Wylie | e-texts based on the ACIP/ALL ![]() ![]() |
།*། །རྒྱ་གར་སྐད་དུ། དེ་ཧ་ཀོ་ཥ་ནཱ་མ་ཙའཡརྱ་གཱི་ཏཱཾ་ཨརྠ་པྲདཱི་པ་ནཱ་མ་ཊཱིཀཱ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འབྲེལ་པ་དོན་གྱི་སྔོན་མ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གཞོན་ནུར
གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་མེད་སྤྲོས་བྲལ་བདེ་བ་ཆེན་པོའི་དབྱིངས། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་དང། །རྐྱེན་བྲལ་རྣམ་གསུམ་སྐུ་གསུམ་ལྷུན་གྲུབ་པའི། །དོན་སྟོན་བླ་མ་གོང་མ་རྣམས་ལ་འདུང། །དོན་དམ་སྤྲོས་བྲལ་སྐུ་བཞིས་དུད་བཞི་འཇོམས། །ཐིག་ལེ་གསུམ
གྱིས་སྐུ་གསུམ་དོ་སྤྲད་པའི། །དྲན་མེད་གཉིས་ཀྱིས་བདེན་གཉིས་གཏན་ལ་འབེབས། །ཟབ་མེའི་དོན་སྟོན་དོ་ཧའི་དོན་འགྲེལ་འདི། །རྐྱེན་གསུམ་བྲལ་བའི་བླ་མགོང་མ་དང། བརྒྱུད་པ་དང་ལྡན་སྙིང་པོའི་དོན་རྟོགས་ལ། །བདག་གིས་གདམས་པ་འདི་བརྩམ་མི་རིགས་ཏེ། །བདག
འདྲ་བློ་དམན་སྐྱེ་པོའི་དོན་དུ་རྩོམ། །གཞན་རྣམས་རྩ་བའི་རྗེས་ལ་འགྲེལ་པས་འཆད། །བདག་ལུགས་གདམས་ངག་རྗེས་ལ་རྩ་བས་འཆིང། །བཀའ་རྒྱུད་ལུང་རྣམས་བྲིས་པས་རྫོགས་མེད་པས། །ལུང་དང་མི་འགལ་བླ་མའི་གདམས་ངག་བྲི།། །།རྒྱལ་བའི
མཆོད་གནས་བྲམ་ཟེ་ཆེན་པོ་དེ། །སྣོད་དང་ལྡན་པས་མཁའ་འགྲོས་བྱིན་གྱིས་བརླབས། །སྤྱོད་པ་མཛད་པས་བརྡའ་དོན་ཐུགས་སུ་ཆུད། །མཚན་ཉིད་རྟོགས་པས་མངའ་མཁན་མོ་དང་འགྲོགས། །དོན་ལ་མ་དགོངས་རྒྱལ་པོས་བཀའ་བཀྱོན་མཛད། །ཚིག་དོན་བཞི་བཅུའི་ལན་མ་གུར
བཞེས་པའི། །ཆོས་སྐུ་གཙོར་སྟོན་རཱ་ཛའི་དོ་ཧ་ལས། །མཚོན་བྱེད་དཔེ་ཡིས་མཚོན་བྱ་སྐུ་བཞི་སྟོན། །བསྡུས་པའི་དོན་ནི་ཉི་ཤུ་རྩ་གསུམ་གྱིས། །གཞུང་གི་དོན་རྣམས་མདོར་བསྡུས་གསལ་བར་བྱེད། །གཞུང་གི་ཚད་ནི་ཚིགས་བཅད་བཞི་བཅུ་ཡིན། །ཚིགས་རྐང་བཞི་བཞིས་འབྲུ་དོན
གསལ་བར་བྱེད། །དེ་ལ་རེ་ཞིག་རྒྱལ་པོའི་དོན་དུ་མགུར་དུ་བཞེས་པའི་ཚིགས་སུ་བཅད་པ་བཞི་བཅུ་པ་འདི་ལ་དོན་རྣམ་པ་གཉིས་ཏེ། དང་པོ་བྲམ་ཟེ་ཆེན་པོའི་ཐུགས་དམ་ལ་ཕྱག་འཚལ་བ་དང། དེའི་གཞུང་རྣམས་གསལ་བར་བསྟན་པའོ། །དེ་ཡང་བྲམ་ཟེ་ཆེན་པོའི་ཐུགས་དམ
ནི་བདུད་བཞི་འཇོམས་པའི་སྐུ་བཞི་ཡིན་ཏེ། དེ་ལ་བདུད་བཞི་ནི་ཕུང་པོའི་བདུད་དང། ཉོན་མོངས་པའི་བདུད་དང། འཆི་བདག་གི་བདུད་དང། ལྷའི་བུའི་བདུད་དོ། །དེ་ལ་ཕུང་པོའི་བདུད་ནི། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་དམར་ལས། རྣམ་པར་ཤེས་པ་ཨའི་ཚུལ་དུ་ཞུགས་ནས།
ཕུང་པོའི་གྲུབ་པ་ནི་ཕུང་པོ་ཞེས་བྱ་ལ། ཕུང་པོ་དེས་སྡུག་བསྔལ་གྱི་རྣམ་པ་མང་པོ་ཉམས་སུ་མྱོང་བ་ནི་བདུད་ཅེས་བྱའོ། །སྡུག་བསྔལ་གྱི་དབང་དུ་ཕུང་པོ་གྱུར་པས་སྟོབས་ཆེ་བའོ། །དེ་འཇོམས་པར་བྱེད་པ་ནི། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་དམར་གཉིས་ཀྱི་རྐྱེན་གྱིས་བསྐྱེད་པ
ཡིན་ལ། དེ་ལ་རྣམ་ཤེས་ཨར་ཞུགས་པ་མི་མ་སྐྱེ་བ་མེད་པ་ལས་རྐྱེན་སྣང་གི་ཕུང་པོར་གྲུབ་ཀྱང། ཕུང་པོ་ཉིད་མེད་བཞིན་དུ་སྤྲུལ་པས། སྒྱུ་མ་ཡིན་པའི་ཕྱིར་སྒྱུ་མ་དེ་ལ་རློམ་སེམས་དང་བྲལ་བའོ། །གང་རློམ་སེམས་དང་བྲལ་བ་ནི་དོན་གྱི་ལུས་འགྱུར་བ་མེད་ཅིང་རྣམ་པར
རྟོག་པ་མེད་པ་དྲན་པ་མེད་པའི་དབྱིངས་ཡིན་ཏེ། དེ་ཉིད་ནི་སྤྲུལ་པའི་སྐུའོ། །སྤྲུལ་སྐུ་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཅིར་ཡང་སྣང་ཡང། ནམ་མཁའ་ཨི་སྤྲིན་པ་བཞིན་དུ་ཡལ་ཏེ་འགྲོ་བའི་ཕྱིར་ཕུང་པོའི་བདུད་བཅོམ་པའོ། །ཉོན་མོངས་པའི་བདུད་ནི་ཕུང་པོ་ལ་བརྟེན་ནས
དབང་པོ་ལྔ་ཆགས་། དབང་པོ་ལྔས་ནི་ཕྱི་ནང་གི་ཡུལ་ལ་བཟུང་ནས་ཉོན་མོངས་པ་སྐྱེ་བའི་བདུད་ཡིན་ལ། །ཉོན་མོངས་པའི་དབང་དུ་གྱུར་ནས་དེ་ལ་སྤྱོད་པ་ནི་སྟོབས་ཆེ་པའོ། །དེ་འཇོམས་པ་ནི་ཉོན་མོངས་ཉིད་དྲན་པས་ཆགས་སྡང་སྐྱེས་པ་ཡིན་ལ
དྲན་པ་ཉིད་དྲན་མེད་ལས་སྐྱེས་པས། དྲན་མ་དྲན་གཉིས་ཉོན་མོངས་པའི་རྩ་བ་ཡིན་པས། དེའི་ཕྱིར་དྲན་མ་དྲན་གཉིས་འཇོམས་པ་ནི་རྐྱེན་ལས་སྐྱེས་ལ། དོན་མེད་ཀྱང་བལྟོས་པའི་ཆོས་ཡིན་ཏེ། དེ་གཉིས་གསུམ་མཚན་པའི་དུས་སུ་ཅི་ཡང་མི་སྐྱེ་བའི་དོན་གྱི་ངག་བརྗོད
པ་དང་བྲལ་པས། ཆག་དང་ཐ་སྙད་ལས་འདས་པས་།སྐྱེ་བ་མེད་པའི་དབྱིངས་ཡིན་ཏེ། དེ་ཐམས་ཅད་ལ་ཁྱབ་ཅིང་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ལོངས་སྐུ་ལ་ཉོན་མོངས་པ་ཅི་སྐྱེས་ཀྱང་ལོངས་སྤྱོད་པ་ཡིན་ཏེ། ཉོན་མོངས་པའི་འདམ་གྱིས་སྐྱེ་མིན
ལས་མ་གོས་པས། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པའི་སྐྱོན་གྱིས་མ་གོས་པ་དང་འདྲ་བའི་ཕྱིར་ཉོན་མོངས་པའི་བདུད་བཅོམ་པའི། །ཕུང་པོ་ལ་བརྙེན་པའི་དྲན་པ་འདི་འཆི་བའི་བདག་པོ་ཡིན་ཏེ། དྲན་པ་འདིས་ཕུང་པོ་མི་འདྲ་བ་དུ་མ་བཙལ་ནས། སྐྱེ
རྒ་ན་འཆིའི་སྡུག་བསྔལ་ལས་མི་ཐར?་པས་བདུད་ཡིན་ལ་དུས་རྟག་ཏུ་སྐྱེ་ཤིའི་དབང་དུ་བྱུང་པས་སྟོབས་ཆེ་བའོ། །དེ་འཇོམས་པ་ནི་ཕུང་པོ་རྐྱེན་ལས་སྐྱེས་པ་ལ་དྲན་རིག་གློ་བུར་བརྟེན་པ་ནི་གཞི་མེད་པ་ལ་བརྟེན་པ་སྟེ། ཕུང་པོ་རྐྱེན་གྱིས་སྐྱེས་པས་འཇིག། དྲན་པ་གློ་བུར
པ་ཡིན་པས་ཡལ་འགྲོ་སྟེ། དོན་གྱི་ཡིད་ཐོས་བསམ་བསྒོམ་གསུམ་དང་བྲལ་བའི་དབྱིངས་བློ་ལས་འདས་པ་སྟེ། །བློ་ལས་འདས་པའི་དབྱིངས་སུ་བློས་བྱས་པ་སྣ་ཚོགས་ཡལ་ཏེ། དཔེར་ན་རྒྱ་མཚོའི་ནང་དུ་ཁ་བ་བབས་པ་ལྟར་རང་བཞིན་མེད་པར་ཤེས་ནས། སྤྲོས་པ་དང་བྲལ་བར
གནས་པ་ནི་ཆོས་སྐུའོ། །ཆོས་ཀྱི་སྐུ་རྟོགས་པས་ནི་འཆི་བདག་གི་བདུད་བཅོམ་མོ། །ལྷའི་བུའི་བདུད་ནི། རྩ་དང་ནད?་ད་ཐིག་ལེ་སྟོང་པ་ཉིད་ཀྱི་ཞི་གནས་བསྒོམས་པས་ཟག་པ་དང་བཅས་པའི་བདེ་བ་སྐྱེས་པ་ནི་ལྷ་ཡིན་ལ། དེ་ཉིད་སྩོལ་སྒྲུབ་དང་བཅས་ནས་དྲན
པ་བསྒོམ་དགོས་ཏེ། དྲན་པ་ནི་བསམ་པ། བསམ་པ་ནི་རྣམ་པར་རྟོག་པ། །རྣམ་པར་རྟོག་པ་ནི་འཁོར་བ་ཡིན་པས་བདུད་ཅེས་བྱའོ། །ཟག་བཅས་ཀྱི་བདེ་པ་ལ་རེ་པ་བྱས་ནས། ཟག་མེད་ཀྱི་སྐུ་ཐོབ་པོ་སྙམ་པའི་དབང་དུ་གྱུར་པས་སྟོབས་ཞེས་བྱ་བའོ། །དེ་འཇོམས་པ་ནི་མཚན་མ་དང
བཅས་པའི་བདེ་བ་ནི་ལུས་དང་དྲན་པ་གཉིས་འདུས་པ་ལས་བདེ་བ་སྐྱེས་པ་ཡིན་ལ། ལུས་མེད་ན་བདེ་བ་སྐྱེ་བའི་གནས་མེད་ལ། དྲན་པ་མེད་ན་ལུས་ལ་སྒོམ་མཁན་མི་འོང་བས། དེའི་ཕྱིར་ལུས་དང་སེམས་གཉིས་ཀྱི་བདེ་བ་ནི་གློ་བུར་བརྐྱེན་ལས་སྐྱེས་པ་རྒྱུ་ཉི་ཚེ་བ་གཞས་ཉི
ཆོ་ག་དུས་ཉི་ཚེ་བ་ཡིན་པས། ལུས་ཞིག་པའི་དུས་སུ་ལུས་ལ་བརྟེན་པའི་བདེ་བ་ཡང་འཇིག་པའོ། །ཐག་པ་མེད་པའི་བདེ་བ་ནི་སྐུ་གསུམ་གྱི་ངོ་བོ་ཐ་མི་དད་པ། རང་བཞིན་གྱིས་རྣམ་པར་དག་པ། སྤྲོས་པའི་མཐར་བརྒྱད་དང་བྲལ་བའི་དབྱིངས་དེ་ལ། རྒྱུ་དང་འབྲས་བུ་ཡང་མ་གྲུབ
ལ། འཁོར་བར་དོགས་པ་དང་མྱ་ངན་ལས་འདས་པ་ལ་ཡང་རེ་བ་མེད་པ་སྟེ། དེ་ནི་འདམ་གྱིས་མ་གོས་ཤིང་རྒྱས་པ། དོན་གྱི་ལུས་ངག་ཡིད་གསུམ་དབྱེར་མེད་ཅིང་ཐ་མི་དད་པ། ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ་དེ་ལ་རློམ་སེམས་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར། ལྷའི་བུའི་བདུད་བཅོམ་པའི
དེའི་ཕྱིར་བྲམ་ཟེ་ཆེན་པོའི་ཐུགས་དམ། བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །གཞུང་གི་དོན་གསལ་བར་བསྟན་པ་ལ་དཔེ་ཉི་ཤུ་རྩ་གསུམ་སྟེ། འགལ་བའི་དཔེ་བཅུ་གསུམ་མ་འགལ་བའི་དཔེ་བདུན་འགལ་མི་འགལ་འདྲེན་མའི་དཔེ་གཉིས་ཐ་མ་རྒྱལ་པོ
ལ་ལན་བཏབ་པ་དང་ཉི་ཤུ་རྩ་གསུམ་ལས། དང་པོ་འགལ་བའི་དཔེ། རྒྱལ་པོས་གཡོ་བ་མེད་པའི་དོན་མ་རྟོགས་པས། གཡོ་འགུལ་ཅན་གྱི་དཔེ་ཆུ་དང་རླབས་ཀྱིས་བསྟན་པར་བྱ་སྟེ། དེ་ཡང་མི་གཡོ་བའི་དོན་ནི། དྲན་པ་མེད་པ་ལ་དྲན་རིག་གིས་གཡོ་མི་ནུས་ཏེ། དྲན་པའི
བསམ་བསྒོམ་ལ་སོགས་པས་ཡིད་ལམ་བྱས་པའི་དབྱིངས་ལ་གཡོ་འགུལ་མེད་དོ། །སྐྱེ་བ་མེད་པའི་དབྱིངས་ལ་སྐྱེ་རྒན་འཆིས་གཡོ་མི་རྒྱུས?་ཏེ། སྐྱེ་བ་སྣ་ཚོགས་ཀྱང་སྐྱེ་མེད་ལས་སྐྱེས་ཤིང་སྐྱེ་མེད་ལ་ཐིམ་པའོ། །བློ་ལས་འདས་པའི་དབྱིངས་ལ་ཀློས་བྱས་པ་སྣ་ཚོགས
ཀྱིས་གཡོ་མི་ནུས་ཏེ། ཐོས་བསམ་བསྒོམ་གསུམ་ཡང་བློ་ལས་འདས་པའི་དབྱིངས་སུ་རིམ་པའོ། །དེ་ལྟར་ན་མི་གཡོ་བ་རྣམ་པ་གསུམ་ནི། རྒྱ་མཚོའི་གཏིང་ལྟ་བུའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། ཡིད་ལ་གཡོ་བ་རྣམ་པ་གསུམ་ནི། རླུང་ལྟ་བུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །རྒྱ་མཚོའི
ཁ་ལྟ་བུ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་རླུང་གིས་བརྒྱབ་པས་མི་གཡོ་པའོ། །གལ་ཏེ་ལུས་ངག་ཡིད་གསུམ་གྱི་བསམ་བསྒོམ་གྱིས་ཕན་བཏགས་པ་འམ། གནོད་པ་སྐྱེས་པ་ཅིག་བྱུང་ཡང། ཆོས་སུ་ལས་བྱུང་ཞིང་ཆོས་སྐུར་རིམ་པ་ཡིན་ཏེ། དཔེར་ནི་ཆུ་ལ་རླུང་གིས་བརྒྱབ་པས་ཆུའི
ཁ་གཡོས་ནས་དཔའ་རླབས་སུམ་བྱུང་ཡང། གཏིང་ལ་གཡོ་འགུལ་མེད་དེ། དེ་བཞིན་དུ་དྲན་པ་རླབས་དང་འདྲ་བ་འདི། དྲན་མེད་ཀྱི་ཁ་ན་པཱིར་ཞིང་གཡོ་སྟེ། དྲན་མེད་ཀྱི་གཏིང་སྐྱེ་མེད་བློ་འདས་ཡིན་ཏེ། དེ་གཉིས་ལ་གཡོ་འགུལ་མེད་པའོ། །དེའི་ཕྱིར་དྲན་པའི་རླབས་ནི་འཁོར
པ་རྣམ་པར་གསུམ་ཡིན་ཏེ། དེ་ལ་ཞེན་དུ་མེད་དེ། ཆུའི་རླབས་ཙམ་དུ་ཤེས་པར་བྱའོ། །དེ་ཡང་ཆུ་ལྟ་བུ་ནི་དྲན་པ་ལ། རླབས་ལྟ་བུའི་རྐྱེན་གྱིས་སྣང་བ་སྣ་ཚོགས་སོ། །དེ་ལྟར་རྟོགས་ཙམ་ཡིད་ལ་མ་བྱས་པ་ཕྱག་རྒྱ་ཆེན་པོའི་དོན་ལས། ལོངས་སྤྲུལ་རྣམ་པ་གཉིས་ཆ་རླབས
ཙམ་དུ་ཤར་བའི་ཕྱིར། ཆུ་ལས་གཡོ་བརླབས་རྣམ་སུ་འགྱུར། །དེ་ལྟར་ན་དོན་གཅིག་ལས་རྟོགས་མ?་རྟོགས་ཀྱིས་བྱེ་བྲག་དུ་མར་སྣང་བ་ཤར་བ་སྟེ། ཆོས་སྐུ་གཅིག་པུ་ལས་སེམས་ཅན་གྱི་རྣམ་རྟོག་གིས་སྐུ་གསུམ་དང་བཞི་ལམ་སྐུ་ལྔ་ལ་སོགས་པར་བཟུང་སྟེ། དབྱིངས་རྣམས
པར་དག་པ་རྐྱེན་གང་གིས་ཀྱང་མ་བསླད་པ་དེའི་བྱེ་བྲག་གོ། དཔེར་ནས་ཧ་ལྟ་བུ་ལ། རྒྱལ་པོས་གནས་སྐབས་ཀྱིས་བྲམ་ཟེ་དང། པཎྜི་ཏ་དང། རྣལ་འབྱོར་པ་དང། རིགས་ངན་ལ་སོགས་པ་སོ་སོར་མཐོང་ཡང་གཅིག་ལས་མ་འདས་པས། དེ་ལྟར་རྒྱལ་པོ་མདའ་བསྟན
སྣང་བ་ཡང། དཔེ་དེ་བཞིན་དུ་ཡིད་ལ་མ་བྱས་པའི་དབྱིངས་ལས་འཁོར་འདས་གཉིས་ཀ་ཤར་བའོ། །འོ་ན་འཁོར་བ་ཡང་ཡིད་ལ་མ་བྱས་པ་ལས་ཤར་བས། ཡིད་ལ་མ་བྱས་པ་ཉིད་ཀྱང་འཁོར་བར་མི་ཆ་འམ་ཞེན་དེ་ནི་མཆི་སྟེ། དཔེར་ན་ནམ་མཁའ་ལས་སྤྲིན་ཤར་བའི
དུས་སུ། ནམ་མཁའ་ཨི་ཉིད་ཀྱང་སྤྲིན་པར་སོང་བ་མ་ཡིན་ཏེ། དེ་ལས་ཤར་ཅིང་དེར་ནུབ་པའོ། །དེ་བཞིན་དུ་འཁོར་བ་འདི་ཐམས་ཅད་ཀྱང་དྲན་པ་ཡིན་པ། དྲན་པ་ཉིད་དྲན་མེད་ལས་ཤར་ཅིང་དྲན་མེད་དུ་ནུབ་པའོ། །དེའི་ཕྱིར་གཅིག་ཉིད་ན་ཡང་རྣམ་པ་སྣ་ཚོགས
བྱེད། །ད་ནི་སེམས་དང་སེམས་ལས་བྱུང་བ་གཉིས་མེད་མ་རྟོགས་པས་ལྟ་བ་ལོག་པར་གོ་བའི་དཔེ་མར་མེ་གཅིག་ལས་གཉིས་སུ་མཐོང་བ་ལྟ་བུར་སྟོན་ཏེ། དེ་ཡང་ཡང་དག་པའི་ལྟ་བ་ནི། བློའི་ཡུལ་ལས་འདས་པ་སེམས་དང་སེམས་ལས་བྱུང་བ་མི་རྒྱུ་བ་ཡིན་ལ། དེ་ལྟར་མ
རྟོགས་པའི་གང་ཟག་གིས་དྲན་པ་དང་རིག་པ་ལ་མངོན་པར་ཞེན་ནས། དྲན་རིག་ལ་དྲན་རིག་གིས་བརྟགས་པས་དེའི་མཚན་ཉིད་སྟོང་པ་ཙམ་ལ་ལྟ་བ་ཆེར་ཏེ། དེ་ནི་བླུན་པོ་ཞེས་བྱ་ལ། །བླུན་པོ་ཞེས་བྱ་བ་ནི་དོན་མ་ཡིན་པ་ལ་ཡིན་པར་མཐོང། །ཡིན་པ་ལམ་ཡིན་པར
མཐོང་པས་བཟློག་པའི་བསྒོམ་པ་སྟེ། དེའི་དཔེ་ནི་མིག་ལེགས་པར་མི་ལྟ་བར། མིག་གི་ལ་ཕུགས་མནན་ནས་ལྟ་བའི་ཕྱིར། ཇི་ལྟར་རྨོངས་པས་བཟློག་ནས་བལྟས་པ་ཡིས། །དཔེར་ན་མིག་བཟློག་ནས་བལྟས་པའི་ཕྱིར། མར་མེའི་དངོས་པོ་གཅིག་ལ་མིག་གི་རྐྱན
གྱིས་མར་མེ་གཉིས་སུ་མཐོང་བ་བཞིན་དུ། ཡང་དག་པའི་ལྟ་བ་བློའི་ཡུལ་ལས་འདས་པ་ལས་བཟློག་ནས། དྲན་རིག་རྣམ་རྟོག་གི་ལྟ་བ་ལ་སངས་རྒྱས་ཀྱི་དགོངས་པ་ཡིན་ཟེར་ཏེ། སྣང་སྟོང་གཉིས་ཀ་གློ་བུར་བ་ཡིན་པས་བཅོས་མའོ། །མ་བཅོས་པའི་གང་ཟག་གིས་མར
མེ་ལ་གཉིས་སུ་མི་མཐོང་བ་དང་འདྲ་བར། བློ་འདས་ཀྱི་དོན་རྟོགས་པས་སྣང་བ་ཡང་གློ་བུར་བ་སྟེ། རྐྱེན་ལས་སྐྱེས་པའི་ཕྱིར་རོ། །སྟོང་པ་ཡང་གློ་བུར་བ་སྟེ། བྱས་པའི་སྟོང་པ་ཉིད་འཇིག་པའི་ཕྱིར་རོ། །དེས་ན་སྣང་སྟོང་གཉིས་ཀ་བློ་ལས་འདས་པའི་དབྱིངས་ལས་མ་འདས་པ་ལ
རྟོག་པས་གཉིས་སུ་བཟུང་བས། མར་མེ་གཅིག་ཉིད་གཉིས་སུ་སྣང་བར་འགྱུར། །དེའི་ཕྱིར་ལྟ་བར་བྱ་བའི་ཡུལ་དང། ལྟ་བར་བྱེད་པའི་ཤེས་པ་གཉིས་ཀ་གློ་བུར་བ་ཡིན་པས། དོན་དམ་པའི་ཆོས་སྐུ་དེ་ལ་དྲན་མ་དྲེན་གཉིས་མེད་འཁོར་འདས་གཉིས་མེད་སངས་རྒྱས་དང་སེམས
ཅན་གཉིས་མེད་པས། དེ་ལྟར་བལྟ་བྱ་ལྟ་བྱེད་གཉིས་མེད་ལ། མ་རྟོགས་པའི་གང་ཟག་གིས་ཟག་བཅས་ཀྱི་ཕུང་པོ་ལྔ་དང། ཟག་མེད་ཀྱི་ཕུང་པོ་ལྔ་དང། དྲན་མ་དྲན་དང་འཁོར་འདས་གཉིས་དང་དགེ་སྡིག་གཉིས་ལ་སོགས་པ་བློས་སོ་སོར་འབྱེད་པས། ཀྱེ་མ་བློ་ནི
གཉིས་ཀྱི་དངོས་པོར་སྣང། །ད་ནི་ལྷན་ཅིག་སྐྱེས་པས་འཁོར་འདས་ཐམས་ཅད་ལ་ཁྱབ་ཀྱང་དེ་ཉིད་མ་རྟོགས་པས། དམུས་ལོང་ལ་མར་མེའི་འོད་ཀྱིས་ཁྱབ་ཀྱང་འོད་མ་མཐོང་བའི་དཔེས་བསྟན་ཏེ། དེ་ཡང་ཕྱིའི་ཁྱིམ་འདོད་པའི་ཡོན་ཏན་ལ་ཡོངས་པའི་དུས་སུ། དྲན་པ་མེད་པ
ཡེ་ཤེས་ཀྱི་མར་མེས་ཁྱབ་སྟེ། བརྒྱུད་པ་དང་མི་ལྡན་པས་མ་རྟོགས། ནང་གི་ཁྱིམ་ནི་ཕུང་པོ་ལྟ་སྟེ། ཕུང་པོ་ལྔའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པའི་ཡེ་ཤེས་མར་མེ་དང་འདྲ་བ་དེ་ཡང་མ་རྟོགས། །གསང་བའི་ཁྱིམ་དྲན་མེད་ཀྱི་དབྱིངས་ལ་སྐྱེ་མེད་ཀྱི་མར་མེ
འོད་ཀྱི་རྒྱས་བཏབ་པ་དེ་ཡང་མ་རྟོགས་པས། ཁྱིམ་དུ་མར་མེ་མང་པོ་སྤར་གྱུར་ཀྱང། དཔེར་ན་མར་མེས་མེ་འགལ་བར་བྱེད་པ་དང་འདྲ་བར། བརྒྱུད་པ་དང་ལྡན་པའི་དྲན་པ་མེད་པས་ཡེ་ཤེས་ཀྱི་མིག་གིས་དྲན་པའི་མུན་ན་གཉོན་མོངས་པ་ཐམས་ཅད་སེལ་བར་བྱེད
པ་ཡིན་ལ། བརྒྱུད་པ་མེད་པའི་དྲན་རིག་ལ་མངོན་པར་ཞེན་པ་རྣམས་ལ། དྲན་མེད་ཡེ་ཤེས་ཀྱི་མིག་མེད་པས། དྲན་པ་འབའ་ཞིག་ལ་གནས་ཏེ་འཁོར་བའི་མུན་པ་ལ་བསངས་པའི་དུས་མེད་པའོ། །དཔེར་ན་ལོང་བ་ལ་མར་མེའི་འོད་ཀྱིས་ཁྱབ་ཀྱང་ལོང་བར་མ་མཐོང
པས། མུན་ནག་ལ་སངས་པའི་དུས་མེད་པ་བཞིན་ནོ། །དེའི་ཕྱིར་མིག་མེད་པ་ལ་མུན་པར་གནས་པ་བཞིན། དེ་བཞིན་དུ་སྣང་བའི་ལྷན་ཅིག་སྐྱེས་པ་སྤྲུལ་པའི་སྐུ་དང། སྟོང་པའི་ལྷན་ཅིག་སྐྱེས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང། སྐྱེ་བ་མེད་པའི་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ
དང། སྐུ་རྣམ་པ་གསུམ་པོ་ངེས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ལ་ཁྱབ་པས། ལྷན་ཅིག་སྐྱེས་པས་ཐམས་ཅད་ཁྱབ་བྱས་པའི། སྐུ་གསུམ་པོ་དེ་དག་བྲལ་མ་མྱོང་བར་དུས་རྟག་ཏུ་རང་དང་འགྲོགས་ཏེ། དཔེར་ན་སྦྲང་རྩི་དང་སྦྲང་རྩིའི་རོ་བཞིན་དུ་འགྲོགས་པ་ལ།
དྲན་པ་ཉིད་དྲན་མེད་ཀྱིས་རྒྱས་བཏབ་ནས་ཤིན་ཏུ་ཉེ་བར་མ་རྟོགས་པས། །ཉེ་ཡང་རྨོངས་པ་དག་ལ་ཤིན་ཏུ་རིང། །ད་ནི་མི་འགལ་བ་ཀུན་རྫོབ་ཀྱི་བདེན་པ་དུ་མ་དག་ཀྱང། དོན་དམ་པའི་བདེན་པ་གཅིག་གིས་འཇོམས་པ་ཆུ་བོ་དང་མུན་པའི་དཔེས་བསྟན་ཏེ། ཆུ་བོ་གཾ་འ
དང། ཡ་མུན་དང། །སི་ཏ་ན་ར་ལ་སོགས་པའི་ཆུ་བོ་ཐམས་ཅད་བྱུང་ཡང་རྒྱ་མཚོ་ལས་བྱུང། ཐིམ་ཡང་རྒྱ་མཚོར་ཐིམ། དཔེ་དེ་བཞིན་དུ་འཁོར་བའི་ཆོས་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱུང་ཡང་བློ་ལས་འདས་པ་ལས་བྱུང། ཐིམ་ཡང་བློ་ལས་འདས་པའི་དབྱིངས
སུ་ཐིམ་པའོ། །དེ་ཡང་ཆུ་ཐམས་ཅད་རོ་གཅིག་པ་དང་འདྲ་བར། འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་མར་སྣང་ཡང་བློས་མ་རེག་པའི་དབྱིངས་སུ་རོ་གཅིག་པས། ཆུ་བོ་སྣ་ཚོགས་པ་ཡང་རྒྱ་མཚོར་གཅིག་ཉིད་དང། དྲན་པ་གཟུང་བའི་འཁོར་ལོ་ཡིན་ཏེ། བསྐྱེད་རིམ་རྫོགས
རིམ་ཐམས་ཅད་དྲན་པས་བྱས་པས་འཇིག་པའི་ཆོས་ཅན་དུ་མ་དག་ཀྱང། དོན་དམ་པའི་མི་སླུ་བའི་དབྱིངས། ཡིད་ལམ་བྱས་ཤིང་བློས་མ་རེག་པ་དེ། སྨྲར་མ་བཏུབ་བསམ་དུ་ཡང་མ་བཏུབ་པ་དེས། མི་བདེན་པའི་དྲན་པའམ། རིག་པའམ། བློས་བྱས་པ་ཐམས་ཅད
འཇོམས་པ་སྟེ། དཔེར་ན་རྫུན་པོ་ཆེ་གཅིག་གིས་རྫུན་མང་པོ་བྱས་ཀྱང། རྒྱུད་ཡོད་པ་གཅིག་གིས་རངས་པ་མི་བདེན་པར་ཚོར་བས། བརྫུན་པ་དུ་མ་དག་ཀྱང་བདེན་པ་གཅིག་གིས་འཇོམས། འཇོམས་ལུགས་ཇི་ལྟར་གྱིས་འཇོམས་ན། བླ་མ་དམ་པའི་གདམས་ངག་ཉི་མ་ལྟ
བུའི་རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེས་ནི། རྐྱེན་རྣམ་པ་གསུམ་གྱིས་མ་བསླད་པ་དེ་ནི། ཉི་ཨམ་ལྟར་གསལ་བ་ཐམས་ཅད་ལ་ཁྱབ་པ་ཡིན་པས། ཉི་མ་གཅིག་དང་སྣང་བར་གྱུར་པ་ཡིན། རྩ་དང་ཆུང་དང་ཏིག་ལེ་ལ་སོགས་པ་ཐམས་ཅད་མུན་པ
ལྟ་བུ་ཡིན་ཏེ། ཐམས་ཅད་བློས་བྱས་པ་ཡིན་པས་དོན་དམ་པ་བློའི་སྤྱོད་ཡུལ་ལས་འདས་པ་མི་མཐོང་སྟེ། དོན་དམ་པ་དེ་མཐོང་བར་བྱེད་པ་ནི། བླ་མ་དམ་པའི་གདམས་དག་རྐྱེན་གསུམ་དང་བྲལ་བ་དེས། སྐུ་གསུམ་མཐོང་ནས་དྲི་མ་གཉིས་དག་པར་བྱེད་ཅིང། དྲན་པ་ཐམས་
ཅད་དྲ་མེད་དུ་འཇོམས་པར་བྱེད་པས། མུན་པ་དུ་མ་དག་ཀྱང་འཇོམས་པར་བྱེད། །།ད་ནི་མི་འགལ་བའི་དཔེ་འཕེལ་འགྲིབ་མེད་པ་རྒྱ་མཚོ་ལྟ་བུ་བསྟན་ཏེ། དེ་ལ་རྒྱ་མཚོ་ལས་རླུངས་བྱུང། རླངས་པ་སྤྲིན་དུ་སོང། སྤྲིན་ལས་ཆར་པ
བབས་ལོ་ཏོག་རྒྱས་པར་བྱེད། །དཔེ་དེ་བཞིན་དུ་རྒྱ་མཚོ་ལྟ་བུའི་ཆོས་སྐུ་ལས། རླངས་པ་ལྟ་བུའི་ལོངས་སུ་ཤར་སྤྲིན་པ་ལྟ་བུའི་སྤྲུལ་སྐུ་ལས་ཆར་པ་ལྟ་བུའི་སྤྲུལ་པ་སྣ་ཚོགས་འཆར་བས། ཇི་ལྟར་ཆུ་འཛིན་གྱིས་ནི་རྒྱ་མཚོ་ལས། ཆར་པ་དེ་ཡང་སྣོད་ཀྱི་ཁྱད་པར་གྱིས
ཁ་བ་དང་མངར་བ་དང་སྒྱུར་བའི་ཁྱད་པར་གྱིས་འགྲོ་སྟེ། ཆར་པ་ལངས་དེ་ལྟར་བྱས་སོ་སྙམ་པའི་བསམ་པ་མེད་དོ། །དཔེ་དེ་བཞིན་དུ་ཆོས་སྐུ་བློ་ལས་འདས་པ་ལས་ལོངས་སྐུ་སྐྱེ་བ་མེད་པ་དང། སྤྲུལ་སྐུ་དྲན་པ་མེད་པ་གཉིས་ཤར་ཏེ། ཆོས་སུ་ལས་ལོངས་སྤྲུལ
གཉིས་ཤར་བའི་བསམ་པ་མེད་པ་དང། འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པ་ལ་སོགས་མེད་པ་དང་རང་རང་གི་རྣམ་རྟོག་གི་ཁྱད་པར་གྱིས་སོ་སོར་བཟུང་བའོ། །དཔེར་ན་ཆར་པས་ས་ག་?་ཐམས་ཅད་ཐངས་ནས་རྩི་ཤིང་དང་ནགས་ཚལ་སྐྱེད་པ་དང། ངེས
སེམས་ཅན་གྱི་དོན་བྱེད་དོ། །དཔེ་དེ་བཞིན་དུ་བླ་མའི་གདམས་ངག་གིས་དྲན་མེད་འཆར་བའི་རླན་དང་འདྲ་བ་དེས་ཉོན་མོངས་པའི་ཐ་བ་ཐམས་ཅད་སྐྱེ་མེད་དུ་བདས་ནས། བློ་འདས་ཀྱི་དབྱངས་ལས་སེམས་ཅན་གྱི་དོན་དུ་སྤྲུལ་པ་མི་འདྲ་བ་དུ་མ་དག་ཀྱང་འཆར་ཏེ། སྤྲུལ་བ་དེ་རྣམས་ལ
སེམས་ཀྱི་རྟོགས་པའི་ཁྱད་པར་གྱིས། ཇི་ལྟར་ཡང་འབྱུང་དུ་རུང་བའི་ཕྱིར། ཆུ་བླངས་ནས་ནི་ས་གཞི་གང་བྱས་ཀྱང། དཔེར་ན་ཆར་བ་དེ་རྒྱ་མཚོ་ལས་བྱུང་ཡང་རྒྱ་མཚོ་དེ་ཉིད་དུ་མ་སོང་བས་རྒྱ་མཚོ་ལ་གནོད་པ་མེད། དེ་བཞིན་དུ་དྲན་མེད་ཀྱི་དབྱིངས་ལས་དྲན་པ་དུ་མར་ཤར
ཡང། དྲན་མེད་དེ་ལ་ཉམས་པ་མེད་དེ། དྲན་པ་དེ་བྱུང་ཡང་དྲན་མེད་ལ་ཐོལ་གྱིས་བྱུང། གནས་ཀྱང་དྲན་པའི་མཚན་ཉིད་ཡིད་ལ་མ་བྱས་པས་དྲན་མེད་དུ་གནས་ཐིམ་ཡང་དྲན་མེད་ཀྱི་དང་དུ་ཐིམ་པས། དྲན་མེད་དེ་ཉིད་ནམ་མཁའ་དང་འདྲ་སྟེ། དུས་རྟག་ཏུ་དྲན་མེད་རྒྱུན་མི་འཆད
པར་གནས་པས། དེ་ཉིད་མ་ཉམས་ནམ་མཁའ་དག་དང་མཉམ། དེ་ཕྱིར་ཆོས་སྐུ་བློ་ལས་འདས་པ་དེ་ལ་ཚོགས་གཉིས་ཀྱིས་ཕན་མ་ནུས་ཏེ། །བློ་ལས་འདས་པ་ལ་ཚོགས་གཉིས་བསགས་རྒྱུ་མེད་པས་སོ། །མི་དགེ་བའི་ཚོགས་ཀྱིས་སྒྲིབ་མི་ནུས་ཏེ། བློ་འདས་ལ་སྒྲིབ་རྒྱུ་མེད་པས
སོ། །ཆོས་སྐུ་ལས་སྐུ་གཉིས་བྱུང་ཡང། ཆོས་སྐུ་ལ་ཟད་པ་མེད་ཅིང་འཕེལ་བ་མེད་དོ། །དེ་ཡང་མ་ཟད་མི་ཟད་ཟད་པ་མེད་པའི་དབྱིངས་ཡིན་པས། འཕེལ་བ་མེད་ཅིང་འགྲིབ་པ་དག་ཀྱང་མེད། །།ད་ནི་རྒྱལ་བའི་ཡོན་ཏན་མཚན་བཟང་པོ་དང་དཔེ་བྱང་བཟད་པོས་བརྒྱན་པ་ཡང
ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པར་བསྟན་ཏེ། དེ་ལ་རྒྱལ་བའི་ཡོན་ཏན་ནི་གཉིས་ཏེ། འཇིག་རྟེན་པའི་རྒྱལ་བའི་ཡོན་ཏན་དང་འཇིག་རྟེན་ལས་འདས་པའི་རྒྱལ་བའི་ཡོན་ཏན་ནོ། །འཇིག་རྟེན་པའི་རྒྱལ་བའི་ཡོན་ཏན་ནི། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་སམ། དང?་བྱད
བཟང་པོ་བརྒྱད་ཅུ་འམ། མི་འཇིགས་པ་བཞི་འམ། འོད་འདོམ་གང་བ་ལ་སོགས་པ་དེ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ཡིན་ཏེ། དེ་དག་ཐམས་ཅད་གློ་བུར་བ་ཡིན་པའི་ཕྱིར། རྒྱལ་བའི་ཕུན་སུམ་ཚོགས་པ་ཡོངས་གང་བའི། འཇིག་རྟེན་ལས་འདས་པའི་རྒྱལ
བའི་ཡོན་ཏན་ནི། དོན་གྱི་ལྷན་ཅིག་སྐྱེས་པ་ཡིན་ཏེ། དེ་ཡང་དྲན་པ་དྲན་མེད་ལས་བྱུང་།དེར་གནས་དེར་ཐིམ་པ་ནི་ལྷན་ཅིག་སྐྱེས་པའི་སྟོང་པའོ། །དྲན་མེད་ལས་བྱུང་དེར་གནས་དེར་ཐིམ་པས་སྟོང་པའི་ལྷན་ཅིག་སྐྱེས་པ་ནི་སྐྱེ་བ་མེད་པ། སྐྱེ་མེད་བློ་ལས་འདས་པ་ལས་བྱུང
ཡང། དེར་གནས་ཐིམ་པས་སྐྱེ་བ་མེད་པའི་ལྷན་ཅིག་སྐྱེས་པ་ནི་བློའི་ཡུལ་ལས་འདས་པའོ། །བློ་ལས་འདས་པ་དེ་ལས་སེམས་ཅན་གྱི་མོས་པ་ཐ་དད་ཀྱིས། གཟུགས་སྐུ་གཉིས་ཀྱི་སྣང་བ་ཤར་དུ་རུང་སྟེ། ཅི་ཡང་ཤར་དུ་རུང་བ་ཉིད་ཁོ་ན་འཇིག་རྟེན་ལས་འདས་པའི
རྒྱལ་བའི་ཡོན་ཏན་ཡིན་པས། ལྷན་ཅིག་སྐྱེས་པ་གཅིག་གི་རང་བཞིན་ཉིད། ལྷན་ཅིག་སྐྱེས་པའི་རང་བཞིན་དེས་བརྟན་པ་དང་གཡོ་བའི་འགྲོ་བ་ཐམས་ཅད་ལ་ཡང་ཁྱབ་ཅིང་དེའི་དང་དུ་འགགས་པ་སྟེ། དྲན་པ་གྲན་མེད་ལས་སྐྱེས་ཤིང་དེར་འགགས་པས། དེ་ལས་འགྲོ
བ་སྐྱེ་ཞིང་འགགས་པ་སྟེ། འོན་ལྷན་ཅིག་སྐྱེས་པ་དེ་དྲན་པའི་སྣང་བ་དང་དྲན་མེད་ཀྱི་སྟོང་པ་གཉིས་ལ་ཟེར་རམ་ཞེ་ན། དེ་ནི་མ་ཡིན་ཏེ། དྲན་པ་དང་དངོས་པོའི་ཆོས་དཀྱིལ་འཁོར་བསྒོམ་པ་ལ་སོགས་པ་དེ་ཡང་མ་ཡིན། དངོས་པོ་མེད་པའི་ཆོས་དྲན་མེད་ཀྱི
ཞི་གནས་བསྒོམ་པ་དེ་ཡང་མ་ཡིན་པར། །དྲན་མ་དྲན་གཉིས་ཀས་མ་གོས་པའི། །སྐྱེ་མེད་དེ་ལྷན་ཅིག་སྐྱེས་པ་ཡིན་པས་དེ་ལ་དངོས་དང་དངོས་པོ་མེད་པའམ་མེད།། །།ད་ནི་འགལ་བའི་དཔེ་རྐྱེན་ལས་སྐྱེས་པའི་བདེ་བ་ལ་རེ་བ་མེད་པའི་སྐྱེས་བུ་གྲག་གིས་སྦྲང་རྩི
འཐུང་པའི་དཔེ་སྟོན་ཏེ། དེ་ཡང་རྐྱེན་གྱིས་མ་བསྐྱེད་པའི་བདེ་བ་ནི། །སྐྱེ་མེད་ཀྱི་ངོ་བོ་བསམ་དུ་མ་བཏུབ་པའི་དབྱིངས་བློ་ལས་འདས་པ་དོན་དམ་པ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། དེ་ནི་ཟག་པ་མེད་པའི་བདེ་བ་ཡིན་ཏེ། འཁོར་འདས་གཉིས་ཀའི་འདམ་གྱིས་མ་གོས
པ། དེ་མ་རྟོགས་པ་རྣམས་ཀྱིས་སྤངས་ནས། ཞག་པ་དང་བཅས་པའི་བདེ་བ་ལས་ཀྱི་ཕྱག་རྒྱ་ལ་ཞེན་ནས། འདོད་པའི་ཁམས་སུ་འགྲོ། དམ་ཚིག་ཕྱག་རྒྱ་བདེ་བ་ལྷ་དང་ལྷ་མོའི་དཀྱིལ་འཁོར་ལ་ཞེན་པས་གཟུགས་ཁམས་སུ་འགྲོ། ཆོས་ཀྱི་ཕྱག་རྒྱ་སྟོང་པ་ཉིད་ཀྱི་ཞི་གནས
ལན་དོན་པར་ཞེན་པས་གཟུགས་མེད་པའི་ཁམས་སུ་འགྲོ་བས། དམ་པའི་བདེ་བ་སྤངས་ནས་གཞན་དུ་འགྲོ། ཤེས་རབ་མ་ལ་བརྟེན་པའི་བདེ་བ་དེ་ཡང་རྐྱེན་ལས་སྐྱེས་པ་ཡིན་ཐིག་ལེ་ནཱ་ད་སྒོམ་པ་ཡང་རྐྱེན་ལས་སྐྱེས་པའི་བདེ་བ་ཡིན། ལྷ་དང་ལྷ་མོའི་དཀྱིལ་འཁོར
བསྒོམ་པ་དེ་ཡང་རྐྱེས་ལས་པའི་བདེ་བ་ཡིན། དེ་རྣམས་ལ་རེ་བ་བྱེད་ན་ཁམས་གསུམ་པས་མི་ཐར་ཞིང་གྲོལ་བ་མི་ཐོབ་པར། མཐོ་རིས་ལྷའི་གོ་འཕང་ཐོབ་པས། རྐྱེན་ལས་སྐྱེས་པའི་བདེ་བ་ལ་རེ་བ་བྱེད། དོན་དམ་པའི་བདེ་བ་ནི་མ་རྟོགས། རྐྱེན་གྱིས་བསྐྱེད་པའི་བདེ
བ་ལ་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་ཟེར་བའི་དཔེ་ནི། བྲག་མཐོན་པོ་ཅིག་ལ་བུང་ཚད་ཡོད་པ་ལ། །དེའི་སྟེང་ན་གླང་པོ་ཆེ་གཉིས་འཐབ་འོག་ན་མཚོ་ཆེན་པོ་ཡོད་པ་དེའི་བར་ན་འཇག་མའི་ཕུང་པོ་ཅིག་ལ་སྐྱེས་བུ་སྦྲང་རྩི་འདོད་པ་ཅིག་གིས་ལག་པ་འཇུས་ནས་སྤྲང
རྩི་འཐུངས་སྟེ། བྱི་བ་དཀར་ནག་གཉིས་ཀྱིས་འཇག་མ་བཅད་པས། ཁོ་སྟེང་དུ་བྲོས་ནི་གླང་པོ་ཆེའི་བར་དུ་ཆི། འོག་ཏུ་བྲོས་ན་མཚོར་འགྲོ་བས་ཤིན་ཏུ་སྡུག་བསྔལ་ལོ། །དཔེ་དེ་བཞིན་དུ་སངས་རྒྱས་ཀྱི་དགོངས་པའི་སྐུ་གསུམ་གྱི་རེ་རང་ལ་ཡོད་པ་ནི་མ་གོ། རྐྱེན་ལས་སྐྱེས་པའི་བདེ
བ་ལོགས་ན་ཡོད་པ་ལ་རེ་བ་བྱེད་པ་དེ་ནི་སྦྲང་ཙི་བྲག་ལ་ཡོད་པ་ལྟ་བུ། འཇག་མ་ཕུང་པ་ནི་སེ་ཡིན་ལ། བྱི་བ་གཉིས་ནི་ཉིན་མཚན་གྱིས་ཚེ་རྐུ་བར་བྱེད་པ། གླང་པོ་ཆེ་གཉིས་ནི་གཟུགས་ཁམས་དང་གཟུགས་མེད་པའི་ཁམས་གཉིས། འོག་གི་མཚོ་ནི་འདོད་པའི
ཁམས་ཏེ། གར་བྲོས་ཀྱང་ཁམས་གསུམ་ལས་མི་ཐར་བའི་ཕྱིར། རང་གི་ཁར་བཅུག་སྦྲང་རྩི་ཉེ་བ་ནི་དུས་རྟག་ཏུ་རང་དང་འགྲོགས་པའི་སྐུ་གསུམ་པོ་ཆུ་བོའི་རྒྱུན་དང་འདྲ་བ་དེ་ལ་ངོམས་པར་མི་འཐུང་བར། བློས་བྱས་པའི་ཆོས་རྐྱེན་སྐྱེས་སྨིག་རྒྱུའི་ཆུ་ལ་རེ་བ་བྱས་ཤིང
བརྟགས་ཀྱང་ཤིན་ཏུ་རིང་བར་འགྱུར་བས། འཐུང་བར་མི་བྱེད་ཤིན་ཏུ་རིང་བར་འགྱུར།། །།ད་ནི་འགལ་བའི་དཔེ་དོན་ལ་མཁས་པ་རྣམས་ཡུལ་ལ་མ་ཆགས་ལ། མི་མཁས་པ་རྣམས་ཆགས་བའི་དཔེ་སྟོན་ཏེ། དེ་ཡང་དཔེར་ན་བྱོལ་སོང
རྣམས་ཁལ་དང་ཁུར་ལ་སྡུག་བསྔལ་དུ་མི་མཐོང་བར། ཁ་ཟས་ཞང་ཙམ་ལ་བདེ་བར་མཐོང། དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་འདོད་ཆགས་དང་ཤེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པ་ལ་བདེ་བར་མཐོང་བས་ལོངས་སྤྱོད། །དགེ་བའི་ལས་ཀ་འམ་དམ་པའི་ཆོས
ལ་སྡུག་བསྔལ་དུ་མཐོང་ནས་འབད་ནས་འབྱོལ་བའམ། དྲན་མེད་སྐྱེ་མེད་བློ་འདས་ཀྱི་དོན་དམ་པ་མ་ནོར་བ་ཡིན་པ་ལ་དེ་ལ་བྱོལ་ནས་དྲན་རིག་འཁོར་བའི་རྒྱུ་སྡུག་བསྔལ་གྱི་ཕུང་པོ་ལ་སྡུག་བསྔལ་དུ་མི་བྱེད་པར་བདེ་བར་མཐོང་བས། བྱོལ་སོང་དག་གིས་སྡུག་བསྔལ
མི་བྱེད་པ། བརྒྱུད་པའི་གདམས་དག་དང་ལྡན་པས། དྲན་མེད་སྐྱེ་མདོ་ལ་མཁས་པའི་གང་ཟག་གིས། རྩ་རླུང་གི་སྒོམ་དང་ཐིག་ལེ་དང་བསྐྱེད་རིམ་ལ་སོགས་པ་ཐམས་ཅད་སེམས་ཀྱི་སྡུག་བསྔལ་དུ་མཐོང་བའི་ཕྱིར། མཁས་པ་རྣམས་ཀྱིས་དེ་ནི་སྡུག་བསྔལ་བྱེད། དོན་རྟོགས
བའི་མཁས་པ་དེས་ནི། སངས་རྒྱས་ཀྱི་དགོངས་པ་བློའི་ཡུལ་ལས་འདས་པ་ད་ཟླས་སུ་མ་བཏུབ། བརྗོད་དུ་མ་བཏུབ་མེད་གདགས་སུ་མ་བཏུབ་པ། ཡིད་ལ་མ་བྱས་པའི་བསམ་གཏན་རྒྱུན་མི་འཆད་པའི་རང་བཞིན། སྐྱེ་ཤའི་མཛའ་ལས་འདས་པ། རྟག
ཚད་ཀྱི་མཛའ་ལས་འདས་པ། ནམ་མཁའ་ལྟ་བུ་དེ་དང་མི་འབྲལ་བས། ཅིག་ཤོས་ནམ་མཁའ་བདུད་རྩི་འཐུང་བར་བྱེད། དེ་ལྟར་མ་རྟོགས་པ་ཕྱིའི་ཡུལ་འདོད་ཡོན་ལྔ་ལ་དྲན་པ་རིག་པ་ཆགས། ནང་གི་ཡུལ་རྩ་དང་རླུང་དང་སྟོང་པ་ཉིད་དཀྱི་ཞི་གནས་ལ་ཆགས། །གསད་པའི
ཡུལ་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ལ་ཆགས། ཆགས་རྒྱཱུམ་ཞེན་རྒྱུ་ཐམས་ཅད་དོན་དམ་པའི་བདེན་པ་དང་ལས་ཐ་དད་པར་ཚོལ་བ་ཡིན་ཏེ། དེ་ཡིས་མི་གྲོལ་བས། གཞན་ནི་ཡུལ་རྣམས་དག་ལ་རྣམ་པར་ཆགས།། །།ད་ནི་དེ་ལྟར་ཆགས་པ
ཐམས་ཅད་མྱ་ངན་ལས་འདས་པ་སྡངས་ནས་འཁོར་བའི་བདེ་བ་ལ་མོས་པའི་དཔེ་བཤད་པའི་སྲིན་བུ་ལྟ་བུ་སྟོན་ཏེ། དཔེར་ན་མི་གཙང་བའི་སྲིན་དུ་དེ་མི་གཙང་བའི་དྲི་མི་ཞིམ་པ་ལ་ཆགས། དེ་བཞིན་དུ་འཁོར་བའི་སེམས་ཅན་རྣམས་འདོད་ཡོན་ལྔ་ལ་ཆགས། མ་རྟོགས་པའི
གང་ཟག་རྣམས་མཚན་མ་དང་བཅས་པའི་བདེ་བ་ལ་ཆགས་པས། བཤད་པའི་སྲིན་བུ་དྲི་ལ་ཆགས་པ་ནི། དེ་ཡང་མི་གཙང་བའི་སྲིན་བུ་དེ་ཙན་དན་ག་པུར་གླ་རྩིའི་དྲི་ཚང་བ་ཙམ་གྱིས་མི་གཙང་བར་འཛིན་ཅིང་འཆིང་བར་བྱེད། །དེ་བཞིན་དུ་མཚན་མ་ཅན་ལ་བརྟེན་པའི་རྣལ
འབྱོར་རྣམས་མཚན་མ་མེད་པའི་དོན་ལ་ལོག་པར་བལྟ་ཞིང་འགྱལ་ཏེ་འགྲོ་བས། ཙན་དོན་དག་ལ་དྲི་དན་དག་ཏུ་སེམས། མཚན་མ་མེད་པའི་དོན་བློ་ལས་འདས་པ་དེ་རྟོགས་ནས། བློས་བྱས་པའི་འཁོར་བ་མྱ་ངན་གྱི་ཕུང་པོ་དེ་སྤངས་ནས། དོན་དམ་པའི་མྱ་ངན་ལས་འདས་པ་གསུམ་ཐོབ
པ་ཡིན་ལ། མ་རྟོགས་པའི་ཆོས་རྣམས་བྱས་པའི་ཆོས་ལ་དོན་དམ་པར་འཛིན་པས། དེ་ལྟར་མྱ་ངན་ལས་འདས་པ་སྤངས་ནས་ནི། དོན་རིག་གི་ཉམས་སུ་མྱོང་སྣང་སྟོང་གི་བདེ་བ་ལ་མངོན་པར་ཞེན་པས་ཁམས་གསུམ་དུ་འཁོར་ནས་དྲན་པ་ལས་སྡུག་བསྔལ་དུ་སྲིད་ནས། འཁོར
བ་འབྱུང་བའི་རྒྱུ་དང། འཁོར་བ་གནས་པའི་རྟེན་དུ་འགྱུར་ཏེ། འཁོར་བ་ལས་བྲལ་བའི་དུས་མེད་པས། སྲིད་པའི་འབྱུང་གནས་ཐུག་པོས་ཆགས་པར་བྱེད།། །།ད་ནི་འགལ་བའི་དཔེ་ཕུན་སུམ་ཚོགས་པ་ཡང་དག་པ་མ་ཡིན་པས་།སྐམས་པ་ལ་བ་ལང་གི་རྐང་དེས
གྱི་ཆུ་ལྟ་བུས་བསྟན་པ་ནི། དཔེར་ན་རྒྱ་མཚོ་མ་མཐོང་བའི་གང་ཟག་གིས། བ་ལང་གི་རྐང་རྗེས་ཀྱི་ཆུ་ལ། རྒྱ་མཚོ་ཡིན་སྙམ་ནས། རིན་པོ་ཆེ་བཙལ་ཡང་མི་རྙེད། དཔེ་དེ་བཞིན་དུ་རྟགས་དང་མཚན་མ་དང་ཉམས་སུ་མྱོང་བའི་བདེ་བ་དེ་ཡང་དག་པ་ཡིན་སྙམ་ནས་དོན་དམ་པ་མི་རྙེད་པས།
བ་ལང་རྐང་རྗེས་སུ་ཆུ་ཡིས་གང་བྱས་སྐྱང། དཔེར་ན་བ་ལང་རྐང་རྗེས་ཀྱི་ཆུ་ནས་བརྒྱ་རིན་པོ་ཆེ་ཅིག་རྙེད་ཀྱང་ཆུང་བས་སྟོར་ཏེ་འགྲོ་བས། དེ་བཞིན་དུ་ཟློས་བྱས་པའི་ཆོས་ལ་ཐུན་མོང་གི་དངོས་གྲུབ་བྱུང་ཡང་ཡལ་ཏེ་འགྲོ་སྟེ་མི་རྟག་པའི་ཕྱིར། ཇི་ལྟར་དེ་ཡང་སྐལ་པ་འགྱུར
བ་བཞིན་དུ། སངས་རྒྱས་ཀྱི་མཚན་བརྗོད་པོ་སུམ་ཅུ་རྩ་གཉིས་སམ། དཔེ་བྱད་བཟང་པོ་བརྒྱད་ཅཱུམ། ཡོན་ཏན་དུ་མ་སྣང་ཡང་བློ་བུར་བ་ཡིན་པས་ཡལ་ཏེ་འགྲོ། །དཔེར་ན་རྨི་ལམ་གྱིད་ནས་སྐབས་ན། ལྷའི་གཞལ་ཡང་ཁང་ལ་སོགས་པར་ཕྱིན་པ་མི་སྟེ། གཉིད
སད་པའི་དུས་སུ་མེ་བདེན་པས་མི་བརྟན་ཏེ་ཡལ་ཏེ་འགྲོ་བའི་ཕྱིར། ཕུན་ཚོགས་མ་ཡིན་ཕུན་ཚོགས་བརྟན་པའི་སེམས། བརྟན་པའི་སེམས་ནི་ཚས་སྐུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་རྐྱེན་གསུམ་གྱིས་མ་བསླང་པ་དེ། ཕུན་སུམ་ཚོགས་པ་བརྟན་པའི་སེམས
ཡིན་ལ། དེ་མ་རྟོགས་པས་སྔགས་དང་ཕྱག་རྒྱའི་ནུས་པ་ལ་ཕུན་སུམ་ཚོགས་པ་ཡིན་ཟེར་ཏེ། དེ་ཡང་གློ་བུར་བ་ཡིན་པའི་ཕྱིར། ཡང་ནི་ཕུན་སུམ་ཚོགས་པ་སྐམས་པར་འགྱུར།། །།ད་ནི་མི་འགལ་བའི་དཔེ་མི་འགྱུར་བའི་དོན་རྟོགས་ནས། །ཡུལ་སྣ
ཚོགས་ལ་སྤྱད་ཀྱང་སྐྱོན་དུ་མི་འགྱུར་བའི་དཔེ་བསྙེན་ཏེ། མི་འགྱུར་བའི་དོན་དྲན་པ་མེད་པ་སྤྲུལ་པའི་སྐུ་དང། སྐྱེ་བ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང། བློ་ལས་འདས་པ་ཆོས་ཀྱི་སྐུ་གསུམ་རྟོགས་ན། ཕྱིས་འཁོར་བར་མི་སྐྱེ་སྟེ། དཔེར་ན་རྒྱ་མཚོ་ལ་བ་ཚྭ་ཅན་གྱི་ཆུ
ལ་སྤྱད་དུ་མི་བཏུབ་པས་། རྩི་ཤིང་དང་ནགས་ཚལ་ལ་སོགས་པ་མི་སྐྱེ། དེ་བཞིན་དུ་བློ་འདས་ལ་བློས་དཔྱད་དུ་མིང་ཆུང། བློས་དཔྱད་རྒྱུ་མེད་པས་འཁོར་བར་མི་སྐྱེ་བས། ཇི་ལྟར་རྒྱ་མཚོ་བ་ཚྭ་ཅན་གྱི་ཆུ། འོན་བ་ཚྭ་ཅན་གྱི་ཆུ་དེ་དཔྱད་དུ་ཡེ་མི་བཏུབ་བམ
ཞེ་ན། དེ་མ་ཡིན་ཏེ། རྒྱ་མཚོ་ལས་རླངས་བྱུང་དེ་སྤྲིན་དུ་སོང། སྤྲིན་ལས་ཆར་པ་བབས་པས། ལ་རྟོག་ཐམས་ཅད་སྨིན་པར་བྱེད་དོ། །དེ་ཡང་སྣོད་ཀྱི་ཁྱད་པར་ཁྱིས་ཉ་ཕྱིས་ཀྱིས་ཁར་སོང་བས་མུ་ཏིག་ཏུ་འགྲོ། པདྨའི་ཁར་སོང་བས་དངུལ་ཆུར་འགྲོ། དེ་བཞིན་དུ་དྲན
མེད་ལས་དྲན་པའི་སྤྲུལ་པ་བྱུང་བས། མ་རྟོགས་པ་རྣམས་ལ་འཁོར་བའི་འབྲས་བུ་སྨིན་པར་བྱེད། བརྒྱུད་པ་དང་ལྡན་པ་རྣམས་ལ་སྐུ་གསུམ་དུ་སྤྲིན་པར་བྱེད་པས། ཉ་ཕྱིས་སམ་པདྨའི་མུ་ཏིག་གམ་དངུལ་ཆུ་བཞིན་དུ་སྣོད་དང་ལྡན་པ་དང་མི་ལྡན་པ་བྱེ་བྲག་གིས
འཁོར་འདས་གཉིས་བྱེད་པས། ཆུ་འཚིན་ཁ་ཡིས་བླངས་པས་མངར་བར་འགྱུར། དྲན་མེད་སྐྱེ་མེད་བློ་འདས་གསུམ་ལས་ཅིར་ཡང་ཤར་བ་ནི་སྤྲུལ་པ་སྣ་ཚོགས་ཏེ། སྤྲུལ་པ་ལ་མངོན་པར་ཞེན་པའི་མི་བརྟན་པའོ། །སྤྲུལ་པའི་འཆར་ས?་བློའི་ཡུལ་ལེགས་?་པ
དེ་ནི་བློས་བསྒྱུར་དུ་མི་བཏུབ་སྟེ། དེ་ཉིད་ཁོ་ན་དོན་དམ་པའི་སེམས་རང་བཞིན་གྱིས་རྣམ་པར་དག་པ། དེ་ལས་སེམས་ཅན་གྱི་དོན་ཅི་ཡང་འབྱུང་དུ་རུང་སྟེ། དཔག་པའི་གྱི་ཤིང་བལ་བུམ་པ་བཟང་པོ་ལྟ་བུ་ཡིན་པས། བསྟན་པའི་སེམས་ཀྱིས་གཞན་?་?
པ། སྐྱེ་བ་མེད་པའི་དོན་རྟོགས་ན་ཕྱི་ནང་གི་ཡུལ་ཐམས་ཅད་ཀྱི་སྐྱེས་གནས་ཐིམས་དང་གསུམ་རྟོགས་པས། ཉོན་མོངས་པ་དུག་དང་འདྲ་བ་དེ་ཡང། ཡེ་ཤེས་ཀྱི་བདུད་རྩིར་འགྱུར་དུ་བཏུབ་སྟེ། དཔེར་ན་སྙིང་རླུང་ཅན་ལ་བཙན་དུས་བཏང་བས་སྙིང་དུ་དངོས་པོ་བཞིན
དུ་མངོན་དུ་ན་སྙིང་རླུང་གིས་དྲན་པ་མེད་པ་བཞིན་དུ། སངས་རྒྱས་ཀྱི་དགོངས་པ་དྲན་པ་མེད་པའོ། །དེ་ལས་དྲན་པ་སྣ་ཚོགས་སྐྱེས་པ་ཡང། དངོས་པོར་བཟུང་ན་དུག་ཏུ་འགྱུར་ལ། དྲན་པ་དེ་ཉིད་ཀྱི་མཚན་ཉིད་ཤེས་ན་དྲན་རིག་ལ་སྤྱད་ཀྱང་རང་བཞིན་མེད་པར་རྟོགས
པས། ཡུལ་གྱི་དུག་ཀྱང་འདུད་རྩིར་འགྱུར་བ་ཡིན།། །།ད་ནི་མི་འགལ་བའི་དཔེ་བརྗོད་དུ་མེད་པའི་དོན་རྟོགས་ནས། བརྗོད་དུ་མེད་པའི་སྒྲས་སྔགས་དང། དོན་འབྱུང་བ་དཔེ་འབྲུག་གི་སྒྲ་ལྟ་བུ་བསྟན་པ་ནི། ཡིད་ལམ་བྱས་པའི་དབྱིངས་ལ་བརྗོད་དུ་མེད་ཀྱང། དཔེར་ན་གཞོན་ནུ
མའི་བདེ་བ་ལ་བཟླས་སུ་མང་པའོ། །བརྗོད་དུ་འམ་རིག་རྒྱུ་ནི་དྲན་པ་ཡིན་ཏེ། །ཇི་སྲིད་དྲན་པ་དང་བཅས་པ་དེ་སྲིད་དུ། སྡུག་བསྔལ་གྱི་བདེན་པའོ། །དྲན་པ་མེད་པ་ཀུན་འབྱུང་གི་བདེན་པའོ། །སྐྱེ་བ་མེད་པ་ལམ་གྱི་བདེན་པ། བློའི་ཡུལ་ལས་འདས་པ་འགོག་པའི་བདེན་པ། བདེན་པ
གསུམ་ལ་བརྗོད་དུ་མེད་པའི་ཕྱིར། བརྗོད་དུ་མེད་ན་སྡུག་བསྔལ་མ་ཡིན་ཏེ། བརྗོད་དུ་མེད་པས་བསྒོམ་དུ་ཡང་མེད་དེ། བསྒོམ་པ་ནི་བསམ་པ་ཡིན་ལ། བསམ་པ་ནི་རྣམ་པར་རྟོག་པ། རྣམ་པར་རྟོག་པ་ནི་འཁོར་བ་ཡིན་པས། དོན་དམ་པ་བློའི་ཡུལ་ལས་འདས་པ་དེ་ལས་བློས་བསྒོམ་པ
འམ། ངག་གིས་ཀྱང་བརྗོད་དུ་མེད་པའོ། །དེ་ནི་འདམ་གྱིས་མགོས་པའི་བདེ་བ་ཆེན་པོ་ཡིན་ལ། བློས་བྱས་རྒྱུ་གཅིག་བྱུང་ན་བྱས་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཡིན་པས། བསྒོམ་དུ་མེད་ན་དེ་ཉིད་བདེ་བ་ཡིན། བློ་ཆུང་བའི་གང་ཟག་ལ་བསྒོམ་དུ་མེད་དུབ་ཡས་པའི་སྒྲ་དེ་ལ་སྡངས་ཏེ།
སྐྲག་ཀྱང་དེའི་དོན་རྟོགས་ན་འཁོར་བ་ལས་ཐར་པའི་དོན་འབྱུང་སྟེ། དཔེར་ན་གློག་དང་འབྲུག་དྲག་པོས་བློ་ཆུང་བ་རྣམས་སྔར་ཡང། ལོ་ཏོག་སྨིན་པའི་དོན་བྱེད་པ་ལྟར། ཇི་ལྟར་སྤྲི་གྱི་སྒྲ་ཡིས་སྡངས་ན་ཡང། འབྲུག་དང་གློག་བྱུང་བ་ནི་ཆར་བའི་སྔར་རྟགས་ཡིན་ཏེ། ཆར
?་པས་མེ་རྟོག་དང་ཤིང་ཏོག་ཐམས་ཅད་སྨིན་པར་བྱེད་པ་བཞིན་དུ། བྲོད་དུ་མེད་པའི་དོན་དེ་ལ་ལས་སེམས་ཅན་གྱི་དོན་ཤུགས་ཀྱི་དྲན་པ་དྲན་མེད་དུ་སྨིན་པར་བྱེད། དྲན་མེད་ཀྱེ་མེད་དུ་སྨིན་པར་བྱེད། སྐྱེ་མེད་བློ་འདས་སུ་སྨིན་པར་བྱེད་པས། བློ་འདས་རྟོགས་ན་འཁོར་བ་དང་མྱ
ངན་ལས་འདས་པར་སྨིན་པར་བྱེད་པས། ཆར་བ་བབ་པ་སོ་ཏོག་སྨིན་པར་བྱེད།། །།ད་ནི་མི་འགལ་བའི་དཔེ་དུས་གསུམ་ཐ་མི་དད་པ་ལ། སྣང་སྟོང་གཉིས་སུ་མེད་པར་བསྟན་པ་ནི། དང་པོ་དྲན་པའི་ངུས་སུ་བླ་མ་མི་དྲན། ཐ་མ་དྲན་པའི་དུས་སུ་བར་མི་དྲན། །དེའི་ཕྱིར་དྲན་
པ་ལ་གནས་མེད་དེ། གནས་མེད་པ་དེ་ཁོ་ན་ཉིད་དོན་དམ་པའི་གནས་ཡིན་ཏེ། དྲན་མེད་ཀྱི་དབྱིངས་འགའ་ཞིད་ལས་དྲན་པ་འདི་ཐོག་མར་ཡང་སྐྱེས། བར་དུ་ཡང་གནས། ཐ་མར་ཡང་ཐིམ་པས། རྟོགས་པའི་རྣལ་འབྱོར་པ་ལ་དྲན་པ་འདི་དུས་རྣམ་པ་གསུམ་དུ་དྲན་མེད
དུ་གནས་པས། ཐོག་མ་ཐ་མ་བར་དུ་གནས་པ་སྟེ། དེ་ལྟར་རྟོགས་པ་ལ་འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་ང་གསུམ་མི་དམིགས་ཏེ། བློ་ལས་འདས་པའི་དབྱིངས་ལ་དེ་གསུམ་ཐ་དད་མེད་པའི་ཕྱིར། དང་པོ་ཐ་མ་དེ་བཞིན་གཞན་ན་མེད། དེ་ལྟར་མ་རྟོགས་པས། སྣང་བར
རྟོགས་སྟོང་པར་རྟོགས་ཏེ་སྣང་སྟོང་གཉིས་སུ་འཛིན་པ་ནི་ཡང་དག་པ་མ་ཡིན་ཏེ། གཉིས་ཀ་བློ་བུར་བ་ཡིན་པའི་ཕྱིར་རོ། །གློ་བུར་བ་ལ་ལྟ་བ་ལྟ་བྱེད་པ་ནི་རྨོངས་པ་ཡིན་པའི་ཕྱིར། ཀུན་ཏུ་རྟོགས་པ་རྨོངས་པའི་ཡིད་ཅན་ལ། སྣང་སྟོང་གཉིས་རང་གང་ཞེ་ན། སྟོང་པ་ནི
བཅོས་མའི་སྟོང་པ་དང། མ་བཅོས་པའི་སྟོང་པའོ། །བཅོས་པ་ནི་སྟོང་པར་བསྒོམ་པའོ། །མ་བཅོས་པའི་སྟོང་པ་ནི་དྲན་མེད་རྟོགས་པ་ཙམ་མོ། །བཅོས་མའི་སྟོང་པ་ནི་བྱས་པའི་ཕྱིར་འཇིག་རྟེན་གློ་བུར་བའོ། །མ་བཅོས་པའི་སྟོང་པའི
དྲན་མེད་ཙམ་ལ་ཟེར་བ་དེ་ཡང། ཉམས་སུ་མྱོང་བའི་ཕྱིར་འཇིག་བའོ། །སྣང་བ་ནི་ཐ་མལ་བའི་སྣང་བ་དང། གྲུབ་མཐས་བློ་བསྒྱུར་བའི་སྣང་བའོ། །ཐ་མལ་གྱི་སྣང་བ་ནི་དངོས་པོར་འཛིན་པ་འདི་ཡིན་ཏེ། དངོས་པོར་སྣང་བ་འདི་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་སྣང་ལ།
བརྟགས་ན་སྒྱུ་མ་ཙམ་མིག་ཡོར་རྨི་ལམ་ཡིན་ནོ། །གྲུབ་མཐས་བློ་བསྒྱུར་གྱི་སྣང་བ་ནི། སྙིང་རྗེ་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡང་བྱས་པའི་ཕྱིར་འཇིགས། ཆོས་ལ་དམིགས་པའི་སྙིང་རྗེ་ཡང་དམིགས་པའི་ཕྱིར་འཇིགས། དམིགས་པ་མེད་པའི་སྙིང་རྗེ་ནི།
དམིགས་རྒྱུ་མེད་པ་ལ་སྙིང་རྗེ་རྒྱུ་མེད་པས་རང་བཞིན་མ་གྲུབ། དེའི་ཕྱིར་སྣང་སྟོང་གཉིས་ལ་རིག་རྒྱུ་འམ་བརྗོད་རྒྱུ་བྱུང་བས་དོན་དམ་པ་མ་ཡིན་པའི་ཕྱིར། སྟོང་པ་དང་ནི་སྙིང་རྗེ་བརྗོད་པས་སོ། །ད་ནི་མི་འགལ་བའི་དཔེ་འཁོར་འདས་ཐ་མི་དད་པ་མཁས་པས་ཤེས། རྨོངས
བས་མི་ཤེས་པའི་དཔེ་ལོ་ཏོག་དང་བུང་བ་དང་སྦལ་པས་བསྟན་པར་བྱ་སྟེ། དཔེར་ན་མཚོ་ལས་སྐྱེས་པའི་མེ་ཏོག་གི་ནང་ན་སྦྲང་རྩི་ཡོད་པ་བྱ་དང་དང་པའི་ཉ་དང་སྦལ་པ་ལ་སོགས་པས་རྩ་ན་ཡོད་ཀྱང་མི་ཤེས། དེ་བཞིན་དུ་དྲན་པའི་བསྐྱེད་རིམ་དང། རྫོགས་རིམས་དང།
རྩ་ནཱ་ད་ཐིག་ལེ་ལ་སོགས་པའི་ཉམས་མྱོང་ལ་མངོན་པར་ཞེན་པས་དྲན་པས་མ་གོས་པའི་དྲན་མེད་ཀྱི་ནང་སྐྱེ་བ་མེད་པ་དང་བློ་ལས་འདས་པའི་སྦྲང་རྩི་ཡོད་པ་དེ། དྲན་རིག་ལ་ཞེན་པ་དེས་མི་ཤེས་པས། ཇི་ལྟར་མེ་ཏོག་ནང་གནས་སྦྲང་རྩི་ནི། དཔེར་ན་བུད་པ་ཐག་རིང
བ་ལས་འོངས་པས། མཚོ་ལ་མ་ཐོགས། ལོ་འདབ་ལ་མ་ཐོགས་པར་སྦྲང་རྩི་འཐུངས་ནས་འགྲོ། དེ་བཞིན་དུ་མཁས་པ་དྲན་པའི་རྣམ་རྟོག་ལ་མ་ཞེན་པས། དྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ་ཤེས་པའི་ཕྱིར། བུང་པ་ཉིད་ཀྱིས་ཤེས་པར་གྱུར་པ་ཡིན། དྲན་མེད་སྐྱེ
མེད་བློ་འདས་ཀྱི་དོན་ཤེས་ན། འཁོར་འདས་གཉིས་ཐ་མི་དང་དེ། འདོད་ཁམས་གཉིས་དང། གཟུགས་ཁམས་དང། གཟུགས་མེད་པའི་ཁམས་གསུམ་ནི་འཁོར་བ་གསུམ་ཡིན་ལ། ཕུང་པོ་ལྷག་བཅས་དང་ལྷག་མེད་དང། མི་གནས་པ་གསུམ་ནི་མྱ་ངན་ལས་འདས་པ་གསུམ
ཡིན་ཏེ། དེ་གཉིས་ཀ་བློ་ལས་འདས་པའི་དབྱིངས་ལ་མི་དམིགས་ཤིང། མི་དམིགས་པ་ཉིད་ཀྱི་རོམ་སྟོང་བར་རང་བཞིན་དུ་གནས་པས། སྲིད་དང་མྱ་ངན་འདས་པ་མི་ཕྱེད་རོ། །དེ་ལྟ་བུའི་དོན་དྲན་རིག་ལ་མངོན་པར་ཞེན་པའི། དྲན་མེད་ལ་རྨོངས་པས་སྐུ་གསུམ་གྱི་དོན་མི་ཤེས
པའི་ཕྱིར། རྨོངས་པ་དག་གིས་ཇི་ལྟར་ཡོང་སུ་ཤེས།། །།ད་ནི་འགལ་བའི་དཔེ་བསྟན་པ་སྤངས་ནས་མི་བདེན་པ་ལ་ཆགས་པའི་དཔེ། གཟུགས་བརྙན་ལྟ་བུ་སྟོན་ཏེ། དཔེར་ན་བུ་ཆུང་གིས་མེ་ལོང་ལ་བལྟས་པས། རང་གི་གཟུགས་བརྙན་མཐོག་ནས་དེ་ལ
འཛིན་བུ་འགྲོ། དེ་བཞིན་དུ་མ་རྟོགས་པ་རྣམས་དྲན་རིག་གི་མཚན་བཅས་ཀྱི་བདེ་བ་ལ་དོན་དུ་ཞེན་ནས་གནས་པ་ནི། གཟུགས་བཟང་ཡང་མི་ཟིན་པ་དང་འདྲ་བས། ཇི་ལྟར་མེ་ལོང་ངོས་ཀྱི་བཞིན་གྱི་གཟུགས། །དཔེར་ན་རི་བོང་རྣམས་ཀྱིས་གཅན་ཟན་གྱི་རྒྱལ་པོ་སེང་གེ་ཁྲོན
པའི་ཁར་ཁྲིད་ནས། ཁོའི་གཟུགས་བརྙན་ཁྲོན་པའི་ཁར་ཤར་དུ་བཅུག་པས། ཁོ་ཞེ་སྡང་གིས་ཁྲོས་པས་མཆོངས་པ་བཞིན་དུ། མ་རྟོགས་པས་དྲན་པའི་གཟུགས་བརྙན་ལྷ་དང་ལྷ་མོའི་ངལ་ལ་ཆགས་པས། དེ་རང་གིས་འཆིང་བའི་ཕྱིར། རྨོངས་པ་མི་ཤེས་པ
ཡིས་བལྟས་པ་ལྟར། །དོན་དམ་པའི་བདེན་པ་སྙིང་པོའི་དོན་བློའི་ཡུལ་ལས་འདས་པ། འཁོར་འདས་གཉིས་ཀྱི་འདམ་གྱིས་མ་གོས་པ་དེ། དྲན་པ་ལ་མངོན་པར་ཞེན་པས་སྤང་པའི་ཕྱིར། དེ་ལྟར་བདེན་པ་སྤངས་པའི་སེམས་དེ་ནི། མཚན་མ་དང་བཅས་པའི་བདེ་བ་དང།
ལས་ཀྱི་ཕྱག་རྒྱའི་བདེ་བ་དང། ཆོས་ཀྱི་ཕྱག་རྒྱའི་སྟོང་བ་ཉིད་ཀྱི་ཞི་གནས་དང། དམ་ཚིག་གི་ཕྱག་རྒྱ་ལྷའི་དཀྱིལ་འཁོར་ལ་མངོན་པར་ཞེན་པ་རྣམས་དེ་ལ་བརྟེན་ཏེ། དེ་ཡོ་བྱད་པའི་བསམ་གཏན། འཇིག་པའི་ཆོས་ཅན་མི་བདེན་པ་ཡིན་ཏེ། དོན་མ་རྟོགས་པ་རྣམས་དེ
ལ་བརྟེན་པས་མི་བདེན་པ་ལ་མང་དུ་རྟེན་པར་བྱེད། ད་ནི་མི་འགལ་པའི་དཔེ་སྐུ་གསུམ་འཁོར་ལོ་རྟོགས་མ་བསམ་གཏན་རྒྱན་མི་འཆད་པའི་དཔེ་བསྟན་ཏེ། དེ་ཡང་དཔེར་ན་མེ་ཏོག་ཙམ་པ་ཀ་ལ་ཕར་བརྒྱབ་ལྟ་བུ་ན་ཡོད་ཀྱང་།དྲི་ལ་ཚུར་ངོས་ལྟ་བུར་རྡོལ་ནས་འོང།
དཔེ་དེ་བཞིན་དུ་ཡང་དག་པའི་ལྟ་བསྒོམ་དུ་མེད་པ་དེ་དྲན་པ་དང་རིག་པའི་ཕར་བརྒྱབ་ན་ཡོད་ཀྱང། རྟོག་པའི་དུས་སུ་དྲན་པ་དང་རིག་པའི་མདུན་དུ་ཡང་ཁྱབ་ལ། དྲན་རིག་རང་ལ་ཡང་ཁྱབ་པའོ། །ཁྱད་པའི་དོན་དེ་ལ་བསྒོམ་དུ་ཡང་མེད་ལ་བརྗོད་དུ་ཡང་མེད།
དེའི་ཕྱིར་བལྟ་རུ་མེད་པ་ནི་ཡང་དག་ལྟ་བའོ། །ཡང་ན་དྲན་པ་དང་རིག་པ་ནི་མེ་ཏོག་ལྟ་བུ། དྲི་ལྟ་བུ་ནི་དྲན་མེད་དེ། དྲན་མེད་ལ་གཟུགས་མེད་པས། དངོས་པོ་དང་མཚན་མའི་ལ་ལ་ཐོགས་?་མེད་པར་གར་ཡང་ཁྱབ་པས། མེ་ཏོག་དྲི་ནི་གཟུང་དུ་མེད་ན་ཡང། མེ་ཏོག
དྲིལ་གཟུགས་མེད་ཀྱང། མངོན་སུམ་དང་འདྲ་བར་ཀུན་ཏུ་ཁྱབ། དཔེ་དེ་བཞིན་དུ་ཡིད་ལ་མ་བྱས་པ་གང་ཡང་ཁྱབ་པ་དེ། བླ་མས་མངོན་སུམ་དུ་བརྡ་དང་ཐབས་ཀྱིས་བསྟན་དུ་བཏུབ་སྟེ། དྲན་པ་དང་དབང་པོའི་མངོན་སུམ་དུ་བསྟན་དུ་བཏུབ། དྲན་མང?་ཡིད་ཀྱི་མངོན་སུམ
དུ་བསྟན་དུ་བཏུག་སྐྱེ་མེད་རང་རིག་པའི་མངོན་སུམ་དུ་བསྟན་དུ་བཏུབ། བློ་ལས་འདས་པ་རྣལ་འབྱོར་གྱི་མངོན་སུམ་དུ་བསྟན་ཏུ་བཏུབ། དེ་ན་དྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ་པོ་དེས་དངོས་པོ་མཚན་མའི་ཆོས་ཐམས་ཅད་ལ་ཁྱབ་པས། མངོན་དུ་ཀུན་ཏུ་།
ཁྱབ་པར་བྱེད་པ་ལྟར། དེ་ཡང་དྲན་མེད་སྤྲུལ་པའི་སྐུ་དང། སྐྱེ་མེད་ལོངས་སྤྱོད་རྫོགས་པའི་སྐུ་དང། བློ་ལས་འདས་པ་ཆོས་ཀྱི་སྐུ་དང། །དེ་གསུམ་ཐ་མི་དད་པ་ངོ་བོ་ཉིད་ཀྱི་སྐུ་དང། བཞི་ནི་རང་བཞིན་གྱིས་རྣམ་པར་དག་པ། དངོས་པོ་དང་མཚན་མ་མེད་པ་གཟུགས་དང་གཟུགས
ཀྱི་རང་བཞིན་མེད་པ། དེ་ལ་མཚན་ཉིད་བཞི་དང་ལྡན་པ་ཡིན་ཏེ། སྤྲུལ་སྐུ་དྲན་མེད་ནི་ཀུན་ལ་ཁྱབ་པ། ལོངས་སྐུ་སྐྱེ་མེད་ནི་གཟུགས་ཅན་མ་ཡིན་པ། ཆོས་སྐུ་བློ་འདས་ནི་འགྲོ་འོད་མེད་པ་ཐ་མི་དད་པ། ངོ་བོ་ཉིད་ཀྱི་སྐུ་ནི་དུས་ཐམས་ཅད་ཡིན་པས། དེ་བཞིན་ཉིད་ཀྱང་ཡིན་ལ།
དེ་བཞིན་ཉིད་དེ་ལ་ནི་གཟུགས་དང་གཟུགས་ཀྱི་རང་བཞིན་མེད་པའི་ཕྱིར། དེ་བཞིན་གཟུགས་མེད་པའི་རང་བཞིན་གྱིས། མཚན་མ་ལས་འདས་པའི་དེ་བཞིན་ཉིད་དེ་ལ་ནི། འཁོར་བའི་དཀྱིལ་འཁོར་དང། མྱ་ངན་ལས་འདས་པའི་དཀྱིལ་འཁོར་མཛའ་དག་ཤར་དུ་རུང
སྟེ། གདུལ་བྱའི་བསམ་པ་ནི་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་ཡིད་ལ་མ་བྱས་པའི་དབྱིངས་ལས་ཤར་ཅིང་དབྱིངས་སུ་ནུབ་ལ། དབྱིངས་དེ་ལ་ནི་དྲི་མ་གཉིས་ཀྱིས་མ་གོས་ལ། འཁོར་འདས་གཉིས་ཀྱིས་མ་གོས་པS་དཀྱིལ་འཁོར་ལོ་དག་ཀྱང་ཤེས་པར་བྱ།། །།
ད་ནི་འགལ་བའི་དཔེ་དྲན་པ་ལ་དངོས་པོར་ཞེན་པས། རྣམ་པར་རྟོག་པ་སྲ་ཞིང་མཁྲེགས་པར་གྱུར་པས་ཆབ་རོམ་ལྟ་བུ་བསྟན་ཏེ། དྲན་པ་འགྱུར་བ་ཅན་འདིས་དྲན་མེད་ཀྱི་དབྱིངས་དཀྲུགས་པས། རྣམ་པར་རྟོག་པ་ཆེར་འགྲོ། དཔེར་ན་དགུན་གྱི་ལྷགས་པས་ཆུ་ལ་བཀྲུགས
པས་ཕྱག?་?་དུ་འགྲོ་སྟེ། དེ་བཞིན་དུ་རྟོག་མེད་ལ་རྟོག་པ་ཞུགས་པས། འཁོར་བ་བརྟས་སུ་འགྲོ་བའི་ཕྱིར། རླུང་གི་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས། དེ་ཡང་ཆུ་ལ་ལྷགས་པ་མ་ཞུགས་ན། འཇམ་ཞིང་ཟུག་རྡུ་མེད་པ་ལ། རྐྱེན་ལྷགས་པ་ཞུགས་པས་ཁྱག་རུམ་རྔོ་བ་བཞིན
དུ་འགྲོ་སྟེ། དེ་བཞིན་དུ་དྲན་མེད་ལ་དྲན་པའི་རྣམ་རྟོག་མ་ཞུགས་ན། ཉོན་མོངས་པའི་ཟུག་རྡུ་མེད་ལ། མཚན་མའི་རྟོག་པ་མེད་བས་འཇམ་ལ། དྲན་མེད་ལས་དྲན་པ་ཤར། དེ་དངོས་པོ་ཐེར་ཟུག་ཏུ་བཟུང་བས་ཉོན་མོངས་པ་ཇེ་ཆེ་ཇེ་ཆེ་ལ། རྣམ་པར་རྟོག
པ་བཤིག་པས་མི་ཤིགས་པར་འགྲོ་བས་འཇམ་པའི་ཆུ་ཡང་རྡོ་ཡི་གཟུགས་ལྟར་འགྲོ། དེ་ཡང་དྲན་པ་ཉིད་དང་པོ་དྲན་མེད་ལས་སྐྱེས། བར་དུ་ཡང་དྲན་མེད་དུ་གནས། ཐ་མ་ཡང་དྲན་མེད་དུ་ཐིམ་པར་ཤེས་ན། དྲན་པ་ཅི་སྐྱེས་ཐམས་ཅད་མཚོའི་ནང་དུ་ཁབ་བབས་པ་ལྟ་བུ་ཡིན་པ།
མ་རྟོགས་པ་རྣམས་ཀྱིས་དྲན་པ་དང་རྒྱུད་པ་རྟག་པ་ཐེར་ཟུག་པར་བཟུང་བས། གངས་ཀྱི་ཐོག་ཏུ་ཁ་བ་བབས་པ་དང་འདྲ་སྟེ། རྣམ་པར་རྟོག་པ་རྗེ་ཆེ་ཇེ་ཆེར་འགྲོ་པས། མ་རྟོགས་པའི་གང་ཟག་གི་དྲན་པས་དྲན་མེད་དཀྲུགས་པས་འཁོར་བའི་རྒྱུ་འབའ་ཞིག་སོགས་པས། རྟོག་པས་དཀྲུགས་པས
རྨོངས་པ་གཟུགས་མེད་ལས། དེ་ཡང་རྩ་ནཱ་ད་ཐིག་ལེ་གཏུམ་མོ་སྟོང་པ་ཉིད་ཀྱི་ཞི་གནས་ལ་སོགས་པ་བསྒོམས་པ་ཡང་དོན་མ་རྟོགས་ན་རྣམ་པར་རྟོགས་པ་མང་དུ་བསམས་པས། རྟོག་པ་མི་ཤིགས་པར་འགྲོ་བའི་ཕྱིར། ཤིན་ཏུ་སྲ་ཞིང་འཁྲེགས་པ་ཉིད་དུ་འགྱུར། །ད་ནི་མི་འགལ་པ་དྲན
མེད་སྐྱེ་མེད་བློ་ལས་འདས་པ་ལ་སྐྱོན་གྱིས་མ་གོས་པའི་དཔེ། རིན་པོ་ཆེ་ལ་འདམ་གྱིས་མ་གོས་པ་ལྟ་བུ་སྟོན་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་དང་འཇའ་ཚོན་བྱུང་སྟེ། ནམ་མཁའ་ལ་གནོད་པ་མེད། མེ་ལོང་ལ་གཟུགས་བརྙན་ཤར་ཏེ་མེ་ལོང་ལ་གནོད་པ་མེད། དེ་བཞིན་དུ་སེམས་ཉིད་དངས་མ་དྲན
མེད་ལས། དྲན་པ་བློ་གུར་དུ་བྱུང་བ་དེ། བྱུང་ཡང་དྲན་མེད་ལས་བྱུང། གནས་ཀྱང་དེར་གནས། ཐིམ་ཡང་དེར་ཐིམ་པས། ཐུག་ཕྲད་ཀྱི་རྣལ་འབྱོར་ཡིན་པས། དྲན་པ་རྗེས་མེད་ཡིན་པའི་ཕྱིར། དྲན་པས་བྱས་པའི་དགེ་བ་དང་མི་དགེ་བ་དང། ཕྱི་མ་གཉིས་ཀྱིས་ཡིད་ལ་མ་བྱས་པ་ལ་ཕན་གནོད
མེད་པ་དེའི་ཕྱིར། སེམས་གང་དྲི་མ་མེད་པའི་རང་བཞིན་ལ། ཁམས་གསུམ་དང་མྱ་ངན་ལས་འདས་པ་གསུམ་ནི་འཁོར་འདས་གཉིས་ལ། འཁོར་འདས་གཉིས་སུ་འཛིན་པ་རང་རྣམ་པར་རྟོག་པ་དྲན་པ་ཡིན་ལ། དྲན་པ་དེ་ཉིད་དྲི་མ་གཉིས་ཀྱི་འདམ་དུ་ཆུད་དེ། འཁོར་བ་གསུམ་ནི་ཉོན་མོངས་པའི
དྲི་མ་མྱ་ངན་ལས་འདས་པ་གསུམ་ནི་ཤེས་བྱའི་དྲི་མའོ། །དེའི་ཕྱིར་ཡིད་ལམ་བྱས་པའི་དབྱིངས་དྲི་མ་མེད་པ་དེ་ལ། འཁོར་འདས་གཉིས་སུ་གདགས་རྒྱུ་ཡང་མེད་པས། འདམ་གང་གིས་ཀྱང་མ་གོས་པའི་ཕྱིར། སྲིད་དང་མྱ་ངན་འདས་པའི་འདམ་ཀྱིས་མི་གོས་སོ། །དཔེར་ན་རིན་པོ་ཆེ
འདམ་རྫབ་ཏུ་བཅུག་ཀྱང། རིན་པོ་ཆེའི་ཡོན་ཏན་ལ་འདམ་གྱིས་གོས་པ་མེད། དེ་བཞིན་དུ་དྲན་མེད་རྟོགས་པའི་རྣལ་འབྱོར་དེ། དྲན་པའི་འདམ་དུ་བཅུག་ཀྱང། དྲན་པའི་སྐྱོན་གྱིས་ཅུང་ཞིག་ཀྱང་གོས་པ་མེད། ཨཽཏཔལ་འདམ་ནས་སྐྱེས་ཀྱང། ཉེས་པས་མ་གོས་པ་དང་འདྲ་བའི་ཕྱིར། འདམ
དུ་བཅུག་ན་མཆོག་གི་རིན་པོ་ཆེ། དཔེར་ན་ནོར་བུ་རིན་པོ་ཆེ་འདམ་རྫབ་ཏུ་བཅུག་པས། རིན་པོ་ཆེའི་འོད་མི་གསལ། ཡོན་ཏན་ལ་གསལ་མི་གསལ་མེད་དེ། དེ་བཞིན་དུ་དོན་མེད་ཀྱང་དྲན་པའི་འདམ་རྫབ་ཏུ་བཅུག་ནས། དྲན་པ་ལ་ཞེན་པས་མི་ཏོགས། དྲན་མེད་རང་ལ་གནས་གསལ
མི་གསལ་གྱི་ཐ་སྙད་མེད། རྟག་མི་རྟག་གི་ཐ་སྙད་མེད་དེ། རིན་པོ་ཆེའི་འདམ་རྫབ་བཀྲུས་ནས་རིན་པོ་ཆེར་ཤེས་པ་དང་འདྲ་བར། དྲན་པའི་འདམ་རྫབ་བླ་མ་དམ་པའི་གདམས་ངག་གིས། གློ་བུར་བར་དོ་བསྟན་ནས། དྲན་མེད་ཀྱི་དབྱིངས་སུ་བཀྲུས་ནས་སྐུ་གསུམ་མཐོང་ལ། དྲན་པའི
འདམ་རྫབ་མ་བཀྲུས་ན་མི་མཐོང་བས། དེའི་འོད་ཀྱང་གསལ་བ་མ་ཡིན་ནོ། །ད་ནི་འགལ་པའི་དཔེ་ཀུན་གཞི་ས་བོན་ལས། འཁོར་འདས་གཉིས་སུ་སྨིན་པའི་དཔེ། ས་བོན་གང་ཡིན་པ་ལས་མྱུ་གུ་འབྱུང་བ་སྟོན་ཏེ། དེ་ཡང་ལུས་ཀྱིས་རྣམ་པར་ཤེས་པ་དབང་པོ་སྒོ་ལྔ་ལ་ཐིམ། དབང་པོ
ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐིམ། ཡིད་ཉོན་མོངས་པ་ལ་ཐིམ། ཉོན་མོངས་པ་ཀུན་གཞི་ལ་ཐིམ་ནས། བྱས་པའི་སྟོང་པ་སྟོང་སད་དེ་བསྒོམ་པ་དེ་ནི་གཏི་མུག་ཡིན་ཏེ། དེས་དོན་དམ་པའི་ཡེ་ཤེས་བློ་ལས་འདས་པ་དེ་མི་གསལ་བའི་ཕྱིར། གཏི་མུག་གསལ་བ་ཡེ་ཤེས་མི་གསལ
ཏེ། ཁ་ཅིག་གིས་ཨོཾ་ཨཱདང་སྦོམ་པོ་དང་བཅོས་པའི་སྟོང་པ་གང་སྒོམ་ཡང། ཀུན་གཞི་རྣམ་པར་ཤེས་པས་ཁྱབ་པས་གཏི་མུག་ཡིན་ལ། དེས་ཁམས་གསུམ་ལས་མི་གྲོལ་བས་སྡུག་བསྔལ་སྣ་ཚོགས་སུ་སྨིན་པས། གཏི་མུག་བསལ་བས་སྡུག་བསྔལ་གསལ་བ་ཡིན
དཔེར་ན་ས་བོན་གྱི་རྒྱུ་རྩ་བ་འམ་འབྲས་བུ་ལ་སོགས་པ་མ་བཏབ་ན་མི་སྐྱེ་ལ། བཏབ་པས་གང་འདོད་པ་སྐྱེ། དེ་བཞིན་དུ་དང་པོ་རྒྱུ་མ་རིག་པ་དེ་ལས་ཀུན་གཞི་རྣམ་ཤེས་དེ་ལ་དྲན་པ་རང་རིག་པ་བྱུང་བས། དེ་ལྟར་ས་བོན་ལས་ནི་མྱུ་གུ་འབྱུང་།ས་བོན་གྱི་རྒྱུ་དེ
མ་སྤྱད་ན་ཡལ་ག་དང་ལོ་འདབ་ལ་སོགས་པ་རྒྱས་པར་འགྲོ། དེ་བཞིན་དུ་ཀུན་གཞི་རྩ་བ་མཆོད་ན། འཁོར་བའི་བདེ་སྡུག་གི་ཡལ་ག་སྣ་ཚོགས་འབྱུང་བ། མྱུ་གུའི་རྒྱུ་ལས་ཡལ་ཀ་འབྱུང་བའོ། །ད་ནི་འགལ་བ་དྲན་མེད་སྐྱེ་མེད་བློ་འདས་རྟོགས་ཀྱང། སྣང་བ་དྲན་པ
ལ་མངོན་པར་ཞེན་པའི་དཔེ་ནི། མཐོང་ཡང་དོང་དུ་འཆོད་པ་ལྟ་བུ་ནི། ཆོས་ཉིད་རྣམ་མ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་ཉིད་ཀྱི་དངས་མ་དེ་ལ་གཏན་ཚིགས་སམ་།རིགས་པའི་སྒོ་ནས་གཏན་ལ་དབབ་ཏུ་མི་གཏུབ་སྟེ། དེ་ཡང་གཅིག་དང་དུ་མ་དང
བྲལ་བའི་ཕྱིར་ཡང་རང་བཞིན་མེད། ཞེན་པ་ལ་སོགས་པ་བརྗོད་ཀྱང་།དོན་དམ་པར་རང་བཞིན་མེད་པ་དེ་མ་རྟོགས་པའི་ཕྱིར། གཅིག་དང་དུ་མས་སེམས་ལ་དཔྱད་པ་ཡིས། དོན་དམ་པའི་སངས་རྒྱས་ཀྱི་དགོངས་པ་བྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་དང་དུ།
དགེ་བ་ཐམས་ཅད་འདུས་པས་དགེ་འདུན་དཀོན་མཆོ་དང། སྐྱེ་བ་མེད་ཅིང་འགག་པ་མེད་པའི་དང་ལས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཤར་དུ་རུང་བས་ཆོས་དཀོན་མཆོག་བློ་ལས་འདས་ཤིང་གསམ་དུ་མེད་པའི་དང་དུ། རྣམ་པར་རྟོག་པ་ཐམས་ཅད་སངས
ཤིང་དེ་ཁོ་ན་ཉིད་ཀྱི་དོན་རྒྱས་ཤིང་འབྱུང་བས། སངས་རྒྱས་དཀོན་མཆོག་དང་གསུམ་ནི། རང་ལ་གསལ་ཞིང་ཉེ་བ་ཡིན་པ་ལ། དེ་ལྟར་མ་རྟོགས་པས་དྲན་རིག་གི་སྒོམ་པ་ལ། དཀོན་མཆོག་གསུམ་ཉེ་བས་ནི་འཁོར་བ་གསུམ་།ལས་ཐར་བ་མེད་པས་།གསལ
པ་སྤངས་ནས་སྲིད་བ་དག་ཏུ་འགྲོ། དེ་ཡང་དྲན་པ་ལ་གཉིས་གཉིས་ཏེ། དགེ་བའི་ལས་ཀ་བྱས་ན་མཐོ་རིས་གནས་གསུམ་ཐོབ་ལ། མི་དགེ་བ་བཅུ་སྤྱད་ན་ངན་སོང་གནས་གསུམ་དུ་འགྲོ་བས། ཆ་ཡོད་ཉེས་ཀྱང་མི་དགེ་བ་ལ་སྤྱོད་པ་དང་འདྲ་བར། བླ་མ་དམ་པས་ཡིད་ལ་མ་བྱས
པའི་བསྟན་ནས་ཡིད་ལ་བྱེད་པའི་ཆོས་ལ་འབད་པ་ནི། དཔེར་ན་མེའི་དོང་མཐོང་བ་བཞིན་དུ། མེ་དོད་དུ་མཆོད་བ་དང་འདྲ་བས། མཐོང་བཞིན་དུ་ནི་དང་དུ་འགྲོ་བ་ལས། དེ་ལྟ་བུའི་གང་ཟག་དེ་ལས་སྙིང་རྗེ་བའི་གནས་མེད་དེ། སྙིང་རྗེ་བྱས་ནས་ཆོས་ལ་བཅུག་ཀྱང། མི་དགེ་བ
ལ་འབད་དུ་འགྲོ། རྐྱེན་བྲལ་གསུམ་གྱི་དོན་བསྟན་ཀྱང། རྐྱེན་གསུམ་གྱི་སྟེང་དུ་འགྲོ་བས་།དེ་ལས་སྙིང་རྗེ་བ་ནི་ཅི་ཞིག་ཡོད།། །།ད་ནི་རྨོངས་པ་ལས་ཀྱི་ཕྱག་རྒྱ་ལ་ཆགས་པའི་དཔེ་ནི། སྐྱེས་བུ་གཡེམ་པས་ཀ་མ་རཱུ་པའི་གཏམ་འདྲི་བ་ལྟ་བུ་ནི། སྤྱི་བོ་བདེ་བ་ཆེན་པོའི
འཁོར་ལོ་ནི། ཡི་གེ་ཧ?་དཀར་པོ་མགོ་ཟུར་དུ་བསྟན་པ་ཞིག་གནས་།མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནི། ཡི་གེ་ཨེ་སེར་པོ་གྱེན་ལ་ལྟ་བ་ཞིག་གནས། སྙིང་ག་ཆོས་ཀྱི་འཁོར་ལོ་ནི་ཡི་གེ་ཧཱུཾ་སྔོན་པོ་མགོ་ཐུར་ལ་བསྟན་པ་ཞིག་གནས། ལྟེ་བ་སྤྲུལ་བའི་འཁོར་ལོ་ནི། ཡི་གེ
་དམར་པོ་མགོ་གྱེན་ལ་ལྟ་བ་ཞིག་གནས་། དེ་ལྟར་ན་འཁོར་ལོ་བཞི་ལ། སྤྱི་བོ་དང་མགྲིན་པ་ཁ་སྦྱོར་སྙིང་ག་དང་ལྟེ་བ་གཉིས་ཁ་སྦྱོར་དུ་བྱས་ཏེ། ཐིག་ལེ་དཀར་པོ་བ་ཐག་ཙམ་ཅིག་གིས་འཁོར་ལོ་བཞི་རིམ་གྱིས་གང་ནས། དེའི་བདེ་བ་ལ་བསྒོམས་ནས་ཆགས
པ་འམ། ལས་ཀྱི་ཕྱག་རྒྱའི་ཤེས་རབ་མ་དང་ཁ་སྦྱོར་དུ་བྱས་ནས། ལུས་ལྷའི་འདུ་ཤེས་སེམས་ཆོས་ཀྱི་འདུ་ཤེས་།དག་སྔགས་ཀྱི་འདུ་ཤེས་བྱས་ཏེ། བྱང་སེམས་དབབ་པ་དང། གཟུང་བ་དང། བཟློག་པ་དང། གནས་སུ་བསྐྱབ་པའི་བདེ་བ་ལ་ཆགས་པས།
ཁ་སྦྱོང་བདེ་ལ་ཡོངས་སུ་ཆགས་ནས་ནི། བདེ་བ་དེ་ནི་དོན་དམ་པ་མ་ཡིན་ཞིང་ཟག་པ་དང་བཅས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་ཉི་ཚེ་བ། གནས་ཉི་ཚེ་བ། དུས་ཉི་ཚེ་བ་ཡིན་ཏེ། དེ་ཡང་རྒྱུ་མཆིལ་མ་དང། སྣབས་ལ་སོགས་པ་ལ་མི་སྐྱེ་བའི་ཕྱིར། གནས་རྡོ་རྗེ་པདྨ་མ
ཡིན་པ། གཞན་ནས་མི་སྐྱེ་བའི་ཕྱིར་དང། དུས་རྡོ་རྗེ་དང་པདྨ་འཛོམས་པའི་དུས་མ་ཡིན་པ་གཞན་དུ་མི་སྐྱེ་བས། བྱས་པའི་ཆོས་ཅན་འགྱུར་བ་ཅན་གློ་བུར་བ་ཡིན་ཏེ། དེའི་ཕྱིར་དོན་དམ་པ་མ་ཡིན་པ་ལ། དོན་དམ་པར་རྨོངས་པ་རྣམས
འཛིན་པའི་ཕྱིར། འདི་ཉིད་དོན་དམ་ཡིན་ཞེས་རྨོངས་པ་སྨྲ། དོན་དམ་པ་ཞེས་བྱ་བ་ནི་དུས་གསུམ་དུ་བྲལ་དུ་མེད་པའི་ཡིད་ལ་མི་བྱེད་པའི་དབྱིངས་ཏེ། དེའི་ངང་ལ་དྲན་པའི་སྤྲུལ་བ་ཤར་ནས་།དྲན་པའི་འཁོར་ལོ་བཞི་སྒོམ་པ་དང། དྲན་པའི་རྡོ་རྗེ་པདྨ་ལས
འདུ་འཕྲོ་ལས་མངོན་དུ་ཞེན་ནས་ཐར་པ་ཐོབ་ཏུ་དེ་བ་ནི། དཔེར་ན་ཁྱིམ་ན་རང་ལ་ཡོད?་པའི་ཀ་ཅ་གཞག་ནས། སྒོ་ན་མེད་པ་ཚོལ་པ་འདྲ་བས། གང་ཞིག་ཁྱིམ་ནས་བྱུང་ནས་སྒོ་དྲུང་དུ། ལས་ཀྱི་ཕྱག་རྒྱའི་ཁ་སྦྱོར་གྱི་བདེ་བ་ལ་ཆགས་བ་ནི། དཔེར་ན་སྐྱེས་དུ
ཤིན་ཏུ་གཡེམ་པ་ཅིག་གིས་། གྲོགས་མོ་ནི་མ་རྙེད། སྒོར་སོང་གྲོགས་པོ་ཀུན་ལ་གཡིམ?་པའི་གཏམ་བྱས་པས་བདེ་བ་སྐྱེས་ནས། དེ་ལ་འདོད་ཆགས་ཀྱི་རེ?་བ་བྱེད་པ་བཞིན་དུ། མཚན་བཅས་ཀྱི་བདེ་བས་དམ་པའི་བདེ་བ་ནི་མ་རྙེད་པར། བྱས་པའི་ཆོས
ལ་མངོན་པར་འབད་པས། ཁམས་གསུམ་ལས་མི་ཐར་ཏེ་ཀཱ་མ་འདོད་པའི་ཁམས་དང། རུ་བ་གཟུགས་དང། ཨ་རུ་བ་གཟུགས་མེད་པའི་ཁམས་ཡིན་པའི་ཕྱིར། ཀཱ་མ་རུ་པའི་གཏམ་ནི་འདྲི་བར་བྱེད།། །།ད་ནི་རྨོངས་པ་རླུང་ལ་ཆགས
པའི་དཔེ་ནི། གདུད་བས་རྒྱལ་བར་བྱེད་པ་ལྟ་བུས་བསྟན་ཏེ། དེ་ཡང་རླུང་གིས་རྣལ་འབྱོར་བས་སྟེང་རླུང་བསྡམས། འོག་རླུང་གྱེན་ལ་ཐེན་ནས་ལུས་སྦྱང་བ་ལྟ་བུ་སྟོང་སང་དེ་བར་འབད་པས་བསྒོམས་ཏེ་།སྟོང་པ་དེའི་ཁྱིམ་དུ་བདེ་བ་བསྒོམས
པས་། རླུང་གི་རྒྱུ་ལ་སྟོང་པའི་ཁྱིམ་དུ་ནི་།བདེ་བའི་བསྒོམ་ལུགས་ནི་རྩ་ལ་ལ་ནཱ་ད་དང། ར་ས་ནཱའི་རླུང་གཉིས་བསྡམས་ནས། དབུས་ཀྱི་ཨ་བ་དྷུ་ཏིང་རླུང་ཕྲ་མོ་ཁ་བཙམ་པ་དམར་པོ་ཅིག་བཅུག་ནས། དེས་སྤྱི་བོ་ནས་བྱང་ཆུབ་སེམས་དཀར་པོ་ཕབ
ནས། ཉམས་མྱོང་གི་བདེ་བ་སྐྱེ་བ་ནི། ཐབས་རྣམ་པ་མང་པོའི་སྒོ་ནས་བཅོས་མ་ཡིན་པ། བཅོས་མ་ནི་འདུས་བྱས་ཡིན་པས་མི་གྲོལ་ཏེ་དེའི་ཕྱིར། རྣམ་པ་དུ་ཡི?་ཚུལ་གྱིས་བཅོས་མ་བས། ཡང་ན་ལུས་ནམ་མཁའ་ལྟར་སྟོང་བར་བསྒོམས་ནས། སེམས་ཐིག
ལེ་དཀར་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་བསྒོམས་ནས། ཟག་པ་དང་བཅས་པའི་བདེ་བ་སྐྱེས་པའི་དེ་ལ་དོན་དམ་པར་འཛིན་པ་ནི་སྒོམ་པ་ཉེས་པ་ཡིན་པའི་ཕྱིར། ནམ་མཁའ་ལས་བབ་ཉེས་པ་དང་བཅས་པའི། ཟག་པ་དང་བཅས་པའི་བདེ་བ་ལ་གདུང་བ་བསྐྱེད
ནས་རེ་བ་བྱས་ཏེ། འབད་ནས་བསྒོམས་པས་འཁོར་བ་ལས་།རྒྱལ་བར་གྱུར་པར་འདོད་པ་རྣལ་འབྱོར་པ་ནི་བཅོས་མ་ཡིན་པའི་ཕྱིར། གདུང་པས་རྒྱལ་བར་གྱུར་པའི་རྣལ་འབྱོར་པའོ། །ད་ནི་འདྲེས་པའི་དཔེ་འགལ་བ་རེ་བ་དང་བཅས་བའི་དཔེ་བྲམ་ཟེའི་སྦྱིན་སྲེག་དང་མི
འགལ་བ་དོན་གྱི་སྦྱིན་སྲེག་བསྟན་ཏེ། དཔེར་ན་བྲམ་ཟེ་སྦྱིན་སྲེག་བྱེད་པའི་རྫས?་ནི། མང་དང་འབྲས་དང་ཏིལ་སྲེག་པའོ། །མི་འགལ་བའི་སྤྱིན་སྲེག་ནི། སྐྱེ་བ་མེད་པའི་ཐབ་ལུང་དུ་དྲན་པའི་ཏིལ་དང། སྟོང་པའི་མར་དང་སྣང་བའི་འབྲས་ལ་སོགས་པ་སྲེག་པའི་ཕྱིར། ཇི་ལྟར
བྲམ་ཟེ་མར་དང་འབྲས་ཀྱིས་སུ། །དེ་ཡང་བྲམ་ཟེས་དཀྱིལ་འཁོར་གྱི་དབུས་སུ་ཤིང་བཅེར་ནས་མེ་སྦར་ཏེ། རྫས་གོང་མ་བསྲེགས་ནས་སྡིག་པ་བསྲེགས་པར་འདོད་པ་ནི། ཕྱིའི་སྦྱིན་སྲེག་ཡིན་ལ་ལྟེ་བར་གཏུམ་མོའི་རང་བཞིན་སྦར་ནས། རྣམ་པར་རྟོག་པ་སྲེག་པར་འདོད
པ་ནི་ནང་གི་སྦྱིན་སྲེག་གོ་། སྙིང་གར་ལྷུའི་དཀྱིལ་འཁོར་བསྒོམས་ནས། ཁ་ཧོམ་ཁུང་དུ་བྱས་ལག་པ་གཉིས་དགང་གཟར་བླུགས་གཟར་དུ་བྱས་ཏེ། ཁ་ཟས་སྲེག་རྫས་སུ་བྱས་ནས། སྙིང་གར་ཡི་དམ་གྱི་ལྷ་མཉེས་པར་སེམས་པ་ནི་གསང་བའི་སྦྱིན་སྲེག་གོ། བློ་ལས
འདས་པའི་ཐབ་ཁུང་དུ་བློས་བྱས་པ་སྣ་ཚོགས་སྲེག་རྫས་སུ་དབུལ་བ་ནི། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ཡིན་པའི་ཕྱིར་རོ། །འབར་བའི་མེ་ལ་སྦྱིན་སྲེག་བྱེད་པ་ནི། །དེ་ཡང་བྲམ་ཟེའི་བསམ་པ་ནི་བདག་ཉྡ་ཀྱང་ནམ་མཁའ་སྟོང་བར་བསྒོམ། རྫས་རྣམས་ཀྱང་སྟོང་པར་བསྒོམས་ནས།
སྦྱིན་སྲེག་བྱས་བས། ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ཀྱི་ལྷ་དེ། སྲེག་རྫས་ཀྱི་བཅུད་ཀྱིས་མཉེས་ནས་གྲོལ་བ་ཐོབ་ཟེར། དོན་གྱི་དབང་དུ་བྱས་ན། ནམ་མཁའ་ནི་སྟོང་པ་ཡིན་ལ་རྫས་ཀྱི་བཅུད་ནི་སྣང་བ་ཡིན་ཏེ། གཉིས་ཀ་བསམ་དུ་མེད་པའི་དབྱིངས་སུ་སྐྱེད་ཅིན་ཐིམ་པར
བྱེད་པས། ནམ་མཁའ་ཨི་བཅུད་ཀྱི་རྫས་ནི་སྐྱེད་བར་བྱེད་པ་སྟེ། བཅོས་མའི་སྦྱིན་སྲེག་དང། བྱས་པའི་སྟོང་པ་ཉིད་ཀྱིས་ནི་འཁོར་བ་ཉིད་དུ་ཞེན་པར་བྱེད་པ་ཡིན་ལ། དོན་གྱི་སྦྱིན་སྲེག་རྟོགས་ན། ཆོས་ཉིད་ཀྱི་དབྱིངས་དང་བྲལ་དུ་མེད་པར་ཞེན་པས། འདི་ཉིད་དུ་ཞེན་པར་ཤེས་པ་ཡིན།། །།
ད་ནི་བཅོས་མའི་རྣལ་འབྱོར་བཞད་གང་ཏུ་བསྟན་ཏེ། དེ་ལ་སྤྱི་བོར་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བ་བྱས་པ་ལས། ལྟེ་བ་ནས་གཏུམ་མོ་སྦར་ནས་བྱང་ཆུབ་སེམས་ཕབ་སྟེ། ཚངས་པའི་བུག་ན་མར་ཞུགས་པ་ལས། བདེ་བ་སྐྱེས་པ་ལ་དོན་དམ་པ་ཡིན་ཟེར་བ་ནི་བཅོས་མ་ཡིན་པའི
ཕྱིར། ཁ་ཅིག་ཚངས་པའི་གནས་སུ་འོད་སྤར་ནས། དེའི་དུས་སུ་རང་གི་ལྕེ་རྐན་ལ་བྲུད་པས་གཡའ་བ་འམ་ཟ་བའི་བདེ་བ་ཅིག་འབྱུང་སྟེ། དེ་ཡང་དོན་དམ་པའི་ཡིན་ཟེར་བས། ལྕེ་ནི་ཀུན་ཏུ་རུའི་ལྕེ་ཅུང་བསྐྱོད་།དེ་ལྟ་བུའི་བདེ་བ་དེ་ནི་ཟག་པ་དང་བཅས་པའི་བདེ་བ་བཅོས་མ
ཡིན་པས་འཁོར་བ་གསུམ་དུ་འཆིང་པས། དོན་མ་ཡིན་པ་ལ་དོན་དུ་བཟུང་པས། དོན་གྱི་སེམས་སྐྲག་བར་བྱེད་པས། འཆི་བར་བྱེད་ཤིན་ཏུ་དཀྲུག་བྱེད་དེ། དབང་གི་རྟེན་འབྲེལ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་དེ་ལ། ང་རྒྱལ་དབང་གིས་དོན་དམ་པ་ཡིན་ཟེར་ཏེ། དེ་ནི་བཅོས་མའི
རྣལ་འབྱོར་བ་ཡིན་པས་། ང་རྒྱལ་དབང་གིས་རྣལ་འབྱོར་བ་ཞེས་ཟེར།། །།ད་ནི་འགལ་བ་ཉམས་མྱོང་གཞན་ལ་སྟོན་པ། མཆིང་བུ་དང་མརྒད་ཀྱི་དཔེས་བསྟེན་པར་བྱ་སྟེ། དྲན་པ་རིག་པས་བསྒོམས་པའི་ཐིག་ལེ་དང། གཏུམ་མོ་དང་ལྷ་དང་ལྷ་མོའི་དལ་ལ་སོགས་པའི་ཉམས
སུ་མྱོང་བའི་བདེ་བ་དེ་ལ། རང་གིས་དོན་དམ་པར་བྱས་ནས། རང་གི་ཉམས་མྱོང་དེ་རིགས་པ་དང་སྦྱར་ནས། གཞན་ལ་ཡང་སྟོན་པས། རང་རིག་དེ་ཉིད་རིག་པ་གཞན་ལ་ལྟོས། དྲན་པའི་བསམ་བསྒོམ་ལ་སོགས་པ་ལ་ཇི་ཙམ་ཅིག་བྱང་འབད་ནས་གྲོལ་ཟེར་ཏེ་།དེ་ནི་རང་གིས
རང་བཅིངས་པ་ཡིན་ཏེ། དཔེར་ན་དར་གྱི་སྲིན་བུ་རང་གི་ཁ་ཆུས་བཅིངས་པ་བཞིན་ནོ། །དེས་ནི་འཆིང་པའི་རྒྱལ་གྲོལ་བའི་རྒྱུ་འདོད་པ་ནི། མི་མཁས་པའི་གང་ཟག་ཡིན་ཏེ་དཔེར་ན་མི་ཁོང་ནད་ཅན་ལ་བུ་རམ་དང་བཅའ་ལྒ་བཏང་བས་ཕན། ཕྱིས་མི་?་ཁྱེར་བ་ལ་ཡང་བུ
རམ་དང་བཅས་པའི་བཅའ་ལྒ་ཐོད་དང་ཕན་གྱིས་ཟེར་བ་ལྟ་བུའོ། །དེའི་ཕྱིར་གང་གིས་བཅིངས་པ་དེ་ཉིད་གྲོལ་ཞེས་ཟེར། དཔེར་ན་རིན་པོ་ཆེ་མརྒད་ཚོལ་བ་ལ། ནོར་བུ་འཆིང་བུ་བཙལ་ནས་འདྲ་བར་མཐོང་སྟེ། དེ་ནི་ཁ་དོག་དང་དབྱིབས་འདྲ་ཡང་ཡོན་ཏན་མི་འདྲ་བའོ།།
དེ་བཞིན་དུ་སེམས་ཉིད་ཀྱི་དངས་མ་དྲན་མེད་སྐྱེ་མེད་བློ་འདས་གསུམ་ནི་། རིན་པོ་ཆ་མརྒད་ལྟ་བུ་དང་སེམས་ལས་གྱུར་པའི་དྲན་པ་དང་རིག་པ་འཆིང་བུ་ལྟ་བུ་གཉིས་ཏེ། འདྲ་འདྲ་འདྲ་སྟེ་ཡོན་ཏན་མི་འདྲ་བའི་ཕྱིར། ཁ་དོག་དབྱེབས་འཚང?་བུ་མརྒད་ཟེར། །རྨོངས་པས་རིན
པོ་ཆེ་ངོ་མ་ཤེས་པས། འཆིང་བུལ་རིན་པོ་ཆེ་བྱས་བས་།རིན་མ་ཁུགས་པ་དང་འདྲ་བར། མགོ་བ་རྣམས་ཀྱིས་སེམས་ཉིད་དངས་མ་ཡིད་ལ་བྱར་མ་བཏུབ་པ་རྣམ་པར་མི་རྟོག་པའི་དབྱིངས་དང། སེམས་ལས་བྱུང་བའི་དྲན་རིག་རྟོག་པའི་རྒྱུ་གཉིས་ངོ་མ་ཤེས་པས།
རྨོངས་པས་རིན་ཆེན་བརྟག་པ་མ་ཤེས་པས་། ད་ནི་ཉམས་མྱོང་ལ་དོན་དམ་དུ་འཛིན་པའི་དཔེར་གན་ལྟ་བུ་སྟོན་ཏེ། དཔེར་ན་ནོར་ངོ་མ་ཤེས་པས་ར་གན་ལ་གསེར་དུ་བྱེད། གསེར་ལ་ར་གན་དུ་མཐོང་བ་བཞིན་དུ་ཆོས་ཉིད་མ་བཅོས་པ་བློས་མ་རེག་པ་དེ་ལ་དོན་མ
རྟོགས་བས། དོན་དུ་མི་འཛིན་དྲང་བའི་རྣམ་རྟོག་གི་ཆོས་སྤྲོས་པ་དང་བྱས་བའི་ཆོས་ལ་དོན་དམ་པར་འཛིན་པས། དེ་ནི་ར་གན་གསེར་གྱི་བློ་ཡིས་ལེན། །དེ་ཡང་དྲན་པའི་ཆོས་སྣད་སྟོང་དང། རིག་སྟོང་དང། རྩ་རླུང་དང། ཐིག་ལེ་གཉིས་ཤོར་གཉིས་མཉམ་གྱི། ཉམས
སུ་མྱོང་བའི་བདེ་བ་ལ་དོན་དམ་པ་ཟེར་ཞིང་དེ་ལ་རྩོལ་སྒྲུབ་དྲག་ཏུ་བྱེད་པས། ཉམས་མྱོང་ཁྱེར་ནས་དོན་དམ་སྒྲུབ་པར་བྱེད། ཉམས་མྱོང་བག་ཆགས་དད་བཅས་པ་དེ་ནི། འཇིག་པའི་ཆོས་ཅན་ཡིན་ཏེ། དཔེར་ན་རྨི་ལམ་གྱི་དུས་སུ་སྐྱེས་པ་ལ་ཆགས་པའི་བདུ་ཤེས
ཀྱི་ཕ་དང་མ་དང་ལེགས་པ་དང་ཉེས་བསློབ་སྟེ། གཉིད་སད་པའི་དུས་སུ་གང་ཡང་མི་བདེན། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་བདེ་བ་དང། རྩ་དང་གཏུམ་མོ་ལ་སོགས་པའི་བདེ་བ་ལ་ཆགས་ཀྱང། བཅོས་མ་ཡིན་པས་འཇིག་པའི
ཕྱིར། རྨི་ལམ་བདེ་ལ་རྗེས་སུ་ཆགས་པར་བྱེད། ཡིད་ལ་བྱས་པའི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ནི་མ་རྟོགས་པས། དྲན་རིགས་གསོ་བདེ་བཟག་པ་དང་བཅས་པ་ལ་མངོན་པར་ཞེན་ནས། ཕུང་པོ་ཞིག་པའི་དུས་སུ་སེམས་བདེ་བ་དང་འགྲོགས་ཟེར་ཏེ།
དེ་ནི་ཕུང་པོ་མི་རྟག་པ་ལ་བརྟེན་པ་རྟག་པ་མི་སྲིད་དེ། ཆོས་ཅན་དབང་ཆེ་བའི་ཕྱིར། ཕུང་པོ་མི་རྟག་བདེ་བརྟག་ཅེས་ཟེར། །།ད་ནི་འདྲེས་པའི་དཔེ་འགལ་བའི་དཔེ། ཨེ་བཾ?་ལ་ཆགས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང། མི་འགལ་བ་དོན་གྱི་ཨེ་བཾ
དོན་གྱི་ཕྱག་རྒྱ་བཞིས་བསྟན་པར་བྱ་སྟེ། དེ་ཡང་ཤེས་རབ་མའི་མཁའ་ཆོས་ཀྱི་འབྱུང་གནས་།ེ་གྲུ་གསུམ་དུ་ཡོད་པ་དེ་ལ། ཐབས་ཀྱི་རྡོ་རྗེ་བཾ་གི་ཚུལ་དུ་གནས་ཏེ་སྦྱོར་བ་བྱས་པས། བདེ་བ་དང་སྟོང་བའི་ངོས་ཟིན་ཏེ། དེ་ཡང་བདེ་བའི་གནས་སུ་མི་སྣང་བ་ལ།
དེའི་མཚན་ཉིད་ཡིད་ལ་མ་བྱས་པའི་སྟོང་པས་རྒྱས་བཏབ་སྟེ་། སྣང་སྟོང་དབྱེར་མེད་པ་ནི་ཟུང་འཇུག་རབ་ཏུ་མི་གནས་པ་སྟེ། དེ་ལྟར་གོ་བ་ནི་ལྟ་བའོ། །དེ་ལ་བདེ་བ་ལ་སྟོང་བས་རྒྱས་བཏབ་པར་གོ་བ་ནི་བསྒོམ་པའོ། །དེའི་དུས་སུ་སྣང་བ་ཐམས་ཅད་རིག་པར
གྲོལ། རིག་པ་ལ་སྟོང་པས་རྒྱས་བཏབ་པར་གོ་བར་བྱེད་པ་ནི་སྤྱོད་པའོ། །དེ་ལྟར་བསྒོམས་པས་སྐུ་གསུམ་གྱི་རང་བཞིན་ཐོབ་པར་བྱེད་པ་ནི་འབྲས་བུ་སྟེ། དེ་ནི་འགལ་བ་དཔེའི་ཨེ་བཾ་མོ། །མི་འགལ་བ་དོན་གྱི་ཨེ་བཾ་ནི། ཨེ་རྐྱེན་རྣམ་པ་གསུམ་དང་བྲལ་བའི་དབྱིངS
རང་བཞིན་གྱིས་རྣམ་པར་དག་པ་དེ་ལ། བཾ?་རྐྱེན་གྱིས་སྣང་བ་གསུམ་གློ་བུར་དུ་ཤར་བའོ། །ཡང་ན་ཨེ་དྲན་པ་མེད་པའི་དབྱིངས་ལས། བཾ་དྲན་པ་སྤྲུལ་པ་ཙམ་དུ་ཤར་ཏེ། བརྗོད་བྱ་ཡི་གེའི་ཚོགས་མང་པོ་བྱུང་ཡང། དྲན་དང་མ་དྲེན་པ་གཉིས་ཀྱི་རང་བཞིན་པ?་སྐྱེས
པ་ཙམ་ན། དེ་བཞིན་ཉིད་ཀྱི་དོན་སྐྱེ་མེད་གོ་བ་ཡིན་ཏེ། ཨེ་བཾ་ཡི་གེས་རང་ཉིད་གོ་བར་བྱེད། མ་རྟོགས་པའི་གང་ཟག་གིས་དབང་གསུམ་པའི་ཉམས་སུ་མྱོང་བ་ལ། ཁ་ཕྱི་བལྟས་སྐད་ཅིག་བཞི་ངོས་བཟུང། ཁ་ནང་དུ་བལྟས་པས་དགའ་བ་བཞི་ངོས་གཟུང་སྟེ། དེའི
དུས་སུ་དགའ་བ་དང་པོ་ནི་ལས་ཀྱི་ཕྱག་རྒྱ་མཆོག་དགའ་ཨི་ཉམས་མྱོང་སྐྱེས་པ་ནི་ཆོས་ཀྱི་ཕྱག་རྒྱ། ལྷན་ཅིག་སྐྱེས་པའི་དགའ་བའི་དུས་སུ། ཕྱག་རྒྱ་ཆེན་པོར་འདོད་པ་ནི་དཔེའོ། །དོན་གྱི་དབང་དུ་བྱས་ན། དྲན་པའི་ཐབས་དང། མ་དྲན་པའི་ཤེས་རབ་མ་གཉིས།
བླ་མ་དམ་པས་བརྡས་བསྟན་པའི་དུས་སུ་སྦྱོར་བ་བྱས་པ་ལས། དོན་གྱི་སྐད་ཅིག་མ་བཞི་དང། དོན་གྱི་དགའ་བ་བཞི་དང། དོན་གྱི་ཕྱག་རྒྱ་བཞི་སྐྱེས་པ་སྟེ། གང་ཡང་རུང་བཅིག་དྲན་པའི་དུས་སུ། སྐད་ཅིག་མ་གཅིག་ལ་རྣམ་པ་སྣ་ཚོགས་ཀྱི་སྤྲུལ་བ
བྱུང་བས། རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མ་དང་དེ་ལ་དགའ་དང་མི་དགའ་བ་གཉིས་སྐྱེས་པས་དགའ་བ་དང་པོའོ། །དྲན་པ་དེ་སྣང་བ་སྣ་ཚོགས་ལས་མི་འདའ་བས་ལས་ཀྱི་ཕྱག་རྒྱའོ། །དྲན་པ་དེ་གློ་བུར་བར་རྟོགས་པས་།སྐྱེས་གནས་ས་ཐིམས་གསུམ་དྲན
མེད་ཀྱི་དབྱིངས་ཡིན་པར་ཤེས་པ་ནི། དྲན་པ་དྲན་མེད་དུ་སྨིན་པའི་སྐད་ཅིག་མའོ། །དྲན་མེད་ཡིད་ལ་མ་བྱས་པའི་གོང་ན་གཞན་མེད་བས་མཆོག་དགའ་ཨོ། །ཡིད་ལ་མ་བྱས་པའི་དབྱིངས་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཁྲི་བཞི་སྟོང་འབྱུང་དུ་རུང་བས་ཆོས་ཀྱི་ཕྱག་རྒྱའོ།
དྲན་མ་དྲན་གཉིས་ཀ་སྐྱེ་མེད་ཀྱི་དབྱིངས་ལ་ཐིམ་ནས་དེ་གཉིས་ཀྱི་མཚན་ཉིད་མེད་པ་ནི། མཚན་ཉིད་བྲལ་བའི་སྐད་ཅིག་མའོ། །དྲན་མ་དྲན་གཉིས་སྐྱེ་མེད་ཀྱི་དང་དུ་ལྷན་ཅིག་སྐྱེས་པས། ལྷན་ཅིག་སྐྱེས་པའི་དགའ་བའོ། །སྐྱེ་མེད་ཀྱི་ངོ་བོ་དྲན་མ་དྲན་གཉིས་མི
སྐྱེ་བ་ལས་མི་འདའ་བས་དམ་ཚིག་གི་ཕྱག་རྒྱའོ། །དྲན་པ་དྲན་མེད་སྐྱེ་མེད་དང་གསུམ་ཀ་བློ་འདས་ཀྱི་དབྱིངས་སུ་མེད་པས་རྣམ་པར་མེད་པའི་སྐད་ཅིག་མ། དེ་ཉིད་ལ་རློམ་སེམས་དང་བྲལ་བས་དགའ་བྲལ་གྱི་དགའ་བའོ། །བློ་ལས་འདས་པའི་དབྱིངས་ཀྱིས་ཐམས་ཅད
ལ་ཁྱབ་པས། ཕྱག་རྒྱ་ཆེན་པོ་ཡིན་པའི་ཕྱིར། སྐད་ཅིག་དབྱེ་བས་ཕྱག་རྒྱ་བཞི་བཀོད་ཅིང། བརྒྱུད་པ་དང་མི་ལྡན་པའི་གང་ཟག་གིས། ལས་ཀྱི་ཕྱག་རྒྱའི་བདེ་བ་འམ། རྩ་རླུང་གིས་བདེ་བ་ཉམས་སུ་མྱོང་ལ། དོན་གྱི་ལྷན་ཅིག་སྐྱེས
པ་ཡིན་ཟེར་ཏེ། ཉམས་མྱོང་ནི་དྲན་པ་ཡིན་ལ། དྲན་པ་ནི་སྤྲུལ་པ་ཡིན་ཏེ་སྤྲུལ་པ་ཉིད་འཇིག་པའོ། །དེའི་ཕྱིར་ཉམས་མྱོང་གི་ལྷན་ཅིག་སྐྱེས་པ་ནི། དོན་དམ་པ་མ་ཡིན་ནོ། དེའི་ཕྱིར། ཉམས་སུ་མྱོང་བ་ལྷན་ཅིག་སྐྱེས་པ་ཟེར། དོན་དམ་ནི་བླ་མས་བརྡ
དང་ཐབས་དུ་མས་བསྟན་དུ་ཡོད་ལ། ངོས་གཟུང་དང་བྲལ་བའི་དབྱིངས་རྐྱེན་གསུམ་དང་བྲལ་བ་དྲི་མ་མེད་པ་མེ་ལོང་ལྟ་བུ་ཡིན་ལ། ཉམས་སུ་མྱོང་བ་ནི་རྐྱེན་གྱིས་སྣང་བ་དྲི་མ་དང་བཅས་པ། མི་ལོང་གི་གཟུགས་བརྙན་ལྟ་བུ་ཡིན་ཏེ། དཔེར་ན
ཁྲོན་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ལ་སྤྲེའུ་ཡིས་ཁར་སྡིར་དུ་མཐོང་ནས་བླངས་པས་མ་ལོན་པ་བཞིན་དུ། དྲན་པའི་གཟུགས་བརྙན་དྲན་མེད་ཀྱི་དད་དུ་ཤར་བ་ལ། འབད་རྩོལ་བྱས་ཀྱང་དོན་མེད་པས། གཟུགས་བརྙན་ཞེན་པས་མེ་ལོང་ལྔ་བ
བཞིན། །ང་ནི་འགལ་བའི་དང་ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་སྒྲུབ་པའི་དཔེ། སྨིག་རྒྱུའི་ཆུ་ལྟ་བུས་བསྟན་པ་ནི། དཔེར་ན་དབྱིད་ཀྱི་སྨིག་རྒྱུ་ལ། རི་དགས་སྐོམ་གྱིས་གདུངས་པའི་སེམས་ཅན་རྣམས། ཆུ་ཡིན་སྙམ་ནས་བསྙེགས་པས་མི
སླེབས་། དེ་བཞིན་དུ་ཆོས་ཉིད་སྙིང་པོའི་དོན། རྐྱེན་གྱིས་མ་བསླད་པ་ངོ་མ་ཤེས་པས། རྐྱེན་གྱིས་སྣང་བའི་དྲན་པ་ལ་མངོན་པར་ཞེན་ནས། བཅོས་མའི་བདེ་བ་ལ་སངས་རྒྱས་ཀྱི་དགོངས་པ་ཡིན་སྙམ་ནས་ཞེན་ཅིང་ཆགས་ནས། ཇི་ལྟར་མ་རྟོགས་སྨིག
རྒྱུའི་ཆུ་ལ་ནི། རི་དགས་ལ་སོགས་པ་ཆུ་མ་ཡིན་པ་ལ་ཡིན་སྙམ་པར་འཁྲུལ། དེ་བཞིན་དུ་དྲན་པའི་བདེ་བ་ནི་དོན་དམ་པ་མ་ཡིན་པ་ལ་དོན་དམ་པར་གཟུང་བས་འཁྲུལ་ཏེ། མ་རྟོགས་པ་རྣམས་དྲན་པས་འབྲུལ་བའི་དབང་དུ་གྱུར་པས་།འཁྲུལ་པའི་དབང་གིས
རི་དགས་རྒྱུག་པར་བྱེད། དྲན་རིག་གི་བདེ་བ་ལ་མངོན་པར་ཞེན་པ་རྣམས་ནི་དོན་དམ་པ་ལ་རྨོངས་པ་ཡིན་ལ། དོན་དམ་པ་བློའི་ཡུལ་ལས་འདས་པ་ནི། དྲན་རིག་གི་གདུང་བ་བྱས་ཀྱང་ཐོབ་པར་མི་འགྱུར་བར། འཁོར་བ་གསུམ་དུ་འཆིང་བར་འགྱུར་བས། རྨོངས་བས
སྐོམ་ལ་མི་ངོམས་འཆིང་བར་འགྱུར། ཟག་པ་དང་བཅས་པའི་བདེ་བ་ལ་དོན་དམ་པ་ཟེར་ཞིང། འབད་པ་བྱས་ཀྱང་ཡལ་ཏེ་འགྲོ་བའི་ཕྱིར། དོན་དམ་ཟེར་ཞིང་གང་ཞིག་བདེ་བ་ལེན་།དེ་ཡན་ཆོད་ཀྱིས་ལོག་པར་རྟོགས་པ་སུན་དབྱུང་བ་བསྟན་ནས། །ད་ནི་རང་གཞུང་སྒྲུབ
པར་བྱེད་པ་དམ་བཅའ་ཨི་སྒོ་ནས་བསྟན་ཏེ། དེ་ཡང་དང་པོ་ལྟ་བ་འགྱུར་བ་མེད་བའི་སྒོ་ནས། དྲན་མ་དྲན་སྐྱེ་མེད་བློ་ལས་འདས་པ་བཞི་སྟོན་པ་ནི་བདེན་པ་གཉིས་ཏེ། དེ་ལ་ཀུན་རྫོབ་ཀྱི་བདེན་པ་དང། དོན་དམ་པའི་བདེན་པ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་ཡང་གཉིས་ཏེ།
ལོག་པའི་ཀུན་རྫོབ་དང་ཡང་དག་པའི་ཀུན་རྫོབ་གཉིས་སོ། །ལོག་པའི་ཀུན་རྫོབ་ལ་ཡང་འཁྲུལ་པ་དང་མ་འཁྲུལ་པའི་ཤེས་པའོ། །འཁྲུལ་པ་ནི་འདི་ལྟར་སྣང་བ་ཐམས་ཅད་དོ། །འཁྲུལ་པར་འཛིན་པའི་ཤེས་པ་ནི་དྲན་པ་དང་རིག་པ་སྟེ། དེ་གཉིས་སངས་རྒྱས་ཀྱི་དགོངས་པ།
མ་འཁྲུལ་བ་ལས་ལོག་ཅིང་འཇིག་བའི་ཆོས་ཅན་ཡིན་པའི་ཕྱིར། །ལོག་པའི་ཀུན་རྫོབ་བོ། །ཡང་དག་པའི་ཀུན་རྫོབ་ནི་དྲན་པ་རིག་པ་དེས། བརྡ་དང་ཐབས་ཀྱིས་བསྟན་ནས། ངོས་བསྟན་དུ་ཡོད་ལ་ངོས་གཟུང་རྒྱུ་དང་བྲལ་བའོ། །དྲན་པ་མེད་པའི་དབྱིངས་སྤྲུལ་པ་སྐུའི་ངོ་བོ།
དེ་ཡིན་ཏེ། དེ་ལ་ཅིའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཅེས་བྱ་ཞེ་ན་།སྐུའི་ངོས་ནས་ནི་ཡང་དག་པ་ཡིན་ལ། སྤྲུལ་པའི་སྒོ་ནས་ནི་ཀུན་རྫོབ་པོ། །ཡང་ངོས་གཟུང་བྲལ་བས་ནི་ཡང་དག་པ་ཡིན་ལ། ངོས་བསྟན་དུ་ཡོད་པས་ཀུན་རྫོབ་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པ་དྲན་པ
མེད་པ་སྟེ། དོན་དམ་པའི་བདེན་པ་ནི་དྲན་པའི་སེམས་དང། དྲན་པ་མེད་པའི་སེམས་གཉིས་ཀ་སྐྱེ་བ་མེད་པའི་དབྱིངས་སུ་མེད་པར་གྱུར་ཙམ་ན་།འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ། སྐྱེ་བ་མེད་ཅིང་འགག་པ་མེད་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། ལོངས
སྤྱོད་རྫོགས་པའི་སྐུའི་ངོ་བོ་ཡིན་པས་སེམས་གང་སེམས་ནི་མེད་པར་གྱུར་བའོ། །དྲན་མེད་སྤྲུལ་བའི་སྐུ་དང། སྐྱེ་མེད་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ཀ། བློ་ལས་འདས་པ་ཆོས་ཀྱི་སྐུའི་དང་དུ་ཐིམ་པར་གྱུར་ཙམ་ན། ཆོས་ཉིད་རྐྱེན་གྱིས་མ་བསླད་པ་དེའི་གོང་ན
གཞན་མེད་པས། དེ་ནི་ཡོངས་སུ་གྱུར་པ་མཆོག་གི་མཆོག་དེ་ལྟར་སྐུ་གསུམ་པོ་ཡང་རྐྱེན་གྱིས་ཐ་དད་དུ་སྣང་ཡང་ངོ་བོ་ཐ་དད་མེད་དེ། དཔེར་ན་བུམ་པ་ནང་གི་ནམ་མཁའ་དང། སྙིམ་པའི་ནམ་མཁའ་དང་ནམ་མཁའ་རང་དང་གསུམ་རྐྱེན་གྱིས་ཐ་དད་ཀྱང། བུམ་པ་དང་སྙིམ་པའི་རྐྱེན་ཞིག
ཙམ་ན། ནམ་མཁའ་དེ་གསུམ་ཐ་དད་མེད་དོ། །དེ་བཞིན་དུ་སྣང་བའི་རྐྱེན་གྱིས་སྤྲུལ་སྐུ་དང། སྟོང་པའི་རྐྱེན་གྱིས་ལོངས་སྐུ་དང་སྐྱེ་བ་མེད་པའི་རྐྱེན་གྱིས་ཆོས་སྐུ་དང་གསུམ་ལས། རྐྱེན་གསུམ་གྱིས་མ་སླད་པའི་དུས་སུ་ཐ་དད་ཅིང་སོ་སོ་མ་ཡིན་ཐ་མི་དད་དོ། །ཐ་དད་མེད་པའི
དབྱིངས་དེ་ལ་འདམ་གང་གིས་ཀྱང་མ་གོས་ཏེ། དེ་ལྟར་རྟོགས་ཙམ་ན་འདམ་གྱིས་མ་གོས་པའི་བདེ་བ་ཆེན་པོའི་སྐུ་ཡིན་ཏེ། དེ་ལས་འཕྲོ་དང་ལྡན་པའི་གྲོགས་?་བསྟེན་པས། མཆོག་གི་དམ་པ་གྲོགས་དག་ཤེས་པར་གྱིས།། །།ད་ནི་དྲན་མེད་ཏིང་ངེ་འཛིན་དུ།།
རྟོགས་ནས་། འདམ་གྱིས་མ་གོས་པའི་དཔེའི་སྒོ་ནས་སྒོམ་པ་ཞེན་པ་མེད་པ་སྟོན་ཏེ། དེ་ཡང་དྲན་པའི་སེམས་དེ་ནི་གླ་བུར་བ་རྐྱེན་ལས་སྐྱེས་པ། ཆུ་ནང་གི་?་མ་ལྟ་བུ་འམ། མེད་བཞིན་དུ་སྣང་པས་རྨི་ལམ་ལྟ་བུ་སྣང་།ཡང་རང་བཞིན་མེད་པས་སྒྱུ་མ
ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། དེ་གང་ལས་སྤྲུལ་ན་དྲན་པ་མེད་པའི་དབྱིངས་ལས་སྤྲུལ་པ་ཡིན་ཏེ། སྤྲུལ་ཡང་དྲན་མེད་ལས་སྤྲུལ་ལ་།ཐིམ་ཡང་དྲན་མེད་དུ་ཐིམ་ནས། དྲན་པ་སྣ་ཚོགས་རྩེད་མོ་ཙམ་དུ་ཤེས་ཤིང། དྲན་པའི་ཆོས་རྣམས་དྲན་མེད་ཀྱིས་ཟིལ་གྱིས་གོན་ན།
བས། དྲན་མེད་སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དང། དྲན་མ་དྲན་གཉིས་ཀ་སྐྱེ་མེད་ཀྱི་དབྱིངས་སུ་འབྱོར་ཙམ་ན། དྲན་པ་འཁོར་བའི་ཆོས་དང་།དྲན་མེད་མྱ་ངན་ལས་འདས་པའི་ཆོས་གཉིས་ཀ་བཅོམ་ནས་།སྐྱེ་མེད་དཔའ་བོ་དང་འདྲ་བས། སྐྱེ་མེད་དཔའ་བར་འགྲོ་བའི་ཏིང
ངེ་འཛིན་དང། དྲན་མ་དྲན་སྐྱེ་མེད་གསུམ་གའི་ཐ་སྙད་ཀྱང་མ་གྲུབ་པར་བློ་ལས་འདས་པའི་དབྱིངས་སུ་ཐིམ་ནས་།བློ་དང་རིག་པར་གཞིག་པར་མི་ནུས་པ་ནི་།བློ་ལས་འདས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ལྟར་ན་ཏིང་ངེ་འཛིན་བཞི་རྟོགས་པས་དྲན་པ་དྲན་མེད་དུ
འབྱོར། དྲན་མེད་སྐྱེ་མེད་དུ་འབྱོར། སྐྱེ་མེད་བློ་འདས་སུ་འབྱོར་ཏེ་།སེམས་ནི་དྲན་མེད་ཏིང་ངེ་འཛིན་དུ་འབྱོར། དེ་ལྟར་ཡིད་ལ་བྱས་པའི་ཆོས་ཐམས་ཅད། ཡིད་ལ་མ་བྱས་པའི་དབྱིངས་སུ་འབྱོར་པར་ཤེས་ཙམ་ན་།ཉོན་མོངས་པའི་དྲི་མ་འདོད་ཆགས་ཞེ་སྡང་ལ་སོགས
པ་ཐམས་ཅད་ཀྱང། ཡིད་ལམ་བྱས་པའི་དབྱིངས་སུ་དག་ནས། ངན་སོང་རྣམ་པ་གསུམ་གྱི་རྒྱུ་ཟད་དེ། སྡུག་བསྔལ་དང་བྲལ་པའོ། །ཤེས་བྱའི་དྲི་མ་ལྷ་དང་ལྷ་མོའི་དཀྱིལ་འཁོར་རམ། རྩ་རླུང་གི་བདེ་བ་འམ། སྟོང་ཉིད་ཀྱི་ཞི་གནས་ལ་མདོན་པར་ཞེན་པ།
ཐམས་ཅད་ཀྱང་ཡིད་ལ་མ་བྱས་པའི་དབྱིངས་སུ་དག་ནས་། མཐོ་རིས་ལྷ་དང་ལྷ་མིའི་རྒྱུ་ཡང་ཟད་ནས་།འགྲོ་བ་རིས་དྲུག་གི་གནས་སུ་སྐྱེ་བ་མི་ལེན་ཅིང་།མཆོག་གི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར། ཉོན་མོངས་ཡོངས་སུ་དག་པས་དེ་ཉིད་དོ། །དེ་ལྟར་ཡིད་ལ
མ་བྱས་བའི་དབྱིངས་ལ་དྲི་མ་གཉིས་སྐྱེས་ཀྱང། ཆུ་དང་ཆུ་བུར་རམ། བྲག་གམ་བྲག་ཆ་འམ། ནམ་མཁའ་དང་སྤྲིན་པ་ལྟ་བུར་ཤེས་ནས། དབྱིངས་ལ་ཤར་ཅིང་དབྱིངས་སུ་ནུབ་པར་རྟོགས་ཏེ། དེ་ཙམ་ན་ཉོན་མོངས་པ་ལ་གནས་ཀྱང། ཉོན་མོངས་པས་མ
གོས་ཏེ། དཔེར་ན་ཨཽཏཔལ་འདམ་ནས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པའི་ཕྱིར། ཇི་ལྟར་འདམ་སྐྱེས་འདམ་གྱིས་མི་ཚུགས་བཞིན། །དཔེ་དེ་བཞིན་དུ་ཡིད་ལ་མ་བྱས་པའི་དབྱིངས་རྟོགས་ཙམ་ན། འཁོར་བ་རྣམ་པ་གསུམ་གྱི་ཉེས་པ་དང་།མྱ་ངན་ལས
?་རྒྱལ་བའི་ཆོས་གང་གིས་ཀྱང། དབྱིངས་རྣམ་པར་དག་པ་ལ་གོས་པ་མེད་དེ། ཡིད་ལ་མ་བྱས་པ་ལ་འཁོར་འདས་གཉིས་ཀ་མ་གྲུབ་པའི་ཕྱིར། སྲིད་འབྱུང་ཉེས་པ་རྒྱལ་ཆོས་མི་གོས་སོ།། །།ད་ནི་དྲན་པ་སྒྱུ་མར་ཤེས་པས་མི་གཡོ
བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས། སྤྱོད་པ་ངེས་པ་མེད་པ་བསྟན་པ་ནི། དེ་ཡང་འཁོར་བའི་ཆོས་དང། མྱ་ངན་ལས་འདས་པའི་ཆོས་དང། དྲན་པའི་ཆོས་དང། དྲན་པ་མེད་པའི་ཆོས་དང། འདུས་བྱས་ཀྱི་ཆོས་དང། འདུས་མ་བྱས་ཀྱི
ཆོས་ཐམས་ཅད་ནི་། སྒྱུ་མ་ཙམ་དུ་གྲགས་པར་ཟད་ཀྱི། དོན་དམ་པར་གང་ཡང་མ་གྲུབ་པས། གང་ཡང་མི་ལེན་མི་འདོར་བའི་ཚུལ་གྱིས་གནས་པར་བྱ་སྟེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་ནི་ཡིད་ལ་བྱས་པ་ཡིན་ལ། ཡིད་ལ་བྱས་པ་ནི་དྲན་པ་སྟེ། དྲན་པ་དེ
ཉིད་ཁོ་ན་སྤྲུལ་པ་སྣ་ཚོགས་ཏེ་། སྤྲུལ་པ་ལ་ཅི་ཡང་འབྱུང་བའི་ཕྱིར་ངེས་པ་མེད་པར་བལྟ་བར་བྱའོ། །དེའི་ཕྱིར་དེ་ཡང་ཐམས་ཅད་སྒྱུ་མར་ངེས་པར་བལྟ་བྱ་སྟེ། སྤྲུལ་པ་ངེས་མེད་དུ་ཤར་བའི་གཞི་ནི། ཡིད་ལ་མ་བྱས་པའི་དབྱིངས་ཡིན་ཏེ། ཡིད་ལ་མ་བྱས་པ་ནི།
རྐྱེན་གསུམ་གྱིས་མ་བསླད་པའོ། །རྐྱེན་གསུམ་དང་བྲལ་བ་ནི་སྐུ་གསུམ་སྟེ། རྐྱེན་གསུམ་པོ་དེ་ནི་འཇིག་རྟེན་ལས་འདས་པ། དྲན་པ་རིག་པ་ལས་འདས་པ་།འདམ་གང་གིས་ཀྱང་མ་གོས་པ། དེ་བླ་མ་དམ་པས་བརྡ་དང་ཐབས་ཁྱད་པར་ཅན་ལ་བརྟན་ནས། སྐད
ཅིག་མ་གཅིག་ལ་རྟོགས་སུ་བཏུབ་ལ། རྟོགས་པའི་དོན་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་ལེན་མི་འདོར་བར་བཏང་སྙོམས་སུ་བྱེད་པས་། འཇིག་རྟེན་འདས་པ་སྐད་ཅིག་ལེན་དང་བཏང་སྙོམས་བྱེད། བླ་མས་བསྟན་པའི་སྐུ་གསུམ་དེ་ནི། འགྱུར་བ་མེད་ཅིང་རྣམ་པར
རྟོག་པ་མེད་པ་ཡིན་ཏེ། དེ་ནི་ཚིག་དང་ཐ་སྙད་ཀྱིས་བརྗོད་དུ་ཡང་མེད་ལ། བློ་དང་རིག་པས་མི་ཤིགས་ཤིང། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པས་འཆིང་བ་མེད་ཅིང། བློས་བྱས་པའི་ཆོས་ཀྱིས་གཡོ་འགུལ་མེད་པའི་ཕྱིར། བརྟེན
པོའི་བློ་ཅན་དེ་ནི་གཏི་མུག་འཆིང་བར་འགྱུར། །སྐུ་གསུམ་པོ་དེ་ནི་ལོགས་ནས་བཙལ་བ་མ་ཡིན་ཞིང། རྒྱུ་ལས་བསྐྱེད་པ་མ་ཡིན་ཏེ་།བསམ་བསྒོམ་ཐ་སྙད་དང་བྲལ་བའི། རང་འབྱུང་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་རང་བཞིན་དུ། རང་ལ
གནས་ཤིང་ལྷུན་གྱིས་གྲུབ་པར་བླ་མ་དམ་པས། བརྡ་དང་ཐབས་དུ་མའི་སྒོ་ནས་བསྟན་པའི་ཕྱིར། རང་འབྱུང་བསམ་གྱིས་མི་ཁྱབ་རང་བཞིན་གྲུབ་པ་ཡིན།། །།ད་ནི་དྲན་པ་ཡིད་ལ་བྱས་པ་དོན་དམ་པ་མ་ཡིན་པའི་སྒོ་ནས། ཀུན་རྫོབ་ཡིན་པར
བསྟན་ཏེ། ཀུན་རྫོབ་ཐམས་ཅད་ཀྱང་སྐྱེ་བ་མེད་པའི་རང་བཞིན་དུ་གནས་པར་བསྟན་པ་ནི་།དྲན་པ་རིག་རིག་པོ་ཉམས་སུ་མྱོང་པ་འདི་དང་པོ་ནས་ཡོད་པ་མ་ཡིན་ཏེ། རྐྱེན་གྱིས་གློ་བུར་དུ་སྣང་ཞིང་།གློ་བུར་དུ་རྐྱེན་གྱིས་འཇིག་པའོ། །ཆོས་ཉིད་རྐྱེན
གྱིས་མ་བསྐྱེད་པ་ནི། སྐྱེ་མ་མྱོང་འགག་མ་མྱོང། རིག་མ་མྱོང་བའི་རང་བཞིན་ལ། སྣང་བ་འདི་ཤར་ཡང་དཔེར་ན་མེ་ལོང་གི་གཟུགས་བརྙན་ཙམ་དུ་སྣང་སྟེ། མེ་ལོང་ལ་གཟུགས་བརྙན་ཤར་རོ་བའི་རྟོག་པ་མེད་པའི་ཕྱིར་རོ། །མེ་ལོང་ལྟ་བུ་ནི་སྐྱེ་མེད
ཀྱི་དབྱིངས་ཡིན་ལ། གཟུགས་བརྙན་དུ་སྣང་བ་ནི་སྤྲུལ་པ་ཙམ་སྟེ། སྤྲུལ་པ་ཉིད་རྐྱེན་སྣང་གློ་བུར་བ་ཡིན་ཏེ། སྐྱེ་མེད་དབྱིངས་ལ་སྤྲུལ་པ་དང། གློ་བུར་བ་ཙམ་དུ་ཡང་མ་གྲུབ་ཅིང་མ་སྐྱེས་པའི་ཕྱིར་རོ། །སྣང་བ་འདི་གསལ་བ་དང་པོ་ཉིད་ནས་མ་སྐྱེས་ཏེ། སྐྱེ་མེད་ཀྱི
དབྱིངས་ཉིད་བརྗོད་དུ་མ་བཏུབ་པས་། བློ་ལས་འདས་ཏེ་བློ་ལས་འདས་པ་ཉིད་ཕྱག་རྒྱ་ཆེན་པོའོ། །དེ་ལ་མཚན་ཉིད་བཞི་དང་ལྡན་ཏེ་ཀུན་ལ་ཁྱབ་པ། གཟུགས་ཅན་མ་ཡིན་པ་འགྲོ་འོད་མེད་པ། དུས་ཐམས་ཅད་པ་སྟེ། ཀུན་ལ་ཁྱབ་པ་ཀུན་གྱི་དངོས་བཞི་པ་ཡིན
ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དང། རྒྱུ་དང་འབྲས་བུ་དང་སྣང་བ་དང་སྟོང་པ་ལ་སོགས་པ་ཐམས་ཅད་ལ་ཁྱབ་པའོ། །གཟུགས་ཅན་མ་ཡིན་པ་ནི་།རྟེན་ཅིང་འབྲེལ་པ་འམ། རྐྱེན་གྱིས་བསྐྱེད་ནས་ཕུང་པོ་དང་ཁམས་ལ་སོགས་པའི། ཆོས་ཐམས
ཅད་སྣང་ཡང་ངོས་གཟུང་དང་བྲལ་བ་སྟེ་། རང་བཞིན་གྱིས་མ་སྐྱེས་པའོ། །འགྲོ་འོད་མེད་པ་ནི། སྐྱེ་འགག་མེད་པས། ཆོས་ཉིད་ལ་ཐམས་ཅད་ཀྱིས་ཁྱབ་པ་སྟེ་།རེས་འགའ་བ་མ་ཡིན་ཞིང་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཉིད་དོ། །དུས་ཐམས་ཅད་པ
ནི་མཧཱ་མུ་དྲ་དེ་རི་བོང་གི་རྭ་འམ། མོ་གཤམ་གྱི་བུ་ལྟར་ཆད་པ་འམ་མེད་པ་མ་ཡིན་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར། མཧཱ་མུ་དྲ་དེ་དུས་ཐམས་ཅད་དུ་གནས་པའོ། །དེའི་ཕྱིར་གཟུགས་ཅན་མ་ཡིན་གཟུགས་ཀྱི་རང་བཞིན་རྣམ
པར་སྤངས། མཧཱ་མུ་དྲ་དེ་དུས་རྒྱུན་དུ་ས་མ་ཏི་བཞིའི་ཚུལ་དུ་གནས་ནས་།བསྒོམ་དུ་ནི་མེད་ལ་ཡེངས་སུ་མེད་པར། རྒྱུན་མི་འཆད་པར་བསམ་གཏན་བྱེད་པས། དེ་ཉིད་རྒྱུན་ཏུ་གནས་ཤིང་བསམ་གཏན་གཅིག་པོ་བྱེད། བསྒོམ་དུ་ཡོད་ཅིང་ཡིད་ལ་བྱས་པའི
བསམ་གཏན་ནི་དྲི་མ་དང་བཅས་པ་ཡིན་ལ། དོན་དམ་པའི་སེམས་མ་ཡིན་ཏེ། བསྒོམ་དུ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་དྲི་མ་མེད་པའི་བསམ་གཏན་ཡིན་ཏེ། དེ་ཉིད་དོན་དམ་པའི་སེམས་ཡིན་པའི་ཕྱིར། ཡིད་ལ་མི་བྱེད་དྲི་མེད་བསམ་གཏན་སེམས་མ་ཡིན།
ད་ནི་སེམས་དང་སེམས་ལས་བྱུང་བ་དང། ཉོན་མོངས་པ་རྣམས་རྟོགས་པའི་རྣལ་འབྱོར་པ་ལ། ཐ་མི་དང་པའི་སྒོ་ནས་ཐམས་ཅད་མཧཱ་མུ་དྲའི་བདག་ཉིད་དུ་བསྟན་པ་ནི། བློའི་ཆོས་ཡིད་ལ་བྱས་པ་རྣམས་ཀྱང་ལོག་པ་མ་ཡིན་ཏེ། བློ་དང་སེམས་ནི་དྲན་པ་མེད་པའི་དབྱིངས
ལས་བློ་བུར་དུ་ཤར་ནས། རྐྱེན་གྱི་སྟོབས་ཀྱིས་དཀར་བ་དང་དམར་བ་ལ་སོགས་པར་སྣང་ཡང། དྲན་མེད་ཀྱི་དབྱིངས་སུ་ཐིམ་པའི་ཕྱིར། བློ་དང་སེམས་དང་སེམས་ཀྱི་སྣང་བ་དེ་བདག་ཉིད་། ལོ་ཀའི་ཁམས་དང་ལོ་ཀ་ལས་འདས་པའི་མྱ་ངན་ལས་འདུས་པ་གསུམ་ཡང།
དོན་རྟོགས་ན་སྐུ་རྣམ་པ་གསུམ་ལས་དབྱེར་མི་ཕྱེད། སྐུ་གསུམ་གྱི་རང་བཞིན་ཡང་ངོ་བོ་ཉིད་ཀྱི་སྐུར་དབྱེར་མི་ཕྱེད། ངོ་བོ་ཉིད་ཀྱི་སྐུ་ལ་ནི་བསམ་བརྗོད་དང་སྨྲ་བརྗོད་བསྒོམ་པ་ལས་འདས་ཏེ། དེ་ཉིད་ཀྱིས་སྣང་པ་དང་སྟོང་བ་དང། ཟག་བཅས་དང་ཟག་མེད་ཐམས་ཅད
ལ་ཁྱབ་ཅིང་མཧཱ་མུ་དྲ་དེའི་རང་བཞིན་དུ་གནས་པས། འཇིག་རྟེན་གང་གང་གཞན་དུ་སྣང་བ་དེ་བདག་ཉིད། སྣང་བ་དང་སྟོང་པ་ལ་ལྟ་བ་བྱེད་པའི་སྣ་ཚོགས་འཁོར་བའི་ཆོས་དང། མྱ་ངན་ལས་འདས་པའི་ཆོས་མ་ལུས་པ་མཐོང་བ་ནི་ཡུལ། མཐོང་བྱའི་ཡུལ་ཅན་ལ
སོགས་པ་ཐམས་ཅད་ལ་ཆོས་ཉིད་སྐྱེ་བ་མེད་པའི་བདག་ཉིད་ཀྱིས་ཁྱབ་པས། སྣ་ཚོགས་མ་ལུས་མཐོང་བ་མཐོང་བྱ་དེ་བདག་ཉིད། བུ་ལྟ་བུའི་སྙིང་དུ་སྡུག་པ་ལ་སོགས་པའི་འདོད་ཆགས། དགྲ་ལྟ་བུའི་སྙིང་དུ་མ་སྡུག་པ་ལ་སོགས་པའི་ཞེ་སྡང། དེ་གཉིས་དང་བྲལ་བ་གཏི
མུག་སྟེ། དེ་གསུམ་ག་ཆོས་ཉིད་སྐྱེ་བ་མེད་པའི་དང་དུ་མ་ཆུད་པ་མེད་ཅིང། སེམས་ཉིད་ནམ་མཁའ་ལྟ་བུ་ཡང་མཧཱ་མུ་དྲའི་བདག་ཉིད་ཡིན་པས་ཆགས་སྡང་གཏི་མུག་བྱང་ཆུབ་སེམས་ཀྱང་བདག་ཉིད་དོ། །ད་ནི་ཀུན་གཞི་རྣམ་པར་ཤེས་པ་དྲན་པ་སྒྲེན་མར་ཁྱེར་བ་བསྟན་པ་སྟེ།
དེ་ཡང་དྲན་པས་སྣང་བར་བསྒོམས་པའི་ཡིད་ལ་བྱས་པའི་སྟོང་པ་དེ་ནི་གཏི་མུག་ཡིན་ལ། དེས་སངས་རྒྱས་ཀྱི་དགོངས་པ་ཡིན་ལ་མ་བྱས་པ་།བློ་དང་རིག་པ་མི་རྒྱུ་བ་དེ་མི་མཐོང་བས་།མུན་པ་དང་འདྲ་བ། །འོ་ན་ཇི་ལྟར་བྱ་ཞེ་ན་།དྲན་པ་ནི་སྒྲོན་མ་ཙམ་དུ་ཤེས་པར
བྱ་སྟེ། བླ་མའི་བརྡ་དང་ཐབས་དུ་མ་དྲན་པ་ལ་བརྟེན་ནས་སྐུ་གསུམ་བསྟན་དུ་བཏུབ་པའོ། །དཔེར་ན་མུན་ནག་ཏུ་འདོད་པའི་ཀ་ཆ་ཚོལ་བ་ལ་།མར་མེའི་འོད་ལ་བརྟེན་ནས་ཀ་ཆ་བཙལ་དུ་བཏུབ་པ་བཞིན་ནོ། །ཡང་ན་རང་གི་སྙིང་ཁའི་པདྨ་ཁ་ཕྱེ་ནས། ཐིག་ལེ་ཤིན་ཏུ་ཕྲ་བ
?་བསྒོམས་ནས། དེ་རྟོག་པ་མེད་པར་བསྒོམས་པས། སངས་རྒྱས་ཀྱི་དགོངས་པ་ཡིན་ཟེར་ཏེ། དེ་ནི་མེ་ལོང་གི་གཟུགས་བརྙན་ཙམ་དུ་ཤེས་པར་བྱ། དེའི་ཕ་རོལ་ན་དྲན་མེད་ལ་མཉམ་པ་ཉིད་དུ་ཤེས་པར་བྱ། དེ་གཉིས་ཀ་མ་སྐྱེས་མི་འགག་པའི་ཕྱིར། སོ
སོར་རྟོགས་པ་དང། བྱ་བཙལ་ཐམས་ཅད་དང་བྲལ་བ་བྱ་བ་ནན་ཏན་ཀྱི་ཡེ་ཤེས་དང། རིག་པ་འམ་རྟོག་དཔྱོད་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་རྟོགས་པར་བྱེད་པ་ནི། སྒྲོན་མ་ཙམ་ཡིན་པའི་ཕྱིར་།གཏི་མུག་མུན་པ་སྒྲོན་མེད་སྤར། །དྲན་པ་སྒྲོན་མར
མ་ཤེས་པས། །རང་རྒྱུད་དུ་བཟུང་ནས་འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པའོ་ལ་སོགས་པའི་བཟང་རྟོག་དང་ངན་རྟོག་དུ་བྱེད་པས་ནི། འཁོར་བ་གསུམ་དུ་འཆིང་ལ། འཁོར་བ་ལས་བློའི་དབྱེ་བ་བསམ་གྱིས་མི་ཁྱབ་པས་ཇི་སྲིད་བློ་ཡི་དབྱེ་བས་ཕྱེ།
རྟོགས་པའི་རྣལ་འབྱོར་པ་ལ་འདི་ནི་བསྒོམ་པའོ། །འདི་ནི་མི་བསྒོམ་པ་ལ་སོགས་པའི་བློའི་དབྱེ་བ་བསམ་གྱིས་མི་ཁྱབ་པར་སྐྱེས་ཀྱང། བླ་མ་དམ་པའི་གདམས་ངག་གིས། སྤྲུལ་པ་ཙམ་དུ་ཤེས་ནས་སྤྲུལ་པ་ཉིད་གློ་བུར་པ་ཡིན་ལ།
བློ་བུར་བ་དབྱིངས་སུ་དུས་རྟག་ཏུ་ཡལ་བར་ཤེས་ན་། དྲི་མ་གཉིས་ཀྱིས་ཀྱང་མ་གོས་པས། དེ་སྲིད་སེམས་ཀྱི་དྲི་མ་སྤངས། སྤྲུལ་པ་ཡལ་བའི་དབྱིངས་དེ་ནི། དྲན་པ་རིག་པ་མ་སླེབས་ཤིང་འཁོར་འདས་ཀྱི་འདམ་གྱིས་མ་གོས་པ། ཐོས་བསམ་བསྒྲོམ?་གསུམ
ལས་འདས་པ། དེ་ལ་བློ་དང་རིག་པས་ཞེན་དུ་མེད་པའི་ཕྱིར། མ་ཞེན་རང་བཞིན་གང་གིས་བསམ།། །།ད་ནི་རྟོགས་ན་དགག་བསྒྲུབ་མེད་པར་བསྟན་པ་ནི། དྲན་པ་རྐྱེན་ལས་སྐྱེས་པ་འདི་དགག་མི་དགོས་ཏེ། ནམ་མཁའ་ཨི་སྦྲིན་བཞིན
ཡལ་ཏེ་འགྲོ་བའོ། །དྲན་མེད་བསྒྲུབ་མི་དགོས་ཏེ། རང་བཞིན་གྱིས་འཆར་བའོ། །དེའི་ཕྱིར་སེམས་ཅན་མ་བཀག་ལ། བུདྡྷ་མ་བསྒྲུབས་པས། དགག་པ་མེད་ཅིང་བསྒྲུབས་པ་མེད། དྲན་དང་མི་དྲན་པ་གཉིས་ཀ་སྐྱེ་མེད་དུ་དག་ཙམ་ན། སྐྱེ་བ་མེད་པ
ཉིད་ངོས་གཟུང་དང་བྲལ་བའོ། །སེམས་ཅན་སྡང་བར་བྱ་བ་འམ་། མྱ་ངན་ལས་འདས་པ་བླང་བར་བྱ་བའི་བསམ་པ་མེད་པའོ། །བསམ་བརྗོད་ལས་འདས་པ་དེ་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས། བདེ་བ་ཆེན་པོ་འདམ་གང་གིས་ཀྱང་མ་གོས་པ་ཡིན
པས། འཛིན་པ་མེད་དེ་བསམ་མི་ཁྱབ། །དེ་ལྟར་མ་རྟོགས་པའི་རྨོངས་པ་རྣམས་ཀྱིས། འདི་ནི་འཁོར་བ་འདི་ནི་མྱ་ངན་ལས་འདས་པའོ། །འདི་ནི་མཉམ་པར་བཞག་པའོ་ཞེས་པ་ལ་སོགས་པ་གཉིས་འཛིན་གྱི་ཤེས་པ་མང་པོ་ལ་ཆགས་པས་ནི། འཁོར་བ་རྣམ་པ
གསུམ་དུ་འཆིང་བས། བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས། །དོན་རྟོགས་པ་ཡི་རྣལ་འབྱོར་གྱིས་ན། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་དུ་རྟོགས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དབྱེར་མེད་དུ་རྟོགས། ཞི་གནས་དང་ལྷག་མཐོང་གི་ཤེས་པ་ལ
སོགས་པའི་གཉིས་འཛིན་གྱི་ཤེས་པ་ཐམས་ཅད་སྣང་བའི་ལྷན་ཅིག་སྐྱེས་པར་དག་ཙམ་ན། རྒྱུ་དག་པ་ཞེས་བྱ། རྒྱུ་ཐམས་ཅད་སྟོང་པའི་ལྷན་ཅིག་སྐྱེས་པར་དག་ཙམ་ན། ལམ་དག་པ་ཞེས་བྱ། རྒྱུ་ལམ་གཉིས་ཀ་མ་སྐྱེས་པའི་དབྱིངས་སུ་དག་ཙམ་ན་འབྲས་བུ་དག་པ་ཞེས་བྱ།
རྒྱུ་ལམ་འབྲས་བུ་གསུམ་ཀ་བློས་མ་རེག་པར་རྟོགས་ཙམ་ན། ཐམས་ཅད་དབྱེར་མེད་དུ་དག་པས། དབྱེར་མེད་ལྷན་ཅིག་སྐྱེས་རྣམ་དག།། །།ད་ནི་རྟོགས་པས་བསྒོམ་དུ་མེད་པ་སེམས་གྲོལ་པར་བསྟན་པ་ནི། དབུ་མ་དད་ཚད་མའི་གཅིག་དང་དུ་བྲལ་ལ
སོགས་པའི་གཏན་ཚིགས་ཀྱིས་སྟོང་པར་བརྟགས་པའི། ཆོས་ཉིད་སྟོང་པ་དེ་ཡང་དག་པའི་བློ་ལས་འདས་པ་དེ་མིན་པས། གཅིག་དང་དུ་མས་རྣམ་བརྟགས་གཅིག་ཉིད་མིན། འོ་ན་ཆོས་ཉིད་ཀྱི་དོན་ཇི་ལྟར་ཤེས་པར་བྱ་ན། དྲན་པས་མཚོན་ནས་དྲན་མེད་ཤེས།
དྲན་མེད་ཤེས་པས་དྲན་པ་གློ་བུར་པར་རྟོགས་དྲན་པ་གློ་བུར་བར་རྟོགས་པས་། དྲན་པ་བཞི་དང་རྩ་བ་བྲལ་བར་ཤེས་།དྲན་མེད་ཀྱི་མཚན་ཉིད་སྐྱེ་མེད་དུ་ཤེས། སྐྱེ་མེད་ཀྱི་ངོ་བོ་ལས་འདས་པར་ཤེས་། དེ་ལྟར་རྟོགས་ཙམ་ན་དྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ
སྐུ་གསུམ་དུ་ཤེས་ནས། དེ་གསུམ་གྱི་དང་དུ་རྟོགས་པའི་རྣལ་འབྱོར་པ་གྲོལ་བ་ཡིན་ཏེ། དེ་ཡང་དྲན་པ་དྲན་མེད་སྟོང་པ་ཉིད་དུ་གྲོལ་ལོ་དྲན་མེད་མཚན་མ་མེད་པ་སྐྱེ་མེད་དུ་གྲོལ། སྐྱེ་མེད་སྨོན་པ་མེད་པ་བློ་འདས་སུ་གྲོལ་བས། ཤེས་པ་ཙམ་གྱིས་འགྲོ་བ་རྣམ
པར་གྲོལ། སྐུ་གསུམ་པོ་དེ་ཉིད་ལ་རྐྱེན་གང་གིས་ཀྱང་མ་གོས་ཤིང་བསྒོམ་དུ་མེད་པ་སྟེ། བསྒོམ་པ་གསལ་ན་ནི་རྟོག་པ་གསལ་བ་ཡིན་ལ། མི་གསལ་ན་བསྒོམས་པ་ལ་དོན་མེད་པའི་ཕྱིར། དོན་དམ་པ་དེ་བསྒོམ་དུ་མི་བཏུབ་ལ། རྒྱུན་མི་འཆད་པར
ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཏུ་དུས་རྟག་ཏུ་གནས་པས། གསལ་བ་གང་ཞིག་ཤེས་པས་བསྒོམ་པ་བསྟན། སེམས་ལས་བྱུང་བའི་དྲན་པ་སྣ་ཚོགས་ནི། གཡོ་འགུལ་ཅན་ཡིན་ལ། སེམས་ཉིད་ཀྱི་དངས་མ་དྲན་མེད་སྐྱེ་མེད་བློ་འདས་ནི། མི་གཡོ་བ་རྡོ་རྗེ་
ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། དེའི་དང་དུ་སེམས་ལས་བྱུང་བའི་དྲན་པ་རིག་པ་གཡོ་འགུལ་ཅན་འདི་།རང་བཞིན་གྱིས་ཐིམ་པར་ཤེས་ཙམ་ན། དྲན་པ་དྲན་མེད་དུ་བཟུང། དྲན་མེད་སྐྱེ་མེད་དུ་བཟུང། སྐྱེ་བ་མེད་པ་བློ་འདས་སུ་བཟུང་བ་ཡིན
པས་མི་གཡོ་བའི་སེམས་ནི་བདག་ཉིད་དེ་རུ་གཟུང་དོ། ། །།ད་ནི་བདེ་བ་ཆེན་པོ་ཐོབ་པས་ཡུལ་གྱིས་མི་གནོད་པར་བསྟན་པ་ནི་། དྲན་མེད་སྐྱེ་མེད་བློ་འདས་གསུམ་ལ། འཁོར་འདས་ཀྱི་འདམ་གྱིས་མ་གས་པས། སྡུག་བསྔལ་དང
བྲལ་བའི་དགའ་བ་ཡིན་ལ་སྐུ་གསུམ་པོ་དེ་འཁོར་བ་རྣམ་པ་གསུམ་ལས་རྒྱལ་བའི་ཡུལ་ཡིན་པས། དགའ་བས་རྒྱས་པའི་ཡུལ་ཐོབ་པས་། ཆོས་ཉིད་སྐྱེ་བ་མེད་པ་འགག་པ་མེད་པ་དེ། བླ་མ་དམ་པས་བརྡ་དང་ཐབས་དུ་མས་བསྟན་ནས་རྟོགས་པ་ཁོང
དུ་ཆུད་པ་དེ་ནི། ཁམས་གསུམ་སྐུ་གསུམ་དུས་གསུམ་རྣམས་མཉམ་པ་ཉིད་དུ་རྒྱས་པར་བྱེད་པས། མཐོང་བས་སེམས་ནི་རྣམ་པར་རྒྱས། །བླ་མས་བརྡ་དང་ཐབས་ཀྱིས་སངས་རྒྱས་ཀྱི་དགོངས་པ་བསྟན་པས། ཇི་ལྟ་བ་བཞིན་དུ་སྐུ་གསུམ་གྱི་དོན་མཐོང་བས།
དེ་ལས་སེམས་ཅན་གྱི་དོན་གང་ལ་གང་འདོད་པའི་འབྲས་བུ་འབྱུང་བའི་དགོངས་པ་བྱེད་པ་ཡིན་པས། དེ་ཡིས་དེ་རུ་དགོས་པ་ཡིན། རྟོག་པ་མེད་པར་སེམས་ཅན་གྱི་དོན་བྱེད་པར་རྟོགས་པའི་དུས་སུ། དྲན་པ་འདི་སྣ་ཚོགས་སུ་འཕྲོ་ཡང། སྤྲུལ་པ་སྣ་ཚོགས་སུ་གང་ལ
གང་མོས་འབྱུང་བའི་ཕྱིར། དྲན་མེད་ལས་ཤར་ཅིང་དྲན་མེད་ཀྱི་ངང་ལ་གནས་ནས། དྲན་མེད་ཀྱི་དབྱིངས་སུ་ཐིམ་པ་ཡིན་པས། དྲན་པ་དང་དྲན་མེད་གཉིས་ཐ་མི་དད་པ་མ་ཡིན་ཏེ་། དཔེར་ནས་ལ་སྤྱད་བྱ་མི་འདྲ་བ་བྱས་པ་དང། ལྷ་དང་ལྷ་མོའི་གཟུགས་བརྙན་མང་པོ་བྱས
བ་དང་ཡུལ་འཁོར་ལ་སོགས་པ་ཇི་ཙམ་བྱས་ཀྱང་ས་ལས་མ་གཡོས་པ་བཞིན་དུ། དྲན་པ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཅིར་སྣང་ཡང་དྲན་པ་ལས་མ་འདས། དྲན་པ་ཉིད་སྐྱེ་ས་དང་གནས་ས་དང་ཐིམ་ས་གསུམ་དྲན་མེད་ལས་མ་འདས་པས། ཡུལ་ལ་བྲོས་ཀྱང
ཐ་དད་མིན། ད་ནི་བདེ་བ་ཆེན་པོའི་ཆོས་སྐུ་སྤྲོས་པ་མེད་པ་ལས། གཟུགས་སྐུ་གཉིས་སྤྲོས་ཀྱང། འབྲས་བུ་གཅིག་པར་བསྟན་པ་ནི། འཁོར་འདས་ཀྱི་འདམ་གྱིས་མ་གོས་པའི་བློ་ལས་འདས་པ་དེ་ལས་།སེམས་ཅན་གྱི་དོན་འབྱུང་དུ་རུང་བ་ནི། མྱུ་གུའི་རྒྱུ་ཡིན་པའི
ཕྱིར། དགའ་བ་བདེ་བའི་མྱུ་གུ་དང། སེམས་ཅན་གྱི་དོན་བྱེད་པའི་གཟུགས་སྐུ་གཉིས་ཀྱི་ནད་ན་ཡང། ལོངས་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་འབྱུང་བའི་ཕྱིར་།སྤྲུལ་སྐུ་ལ་བལྟོས་པའི་ལོངས་སྐུ་དེ་མཆོག་ཡིན་ལ། སྤྲུལ་སྐུ་གང་ལ་གང་འདུལ་དུ་སྣང་བ་ནི་།ཆོས་སྐུ་ལོངས
སྐུའི་འདབ་མ་ཙམ་ཡིན་པའི་ཕྱིར། མཆོག་གི་འདབ་མ་སྐྱེས་པ་སྟེ་།ལོངས་སྐུ་དང་སྤྲུལ་སྐུ་གཉིས། སེམས་ཅན་གྱི་དོན་དུ་སྣ་ཚོགས་སུ་འཕྲོ་ལ་།ཆོས་སྐུ་ལས་འདས་པ་ལ་སེམས་ཅན་གྱི་དོན་བྱེད་པ་དང་མི་བྱེད་པ་མི་མངའ་ཞིང། གང་དུ་ཡང་མི་འཕྲོ་བའི་ཕྱིར། ཇི་སྲིད
ཕྱོགས་བཅུར་མི་འཕྲོ་བའོ། །སྤྲོས་པ་དང་བཅས་པའི་བདེ་བ་ནི་། ཟག་པ་དང་བཅས་པའི་འབྲས་བུ་ཡིན་ལ། ཆོས་སྐུ་སྤྲོས་པ་དང་བྲལ་བ་ནི། འདམ་གྱིས་མགོས་པར་རེ་དོགས་དང་བྲལ་བའི་འབྲས་བུ་དང། ཟག་པ་མེད་པའི་འབྲས་བུ་ཡིན་པས་།སྤྲོས་པ་མེད་པའི་འབྲས
བུ་ཉིད་དོ། ། །།ད་ནི་དོན་དམ་པར་སེམས་ཅན་དང་སངས་རྒྱས་བྱ་བ་གང་ཡང་མ་གྲུབ་པར་བསྟན་པ་ནི། མི་དགེ་བའི་ལས་གང་གིས་སེམས་ཅན་དུ་ལྷུང་བ་འམ། གང་སེམས་ཅན་དུ་ལྷུང་པའམ། གང་ཡང་སེམས་ཅན་དུ་ལྟུང་བ་དོན་དམ་པ་ལ་མེད་དོ།།
དགེ་བ་གང་གིས་སངས་རྒྱས་པའཾ?། གང་མ་?་གང་ཡང་སངས་རྒྱས་པ་དོན་དམ་པ་ལ་མེད་པས། གང་གིས་གང་དུ་གང་ལ་དེ་དག་མེད། འོ་ན་སངས་རྒྱས་ཀྱི་དགོངས་པ་རྟོགས་པ་ལ་དགོས་པ་མེད་དོ་ཞེས་ན། དོན་དམ་པར་སངས་རྒྱས་དང་སེམས་ཅན་གཉིས་ཀ་མེད་པར་རྟོགས་པས།
རེ་དོགས་མེད་པའི་དབྱིངས་དེས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པའི་དགོངས་པར་བྱེད་པས། དེ་ཡིས་དེ་རུ་དེ་ལ་དགོས་པ་བྱས། སེམས་ཅན་གྱི་དོན་བྱའོ་?་སེམS་ནི། བག་ཆགས་དང་བཅས་པའི་སེམས་ཡིན་ལ། སེམས་ཅན་གྱི་དོན་མི་བྱེད་པ་ནི་བག་ཆགས
མེད་པའི་དྲན་པ་ཡིན་ཏེ། དེ་གཉིས་ཀ་སྐྱེ་མེད་དབྱིངས་ལ་གང་ཡང་མི་ལེན་མི་འདོར་པ་ནི་།མཉམ་པ་ཉིད་ཀྱི་ངང་ལ་གནས་པ་ཡིན་པས། རྗེས་སུ་ཆགས་པ་དང་ནི་མ་ཆགས་པའི། སྣང་བ་སྣ་ཚོགས་ནི་གློ་བུར་བ་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་པས
སྣང་?་ཡང་སྟོང་པ་ཡིན་ལ་སྟོང་པ་ཉིད་ལས་ཀྱང་སེམས་ཅན་གྱི་དོན་དུ་སྤྲུལ་པ་དུ་མ་འབྱུང་བས་། སྟོང་པ་ཉིད་ཀྱང་སྣང་བ་ཡིན་ཏེ། དེ་གཉིས་ཀ་བསམ་དུ་མེད་པའི་ངང་དུ་དབྱེར་མི་ཕྱེད་པས། གཟུགས་ཉིད་དང་ནི་སྟོང་པ་ཉིད་ཡིན་ནོ།། །།
ད་ནི་ཐ་མ་རྒྱལ་པོས་སྲིད་པའི་སར་ཧ་པ་ཁྱོད་ལ་བླང་དོར་གང་ཡང་མེད་པས་ཕག་དང་འདྲ་བྱས་པ་ནི་། དང་པོ་ཁྱོད་བྲམ་ཟེ་ཡིན་པས། དེ་ནས་རབ་ཏུ་བྱུང་བ་།དེ་ནས་གཙང་བཙོག་མེད་ཟེར་བས། ཁྱོད་སྲིད་པ་གསུམ་ལས་མི་ཐར་པར་འཁོར་བར་ཞེན་ཏེ་།ཁྱོད
དང་ཕག་པ་ལ་ཁྱད་པར་མེད་དོ་ཞེས་གསུངས་པས་ནི་། སྲིད་པའི་འདམ་ཞེན་ཕག་ལྟ་བུ། དེའི་ལན་དུ་ངས་ཆོས་ཉིད་ཀྱི་དོན་རྟོགས་པ་ལ། ཉོན་མོངས་པའི་དྲི་མ་དང་ཤེས་བྱའི་དྲི་མ་གཉིས་ཀྱིས་མ་གོས་པས་།གཙང་བར་འཛིན་པ་དང་མི་གཙང་བར་འཛིན
བ་མེད་དེ། སྐྱོན་གང་གིས་ཀྱང་མ་གོས་པའི་ཕྱིར། དྲི་མེད་སེམས་གྱུར་སྐྱོན་ཅི་ཡོད་།ཅིའི་ཕྱིར་སྐྱོན་མེད་ན་།འདོད་ཡོན་ལྔས་ཀྱང་དོན་ལ་གོས་པ་མེད་པའི་ཕྱིར། གང་ཡང་གང་གིས་མ་གོས་པ། ཆོས་ཉིད་སྐྱོན་གྱིས་མ་བསླད་པ་དེ་ལ། ཉོན་མོངས་པ་ལྔས་ཀྱང
བཅིངས་པ་མེད་པས་། དེ་ཡང་དེ་ཡིས་ཅི་ཕྱིར་འཆིང། དེ་ལྟར་དཔེ་ཉི་ཤུ་རྩ་གསུམ་གྱིས་གཞུང་གི་དོན་རྣམས་མ་ལུས་པར་བསྟན་ནས། ད་ནི་མཚན་གྱི་དོན་བསྟན་པར་བྱ་སྟེ། གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་དང་མ་བྲལ་བའི་དབྱིངས་སུ། དུས་གསུམ
དང་ཁམས་གསུམ་ཐམས་ཅད་འབྱོར་ཅིང། དུས་གསུམ་གྱི་བདེ་བར་གཤེགས་པའི་དགོངས་པ་ཐུགས་སུ་ཆུད་པའི་ཕྱིར་།རྣལ་འབྱོར་གྱི་དོན་དམ་པ་བློ་ལས་འདས་པའི་དབྱིངས་སུ་མངའ་བརྙེས་ཤིང་། ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བར་མཛད་ཅིང། མཧཱ
མུ་དྲའི་དོན་ཁོང་དུ་ཆུད་པས། དབང་ཕྱུག་ཆེན་པོ་། ཆོས་ཐམས་ཅད་གཉིས་སུ་མེད་པར་སྟོན་པ་དང། བདེ་བ་ཆེན་པོར་སྟོན་པ་དང། བྲི་བ་དང་བྲལ་བར་སྟོན་པ་དང་།བྲི་བ་དང་གང་བ་མེད་པར་སྟོན་པར་མཛད་པས་དཔལ་སར་ཧའོ། །དེ་ལྟ་བུའི་དོན་རྣམས་སངས
རྒྱས་ནས་ད་ལྟའི་བར་དུ་བརྒྱུད་པ་རྒྱུན་མ་ཆད་པར་མ་འོངས་པའི་དོན་དུ་གདམས་ངག་ཏུ་མཛད་པས་ཞལ་སྔ་ནས་མཛད་པ། གང་མཛད་ན་གཉིས་སྣང་མ་ལུས་པ་བཅོམ་ནས་།གཉིས་སྣང་ལ་བཀའ་བསྐྱོན་པ་དང། མི་བསླུ་བའི་ཆོས་ཉིད་བྲི་བ་དང་གང་བ་མེད
པ་མགུར་དུ་བཞེས་པ་དེ། རྒྱ་རིམ་པ་བདུན་གྱིས་བཏབ་ནས་ཤིན་ཏུ་རུབ་པའི་དོན། སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་ལས། འདི་ནི་ཤིན་ཏུ་སྤྲོས་མེད་དུ་མཛད་པ་དང། དྲན་པའི་ཡིད་ཐམས་ཅད་དྲན་མེད་ཀྱི་ངང་དུ་ཡིད་འཕྲོག
པར་བྱེད་པས། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ། ཆོས་ཉིད་ཀྱི་དོན་བརྡ་དང་ཐབས་མ་ལུས་པའི་སྒོ་ནས་གཏན་ལ་ཕབ་པ་རྫོགས་སོ། །ཞེས་བྱ་བའི་ཐ་ཚིག་གོ་།དུས་གསུམ་བདེ་གཤེགས་དགོངས་པ་བློ་ཡི་སྤྱོད
ཡུལ་མ་ཡིན་ཡང། །མཉམ་པ་ཉིད་ཀྱི་ཐུགས་རྗེས་སེམས་ཅན་ཀུན་ལ་ཁྱབ་པར་མཛད། །དེ་དོགས་མེད་པའི་སྐུ་གསུམ་ལྷུན་གྲུབ་འཁོར་བ་རང་བཞིན་དག་།འབད་རྩོལ་བྲལ་བའི་རྟོགས་པར་རང་རྒྱུད་གྲོལ་བ་སྙིང་པོའི་དོན། །དྲན་པའི་རྗེས་སུ་འབྲང་པའི་སྤྱོད
ཡུལ་མ་ཡིན་དོན་དང་རིང། །རང་བཞིན་གནས་ལུགས་དོན་ལ་སེམས་ཅན་སངས་རྒྱས་མ་གྲུབ་པ། །རི་ཁྲོད་བྱམས་མགོན་བཛྲ་པཱ་ཎིའི་ཐུགས་ལས་བདག་གིས་རྙེད། །སྐྱེ་མེད་བདེ་ཆེན་སྨྱོན་པའི་དག་ལ་བདེན་པར་གང་འཛིན་པ། །ཚིག་དང་དོན་ལ
འབྲེལ་མེད་བརྡ་དོན་ཅུང་ཞིག་བརྩམས་པ་འདིས། །ཁམས་གསུམ་མ་ལུས་དྲ་བའི་འོད་འབར་སྐུ་གསུམ་ཐོབ་པར་ཤོག་།དོ་ཧ་མཛོད་ཅེས་བྱ་བའི། སྤྱོད་པའི་གླུའི་འགྲེལ་བ། དོན་གྱི་སྒྲོན་མ་ཞེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། །སྐྱེ་མེད་བདེ་ཆེན
གྱི་ཞལ་སྔ་ནས་མཛད་པ། རང་འགྱུར་དུ་བསྒྱུར་ནས་གཏན་ལ་ཕབ་བརྫོགས་སོ།། །། *། །ཀ་ཁའི་དོ་ཧ་ཞེས་བྱ་བ་བཞུགས་སོ།། *། །རྒྱ་གར་སྐད་དུ། ཀ་ཁ་སྱ་དོ་ཧཱ་ནཱ་མ།
བོད་སྐད་དུ་།
CLOSE WINDOW