CLOSE WINDOW

N1878: དགའ་བཅུགས་ལྔ་པ
Wyliee-texts based on the ACIP/ALL Input

།དེ་ལྟའི་དེ་ཉིད་ངེས་རྟོགས་ན། །ཇི་ལྟ་དེ་ལྟར་གང་དེ་ན། །རྣལ་འབྱོར་མིག་ནི་རྒྱས་འགྱུར་བས། །ཀུན་ཏུ་སེང་གེ་ཇི་བཞིན་ནོ། །འཇིག་རྟེན་ཆོས་ལ་རྣམ་ལོག་འདིས། །སྨྱོན་པའི་སྤྱོད་པ་ལ་བརྟེན་ནས།། བདག་བྱིན་བརླབ་པས་རྣམ་བརྒྱན་ནས། །དམིགས་པ་མེད་པར་ཐམས་ཅད་བྱེད། །དྲི་མེད་དེ་ཉིད་གང་བསྟན་ཅིང། །གཉིས་སུ་མེད་པར་གང་སྨྲས་པ། །མཉམ་དང་མི་མཉམ་འདི་སྤངས་ནས། །བློ་ཆེན་རྣམས་ཀྱིས་རྟོགས་བྱའི་རིགས། །དེ་ཁོ་ན་ཉིད་བཅུ་པ། སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ། ། །།བླ་མ་ཕྱག་ན་དང། མཚུར་གྱིས་བསྒྱུར་བའོ། །ཕྱིས་ལོ་ཙ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་རོ།། །།རྒྱ་གར་སྐད་དུ། ཛུ་ག་ན་དྭ་པྲ་ཀ་ས་ནཱ་མ། བོད་སྐད་དུ། ཟུང་དུ་འཇུག་པ་རབ་ཏུ་གསལ་བ་བསྟན་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་དང་གང་སྣང་དེ་དག་པར། །རྟོགས་པར་གྱུར་ན་མི་འགྱུར་ཉིད། །རྐྱེན་ལས་སྐྱེས་པ་དེ་འགྱུར་བ། །དེ་ཡང་རྐྱེན་ལས་དེ་མ་སྐྱེས། །གཟུགས་ལས གཟུངས་ནི་ཡོད་མ་ཡིན། །མིག་ལ་ཡང་ནི་ཡོད་མ་ཡིན། །དེ་སྐྱེས་རྣམ་ཤེས་ལ་ཡང་མིན། །ཇི་ལྟར་གཙུབ་ཤིང་མི་སྟན་བཞིན། །གཙུབ་ཤིང་དང་ནི་གཙུབ་གཏན་དང། །སྐྱེས་བུའི་ལག་པ་མ་བརྟེན་པར། །སྔོན་དུ་མ་ནི་གྲུབ་པ་མེད། །དེ་ནི་འདི་དག་བརྟེན་ནས འབྱུང། །བདག་གི་བུ་བས་སྔར་རྨོངས་སམ། །འོན་ཏེ་བུ་ལས་རྨོངས་པར་འགྱུར། །བུ་ཉིད་ལ་ནི་སྔར་ཞེན་པ། ད་ནི་རྫས་སུ་ཡོད་མ་ཡིན། །དེ་ལྟར་རྐྱེན་ཉིད་འབའ་ཞིག་ཕྱིར། །ཆོས་རྣམས་རང་བཞིན་མེད་པ་ཉིད། །དེ་ལ་གནས་པའི་རྣལ་འབྱོར་པས། །བདེ མཆོག་ལས་ནི་ཉམས་མི་འགྱུར། །ཐམས་ཅད་བླང་དང་དོར་མེད་ཀྱང། །ཐ་སྙད་དུ་ནི་འཇུག་པར་འགྱུར། །འདི་དག་སྒྱུ་མ་བཞིན་དངོས་མེད། །རྐྱེན་ལས་བྱུང་བར་རྟོགས་པའི་ཕྱིར། །མ་སྐྱེས་ཕྱིར་ན་རང་བཞིན་མེད། །རྐྱེན་ལས་བྱུང་བ་མི་འགག་ཉིད། །དངོས་དང་དངོས མེད་ཉམས་པས་ན། །ཟུང་དུ་འཇུག་པ་སྣང་བར་འགྱུར། །སྟོང་པ་སྙིང་རྗེ་གཅིག་གྱུར་པ། །རང་གི་རྟོག་པས་བྱས་པ་མིན། །སྟོང་པ་ཉིད་དང་རབ་གསལ་བ། །རང་བཞིན་ཟུང་དུ་འཇུག་པ་ཉིད། །རྣམ་པ་ཀུན་མཆོག་རྒྱས་ལྡན་པའི། །ཟབ་མོ་གཉུག་མའི་སྙིང་པོ་ཉིད། །མངོན སུམ་རིག་པ་སངས་རྒྱས་ཀྱིས། །མཆོད་པ་ལེགས་སྦྱོར་བྱེད་པ་ཡིན། །ལུས་དང་ངག་དང་སེམས་ཀྱིས་ནི། །རྟག་ཏུ་བློ་བཟང་རབ་གནས་ན། །སྤྱོད་པ་བྱེད་དང་མི་བྱེད་ཀྱང། །དེ་ལ་སྤྱོད་པ་བྱེད་ཅེས་བརྗོད། །ཟུང་དུ་འཇུག་པ་རབ་ཏུ་གསལ་བ་བསྟན་པ་ཞེས་བྱ་བ། སློབ དཔོན་ཨ་བ་དྷཱུ་ཏཱིས་མཛད་པ་རྫོགས་སོ། ། །།བཛྲ་པཱ་ཎི་དང། ནགས་ཚོས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། པྲི་ཎ་པཉྩ་ཀ་།བོད་སྐད་དུ། དགའ་བཅུགས་ལྔ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །སྣང་བ་མཆོག ཏུ་བཅུགས་པ་ནི། ། །།བཛྲ་པཱ་ཎི་དང། ནགས་ཚོས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། པྲི་ཎ་པཉྩ་ཀ་།བོད་སྐད་དུ། དགའ་བཅུགས་ལྔ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །སྣང་བ་མཆོག ཏུ་བཅུགས་པ་ནི། །རྟེན་ཅིང་འབྲེལ་འབྱུང་ཙམ་ཉིད་དེ། །མེད་པར་འགྱུར་ན་སྟོང་པ་ཉིད། །འདོད་པ་མོ་དངོས་འཆིང་བར་འགྱུར། །སྟོང་ཉིད་ཤིན་ཏུ་མཆོག་གྱུར་པའི། །མཛའ་བོ་དཔེ་མེད་གཟུགས་ལྡན་གང། །དེ་དང་རྒྱལ་བྱེད་ན་ནི། །དགའ་བ་དེ་ཡི་གཙོ་བོ་བརླག པར་འགྱུར། །རྟེན་ཅིང་འབྲེལ་འབྱུང་ཙམ་ཉིད་དེ། །མེད་པར་འགྱུར་ན་སྟོང་པ་ཉིད། །འདོད་པ་མོ་དངོས་འཆིང་བར་འགྱུར། །སྟོང་ཉིད་ཤིན་ཏུ་མཆོག་གྱུར་པའི། །མཛའ་བོ་དཔེ་མེད་གཟུགས་ལྡན་གང། །དེ་དང་རྒྱལ་བྱེད་ན་ནི། །དགའ་བ་དེ་ཡི་གཙོ་བོ་བརླག པར་འགྱུར། །དེ་ཕྱིར་དོགས་པས་ཁྱོ་ཤུགས་གཉིས། །བླ་མ་དམ་པའི་སྤྱན་སྔར་གནས། །དེ་ཡིས་དེ་དག་སྔོན་བཞིན་དུ། །དགའ་བས་ལྷན་ཅིག་བཅུགས་པར་མཛད། །ེ་མའོ་བླ་མ་མཆོག་མཁས་ནི། །འདི་ལྟ་བུ་ལ་མཁས་པ་མཚར། །རང་བཞིན་གཉིས མེད་དམིགས་པ་མེད། །དེ་ཕྱིར་དོགས་པས་ཁྱོ་ཤུགས་གཉིས། །བླ་མ་དམ་པའི་སྤྱན་སྔར་གནས། །དེ་ཡིས་དེ་དག་སྔོན་བཞིན་དུ། །དགའ་བས་ལྷན་ཅིག་བཅུགས་པར་མཛད། །ེ་མའོ་བླ་མ་མཆོག་མཁས་ནི། །འདི་ལྟ་བུ་ལ་མཁས་པ་མཚར། །རང་བཞིན་གཉིས མེད་དམིགས་པ་མེད། །བླ་ན་མེད་པར་གཉིས་ཀ་སྐྱེས། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཛའ་གཉིས་རྣམ་པར་སྤངས་པ་སྟེ། །དངོས་པོ་ཀུན་གྱི་ངོ་བོ་ཉིད། །རང་བཞིན་མེད་པར་རྟག་ཏུ་ཤར། །དགའ་བཅུགས་ལྔ་པ། སློབ་དཔོན་མཻ་ཏྲི་པས་མཛད་པ རྫོགས་སོ། །བླ་ན་མེད་པར་གཉིས་ཀ་སྐྱེས། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཛའ་གཉིས་རྣམ་པར་སྤངས་པ་སྟེ། །དངོས་པོ་ཀུན་གྱི་ངོ་བོ་ཉིད། །རང་བཞིན་མེད་པར་རྟག་ཏུ་ཤར། །དགའ་བཅུགས་ལྔ་པ། སློབ་དཔོན་མཻ་ཏྲི་པས་མཛད་པ རྫོགས་སོ། ། །།བླ་མ་ཕྱག་ནའི་ཞལ་སྔ་ནས་དང། ལོ་ཙ་བ་རྨ་བན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ནི་པྲེ་ཏེ་པཉྩ་ཀ་།བོད་སྐད་དུ། མི་ཕྱེད་པ་ལྔ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྟོགས ན་འགྲོ་བ་དག་། ། །།བླ་མ་ཕྱག་ནའི་ཞལ་སྔ་ནས་དང། ལོ་ཙ་བ་རྨ་བན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ནི་པྲེ་ཏེ་པཉྩ་ཀ་།བོད་སྐད་དུ། མི་ཕྱེད་པ་ལྔ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྟོགས ན་འགྲོ་བ་དག་།

CLOSE WINDOW