ་ཀུས་སྨྲས་ངོ་མཚར་ཞེས?་སྨྲས་ངོ་མཚར་ཀུན། །འགྲོ་འོང་དང་བྲལ་དེ་ལ་དངོས་དང་དངོས་མེད མེད། །ལྷན་ཅིག་སྐྱེས་པའི་བདེ་བས་ཚིམ་པའི་འདུ་ཤེས་གསུམ་པའི་ཞབས་ཀྱིས་དེ་ཁོ་ན་ཉིད་ཀྱིས་དོན་གསལ་བར་མཛད་དོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་ཞབས་ཀྱི་རྡུལ་ལ་རེག་པས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས བདེ་བར་བྱས་པའི་ས་བོན་གཟུང་ནས་འཇིག་རྟེན་གསུམ་ཁྱབ་པར་བྱེད་པ་རྣལ་འབྱོར་གྱི་དབང་ཕྱུག་གི་ལྷན་ཅིག་སྐྱེས་པའི་སེམས་སུ་བྱེད་པ་དེ་ནི་ནམ་མཁའ་དང་མཚུངས་པའི་དཔེ་སྟེ། བདེ་བ་ཆེན་པོའི་རང་བཞིན་གྱིས་འཇིག་རྟེན་གསུམ་གང་དུ ཡང་བཅིངས་པ་དང་གྲོལ་བ་མེད་པ་ཞེས་སོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང། ཁྱབ་བྱ་ཁྱབ་བྱེད་ངོ་བོ་ཡིས། །བདེ་བ་ཡིས་ནི་འགྲོ་བ་ཁྱབ། །ཚིག་ཕྱི་མའི་རྐང་པས་དྷྲཱཱིུ?་རྐང་པར་རིག་པར་བྱའོ། །རྐང་པ་གཉིས་པས་དཔེ་ཡིས་ཉེ་བར་འཇལ་བར བྱེད་དོ། །དཔེར་ན་ཆུ་ལ་ཆུ་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཕྱི་རོལ་གྱི་ཆུ་ལ་ཆུ་གཞག་ན་དབྱེར་མེད་པར་བློ་དང་ལྡན་པས་ཤེས་སོ། །དེ་བཞིན་དུ་ཡིད་ཉིད་བྱང་ཆུབ་ཀྱི་སེཾས་ཀྱི་སེཾས་རིན་པོ་ཆེ་དང་རྣལ་འབྱོར་པའི་དབང་པོ་རོ་གཅིག་ཏུ་གྱུར་པ་ནམ་མཁར་ཞེས་ཏེ་འོད གསལ་ལ་རབ་ཏུ་ཞུགས་པའོ། །དེ་ལ་དེའི་ཡེ་ཤེས་དམིགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལུང་ལས་ཀྱང། ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། དེ་བཞིན་ཡེ་ཤེས་འཁོར་ལོ་གནས་ཞེས་སོ། །རྐང་པ་གསུམ་པས་དངོས་པོའི་རང་བཞིན་གསུངས་ཏེ། གང་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་རྣལ་འབྱོར་གྱི་དབང་ཕྱུག་གི་བདག་དང་བདག་གིར་འཛིན་པའི་འབྲེལ་པ་མེད་པའི་ཕྱིར་དེའི་གཞན་གྱི་འབྲེལ་པ་ཤིན་ཏུ་རིང་དུ་གྱུར་པའོ། །གང་གི་དང་པོར་མ་སྐྱེས་པའི་དངོས་པོ་གང་རྣམས་ལ་དེ་རྣམས ཀྱི་སྐྱེ་བ་དང་གནས་པ་དང་འཇིག་པ་མ་མཐོང་སྟེ་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་སོ། །དེ་བཞིན་དུ་ལུང་ལས་ཀྱང། སྐྱེ་མེད་འཆི་མེད་དེ་བཞིན་ཉིད། །གཟུགས་མིན་གཟུགས་མེད་པའང་མིན། །འཁོར་བ་མ་ཡིན་མྱང་འདས་མིན། །བྱེད་པ་དང བྲལ་དེ་ཡིས་མཚོན། །རྐང་བ་བཞི་པས་དངོས་པོའི་རང་བཞིན་གསུངས་ཏེ། བྷུ་སུ་ཀུས་སྨྲས་ཞེས་བྱ་བ་ལ་སོགས་པའི་ངོ་མཚར་ཞེས་པ་ནི་སྔོན་དུ་གསུངས་པའི་འདུ་ཤེས་གསུམ་པའི་ཞབས་ཀྱིས་གསུངས་ཏེ། ད་ངོས་པོ་མཛའ་དག་རྣམས་ཀྱི་དེའི་རང་བཞིན་ནི་འདིར་ཟབ་མོ་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ལས་དངོས་པོ་དང་དངོས་པོའི་མེད་པའི་རྣམ་པར་རྟོག་པ་ཡོངས་སུ་བསྡུས་པ་འཁོར་བར་སྐྱེ་བ་དང་སྤྱོད་པ་ཁྱིམ་དུ་འཇུག་པ་དང འོང་བ་གང་ཡང་རྣལ་འབྱོར་པས་མ་མཐོང་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། ཟབ་མོ་ཉིད་ཀྱང་མཚོན་དུ་མེད། །རང་དང་གཞན་དུ་མི་དམིགས་སོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡི། །འབྲས་བུ་རང་རིག་ཉིད་ཀྱིས ཤེས། །མལ་ལ་རཱ་ཞེས་བྱ་བའི་གླུ་དབྱངས་ཀཾ་ཀའི་ཎའི་ཞབས་ཀྱིའོ། །སྟོང་པར་སྟོང་ཉིད་གང་ཚེ་མཐུན་གྱུར་པ། །ཆོས་རྣམས་ཐམས་ཅད་དེ་ཚེ་འཆར་བར་འགྱུར། །ཡོད་པའི་སྐད་ཅིག་བཞི་ལ་ཡང་དག་རྟོགས། །དབུས་སུ་འགོག་པས་བླ་མེད བྱང་ཆུབ་བོ། །ཐིག་ལེ་ནཱ་ད་སྙིང་ལ་འཇུག་པ་མེད། །གཞན་དུ་བལྟས་པས་གཞན་ནི་རྣམ་པར་ཉམས། །ཇི་ལྟར་འོངས་བདེ་ལྟར་ཤེས་པར་གྱུར། །དབུ་མ་རུ་ནི་ཐམས་ཅད་རྣམ་པར་སྤོང། །ཀཾ་ཀ་ན་སྨྲ་ཀ་ལ་ཡའི་དྲིན། །ཐམས་ཅད་རྣཾ བཤིག་དེ་ཉིད་གཞོམ་མེད་དབྱངས། །མཆོག་གི་སྙིང་རྗེའི་བདུད་རྩིའི་བཏུང་བས་རབ་ཏུ་ཚིམ་པ་ཉིད་ཀྱིས་གྲུབ་པའི་སློབ་དཔོན་ཀེང་རུས་ཞབས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་སྒྲ་གཞན་གྱིས་གསུངས་ཏེ། སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུཾ པ་ཨས་བྱིན་གྱིས་བརླབས་པ་སྟོང་པ་རྡོ་རྗེ་བླ་མའི་བྱིན་གྱིས་བརླབས་པ་ལས་བཞི་པའི་གོ་འཕང་སྟོང་པ་ཉིད་ལ་གང་གི་ཚེ་མཐུན་པར་བྱེད་པ་རང་ཉིད་དེའི་ཚེ་དེའི་དུས་སུ་ཆོས་ཐམས་ཅད་ཅེས་ཏེ་ཟུང་འཇུག་གི་འབྲས་བུ་འཆར་བར འགྱུར་རོ། །ཞེས་སོ། །དྷྲུའི་རྐང་པས་དེ་ཁོ་ན་ཉིད་ཀྱི་དོན་གསུངས་སོ། །སྐད་ཅིག་བཞི་པ་ཞེས་པ་དེ་ལས་སྣ་ཚོགས་པ་ལ་སྐད་ཅིག་གིས་དགའ་བ་བཞི་པ་ཡང་དག་པར་རྟོགས་པའི་ཕྱིར་རང་བྱིན་གྱིས་བརླབས་པས་དབུ་མར་འགོག་པ་ཞེས་སོ། །རང བཞིན་བདུན་གྱི་ཉེས་པས་ཏིང་ངེ་འཛིན་གྱི་དྲི་མའི་གཞི་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང། དེ་ལ་དགའ་བ་སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་གོམས་པའི་འབྲས་བུ གསུངས་ཏེ། ནང་ཞེས་བྱ་བ་ལ་སོགས་པ་ནི་ཧཱུཾ་ཡིག་རིང་པོ་ཐབས་འཛིན་པའི་ཤེས་པའི་རྣམ་པར་རྟོག་པ་ལ་ཐིག་ལེ་ཞེས་སོ། །ཤེས་རབ་གཟུང་བའི་ཤེས་པའི་རྣམ་པར་རྟོག་པ་ལ་ནི་ནཱ་དའོ། །དེ་གཉིས་ཀར་རྣམ་པར་རྟོག་པ་ཡིས་དེའི་དུས་སུ་སྤོང པའོ། །དེའི་ཕྱིར་ཆོས་ཐམས་ཅད་དམིགས་པ་མེད་པར་མཐོང་སྟེ། སེམས་རྟོགས་པ་ཡང་སོ་སོར་མི་དམིགས་པར་མོས་པའོ། །རྐང་པ་གསུམ་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་བྱེད་པ་ཉིད་གསུངས་ཏེ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་དང་པོ གང་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བར་གྱུར་པ་དེ་ལ་རང་གི་བྱང་ཆུབ་ཀྱི་སེམས་དབང་པོ་དང་ཡུལ་གྱི་རྣམ་པར་རྟོག་པ་དང་བྲལ་ནས། གང་ལ་བཞི་པའི་བདེ་བ་རང་རིག་པའི་ངོ་བོ་ཤེས་པའི་ཕྱིར་རོ། །དེ་བཞིན་བུ་ས་ར་ཧའི་ཞབས་ཀྱིས་ཀྱང། གང་ལ་སེམས ཉིད་བརྟན་གྱུར་རྣམ་བཟློག་འགྱུར། རླུང་དང་རོ་མཉམ་ཉིད་དུ་གྱུར་པ་ཡི། །དབང་པོ་ཡུལ་དང་མཚུངས་ཉིད་ཇི་བཞིན་དུ། །གཞན་དུ་གང་གིས་མཚུངས་པ་ཉིད་དུ་འགྱུར། །རྐང་པ་བཞི་པས་རང་ཉིད་ཀྱི་མཐུ་གསུངས་ཏེ། སྨྲས་པ་ཞེས་བྱ་བ་ལ་སོགས པ་ནི་གྲུབ་པའི་སློབ་དཔོན་ཀཾ་ཀ་ཎའི་ཞབས་ཉིད་ཀྱིས་གསུངས་ཏེ། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལ་སོགས་པ་བྱིས་པའི་རྣལ་འབྱོར་པའི་ཅ་ཅོ་སྟེ་མཉམ་པ་ཉིད་གཞོམ་དུ་མེད་པའི་སྒྲ་ཡིས་བཅོམ་པའོ། །དེ་བཞིན་དུ་ལུང་ལས་ཀྱང། སྟོང་ཉིད་སེང་གེའི་སྒྲ་ཡིས་ནི། །སྒྲ་རྣམས་ཐམས་ཅད་སྐྲག་པར་བྱེད་ཅེས་སོ། །མལ་ལཱ་རི་ཞེས་བྱ་བའི་གླུ་དབྱངས་ནག་པོ་ཞབས་ཀྱིའོ། །ཡིད་ལྗོན་དབང་ལྔའི་ཡལ་ཅན་དེ་ལ། །འདོད་པ་འབབ་པའི་ལོ་འབྲས་འབབ པར་བྱེད། མཆོག་གི་བླ་མའི་གསུང་གི་སྟ་རེས་བཅད། །ཀཱ་ཧྣས་སྨྲས་བ་ཤིང་ལྗོན་སླར་མི་སྐྱེ། །ཤིང་དེ་དགེ་དང་མི་དགེའི་ཆུ་ཡིས་འཕེལ། །མཁས་པས་གཅོད་པ་བླ་མའི་ཚད་ཀྱིས་ནི། །ཤིང་གང་གཅོད་དང་རྟུབ་པ་མི་ཤེས་ན། །རུལ་ནས་ལྟུང ཞིང་རྨོངས་ཉིད་སྲིད་པར་མོས། །སྟོང་པའི་ཤིང་མཆོག་ནམ་མཁར་སྟ་རེ་ཡིས། །ཤིང་དེའི་ཡལ་ག་རྩ་བ་ཉིང་ནས་གཅོད། །དེ་ཁོ་ན་ཉིད་ཀྱི་དོན་མཆོག་གི་དགའ་བས་རབ་ཏུ་ཆིམ་པའི་ནག་པོ་སྤྱོད་པ་ཉིད་ཀྱིས་གསུངས་སོ། །ཡིད་ལྗོན་ཞེས་བྱ་བ་ལ སོགས་པ་ནི་ཐོག་མ་མེད་པའི་སྲིད་པའི་བག་ཆགས་ཀྱི་ཡལ་ག་ལ་རྟེན་པའི་ཕྱིར་ནག་པོ་སྤྱོད་པའི་ཞབས་ཀྱིས་རང་གི་སེམས་ལྗོན་ཤིང་ཉིད་དུ་ཉེ་བར་བལྟའོ། །དེའི་སེམས་ཀྱི་ལྗོན་པ་ནི་དབང་པོ་ལྔའི་ཡལ་ག་ལས་གྲོལ་བའོ། །འདོད་པ་དེའི་ལོ་མ་དང འབྲས་བུས་འབབ་པ་ཞེས་སོ། །དྷྲུའི་རྐང་པས་དེའི་སྐྱེ་བ་མེད་པ་མཚོན་པར་བྱེད་དོ། །མཆོག་གི་བླ་མ་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་གསུང་གི་སྟ་རེས་དེའི་བག་ཆགས་གཅོད་ཅིང་ཉམས་བར་བྱེད་པ་ནག་པོ་སྤྱོད་པས་གསུངས་སོ།། དེ་ཉིད་སེམས་ལྗོན་ཤིང་བཞིན་དུ་ས་གཞིར་སླར་སྐྱེ་བ་མེད་དོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང། གཞན་དུ་སངས་རྒྱས་ཐོབ་མི་འགྱུར་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་བླ་མའི་གསུང་གི་མཐུ་གསུངས་ཏེ་། འཕེལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཡང་སེམས་ཀྱི་ལྗོན་ཤིང་དགེ་བ་དང་མི་དགེ་བའི་ཆུ་བླངས་ནས་རང་གི་ཡིད་ལ་སོགས་པ་འཁོར་བའི་ས་གཞིར་འཁོར་པར་བྱེད་དོ། །དེ་ནས་དཔལ་གྱི་བླ་མ་ལ་དྲིས་ནས་དེའི་གསུང་ཉམས་སུ་མྱོང་བར་བྱས ནས་རིག་པ་དང་ལྡན་པའི་སྐྱེ་བོས་ཞེས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་དེའི་སེམས་ཀྱི་ལྗོན་ཤིང་གཅོད་པར་བྱེད་དོ། །རྐང་པ་གཉིས་པས་མན་ངག་དང་བྲལ་བའི་རྣལ་འབྱོར་པ་འཁོར་བ་ཉིད་དུ་གསུངས་ཏེ། ཤིང་གང་ཞེས་བྱ་བ་ལ་སོགས་པ་ནི་གང་ཡང བྱིས་པའི་རྣལ་འབྱོར་པས་སེམས་ཀྱི་ལྗོན་པ་གཅོད་པ་ཞེས་ཏེ། རང་བཞིན་མེད་པར་བྱེད་མི་ཤེས་པའོ། །དེ་རྣམས་ཀྱང་འཁོར་བའི་སྡུག་བསྔལ་གྱིས་འཁོར་ཞིང་འགྲོ་དྲུག་དུ་ལྟུང་བར་འགྱུར་རོ། །སླར་ཡང་དེ་ལ་སྲིད་པ་ལེན་པར་བྱེད་ཅིང་ཐར་? ལམ་མི་ཤེས་སོ། །རྐང་པ་བཞི་པས་བླ་མའི་གསུང་གི་ལམ་རྗེས་སུ་སྔགས་པ་གསུངས་ཏེ། སྟོང་པའི་ཤིང་མཆོག་ཅེས་བྱ་བ་ལ་སོགས་པ་ནི་དེ་ལས་མ་རིག་པ་སྟོང་པའི་ཤིང་ངོ། །ཀྱེ་བྱིས་པའི་རྣལ་འབྱོར་པ་ནམ་མཁའ་ཞེས་ཏེ་རང་བཞིན་། གྱིས་འོད་གསལ་བའོ། །སྟ་རེ་ཡིས་བླ་མའི་གསུང་གི་དྲིན་ལས་བག་ཆགས་ཡང་དག་པར་གཅོད་པ་ཞེས་སོ། །གང་གིས་སླར་ཡང་དབང་པོའི་དབང་དུ་མི་བྱེད་པའོ། །ཤཾ་བ་རཱི་ཞེས་བྱ་བའི་གླུ་དབྱངས་ཛ་ཡ་ནན་ཏའི་ཞབས་ཀྱིའོ། །རྨི་ལམ་གཟུཌ བརྙན་ཇི་བཞིན་བལྟ་བར་གྱིས། །བར་གྱི་སྲིད་པ་ཉིད་ཀྱང་དེ་བཞིན་ནོ། །གལ་ཏེ་ཡིད་ནི་རྨོངས་ལས་རྣམ་གྲོལ་ན། །དེ་ཚེ་འཆོ་དང་འོང་བ་རྒྱུན་ཆད་འགྱུར། །ཚིག་པ་མ་ཡིན་གཤེར་མིན་རྒྱུན་མི་འཆད། །སྒྱུ་མ་ལ་རྨོངས་སྒྲ་དཀར་གཉེར་འཇིག ལྟོས། །ལུས་ནི་གྲིབ་མ་སྒྱུ་མ་དང་མཚུངས་པ། །ཕྱོགས་ནི་གཉིས་པོ་དེར་ནི་སྣ་ཚོགས་མཆོར། །སེམས་ཀྱི་དེ་ཉིད་རང་བཞིན་སྦྱང་བར་གྱིས། །ཛ་ནནྟ་སི་སྨྲས་གསལ་བྱེད་གཞན་མུན་ནོ། །མཆོག་གི་སྙིང་རྗེ་བསགས་པའི་ཕྱིར་དེ་ཁོ་ན ཉིད་ཀྱི་དོན་མངོན་པར་ཤེས་པ་དང་ལྡན་པའི་ཛ་ཡ་ནཾ་ཏིའི་ཞབས་ཀྱིས་གསུངས་ཏེ། བལྟ་བར་གྱིས་ཤེས་བྱ་བ་ལ་སོགས་པ་ནི་དཔེར་ན་རྨི་ལམ་གྱི་སྐྱེས་བུ་དང་མེ་ལོང་གི་གཟུགས་བརྙན་བཞིན་དུ་དེ་བཞིན་དུ་སྲིད་ཀྱི་རྣམ་པར་ཤེས་པ་མཐོང་ངོ དེ་བཞིན་དུ་ལུང་ལས་ཀྱང། ཇི་ལྟར་ཆུ་ནང་ཟླ་བ་བཞིན་དུ་ཡོད་མེད་མིན་ཞེས་བྱ་བ་ལ་སོགས་པས་སོ། །ཀྱེ་གལ་ཏེ་ཁྱོད་ཀྱི་ལམ་མ་རྟོགས་ན་རྣམ་པར་ཤེས་པས་ཡང་དག་པར་འགྲོ་བའི་དུས་ལ་ཡང་བླ་མ་དམ་པའི གསུང་རྗེས་སུ་དྲན་པས་རང་གི་སེམས་ཀྱི་རྨོངས་པ་ལས་རྣམ་པར་གྲོལ་བར་ཁྱོད་ཀྱིས་ཤིག་པའོ། །དེའི་དངོས་པོ་མེད་པས་འཁོར་བའི་འགྲོ་བ་དང་འོང་བ་རྒྱུན་འཆད་པར་འགྱུར་རོ། །དེའི་ཕྱིར་རང་གི་ངོ་བོ་ཉིད་ལ་ལོག་པར་རྨོངས་པས སོ། །ཅིའི་ཕྱིར་འབྲས་བུ་མེད་པ་ལ་འགོག་པར་བྱེད་དེ། དེ་བཞིན་དུ་ཡང་བྷུ་སུ་ཀུའི་ཞབས་ཀྱིས་ཀྱང། །ཉོན་མོངས་ཡུལ་རྣམས་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གསུམ་པས་དོན་དམ་པའི་སེམས་ཀྱི་རྗེས་སུ་བསྔགས་པ་གསུངS ཏེ། ཚིག་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་ཞབས་ཀྱི་ཆུ་སྐྱེས་ཀྱི་རྡུལ་ལ་རེག་པ་ལས་དེ་ཉིད་ལས་འཁོར་བའི་ཡིད་གང་དུ་རྨོངས་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེའི་ཚེ་མེས་འཚིག་པར་མི་འགྱུར་ཞིང་ཆུས ཀྱང་འཁྱེར་བར་མི་འགྱུར་རོ། །མཚོན་གྱིས་ཆོད་པར་ཡང་མི་འགྱུར་ཏེ། དོན་དམ་པའི་སེམས་ཀྱི་རྟགས་ཀྱི་ང་རྒྱལ་གྱིས་སོ། །དེ་བཞིན་མཐོང་བར་གྱུར་པ་དེ་ཉིད་ཀྱང་བློ་གྲོས་དམན་པ་རྨོངས་པས་མཆོག་ཏུ་འཆིང་བར་བྱེད་དོ། །དེ་བཞིན་དུ ཕྱིའི་བསྟན་བཅོས་ལས་། འབད་པ་ཡིད་ནི་སྡིག་པ་ཡང་དག་སྤྱོད། །བསོད་ནམས་ཞར་ལ་བྱུང་ཡང་སྤྱོད་མི་བྱེད། །མི་ཡི་འཇིག་རྟེན་འདི་དག་ཡ་མཚན་ཆེ། འོ་མ་ཡོངས་སུ་སྤངས་ནས་དུག་འཐུང་བྱེད། །རྐང་པ་གཉིས་པས་དོན་དམ་པའི་མཚན ཉིད་གསུངས་ཏེ། གྲིབ་མ་ཞེས་བྱ་བ་ལ་སོགས་པ་ལ་གཏི་མུག་ལས་གྲོལ་བ་གང་གི་ཚེ་དོན་དམ་པར་རིག་པར་འགྱུར་རོ། །དེའི་ཚེ་སྒྱུ་མ་དང་འདྲ་བར་རང་གི་ལུས་ཤེས་ནས་མིག་གིས་མཐོང་བར་འགྱུར་རོ། །ཕྱོགས་དང་ཕྱོགས་མ་ཡིན་པ་དབྱེར་མེད པ་དཔལ་ཧེ་རུ་ཀ་ལྔ་རྟོག་པར་བྱེད་དོ། །ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། ལྷ་མོ་སྒྱུ་མ་ཆེན་མོ་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་བཞི་པས་སེམས་ཀྱི་འབྲས་བུའི་ངོ་བོ་གསུངས་ཏེ། སེམས་ཀྱི་ཞེས་བྱ་བ་ལ་སོགས་པའི་དེ་ཉིད་ཅེས་པ་ནི་ཤེS རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་བཅུད་ཆེན་པོས་སེམས་ཀྱི་བག་ཆགས་ཀྱི་ཉེས་པ་རྣམ་པར་སྦྱོར་བར་གལ་ཏེ་མཁས་པས་བྱེད་པ་དེའི་ཚེ་ཛ་ཡ་ནཾ་ཏའི་ཞབས་ཉིད་སྨྲ་བར་བྱེད་དེ། སེམས་ནི་གཞན་མ་ཡིན་ཏེ་དངོས་པོ་མེད་པ་མ་ཡིན་ནོ། །རྣམ་དག དེ་བཞིན་ཉིད་གང་ལས། །དེ་ཉིད་གཞན་དུ་མ་ཡིན་ནོ། །དེ་བཞིན་བརྟག་པ་གཉིས་པ་ལས་ཀྱང། དངོས་རྣམས་ཀུན་གྱི་ངེས་པ་ནི། །རྣམ་དག་དེ་བཞིན་ཉིད་དུ་འདོད། །གུ་ཛཛ་རི་ཞེས་བྱ་བའི་གླུ་དབྱངས་ཆོས་པའི་ཞབས་ཀྱིའོ། །རྡོ་རྗེ་པདྨའི་དབུས་སུ གྱུར་པ་བླངས། །མཉམ་ཉིད་སྦྱོར་བས་གཏུམ་མོང་བར་བར་གྱུར། །ཌོཾ་བི་ནི་ཡི་ཁང་པ་མེ་ཡིས་ཚིག་ནས་འབར། །རི་བོང་འཛིན་པའི་ཆུ་ནི་ལོང་ལ་གཏོར་བར་གྱིས། །རྩཝ་ནི་འབད་བ་མ་ཡིན་དུ་བ་མཐོང་བ་མེད། །རི་རབ་སྟེང་དུ་བླངས་ནས་ནམ་མཁར རབ་ཏུ་ཞུགས། །རྗེ་བཙུན་ཁྱབ་འཇུག་དབང་ཕྱུག་ཚངས་པ་རྣམས་ནི་ཚིག། ཡོན་ཏན་དགུ་དང་ཡུལ་གྱི་གྲོང་ཁྱེར་རྣམས་ཀྱང་ཚིག། དྷ་མས་སྨྲས་པ་གསལ་བོར་བླངས་ནས་རབ་ཏུ་ཤེས། །རྩ་ཕྲན་ལྔ་ལས་ཆུ་ནི་སྟེང་དུ་སོང་བར་གྱུར། །དེ་ཁོ་ན་ཉིད ཀྱི་དོན་ལ་མཆོག་གི་སྙིང་རྗེ་དང་བྱམས་པའི་ཐུགས་ཀྱིས་གྲུབ་པའི་སློབ་དཔོན་ཆོས་པའི་ཞབས་ཉིད་ཀྱིས་གསུངས་ཏེ། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་ནི་ཐབས་ཤེས་རབ་མཉམ་པ་ཉིད་དུ་ཡང་དག་པར་སྦྱོར་བས་བདེ་བ་ཆེན་པོ་འདོད་ཆགས་ཀྱི་མེ འབར་བ་བདག་གི་སྟེ་བ་སྤྲུལ་པའི་འཁོར་ལོར་གཏུམ་མོའི་མེ་འབར་པའོ། །དྷྲུའི་རྐང་པས་དོན་དེ་ཉིད་རྣམ་པར་གསལ་བར་བྱེད་དོ། །མེས་ཚིག་ཅེས་པ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འདོད་ཆགས་ཀྱི་སྲེད་པ་དང་ལྡན་པས་མེ་ཉིད་དོ། །ཌོཾ? བི་ནི་ཡོངས་སུ་དག་པའི་ཨ་བ་དྷཱུ་ཏཱིའི་ཁྱིམ་དུ་སྦྱོང་བའོ། །དེ་བས་ན་བདེ་བ་ཆེན་པོའི་མེས་བདག་གིས་ཡུལ་ལ་སོགས་པའི་ཚོགས་པ་ལ་བརྟེན་པ་མཛའ་དག་བསྲེག་པའོ། །རི་བོང་འཛིན་པ་ཞེས་པ་ནི་བླ་མ་དམ པའི་དྲིན་ལས་མཚན་ཉིད་དང་བྲལ་བས་རྣམ་པར་སྦྱངས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཟུང་ནས་དེའི་མེ་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང། ལྟེ་བར་གཏུམ་མོ་སྦར་བ་ཡིས་ཞེས བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་ཡེ་ཤེས་ཀྱི་མེའི་རང་བཞིན་གསུངས་ཏེ། རྩཝ་ནི་འབར་བ་མ་ཡིན་ཞེས་བྱ་བ་ལ་སོགས་པས་དཔེར་ན་ཕྱི་རོལ་ཏུ་མེ་དྲག་པོ་འབར་བ་དེའི་དུ་བ་ལ་སོགས་པ་མཐོང་བ་དེ་བཞིན་དུ་ཡེ་ཤེས ཀྱི་མེ་ནི་མི་མཐོང་སྟེ། འོན་ཀྱང་དངོས་པོ་དང་དངོས་པོ་མེད་པ་སྲེག་པ་སྔོན་དུ་གསུངས་པའི་རི་རབ་ཀྱི་སྟེང་དུ་མེ་ནི་ནམ་མཁའ་ལ་ཞེས་ཏེ་བདེ་བ་ཆེན་པོའི་འཁོར་ལོར་ཐིམ་པ་ཞེས་སོ། །རྐང་པ་གཉིས་པས་གསུངས་པའི་དོན་སོ་སོར་རྒྱས་པར་བཤད དོ། །སྲེག་པ་ཞེས་བྱ་བ་ལ་སོགས་པ་ནི་ཚངས་པ་ཞེས་པ་དགོངས་པའི་སྐད་ཀྱིས་དྲི་ཆེན་གྱི་རྩར་རིག་པར་བྱའོ། །ཁྱབ་འཇུག་ཅེས་པ་ནི་དྲི་ཆུའི་རྩའོ། །དབང་ཕྱུག་ཅེས་པ་ནི་ཁུ་བའི་རྩ་སྟེ་དེ་རྣམས་ཚིག་པའོ། །སྟེང་དུ་ནི་ལ་ལ་ནཱ་དང་སར་ནཱའོ། །ཡོན་ཏན་དགུ དང་ཡུལ་གྱི་ཞེས་པ་ནི་མིག་གི་དབང་པོ་ལ་སོགས་པ་དང་ཡུལ་དུ་བཤད་པ་རྣམས་སྲེག་པའོ། །དེ་ཉིད་འདོད་ཆགས་ཀྱི་མེས་རང་བཞིན་མེད་པར་གྱུར་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང། །ཡིད་ཀྱི་འཆི་བ་མེད་པས་སོ། །ཞེས་བྱ་བ་ལ་སོགས་པས སོ། །རྐང་པ་བཞི་པས་དགའ་བ་བཞི་པའི་རྐྱེན་དུ་གསུངས་ཏེ། དྷ་མས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ཆོས་པའི་ཞབས་ཉིད་ཀྱིས་གསུངས་སོ། །ཀྱེ་ལམ་མ་རྟོགས་པ་དཔལ་གྱི་བླ་མའི་ཞབས་ཀྱི་ཐབས་ཀྱིས་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས མཉམ་དུ་སྦྱོར་བ་གསལ་བར་མཛད་ནས་ལྷན་ཅིག་སྐྱེས་པའི་དགའ་བ་ཤེས་པར་གྱིས་ཤིག་པའོ། །དེ་ཡིས་བདེ་བ་ཆེན་པོ་ཆུ་སྐྱེས་ལས་འོངས་པ་ཉིད་གང་བྱང་ཆུབ་ཀྱི་སེམས་ནོར་བུའི་རྩེ་མོར་སོན་པ་བཞི་པའི་དགའ་བས་སྦྱངས་པ་ནཱ་ད་དང་བཅས་པ པདྨའི་ནཱ་ད་ལ་ཞེས་ཏེ་ཨ་བ་དྷཱུ་ཏིའི་ལམ་གྱིས་སླར་ཡང་དེ་ཉིད་དུ་འགྲོ་བའོ། །པ་ཌ་ཧ་ཞེས་བྱ་བའི་གླུ་དབྱངས་ཀུཀྐཱུ་རཱི་པའི་ཞབས་ཀྱིའོ། །རྡོ་རྗེ་ཆུ་སྐྱེས་གཡུར་ངོར་ཞུགས། །མཉམ་ཉིད་སྦྱོར་བའི་དམག་དཔུང་ཚོགས། །ཡུལ་དང་དབང པོའི་གྲོང་རྣམས་བཅོམ། །སྟོང་ཉིད་རྒྱལ་པོ་བདེ་ཆེན་མིང། །རྔ་སྒྲ་དུང་སྐད་གཞོམ་དུ་མེད་པའི་དབྱངས་རྣམས་སྒྲོགས། །གཏི་མུག་སྲིད་པའི་དཔུང་རྣམས་རིང་དུ་འདའ་བར་བྱས། །བདེ་བའི་གྲོང་ཁྱེར་རྩེ་མོར་གནས་ནས་ཐམས་ཅད་བསྡུས། །སོར་མོ གྱེན་དུ་བསླང་ནས་ཀུཀྐུ་རི་པ་སྨྲ། །འདི་ནི་འཇིག་རྟེན་གསུམ་དུ་བདེ་བ་ཆེན་པོས་རྒྱལ། །དེ་ཁོ་ན་ཉིད་ཀྱི་དོན་སྒྲ་གཞན་གྱིས་ཀུཀྐུ་རཱི་པའི་ཞབས་ཀྱིས་གསུངས་ཏེ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཡུལ་གྱི་སྒྲའི་གཡུལ་ངོ་འགོག་པའི་ཕྱིར་རྡོ་རྗེ་དང ཆུ་སྐྱེས་དེ་བཞིན་དུ་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རང་བཞིན་ཀུཀྐུ་རཱིའི་ཞབས་ཀྱིས་འདྲེན་པར་བྱེད་དོ། །མཉམ་ཉིད་ཅེས་པ་ནི་རང་བཞིན་གཅིག་ཏུ་བདེ་བ་ཆེན་པོའི་ངོ་བོ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་གི་མཉམ་པ་ཉིད་དུ་སྦྱོར་བ་དེ་ཉིད དེའི་དཱ་རི་ཀཱའོ། །དེ་བཞིན་དུ་ལུང་ལས་ཀྱང་།དངོས་པོ་གཅིག་གི་དེ་ཉིད་གང་གིས་མཐོང། །དངོས་ཀུན་དེ་ཉིད་དེས་མཐོང་ངོ་བོ་གཅིག། དངོས་པོ་ཀུན་གྱིས་ངོ་བོའི་རང་བཞིན་རྣམས། །དངོས་ཀུན་གཅིག་གི་རང་བཞིན་ངོ་བོ་ཉིད། །དྷྲུའི་རྐང་པས དེ་བ་ཆེན་པོའི་མཐུ་གསུངས་ཏེ། བཅོམ་ཞེས་པ་ནི་བདེ་བ་ཆེན་པོ་ཞེས་པ་ཐོས་པ་ཙམ་གྱིས་སྲིད་པའི་དཀྱིལ་འཁོར་གྱི་ཡུལ་དང་དབང་པོ་འདི་དག་བཅོམ་པའོ། །རྐང་པ་གཉིས་པས་དོན་དེ་ཉིད་གསལ་བར་མཛད་དོ། །སྒྲོགས་པ་ཞེས་བྱ་བ་ལ སོགས་པའི་བཞོམ་དུ་མེད་པའི་དབྱངས་ཞེས་བྱ་བ་ནི་རྔ་སྒྲ་དང་སྦྲ་གཡུལ་ངོར་སྒྲོགས་ཏེ། གང་སྟོང་པ་ཉིད་ཀྱི་དབུས་སུ་བསྐྱེད་པས་ཀྱེའི་རྣལ་འབྱོར་པས་སྲིད་པའི་ཡུལ་གྱི་དབུང་རང་བཞིན་མེད་པར་གྱིས་ཤིག་པའོ། །རྐང་པ གསུམ་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་རྗེས་སུ་བསྔགས་པ་གསུངས་ཏེ། གསུམ་ཞེས་པ་ལ་སོགས་པའི་གསུམ་ནི་བདེ་བ་ཆེན་པོའི་མེས་ལུས་ལ་སོགས་པ་དཀྱིལ་འཁོར་གསུམ་གྱི་ཉེས་པ་བསྲེགས་ནས་བདེ་བ་ཆེན་པོའི་འཁོར་ལོའི རྩེ་མོར་གནས་པས་མི་ལྟུང་བའི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་མེས་སྡུད་པར་བྱེད་པའོ། །དེ་བཞིན་དུ་ར་ཏི་བཛྲ་གྱིས་ཀྱང། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་པདྨ་རྒྱས་འདེབས་པས་ཞེས་སོ། །རྐང་པ་བཞི་པས་འབྲས་བུའི ངོ་བོ་གསུངས་ཏེ། གྱེན་དུ་ཞེས་བྱ་བ་ལ་སོགས་པ་ནི་ཀུཀྐུ་རཱི་པའི་ཞབས་ཀྱིས། །ཀྱེ་རྣལ་འབྱོར་པས་སོར་མོའི་སྟེང་དུ་བྱས་པ་ནི་གསུངས་པའི་དོན་འདིས་འཇིག་རྟེན་གསུམ་ཞེས་ཏེ། ལུས་དང་ངག་དང་ཡིད་ཀྱི་སྣང་བའི་སྐྱོན་ལས་བདེ་བ ཆེན་པོས་རྒྱལ་བའོ། །དེ་བཞིན་དུ་སར་ཧའི་ཞབས་ཀྱིས་ཀྱང། ཁྱིམ་ནི་ཡོད་བཞིན་ནགས་སུ་འགྲོ་བར་མ་ཅིག་ཅེས་པ་ལ་སོགས་པས་སོ། །མལ་ལཱ་རི་ཏཱ་ལ་གཅིག་པ་ཞེས་བྱ་བའི་གླུ་དབྱངས་བྷུ་སུ་ཀུའི་ཞབས་ཀྱིའོ། །རྒྱལ་པོའི གྲུ་ནི་པདྨའི་ཚལ་ནས་འབབ། བརྩེ་བ་མེད་པས་པཾ་ག་ལ་ཡུལ་ཁྱེར། །དི་རིང་བྷུ་སུ་ཀུ་པ་ནང་འཁྲུག་ཤོར། །རང་གི་ཁྱིམ་མི་མོ་ནི་གཏུམ་པོས་ཁྱེར། རྣམ་པ་ལྔ་པོ་བསྲེགས་ཤིང་ཡུལ་རྣམས་བརླག། རང་སེམས་རིན་ཆེན་གར འགྲོ་སླེབ་མི་ཤེས། །གསེར་དངུལ་བདག་ལ་ཅི་ཡང་མི་གནས་ན། །རང་གི་འཁོར་གྱིས་རིན་ཆེན་བླངས་ནས་གནས། །བདག་མཛོད་བྱེ་བ་ཕྲག་བཞི་མ་ལུས་ཁྱེར། །གསོན་པོ་དང་ནི་ཤི་ལ་ཁྱད་པར་མེད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན པའི་ཆུ་གཏེར་ཡོངས་སུ་བསྲུབས་པའི་དེ་ཁོ་ན་ཉིད་ཀྱི་བདུད་རྩིས་ཡོངས་སུ་ཚི་བ་གྲུབ་པའི་སློབ་དཔོན་བྷུ་སུ་ཀུའི་ཞབས་ཀྱིས་ནང་འཁྲུག་གི་དགོངས་པའི་སྐད་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་རབ་ཏུ་གསལ་བར་མཛད་དེ། ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་སྒོའི བུ་བར?་བླ་མ་དམ་པའི་ཞབས་ཀྱི་ཐབས་ཀྱིས་རབ་ཏུ་འཇུག་གོ། དེ་ལ་དགའ་བ་ལ་སོགས་པའི་སྒྲས་ཞེས་བྱ་བ་ལ་སོགས་པ་སྟེ། མི་འགྱུར་བའི་བདེ་བ་གཉིས་སུ་མེད་པ་ནི་བཾ་ག་ལར་འབབ་པ་ཞེས་ཏེ་དབྱེར་མེད་པ་ཉིད་དུ་བྱས་པའོ། །དེ་བཞིན་དུ་ལུང་ལས་། ཀྱང། ཉོན་མོངས་བྱང་ཆུབ་སོ་སོར་མིན། །བྱང་ཆུབ་ཉོན་མོངས་ལས་བྱུང་མིན། །འཁྲུལ་པ་ལས་ནི་ཉོན་མོངས་རྟོག། འཁྲུལ་པའི་རང་བཞིན་དྲི་མ་མེད། དྷྲུའི་ཚིག་གིས་དེ་ཁོ་ན་ཉིད་ཀྱི་དོན་མངོན་པར་གསལ་བར་མཛད་དེ། དི་རིང་ཞེས་བྱ་བ་ལ་སོགས པ་ནི་བདག་ཉིད་རང་ལ་ཡང་དག་པར་འབོད་པར་གསུངས་ཏེ། ཀྱེ་བྷུ་སུ་ཀུའི་ཞབས་བསམ་གཏན་ཡོངས་སུ་སྨིན་པའི་གནས་སྐབས་ན་སྦྱོར་བ་དང་བྲལ་བས་དི་རིང་ཉིད་ནད་འཁྲུག་ཤོར་བར་གྱུར་པ་སྟེ། གང་གི་ཕྱིར་ནང་གི་ཁྱིམ་མི་མོ་ཞེ་ན། སེམས་ཡོངས་སུ་དག་པ་ཨ་བ་དྷཱུ་ཏིའི་ནི་རླུང་གི་གཟུགས་སོ། །གཏུམ་པོས་ཁྱེར་ཞེས་པ་ནི་རེག་བྱ་རང་བཞིན་གྱིས་འོད་གསལ་གྱིས་ལེན་པའོ། །རྐང་པ་གཉིས་པས་ངོ་བོ་ཉིད་འགྱུར་བ་མེད་པ་གསུངས་ཏེ། བསྲེགས་ཤིང་ཞེས་བྱ་བ་ལ སོགས་པ་ནི་དེ་ཡི་བདེ་བ་ཆེན་པོའི་མེས་རྣམ་པ་ལྔ་པོ་བསྲེགས་པ་ནི་ཕུང་པོ་ལྔ་ལས་བྱུང་བའི་བདག་དང་བདག་གིར་འཛིན་པའི་ཕྱོགས་རྣམས་བསྲེགས་ཏེ་དབང་པོ་དང་ཡུལ་ལྔའོ། །དེའི་ཕྱིར་རང་གི་རྟོག་པ་ཡོངས་སུ་སྤངས་པས རང་གི་སེམས་རིན་པོ་ཆེ་མི་ཤེས་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། ཇི་ལྟར་ཞེས་བྱ་བ་ལ་སོགས་ལས་གསུངས་སོ། །རྐང་པ་གསུམ་པས་དེ་ཉིད་རྒྱས་པར་བཤད་དེ། གསེར་དངུལ་ཞེས་བྱ་བ་ལ་སོགས་པ་ནི་སོན་ཞེས་པ་ནི་སྟོན པ་ཉིད་འཛིན་པའོ། །རླུ?་བ་ཞེས་པ་ནི་གཟུང་པའི་ངོ་བོ་སྟེ། རྣམ་པར་རྟོག་པ་གཉིས་ཀའི་རང་བཞིན་རྣམ་པར་དཔྱད་པར་གྱུར་ན་ཅུང་ཟད་ཀྱང་མི་གནས་པའོ། །རང་གི་འཁོར་གྱིས་ཞེས་པ་ནི་དེ་ཉིད་ལས་ངེས་པར་རྣམ པར་རྟོག་པ་སྤངས་པས་བདེ་བ་ཆེན་པོའི་རིན་པོ་ཆེར་བདག་ཉིད་ཐིམ་པའོ། །དེ་བཞིན་དུ་ལུང་ལས་ཀྱང། དོན་གཉེར་སྐྱེ་བོ་མེད་ན་བློ་གྲོས་མཆོག་གི་རིང་དུ་ལེན། །གང་ཞིག་སྐྱེས་བུ་དམ་པ་དེ་རྣམས་རྒྱལ་བའི་ལོངས་སྤྱོད་དང་འགྲོགས ཏེ། །བློ་གྲོས་མཆོག་དང་ལྡན་པས་ཉིན་དང་མཚན་དུ་བསམ་གཏན་བསྒོམ་པར་བྱེད། །བདག་དང་བློ་རྨོངས་བསྒོམ་པ་བདེ་པའི་གོ་འཕང་ལ་བརྟན་ཉིན་མི་མཐོང། །སེམས་ཅན་དོན་ཕྱིར་སྙིང་རྗེའི་རོ་ཡིས་མ་རིག་ཐིབས་པོར་སླར་འདོད་པ།། རྐང་པ་བཞི་བས་ཤིན་ཏུ་བསྒོམས་པ་གསུངས་ཏེ། བྱེ་བ་ཕྲག་བཞི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གང་ལ་མཛའ་བཞིས་རྣམ་པར་དཔྱད་པའི་མཛོད་བདག་གིའོ། །གཉིས་སུ་མེད་པས་ན་ནང་འཁྲུག་པ་དེ་ཡིས་ཁྱེར་བའོ། །དེའི་ཕྱིར་བདག གི་གསོན་པ་དང་ཤི་བ་ནི་བསམ་གཏན་ལ་སོགས་པ་ལ་རྣམ་པར་རྟོག་པ་མེད་པའོ། །དེ་བཞིན་དུ་ཡང་དཔལ་ལྡན་དགྱེས་རྡོར་ཡབ་ཉིད་ལ། དེ་ཡི་བདེ་བ་ཉིད་ཐོབ་བོ་ཞེས་བྱ་བ་ལ་སོགས་པས་སོ། །དགའ་བས་བརྩེ་བ་ཞེས་བྱ་བའི་གླུ་དབྱངས རི་ཁྲོད་ཞབས་ཀྱིའོ། །ནམ་མཁའ་ནམ་མཁར་སོན་བ་ལྟ་ཞིང་སྟ་རེས་གཅོད། །མགུལ་དུ་བདག་མེད་གཞོན་ནུས་ནི་སད?་ནས་རྙེད། །སྒྱུ་མ་ལ་རྨོངས་མ་རུངས་ཡན་ལག་ཅན་ནི་སྤོངས་ཤིང་སྤོངས། །ས་པ་ར་ནི་བདེ་ཆེན་གྱིས་སྒེག་སྟོང་པའི་སི་མོ ལེན་། བདག་གིས་ལྡུམ་ར་བལྟས་པས་ནམ་མཁའ་དང་མཚུངས་མཉམ་ཞིང་འདྲ། །རས་བལ་མེ་ཏོག་ཤིན་ཏུ་རྒྱས་པས་རབ་ཏུ་དགའ་བར་འགྱུར། །ཀི་གུ་ཙ་ན་སྨིན་གྱུར་རྡོན་པ་ཕོ་མོ་བཟི་བར་གྱུར། །ཉིན་མཚན་ཤ་བ་རི་པ་ཅིར་ཡང་བསམ་མེད བདེ་ཆེན་མྱོས། །ཕྱོགས་བཞི་རྣམས་སུ་སྨྱུག?་མའི་རིབ་མས་ལེགས་པར་བསྐོར་ནས་བྱིན། །ས་བ་རི་ཡིས་དེ་བྱས་བྱ་དང་ལྟེ་སྤྱད་རྣམས་ནི་རྒྱུ། །ཁྱོད་ནི་གསད་བྱས་ཕྱོགས་བཅུར་གཏོར་མ་དཀར་པོ་གཏོང་བ་ལྟོས། །ས་བ་རི་ནི་མྱ་ངན་འདས་གྱུར་སྲིད་རྩ ཐམས་ཅད་ཞིག། དེ་ཁོ་ན་ཉིད་ཀྱི་དོན་དམ་པའི་བདེན་པ་མངོན་སུམ་དུ་མཛད་པས་འགྲོ་བའི་དོན་གྱི་ཕྱིར་གྲུབ་པའི་སློབ་དཔོན་ས་བ་རིའི་ཞབས་ཀྱིས་གསུངས་ཏེ། ནམ་མཁའ་ནམ་མཁར་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ཞེས་ལན་གཉིས་གསུང པས་སྟོང་པ་ཉིད་དང་ཤིན་ཏུ་སྟོང་པའི་ཞེས་བྱ་བར་རིག་པར་བྱའོ། །དེ་ལ་སྦྱར་ཞིང་བསྡུས་པའི་རིགས་པས་གསུམ་པ་སྟོང་པ་ཆེན་པོ་དང་སྙིང་པོ་ཞེས་ཏེ། འོད་གསལ་བཞི་པ་སྟོང་པས་སྟ་རིར་བྱས་ནས་དེ་ལ་སྣང?་བ་ལ་སོགས་པ་སྟོང་པ་གསུམ པོའི་སྐྱོན་གཅོད་པ་ཉིད་དོ། །མགུལ་དུ་ཞེས་པ་ནི་ལོངས་སྤྲོད་ཀྱི་འཁོར་ལོར་བདག་མེད་པའི་ཆོས་རྟག་ཏུ་ཁོང་དུ་ཆུད་པས་གང་དུ་ཡང་རྣལ་འབྱོར་པ་རབ་ཏུ་སད་པས་དེ་འཇིག་རྟེན་གསུམ་དུ་གསལ་བར་བྱེད་དོ་ཞེས་སོ། །དྷྲུའི་རྐང་པས གྲོགས་ཡོངས་སུ་སྤོང་བར་བྱེད་དེ། སྤོངས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་སྒྱུ་མ་ཞེས་ཏེ། མ་རུངས་ཡན་ལག་ཅན་ནི་ལས་ཀྱི་ཡན་ལག་ཅན་ནོ། །ཀྱེའི་རྣལ་འབྱོར་པ་རྣལ་འབྱོར་ཆེན་པོས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་གྱིས་ཤིག་བ་སྟེ། །བདག ལ་མཚོན?་ཆ་རྣམ་པ་གཉིས་གསུངས་སོ། །དེ་བཞིན་དུ་སར་ཧའི་ཞབས་ཀྱིས་ཀྱང་། འགྲོ་བ་ཞེས་བྱ་བ་ལ་སོགས་པས་སོ། །དེའི་ཕྱིར་ས་བ་རི་ནི་བདེ་བ་ཆེན་པོའི་ངོ་བོ་སྟོང་པ་ཉིད་བདག་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་འཛིན་པའི་ཕྱིར་སྒེག་ཅིང་རོལ་པའོ། ། རྐང་པ་གཉིས་པས་བྱ་བ་བྱེད་པ་གསུངས་ཏེ། བདག་གི་ལྡུམ་ར་དཔེན་པ་སྟེ། བདག་གི་གསུམ་པ་ཨ་བ་དྷུ་ཏཱི་པའོ། །ནམ་མཁའ་དང་མཚུངས་པ་ནི་བླ་མའི་ཞབས་ཀྱི་དྲིན་གྱི་འོད་མཚུངས་པར་གྱུར་པའོ། །ཀ་བཱ?་ས་ཞེས་བྱ་བ་ནི་ཀ་ཡིག་གི་རྩ་བར་འཇུག་པ ནི་ཁ་ཡིག་སྟེ། སྟོང་པ་བཞི་པ་བདག་ཉིད་འདིར་གསལ་བར་གྱུར་པའོ། །སླར་ཡང་གཞན་གྱི་ངོ་བོ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཡང་དུད་འགྲོའི་མགོན་ཤར་དྲི་མེད་པའི། །ཟླ་བ་ཇི་བཞིན་ལྷན་སྐྱེས་སྤྲོ། །རྐང་པ་གསུམ་པས དེ་ཉིད་ཀྱི་ཁྱད་པར་གསུངས་ཏེ། ལྡུམ་རའི་རྩ་བ་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་གསུམ་པ་ལ་གཉེན་པོ་སྟེ། ཟླ་བ་ཤར་བ་ཞེས་ཡེ་ཤེས་ཀྱི་ཟླ་པའི་དཀྱིལ་འཁོར་དེ་ཤར་བར་གྱུར་པའོ། །དེའི་ཚེ་ཉོན་མོངས་པའི་མུན་པ་གསལ་ཏེ་བྲོས་པའོ། ། ནམ་མཁའ་ཞེས་པ་ནི་ཀམ་བདེ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཡིས་གང་གི་ཡན་ལག་ཏུ་གྱུར་པའོ། །ཀཾ་གུ་ཙ་ན་ཞེས་པ་ནི་བཞི་པ་སྐྱེ་བ་མེད་པ་རང་བཞིན་གྱིས་འོད་གསལ་བའི་གཟུགས་བླ་མའི་དྲིན་གྱི་མཆོག་གི་རྣལ་འབྱོར་པས་གཉིས་པོ གཅིག་ཏུ་གྱུར་པ་ཡོངས་སུ་རྟོག་གོ་དེའི་ཕྱིར་རྡོན་པ་ནི་ཐུགས་རྡོ་རྗེའོ། །རྔོན་པ་མོ་ཞེས་པ་ནི་ཡེ་ཤེས་ཀྱི་ཆང་གིས་མྱོས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་འཛིན་པའི་ཕྱིར་ཐོགས་པ་མེད་པའི་ནཱ་དའི་དགའ་བས་རབ་ཏུ་མྱོས་པས་རྟག་ཏུ་ཅུང་ཟད་ཀྱང་བསམ་དུ མེད་པའོ། །དེའི་ཕྱིར་བདེ་བ་ཆེན་པོས་ས་བ་རི་ནི་སེམས་མེད་པར་གྱུར་ནས་ཉལ་བའོ། །རྐང་པ་ལྔ་པས་རབ་ཏུ་འཇུག་པའི་ཐབས་གསུངས་ཏེ། བཞི་ཞེས་བྱ་བ་ལ་སོགས་པ་ནི་དེ་མཚམས་བཞིར་དགའ་བ་བཞི་ལས་ཀྱི་ཕྱག་རྒྱ་ལས་རིག་པར་བྱའོ། །བསྐོར་ནས་ཞེས་པ ནི་རྣལ་འབྱོར་གྱི་དབང་ཕྱུག་གིས་བརྟན་པར་བྱའོ། །དེ་བཞིན་དུ་ལུང་ལས་ཀྱང། དེ་ལ་དགའ་བ་སྐྱེ་བར་འགྱུར་ཞེས་པ་ལ་སོགས་པས་སོ། །དེའི་སྟེང་དུ་གཏུམ་མོ་ཞེས་པས་ཡུལ་དང་དབང་པོའི་ཕྱིར་རོ། །ས་བ་ར་ཞེས་པ་ནི་དེ་བྱེད་པའི་ཕྱིར་ཕ་རོལ གང་ལ་སྟོབས་ཀྱིས་བྱེད་པས་རྡུབས?་ཞེས་ཏེ། འདིར་ས་བ་རིའི་ཞབས་གྲུབ་པའི་སློབ་དཔོན་འཆི་བ་མེད་པ་ཉིད་མཐོང་ནས་ལྕེ་སྦྱང་ལ་སོགས་པའི་བྱའི་ཚོགས་མཛའ་དག་དུ་བར་གྱུར་པའོ། །འདིས་ས་བ་རིའི་ཞབས་བདག་གིས་བརྩིར་བ་ཞེས་པའོ།། རྐང་པ་དྲུག་པས་རིགས་རྫོགས་པར་གསུངས་ཏེ། བསང་བྱས་ཞེས་པ་ནི་ཡུལ་ལ་སྤྲོ་བ་སྟེ། སེམས་ཀྱི་རྒྱལ་པོ་བླ་མ་དམ་པའི་གསུང་གི་རལ་གྲིས་མི་སྣང་བར་བྱས་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བདག་གིས་དེ་ཁོ་ན་ཉིད་ཀྱིས་མཆོད་པར བྱའོ། །དེ་བཞིན་དུ་ལུད་ལས་ཀྱང། གཏོར་མའི་མཆོད་པའི་ཡོ་བྱད་ནི། གཏོར་མ་ཆེན་པོ་དགའ་བ་ཞེས་སོ། །དེའི་ཕྱིར་ས་བ་ར་ནི་སེམས་ཀྱི་རྡོ་རྗེའོ། །བདག་དང་བདག་གིར་འཛིན་པ་ཡོངས་སུ་བཏང་ནས་ངེས་པར་རིག་པར་གྱུར་པའོ། །དེ་ལྟ་བུར གྱུར་བ་ནི་ཐོག་མ་དང་མཛའ་མེད་པའི་མ་རིག་པའི་བག་ཆགས་ཀྱིས་དོན་བདག་གིས་བསལ་ཞིང་བྲོས་པར་གྱུར་པའོ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང། རྟོག་པ་རྣམ་ཉམས་ཉམས་ལས་སངས་རྒྱས་སུ། །བློ་ངན་རྣམས ཀྱིས་རྗེས་སུ་སྟོན་པར་བྱེད། །བདག་ལས་དེ་ཉིད་བློ་ལྡན་རྣམས་ཀྱིས་ནི། །ཅིས་ཀྱང་མཁའ་ལས་ལྷག་ཏུ་སྟེར་བར་བྱེད། །དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཀྱི་རྒྱལ་པོའི་ཆུ་གཏེར་ཟབ་མོ་འདུས་པ་ལ་སོགས་ལས། དཔལ་ལྡན་བླ་མ་དམ་པའི་མགོན གྱིས་གསུང་བསྲུབས་པ་ལས་གྲུབ་པ་གང་ཞིག་འཁྲུངས་པ་ནི། །དཔལ་ལྡན་དེ་ཉིད་བདུད་རྩིའི་རོ་རུ་གྱུར་པ་རང་ལ་སྟོན་པར་བྱེད་པའི་མཐར་གནས་པ། དཔལ་ལྡན་དེ་ཉིད་དཔུང་ཉེན་ཀྱང་ནི་རྟག་ཏུ་ཡང་དག་བསྡུས་པ་རྣམ་པར་སྤྱད་པ་རྣམས།། བསྡུས་པ་དེ་ལ་རྣམ་པར་དཔྱོད་བྱེད་པ། ཉེ་བར་བསྡུས་པ་སྤྱོད་པའི་གླུ་བརྒྱ་ལ། །སེམས་ཅན་རྣམས་ཀྱིས་བྱང་ཆུབ་རྟོགས་པའི་ཕྱིར། །བློ་གྲོས་དང་ལྡན་རྣམས་ཀྱིས་དད་མཛོད་མཛད། །དེ་ཕྱེད་ཐུབ་པ་བྱིན་གྱིས་རྣམ་དཔྱད་ནས། །སློབ་མས་ཡང་དག རྟོགས་པ་བྱ་ཕྱིར་དང། །ཀུན་གྱིས་ཀྱང་ནི་ཤེས་པར་བྱ་བའི་ཕྱིར། །མཛད་ཀྱི་དོན་ནི་རབ་ཏུ་གསལ་བར་མཛད། །སྐྱེས་བུ་དམ་པ་བཤེས་རྣམས་ལ། །ཐུབ་པས་བྱིན་གྱིས་འགྲེལ་མཛད་པའི། །བདག་གིས་བསོད་ནམས་གང་དེ་ཡིས། །སྐྱེས་བུ་དམ པ་རྒྱལ་གྱུར་ཅིག། སྤྲོད་པའི་ཀླུའི་མཛོད་གྲུབ་པ་རྣམས་ཀྱི་རྡོ་རྗེའི་གླུ་དེ་ཁོ་ན་ཉིད་གསལ་བ་བཤེས་པའི་སྐྱེ་པོ་རྣམས་ལ་སློབ་དཔོན་ཐུབ་པས་བྱིན་གྱིས་འགྲེལ་པ་མཛད་པ་ལས་གྲུབ་པ་རྣམས་ཀྱི་རྡོ་རྗེའི་གླུ་འགྲེལ་པ་དང་བཅས པ་རྫོགས་སོ། ། །།པཎྜི་ཏ་ཆེན་པོ་ཀཱ་རྟི་ཙིནྡྲའི་ཞལ་སྔ་ནས་གདམས་པ་དང་བཅས་པ་ལེགས་པར་ཞུས་ཤིང་།ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པ་ཁུ་དབོན་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་བོད་ཀྱི ལོཙྪ་བ་བནདེ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་རོ། ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་བཞི་པ་ལས་ཀྱི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། དམ་ཚིག་གི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོའོ། །དེ་ལ་ལས ཀྱི་ཕྱག་རྒྱ་ནི།

CLOSE WINDOW