CLOSE WINDOW

N1857: རྒྱུད་མ་ལུས་པའི་དོན་ངེས་པར་སྐུལ་བར་བྱེད་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

རྒྱུད་མ་ལུས་པའི་དོན་ངེས་པར་སྐུལ་བར་བྱེད་པ་དཔལ་གསང་བ་སྒྲུབ་པ་བཞུགས་སོ། ། རྒྱ་གར་སྐད་དུ། ས་ཀ་ལ་ཏནྟྲ་ས་བྷ་བཱ་སཉྩོ་ཏ་ནི་ཤྲཱི་གུ་ཧཡ་སིདྡྷི་ནཱ་མ:། བོད་སྐད་དུ། རྒྱུད་མ་ལུས པའི་དོན་ངེས་པར་སྐུལ་བར་བྱེད་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇམ དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་པོ་མེད་ཅིང་ཁྱབ་པ་མཆོག་ཏུ་ཞི་བའི་གོ་འཕང་འཇིག་རྟེན་སྤྱོད་པ་དག་ལས རྣམ་གྲོལ་མ། །གང་ཞིག་རྟག་འབྱུང་ཞི་ལ་རྒྱལ་བ་དམ་པ་ཁྱུ་མཆོག་རྣམས་ཀྱིས་ཕྱག་བྱས་བསམ་གཏན་དང་བྲལ་བ། །ཅི ཡང་རུང་བའི་གནས་གྱུར་དཔལ་ལྡན་རྒྱལ་བའི་སྐུ་ཡི་དམ་པ་རྣམ་དག་ནང་གི་བདག་ཉིད་ཀྱིས་འཇུག་པ། །སངས་རྒྱས ཀྱིས་ཀྱང་རྟོགས་པར་བྱ་བ་མིན་ཞིང་དྲི་མ་རྣམས་དང་བྲལ་བའི་དེ་ཉིད་དེ་ལ་ཕྱག་འཚལ་ནས། །གོ་འཕང་མཆོག་ཏུ་འགྲོ་བ་ཚོལ་བྱེད་ཕོ ཉ་མཆོག་གྱུར་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིང། །སྤྱོད་པ་སྣ་ཚོགས་དང་འབྲེལ་རྩོད་པའི་དྲི་མའི་བགེགས་ཀྱིས་བྱས་པའི་གཡེང བ་སྤོང་བྱེད་པའི། །དངོས་གྲུབ་རྣམས་ཀྱི་སྐྱེ་ས་རྒྱལ་བ་རྣམས་ཀྱི་ཡོན་ཏན་བརྒྱ་ཕྲག་མང་པོའི་གནས་གྱུར་མ་ལྟ་བུ། །མཆོག་ཏུ་ལེགས སྤྱོད་ཐར་པ་སྟེར་བྱེད་རིན་ཆེན་གྱུར་པ་དཔལ་ལྡན་གསང་བ་གྲུབ་པ་བཤད། །ཡོན་ཏན་དཔག་མེད་གཞིར་གྱུར་པ། །མི་ཕྱེད་རྡོ་རྗེ་གསུམ་གྱི་སྐུ། །གང་གི་སྤྱོད ཡུལ་ལས་འདས་པ། །དང་པོར་བདེ་ཆེན་ཕྱག་བྱས་ནས། །གསང་བ་གྲུབ་པ་བླ་མེད་པ། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །སེམས་ནི་སྙིང་རྗེའི་དབང་གྱུར པས། །པདྨ་རྡོ་རྗེ་བདག་གིས་བཤད། །རྒྱུད་གཞན་དུ་མ་ཉིད་དུ་ཡང། །སངས་རྒྱས་མགོན་པོས་མ་གསུངས་པ། །ངེས་པའི་མན་ངག་དང་ལྡན་པས། ། དེ་ནི་ད་ལྟར་བདག་གིས་བཤད། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །འབད་པ་ཐམས་ཅད་སྤང་བར་བྱ། །བསྐྱེད་པ་མང་ཞིང་རིང་བ་དང། །དང པོའི་ལས་ཅན་བསྒོམ་པའི་ཕྱིར། །རྒྱུད་ཀྱི་དམ་པའི་དངོས་བརྟེན་ནས། །དངོས་གྲུབ་བསྡུ་བའི་མཚན་ཉིད་ཅན། །བསྒོམ་པ་ཡི་ནི་བར་ཆད་ཅན། །རྒྱས པ་ཐམས་ཅད་རྣམ་སྤངས་ལ། །སངས་རྒྱས་དངོས་གྲུབ་ལེགས་སྟེར་བ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །གསང་བ་གྲུབ་པ་བླ་མེད་པ། ། བཟང་པོས་མདོར་བསྡུས་བཤད་པར་བྱ། །དགེ་འབྱུང་ཉོན་མོངས་མེད་པ་དང། །བགེགས་རྣམས་ཐམས་ཅད་འཇིགས་མཛད་ཅིང། །དངོས་གྲུབ་ཀུན་གྱི་རྟེན གྱུར་པ། །ཡིད་བཞིན་ནོར་བུ་མཆོག་ལྟ་བུ། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཅིང། །གཡེང་བའི་དགྲ་རྣམས་འཇོམས་བྱེད་པ། །དོན་རྣམས་ཐམས ཅད་གྲུབ་བྱེད་པ། །མངོན་པར་བྱང་ཆུབ་མཚན་ཉིད་དོ། །གང་དང་གང་དེར་གནས་ན་ཡང། །ཐབས་བཟང་དག་དང་ལྡན་པ་ཡིས། །བསྒོམ་པ་དག་ལ་རབ གནས་ན། །སྒྲུབ་པོ་གང་དེ་དངོས་གྲུབ་འགྱུར། །སྦས་པའི་བརྟུལ་ཞུགས་དང་ལྡན་པས། །ཆོས་རྣམས་དང་ཡང་འགལ་མེད་པར། །རྡོར་གསུམ་དབྱེ་རུ མེད་གཟུགས་ཅན། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །དུས་ཀྱི་ངེས་པ་ཡོངས་སྤངས་ནས། །བླ་མེད་གནས་སུ་འགྲོ་བར་འགྱུར། །སྲོག་ཆགས་གསོད་ཅིང་ཁྲོ་བ་དང། །གང་ཡང་ཁྲོ་བའི་ལས་དགའ་ཞིང། ། རྫུན་གྱི་ཚིག་གིས་སྤྲོས་པ་ཡིས། །མི་གང་རྨོངས་པས་འཚོ་བ་ཡི། །མི་དེ་དག་ཀྱང་མྱུར་བར་འདིར། །སྤྱོད་པ་འདིས་ནི་འགྲུབ་པར་འགྱུར། །གཞན་གྱི་ཆུང་མ་སྤྱོད་པ་དང། །གཞན་གྱི་ནོར་ལ་རྐུ་བ་དང། །དམན་པའི ལས་ཅན་སྨད་པ་གང། །རྟག་ཏུ་སྤྱོད་པར་བྱེད་པ་དང། །གང་ལ་སྤྱོད་པས་འདོད་ཁམས་ཀྱི། །སྟེང་གི་ཕ་རོལ་འགྲོ་བར་འགྱུར། །སྦས་པའི་རྟུལ་ཞུགས་ངོ་བོ་ཉིད། །སྒྲུབ་པ་པོ་ལ་བདག་གིས་བརྗོད། །གསང་བའི སྤྱོད་པ་མཆོག་བཟང་པོ། །དངོས་གྲུབ་ཀུན་སྟེར་ཐབས་བཅས་པ། །རྡོ་རྗེ་སེམས་དཔའ་ཨི་གནས་གང་ཡིན། །ཚེ་འདིས་ལ་ལས་ཐོབ་པར་འགྱུར། །གང་ཞིག་མཆོག་ཏུ་ཞི་བ་ཉིད། །སངས་རྒྱས་རྣམས་ཀྱིས་རྟོགས པའི་གནས། །ཐོབ་པར་འདོད་པས་མཆོག་ཞི་བ། །གསང་བ་གྲུབ་པས་བསྒྲུབ་པར་བྱ། །རྫོགས་པའི་རིམ་པའི་རྣལ་འབྱོར་ཉིད། །དེ་ཉིད་ལྡན་པས་བསྒོམ་པར་བྱ། །གཞན་དུ་དེ་ཉིད་དམན་པས་ནི། ། དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེ་ཉིད་བརྟགས་པ་རྣམས་ལས་གཞན། །ཁྱད་པར་ཐམས་ཅད་རྣམ་སྤངས་ཤིང། །མཚན་མ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །ལུང དང་བསྟན་བཅོས་ལུགས་རིམ་པས། །ཇི་སྲིད་རྟོག་པ་དང་བཅས་པས། །དེ་སྲིད་བར་དུ་རྒྱས་འགྱུར་ཏེ། །ཆུ་ལ་འབྲུ་མར་ཐིམ་པ་བཞིན། །རེ་ཞིག་རྟོགས་དེས་དགོས་མེད་ཆོག་།རྣམ་རྟོག་སྣ་ཚོགས་བྱེད་པ ཡི། །བསྟན་བཅོས་དེ་ཉིད་ཚོལ་མི་དགོས། །བསྐྱེད་པའི་རིམ་པའི་ངོ་བོ་ཉིད། །དང་པོར་དེ་ཉིད་ཤེས་བྱས་ལ། །དེ་ཉིད་བསྒྲུབ་ཕྱིར་ཉེས་གནས་བྱ། །དེ་ནས་བསྒོམ་ལ་འབད་པ་ཡིས། །ཉམས སུ་མྱོང་བ་བསྐྱེད་པར་བྱ། །དེ་ཉིད་གསལ་བར་གྱུར་སེམས་ཀྱིས། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །རིག་པ་དང་ལྡན་བརྟུལ་ཞུགས་ཀྱང། །དེ་ཡི་རྗེས་ལ་སྤྱད་པར་བྱ། །གཅིག་པུ་བརྟན་པའི སེམས་ཀྱིས་ནི། །གསང་བའི་སྤྱོད་པ་སྤྱད་ནས་ནི། །དེ་ནི་མཐར་ཐུག་སྐྱེས་གྱུར་ནས། །ཕྱི་ནས་རིག་པའི་བརྟུལ་ཞུགས་སྤྱད། །གཞན་དུ་དེ་ཉིད་དམན་པ་ཡི་། ། འཚོ་བའི་རྒྱུ་ཅན་ཉིད་གྱུར་པ། །དམྱལ་བ་འཐོབ་པར་བྱེད་པའི་རྒྱུ། །བརྟུལ་ཞུགས་ཀྱིས་ནི་ཅི་ཞིག་བྱ། །གྲུབ་པོ་དེ་ཉིད་ལ་གནས་པས། །བརྟུལ་ཞུགས་མེད་པར་འགྲུབ་པར་འགྱུར། ། བརྟུལ་ཞུགས་བརྒྱ་ཕྲག་ལ་སྤྱད་ཀྱང། །དེ་ཉིད་དམན་ན་འགྲུབ་མི་འགྱུར། །དེ་ཉིད་ལྡན་ན་ཐམས་ཅད་ཀྱིས། །དྲི་མེད་དེ་ནི་འགྲུབ་པར་འགྱུར། །སྒྲུབ་པོ་སྒོམ་པ་དང་ལྡན་ཞིང། །སྡིག་པ་ཀུན་ལས་རྣམ གྲོལ་བས། །བརྟུལ་ཞུགས་ཀྱིས་ནི་ཆགས་མེད་ཐོབ། །དངོས་གྲུབ་རྒྱལ་བས་ཐོབ་མ་གསུངས། །དངོས་གྲུབ་དེ་ཉིད་ཤེས་གྱུར་ནས། །འཐོབ་ཀྱི་བརྟུལ་ཞུགས་ཀྱིས་ནི་མིན། །ཆགས་པ་ཀུན་ལས་ལོག་གྱུར་ཅིང། །སློངས་མོ་གཙོ་བོར་བྱ་བ་སྟེ། །དེ་ཙམ་བརྟུལ་ཞུགས ཀྱིས་ཁྱབ་འགྱུར། །དེ་ཉིད་སྤངས་ནས་དངོས་གྲུབ་མེད། །འབབ?་སྟེགས?་ལྷ་རྟེན་སྦྱིན་པའང་མིན། །ཁྲུས་དང་དཀའ་ཐུབ་དེ་བཞིན་ཏེ། །འདི་ཀུན་བདེན་པ་མ་ཡིན་གྱི། །འདི་ཉིད་གཅིག་པུ་བདེན་པ་ཉིད། །གནོད་པ་སྐྱེད་པར་བྱེད་པ་ཡི། །ངན་པའི་ལས་དག་སྔོན བྱས་པས། །དེ་ཉིད་དམན་པའི་ལུས་ཅན་གྱིས། །བརྟུལ་ཞུགས་ངོ་བོ་མ་ལུས་མྱོང། །མཚམས་མེད་ལྔ་པོ་བྱེད་པ་དང། །སྲིད་བར་ངལ་བར་བྱས་པས་ཀྱང། །དེ་ཉིད་ལྡན་ན་འགྲུབ་འགྱུར་ཏེ། །ནོར་རྣམས་ཕུན་ཚོགས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་སྒོམ་བྱེད་ན།། བརྟུལ་ཞུགས་མེད་ཀྱང་དེ་ཉིད་ནི། །ངེས་པར་བླ་ན་མེད་པར་འགྲོ་།ལུང་གི་སྤྱོད་པ་ལས་གསུངས་པའི། །བརྟུལ་ཞུགས་གང་ཞིག་འདིར་གནས་བ། །ནོར་རྣམས་སྒྲུབ་པར་མི་ནུས་པས། །འཚོ་བའི་ཕྱིར་ནི་བརྟག་པ་ཉིད། །ཕུང་པོ་ལྔ་ཡི་རང་བཞིན གཟུགས། །རྣམ་པར་ཤེས་པའི་གཞིར་གྱུར་ལྟར། །དེ་ལྟར་དེ་ཉིད་ལྡན་བརྟུལ་ཞུགས། །དེ་ཉིད་ལས་ནི་འཇུག་པར་བརྟན། །འདུལ་བའི་ཐབས་ཀྱི་རྒྱུ་ཕྱིར་དང། །ནོར་ལ་སོགས་པ་བསྒྲུབ་ཕྱིར་དང། །སེམས་ཅན་དོན་དུ་དེ་ཉིད་བཅས། །བརྟུལ་ཞུགས ཞལ་གྱིས་བཞེས་པ་ཡིན། །འཚོ་བ་ཡིས་ནི་ཐབས་ཙམ་དུ། །སོ་སོའི་སྐྱེ་བོས་གཙོར་བྱེད་པས། །ཇི་ལྟར་མཚན་མའི་ཆེ་བ་ཉིད། །དེ་ཉིད་བྲལ་ན་དངོས་གྲུབ་མེད། །ནོར་གྱི་འབྱོར་པ་ལྡན་པའི་བདག་།རྟག་ཏུ་བསྒོམས་པར་རལ་བྱས་པའི།། སྨྱོན་པའི་གཟུགས་ཉིད་ལ་བརྟེན་ཅིང། །གསང་བ་གྲུབ་པར་རྣམ་གནས་ནས། །དེ་ཉིད་རྡོ་རྗེ་འཆང་བླ་མ། །བསྒོམ་དང་ལྡན་པས་འགྲུབ་པར་འགྱུར། །གཞན་དུ་དེ་ཉིད་ལྡན་གྱུར་ཀྱང། །དངོས་གྲུབ་འབྲས་བུའི་སྣོད་མི་འགྱུར། །དེ་ལྟར ཕྱི་རོལ་ཡོངས་བཅད་ལ། །དེ་ཉིད་བླ་མེད་ཤེས་བྱས་ནས། །སངས་རྒྱས་ཉིད་དུ་ངེས་བྱ་སྟེ། །བློ་ལྡན་གསང་བ་གྲུབ་པར་སྤྱོད། །རྣམ་པར་གཡེང་བ་ཀུན་གྱི་གཞི། །བརྟུལ་ཞུགས་སྤངས་ཤིང་དེ་ཉིད་ཤེས། །ཤེས་རབ ཐབས་ཀྱི་ཆོ་ག་ཡིས། །གོ་འཕང་མཆོག་ནི་བསྒྲུབ་པར་བྱ། །དེ་ཉིད་དེ་ཡང་རྒྱུད་གནས་པས། །དཔལ་ལྡན་གསང་བ་འདུས་པར་གསལ། །སྤྲོས་པ་དུ་མ་རྒྱས་གྱུར་པས། །གཞན་དུ་སྦས་ནས་བསྟན་པ་ཡིན། །བྱ་བ་སྤྱོད་པའི་དབྱེ་བ་དང། །མདོ་སྡེའི་སྡེ་སྣོད ལ་སོགས་སུ། །མཆོག་ཏུ་དག་པ་གཅིག་པུ་ཉིད། །རྣམ་པ་དུ་མར་རྣམ་པར་གནས། །ཕུང་པོ་རིན་ཆེན་སྣོད་ཉིད་དུ། །སེམས་ཅན་བསམ་པའི་བྱེ་བྲག་གིས། །དེ་ཉིད་འབད་པས་སྦ་མཛད་ནས། །སངས་རྒྱས་མགོན་པོས་རྣམ་པར་བཞག་།བྱང་ཆུབ་སེམས མཆོག་རྣམ་པར་དག་། བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །རང་གི་ལུས་ལ་རབ་གནས་པ། །དེ་ནི་འབད་པས་རིག་པར་བྱ། །དེ་ནས་སྤྱོད་པ་བྱ་བ་འམ། །ཁྱིམ་དུ་གནས་ཏེ་བསྒོམ་པར་བྱ། །དེ་ཉིད་རིན་ཆེན་རྣམ་དག་བདག་།རྩོད་པ་ཐམས་ཅད་རྣམ་སྤངས པ། །ཐབས་བཟངས་པོ་ནི་རྣམ་སྤངས་ནས། །འགལ་བའི་དམ་ཚིག་ལ་སོགས་ལ། །གཞན་དུ་གང་ཞིག་སྒྲུབ་གྱུར་པ། །དེ་ནི་དུ་འབད་སོགས་པར་འཚེད། །ཇི་ལྟར་མེ་ནི་འབར་གྱུར་པ། །དེ་ནི་རྩ་ཤིང་ཕུང་པོ་དག་།བཅུག་ནས་ཐལ་བ་ཉིད་དུ་འགྱུར། །མྱུ གུ་སོགས་པའང་འབྱུང་མི་འགྱུར། །དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་བར་དུ། །ཤི་བའི་འོག་ཏུ་དམྱལ་བར་འགྲོ་།ཇི་ལྟར་འགའ་ཞིག་སྦྲུལ་གདུག་ལ། །སྨན་དང་སྔགས་སོགས་མི་ལྡན་པར།། རྨོངས་པ་བདག་ཉིད་གང་རྩེ་བ། །གཤིན་རྗེའི་གནས་འགྲོ་འདོད་པ་ཡིན། །ཇི་ལྟར་མཛའ་མེད་རྒྱ་མཚོ་ལ། །གྲུ་མེད་གཞན་ཞིག་འཇུག་འགྱུར་བ། །ཐབས་དང་རྟེན་མེད་གྱུར་ནས་ནི། །སྐད་ཅིག་གིས་ནི་འཆི་བར་འགྱུར། །དེ་བཞིན་ཛ་ཡི་མཛའ་ཅན རྒྱུད། །ཡང་དག་རབ་སྦྱིན་སྤངས་གྱུར་པ། །སྨད་ཅིང་དམན་པའི་ལས་རྣམས་ནི། །བྱས་ན་མནར་མེད་འགྲོ་བར་འགྱུར། །རྙེད་དཀའ་བླ་མེད་གོ་འཕང་མཆོག་།དེ་ཉིད་ཅེས་བྱར་མངོན་བརྗོད་པ། །གང་གིས་དག་པ་དེ་ཐོབ་པ། །དེ་ཡི་ཐབས་ནི་བདག་གིས བརྗོད། བླ་མ་དང་ནི་རྡོ་རྗེ་འཛིན། །གང་གིས་གཉིས་སུ་མེད་པར་མཐོང། །དངོས་གྲུབ་བསྡུས་པའི་མཚན་ཉིད་ཅན། །དེ་ཉིད་དེ་ནི་འདིར་ཐོབ་འགྱུར། །གང་ཡང་ཁྲོ་ཞིང་ང་རྒྱལ་ཅན། །བསླུས་པ་བྱིས་དང་སྤྲོས་ལ་དགའ་། །འདོད་ཅིང་ཆགས་པའི་སེམས ཅན་གང། །གང་ལས་རྙེད་ཅིང་གང་ལས་མིན། །གཡོ་སྒྱུས་བླ་མར་ཕྱག་བྱེད་ཅིང། །སྐྱོན་རྟོག་པ་ལ་ཆེད་དུ་བྱེད། །བརྫུན་པས་ང་རྒྱལ་གདུག་པ་ཅན། །ཚིག་གིས་རྩོད་ལ་རྟག་ཏུ་གནས། །རྡོ་རྗེ་སྤུན་དང་བླ་མ་ལ། །བསླུ་པའི་བསམ་པ་བརྟན་པ་ཅན།། སེམས་ཅན་དེས་ནི་དངོས་གྲུབ་ཀུན། །སྟེར་བའི་གོ་འཕང་དེ་མི་ཐོབ། །འདིར་ནི་འདི་འདྲ་གཞན་ཡང་མཐོང། །ཇི་སྲིད་འདོད་པ་ཐོབ་བར་དུ། །ཕྱག་འཚལ་མཆོད་དང་བསྙེན་བཀུར་གྱིས། །བརྟན་པར་བླ་མ་མཉེས་བྱས་ནས། །གོ་འཕང་མཆོག ནི་ཐོབ་ནས་ནི། །མདུན་ཉིད་ན་ནི་གནས་ན་ཡང། །སུ་ཞིག་གང་ནས་ཇི་ལྟར་འོངས། །རང་བཞིན་ངན་པས་མི་ཤིས་སོ། །གཅིག་པུ་མཐོང་ནས་རིང་པོ་ནས། །གུས་པར་ཕྱག་ནི་འཚལ་བྱེད་ཅིང། །དེ་ཡང་མང་པོའི་ནང་དུ་ནི། །བདེ་བར་བྱོན ནམ་ཙམ་གྱིས་ཕོངས། །དེ་ལྟ་བུ་ཡི་སེམས་ཅན་གང། །མྱ་ངན་འདས་མཆོག་གོ་འཕང་མཆོག་།ཡང་དག་གསུང་པས་གང་གསུངས་པ། །དེ་ཡི་ཐོབ་པར་མི་འགྱུར་རོ། །གཞན་ཡང་སེམས་ཅན་འདི་ལྟ་བུ། །བླ་མ་སྨོད་དང་དག་ཀྱང་མཐོང། །ངོ ཚ་སྤངས་ཤིང་སྤྱོད་པ་རིང། །ཡང་དག་རིམ་པ་སུན་འབྱིན་པ། །རྒྱུད་ནི་བསྡུ་བ་ཙམ་ཉིད་ཀྱིས། །དེ་ཡི་དངོས་ལ་ཁ་ཕྱིར་ལྟས། །དབང་བསྐུར་རྗེས་གནང་མེད་པར་ཡང། །སློབ་མ་དག་ནི་སྡུད་པར་བྱེད། །གླེགས་བམ་མཐོང་བས་དགའ་འགྱུར་ནས། །གསང སྔགས་རང་ཉིད་ལེན་པར་བྱེད། །སློབ་དཔོན་ལས་ནི་ཤེས་མིན་པ། དམ་ཚིག་སྤྱོད་པ་རྣམ་པར་སྤངས། །སེམས་ཅན་རྣམས་ནི་སྡུད་པ་ན། །གླེགས་བམ་བཀའ་ཡི་བྱེད་པ་ཡིན། །དེ་ཉིད་ཤེས་པ་མ་ཡིན་པར། །གང་ཕྱིར་ཡང དག་གསུངས་པས་བསྟན། །དེ་ལྟ་བུ་དང་དེ་དག་ཉིད། །ཀུན་ཀྱང་སྡིག་པའི་ལས་ཅན་དེ། །དམ་པ་མིན་པའི་ལམ་ཞུགས་ནས། །དམྱལ་བ་དག་ཏུ་འགྲོ་བར་གཅིག་།སྡུག་བསྔལ་འབོངས་དང་ཉོན་མོངས་དང། །སྣ་ཚོགས་ནང་ཀྱིས་གཙེས་པའི་མཐར། ཤི་ནས་དམྱལ་བར་འགྲོ་བར་འགྱུར། །སྐྱེ་གནས་ངན་པར་སྐྱེ་བར་འགྱུར། །བདེ་གཤེགས་དངོས་གྲུབ་འདོད་ན་ནི། །དམ་ཚིག་སྤྱོད་པ་སྤངས་པ་ཡིས། །སྒྲུབ་དཀའ་དེ་དང་ལྷན་ཅིག་ཏུ། །གནས་པ་ཉིད་དཱུང་མི་བྱའོ། །དངོས་པོ་ཀུན་གྱི་སློབ་དཔོན ལ། །ཇི་སྲིད་མཉེས་པར་གྱུར་བར་དུ། །ལུས་ངག་ཡིད་ཀྱི་བརྟན་པ་རུ། །དུས་ནི་རིང་པོར་མཉེས་བྱེད་པའི། སློབ་མ་ཤིན་ཏུ་དྲི་མེད་པའི། །དེ་ཉིད་ཡང་དག་རབ་སྦྱིན་གནས། །བླ་མའི་ཞབས་ཀྱིས་བཀའ་དྲིན་གྱིས། །དེ་ནས་བགེགས་མེད་ཐོབ འགྱུར་བ། །རྡོ་རྗེ་གསུམ་དབྱེར་མེད་པའི་དངོས། །དེ་ཉིད་རྒྱལ་པོ་ཡངས་པ་སྟེ། །ཉིན་དང་མཚན་དུ་བསྒོམས་པ་ཡིས། །དངོས་གྲུབ་མྱུར་དུ་དེས་འཐོབ་འགྱུར། །སྔགས་དང་ཕྱག་རྒྱ་རྒྱས་གྱུར་པའི། །དངོས་གྲུབ་སྒྲུབ་པའི་དབང་པོ་ལ། །རྒྱུད་རྣམས་དུ མར་གསུངས་པ་ཡི། །བཟླས་དང་སྦྱིན་བསྲེགས་བརྟུལ་ཞུགས་སོགས། །ཐུན་མཚམས་བཞི་ཡི་ཆོ་ག་ཡི། །ཡུལ་དང་དཀྱིལ་འཁོར་བྲི་ལ་སོགས། ཁ་དོག་གཟུགས་སོགས་དབྱེ་བ་ཡི། །རིག་རྣམས་སུ་ནི་རྣམ་བརྟགས་དང། །ཁྲུས་དང་ལྷ མཆོད་སྨྱུང་བ་དང། །ཕྱག་རྒྱ་འཆིང་བའི་རིགས་དེ་བཞིན། །སྐུ་གཟུགས་ལ་སོགས་ཆོ་ག་དང། །མཆོད་རྟེན་ལས་ནི་རྒྱས་པ་དང། །དེ་ལྟར་རྣམ་པ་སྣ་ཚོགས་པའི། །རྣམ་རྟོག་སྣ་ཚོགས་བྱེད་པ་ཡི། །གྲུབ་པ་སེམས་ཅན་བསམ་རིམ བཞིན། །དཔལ་འབྱུང་བ་ཡི་མགོན་པོས་གསུངས། །དེ་ལྟར་རྣམ་རྟོག་འབུམ་ཕྲག་གི་།ཡང་དག་གསུང་བ་གྲུབ་གསུངས་པ། །དེར་ནི་དངོས་གྲུབ་གང་གྲུབ་པའམ། །འོན་ཀྱང་འདིར་ནི་དེ་མི་འགྲུབ། །ལོ་གཅིག་ལ་སོགས་བསྐལ་བ་དང། །གཅིག དང་གཉིས་སུ་སྲིད་པའི་མཐར། །སྒྲུབ་པོ་གང་གིས་འགྲུབ་འགྱུར་བ། །ཆོས་ཀྱི་རྣམ་གྲངས་རྒྱས་གྱུར་པ། །སྐྱེ་བ་གྲངས་མེད་དུ་མ་རུ། །བསྒོམ་ལ་བརྟན་ཞིང་ཆགས་མེད་པས། །སྒྲུབ་པའི་དབང་པོ་གྲུབ་པ་རུ། །འགྱུར་བར་གང་ཞིག་སྡང གསུངས་པ། །དེ་ནི་རེ་ཞིག་འདིར་མི་དགོས། །ཐོབ་པར་འགྱུར་བ་དགོས་མ་ཡིན། །གྲུབ་པའི་བདེ་བ་ལས་ལྷག་པའི། །ལུས་གདུངས་སྡུག་བསྔལ་གྱི་མི་འཐོབ། །དཔལ་ལྡན་འདུས་པ་ཞེས་བྱ་འདིར། །སྤྲོས་པ་ཐམས་ཅད་རྣམ་སྤངས ནས། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་གྱུར། །སྙིང་པོ་ལས་ཀྱང་སྙིང་པོ་མཆོག་།རྒྱུད་ཀུན་གྱིས་ནི་བླ་མའི་བླ། ། བསྟན་དང་བཤད་པས་རྣམ་གནས་པ། །རྫོགས་པའི་རྣལ་འབྱོར་རིམ་པ་ཉིད། །འདུས་པ་གང་གིས་མི་ཤེས་པ། །དེ་ཡི་དངོས་གྲུབ་ཇི་ལྟར་འགྲུབ། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་ཅིང། །མི་ཤེས་རབ་རིབ་སེལ་བྱེད་པ། །སངས་རྒྱས་རིན་ཆེན ཟ་མ་ཏོག་། དཔལ་ལྡན་འདུས་པ་ཡོངས་སྤངས་ནས། །རྣམ་རྟོག་དུ་མས་བརྟགས་པ་ཡིས། །རྨོངས་པ་དངོས་གྲུབ་འདོད་གྱུར་པ། །མཁའ་ལ་ཁུ་ཚུར་རྡེག་པ་དང། །སྨིག་རྒྱུའི་ཆུ་ལ་འཐུང་བ་བཞིན། །དང་པོའི་ལས་ཅན་བསྒོམ་པ་ཡི། །སྤྲོས་པའི རྒྱུད་རྣམས་སྤང་བྱས་ཤིང། །ཐབས་དང་ཤེས་རབ་ཤེས་བྱས་ནས། །ཇི་ལྟ་བ་བཞིན་རྣམ་པར་མནོས། །དེ་ཕྱིར་ངེས་བྱས་སེམས་གཅིག་པ། །བློ་དང་ལྡན་པས་བསྒོམ་པར་བྱ། །ཉིན་དང་མཚན་དུ་བསྒོམ་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ མེད། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །འདི་ལ་སྨྱུང་བ་བཤད་པ་མེད། །གཉིས་མེད་ཡེ་ཤེས་དང་ལྡན་ན། །བདེ་བར་གཤེགས་པའི་དངོས་གྲུབ་འགྱུར། །ཡོན་ཏན་གཏེར་གྱུར་རྡོ་རྗེ་འཆང་ལ་དྲི་མེད་རྡོ་རྗེ་གསུམ་གྱིས་རྟག་ཏུ གུས་བྱས་ལ། །སྐྱ་བའི་རྒྱ་མཚོ་སྡིག་པའི་རླབས་དག་མང་ལྡན་པ་ལ་གྲུབ་གྱུར་གཅིག་པུ་མཆོག་།གསང་བའི་ཡོན་ཏན་འབྱུང་འགྱུར་དྲི་མ་བྲལ་ཞིང་དོན་ཀུན་སྒྲུབ་ཅིང་རབ་ཏུ་སྦྱིན་པར་བྱེད་པ་ཡི། །རྒྱུད་ནས་གསུངས་པའི་ལམ་དང་ལྡན་པའི་སྒྲུབ པ་བློ་དང་ལྡན་པས་དེང་ནས་བརྩམ་པར་བྱ། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱིས་དམ་པའི་དོན་ངེས་པར་བསྡུས་པས་དཔལ་གསང་བ་གྲུབ་བ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་དང་བརྟུལ་ཞུགས་དང་དེ་ཁོ་ན་ཉིད ངེས་པར་བསྟན་པ་ཞེས་པའི་ལེའུ་སྟེ་དང་པོའོ། ། །།རྒྱུད་གཞན་རིམ་པ་མ་ཡིན་པའི། །ཅུང་ཟད་སྡུས་པའི་ལམ་ཉིད་ལས། །གསང་བ་ལས་བྱུང་སྒྲུབ་པའི་ཐབས། །དེ་ལས་ཡང་དག་བཤད་པར་བྱ། །ཕྱི་རོལ་དེ་ཉིད་བྱ་བའི་ལམ། ། ཤིན་ཏུ་རིང་བ་ཀུན་སྤངས་ལ། །ལུགས་བཅས་རྣལ་འབྱོར་རིམ་པ་ཡིས། །ཇི་ལྟ་བ་བཞིན་བདག་གིས་བརྗོད། །སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར བླ་མ་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྗེ་ཆེ། །གསུང་བ་པོ་དེ་བརྗོད་པའང་དེ། །དེ་ལས་གཞན་དག་ཡོད་མིན་པས། བདེ་ཆེན ལས་གཞན་གསུང་པ་མེད། །འདི་སྐད་ཐོས་པའི་ཚིག་གང་དང། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །དཔལ་ལྡན་བདེ་ཆེན་མགོན་པོ་ཡིས། །བཞུགས་ཞེས་བྱ་བའི་ཚིག་བཟང་པོར།། ཇི་ལྟར་བཟང་པོ་གང་བསྟན་པ། །དེ་བཞིན་བདག་གིས་ཅུང་ཞིག་བརྗོད། །དུས་གཅིག་མཆོག་ཏུ་མདོར་བསྟན་པ། །གང་ཚེ་གཙོ་པོས་གསུངས་པ་ན། །སངས་རྒྱས་རྣམས་ཀྱི་རྒྱུད་བདེན་དོན། །བདེ་བ་ཆེན་པོ་བདག་ཉིད་ཡིན། །རྒྱལ་བའི་སྲས་པོ་ཐམས་ཅད ཀྱིས། །རྒྱུད་དོན་བདེན་པ་དེ་ཐོས་ནས། །འདར་ཞིང་འཇིགས་པ་དང་ལྡན་པས། །དབང་ཕྱུག་མཆོག་ལ་དེ་ཉིད་ཞུས། །དཔའ་བོ་ཆོས་ཉིད་འདི་ལྟ་བུ། །གཙོ་བོ་གསུང་བར་དཀའ་བ་གསུང། །སངས་རྒྱས་ཀུན་ཀྱང་ཐམས་ཅད་དུ། །ཤིན་ཏུ་འཇིགས་པ་སྐྱེད་བྱེད་པ།། རྡོ་རྗེ་ཐེག་པ་བླ་ན་མེད། །ཤིན་ཏུ་གསང་བ་འབྱེད་པར་བྱེད། །ཆོས་ཀུན་མཉམ་ཉིད་གཅིག་ལ་ཉིད། །གང་ཡིན་གཙོ་བོ་ཁྱེད་ཀྱིས་གསུངས། །འདི་སྐད་བརྗོད་པར་གྱུར་པ་ན། །སངས་རྒྱས་གྲགས་ཆེན་ཐམས་ཅད་ཀྱང། །འདར་ཞིང་བརྒྱལ་བར་གྱུར་མ་ཀྱང། །བྱང ཆུབ་སེམས་ནི་ཐུགས་ལ་བཞག་། ཨེ་མའོ་གསང་པ་ལས་གསང་བ། །རྡོ་རྗེ་ཐེག་པའི་བཤད་པ་འདི། །ངོ་བོ་མེད་ཅིང་དག་གྱུར་ལ། །གང་ལས་དཔེ་ཡང་ཡོད་མིན་པས། །སངས་རྒྱས་ཐམས་ཅད་བརྒྱལ་གྱུར་པ། །རྡོ་རྗེ་སེམས་དཔས་དེ་གཟིགས་ནས།། བདེ་བ་ཆེན་པོའི་བདག་ཉིད་ཀྱང། །ཏིང་འཛིན་བཟང་པོ་ལ་གནས་ནས། །དེ་ནས་སངས་རྒྱས་རྡོ་རྗེ་དང། །པདྨའི་སྙོམས་འཇུག་སྦྱོར་བ་མཛད། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱི། །འཇམ་པོའི་གསུང་གིས་གསུང་བར་མཛད། །ཀྱེ་ཀྱེ་རྒྱལ་བ་ཐམས་ཅད གཟིགས། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ཡིན། །གང་དུ་ལུས་ངག་སེམས་མེད་པ། །དེར་ནི་གཟུགས་སུ་རབ་ཏུ་མཐོང། །བྱང་ཆུབ་སེམས་ཀྱི་སྦྱོར་བ་ཡིས། །ཇི་སྲིད་འབད་པས་རྟོགས་འགྱུར་བ། །སངས་རྒྱས་ཀུན་གྱི་གནས་ཤིས་པ། །ཆོས འབྱུང་མི་འགྱུར་ཞི་བ་ཉིད། །ཤེས་རབ་རང་གི་དངོས་དེ་སྲིད། །ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱིས། །སྤྲོས་པ་མེད་ཅིང་དག་པ་ལས། །འདི་དག་ཐམས་ཅད་རྣམ་པར་འཕྲུལ། །མཆོག་ཏུ་ཤིས་ཤིང་རྣམ་དག་གང། །སངས་རྒྱས་ཀུན་གྱིས་ཕྱག བྱས་པའི། །བརྗོད་མིན་ཀུན་ལ་ཁྱབ་པར་གནས། །ཐམས་ཅད་དེ་ཡི་རྣམ་འཕྲུལ་ཡིན། །བཟང་པོ་དེ་ཉིད་གནས་པ་ཡང། །མཁའ་དབྱིངས་ཞེས་བྱའི་སྒྲིབ་བྲལ་ལ། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །སེམས ཅན་ཀུན་གྱི་བདེ་འབྱུང་བྱེད། །རྣམ་དག་ཤེས་རབ་ལུས་ལས་བྱུང། །སངས་རྒྱས་ཀུན་གྱི་གནས་ཞི་པ། །ལྷ་རྫས་ཆོས་འབྱུང་མི་འབྱུང་བ། །གློ་ཡིས་དེ་ནི་བདག་གིས་བརྟན། །འི་ཆ་བྱད་བཟང་པོ་ལ། །དབུས་སུ་བཾ་གིས་རྣམ་པར་བརྒྱན།། བདེ་བ་ཀུན་གྱི་གནས་གྱུར་པས། །སངས་རྒྱས་རིན་ཆེན་ཟ་མ་ཏོག་།རྒྱུད་ཀྱི་དང་པོར་གང་གནས་པ། །དེ་ཕྱིར་དེ་ནི་བཤད་པར་བྱ། །དཔའ་བོ་བདེ་ཆེན་འདི་སྐད་དུ། །དེ་བཞིན་གཤེགས་པ་ཀུན་ལ་གསུངས། །གང་ཞིག་སངས་རྒྱས་ཐམས་ཅད ཀྱིས། །སྐུ་གསུང་ཐུགས་ཀྱི་ཚུལ་དག་གིས། །གནས་ཤིང་དངོས་གྲུབ་བཟང་སྟེར་བ། །ཤེས་རབ་ཅེས་བྱའི་མིང་གི་གནས། །དེ་ལ་གནས་པ་གང་ཡིན་པ། །བྷ་ག་ཞེས་བྱའི་ཡི་གེ་གཉིས། །དག་པའི་དེ་ཉིད་ཅེས་བྱ་སྟེ། །དོན་དམ་པ་དེ་བདག་གིས བརྟེན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །བཅས་པའི་སྐུ་གསུང་རྡོ་རྗེ་ཉིད། །དག་པ་དེ་ལང་གནས་ནས། །ཇི་ལྟར་འདོད་པ་བཞིན་དུ་སྤྱོད། །ཆོས་ཀྱི་འབྱུང་གནས་སྤངས་པ་ཡིས། །ཆོས་གནས་དག་པ་གཞན་དག་མེད། །གང་ལ་སངས་རྒྱས ཀུན་འབྱུང་ཞིང། །སངས་རྒྱས་བྱང་ཆུབ་རབ་གནས་པའོ། །དག་པ་དེ་ཉིད་གནས་མེད་པས། །འཇིག་པ་ཉིད་དུ་མ་བྱེད་ཅིག་།ཆོས་འབྱུང་མི་འགྱུར་ཞི་བ་ཉིད། །རྡོ་རྗེ་བཙུན་མོ་ཉིད་ལ་གནས། །དུད་འགྲོ་ལ་སོགས་འགྲོ་བ་ཀུན། །དེ་ལས་ཐམས་ཅད་འབྱུང བར་འགྱུར། །རྒྱལ་བར་ཅི་ཡི་ཕྱིར་ན་ཡང། །ཁྱོད་ནི་འཇིགས་པ་ཉིད་དུ་འགྱུར། །སངས་རྒྱས་སྙིང་པོ་ལས་བྱུང་བ། །དེ་ནི་དེ་ཡི་ཆོས་ཉིད་མཆོག་།སྙིང་པོའི་ཡེ་ཤེས་མཛའ་གཅིག་པུ། །མ་བྱུང་འབྱུང་བར་མི་འགྱུར་རོ། །དེ་ཉིད་འདི་སྐད་ཐོས་འགྱུར ཏེ། །སངས་རྒྱས་བྱང་ཆུབ་ལ་གནས་ནས། །བྱེ་བ་ཀུན་གྱི་བསྟོད་བྱེད་ཅིང། །ཕྱག་འཚལ་གཟུགས་ཀྱི་འབྱུང་བར་འགྱུར། །སེམས་ཅན་ཀུན་ལ་ཕན་སྟོན་པའི། །སྙན་པའི་ཚིག་རྣམས་སྨྲ་བྱེད་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་ནི། །འགྲོ་བའི་མགོན་གྱིས་བཤད དུ་གསོལ། །སངས་རྒྱས་ཀུན་གཙོ་ཡོངས་དག་པ། །རྡོ་རྗེ་ཐེག་པ་སྐོར་མཛད་ཅིང། །འགྱུར་བ་མེད་ཅིང་སྣང་བ་མེད། །གནས་མེད་དེ་ཉིད་བཤད་དུ་གསོལ། །དཔའ་བོ་ཉོན་མོངས་མཚོ་ཆེན་ལས། །རྒྱལ་བས་ཇི་ལྟར་ངེས་གྲོལ་བའི། །དེ་ཉིད་མཆོག་ནི་བཤད དུ་གསོལ། །དེ་ཉིད་ཀུན་གྱི་མཆོག་གི་མཆོག་།བཞུགས་ཞེས་བྱ་བའི་ཚིག་གི་འགོར། །ེ་བཾ་ཚིག་གིས་རྣམ་བརྒྱན་པ། །གང་ཞིག་ཤེས་བ་ཙམ་གྱིས་ནི། །བདེ་གཤེགས་དངོས་གྲུབ་འབྱུང་འགྱུར་བའོ། །དཔལ་ལྡན་བདེ་ཆེན་རྡོ་རྗེ་འཆང། །དེ་ལྟར གསོལ་འདེབས་གསན་གྱུར་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །གོ་འཕང་མཆོག་ནི་གསུང་བར་མཛད། །འདི་ལྟར་སངས་རྒྱས་ཐམས་ཅད་ལ། །རྡོ་རྗེ་སྙིང་པོ་ཀུན་བསྡུས་པ། །ཤིན་ཏུ་གསང་བ་ཕྱེད་མཛད་ནས། །རྡོ་རྗེ་ཐུགས་ཀྱི་བསྟན་པ་ལྟར།། འདི་ལྟར་རྣམ་པར་གནས་པ་བཞིན། །དེ་བཞིན་བདག་གིས་བཤད་པར་བྱ། །བླ་མ་ཞབས་ཀྱི་བཀའ་དྲིན་གྱིས། །གསལ་པོར་ཐམས་ཅད་ཤེས་བྱས་ནས། །དངོས་གྲུབ་ཐམས་ཅད་ཀུན་བསྡུས་པ། །བཟང་པོ་དེ་ནས་བཤད་པར་བྱ། །རྒྱུད་ཀྱི་དང་པོར་རྣམ་གནས པ། །སྙིང་པོ་ལས་ནི་སྙིང་པོ་མཆོག་།དེ་ཉིད་བདེ་ཆེན་མགོན་པོ་ཡིས། །གསང་བ་དེ་ཉིད་ཅེས་བྱར་གསུངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །སེམས་ཅན་ཀུན་གྱི་བདེ་འབྱུང་བ། །གསང་བའི་རྟོག་པའི་དབང་རྒྱལ་པོ། །དཔལ་ལྡན་འདུས པར་རྣམ་པར་གནས། །ེ་བཾ་རྣམ་དག་ཡི་གེ་ལ། །ཁམས་གསུམ་པོ་ཀུན་གུས་ཕྱག་འཚལ། །གང་དེ་དཔལ་ལྡན་འགྲོ་མགོན་གྱིས། །ཕྱག་རྒྱའི་མཆོག་གྱུར་བརྟགས་པ་ཉིད། །དེ་ནི་ཤེས་རབ་ཅེས་བྱར་གྲགས། །ཐོག་མ་བར་མཛའ་དྲི་མ་མེད། །ཡེ་ཤེས རྡོ་རྗེ་གསུམ་འབྱུང?་བ། ཀུན་རྫོབ་གཟུགས་སུ་རྣམ་པར་གནས། །སེམས་ཅན་རྗེས་སུ་བཟུང་བའི་ཕྱིར། །ལས་ཀྱི་ཕྱག་རྒྱ་ཞེས་བྱར་གྲགས། །མི་མོའི་ལུས་ལ་བརྟེན་ནས་ནི། །སེམས་ཅན་ཀུན་ལ་ཕན་པར་མཛད། །ཀུན ཁྱབ་དགེ་བ་ཐམས་ཅད་པ། །ཤེས་རབ་ལྷ་མོ་བླ་ན་མེད། །གཅིག་པུ་བཟང་པོ་འབྱུང་འགྱུར་བ། །སེམས་ཅན་མགོན་གྱིས་བསྟེན་པ་ཡིན། །མཁའ་དབྱིངས་ཕོ་བྲང་ཉམས་དགའ་ན། །སྣ་ཚོགས་ཐུགས་རྗེ་ཅན་གནས་པ། །དེ་ལ་བྱ་ག་ཞེས་བརྗོད་དང། །ེ བཾ?་ཞེས་བྱའི་མིག?་གཉིས་ལ། །ལུས་ངག་ཡིད་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་དེ་ཉིད་གནས། །དེ་ཕྱིར་དེ་ཉིད་མདོར་བསྟན་དང། །རྒྱས་པར་བསྟན་པའི་ཚུལ་གྱིས་གནས། །དཔལ་གསང་བ་འདུས་པ་རྗེ་བཙུན་གྱི་ནང་ན་གནས་པ་ཡང། །དེའི གཞུང་ལུགས་ཉམས་པ་སྤས་པ་ལས་ཤིན་ཏུ་སྦས་པའི་དོན་དམ་པའི་བདག་ཉིད་ཅན་གྱི་རྒྱུད་ཀྱི་ངོ་བོ་ཉིད་དབང་དུ་བྱས་ནས་བརྗོད་པར་བྱའོ། །འདི་ལྟ་སྟེ། བསམ་གྱིས་མི་ཁྱབ་པའི་བརྟེན་པ་དང། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་དེ བཞིན་ཉིད་ཀྱི་ཡེ་ཤེས་སྒྱུ་མའི་རང་བཞིན་གྱི་རྗེས་སུ་བྱེད་པའི་གཟུགས་ཅན་ཐུགས་རྡོ་རྗེའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་བརྒྱན་པའི་སྐུར་གྱུར་ནས། དཔལ་གསང་བ་འདུས་པ་ཨེ་བཾ་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དེ ཁོ་ན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པའི་ངོ་བོ་ཉིད་ཀྱི་ངེས་པར་སྟོན་ཏོ། །དོན་དམ་པའི་བསམ་གྱིས་མི་ཁྱབ་པའི་ལྷའི་གཟུགས་དེ་ཉིད་རྒྱུད་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་བཅུ་བདུན་གྱི་གོ་རིམས ཀྱི་ངེས་པར་རྫོགས་པར་གྱུར་ནས་དོ་རབ་ཏུ་སྟོན་པར་མཛད་དེ། དང་པོ་གླེང་གཞིའི་ལེའུ་ལས། །བྱང་ཆུབ་སེམས་དཔའ་བཅུ་བདུན་གྱི་མེད་བརྗོད་པའི་མཛའ་ན། ཇི་ལྟར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་མངོན་པར་བསྒོམ་པའི་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས དཔའ་སེམས་དཔའ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་དབང་དུ་བྱས་ནས་བརྗོད་དེ། །འདི་ནི་རེ་ཞིག་དང་པོའི་ལྷ་རྣལ་འབྱོར་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དངོས་པོ་མེད་པའི་གཟུགས་ཅན་ཡིན་པའི་ཕྱིར་རོ། །ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་དུ་གྱུར ནས། དམ་ཚིག་དང། ཏིང་ངེ་འཛིན་དང། བཟླས་པའི་ཆོ་གའི་ལུགས་སྔོན་དུ་འགྲོ་བས། ས་ལ་སོགས་པའི་མ་བཞིའི་རིགས་དང་ལྷན་ཅིག་ནམ་མཁའ་ཨི་ཁམས་སུ་རྣམ་པར་གནས་ནས་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཀྱི་སྒོ་ནས། བརྗོད་དུ་མེད་པའི་ཡང བརྗོད་དུ་མེད་པའི་དུད་འགྲོ་ལ་སོགས་པའི་སེམས་ཅན་གྱི་རིམ་པ་མ་ལུས་པའི་བྱིན་གྱིས་བརླབས་པའི་སྔགས་ཀྱི་སྐུ་མཆོག་དུ་དགའ་བའི་གཟུགས་ཅན། བདེ་བ་མཆོག་གི་གཙོ་བོའི་དཔལ་པདྨའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ། སངས་རྒྱས་དང་བྱང ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པའི་ཆོས་ཉིད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་སྒྲ་ཐོས་པ་ན། བརྒྱལ་བར་གྱུར་པའི་དེ་བཞིན་གཤེགས་པ་རྣམས་སླང་བར་བྱ་བའི་ཕྱིར། ཨེ་བཾ་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་འདོད བརྗོད་པར་བྱའོ། །རྒྱུད་ཀྱི་དང་པོར་གང་གནས་པ། །སྦས་པ་དེ་ཕྱིར་བཤད་པར་བྱ། །རྡོ་རྗེ་བཙུན་མོ་ལས་བྱུང་བ། །ེ་བཾ་རྣམ་དག་ཡི་གེ་ཉིད། །ེ་བཾ་ནམ་མཁའ་ཨི་ཁམས་སུ་བརྗོད། །མ་ཡ་ཕྱག་རྒྱར་རྗེས་སུ་ཐོབ། །གང་ཞིག་དེ་ནི་སྟོན་བྱེད་པ། །ཐོས་པ་ཞེས་བྱ་འདིར བརྗོད་དོ། །རྟོག་མེད་ཀུན་མཁྱེན་ཡེ་ཤེས་ཉིད། །དུས་ཅིག་པ་ཡང་དེ་ཡིན་ནོ། །བྷ་གའི་གཟུགས་ཅན་གང་ཡིན་ཏེ། །ནམ་མཁའ་ཨི་ཁམས་ཞེས་བྱ་བར་བརྗོད། །དུས་གཅིག་ན་ཞེས་གང་བསྟན་པ། །དེ་མདོར་བསྟན་པ་ཞེས་བརྗོད་དོ། །ནམ་མཁའ་ཨི་ཁམས་ཞེས་བདེ་འབྱུང བ། །གང་ཡིན་བདག་གིས་དེར་བརྟེན་ཏོ། །སྣ་ཚོགས་དྲིལ་བུ་རྔ་ཡབ་ཕྲེང། །དྲིལ་བུ་རིན་ཆེན་གྱིས་ཉེར་བརྒྱན། །སངས་རྒྱས་རང་བཞིན་ཀུན་བཟང་པོ། །གནས་ཀྱི་མཆོག་དེར་མཆོད་པར་བྱེད། །བཅོམ་ལྡན་འདས་ཞེས་ཉེར་བསྟན་པ། །གཙོ་བོ་བདག་པོ་ཐུགས ཉིད་དོ། །རྡོ་རྗེ་བཙུན་མོ་ཞེས་བརྗོད་པ། །ཤེས་རབ་རྒྱལ་བ་ཀུན་དངོས་ཏེ། །ཐམས་ཅད་ཅེས་བྱ་སྒྲ་བརྗོད་པ། །མི་བསྐྱོད་ལ་སོགས་དེ་བཞིན་གཤེགས། །དེ་ཡི་སྐུ་གསུང་ཐུགས་གང་ཡིན། །ཐུགས་ཉིད་དུ་ནི་རྣམ་པར་གནས། །རྣམ་དག བཙུན་མོའི་བྷ་ག་དེར། །བདེ་བ་ཆེན་པོ་རྣམ་པར་བཞུགས། །དངོས་པོ་ཀུན་གྱི་ངོ་བོ་ཡིས། །མཆོག་ཏུ་དགའ་བས་རྣམ་རོལ་ཅིང། །ེ་ཡི་ཆ་བྱད་བཟང་པོ་ལ། །དབུས་སུ་བཾ་གིས་རྣམ་པར་བརྒྱན། །དེར་ནི་རྡོ་རྗེ་འཛིན་མཆོག་གནས། །ཤེས་རབ་ལས་བྱུང་ཞི བ་ཉིད། །དེར་ནི་སངས་རྒྱས་ཀུན་འབྱུང་ཞིང། །དེ་ཉིད་དུ་ནི་རྣམ་པར་གནས། །རི་རབ་རྡུལ་ཕྲན་གྲངས་སྙེད་ཀྱི། །མཛའ་མེད་བསྐལ་བ་བྱེ་བ་རུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །བཅས་པའི་པདྨའི་དཀྱིལ་འཁོར་དེ། །དཔལ་ལྡན་བདེ་ཆེན་རྡོ་རྗེ་འཆང།། དཔལ་དང་ལྡན་དེ་དེ་ན་བཞུགས། །ནམ་མཁའ་ཨི་ཁམས་ཞེས་བྱ་བ་དེར། །ཏིལ་གྱི་གང་བུ་གང་ཞིག་མཐོང། །གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །དེ་བཞིན་གཤེགས་པས་ཡོངས་གང་པ། །ཡི་གེ་དེ་ཡི་དེ་ཁོ་ན། །བརྟེན་པར་བྱས་པའི་ཐབས་ཉིད་ཀྱིས། །སངས་རྒྱས བྱང་ཆུབ་སེམས་དཔའ་རྣམས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །དེ་ལྟར་བཞུགས་ཞེས་བྱ་བའི་ཚིག་།དོན་དམ་ཉིད་དུ་རྣམ་པར་གནས། །གཞན་དུ་དེ་ཉིད་རྣལ་འབྱོར་པའི། །ཉམས་སུ་མྱོང་བ་སྐྱེ་མི་འགྱུར། །རྡོ་རྗེ་ཐུགས་སམ་གཞན་ཡང་རུང། །དཔལ་ལྡན བདེ་ཆེན་རྒྱལ་པོ་ནི། །འདུས་པ་ཞེས་བྱའི་བྱེད་པོ་གང། །དེ་ནི་ཨེ་བཾ་འདི་རབ་གནས། །ེ་བཾ་ཞེས་སོགས་རྣམ་དག་དང། །ཤྲུ་ཏ་ཞེས་བྱའི་ཡི་གེ་གཉིས། །གསང་བའི་ཚིག་གནས་ངེས་པར་ཡང། །རྒྱུད་ཀྱི་དང་པོར་བརྗོད་པར་བྱ། །འདི་དང་འཆད་པར་འགྱུར་བ ཡིས། །དེ་ནི་བྱེད་པ་པོར་འདོད་དོ། །འདི་ནི་ཡི་གེ་གཉིས་པོ་ནི། །རྒྱུད་ཀྱི་དང་པོར་མེད་མི་འདོད། །མཆོག་ཏུ་དྲི་མེད་གོ་འཕང་ནི། །དེ་ལྟར་རྣམ་དག་ཤེས་གྱུར་ནས། །དཔལ་ལྡན་འདུས་པར་གང་གསུངས་པ། །སངས་རྒྱས་ཀུན་གྱི་གནས་ཞི་བ། །དངོས་གྲུབ་མཆོག་གྱུར དང་ཤེས་ནས། །རྒྱུད་པས་ཁྱབ་པར་བརྗོད་པར་བྱ། །དགེ་བའི་བཤེས་གཉེན་བཞིན་གསུངས་པ། །དམ་ཚིག་སྤྱོད་པ་སྟོན་པ་པོ། །དག་ཅིང་བརྗོད་དུ་མེད་པ་ཡི། །བྱང་ཆུབ་སེམས་ནི་ཐམས་ཅད་དུ། །རབ་ཏུ་རྒྱས་པའི་རྒྱུད་ཐམས་ཅད། །ལམ་ཉེར་སྟོན་པར་རྣམ པར་གནས། །ཆོས་འབྱུང་ཡི་གེ་ཞི་ཉིད་དུ། །བརྗོད་དུ་མེད་པར་རྣམ་པར་གནས། །དེ་ཡི་དབྱེ་བ་མཛའ་མེད་པས། །སྣ་ཚོགས་ཁྱབ་ནས་རྣམ་པར་གནས། །འདི་ནི་སྤུན་པ་འདྲ་བ་ཡི། །དེ་ཡི་དབྱེ་བ་ཀུན་སྤངས་པ། །དེ་ནི་རྣམ་དག་ངོ་བོ་ཉིད། །སྒྲུབ་པའི་ཐབས་ནི་བདག གིས་བརྗོད། །དངོས་པོ་མེད་པ་དེ་ཉིད་ནི། །ཐབས་བཅས་པདྨ་རྡོ་རྗེ་སྐྱེས། །དགའ་བྲལ་མཆོག་དགའ་ཨི་བར་ཉིད་དུ། །མཚོན་ནས་གང་ཞིག་རྣམ་གནས་པར། །རྟག་ཏུ་?་བཏང་ཡིད་ཉིད་ཀྱིས། །གང་ཞིག་དེར་གནས་འགྲུབ་པར་འགྱུར། །སྒྲུབ་པོ་སྒོམ་པ་ལྡན་པ ཡིས། །ལྷ་ཡི་ཡེ་ཤེས་ཉམས་མྱོང་འགྱུར། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དམ་པའི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་བཞུགས་པའི་ཚིག་ངེས་པར་བསྟན པ་ཞེས་བྱ་སྟེ་ལེའུ་གཉིས་པའོ། ། །།དེ་ནས་གསང་བ་བཤད་པར་བྱ། །ཤེས་རབ་ཐབས་ནི་རྣམ་སྒོམ་པས། །ཐུགས་ནི་རྡོ་རྗེ་དྲན་པ་ཉིད། །གསང་བ་ལས་ཀྱང་གསང་བ་མཆོག། རང་གི་ལུས་ལ་གནས་པ་ཡི། །དག་པ་གང་ཞིག་ཤེས གྱུར་ནས། །གནས་བཟང་པོར་ནི་གནས་པར་འགྱུར། །དེ་ནི་བདག་གི་ཡང་དག་བཤད། །དཔལ་ལྡན་འདུས་པའི་རྗེས་འབྲངས་པའི། །དངོས་གྲུབ་བཟང་པོ་སྒྲུབ་པའི་ཕྱིར། །མཁའ་དབྱིངས་ལྷ་ཡི་གཞལ་ཡས་ན། །ཇི་ལྟ་བ་བཞིན་ཡང་དག་གནས། །བཟང་པོ རང་གི་སྦྱེར་བྱེད་པ། །ཐོག་མ་དབུས་མཐར་དྲི་མ་མེད། །དང་པོའི་ལས་ཅན་སེམས་ཅན་རྣམས། །མཚོན་ཅིང་ཡིད་ཆེས་བྱེད་པའོ། །མཁའ་དབྱིངས་རྡོ་རྗེ་ཀུན་སྦྱོར་བའི། །རེག་ལས་ངོ་མཚར་ཆེན་པོ་ཉིད། །བདེ་བ་གང་ཞིག་འབྱུང་འགྱུར་ཏེ། མཆོག་ཏུ་དགའ་ བར་བྱེད་པའོ། །དེ་ཟད་ནས་ནི་དགའ་བྲལ་ཏེ། །གང་གི་མཛའ་ན་དགའ་བྲལ་ཅན། །རང་གི་ངོ་བོ་བསྟན་མེད་པའི། །བདག་ཉིད་ཅུང་ཞིག་འབྱུང་བར་འབྱུང། །དབང་པོ་ཀུན་ལས་རྣམ་གྲོལ་ཞིང། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །ཁྱབ་ཅིང རང་བཞིན་མེད་པ་ཡི། །རྟོགས་པ་དེ་ནི་གོ་འཕང་མཆོག་།ལྷ་རྫས་ཀུན་བཟང་ཞེས་བྱ་བ། །དགའ་བྲལ་མཛའ་ན་རྣམ་པར་གནས། །མཆོག་འདི་སྒྲུབ་པོ་རྣམས་ཀྱི་ནི། །གྲོལ་བའི་གནས་སུ་རབ་ཏུ་གྲགས། །དཔལ་ལྡན་འདུས་པ་དེ་ཉིད་གང། །བདེ་གཤེགས་དམ པས་གང་གསུངས་པ། །དངོས་མེད་མཆོག་ཏུ་རྣམ་པར་དག་།བྱང་ཆུབ་སེམས་ནི་བླ་མེད་པ། །རང་བཞིན་དག་པ་དེ་ཉིད་ནི། །བདག་གིས་རྒྱས་པར་བསྟན་པར་བྱ། །ནམ་མཁའ་ཨི་ཁམས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས པས་བསྟན་པར་བྱའོ། །གང་ཞིག་མཁའ་དབྱིངས་སྟེང་དུ་རིན་ཆེན་འགྱུར། །བདེ་བ་ཀུན་གྱི་རང་བཞིན་རྣམ་པར་གནས། །དབུས་སུ་ཡོན་ཏན་གྱིས་བརྒྱན་སེམས་གྱུར་པ། །དེ་འདིར་སྐྱེས་བུའི་སྣ་རྩེ་ཞེས་བྱས་བསྟན། །རྟོག་པ་དང་བཅས་སེམས་ཞེས་བྱ་བས་དེར། །ཟླ བའི་གཟུགས་དང་སངས་རྒྱས་སྐུ་ཡིས་ཁྱབ། །ལོངས་སྤྱོད་རྫོགས་སྐུ་བདེ་བའི་ངོ་བོ་ཉིད། །ཀུན་རྫོབས་བྱང་ཆུབ་སེམས་ཞེས་དེ་ལ་བརྗོད། །ཀུན་རྫོབ་བྱང་ཆུབ་སེམས་ནི་ནུབ་གྱུར་ཅིང། །དེར་ནི་དགའ་བྲལ་ཞེས་བྱ་འབྱུང་གྱུར་ནས། །མཉམ་མེད་སྤྲུལ་པའི་སྐུ་ཡི བརྒྱན་གྱུར་ཅིང། །སངས་རྒྱས་སྣ་ཚོགས་དུ་མ་སྤྲོ་བར་བྱེད། །གནས་སྐབས་གང་ལ་དགའ་བྲལ་ཞེས་བྱ་བའི། །སྐད་ཅིག་བྷ་གའི་དབུས་སུ་འབྱུང་འགྱུར་ཏེ། །ཡུངས་ཀར་ཞེས་བྱའི་མིང་གི་རྣམ་གནས་པ། །དེ་ལ་སྤྲུལ་པའི་སྐུ་ཞེས་རྒྱལ་བས་གསུངས། །བདེ་བའི་དངོས འདིར་ལོངས་སྤྱོད་རྫོགས་སྐུ་དང། །སྤྲུལ་པའི་སྐུ་ཡང་འགགས་ཤིང་བཞུགས་གྱུར་པ། །བདག་མེད་རྡོ་རྗེ་རིམ་གྱིས་ཆོ་ག་བཞིན། །ཀུན་རྟོག་རྣམ་པར་རྟོག་པ་ངེས་པར་སྤངས། །བདག་མེད་རྡོ་རྗེ་ཤིན་ཏུ་དྲི་མ་མེད། །དེ་ནས་དགའ་བྲལ་བདེ་བ་རྣམ་པར་སྤངས། །མར ལ་མར་བཞག་བཞིན་དུ་སྐད་ཅིག་གིས། །བྱང་ཆུབ་གནས་དང་ལྷན་ཅིག་གཅིག་ཏུ་བྱས། །དེར་ནི་དགའ་བྲལ་བདེ་བ་སོན་གྱུར་ནས། །བདག་མེད་རྡོ་རྗེ་ཤིན་དུ་བརྟན་པར་བཞུགས། །དེར་ནི་བརྗོད་མེད་ཤེས་བྱར་གང་གནས་པ། །རྣམ་དག་བྱང་ཆུབ་གོ་འཕང་ཀུན་འགྲོ་བ།། ཤེས་བྱའི་བདག་ཉིད་དཔག་མེད་མདངས་ལྡན་པའི། །དེ་ཉིད་བདག་ཉིད་ལྷན་ཅིག་གཟུགས་བསྒོམ་བྱ། །དགའ་བྲལ་ཞེས་བྱ་གང་གིས་བརྗོད་མིན་པ། །དེ་ཡི་མཚོན་རྫོགས་བསམ་མི་ཁྱབ་པའི་གཟུགས། །ཀུན་ཏུ་དྲི་མ་མེད་པའི་ངོ་བོ་ཉིད། །ཡིད་བཞིན་ནོར་དང་བུམ པ་བཟང་ཞེས་པ། །སོ་སོ་རང་རིག་ལུགས་བཞིན་རིག་གྱུར་པས། །དོན་དམ་རྣམ་དག་རྒྱལ་བ་རྣམས་ཀྱི་སྐུ། །བྱང་ཆུབ་དམ་པ་མཆོག་གཙོ་དེ་ནས་བསྒོམ། །བཟང་པོ་བདེ་བའི་སར་གྱུར་ཀུན་འགྲོ་བ། །གསང་གསུམ་དྲི་མེད་རིན་ཆེན་དེ་ཉིད་བཅས། །རྟག་ཏུ་སེམས ཅན་དོན་དུ་ལུགས་རིག་པས། །དབང་པོ་གཉིས་སྦྱོར་མཆོག་ཏུ་རབ་བརྟགས་ནས། །འོད་ཟེར་དུ་མ་དེ་ནས་སྒྲོ་བར་བྱ། །གཅིག་དང་དུ་མའི་ངོ་བོ་ཁམས་གསུམ་འདི། །དངོས་པོ་རང་བཞིན་མེད་པར་རྣམ་པར་དཔྱད། །དེ་ཉིད་དེ་ནི་བཟུང་བ་ལ། །འབད་པའི ཐབས་གཞན་སྤྱོད་མིན་པས། །བླ་མ་ཞབས་ཀྱི་བཀའ་དྲིན་གྱིས། །ཤེས་ནས་བློ་དང་ལྡན་པས་བསྒོམ། །བདག་ཉིད་དྲི་མེད་ཞི་བ་ཡི། །དེ་ཉིད་དེ་དང་ལྡན་གྱུར་པས། །ལས་ཀྱི་ཕྱག་རྒྱས་བསྒོམ་པ་ཡང། །འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ལས་ཀྱི་ཕྱག་རྒྱ མཉམ་ལྡན་པས། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །བདེན་པ་གསུང་བས་མངོན་སུམ་དུ། །འདི་འདྲའི་བསྒོམ་པ་གང་གསུངས་པ། དང་པོའི་ལས་ཅན་སེམས་ཅན་ལ། །ལས་ཀྱི་ཕྱག་རྒྱ་གང་སྤངས་ནས། །བྱང་ཆུབ་སེམས་ནི་རབ་བསྟན་པ། །གཞན་གྱི་མཚོན པས་མི་འཐོབ་སྟེ། །དང་པོའི་ལས་པས་རིག་བྱ་བ། །ཐོག་མ་བར་མཛའ་དྲི་མེད་པ། །གནས་ཏེ་གཞན་དུ་ནུས་མ་ཡིན། །དེ་ལྟའི་དེ་ཉིད་མཆོག་ཞི་བ། །མཁའ་དབྱིངས་ཞེས་བྱར་གནས་པ་ནི། །རྡོ་རྗེ་པདྨ་མཉམ་སྦྱོར་དང། །ཡང་དག་རང་བཞིན གྱིས་ཐོབ་འགྱུར། །ཀུན་ཏུ་འགྲོ་བ་དེ་ཉིད་ནི། །དང་པོའི་ལས་པས་བཟུང་བའི་ཕྱིར། །མཁའ་དབྱིངས་ཕོ་བྲང་བཟང་པོ་རུ། །སྒྲུབ་པོ་མཆོག་གིས་ཐོབ་པར་འགྱུར། །མྱ་ངན་འདས་མཆོག་གང་ཡིན་ཏེ། །བདེ་བའི་ངོ་བོ་དངོས་མེད་པ།། དེ་ནི་ཕྱག་རྒྱ་ལ་བརྟེན་ནས། །རང་གི་རིག་པའི་ངོ་བོར་གནས། །ཤེས་རབ་ཐབས་དག་རྣམ་བསྒོམས་པས། །དེ་ལྟར་དེ་ཉིད་ཤེས་བྱས་ལ། །ཆོས་འབྱུང་མི་འགྱུར་ཞི་བ་ཉིད། །ཇི་ལྟ་བ་བཞིན་རྣམ་པར་གནས། །ངོ་མཚར་མཆོག་གྱུར་རྡོ་རྗེ་ཅན། །དེ་ཡི་ཚེ་ན་སྒྲུབ པར་བྱ། །རང་ལུས་ཐབས་དང་ལྡན་པའམ། །ཡང་ན་ལས་ཀྱི་ཕྱག་རྒྱས་སོ། །ལས་ཀྱི་ཕྱག་རྒྱས་པདྨར་གནས། །མཚོན་དུ་མེད་པར་གང་གནས་པ། །གོང་ནས་གོང་དུ་བསྒོམ་པ་ཡིས། །ཞི་དཔལ་རྡོ་རྗེ་འཛིན་པར་མཚོན། །དེ་ནི་བདག་གིས་ཐམས་ཅད་བསྟན། །གཞན་ཡང བདག་གིས་བསྟན་པར་བྱ། །ལས་ཀྱི་ཕྱག་རྒྱ་དང་ལྡན་པས། །དེ་ཉིད་ལྡན་པས་བསྒོམ་པར་བྱ། །ཕྱག་རྒྱ་མེད་པར་ལྷ་རྫས་ཉིད། །དེ་བཞིན་སྒྲུབ་པས་འཐོབ་པར་འགྱུར། །མྱ་ངན་འདས་པའི་གོ་འཕང་མཆོག་།མདོར་བསྡུས་བདག་གིས་བཤད་པར་བྱ། །ལས ཀྱི་ཕྱག་རྒྱ་ཁྲོ་རྒྱུ་ཅན། །ཡེ་ཤེས་ཕྱག་རྒྱ་ཡང་དེ་བཞིན། །རྣམ་རྟོག་མང་བ་སྤངས་བྱས་ལ། །ཕྱག་རྒྱ་ཆེན་པོ་རྣམ་སྒོམ་བྱ། །རྣམ་པར་གཡེངས་པ་ཀུན་འབྱུང་བའི། །བུད་མེད་ཕྱག་རྒྱ་རྣམ་སྤངས་ལ། །རང་ལུས་ཐབས་དང་ལྡན་པ་ཡི། །ཕྱག་རྒྱ་ཆེན་པོ་བསྟན་པར་བྱ།། རང་གི་རིག་པའི་ལྷ་རྫས་དེ། །ཕྱག་རྒྱ་ཆེན་པོ་མཆོག་ཏུ་དགེ། ཐ་མལ་ལུས་ལ་བརྟེན་ནས་གནས། །ཤེས་རབ་ཆུང་བས་མཐོང་མི་འགྱུར། །མི་འགྱུར་བ་ཡི་རང་ལུས་དེ། །མཆོག་གཅིག་གིས་ནི་ཤེས་པར་འགྱུར། །བླ་མའི་བཀའ་དྲིན་གནང་བ་ལ། །ཇི་ལྟ བ་བཞིན་རྣམ་པར་གནས། །རྩཝ་ཤིང་འཁྲི་ཤིང་ལ་སོགས་ལ། །ཀུན་ཏུ་གནས་པར་གྱུར་པ་ཡང། །མི་ཡི་ཐབས་དང་བྲལ་བ་ཡིས། །མེ་ནི་མཐོང་བར་འགྱུར་མ་ཡིན། །ཐབས་དང་བྲལ་ན་ནམ་དུ་ཡང། །ལྷ་རྫས་ཡོན་ཏན་ཀུན་འབྱུང་བ། །གཉུག་མའི་ལུས པོ་གནས་ན་ཡང། །ཤེས་རབ་དེ་བཞིན་མཐོང་མི་འགྱུར། །ཇི་ལྟར་བུད་ཤིང་ཁུ་བ་དང། །ཏིལ་ལ་ཏིལ་མར་ཇི་བཞིན་པ། །དེ་བཞིན་ལུས་ལ་ཐམས་ཅད་དུ། །ཤེས་རབ་ཕ་རོལ་ཕྱིན་པ་གནས། །ལྷ་རྫས་མཆོག་དེ་ཐམས་ཅད་ལ། །རྣམ་པར་གནས་པར་ཤེས པར་བྱ། །སངས་རྒྱས་ཀུན་གྱིས་སྐྱེད་བྱེད་པ། །ཤེས་རབ་ལྷ་མོ་བླ་ན་མེད། །ཁམས་གསུམ་མ་ལུས་པ་འདི་དག་།གང་གིས་ཐམས་ཅད་གསལ་བྱེད་པ། །མྱ་ངན་འདས་པ་གནས་དངོས་ཀྱི། །ཐོག་མ་བར་མཛའ་རྣམ་པར་མཛེས། །དེ་ལྟར་ཤེས་ནས་འབད་པ་ཡི། །ཤེས རབ་ཕ་རོལ་ཕྱིན་ཞི་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །དབང་ཕྱུག་མཆོག་གིས་ཁྱབ་པར་འགྱུར། །གང་ཞིག་སེམས་ལ་འདོད་གྱུར་པ། །ད་ནི་དེ་ནས་བསྒོམ་པར་བྱ། །ཐབས་དང་ལྡན་པའི་རྣལ་འབྱོར་གྱིས། །སངས་རྒྱས་དངོས་གྲུབ་རབ་ཏུ་སྩོལ། །དེ་དང ལྷན་ཅིག་ཚོལ་བྱེད་པས། །དེ་ཉིད་བདག་གིས་རྟག་ཏུ་རིག་།ཉིན་དང་མཚན་དུ་བསྒོམ་འགྱུར་ན། །འདི་ནི་ཐོབ་འགྱུར་ཐེ་ཚོམ་མེད། །སྨྱོན་པའི་གཟུགས་ལ་བརྟེན་ནས་ནི། །བསལ་པོར་སྐྱེ་བ་སྨད་བྱེད་ཅིང། །ཐབས་བཟང་དག་དང་ལྡན་པ་ཡིས། །བྱང་ཆུབ ཡངས་པ་བསྒོམ་པར་བྱ། །མཆོག་ཏུ་མྱ་ངན་འདས་གསུངས་པ། །དག་ཅིང་རང་བཞིན་དྲི་མ་མེད། །རང་ལུས་དེ་ཉིད་བློ་ལྡན་གྱིས། །དེ་དང་ལྡན་པས་བསྒོམ་པར་བྱ། །དངོས་གྲུབ་ཀུན་སྦྱིན་སྒྲུབ་པའི་ཐབས། ཕུང་པོ་ལྔ་ཡི་བདག་ལུས་ཉིད། །ཇི་ལྟར གསང་བ་གནས་གྱུར་པ། །དེ་ནས་ཡང་དག་བཤད་པར་བྱ། །ཕྱག་རྒྱ་ཆེན་པོ་རྟོགས་བྱས་པས། །དཔའ་བོ་ཇི་ལྟར་རྫོགས་འགྱུར་བ། །མཆོག་ཏུ་གྱུར་པའི་རང་གི་ལུས། །ཤིན་ཏུ་གསང་བ་བདག་གིས་བཤད། །བློ་ལྡན་དངོས་པོ་མི་བསྒོམ་ཞིང། །དངོས་མེད ཕ་རོལ་རིང་དུ་སྤངས། །གཅིག་གིས་རྟག་པར་འཛིན་གྱུར་ཅིང། །གཞན་དག་གིས་ནི་སྟོང་ཉིད་དུའོ། །རྟག་དང་ཆད་པའི་སྦྱོར་བ་ལས། །མཆོག་ཏུ་འཛིན་པ་ཟད་པ་གང། །ཡེ་ཤེས་ཅི་ཞིག་འབྱུང་འགྱུར་བ། །ཐོག་མ་དབུས་མཛའ་དྲི་མ་མེད། །གཙོ་བོ་རྟག པ་མཆོག་ཏུ་ཞི། །རྒྱུ་དང་དཔེ་ནི་རྣམ་སྤངས་པ། །དངོས་དང་དངོས་མེད་རྣམ་པར་སྤངས། །རྟག་ཏུ་འབྱུང་ཞིང་འགྱུར་བ་མེད། །མི་གནས་མྱ་ངན་འདས་པ་ཉིད། །སྡིག་པ་ཐམས་ཅད་རྣམ་སྤངས་པ། །དེར་གནས་བསྒོམ་དང་ལྡན་གྱུར་པ།། སངས་རྒྱས་ཀྱིས་ཀྱང་སྤྱོད་ཡུལ་མིན། །དེ་མི་བགྲོད་དང་བགྲོད་བྱ་མེད། །བགྲོད་པར་འགྱུར་བ་འགའ་ཡང་མེད། །སྒོམ་དང་བསྒོམ་བྱ་སྒོམ་པ་པོ། །དོན་དམ་པར་ན་ཡོད་མ་ཡིན། །དཔེ་ལས་འདས་ཤིང་བརྗོད་དུ་མེད། །བཟུང་དང་འཛིན་པ་རྣམ་པར་སྤངས།། མཚན་མ་མེད་ཅིང་རྡུལ་དང་བྲལ། །མྱ་ངན་འདས་ཞེས་དེ་ལ་བཤད། །གང་ལ་མཆོག་ཅེས་བརྗོད་བྱ་སྟེ། །ཕྱག་རྒྱ་ཆེན་པོ་མངོན་པར་གནས། །ལྷ་རྫས་ལོངས་སྤྱོད་གྲོལ་སྟེང་བ། །མྱ་ངན་འདས་པའི་གོ་འཕང་མཆོག་།བཟང་པོའི་གནས་དེ་སེམས་ཅན་ལ སྐལ་བ་ཇི་བཞིན་རབ་ཏུ་བསྟན། །གཅིག་ཉིད་གཉིས་སུ་རྣམ་པར་གྱུར། །བསམ་པའི་དབྱེ་བས་མཆོག་ཉིད་དེ། །ལྷ་རྫས་མྱ་ངན་འདས་པའི་གཟུགས། །དག་ཅིང་རང་བཞིན་དྲི་མ་མེད། །བུད་མེད་སྐྱེས་བ་སོགས་གཟུགས་ཀྱིས། །ཐམས་ཅད་དུ་ནི་རྣམ་པར་གནས དབང་པོ་ལས་འདས་ཞི་བ་གང། །རྗོད་མེད་ཀུན་ཏུ་འགྲོ་བ་མཆོག་།འཕེལ་ཞིང་འགྲིབ་ལས་རྣམ་གྲོལ་བ། །དཔལ་ལྡན་བདེ་ཆེན་ཞེས་བརྗོད་པ། །ཅུང་ཟད་རྫས་སུ་འདུ་ཤེས་གང། །ཐམས་ཅད་དེ་ལས་ཀུན་ཏུ་འབྱུང། །ཁམས་གསུམ་པ་ཡི་ལམ བཟང་པོ། །ཀུན་ཏུ་དེ་ནི་རྣམ་པར་གནས། །དེ་ནི་དངོས་གྲུབ་ས་བོན་ཏེ། །དངོས་གྲུབ་རྣམས་ཀྱི་གོ་འཕང་མཆོག་།སངས་རྒྱས་རྣམས་ཀྱི་གནས་མཆོག་སྟེ། །བདེ་བ་ཅན་ཞེས་མངོན་པར་བརྗོད། །ལྷ་དང་ལྷ་མི་ན་མིར་བཅས་པ། །ཐམས་ཅད་འདི་ལས ངེས་པར་འབྱུང། །ཁམས་གསུམ་མ་ལུས་པ་འདི་དག་།ཐམས་ཅད་བདེ་བ་ཉིད་དུ་གནས། །གང་གིས་གཟུགས་ནི་ཤེས་མིན་ཞིང། །གང་ཞིག་ཚིག་དང་བློ་སྤངས་ལ། །སྒྲ་དང་དྲི་དང་རོ་ལས་འདས། །བློ་ཡི་ཡུལ་ལས་གང་འདས་པ། །དེ་ནི་འཇིག རྟེན་ལས་འདས་པ། །མཆོག་ཏུ་བདེན་པའི་གཟུགས་གང་ཞིག་།རང་གིས་དབང་གིས་འཇུག་འགྱུར་བ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར། །གསང་སྔགས་བྱེ་བ་གྲངས་མེད་ཀྱང། །དེ་ཡི་ངེས་པར་འབྱུང་བར་འགྱུར། །བདེན་པ་གསུངས་པའི་ལུང་གིས་འབའ་། །བདེ པར་གྱུར་པའི་རིམ་སྟོན་པའི། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དེ་ལྟར་དེ་ངེས་ཤེས་བྱས་ལ། །ཐབས་གང་གིས་ནི་དེ་ཡི་དངོས། །མཆོག་ཏུ་བརྗོད་མེད་གང་ཐོབ་པ། །བློ་ལྡན་དེ་ཉིད་རང་ལུས་ལ། །སྔགས་པས་དེ་ཉིད་སྒྲུབ་པར་བྱ། །དངོས་པོ་མེད་པ་དང་བསྲེས་ལ། རྩེ་གཅིག་སེམས་དང་ལྡན་པ་ཡི། །ཐབས་བཟང་པོ་དང་ལྡན་བྱས་ནས། །ཡང་དང་ཡང་དུ་རལ་བར་བྱ། །གཉིས་པ་ཐམས་ཅད་རྣམ་སྤངས་པས། །དུས་མི་རིང་པར་འགྲུབ་པར་འགྱུར། །ཤིན་ཏུ་སྦས་པའི་རབ་སྦྱིན་དང། །རིག་པ་ཡིས་ནི་གང་ཤེས་དང། །འདོད པའི་ཡོན་ཏན་ལྔ་ལྡན་པའི། དག་པའི་བདག་ཉིད་གང་སྒོམ་བྱ། །གསང་བ་གྲུབ་པ་ལ་གནས་པའི། །དངོས་གྲུབ་དེས་ནི་གདོན་མི་ཟ། །ལས་ཀྱི་ཕྱག་རྒྱ་ལྡན་པའམ། །ཡང་ན་ཕྱག་རྒྱ་ཆེན་པོ་ཡི། །སངས་རྒྱས་རྣམས་ཀྱི་ཐུགས་གྱུར་པ། །འདི་ནི་ཆོས ཉིད་མཆོག་ཡིན་ནོ། །སྙིང་པོའི་ཡེ་ཤེས་གཅིག་བསྡུས་པ། །མ་བྱུང་འབྱུང་བར་མི་འགྱུར་རོ། །བདག་མེད་གནས་འདི་མ་གཏོགས་པའི། །རྣམ་དག་དངོས་གྲུབ་གཞན་དག་མེད། །རྣམ་པར་མི་རྟོག་དམིགས་མེད་པ། །གང་ལས་སངས་རྒྱས་འབྱུང་འགྱུར བའི། །ཤེས་རབ་ལྷ་མོ་བླ་ན་མེད། །འདི་ན་ཕ་རོལ་ཞེས་བྱར་བརྗོད། །གལ་ཏེ་ཤེས་ནས་སྒོམས་གྱུར་ན། །སེམས་ཅན་ཀུན་གྱི་གྲོལ་སྟེར་འགྱུར། །སྔར་བསྟན་ཆོ་གའི་རིམ་པ་ཡིས། །དག་པའི་དེ་ཉིད་གང་བསྒོམས་པ། །རང་བཞིན་འོད་གསལ་རྣམ དག་པས། །བདག་ཉིད་རྡོ་རྗེ་ཀུན་ལས་སྐྱེས། །མཚན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐ་མལ་པ་ཡི་ལུས་སྤངས་ནས། །ལྷ་རྫས་ང་རྒྱལ་ལྡན་ཡིད་ཀྱིས། །ཐབས་དང་ཡང་དག་ལྡན་པ་དང། །ཏིང་འཛིན མཆོག་ལ་རྣམ་གནས་ནས། །པདྨ་རྡོ་རྗེ་ཚིག་བཞིན་དུ། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །གང་ཞིག་ཕྱག་རྒྱ་ཆེན་ལྡན་པས། །བདེ་བ་ཆེན་པོ་མྱོང་གྱུར་པ། །ཡེ་ཤེས་བདུད་རྩི་མཆོག་བཟང་པོ། །དེ་ནི་བརྗོད་པར་ནུས་པ་ཡིན།། རང་གིས་རིག་པའི་དེ་ཉིད་དེ། །གཞན་གྱིས་བརྗོད་པར་ནུས་མི་འགྱུར། །གུས་དང་བསྒོམ་པས་རྟོགས་འགྱུར་གྱི། །དེ་ནི་གཞན་དུ་རྟོགས་མི་ནུས། །དེ་ཉིད་ཤེས་ནས་ཉིན་མཚན་དུ། །གུས་པས་བསྒོམ་པར་བྱ་བ་ཡིན། །མྱ་ངན་འདས་པའི་གོ འཕང་མཆོག་། བདེ་བ་ཞི་བ་བླ་མེད་དེང། །དེར་ནི་གུས་པའི་སྟོབས་ཉིད་དང། །བསྒོམ་པའི་སྟོབས་ཀྱིས་གང་སྤྲུལ་པ། །དེར་ནི་འབྱུང་བར་འགྱུར་བའི་གཟུགས། །ཀུན་དགའ་ལས་བྱུང་ཅི་ཡང་མཆོག་།སྤྲོ་ཞིང་སྡུད་པར་བྱེད་པ་ཅན། །གསལ་པོར་ཡུད ཀྱིས་བྱུང་གྱུར་པ། །ས་འོག་ས་བླ་ས་སྟེངས་འདི། །རྒྱུ་དང་རྒྱུ་མིན་སྣང་བར་བྱེད། །དེ་ཉིད་བསྒོམས་པའི་སྟོབས་ཉིད་ཀྱིས། །ཐབས་དང་ཤེས་རབ་དངོས་ཞི་བ། །ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང། །མཚན་རྣམས་ཀུན་གྱིས་རྣམ་བརྒྱན་པ། །སྟོང ཉིད་ཡེ་ཤེས་ལས་བྱུང་ཞེས། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །རྣམ་པ་ཀུན་ཏུ་མཆོག་ལྡན་ཞིང། །གཟུང་དང་འཛིན་པ་རྣམ་པར་སྤངས། །རྣམ་དག་ཡེ་ཤེས་སྒྱུ་མའི་དངོས། །གསལ་ཞིང་རང་བཞིན་དྲི་མ་མེད། །སྒྲ་དང་དྲི་དང་རོ་ལས་འདས། །དེ བཞིན་རེག་པ་རྣམ་པར་སྤངས། །ཏིང་འཛིན་ཡེ་ཤེས་མིག་ཉིད་ཀྱིས། །མཆོག་གཅིག་པུ་དེ་མཐོང་བར་འགྱུར། །བཟང་པོ་གྲིབ་མའི་སྒྱུ་འདྲ་ཡིས། །འདུ་བྱེད་བཟང་པོ་དང་ལྡན་པ། །མེ་ཡིས་ཐག་པ་བསྲེགས་པ་བཞིན། །ཉོན་མོངས་འཆིང་བ ལས་གྲོལ་བ། །རྣམ་པ་སྣ་ཚོགས་ལུས་རྣམས་ནི། །ཡེ་ཤེས་རླབས་ཀྱི་ཕྲེང་བ་སྤྲོས། །དབང་པོའི་གཞུ་དང་འདྲ་བའི་སྐུ། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །རྣལ་འབྱོར་བསྒོམ་པའི་ནུས་པ་དང། །དམ་ཚིག་རྣམས་ནི་བསྐྱེད་བྱས་པས རྒྱལ་བ་ཡིས་ཀྱང་བརྗོད་མེད་པའི། །དེ་འདྲའི་གཟུགས་ནི་ཐོབ་པར་འགྱུར། །གང་དུ་ལུས་ངག་སེམས་མེད་པའི། །གནས་གང་ཀུན་འགྲོ་མཆོག་གྱུར་པའི། །དེར་ནི་ཡང་དག་བསྟན་དབང་གིས། །རང་བཞིན་བསྒོམ་པར་གྱུར་ལ་ལྟོས། །ེ་མའོ་ངོ་མཚར བྱེད་པའོ། །ེ་མའོ་ཞི་བ་དབང་པོ་ལས། །ེ་མའོ་མཆོག་ཏུ་ཞི་བ་ཉིད། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ཡིན། །ལྷ་ཡི་རྣལ་འབྱོར་མཆོག་ཉིད་ཀྱིས། །རིམ་གྱིས་འདི་འདྲ་ཐོབ་པར་འགྱུར། །སངས་རྒྱས་གོ་འཕང་བསྒྲུབ་པའི་ཕྱིར། །དེ་ནས་སྤྱོད་པ་སྤྱད་པར བྱ། །ཉོན་མོངས་ཀུན་དང་བྲལ་བའི་གནས། །བརྗོད་དང་བརྗོད་བྱ་རྣམ་སྤངས་ལ། །འབད་པ་ཉིད་ཀྱི་མངོན་སུམ་དུ། །སྒྲུབ་པ་པོས་ནི་ཡང་དང་ཡང། །བརྟན་པའི་སེམས་ཀྱིས་ངེས་པར་ཡང། །གསང་བའི་སྤྱོད་པ་སྤྱད་པར་བྱ། །རྫོགས་པའི་རིམ་པའི་རྣལ། འབྱོར་གྱིས། །ཉེས་པ་ཐམས་ཅད་རྣམས་སྤངས་ལ། །ལྷ་རྫས་གར་དང་རྒོད་སོགས་ཀྱིས། །ཇི་ལྟར་སྐྱོ་བ་མི་སྐྱེ་བར། །སངས་རྒྱས་སྤྱོད་པ་ལ་མོས་པས། །བརྟུལ་ཞུགས་ཅན་གྱིས་གསང་བ་སྤྱད། །བརྟུལ་ཞུགས་དང་ལྡན་དེར་གནས་ནས། ། དེར་གཏད་བསྒོམ་པ་དང་ལྡན་པས། །ཉོན་མོངས་ཐམས་ཅད་མཐར་བྱས་ལ། །གོ་འཕང་མཆོག་ནི་འགྲུབ་པར་བྱ། །རྒྱུན་ཏུ་མཆོག་ཏུ་གསང་བ་སྟེ། །བླ་མའི་ཞབས་ལ་རབ་གནས་པས། །སངས་རྒྱས་དངོས་གྲུབ་བཟང་སྟེར བ། །དེ་ནི་ཐམས་ཅད་བདག་གིས་བཤད། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དམ་པའི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་ལས་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་མངོན པར་བྱང་ཆུབ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ། ། །།དང་པོའི་ལས་པའི་སེམས་ཅན་གྱིས། །བསྐྱེད་པའི་རིམ་པའི་བསྒོམ་པ་ཉིད། །ཅུང་ཞིག་རྒྱས་པའི་མཚན་ཉིད་ཅན། །དེ་ནས་ད་ནི་བཤད་པར་བྱ།། དཔལ་ལྡན་འདུས་པར་ཡོངས་གསལ་བར། །འགྲོ་བའི་མགོན་པོས་གང་གསུངས་པ། །གོང་མ་གོང་མའི་ལམ་ཉིད་ཀྱིས། །བསྒོམ་པར་བྱ་བ་བཞི་པོ་ཉིད། །དང་པོ་ཡི་གེ་དགོད་པར་བྱ། །བསྐྱེད་པའི་རིམ་པ་ལ་གནས་པས། །སྒྲུབ་པོའི དབང་པོས་བསྒོམ་བྱ་བ། །གཉིས་པ་རང་གི་རང་བཞིན་ཉིད། །གསུམ་པ་བཟང་པོ་མཆོག་གྱུར་པ། །ཡེ་ཤེས་ཕྱག་རྒྱ་རྣམ་པར་བསྒོམ། །བཞི་པ་གོང་མར་གང་གསུངས་པ། །ཕྱག་རྒྱ་ཆེན་པོར་རྣམ་པར་བསྒོམ། །དེ་ལྟར་དེ་ཉིད་བཞི་པོ་ནི། །འདི་དག་ལ་ནི་ཡང དག་གནས། །བསྒོམ་པ་དག་གིས་གང་བསྟན་པ། །དེ་དག་བདག་གིས་སོ་སོར་བཤད། །ཡི་གེ་དགོང་པའི་སྦྱོར་བ་ཡིས། །བསྒོམ་པར་བྱ་བ་གང་གསུངས་པ། །སེམས་ཅན་དང་པོའི་ལས་ཅན་རྣམས། །གཞུག་པར་བྱ་ཕྱིར་གང་གསུངས་པ། །ཇི་ལྟ་བ་བཞིན རྣམ་གནས་པའི། །དང་པོ་རེ་ཞིག་བསྟན་པར་བྱ། །བསྐྱེད་པའི་རིམ་པའི་ལམ་ཉིད་དུ། །གཅིག་ཉིད་རྣམ་པ་ལྔ་རུ་འགྱུར། །མངོན་པར་བྱང་ཆུབ་རྣམ་ལྔ་ཡི། །ཡེ་ཤེས་མཆོག་ཏུ་དགེ་བ་ཉིད། །ཇི་ལྟར་བསྟན་པར་ཤེས་གྱུར་ནས། །རྟག་ཏུ་གནས ཏ་འདིར་བཤད་བྱ། །གོང་མ་གོང་མའི་རིམ་ཉིད་ཀྱིས། །ཐུགས་ཀྱི་རྡོ་རྗེ་གང་གསུངས་པ། །ཡི་གེ་དགོང་པའི་སྦྱོར་བ་ཡི། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བདག་།བཟང་པོ་ནམ་མཁའ་ཨི་མཚན་ཉིད་ཅན། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །ཀུན་འགྲོའི་ཡེ ཤེས་རྣམ་དག་པ། །ཐོག་མ་བར་མཛའ་དྲི་མ་མེད། །ཆོས་རྣམས་ཀྱིས་ནི་ངོ་བོ་གང། །སོ་སོའི་གཟུགས་སུ་གང་གནས་པ། །བདག་མེད་གནས་པའི་རྣལ་འབྱོར་གྱིས། །འབད་པ་ཉིད་ཀྱི་སོ་སོར་བརྟག་།སྤྲོས་པ་ཐམས་ཅད་ལས་གྲོལ་བའི། །གཟུགས གང་མཆོག་ནི་ཞི་བ་ཉིད། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཤེས། །ཡེ་ཤེས་འདི་ལ་འདི་རབ་གྲགས། །གནས་བཟང་པོ་དེར་གནས་ནས་ནི། །ཉོན་མོངས་ཐམས་ཅད་རྣམ་སྤངས་ལ། །སེམས་ཅན་རྣམས་ཀྱི་དོན་བྱ་གང། །གཟུགས་ཀྱི་མཆོག་ཉིད དམིགས་པར་བྱ། །ཐབས་བཟང་དག་དང་ལྡན་པ་ཡི། །ཤེས་རབ་དང་ནི་བཅས་པའི་གཟུགས། །གསལ་པོ་རྣམ་པས་བྱུང་གྱུར་པ། །མཚན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཟུང་མེད་མཆོག་ཏུ་ཞི་བ ཉིད། །དང་ཞིང་སྐྱོན་བྲལ་དྲི་མ་མེད། །ཕྱག་རྒྱ་ཆེན་པོར་རྗེས་རིག་བྱ། །གཟུགས་དེ་ལས་ནི་འབྱུང་འགྱུར་བ། །དེ་ཡི་གཟུགས་བརྙན་ལྟར་བྱེད་པ། །སྒྱུ་མའི་རྗེས་གྲུབ་བཟང་པོ་གང། །རྣལ་འབྱོར་ཕྱག་རྒྱ་གཟུགས་ལྡན་པའི། །དངོས་པོ་མེད་པའི་རང་བཞིན གྱིས། །གཟུགས་བརྙན་ཡིད་ཀྱི་རང་བཞིན་ཉིད། །ཡོན་ཏན་མཛའ་མེད་འབྱུང་འགྱུར་བ། །སངས་རྒྱས་ཀྱིས་ཀྱང་མི་མཁྱེན་པའི། །དཔལ་ལྡན་མེ་ལོང་མིང་ཅན་དུ། །ཡེ་ཤེས་དེ་ལ་བརྗོད་པར་བྱ། །དངོས་པོ་མེད་པའི་རང་བཞིན་དུ། །དེར་ནི འགོག་པའི་ཡེ་ཤེས་གང། །དེ་ཡི་རང་བཞིན་རྣལ་འབྱོར་ལྡན། །མཉམ་ཉིད་ཡེ་ཤེས་ཞེས་བརྗོད་དོ། །རྒྱས་པ་སྤྱན་ཞེས་བྱ་བ་གང། །ལྷ་རྫས་བུད་མེད་དཀྱིལ་འཁོར་རོ། །འབད་པས་སོ་སོར་རྟོགས་གྱུར་པ། །དེ་བཞིན་གཤེགས་པ་ཀུན་གྱི གནས། །བདག་མེད་གནས་ཀྱི་རྣལ་འབྱོར་པ། །དངོས་པོ་མེད་པའི་རང་བཞིན་ཅན། །ལྷ་རྫས་ནམ་མཁའ་ཨི་ཁམས་ཀྱི་ངོར། །སངས་རྒྱས་ཀུན་གྱི་ཕོ་བྲང་མཆོག་།ཕྲ་མོའི་རྣལ་འབྱོར་སྦྱོར་གཅིག་པས། །ཇི་སྲིད་དེ་ལ་རྟོགས་འགྱུར་བས། །རྟོག་པ་ཅུང་ཞིག བསྐུལ་གྱུར་བ། །དེ་སྲིད་དེ་ནི་མཐོང་བར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག་།སྲིད་གསུམ་གནས་ན་གང་གནས་པ། །གང་ཞིག་གནས་པ་དེ་དག་ཀུན། །ཏིལ་གྱི་གང་བུ་བཞིན་འདིར་མཐོང། །གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །དེ་བཞིན གཤེགས་པས་ཡོངས་གང་བ། །སངས་རྒྱས་གཟུགས་ནི་འོད་ཆེན་པོ། །བཟང་པོ་དེ་ནི་མཐོང་གྱུར་ནས། །ནམ་མཁའ་ཨི་དབྱིངས་ཀྱི་གནས་བཟང་པོར། །རྣལ་འབྱོར་འདི་ནི་བརྟག་པར་བྱ། །དེར་ནི་དེ་བཞིན་གཤེགས་པ་ཀུན། །ད་ལྟར་བཞུགས དང་གང་འདས་དང། །གང་དང་འབྱུང་བར་གྱུར་བ་དག་།དེ་དག་ཀུན་གྱི་གནས་མཆོག་ནི། །དག་ཅིང་དང་པ་དྲི་མེད་དེ། །དེ་བཞིན་གཤེགས་པ་ཀུན་གྱི་མཆོད། །ཡེ་ཤེས་དེ་ནི་མདོར་བསྡུས་ན། །སོ་སོར་རྟོག པ་ཞེས་བྱར་བརྗོད། །དེ་བཞིན་གཤེགས་པའི་ཕོ་བྲང་དུ། །འབད་པས་སོ་སོར་རྟོག་པ་ཉིད། །དེ་ཡི་ཕྱི་ནས་ཉམས་ལེན་པ། །རྡོ་རྗེ་པདྨའི་རྣམ་འཕྲུལ་པས། །ལྷ་ཡི་རྣལ་འབྱོར་ཀུན་འགེངས་ཤིང། །མཆོག་ཏུ་དགའ་བའི་གཟུགས་ཅན གྱིས། །ས་ལ་སོགས་པའི་རིམ་པ་ཡིས། །བྱང་ཆུབ་སེམས་ནི་ཡང་དག་སྤྲོ། །གང་འདོད་ལྷ་ཡི་རྣལ་འབྱོར་ནི། །དེར་ནི་ངེས་པར་སྒྲུབ་པར་བྱ། །རྟག་དང་མི་སྐྱོད་རིན་ཆེན་ཚེ། །རིགས་ལ་སོགས་པར་གང་གནས་པ། །འཁོར་ལོས་སྒྱུར་བའི རྣལ་འབྱོར་གྱིས། །རིག་མའི་སྐྱེས་བུ་བསྒོམ་པར་བྱ། །བཟང་པོའི་རྒྱན་དང་ཡང་དག་ལྡན། །ཕྱག་རྒྱ་ཆེན་པོ་རྗེས་རིག་པ། །རྡོ་རྗེ་པདྨ་མཉམ་སྦྱར་བས། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །རྣམ་པ་སྣ་ཚོགས་གཟུགས་ལྡན་པའི། །ཡེ ཤེས་རླབས་ཀྱི་ཕྲེང་བ་སྤྲོས། །བྱ་བ་ནན་ཏན་ཡེ་ཤེས་ཞེས། །མཆོག་ཏུ་གྱུར་པ་དེ་ལ་བརྗོད། །གང་ལ་རྒྱལ་བ་རྣམས་འབྱུང་བས། །གང་དུ་ཕྱག་རྒྱ་བྱིན་རླབས་པས། །ཏིང་འཛིན་ལྔ་པོ་འདིར་གནས་པས། །གང་ཞིག་ཡང་དག་འབྱུང འགྱུར་བས། །མངོན་པར་བྱང་ཆུབ་རྣམ་ལྔ་ཡི། །ཡེ་ཤེས་ཞེས་ནི་འདི་རབ་གྲགས། །བསྐྱེད་པའི་རིམ་པ་ལ་གནས་པར། །དེ་ཡི་ཁྱད་པར་བརྗོད་པ་ཡིན། །ལྷ་དགོང་རྣལ་འབྱོར་ལྡན་པ་ཡི། །ཇི་ལྟ་བ་བཞིན་རྣམ་པར་གནས། །ཁམས་དྲུག་པ དག་མཉམ་ལྡན་པའི། །རྒྱུད་ལས་གསུངས་པའི་འཁོར་ལོས་སྒྱུར། །རིམ་གྱི་ཡུམ་གྱུར་བཞི་པོ་དང། །ཁྲོ་བོ་སེམས་དཔའ་དེ་དང་མཚུངས། །འཁོར་བཅས་པ་ཡི་བྱང་ཆུབ་སེམས། །བཅུ་དྲུག་དག་དང་མཉམ་ལྡན་པའི། །མཚན་ནི་སུམ་ཅུ་རྩ་གཉིས དང། །དེ་བཞིན་དཔེ་བྱད་བརྒྱད་ཅུར་ལྡན། །མངོན་པར་བྱང་ཆུབ་རྣམ་ལྔ་ཞེས། །དེ་བཞིན་གཤེགས་པས་བསྟན་པ་ཡིན། །རྟག་དང་མི་སྐྱོད་རིན་ཆེན་གྱིས། །རིགས་ལ་སོགས་པར་ཡང་དག་གནས། །དེ་ལྟར་རྣམ་པ་སྣ་ཚོགས་པའི། །རྣམ་པར་རྟོག་པའི་རྒྱས གང་བའི། །དང་པོའི་ལས་ཅན་སེམས་ཅན་གྱི། །བསྒོམ་པར་བྱ་བར་གསུངས་པ་ཡིན། །འཁོར་ལོའི་རིམ་པར་བསྒོམ་བཅས་པ། །འདི་ནི་ཕྱི་རོལ་ཞེས་བཤད་དེ། །ཡི་གེ་དགོད་པའི་རྣལ་འབྱོར་གྱིས། །དང་པོ་ཉིད་དུ་གང་གནས་པའོ། །སེམས་ཅན་དང་པོའི་ལས ཅན་ལ། །ལས་ཀྱི་ཕྱག་རྒྱ་བསྒོམས་པ་ཡི། །རྣམ་པར་གནས་པའི་པད་གནས་གང། །གོང་མ་མཆོག་གི་གོ་འཕང་ཡིན། །བྱིན་གྱིས་བརླབས་པའི་གནས་བསྒོམས་ཏེ། །དེ་ཉིད་མཆོད་པ་རབ་ཏུ་བརྟག་།དེ་ཉིད་དཔལ་ལྡན་འདུས་པར་ནི། །རྡོ་རྗེ་འཛིན་པས མཆོག་ཏུ་གསུངས། །བསྐྱེད་པའི་རིམ་པ་ཉུང་ལྡན་པས། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །འདི་ནི་བསྒོམ་པ་གཉིས་པ་སྟེ། །རང་གི་ངོ་བོ་ཡིན་ཞེས་གྲགས། །གསུམ་པ་དེ་ནི་བསྟན་པ་སྟེ། །ནང་གི་གོ་འཕང་བསྒོམ་པ་ཡིན། རྣམ་པ་ཀུན་ནི་མཆོག་ལྡན་པའི། །ཡེ ཤེས་ཕྱག་རྒྱ་རབ་བརྟག་པའོ། །བཞི་པ་གོང་ན་མེད་པའི་རྒྱུ། །མངོན་པར་བྱང་ཆུབ་བྱེད་པ་པོ། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་པ། །དེ་ཡི་གོང་ན་གཞན་མེད་པའོ། །དབང་པོ་ཀུན་ལས་རྣམ་གྲོལ་ཞིང། །འབྱུང་བའི་སྤྱོད་པ་སྦས་གྱུར་པ། །ཞི་ཞིང་གྲུབ་པ་མྱུར་སྟེར ལ། །བླ་མའི་ཞལ་ལས་རབ་གནས་པའོ། །གཅིག་མིན་དུ་མ་མ་ཡིན་ཞིང། །རླབས་མེད་སྣང་བ་མེད་པ་དང། །ཐམས་ཅད་ཀྱིས་ནི་བདེ་གནས་པ། །མཆོག་ཏུ་དགའ་བ་བྱེད་པ་པོ། །རང་སེམས་ཙམ་དུ་ཤེས་པ་བྱ། །ཉོན་མོངས་ཚོགས་ནི་འགག་འགྱུར་ཞིང།། དམ་པའི་ཤེས་རབ་གྱུར་པའི་ལུས། །དེ་ལྟར་རྒྱུད་ཀྱི་རིམ་ཤེས་ནས། །ལྷ་ཡི་རྣལ་འབྱོར་མཆོག་ཉིད་དང། །གོང་མ་གོང་མའི་ལམ་ཉིད་ཀྱིས། །དྲང་པོ་མིན་པས་གང་འོངས་པ། །དེ་དག་ཐམས་ཅད་དེས་བཏང་ལ། །རིམ་པ་བཞིན་དུ་བསྒོམ་པར་བྱ། །ཕྱག རྒྱ་ཆེན་པོར་འབད་པ་ཡིས། །སྔགས་པས་རྟག་ཏུ་བསྒོམ་པར་བྱ། །གྲུབ་པ་ཐམས་ཅད་རབ་སྦྱིན་ཞིང། །ཐབས་ཀྱི་མཆོག་དང་བཅས་པར་ནི། །དེ་དག་བསྒོམ་པ་དང་ལྡན་ན། །ཚེ་འདི་ཉིད་ལས་གྲུབ་པར་འགྱུར། །གང ཞིག་སེམས་ནི་བླ་མེད་པས། །སྐྱེ་བ་མེད་པར་གང་རྟོགས་པ། །དེ་ཡི་དངོས་མེད་ཤེས་རབ་སྟེ། །ཐབས་ཀྱི་རབ་ཏུ་བསྐུལ་བ་ཉིད། །དེ་ལྟར་དེ་ཉིད་ཤེས་པ་ལ། །ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ། །དེ་ནས་ཐབས་དང་བཅས་གྱུར་པས། །གང་འདོད་པ ཡི་བརྟུལ་ཞུགས་བྱ། །སངས་རྒྱས་གོས་མེད་ཞི་བ་འམ། །དེ་བཞིན་ནོར་གྱི་བདག་པོ་འམ། །ཡང་ན་བརྟུལ་ཞུགས་ཆེན་པོའམ། །ཡང་ན་སེམས་ལ་འདོད་པའོ། །བཤད་པར་གྱུར་པ་ཤེས་བྱས་ལ། །བརྟུལ་ཞུགས་མོ་ཡིན་ཤེས་པ་ཉིད།། བློ་དང་ལྡན་པས་ཤེས་བྱ་བ། །རྒྱུ་ལས་གཞན་དག་བཤད་པ་ཡི། །དོར་བའི་བརྟུལ་ཞུགས་ཀུན་མི་བྱ། །མཆོག་ཏུ་གྱུར་པ་ཡིན་པར་འདོད། །དེ་ལས་ཡིད་ལ་གང་འདོད་པ། །སྤྱད་པ་མེད་པར་སྤྱད་པར་བྱ། །དཔལ་ལྡན་འདུས་པའི་རྗེས་སུ་འབྲེལ གྱུར་པ། །ལམ་མཆོག་དཔེ་མེད་འབད་པས་ཤེས་བྱས་ལ། །བརྟན་པའི་བློ་ཡི་དམ་པ་དེ་ཉིད་གཅིག་།ཕྱི་རོལ་དྲི་མ་མ་ལུས་སྤངས་བྱས་ནས། །བདེ་བའི་རྫུ་འཕྲུལ་དང་ལྡན་གཉུག་མའི་གཟུགས། །འདུ་འཛི་དྲི་མ་སྤངས་ལ་བསྒོམ་པར་བྱ། །ཡེ་ཤེས རང་བཞིན་རྗེས་འབྲེལ་ཉིན་མཚན་དུ། །སངས་རྒྱས་ཐར་པའི་རྒྱུར་གྱུར་བསྟན་པ་ཉིད། །དགའ་བའི་དབང་ཕྱུག་དང་ལྡན་དགའ་བའི་སེམས། །རྟག་ཏུ་བྱང་ཆུབ་ལ་བཞུགས་བསྒོམ་པའི་སེམས་འབྲེལ་བ། །དྲི་མ་མ་ལུས་ཟད་པར་གྱུར་པ་ཡིས། །འཁོར་བའི འཆིད་བ་རྣམས་ནི་སྤང་བར་བྱ། །བདེ་བའི་གོ་འཕང་མཆོག་གྱུར་བརྟན་པའི་སེམས་ཀྱིས་བསྒོམ། །རྟག་ཏུ་གོམས་པར་བྱས་པའི་རྣལ་འབྱོར་དང། །བདག་ཉིད་དེ་ཉིད་རྣལ་འབྱོར་ལྡན་པ་ཡི། །དྲི་མའི་རབ་རིབ་སྤངས་དག་མཐོང་བ་བཟང། །གཅིག ཏུ་གསང་བའི་ས་ཕྱོགས་ཡོན་ཏན་རྒྱའི་གཞིར་གྱུར་རི་འམ་ཁྱིམ་སྟོང་དམ། །སྐྱེད་ཆ་ལ་རྙིང་དང་བྲག་ཕུག་དུར་ཁྲོད་དག་གམས་ཕུག་ཉམས་དགའ་འམ། །དེ་ལྟར་དྲི་མེད་བྱས་པའི་ས་ཕྱོགས་དག་ཏུ་བཟང་པོ་མཚོན་ཅིང་བཟུང། །ཡུལ་གྱི་བདེ་བ སྐྱེད་བྱེད་དེ་ཉིད་རིན་ཆེན་རྡོ་རྗེ་ཅན་གྱི་འདུ་འཛི་སྤངས་ལ་བསྒོམ། །རྣལ་འབྱོར་པ་ནི་ཐམས་ཅད་ཀྱང། །དེ་ཉིད་ལམ་ལ་རབ་ཆགས་པས། །ཐབས་དང་བཅས་པའི་རྣལ་འབྱོར་གྱིས། །དེ་ནི་འགྲུབ་འགྱུར་གཞན་དུ་མིན། །བསྐྱེད་པའི་རིམ་པ་ལམ་གྱིས་ནི།། གཞན་དག་ཏུ་ཡང་འགྱུར་བ་ཡིན། །སྐྱེ་བ་དུ་མ་དག་གིས་ཀྱང། །འདིར་ནི་གཅིག་གིས་འབྱུང་བར་བཤད། །དེ་ལྟར་ཐེ་ཚོམ་མེད་ཤེས་ནས། །ཤེས་རབ་ཐབས་ཀྱི་བསྒོམ་པ་ཡིས། །ཕྱི་རོལ་རྣམ་པ་སྣ་ཚོགས་ཀྱི། །བྱ་བའི་བྱེ་བྲག་ཡོངས སྤངས་ལ། །དཔལ་ལྡན་འདུས་པའི་ལམ་འབྲས་བཅས། །སངས་རྒྱས་དངོས་གྲུབ་རབ་སྟེར་བ། །ཐབས་བཟང་དག་དང་ལྡན་པ་ཡི། །བློ་ལྡན་གསང་བ་གྲུབ་པར་སྤྱད། །ཡུལ་དང་དུས་དང་གཟའ་རྣམས་དང། །རྒྱུ་སྐར་ཕྱི་རོལ་དཀྱིལ་འཁོར རྣམས། །མེད་པར་གསང་བ་རྡོ་རྗེ་ཅན། །སྒྲུབ་པའི་ཐབས་འདི་བཤད་པར་བྱ། །ངེས་པ་བརྟུལ་ཞུགས་གསོ་སྦྱོང་སོགས། །ཡི་གེ་བརྗོད་པའི་བསྒོམ་པ་ཡིས། །འདི་ལྟར་དངོས་གྲུབ་གང་བརྟགས་པ། །སྤྱོད་པ་དཀའ་བས་བརྟགས་པ་ཡིན། །ཡི་གེ བརྟགས་པའི་ངོ་བོ་ཉིད། །ཁ་དོག་དབྱེ་བས་མཚོན་བྱ་བ། །སེམས་ཅན་ཀུན་གྱི་གསང་དབང་གིས། །དཔལ་ལྡན་གསང་བར་གང་གསུངས་པ། །དཀྱིལ་འཁོར་དག་ནི་གང་གསུངས་པ། །རིགས་ཉིད་སོ་སོར་སོ་སོ་དང། །ཕྱག་རྒྱའི་དབྱེ་བ་སྣ་ཚོགས དང། །དེ་བཞིན་སྔགས་ཀྱི་དབྱེ་བ་རྣམས། །མཆོད་དང་བསྙེན་བཀུར་བྱེད་པ་དང། །རིགས་ཀྱི་དབྱེ་བ་དུ་མ་ཉིད། །ཏིང་འཛིན་དབྱེ་བ་ཕྱེ་བ་ཡི། །ལྷ་རྣམས་སུ་ནི་བརྟགས་པ་དང། །དུས་ངེས་པ་ཡི་བྱེ་བྲག་རྣམས། །བསྐྱེད་པའི་རིམ་པ་བསྒོམ་པ་ཡི།། སྤྲོ་བ་དང་ནི་བསྡུ་བ་དང། །སྦྱོར་བ་དུ་མ་ཉིད་དང་ནི། །འདོད་ཆགས་ལ་སོགས་དྲི་མ་རྣམས། །སྣ་ཚོགས་གཟུགས་ཀྱི་གང་གནས་པ། །འཁོར་བར་རབ་ཏུ་འཆི་བ་བྱེད་པའི། །ཁམས་གསུམ་པ་ཡི་བསྟན་པའི་ལམ། །དེ་ཀུན དངོས་པ་མེད་གྱུར་པའི། །ཡེ་ཤེས་མཆོག་གི་རྣམ་འཕྲུལ་ཡིན། །རྟོག་མེད་རྣམ་པར་དག་པ་ནི། །རྒྱུ་དང་མི་རྒྱུ་ཀུན་ཏུ་སོང། །འདོད་ཆགས་ཞེ་སྡང་གཏི་མུག་དང། །དེ་བཞིན་གཞན་ཡང་ཡོད་མ་ཡིན། །དང་པོའི་རྣལ་འབྱོར་ངོ་བོ་ཡིས། །ཇི་སྲིད ཀུན་ལ་རྣམ་པར་སྤྱོད། །ཆོས་དང་ཆོས་མིན་མཚན་ཉིད་ཀྱི། །ཐམས་ཅད་མངོན་དུ་བརྟགས་པ་ཅན། །བདག་མེད་གནས་ཀྱི་སྦྱོར་བ་ཡིས། །ཇི་སྲིད་བརྟན་པར་མ་བརྟགས་པའོ། །རྣམ་པར་མི་རྟོག་གནས་པ་མེད། །དག་ཅིང་པར་བཞིན་དྲི་མ་མེད།། སྲིད་པའི་རྩེ་མོའི་མཐར་ཐུག་པ། །ཁམས་གསུམ་འདི་དག་ཐམས་ཅད་ཉིད། །ལམ་གྱི་སོ་སོར་བརྟགས་བྱས་ནས། །ཕུང་པོའི་བདེན་པ་ཡོད་མ་ཡིན། །སུ་ཞིག་གིས་ནི་སོ་སོར་རྟོག་།འདིར་ནི་གང་ལ་བརྟག་པར་བྱ། །འབད་པས་དེ་ཉིད་དེ་ཁོ་ན། །ཇི་སྲིད བར་དུ་བརྟག་བྱས་པ། །དེ་སྲིད་ཐམས་ཅད་འོད་གསལ་ཏེ། །རྣམ་དག་རང་བཞིན་དྲི་མ་མེད། །དངོས་དང་དངོས་མེད་ལས་གྲོལ་ཞིང། །སྤྲོས་པ་མེད་པའི་ངོ་བོ་ཉིད། །སངས་རྒྱས་ཀྱིས་ཀྱང་རྟོགས་མིན་ན། །སྐྱེ་བོ་གཞན་གྱིས་སྨོས་ཅི་དགོས། །རྟག་དང ཆད་པ་ལས་གྲོལ་ཞིང། །ཀུན་འགྲོ་མཆོག་ཏུ་ཞི་བ་ཉིད། །དངོས་མེད་སྣང་བ་མེད་པ་ཡི། །བྱང་ཆུབ་སེམས་དཔས་ཕྱག་བྱས་པའོ། །ཡོན་ཏན་མེད་ཅིང་ང་རྒྱལ་མེད། །མཚན་མ་མེད་ཅིང་སྒྲིབ་པ་མེད། །འགྲིབ་དང་འཕེལ་ལས་རྣམ་གྲལ་བ། །ངག་གི སྤྱོད་ཡུལ་དག་ལས་འདས། །དེ་ལ་འགྲོ་དང་འོང་བ་དང། །འདིར་ནི་འགྲོ་བ་པོ་འགའ་མེད། །སྒོམ་དང་སྒོམ་པ་སྒོམ་བྱ་ངག་།དོན་དམ་པར་ན་ཡོད་མ་ཡིན། །དེ་ཉིད་མཆོག་གྱུར་གཅིག་པུ་ཉིད། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །དབྱེ་བ་སྣ་ཚོགས བསམ་མི་ཁྱབ། །བྱེ་བ་སྙེད་དུ་རབ་རྒྱས་པ། །བཟང་པོ་ཀུན་འགྲོ་རྣམ་དག་སྟེ། །མིང་གཅིག་ཉིད་ཀྱི་གནས་པ་མིན། །སེམས་ཅན་བསམ་པའི་བྱེ་བྲག་གིས། །ཁམས་གསུམ་ཀུན་ཏུ་རབ་ཏུ་ཁྱབ། །ཞི་བ་རྣམས་ཀྱི་དེ་ཉིད་མཆོག་།རིག་བྱེད་སྨྲ་བ་ཚངས་པ ཟེར། །སངས་རྒྱས་པ་རྣམས་བྱང་ཆུབ་མཆོག་།གོས་མེད་པ་རྣམས་སྲོག་ཅེས་ཟེར། །གྲངས་ཅན་རིག་པ་ཅན་ལ་སོགས། །དབྱེ་བ་གང་ཞིག་རྣམ་བརྟག་པ། །དེ་དག་བརྗོད་པ་ག་ལ་ནུས། །སྣ་ཚོགས་ཉིད་ལ་ཁྱབ་གནས་ནས། །རྣམ་པ་སྣ་ཚོགས ངོ་བོ་རྣམས། །དེས་ནི་སྨྲ་བར་ནུས་མ་ཡིན། །བཟང་པོའི་དབྱེ་བས་གང་གནས་པ། །ཡང་དག་མཛའ་ཉིད་དུ་མར་བསྟན། །ཀུན་མཁྱེན་ཡེ་ཤེས་མི་རྟོག་པ། །རྡོ་རྗེ་ཅན་མཆོག་གང་ཡིན་ཏེ། །ཁམས་གསུམ་མ་ལུས་འདི་དག་ནི། །ཐམས་ཅད་འདི་པས་ཀུན ཏུ་འབྱུང། །ཞི་ཞིང་དག་པའི་གནས་གང་དེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །བརྗོད་མེད་ཀུན་འགྲོའི་གནས་ཡིན་ཏེ། །འདི་ཀུན་དེ་ཡིན་མ་འཕྲུལ་ཡིན། །ཅུང་ཟད་དངོས་གྲུབ་མཚན་ཉིད་གང། །ཐམས་ཅད་དེ་ལ་རྣམ་པར་གནས། །སྤྲོས་པའི ཚུལ་གྱིས་ངོ་བོ་ཉིད། །ཆོས་ཀྱི་འཁོར་ལོ་རྣམ་པར་སྐོར། །ཁམས་གསུམ་རྣམ་དག་འདི་ཐམས་ཅད། །ས་བོན་ཤེས་རབ་ལས་བྱུང་ཀུན། །མཚན་མ་མེད་ཅིང་མཆོག་ཏུ་ཞི། །ཡེ་ཤེས་སྒྱུ་མའི་རྗེས་འཇུག་པ། །མང་པོ་དག་ནི་གཅིག་པ་ཉིད། །ཇི སྲིད་ཡོད་པའི་བུད་ཤིང་ཀུན། །སྟོང་པའི་མེ་ཡི་མ་བསྲེག་པར། །སྒྲུབ་པ་པོ་ཡི་ཇི་ལྟར་མཐོང། །ལྟ་བའི་བུད་ཤིང་ཕུང་པོ་རྣམས། །སྟོང་ཉིད་མེ་ཡི་བསྲེག་བྱས་ནས། །འདིར་ནི་མཉམ་ཉིད་ལ་གནས་ན། །དེ་བཞིན་ཉིད་ཀྱི་མེ་ཡང་འགག་།བསམ གཏན་ཤེས་རབ་མིག་སྨན་གྱིས། །ཇི་སྲིད་བསྐུར་བ་མ་བྱས་པ། །དེ་སྲིད་ལྟ་ངན་རབ་རིབ་རྣམས། །དྲི་མ་མེད་པར་ཇི་ལྟར་འགྱུར། །དངོས་པོ་བརྟེན་དང་གཡོ་བ་ཀུན། །འབད་པས་དེ་ལྟར་རྣམ་སྦྱངས་ནས། །བདག་མེད་གོ་འཕང་ལ་གནས་ལ། །ད་ནས སྒྲུབ་པ་བརྩམ་པར་བྱ། །བདག་གི་གང་དུ་གང་སྨྲས་པའི། །ལྷའི་རྣལ་འབྱོར་ཤེས་བྱས་ལ། །དེ་ནི་འདད་པས་བསྒོམ་བྱས་ན། །འདི་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །སངས་རྒྱས་ངེས་པར་སྒྲུབ་པར་བྱེད་པ་ཡི། །ཆོ་ག་རྐང་གཉིས མཆོག་གིས་ངེས་པར་གང་བསྟན་པ། །སྤྱོད་པ་དུ་མས་མཛེས་ཤིང་ཡིད་དུ་འོང་བར་འགྱུར་བའི་རྒྱུད་དུ་གསལ། །དེ་སྲིད་དེ་ནི་མ་བསྟན་ཡོན་ཏན་ལྡན་པའི་དངོས་གྲུབ་འབྱུང་བར་མི་འགྱུར་བར། །ཤེས་ནས་མཁས་པ་རྣམས་ཀྱིས་སྤྱོད་པ དང་ལྡན་ཆོ་ག་བཞིན་དུ་སྒྲུབ་པ་རྩོམ། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་མངོན་པར་བྱང་ཆུབ་པ་ལྔ་བསྟན་པའི་ལེའུ་སྟེ་བཞི་པའོ།། དཔལ་ལྡན་གསང་བ་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་སྒྲུབ་པའི་ཐབས། །ཡང་དག་སྤྱོད་པ་སྦས་གྱུར་པ། །དེ་ནས་ཡང་དག་བཤད་པར་བྱ། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །རྣམ་པར་གཡེང་བའི་དགྲ་གསོད་ཅིང། །དགེ་བཟང གསང་བའི་སྒྲུབ་ཐབས་ཀྱིས། །རོལ་མོའི་ལས་ཀྱི་སྒྲུབ་པར་བྱ། །དབང་བསྐུར་བ་ནི་མཆོག་བཟང་པོ། །དཔལ་ལྡན་འདུས་པར་རྗེས་འགྲོ་བས། །ཕྱག་རྒྱ་ཆེན་པོ་དབང་བསྐུར་ནས། །བཟང་པོ་དངོས་གྲུབ་རབ་ཏུ་བསྒྲུབ། །དེ་བཞིན་འདོད ཆགས་རབ་གནས་ནས། །ལྷའི་རྣལ་འབྱོར་དེར་གནས་པས། །གསང་བ་གྲུབ་པར་རབ་གནས་ན། །སྒྲུབ་པོ་གང་ཕྱིར་འགྲུབ་པར་འགྱུར། །བཟང་པོ་ཡེ་ཤེས་གོམས་བྱས་ཤིང། །སྤྱོད་པ་ཐམས་ཅད་རྣམ་སྤངས་ནས། །གཉིས་པ་ཐམས་ཅད་ལས གྲོལ་བས། །གང་དུ་འདོད་པ་དེ་རུ་གནས། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །གསང་བ་གྲུབ་པ་མདོར་བསྡུས་ནས། །དངོས་གྲུབ་རྣམས་ཀྱི་གོ་འཕང་མཆོག་།དེ་ནི་བདག་གིས་བཤད་པར་བྱ། །གང་ཞིག་སྐྱེ་བ་བུ་མ་ཡི། །དངོས་གྲུབ་ཐོབ་པར འདོད་འགྱུར་བ། །དེས་ནི་གསང་བའི་བརྟུལ་ཞུགས་ཀྱིས། །གཉིས་པ་ཐམས་ཅད་སྤང་བར་བྱ། །དགེ་བ་ཐམས་ཅད་འབྱུང་བའི་རྒྱུད། །འདུས་པ་ཞེས་བྱའི་དབང་བསྐུར་བས། །བཟང་པོ་དངོས་གྲུབ་སྦྱིན་བྱེད་པའི། །ཕྱག་རྒྱ་ཆེན་པོའི་དབང་བསྐུར པས། །དེ་ནས་རང་འདོད་ལ་གནས་ཤིང། །དང་པོའི་རྣལ་འབྱོར་གཅིག་གཏད་པས། །བླ་མའི་ཞལ་ནས་འབྱུང་བ་ཡིས། །རྣལ་འབྱོར་རིན་ཆེན་གོམས་པར་བྱ། །དཔལ་ལྡན་བདེ་བའི་མགོན་པོ་ཡིས། །མཆོག་ཏུ་གསང་ཞིང་སྦས་པ་ཡིས།། ཤིན་ཏུ་སྦས་པའི་དབང་བསྐུར་བ། །དེ་ནས་ཡང་དག་བཤད་བར་བྱ། །གཟུགས་བཟང་ཡོན་ཏན་འབྱུང་འགྱུར་བ། །ཕྱག་རྒྱ་འབད་པས་རྙེད་གྱུར་ནས། །རྒྱུད་ཀྱི་སྤྱོད་པ་དང་ལྡན་པས། །སློབ་དཔོན་ལ་ནི་དབུལ་བར་བྱ། །ཕྱག་རྒྱར་བཅས་པའི་རྡོ་རྗེ འཛིན། །གུས་པའི་འོ་མ་མར་མེ་དང། །དྲི་དང་ཕྲེང་བ་རྒྱན་ཆེན་གྱིས། །དེ་ནས་བློ་དང་ལྡན་པས་མཆོད། །དེ་ལ་གུས་པས་མཆོད་བྱ་ཞིང། །བློ་དང་ལྡམ་པས་ཆོ་ག་བཞིན། །བླ་མ་ཕྱག་རྒྱར་ལྡན་མཐོང་ནས། །རྟོག་པའི་ཆོ་གའི་རིམ་པ་བཞིན། །བུས་མོ་གཡས་པའི་ལྷ་ར་ནི། །ས་འབར? ཏུ་བཙུགས་བྱས་ལ། །བསྟོད་པའི་རྒྱལ་པོ་རྡོ་རྗེ་ཅན། །ཆོ་ག་བཞིན་དུ་བརྗོད་པར་བྱ། །ཀུན་མཁྱེན་ས་ཀུན་དབང་ཕྱུག་པ། །ཀུན་གྱི་དབང་ཕྱུག་འགྲོ་བའི་བདག་།ཐུགས་ཀྱི་བདག་པོ་དཔའ་བོ་ཆེ། །དཔའ་བོ་གཙོ་ལ་ཕྱག་འཚལ་བསྟོད། །འབྱུང་པོ་ཀུན་བདག བདག་ཉིད་གནས། །རྡོ་རྗེ་ཡེ་ཤེས་གསུམ་འབྱུང་བ། །རྡོ་རྗེ་ཧཱུཾ་མཛད་ཧཱུཾ་མཛད་པ། །ཉོན་མོངས་མཐར་མཛད་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་མཆོག་ཕྱག་འཚལ་འདུད། །རྡོ་རྗེ་གསུམ་དབྱེར་མེད་པའི་སྐུ། །ཆོས་བདག་མེད་པ་ལས བྱུང་བ། །ཡེ་ཤེས་བདུད་རྩི་ཕྱག་འཚལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དཔའ་ཆེན་ཡེ་ཤེས་ཆེན་པོ་བ། །གཟི་བརྗིད་ཆེན་པོ་ཕྱག་འཚལ་བསྟོད། །ཕྱག་ཆེན་དཔའ་བོ་ཆེན་པོ་སྟེ། །སྟོབས་ཆེན་མཆོད པ་ཆེན་པོར། །འདུད་མཐར་བྱེད་པ་དཔའ་ཆེན་པོ། །དཔའ་བོ་དབང་ཕྱུག་ཕྱག་འཚལ་བསྟོད། །སྐྱེ་དང་གནས་དང་སྡུད་པ་ཡི། །བྱེད་པ་པོར་འགྱུར་འགྲོ་བའི་གཙོ། །དངོས་དང་དངོས་མེད་རང་བཞིན་ཉིད། །ངོ་མཚར་མཆོག་གྱུར་ཕྱག འཚལ་བསྟོད། །ཡེ་ཤེས་རྣམ་ཤེས་ཞེས་བྱ་བའི། །ལམ་དུ་འཇུག་འགྱུར་ཕྱག་འཚལ་བསྟོད། །འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད། །པདྨ་ལས་བྱུང་ཕྱག་འཚལ་འདུད། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །ཆོ་ག་བཞིན་དུ་གསོལ་བཏབ་ནས། །སེམས་ཅན་ཀུན་ལ་ཕན་ འདོད་པས། ?་སྙན་པའི་ཚིག་ནི་རྗོད་པར་བྱ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །ཡེ་ཤེས་བླ་མེད་བྱ་བ་ཤེས། །དེ་ལྟར་དབང་སྐུར་རིན་ཆེན་གྱིས། །མགོན་པོས་བདག་ནི་དབང་སྐུར་མཛོད། །དཔལ་ལྡན་བདེ་བའི་མགོན་པོ་ཡིས། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ།། གསང་བ་དེ་ཉིད་བསྟན་པ་ལྟར། །མགོན་པོས་དེ་བཞིན་བཀའ་དྲིན་གསོལ། །སྡུག་བསྔལ་ཀུན་གྱི་གནས་གྱུར་པ། །དམྱལ་བ་ནས་ནི་གཙོ་བོས་དྲོངས། །སྡུག་བསྔལ་ཐམས་ཅད་ཐར་མཛད་པ། །མགོན་མེད་བདག་ལ་ཐུགས་རྗེ་མཛོད། །ཁྱོད་ཞབས་པདྨ་སྤངས ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་ཕྱིར་སངས་རྒྱས་མཆོག་གནང་མཛོད། །གསོལ་བ་འདེབས་པའི་ཆོ་ག་མཆོག་།བཟང་པོ་དེ་ལྟར་ཐོབ་གྱུར་ནས། །སྙིང་རྗེ་སློབ་མ་ལ་བསྐྱེད་ནི། །བླ་མ་དཔལ་ལྡན་ཡོན ཏན་མཚོས། །བཞིན་ནི་རབ་ཏུ་དང་གྱུར་པས། །རྗེས་སུ་རྩེ་ཕྱིར་རབ་དགའ་བས། །གསང་ཞིང་མཆོག་ཏུ་གསང་གྱུར་པས། །དམ་ཚིག་དེ་ནས་ཐོབ་པར་བྱ། །བུ་ཡི་སྲོག་ཆགས་གསང་བར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་བླང་བར བྱ། །གཞན་གྱི་ཆུང་མ་བརྟེན་པར་བྱ། །འདི་ནི་ཆོ་ག་མདོར་བསྡུས་པའི། །ཕྱག་རྒྱ་ཆེན་པོ་དེས་བརྟེན་པས། །འདི་ནི་རྟག་ཏུ་བྱ་བ་ཡིན། །དམ་ཚིག་བཞི་པོ་འདི་ཉིད་ནི། །བཟང་པོ་ཁྱོད་ཀྱི་རྟག་ཏུ་བརྟེན། །དེ་ལྟར་དམ་ཚིག་ཐོས་གྱུར་ནས། །བཟང་པོ་དངོས་གྲུབ ཀུན་སྟེར་བ། །ཕྱག་རྒྱ་དང་ནི་ལྡན་གྱུར་པའི། །སློབ་དཔོན་ཐུགས་རྗེ་ལྡན་པ་ཡི། །རྡོ་རྗེ་པདྨ་སྙོམས་འཇུག་ཅིང། །ཡང་དག་རབ་སྦྱིན་ལ་གནས་ནས། །ལྷ་ཡི་རྣལ་འབྱོར་སྐྱེད་གྱུར་པས། །ཇི་ལྟ་བ་བཞིན་རྣམ་པར་གནས། །འབད་པས་གསུང་གི་རྡོ་རྗེ་ཡི། །པདྨ པས་བྱུང་བླང་བར་བྱ། །ཁྲག་དང་ཁུ་བ་རྣམས་བསྲེས་ལ། །སློབ་དཔོན་མཆོག་གིས་མཆོད་པའི་ཕྱིར། །མི་ཡི་ཐོད་པར་བླངས་ནས་ནི། །བཤང་གཅི་རྡོ་རྗེ་ཆར། །??་དེ་ནས་སློབ་མ་ཀུན་གྱིས་ལ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ནས། །གཉུག་མའི? ཕྱག་རྒྱ་དང་བཅས་པས། །དམ་ཚིག་དེ་ནི་སྦྱིན་པར་བྱ། །དངོས་གྲུབ་ཀུན་གྱི་གནས་གྱུར་ཅིང། །སངས་རྒྱས་བྱིན་བརླབས་ལམ་གྱུར་པས། །རྡོ་རྗེ་སློབ་མ་དེ་ཉིད་རིག་།ཆོགས་དེ་ལྟར་གཏང་བྱས་པས། །རང་གི་ཕྱག་རྒྱ་དམ་ཚིག་ནི། །བཟང་ལྡན་རྒྱུད་ནས་གསུངས་པ་ཉིད། །ཤིན་ཏུ བཞིན་བཟངས་མིག་ཡངས་མ། །རྟག་ཏུ་བྱང་ཆུབ་སེམས་ལ་དཔའ་། །མཱ་མ་ཀཱི་ལྟར་ཡོངས་དག་པ། །རབ་དགའ་གོས་ནི་རྣམ་སྤངས་མ། །འདི་ནི་ཡང་དག་མཆོད་བྱས་ནས། །ཕྱག་རྒྱའི་པདྨ་རྣམ་གནས་པ། །སྔོན་བཞིན་སྤྱོད་པའི་སློབ་མ་ནི། །རྡོ་རྗེ་འཛིན་པ་གཉིས་པ་ལ།། བཀྲ་ཤིས་བརྗོད་པའི་ཚིག་གིས་ནི། །དབྱངས་ནི་རྣམ་པ་སྣ་ཚོགས་དང། །རྔ་ཡབ་རྒྱལ་མཚན་གདུགས་ལས་སོ། །ཕྲེང་བ་ཙནདན་ལ་སོགས་མཆོད། །ཕྱག་རྒྱའི་དབང་བསྐུར་རིན་ཆེན་གྱིས། །དམ་ཚིག་ལ་གནས་བརྟེན་པར་བཞག་།ཁམས་གསུམ་པ་ཡི་དབང་བསྐུར ནས། །སློབ་མས་ཐལ་མོ་སྦྱར་བྱས་ལ། །དེ་ལ་རྗེས་གནང་སྦྱིན་བྱ་སྟེ། །རྒྱུད་ལས་ཇི་སྐད་གསུངས་པ་བཞིན། །ཆོས་ཀྱི་རྡོ་རྗེ་གང་འདོད་པར། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །རྡོ་རྗེ་སེམས དཔས་གསུངས་གྱུར་པ། །སངས་རྒྱས་མཆོག་གིས་བཤད་པར་གྱིས། །དེ་ལྟར་བསྟན་པས་སློབ་མ་ལ། །ཡང་དག་པར་སྦྱིན་རབ་སྦས་དང། །ཕྱག་རྒྱ་རིན་ཆེན་དབང་བསྐུར་དང། །རྗེས་སུ་གནང་བའི་ཁྱད་པར་གྱིས། །རྒྱུད་ཀྱི་དོན་ལ་ངེས་བྱས་ནས། །རྡོ་རྗེ་ཐེག་པའི་རིམ འབྱུང་བའི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན། །སེམས་ཅན་མཆོག་གིས་བཤད་པར་གྱིས། །འདི་ལྟ་བུ་ཡི་དབང་བསྐུར་བས། །སྒྲུབ་པའི་ངེས་པ་བྱས་གྱུར་ཉིད། །དེ་ཉིད་བསྒོམ་པས་ངལ་གྱུར་པས། །ངེས་པར་མཆོག་ནི་ཐོབ་པར་འགྱུར། ། རྫོགས་པའི་བྱང་ཆུབ་ངེས་བྱས་ནས། །ལུགས་བཅས་རིམ་པའི་རྣལ་འབྱོར་གྱིས། །གཉིས་པ་ཐམས་ཅད་རྣམ་སྤངས་ལ། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྒྲུབ། །ལུགས་བཅས་རིམ་པ་དེ་ཉིད་ངེས་པའི་བློ་ལྡན་སྒོམ་གྱུར་རྡོ་རྗེ་ཅན། །འདོད་པའི་ཡོན་ཏན་བཟང་པོ་རབ་དགའ་ཨི་ཡིད་ཅན དངོས་གྲུབ་དོན་ཀུན་སྒྲུབ། །མོ་ཡིས་ཚེ་འདི་ཉིད་ལ་འགྲུབ་འགྱུར་དཔལ་ལྡན་གསང་གྲུབ་ལ་གནས་ནས། །ཐབས་བཟངས་དག་དང་ལྡན་པས་བརྗོད་མེད་མཆོག་གྱུར་གོ་འཕང་ངམ་པར་འགྲོ་།དེ་ལྟར་ཐམས་ཅད་ཤེས་བྱས་ལ་།རིམ་པ་ཇི་བཞིན་གནས་བྱས་ཏེ། །དཔལ་ལྡན འདུས་པའི་རིམ་པ་ཡེས། །ཇི་ལྟར་ཡང་དག་བསྟན་པ་ལྟར། །དེ་ནས་རང་འདོད་ལ་གནས་པའི། །གསང་བ་གྲུབ་པ་ལ་གནས་པའི། །དངོས་གྲུབ་བཟང་པོ་ལ་འབད་པས། །རིགས་ཀུན་ལ་ནི་ཀུན་ཏུ་སྤྱོད། །ཡང་ན་ཕྱག་རྒྱ་ལྡན་པ་ཡིས། །འབོད་པའི་ཡོན་ཏན་ལྔ་ལྡན་པས། །རྒོད དང་ཕྲེང་ལ་སོགས་བཟང་པོ། །སེམས་ནི་སྤྲོ་བར་བྱེད་པ་ཅན། །ཆགས་མེད་གསང་བ་གྲུབ་པ་ཡིས། །གོ་འཕང་མཆོག་ནི་བསྒྲུབ་པར་བྱ། །གཉིས་པ་ཐམས་ཅད་རྣམ་སྤངས་ལ། །མཆོག་ཏུ་དགའ་བ་སྤེལ་བར་བྱེད། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར སྡུད་པར་བྱེད་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས་སྒྲུབ་པ་ཕྱག་རྒྱ་ཆེན་པོ་མངོན་པར་བསྟན་པའི་ལེའུ་སྟེ་ལྔ་པའོ། ། །།གསང་བའི་སྤྱོད་པ་དགེ་འབྱུང་ཞིང། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་ལ།། གཡེང་བའི་སྒྲ་རྣམ་ཟད་བྱེད་པ། །དེ་ནས་ཡང་དག་བཤད་པར་བྱ། །རྐང་པ་རྐྱང་བ་སྤངས་ནས་ནི། །འཁོར་བའི་མངག་གཞུག་དོར་ནས་ནི། །རྟག་ཏུ་བརྩོན་དང་ལྡན་ཡིད་ཀྱིས། །རྡོ་རྗེ་སེམས་དཔའ་རྟག་ཏུ་སྒྲུབ། །རྒོད་དང་འགྱོད་དང་གཉིད་ལ་སོགས། །འབད་པས་རབ་ཏུ་སྤང་བར བྱ། །གཞན་དུ་བསྐལ?་བ་བྱེ་བ་ནི། །བརྒྱར་ཡང་དངོས་གྲུབ་འབྱུང་མི་འགྱུར། །མགོན་པོ་རྡོ་རྗེ་སློབ་དཔོན་ལ། །དངོས་པོ་ཀུན་གྱི་ཕྱག་བྱས་ནས། །རྡོ་རྗེ་གསུམ་དབྱེར་མེད་པའི་གཟུགས། །གསང་བའི་དངོས་གྲུབ་ཡང་དག་སྦྱར། །མཚན་མ་མེད་ཅིང་སྣང་བ་མེད། །རང་གི་ལུས་ཀྱི་ཐབས་ལྡན་པའི།། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག། འབད་པས་རབ་ཏུ་བསྒོམ་པར་བྱ། །འབད་པས་དེ་ལྟར་ཤེས་བྱས་ནས། །རྡོ་རྗེའི་རང་བཞིན་ཀུན་དབང་པོ། །སྔགས་པས་རང་ལུས་དེ་ཉིད་དང། །རྡོ་རྗེ་ཅན་དངོས་དབྱེར་མེད་པའི། །སྣ་ཚོགས་སྤྱོད་པ་གསལ་གྱུར་པའི། །གསང་བའི་བརྟུལ་ཞུགས། བཟང་པོ་སྤྱོད། །ཐབས་བཟང་དག་དང་ལྡན་པ་ཡིས། །མཆོག་ཏུ་དགའ་བས་ཡོངས་སུ་དགང། །རྣམ་རྟོག་ཡིད་ལས་བྱུང་བ་ཡི། །འཇིག་རྟེན་པ་ཡི་གང་སྨད་པའི། །དེ་དེ་གཟུགས་སུ་གནས་བྱས་ལ། །གསང་བའི་བརྟུལ་ཞུགས་བརྟུལ་ཞུགས་ཅན། །ཇི་ལྟར་དཔལ་ལྡན་འདུས སྤྱོད་པའི། །གསང་བ་ཞེས་བྱར་རབ་གནས་པ། །བཤང་གཅི་ཟས་སུ་བྱས་གྱུར་ན། །སྒྲུབ་པའི་སྣོད་དུ་ངེས་པར་འགྱུར། །དམ་ཚིག་བཟང་པོ་གཞན་དག་ཀྱང། །གསལ་བྱེད་ལ་སོགས་ཁྱད་པར་དང། །ཕྱག་རྒྱའི་འཆིང་བ་བྱིན་བརླབས་ནས། །རྒྱུད་ནས་གསུངས་པའི་བཟང་པོ ཀུན། །རྡོ་རྗེའི་ཚིགས་ནི་བཟང་པོ་འདི། །རྡོ་རྗེ་ཐུགས་ཀྱིས་གསུངས་པ་ཡིས། །གསང་བའི་སྤྱོད་པ་བླ་མེད་པ། །དེ་ནི་བདག་གིས་བཤད་པར་བྱ། །རྡོ་རྗེ་ཐུགས་ཀྱིས་གང་སྦས་པ། །དེ་ནི་བདག་གིས་བཤད་པར་བྱ། །སངས་རྒྱས་འབྲས་བུ་འདོད་པ་ཡི། །སྒྲུབ་པ་པོ་ལ་ཕན་གདགས ཕྱིར། །མཉམ་གཞག་མི་སྨྲ་གྱུར་པ་ཡི། །སྨྱོན་པའི་གཟུགས་སུ་བཞག་པར་བྱ། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །ཤ་ཟ་བཞིན་དུ་ཀུན་ཏུ་འཁྱམ། །ཡང་དང་ཡང་དུ་ངལ་བྱས་ལ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བསྒོམ། །རྟག་ཏུ་བསྒོམ་དང་ལྡན་གྱུར་པའི། །རིག་པས་རང་གིས་རྟོགས བྱས་ལ། །གྲོང་དང་ཡུལ་འཁོར་གྲོང་ཁྱེར་དང། །ཚལ་ལ་སོགས་པར་འཁྱམ་པར་བྱ། །བཞི་མདོ་དག་དང་དུར་ཁྲོད་དང། །ལྷ་རྟེན་ཕོ་བྲང་ཁྱད་པར་དུ། །དོར་བ་རྙིང་པས་མགོ་བཅིངས་ལ། །ཚོགས་བཅས་གནས་སུ་འཇུག་ན་ཡང། །མཆོག་ཏུ་བདེ་བ་བསྒོམ་པར་བྱ། །འབད་མེད་རོལ མོ་བརྡུང་བ་དེར། །གང་དང་གླུ་ཡི་གཡེང་བར་བྱ། །འོ་མ་སྒྲོན་མར་ལྡན་པ་དེའི། །རྒྱལ་མཚན་ཅན་གྱི་གནས་འཇུག་བྱ། །ལ་ལར་རྒོད་ཅིང་ལ་ལར་སྨྲ། །ལ་ལར་གླུ་ཡང་བླང་བར་བྱ། །ལ་ལར་གར་བྱ་ལ་ལར་བརྡབ། །ལ་ལར་སྣ་ཚོགས་བརྗོད བྱ་བ། །ཇི་ལྟར་སྐྱོ་བར་མི་འགྱུར་བ། །ཐམས་ཅད་རིམ་གྱིས་རིམ་གྱིས་བྱ། །སྐྱོ་བར་གྱུར་ནས་སངས་རྒྱས་ཉིད། །ནམ་ཡང་འགྲུབ་པར་མི་འགྱུར་རོ། །འཇིག་རྟེན་སྤྱོད་པ་རྣམ་སྤངས་ལ། །རིགས་རྣམས་ཀུན་ལ་ཀུན་ཏུ་སྤྱང། །འདུས་ཤིང་ཚོགས་པ་ཐམས་ཅད་དུ། །གཅིག ཏུ་འོ་མ་གོམས་བྱེད་པར། །རོལ་ལ་སོགས་པའི་དམ་ཚིག་ལ། །ཤིན་ཏུ་སྲེད་པར་མི་བྱའོ། །ང་རྒྱལ་སྤང་བར་བྱ་བའི་ཕྱིར། །བདག་ཉིད་ཀྱིས་ཀྱང་གོམས་པར་བྱ། །མཆོག་ཏུ་དགའ་བའི་སེམས་ཉིད་ནི། །ཇི་ལྟར་མྱོས་པར་མི་འགྱུར་བར། །དམ་ཚིག་ཐམས་ཅད་སྔོན་འགྲོ བ། །སྔགས་པས་དེ་ལྟར་བྱ་བ་ཉིད། །གླུ་དང་གར་གྱི་དགའ་བ་ནི། །ཇི་ལྟར་ཡིད་ནི་མི་ཉམས་པར། །ཇི་སྲིད་མངོན་སུམ་གྱུར་གྱི་བར། །དེ་ལྟར་དེ་ཉིད་ལ་སེམས་བཞག་།བདུད་རྩི་ལྔ་ལ་གཅིག་གུས་པས། །དེ་ཉིད་ངེས་པར་བྱས་ནས་ནི། །རྣམ་པར་སྣང་མཛད་བླང་བྱས ནས། །སྨྱོན་པའི་བརྟུལ་ཞུགས་ཀྱིས་བརྒྱན་པའི། །སྨྱོན་པའི་མཚན་མ་གང་ཡིན་པ། །དེ་ནི་རྟག་ཏུ་བརྟེན་པར་བྱ། །སྔགས་པས་གསང་བའི་སྤྱོད་པ་ནི། །ཆོ་ག་བཞིན་དུ་སྤྱང་པར་བྱ། །སྲོག་ཆགས་ཀུན་ལུས་ལས་བྱུང་བའི། །སྒྲོན་མ་རྟག་ཏུ་ཆོ་ག་བཞིན། །ལྷ་ཡི་དངོས གྲུབ་ཐོབ་བྱའི་ཕྱིར། །འབད་པས་བཟའ་བར་བྱ་བ་ཉིད། །སྦྲང་མའི་སྐྱུག་པ་འདྲེས་པ་དང། །བཤང་དང་གཅི་བ་བསྲེས་བྱས་ནས། །སྒྲོན་མ་ལྔ་དང་བསྲེས་པ་ཡི། །རྟག་ཏུ་བདག་ཉིད་མཆོད་པ་བྱ། །དངོས་མེད་མཆོག་ཏུ་ཞི་བ་ཡི། །དཔལ་ལྡན་བདེ་ཆེན་རྡོ་རྗེ་ཅན། །རང་རིག་ཙམ ཞིག་བསྐྱེད་བྱས་ལ། །གོ་འཕང་མཆོག་དེ་སྒོམ་པར་བྱ། །སྔགས་པས་འདི་ལྟར་བསྒོམ་བྱས་ལ། །རང་གི་ལུས་མཆོག་བསྒོམ་པར་བྱ། །སྨད་པར་གྱུར་པ་མ་ལུས་པ། །དཔྱད་པ་མེད་པར་བྱ་བ་ཉིད། །བཙུན་མོའི་རང་བྱུང་མེ་ཏོག་ནི། །བྱང་ཆུབ་སེམས་དང་གཅས་གྱུར་པ།། ?་ལ་གསུང་གི་རྡོ་རྗེ་ཅན། །བདེ་བ་ཆེན་པོ་ཡང་དག་མཆོད། གླང་པོ་ཁྱི་རྟ་རྔ་མོ་ཡི། །སྒྲོན་མ་མི་ལས་བྱུང་བ་དག་།སྔགས་པས་རྟག་ཏུ་བཟའ་བྱ་ཞིང། །གཞན་དུ་བཟའ་བར་མི་བྱའོ། །དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །གང་ཞིག་རྟག་ཏུ་གོམས་བྱེད་པ། །རྡོ་རྗེ་པདྨའི་ཏིང་ངེ འཛིན། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །སློངས་མོ་སྤྱོད་པ་བྱ་བའི་ཕྱིར། །བརྟུལ་ཞུགས་ཅན་གྱིས་སྣོད་མི་བཟུང། །གྲོང་པས་ཟོས་ཤིང་པོར་བ་ཡི། །གྱོ་དུས་ལ་སོགས་དར་བཟའ་ཞིང། །གང་དུ་བོར་ཞིང་བྱིན་པར་བཟའ་། །དེས་ནི་གང་དུ་ཟོས་གྱུར་ནས། །ཚིམ་པར་གྱུར་ནས དེ་ཡང་དོར། །དེ་ཡི་སྨད་གཡོགས་དུམ་བུ་ཡང། །རྙིང་ཞིང་དུམ་བུར་གྱུར་པས་བྱ། །ཡང་ན་ཕྱོགས་ཀྱི་གོས་ཅན་གྱིས། །གོང་དུ་འགྲོ་བར་འདོད་པར་བྱ། །ཏིལ་འབྲས་ཙམ་གྱི་དངོས་པོ་ཡང། །ཡོངས་སུ་བཟུང་བར་མི་བྱའོ། །ཡོངས་སུ་འཛིན་ལས་སྡུག་བསྔལ་འབྱུང། །སྡུག་བསྔལ་གྱིས ནི་སེམས་འཁོར་འགྱུར། །འཁོར་བས་སེམས་ནི་ཞུམ་འགྱུར་ཏེ། །ཞུམ་པས་དངོས་གྲུབ་ཉམས་པར་འགྱུར། །དངོས་གྲུབ་མེད་ན་འཁོར་བ་སྟེ། །འཁོར་བས་དམྱལ་བསྒྲུབ་པར་བྱེད། །དམྱལ་བར་ཉོན་མོངས་སྡུག་བསྔལ་གྱིས། །གྲངས་མེད་བསྐལ་པར་གནོད་པར་འགྱུར།། བཞིན་སྐབས་སྡུག་བསྔལ་གྱུར་པ་དང། །གཞན་གྱི་བྲན་ལ་སོགས་པར་སྐྱེ། །རྣམ་དག་ལེགས་པར་འདོད་པ་ཡི། །སྐྱེ་བ་སླར་ཡང་ཐོབ་མི་འགྱུར། །དེ་ལྟར་བདག་གིས་བདག་ཉིད་ཀྱིས། །གསང་བའི་སྤྱོད་པ་རྣམ་བསྒོམས་ནས། །ཁམས་གསུམ་རྣམ་པ་གཅིག་གྱུར་པ། །རྣམ དག་ཐབས་བཟངས?་ལ་གནས་པས། །རྣམ་དག་ལེགས་པར་འདོད་པ་ཡིས། །སྐྱེ་བ་སླར་ཡང་ཐོབ་པར་འགྱུར། །གསང་བ་གྲུབ་པ་ལ་གནས་ནས། །དེ་ནས་སེང་གེ་བཞིན་དུ་སྤྱོད། །སྨྱོན་པའི་གཟུགས་འཛིན་གྱུར་པ་ཡིས། །ཀུན་སྤྱོད་ཐམས་ཅད་རྣམ་སྤངས་ལ། །གསང གསུམ་དྲི་མེད་རྣལ་འབྱོར་གྱིས། །བཟའ་བ་ཀུན་ལ་སྤྱོད་པར་བྱ། །ཤིང་རྡོས་ཡི་རང་བཞིན་གྱིས། །ལྷ་རྣམས་ལ་ཡང་ཕྱག་མི་བྱ། །ལུས་ཉིད་ལ་ནི་མཆོད་པ་དང། །བླ་མ་གུས་པས་ཕྱག་བྱའོ། །ས་རྡོའི་རང་བཞིན་མཆོད་རྟེན་དང། །གླེགས་བམ་ལ་སོགས་མི་བྱ་ཞིང། །རྨི་ལམ དུ་ཡང་དཀྱིལ་འཁོར་སོགས། །ལག་པའི་ཕྱག་རྒྱ་མི་བྱའོ། །ཐེག་པ་གསུམ་ལ་ཞུགས་རྣམས་ལ། །ཕྱག་ལ་སོགས་པ་མི་བྱའོ། །སངས་རྒྱས་དམ་པར་མི་འཛིན་ན། །རྣལ་འབྱོར་པ་གཞན་སྨོས་ཅི་དགོས། །བསྒོམ་ལ་ཆགས་གྱུར་སེམས་ཀྱིས ནི། །ངག་གི་རྩོད་པ་མི་བྱའོ། །དམ་ཚིག་དག་ནི་ཉམས་པར་འགྱུར། །ཉམས་འགྱུར་ཡིད་ནི་གཡེངས་གྱུར་པས། །སྦྱོར་བ་ལ་སོགས་འབད་པ་ཡིས། །དེ་ཉིད་རིག་པར་རྟག་ཏུ་སྤང། །རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་ཉིད། །སྤངས་ནས་གཞན་དུ་མི་བྱའོ། །དག པ་དེ་ཉིད་ལ་གནས་པས། །སྦྱོར་བ་རྣམས་ཀྱང་མི་བྱ་སྟེ། །དམ་ཚིག་དག་ནི་ཉམས་པར་འགྱུར། །ཉམས་པས་ཡིད་ནི་སྡུག་བསྔལ་འཐོབ། །བདག་མེད་རྣལ་འབྱོར་ལྡན་པ་ཡི། །ཇི་སྲིད་དེ་ལ་རྟོགས་གྱུར་པས། །དངོས་མེད་གོ་འཕང་ལ་གནས་ནས། །ཐབས བཟང་དག་དང་ལྡན་པ་ཡི། །རྟོག་ལས་གང་ཞིག་འབྱུང་བ་རྣམས། །མ་བརྟག་པར་ནི་འབྱུང་བར་འགྱུར། །བསྒོམ་བྱའི་སྦྱོར་བའི་སྟོབས་ཀྱིས་ནི། །དངོས་གྲུབ་མཚན་ཉིད་གང་ཅི་རང་རུང། །དེ་ཀུན་སྐད་ཅིག་ཙམ་ལ་ནི། །རང་ཉིད་གནས་པར་འགྱུར་བ་ཡིན བསྒོམ་པ་འདི་ནི་བར་ཆད་ཅན། །སྔགས་པས་གསང་སྔགས་མི་བཟླ་ཞིང། །དཀྱིལ་འཁོར་དག་ཀྱང་མི་བྱ་ལ། །ཕྱག་རྒྱ་མི་བཅིང་ཕྱག་མི་བྱ། །ལུས་ཉིད་དཀྱིལ་འཁོར་ཞེས་གསུངས་ཏེ། །ཤེས་རབ་ཕྱག་རྒྱ་ཞེས་བྱར་གྲགས། །དཔལ་ལྡན་རྡོ་རྗེ་སེམས དག་སྔགས། །དེ་བསྟེན་པ་ནི་ཕྱག་ཡིན་ནོ། །ནང་གི་བདག་ཉིད་དེ་བྱས་ནས། །མཁས་པས་ཕྱི་རོལ་ཐམས་ཅད་སྤངས། །གསང་བའི་སྤྱོད་པ་དང་ལྡན་པས། །དེ་ཉིད་རིག་པས་རྟག་ཏུ་སྤྱད། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཨི་བདག་།རྣམ་པར་རྟོག་མེད་སྔགས་པ ཡིས། །གསང་བའི་སྤྱོད་པ་དང་ལྡན་པས། །དེ་ལྟར་འགྱུར་མེད་འགྲུབ་པར་འགྱུར། །སྤྲོ་ཞིང་དེ་ལ་རབ་སྦྱོར་བས། །དམ་ཚིག་དག་ནི་སྐྱོང་བ་དང། །དགེ་བའི་བཤེས་གཉེན་བསྟེན་པ་ཡིས། །ཤེས་རབ་ཐབས་དག་རྣམ་པར་བསྒོམ། །གར་དང་གླུ་སོགས་སྦྱོར་བ་ཡི པདྨ་རྡོ་རྗེ་རྣམ་རོལ་ཞིང། །བུར་ཆང་སྒྲོན་མ་གུས་པ་དང། །དྲི་དང་ཕྲེང་སོགས་རྒྱ་ཆེན་དང། །གླིང་བུ་རྔ་ཟླུམ་སྒྲ་དག་དང། རྫ་རྔའི་སྒྲ་ལ་སོགས་པ་དང། །ལྷ་རྫས་ལུས་བཟངས་དྲི་བཟངས་མ། །རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབ། །ལྷ་རྫས་བཟང་པོ་མཆོག་འདི་དང། །ནང་གི་བདག ཉིད་བསྒོམས་པ་ཡིས། །རྡོ་རྗེ་སེམས་དཔའ་འགྲུབ་འགྱུར་བ། །སྤྱད་པར་བྱ་བ་མ་ཡིན་ནོ། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །བྱང་ཆུབ་སེམས་ནི་རབ་སྤྲོས་པས། །ཆུ་སྐྱེས་ཁྱད་པར་བཟའ་བར་བྱ། །རྟག་ཏུ་ཆགས་པ་དང་ལྡན་ཞིང མཆོག་ཏུ་དགའ་བ་ལ་སྲེད་པས། །རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །མང་དུ་སྨྲས་པ་ཅི་ཞིག་དགོས། །རྟག་ཏུ་ངོ་ཚ་སྤངས་གྱུར་པས། །དམ་ཚིག་སྤྱོད་ལ་ཅི་ཞེན་པ། །སྨྱོན་པའི་གཟུགས་ཀྱིས་མི་སྨྲ་བ། །དུར་ཁྲོད་ལ་སོགས་གར་གནས་ནས། །མཱ་མ་ཀཱི་དང སྤྱན་ལ་སོགས། །རྒྱན་རྣམས་ལ་སོགས་ཀྱིས་བརྒྱན་པའི། །ཕྱག་རྒྱའི་ཚོགས་དང་ལྷན་ཅིག་ཏུ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བསྒོམ། །རྡོ་རྗེ་ནམ་མཁའ་ཨི་ཁམས་སྦྱོར་བས། །དེར་ནི་ཐམས་ཅད་བསྒོམ་པར་བྱ། །ཞལ་གསུམ་པ་ཡི་རྣལ་འབྱོར་གྱིས། །ཡེ་ཤེས་རྒྱ་ཆེན རླབས་སྤྲོ་བྱ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །རང་དངོས་རིག་པ་བསྐུལ་བྱས་ན། །སངས་རྒྱས་ཡེ་ཤེས་གཟུགས་ཅན་རྣམས། །རབ་ཏུ་བསྡུས་པ་དག་ཀྱང་བྱ། །ཕྱོགས་བཅུ་དག་ཏུ་རྒྱུག་བྱེད་པའི། །རང་སེམས་གལ་ཏེ་འཛིན་པར་འདོད་གྱུར་ན། །སངས་རྒྱས་ཐོབ་པའི་རྒྱུར གྱུར་རང་གི་སེམས། །དེ་ཚེ་ཡང་དག་སྦྱོར་བ་མཆོག་ཏུ་བྱ། །གོང་དུ་ཉམས་མྱོང་ཕྱག་རྒྱ་རྗེས་བསམ་བྱ། །རྩེར་ལྡན་རྗེས་འགྲོ་བཟང་དགའ་ཆགས་པ་ཅན། །ཆག་པས་ཐོབ་གྱུར་དེ་ལས་སེམས་གཏད་ནས། །སླར་ཡང་རིམ་པའི་ཁྱད་པར་གསལ་བར་བསྒྲུབ། །བསམ་གཏན་འདི་ལ སྦྱོར་བ་ཡི། །རིན་ཆེན་སེམས་ནི་བརྟན་གྱུར་ནས། །སངས་རྒྱས་བྱང་ཆུབ་རབ་གནས་དེ། །བྱིན་གྱིས་བརླབ་པ་མཛད་པར་འགྱུར། །དེ་ལྟ་དེ་ཉིད་ཤེས་གྱུར་ནས། །དེར་གཏད་ནས་ནི་བསྒོམ་པར་བྱ། །ཇི་སྲིད་ཡིད་ནི་མི་སྐྱོ་བར། །བློ་བཟང་སེམས་ནི་མཉམ་གཞག་པས། །སྐྱོན་ཇི་ལྟར འདོད་པ་ཡི། །སེམས་ཀྱིས་ཀུན་ཏུ་ཁྱབ་པར་བྱ། །ཅུང་ཟད་མིག་ནི་རྒྱལ་འགྱུར་བས། །བྱང་ཆུབ་རིན་ཆེན་བསྒོམ་པར་བྱ། །ལ་ལ་རྒོད་དང་སྨྲ་བ་དང། །ལ་ལར་གར་དག་བྱེད་པ་ན། །ཇི་ལྟར་སྐྱོ་བར་མི་འགྱུར་བས། །བསྒོམ་པ་ལ་ཆགས སེམས་ཀྱིས་སོ། །རྣམ་པར་རྟོག་མེད་སྔགས་པ་ཡིས། །ད་ལྟའི་ཏིང་འཛིན་དང་ལྡན་པས། །དུས་ཀྱི་ངེས་པ་ཡོངས་སྤངས་ནས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །བཟང་པོའི་རིགས་ལྔ་ལས་བྱུང་བའི། །དམ་ཚིག་རྟག་ཏུ་བཟའ་བར་བྱ། །ཁྱད་པར་གཞན་དང་ལྡན པ་ཡི། །དམ་ཚིག་བརྟེན་པའི་མཆོད་པར་བྱ། །རྟག་ཏུ་བདེ་གཤེགས་བསམ་གཏན་པས། །སྤྱན་ནི་རྒྱས་པར་གྱུར་ནས་སུ། །བྱང་ཆུབ་སེམས་ནི་རྣམ་བསྒོམས་པས། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །སྤྱོད་པ་རིན་ཆེན་ལ་གནས་ཤིང། །རྡོ་རྗེ་ཡེ་ཤེས་ལ མོས་པས། །བདེ་གཤེགས་གོ་འཕང་འདོད་ན་ནི། །མི་དགེའི་སེམས་སུ་མི་བྱའོ། །ཁམས་གསུམ་ཏུ་མི་འབྱུང་འགྱུར་བའི། །བཙུན་མོ་ཀུན་ལ་འདོད་པར་བྱ། །དམན་ལས་སྐྱེས་དང་འགྱུར་བ་ཅན། །དེ་ཉིད་རྣལ་འབྱོར་བས་མཆོད་བྱ། །རྣམ་པར་སྣང་མཛད་ལས བྱུང་དང། །སྲོག་ཆགས་ཀུན་ལུས་ལས་བྱུང་བའི། །སྲོག་ཆགས་རྣམས་ནི་རྣལ་འབྱོར་པས། །དངོས་གྲུབ་འདོད་ན་སྒྲུབ་པར་བྱ། །བཤང་གཅི་ས་བོན་ལ་སོགས་པ། །སྣ་ཡི་ནང་ནས་བྱུང་བ་ཡིས། །རང་ལུས་རྡོ་རྗེ་བསྒོམས་ནས་ནི། །སྔགས་པས་རྟག་ཏུ་མཆོད་པར བྱ། །ཁམས་གསུམ་པ་ལས་བྱུང་བ་ཡི། །རྟག་ཏུ་དམ་ཚིག་ལ་མཆོད་པས། །དེ་ཉིད་རིན་ཆེན་ལ་རབ་སྦྱར། །གཞན་དུ་འགྲུབ་པར་མི་འགྱུར་རོ། །འདིར་ནི་མང་དུ་སྨྲ་ཅི་དགོས། །གང་དང་གང་ཞིག་དམིགས་འགྱུར་བ། །དེ་ཀུན་དེ་ཉིད་རྣལ་འབྱོར་དུ། །རིག་པས རྟོགས་ཤིང་བལྟ་བར་བྱ། །རྡོ་རྗེ་སྒྲུབ་པར་གང་གསུངས་པ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །དམ་ཚིག་བཟང་པོ་དང་ལྡན་པའི། །དེ་ཉིད་གསུམ་དབྱེར་མེད་པའི་སྐུ། །སྔགས་པས་རྟག་ཏུ་མཆོད་པར་བྱ། །ཀུན་ཀྱང་རྟོག་པ་སྔོན་འགྲོ་བས། །ཁམས་གསུམ་འདི དག་རྣམ་པར་དག། མ་རིག་དེ་བས་ཡང་དག་བསྒྲིབས། །རྨི་ལམ་རྩེད་མོ་རྗེས་སུ་འགྲོ་།ཕུང་པོ་ཁམས་སོགས་མཚན་ཉིད་རྣམས། །དེ་ལྟར་འབད་པས་དཔྱད་ན་ནི། །མཚན་མ་མེད་ཅིང་སྣང་མེད་པའོ། །ཐབས་དང་བཅས་པ་རྣམ་པར་བསྒོམ། །དེ་ལྟར་ཆོག་ལྡན་ཤེས་པས། །སེམས་ནི་དེ ཉིད་བྱིན་བརླབས་ནས། །ཇི་ལྟར་ཐོས་པས་འཚོ་བྱེད་ཅིང། །དམ་ཚིག་མ་ལུས་ལ་རབ་སྦྱོར། །ཚོང་དཔོན་བྲམ་ཟེ་རྡེའུ་རིགས་དང། །ཤི་བ་སོགས་ཀྱི་འགྲོན་བོས་ན། །ཟོས་ཤིང་ཚེམ་ནས་བོར་གྱུར་པའི། །གཅིག་ཏུ་བསྡུས་པའི་དམན་པ་རྣམས། །ཁྱི་དང་ཝ་ཡི་སྨད་པ་དང། བླངས་ནས དེ་ནི་བཟའ་བར་བྱ། །དེ་ཉིད་བསྒོམ་པའི་རྣལ་འབྱོར་པས། །གཞན་དུ་འགྲུབ་པར་མི་འགྱུར་རོ། །ཅུང་ཞིག་སྨྱོན་པའི་སེམས་ལྡན་པའི། །རིགས་རྣམས་ཀུན་ལ་མཉམ་པར་སྦྱོར། །བཟང་པོའི་དབྱངས་དང་ལྡན་པའི་གར། །རྡོ་རྗེ་གར་གྱིས་གོམ་པར་གནས། །གླུ་རྣམས་ལེན་པར་བྱེད་པ ཡི། །རྡོ་རྗེ་གླུ་ནི་མི་གསལ་བར། །ཁམས་གསུམ་དག་ཏུ་གྲགས་པ་ཡི། །གཞན་དག་གསལ་བ་ཉིད་དུ་ལེན། །སྣ་ཚོགས་སྐད་བསྲེས་གླུ་ལེན་ཅིང། །ཤ་ཟ་བཞིན་དུ་ཀུན་ཏུ་འཁྱམ། །ལས་དག་གང་གིས་སྐྱེ་བོ་རྣམས། །གང་དང་གང་དུ་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ཁྱད་པར་ཐམས་ཅད་སྤངས་པ་ཡི། །དེ་ཉིད་ཞི་བ་ཐོབ་གྱུར་ནས། །ཐབས་བཟང་དག་དང་ལྡན་པ་ཡི། །གོ་འཕང་མཆོག་ནི་བསྒྲུབ་པར་བྱ། །འབྱུང་པོ་ཀུན་གྱི་དེ་ཉིད་གང། །བཟུང་དང་འཛིན་པ་རྣམ་སྤངས་པ། །འགྲོ་ཀུན་མཆོག་ཏུ་ཞི་བ་ཉིད།། ཁྱད་པར་གནས་པའི་བཟང་པོ་གང། །རང་ལུས་ཐབས་དང་བཅས་པ་ཡི། །དེ་ཉིད་རྟག་ཏུ་བསྒོམ་པར་བྱ། །དུས་པ་ཀུན་ལ་ཐལ་མོའི་སྒྲ། །རིམ་གྱི་གང་ནི་བཟང་པོ་བྱ། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །བྱང་ཆུབ་མཆོག་ཏུ་འགྲོ་བར་འགྱུར། །བཟང་པོ་གོ་འཕང་དེར་གནས་ནས།། གང་དང་གང་དུ་གནས་ན་ཡང། །བྱང་ཆུབ་མཆོག་ཏུ་ངེས་བྱས་པས། །སྦྱོང་བན?་ཅན་ཡང་འགྲུབ་པར་འགྱུར། །སྨྱོན་པའི་བརྟུལ་ཞུགས་ལ་བརྟེན་ནས། །ཡིད་ནི་དེ་ཉིད་བྱིན་བརླབས་ནས། །གསང་སྤྱོད་མཆོག་གི་རོལ་པ་ཡི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །གལ་ཏེ་རྒྱ་ཆེན་ཁྱིམ། རྣམས་ནི། །སྤོང་བར་ནུས་པ་མ་ཡིན་ཡང། །དཔལ་ལྡན་གསང་འདུས་ལས་བསྟན་པའི། །བྱང་ཆུབ་འབྱུང་བའི་སྤྱོད་པ་རྣམས། །ཁྱིམ་དེ་ཉིད་དུ་གནས་བྱས་ནས། །འཇིག་རྟེན་སྤྱོད་པ་ལ་གནས་ནས། །ཇི་ལྟར་རིག་པ་མི་འགྱུར་བར། །གསང་བའི དམ་ཚིག་སྤྱད་པར་བྱ། །མཚན་མོ་གསལ་པོར་བྱས་ནས་ནི། །འོ་མ་གཅིག་ཏུ་གོམས་བྱས་པས། །ཕྱག་རྒྱར་བཅས་པས་བྱ་བ་སྟེ། །ཡིད་ཆེས་པས་ཡིན་གཞན་གྱིས་མིན། །དྲི་ཆུ་ལ་སོགས་དམ་ཚིག་རྣམས། །རྟག་ཏུ་སྤྱད་པར་བྱ་བ་ཉིད། །གཅིག་ཏུ་དམ་ཚིག་གོམས བྱེད་ན། །དེ་ཉིད་བླ་མེད་འགྲུབ་པར་འགྱུར། །ཤིན་ཏུ་གསང་བའི་གྲོགས་དག་ཉིད། །དེ་ཉིད་ཤེས་ཤིང་མཆོག་གྱུར་པ། །དེ་དང་ལྷན་ཅིག་དམ་ཚིགས་རྣམས། །རྒྱུད་ལས་གསུང་བ་སྤྱད་པར་བྱ། །བུད་མེད་བཟང་དང་ལོངས་སྤྱོད་བཟང། །དེ་བཞིན་གནས་མལ་བཟང་སོགས ཀྱིས། །དེ་ཉིད་བསྒོམ་པས་ངལ་གྱུར་པའི། །ཡེ་ཤེས་ལྡན་པས་འགྲུབ་པར་འགྱུར། །དམ་ཚིག་སྤྱོད་པ་དེར་གཏད་པར། །ཁྱིམ་ཉིད་དུ་ཡང་འགྲུབ་པར་འགྱུར། །དམ་ཚིག་སྤྱོད་པ་དམན་གྱུར་ན། །སྤྱོད་པ་མིན་ཞིང་ཁྱིམ་དཱུང་མིན། །དེ་ལྟར་དམ་ཚིག་མངོན་ལྡན་ཞིང། །ཡེ་ཤེས བཟང་པོ་ལ་དགའ་བ། །ཆོ་ག་འདིས་ནི་བསྐུལ་བྱས་ནས། །རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །ཉམས་སུ་བླངས་བྱ་ཐམས་ཅད་ནི། །འགལ་བའི་དམ་ཚིག་ལ་སོགས་པ། །སྨད་པར་གྱུར་པ་སྔོན་འགྲོ་བའི། །མ་ལུས་པ་དག་གང་བསྟན་པ། །དངོས་གྲུབ་བཟང་པོའི་རྒྱུ ཡི་ཕྱིར། །དེ་དག་ཐམས་ཅད་བྱ་བ་ཉིད། །འདི་ཀུན་མངོན་སུམ་ཉིད་དུ་ནི། །བྱེད་པའི་ཆར་ནི་དབྱེ་བྱ་སྟེ། །གསང་བ་སྤྱོད་པ་ལྡན་པ་ཡི། །དེ་ཉིད་ཤེས་ཡིན་གཞན་མ་ཡིན། །འགལ་བའི་དམ་ཚིག་ལ་སོགས་པའི། །གསང་བ་གྲུབ་པ་ཞེས་བྱར་བརྗོད། །རྟགས་ཅན གཟུགས་ལ་གནས་གྱུར་ནས། །འཇིག་རྟེན་སྤྱོད་ལས་འདས་གྱུར་ཏེ། །སྨད་པ་རྣམས་ལ་གསལ་པོ་རུ། །ཉམས་སུ་ལེན་པར་བྱེད་གྱུར་ཅིང། །ནུས་པ་དག་ནི་མ་སྐྱེས་པར། །ཀུན་རྫོབ་ཉིད་དུ་འཇུག་འགྱུར་བའི། །དམན་པའི་རིགས་ལ་སོགས་པ་ལ། །རྟག་ཏུ་དམ་ཚིག སོགས་སྤྱོད་ཅིང། །འདོད་དང་བཅས་པའི་སེམས་ཉིད་ཀྱིས། །ཐབ་ཁུང་དཀྱིལ་འཁོར་སོགས་བྱེད་པ། །རྟག་དང་ཆད་པ་སྨྲ་བ་ཡི། །གང་ཞིག་ཆོ་ག་འདིར་གནས་པས། །དེ་ནི་བསྟན་པ་འཇིག་བྱེད་གསུངས། །གལ་ཏེ་རྟགས་དང་ལྡན་གྱུར་པས། །སྒྲུབ་པ་འདི་ནི་བྱེད་འགྱུར་ན། །དེ་ནི་མཚན་མོ་དམ་ཚིག སྤྱད། །ཉིན་མོ་ཤིན་ཏུ་གསང་བར་བྱ། །དམན་པའི་འགྲོ་བ་ཉན་ཐོས་སོགས། །ཇི་ལྟར་གཞན་གྱིས་མི་རིག་པ། །དེ་ལྟར་སྔགས་པས་བྱ་བ་སྟེ། །བདག་ཉིད་སྒྲུབ་ཕྱིར་ཤིན་ཏུ་སྤང། །འཇིག་རྟེན་ཀུན་གྱིས་མི་གནོད་ཅིང། །འཇིག་རྟེན་ཀུན་ལ་མི་གནོད་པར། །དེ་བཞིན་སྔགས་པས་འདིར བྱའོ། །བདེ་གཤེགས་དངོས་གྲུབ་འདོད་གྱུར་ན། །གསང་བ་གྲུབ་པ་ལ་གནས་ཤིང། །སྒྲུབ་པ་པོ་ལ་ནུས་པ་ཞིག་།ཇི་སྲིད་འབྱུང་བར་མ་གྱུར་བ། །དེ་སྲིད་བརྟུལ་ཞུགས་རྟགས་མི་བཟུང། །ནུས་པ་ཞིག་ནི་སྐྱེས་འགྱུར་པ། །དེ་ནས་གསང་བའི་སྤྱོད་པ་སྤངས། །དེ་རྗེས་རིག་པའི་བརྟུལ ཞུགས་བཟང། །དེ་དག་རྟག་ཏུ་བླང་བར་བྱ། །གོ་འཕང་ཉམས་དགའ་དེར་གནས་པས། །རྣལ་འབྱོར་དེར་གཏང་བསྒོམ་པར་བྱ། །འདུ་འཛི་ཐམས་ཅད་དེར་བྲལ་ནས། །གོ་འཕང་མཆོག་ནི་འགྲུབ་པར་འགྱུར། །འདུ་འཛི་རིང་དུ་སྤངས་ཤིང་རང་བཞིན་གཡོ་བའི་སེམས་ཉིད་རབ་སྦྱར་ནས། །དངོས་དང དངོས་མེད་རང་བཞིན་བདེ་བའི་མཆོག་ལྡན་དེ་ཉིད་ལ་གནས་བསྒོམ་པར་བྱ། །ཉོན་མོངས་པ་ཡི་དགྲ་ཚོགས་མང་པོ་ལས་རྒྱལ་མི་ཉམས་བཟང་པོར་གྱུར་པ་ཡི། །སེམས་ཅན་དོན་ལྡན་སེམས་ཀྱིས་རྟག་ཏུ་རྣལ་འབྱོར་པ་རྣམས་འཇིག་རྟེན་གསུམ་ན་སྤྱོད། །སྤྱན་ནི་ཅུང་ཞིག་ཕྱེ་ནས་སྲིད་པའི སྡུག་བསྔལ་བསལ་བའི་སེམས་དང་ལྡན་པ་ཡི། །ཆོ་ག་ཤེས་པར་གྱུར་པས་སྣ་ཚོགས་མ་ལུས་བརྫུན་པའི་བློ་དང་སྒྲ་སྤངས་ལ། །མཆོག་ཏུ་ལེགས་པར་སྤྱོད་པའི་སེམས་ཅན་དོན་ལྡན་འཇིག་རྟེན་གསུམ་ན་གྲགས་པར་བྱེད། །དངོས་རྣམས་དཔག་མེད་བྱང་ཆུབ་གོ་འཕང་མཆོག་གྱུར་མཉམ་མེད་སེམས་ཅན མཆོག་གྱུར་རོལ་པ་གང། །ཁྱིམ་གྱི་འཛིན་པ་རྩ་བཞིན་མ་ལུས་སྒྱུ་མ་བཞིན་ལྟ་བ། །སྤྲེའུ་དང་རླུང་དང་གློག་བཞིན་གཡོ་བའི་སེམས་ཞེས་བྱ་ལ་དབང་དུ་གྱུར་པས་གཞག་།དངོས་པོའི་དེ་ཉིད་བསྒོམས་པའི་ལུས་ཅན་དམ་པའི་བདེ་བ་དེ་ཉིད་མཆོག་།སེམས་ཅན་དོན་ལ་སྤྲོ་བའི་དེ་ཉིད་སེམས་ལ་ངེས པར་རྣལ་འབྱོར་དབང་ཕྱུག་རོལ་བར་བྱེད། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས། །སྒྲུབ་པའི་ཐབས་ཀྱི་མཉམ་པ་ཉིད་ཀྱི་སེམས་དྲི་མ་མེད་པར་བྱེད པའི་གསང་བའི་སྤྱོད?་པའི་རིམ་པ་མ་ལུས་པར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ། ། །དག་ཅིང་རང་བཞིན་དྲི་མ་མེད། །སྣ་ཚོགས་གཟུགས་རྣམས་ཕུན་སུམ་ཚོགས། །འཆིང་དང་མྱ་ངན་རྣམ་སྤངས་པ། །ལྷ་ཡི་ཕྱག་རྒྱ་མཆོག་རྙེད་ནས། །ལྷ་མོ་ཀླུ མོ་གནོད་སྦྱིན་མོ། །དེ་བཞིན་ལྷ་མིན་བུ་མོའང་རུང། །དྲི་ཟའི་བུ་མོ་གཟུགས་ལྡན་པའི། །གྲུབ་པའི་རྣལ་འབྱོར་མ་ཡང་རུང། །འདི་ལྟའི་བུ་མོ་རྣལ་འབྱོར་མའམ། །དེ་ཉིད་རྣལ་འབྱོར་ལྡན་པ་དང། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །བཀུག་ནས་ལོངས་སྤྱོད་ཉིད་དུ་བྱ། །ལྷ་རྫས་གྲུབ པ་གང་ཡིན་དེ། །དམ་ཚིག་སྦྱོར་བར་རབ་ཏུ་བརྗོད། །བསྒྲུབས་ན་མ་དག་གཞུག་པར་འགྱུར་ཞིང། །གང་འདོད་པ་དེ་བྱེད་པར་འགྱུར། །དེས་ནི་སེམས་ནི་རྣམ་གཡེང་བར། །ནམ་ཡང་བྱེད་པར་མི་འགྱུར་རོ། །མི་ཡི་བུ་མོ་མཐུ་ཆེན་གྱིས། །དམ་ཚིག་བཟང་པོ་འགྲུབ་པར་འགྱུར། །འདོད་པའི་རྫུ་འཕྲུལ་ཆེ ལྡན་ཞིང། །ཆུ་དང་ཆུ?་བདག་རྣམ་པར་སྤངས། །སྣ་ཚོགས་གཟུགས་དག་རབ་སྟོན་པའི། །ལྷ་རྫས་བཙུན་མོ་བསྟེན་པར་བྱ། །དེ་དང་ལྷན་ཅིག་མཉམ་ལྡན་པའི། །སྐྱེ་བོ་མེད་པའི་ཚལ་སོང་ལ། །འཇིགས་པ་ཐམས་ཅད་རྣམ་སྤངས་ནས། །སེང་གེ་བཞིན་དུ་རྣམ་པར་སྤྱད། །ལྷ་རྫས་བཙུན་མོ འགུགས་པ་ཡི། །ནུས་པ་གལ་ཏེ་མེད་གྱུར་ན། །འདོད་པས་གནོད་པ་ཉིད་གྱུར་ལ། །དེས་ནི་མི་ཡི་བུ་མོ་བསྟེན། །ལོངས་སྤྱོད་བཟང་པོ་དང་ལྡན་པའི། །གཡེང་བའི་མྱོས་པ་ཞི་བྱའི་ཕྱིར། །དེ་ཕྱིར་སྒྲུབ་པའི་དབང་པོ་ལ། །མི་ལས་བྱུང་བའི་བུ་མོ་བསྟེན། །རྣམ་གཡེང་ཁྲོ་བ་མངའ་དང། །སྐྱོན་རྣམས་ཐམས་ཅད་འབྱུང་འགྱུར་ཞིང རྒས་ཤིང་མྱ་ངན་གྱིས་ནོན་པའི། །མི་ཡི་བུ་མོ་ཤིན་ཏུ་སྤང། །དེ་ལྟའི་ལྷ་རྫས་མེད་གྱུར་ནས། །དངོས་གྲུབ་བཟང་པོའི་རྒྱུ་ཡི་ཕྱིར། །རྒྱུད་ཀྱི་བྱ་བའི་རིམ་པ་ཡིས། །མི་ཡི་བུ་མོ་བསྟན་པར་བྱ། །དེ་ལྟར་ཐ་མལ་བྱང་ཆུབ་ཉིད། །སྔགས་ཀྱི་ཆོ་ག་བཞིན་བྱས་ནས། །མཆོག་ཏུ་དགའ་བའི ཡིད་ཅན་གྱིས། །བྱང་ཆུབ་མཆོག་ནི་བསྒྲུབ་པར་བྱ། །ཐ་མལ་པ་ཡི་རིམ་པ་ཡི། །ཕྱག་རྒྱ་དེ་ཉིད་བཤད་པར་བྱ། །མཐར་སྐྱེས་དང་པོར་བྱས་པས་ནི། །གང་གི་དངོས་གྲུབ་ཐོབ་འགྱུར་བའོ། །མཐར་སྐྱེས་མི་སྲིད་བུ་མོ་དང། །དེ་བཞིན་ཚོས་མའི་བུ་མོ་དང། །སྨད་པའི་རིགས་ལས་བྱུང་གྱུར དང། །གང་ཡང་བདེ་བ་རྙེད་པ་དང། །རྒྱུད་ནས་གསུངས་པའི་རིག་བྱས་པའི། །ཁྱད་པར་དུ་ནི་བུ་མོ་ཉིད། །དམ་ཚིག་སྤྱོད་པ་ཐམས་ཅད་ལ། །བྱིས་པ་ཉིད་ནས་རིམ་གྱིས་བརླབ། །བྱང་ཆུབ་སེམས་ལ་དགའ་ཞིང་མཁས། །ཆོས་ཉིད་ལ་ནི་བཟོད་བྱས་པས། །མཁས་པས་ཆོ་ག་ཇི བཞིན་དུ། །རྡོ་རྗེ་གསུམ་དབྱེར་མེད་པར་བསྒྲུབ། །རྒྱུད་ནས་ཇི་སྐད་གསུངས་པ་ཡི། །མཆོད་པ་དེ་ལ་གནས་ནས་བརྩམ། །གུས་པས་འོ་མ་སྒྲོན་མ་དང། །ཕྲེང་བ་ལ་སོགས་རྒྱན་རྣམས་དང། །ཐལ་བ་བཟང་པོ་བསྡུ?་བྱ་ཞིང། །རལ་པའི་ཅོད་པན་གྱིས་བརྒྱན་པར། །སྔགས་པས་རང གི་གཟུགས་ཉིད་དང། །དེ་ཡི་གཟུགས་ཀྱང་བྱ་བ་ཉིད། །སྟག་གིས་བགས་པས་གོས་བྱས་ཤིང། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །རྡོ་རྗེ་ཁ་ཊཝཱཾ་ག་བླང་ཞིང། །དྲིལ་བུ་ཅང་ཏེའུས་རྣམ་པར་བརྒྱན། །དེ་བཞིན་རྣ་བ་མགྲིན་དཔུང?་པ། །རུས་པའི་དུམ་བུས་རྣམ་པར བརྒྱན། །མི་ཡི་ཐོད་པ་གཡོན་པ་སྟ། །དེ་བཞིན་གཡས་པར་ཌཱ་མ་རུ། །བདག་དང་ཕྱག་རྒྱ་དེ་བཞིན་དུ། མཱ་མ་ཀཱི་འམ་སྤྱན་དག་གམ། །བདག་ཉིད་རྡོ་རྗེ་མཆོག་འཛིན་པས། །འདི་འདྲའི་གཟུགས་སུ་བྱས་ནས་ནི། །རྒྱུད་ལས་བྱུང་བའི་ཆོ་ག་ཡིས། །རིག་པའི་བརྟུལ་ཞུགས བཟང་པོ་སྤྱད། །གཉིས་མེད་ངེས་པར་བྱས་ནས་ནི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་ལས་རིག་པའི་བརྟུལ་ཞུགས་ངེས་པར་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བདུན པའོ། ། །།མཐར་སྐྱེས་ངོ་མཚར་ཆེན་པོ་ལས། །རྒྱུད་ལས་སྒྲུབ་ཐབས་གང་གསུངས་པ། །ཇི་ལྟར་ངེས་པར་དེས་འཐོབ་པ། །དེ་ནས་ཡང་དག་བཤད་པར་བྱ། །སྐྱོབ་པའི་ངེས་པ་ཡོངས་སྤངས་ལ། །ཚོགས་ཀྱི་དབང་ཕྱུག་གཟུགས་བྱས་ནས། །གང་དུས་སུས ཀྱང་མི་ཤེས་པར། །མཐར་སྐྱེས་ནང་དུ་འཇུག་པར་བྱ། །ཚོགས་ཀྱི་མཚན་མ་བླངས་ནས་ནི། །མགོ་བོའི་སྐྲ་ནི་བྲེགས་ནས་ཀྱང། །རལ་པ་སྦོམ་པོ་གཅིག་བཞག་ནས། །གཙུག་ཕུད་གཅིག་ནི་བཟུང་བར་བྱ། །རུ་རག་ཤ་དང་ཤེལ་བཟང་པོ། །ཚན ཚན་དག་ཏུ་སྤལ་བྱས་པའི། །ཕྲེང་བའི་དོ་ཤལ་འཕྱང་པོ་དག་།མགུལ་བའི་རྒྱན་དུ་བཟུང་བར་བྱ། །དཔུང་རྒྱན་གདུ་བུ་བཟང་པོ་དག་།འོད་ཟེར་འཕྲོ་ཞིང་འཁྲུག་གྱུར་དང། །འབད་པས་མཚན་གསུམ་བྱས་ནས་ནི། །མཛུབ་མོ་ལ་ནི་ཟངས་མའི་རྒྱ། །མདུན་གྱི་ཕྱོགས་སུ་འཕྱང་གྱུར པའི། །སྨད་གཡོགས་དུམ་བུ་དེ་ནས་བཟུང། །ལྕགས་མདུང་ལ་བཏགས་མེ་ཏོག་སྣོད། །ཕྲག་པ་དག་ལ་དགལ་བར་བྱ། །ཡན་ལག་ཐམས་ཅད་རྣམ་བརྒྱན་ནས། །ཚོགས་ཀྱི་དབང་ཕྱུག་གཟུགས་སུ་བྱ། །ཕྲག་པ་གཉིས་ནི་དག་བ་བྱས་ནས། །མཐར་སྐྱེས་ཁྱིམ་དུ་འཇུག་པར་བྱ།། བཟང་པོ་དེ་ལྟར་གསང་བྱས་ནས། །དེ་ནས་བསྒྲུབ་པར་བྱ་ཕྱིར་དཔྱད། །གང་ཞིག་སུས་ཀྱང་མི་ཤེས་པར། །བཟང་པོའི་ཡུལ་དུ་འཁྱམ་པར་བྱ། །གྲོང་ཁྱེར་སུམ་བརྩེགས་ཉེ་བའི་མཐར། །མཐར་སྐྱེས་ནང་དུ་འཇུག་པར་བྱ། །ཡང་དག་ཏུ་ན་ལྟ་གཞན་ནི། །དེས་ནི་ཤེས་པར མི་འགྱུར་རོ། །རྟག་ཏུ་ཁྲུས་དང་ལྷ་མཆོད་ཅིང། །རྟག་ཏུ་རང་གི་གྲུབ་མཐར་བསྒོམ། །ཡི་གེ་ལས་ནི་ཅུང་ཞིག་གིས། །རང་བྱུང་ལྟ་ལ་ཆགས་གྱུར་པས། །གདོལ་པའི་གཟུགས་ཀྱི་ཚོགས་ཉིད་གྱི། །དེ་ལྟར་དེ་ཡི་ནང་ཞུགས་ལ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཆོས དང་གྲུབ་མཛའ་སྔོན་འགྲོ་བས། །དེ་ནས་དེ་ལ་སྟོན་པར་བྱེད། །དུས་ཀྱི་ཕྱི་མ་ལ་སོགས་པའམ། །ཡང་ན་དབུགས་ཀྱི་སྒོམ་པ་སྟོན། །དེ་ནས་རྒྱུད་ནས་གསུངས་ཀུན་གྱིས། །ཡིད་བརྟན་པ་ཉིད་འགྲུབ་བར་འགྱུར། །དབང་དང་དཀྱིལ་འཁོར་སྔོན་འགྲོ་བས། །བདག་ཉིད་ཀྱིས་ནི་སློབ མར་བྱས། །དེ་ཡི་བྱིན་པའི་རྫས་རྣམས་དང། །སྔ་མོ?་ཡོད་པ་དང་བཅས་པས། །དེ་ནི་དེ་ལ་གཏད་བྱས་ལ། །དེ་ཡི་བླ་མ་མཆོད་ཕྱིར་བྱིན། །དེ་ཡི་བཀས་གནང་བླང་བྱ་སྟེ། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །དེ་ནི་རྒྱུད་དོན་བདེན་པ་ལ། །མཁས་ཤིང་དམ་ཚིག་འདོད བྱས་ནས། །སངས་རྒྱས་ཉིད་དུ་ངེས་བྱས་ལ། །བློ་ལྡན་རིག་པའི་བརྟུལ་ཞུགས་སྤྱད། །ངེས་པར་རྒྱུད་གསུངས་དམ་ཚིག་གིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རི་འམ་རྒྱ་མཚོའི་འགྲམ་དག་གམ། །སྐྱོན་རྣམས་སྤངས་པའི་ཡུལ་འཁོར་དང། །དགོན་པ་ཆེན་པོའི་ས་ཕྱོགས སམ། །ཕུག་དང་གྲོང་ཁྱེར་རྙིང་པ་དག་།དྲི་མེད་ཆུ་མི?་གུའི?་བ་དང། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །ལྗོན་ཤིང་འཁྲི་ཤིང་གིས་བརྒྱན་པ་ཁྱད་པར་དུ་ནི་དབེན་གྱུར་པ། །དེར་ནི་ཕྱག་རྒྱ་དང་བཅས་པར། །སྒྲུབ་པོ་བརྟན་ཞིང་ངེས་པ་ཡིས། །སྒོམ་པའི་སྦྱོར་བ་དེར་གཏད་པའི། །རྟག་ཏུ་ནགས་སུ་བསོད་སྙོམས་བླང།། བྱང་ཆུབ་སེམས་ལ་དགའ་ཞིང་མཁས། །ལུས་ནི་ནུས་པ་ཅན་བྱས་ནས། །ཡང་དག་རིམ་པས་དེར་གནས་ནས། ཡང་དང་ཡང་དུ་གོམས་པར་བྱ། །ལྗོན་ཤིང་རྒྱལ་པོ་དེ་དག་ཀུན། །སྒྲུབ་པོ་དབང་པོ་མདངས་ལྡན་པས། །དེ་ཉིད་སྦྱོར་བས་བཀུག་བྱས་ནས། །ཞལ་ཟས བཟང་པོ་སྟེང?་བར་འགྱུར། །བློ་བཟང་རྟག་ཏུ་འདོད་མེད་ཅིང། །བློ་ཡིས་རྟག་ཏུ་གོམས་པར་བྱ། །རྡོ་རྗེ་ཐེག་པ་ལ་དགའ་ཞིང། །རྟག་ཏུ་བདེ་གཤེགས་བསམ་པ་ཅན། །བསྟན་བཅོས་མ་ལུས་ལ་གོམས་ཤིང། །དེ་བཞིན་གཏོང་ལྡན་དཔའ་ཞིང་གསལ། །ཕོངས་པར་གྱུར པའི་ཚེ་ན་ཡང། །མཉམ་པའི་སེམས་ཉིད་གཅིག་ཏུ་བསྒོམ། །ཕྱག་རྒྱ་འང་དེ་འདྲར་ཤེས་བྱ་སྟེ། །ཆགས་མེད་ཞེན་པ་མེད་པ་དང། །ཟབ་མོའི་ཆོས་དང་ལྡན་པ་དང། །སྒྲུབ་པོ་འདོད་བཞིན་རྗེས་སུ་འཕྲང། །བཞིན་བཟང་མིག་ནི་དཀྱུས་རིང་མ། །གཟུགས་དང་ལང ཆོས་རྣམ་པར་བརྒྱན། །བྱང་ཆུབ་སེམས་ལ་དགའ་ཞིང་གསལ། །རྡོ་རྗེ་སྒྲུབ་ལ་ཤིན་ཏུ་གསལ། །ཅི་ལྟར་བུ་བཞིན་བརྩེ་བ་དང། །དེ་བཞིན་སྤུན་དང་ཕ་མ་ལྟར། །རྟག་ཏུ་སྒྲུབ་པོ་མཐོང་བ་ན། །བརྩེ་བས་ཤིན་ཏུ་གོམས་བྱེད་ན། །བུད་མེད་སྒྱུ་བྲལ་ཡིད་དུ་འོང། །སྐལ་པ བཟང་ཞིང་སྙན་པར་སྨྲ། །ཕྲག་དོག་སྤངས་ཤིང་རྗེས་སུ་མཐུན། །སྒྲུབ་པ་པོ་ཡི་བཀའ་བཞིན་བྱེད། དམར་སེར་ལུས་ཕྲ་གཟུགས་བཟང་མ། །ཚུལ་ཁྲིམས་ཡོན་ཏན་གྱིས་བརྒྱན་པ། །མདོག་སྣུམ་ཆོ་ག་ཤེས་པ་དང། །རིང་མིན་ཐུད་པ་མ་ཡིན་པ། །ལོ་གྲངས་བཅུ་གཉིས་ལོན་པ འམ། །ཡང་ན་དེ་བཞིན་བཅུ་དྲུག་གམ། །དེ་ཉིད་རིག་པ་དང་ལྡན་པས། །མུར་གོང་མཛའ་ནི་རྣམ་པར་མཛེས། །ཡན་ལག་ཐམས་ཅད་ཡོངས་སུ་རྫོགས། །སྐྲ་ཡི་རྩེ་ཀུན་ཅུང་ཞིག་འཁྱིལ། །སྐད་སྙན་ཤིན་ཏུ་དགའ་བ་ཅན། །ལྟ་བ་བཟང་པོ་རྣམ་རྒྱས་བ།། འབད་པས་བུ་མོ་འདི་འདྲ་བ། །དངོས་གྲུབ་དོན་གཉེར་གྱུར་ནས་སུ། །རྟོགས་ལས་ཇི་སྐད་གསུངས་པ་བཞིན། །དེ་ནས་རིག་པའི་བརྟུལ་ཞུགས་བརྩམ། །འབད་པས་དེ་ནི་བཟུང་བྱས་ནས། །གོ་འཕང་མཆོག་ནི་སྒྲུབ་པར་བྱ། །རང་གི་རྡོ་རྗེ་མཆོད་ནས་ནི། །བྱང་ཆུབ་སེམས་ནི་བཏང བར་བྱ། །དེ་ནས་སྐུ་ཡི་རྡོ་རྗེ་བསྒོམ། །ངག་གི་རྡོ་རྗེ་ཀུན་ནས་བཟུང། །དེ་ཡི་བྷ་གར་བྱུང་བའི་ཁུས། །སེམས་ཀྱི་རྡོ་རྗེ་རབ་ཏུ་མཆོད། །དེ་ལ་གུས་པས་མཆོད་ནས་ནི། །ཆོ་ག་བཞིན་དུ་སྦྱོར་བ་ལས། །དེ་ཉིད་སྦྱོར་ལ་བསྒོམ་པར་བྱ། །ཙུན་ད་འམ་ནི་མཱ་མ་ཀཱིར། །དང་པོའི་རྣལ་འབྱོར རྣམ་བསྒོམས་ནས། །ཐམས་ཅད་བྱ་བ་ཁོ་ན་ཡིན། །དམ་ཚིག་གི་ནི་ཁྱད་པར་དང། །བུད་མེད་མཆོག་ནི་བསྟེན་པར་བྱ། །བྷ་གར་ལིང་ག་བཞག་ནས་ནི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །དེར་བསྐྱེད་པ་ཡི་དགའ་བ་ཡིས། །སེམས་ནི་བཀང་བས་བསྒོམ་པར་བྱ། །ཇི་སྲིད་རྣལ འབྱོར་བྱང་ཆུབ་སེམས། །གཏོང་བར་བྱེད་པ་མ་ཡིན་པ། །དེ་སྲིད་ཀུན་དགའ་ལས་བྱུང་བདེ། །ཅི་ཡང་རྒྱུན་མི་འཆད་པར་འཐོབ། །བདེ་བ་དེ་ཡི་ངོ་བོ་དང། །ཡང་དག་ལྡན་པའི་བྱང་ཆུབ་མཆོག་།བདག་ཉིད་རྟག་ཏུ་བསྒོམས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། དངོས་གྲུབ་ཀུན་གྱི་རྟེན་གྱུར་པ། །བྱང་ཆུབ་སེམས་ནི་དེར་ལྷུང་བས། །ཕུང་པོ་རྣམ་ཤེས་བརྒྱལ་གྱུར་ནས། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཕྱག་རྒྱ་མ་ལ་དམ་འཁྱུད་ནས། །ཡང་དང་ཡང་དུ་འོ་བྱས་ལ། །གནས་དེ་རུ་ནི་བསྐྱོད་པ་ཡིས། །བྱང་ཆུབ་སེམས་མ་རབ་འབབ པས། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམས་ལ། །ལྷ་མོ་དེ་ལ་འོ་ཡང་བྱ། །མིག་གཉིས་དག་ནི་རྒྱས་གྱུར་ནས། །བདེ་བ་ཆེན་པོའི་རོས་གང་བ། །མ་མཆུ་ཅུང་ཞིག་རྒྱས་པ་ཡིས། །ནུ་མ་ཅུང་ཞིག་དམ་པར་འཛིན། །བརླ་གཉིས་དྲི་མ་མེད་པ་མཆོག་།མིག་ཀྱང་ཅུང་ཞིག་རྒྱས་པ་དང། རྡོ་རྗེ་ཐེག་པར་ངལ་བྱས་པས། །དེར་གཏང་པ་ཡི་བསྒོམ་དང་ལྡན། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་དིར་གཏང་བསམ་པ་ཅན། །འོ་མ་བྱིན་ནས་ཡང་དང་ཡང། །ཁྱད་པར་དུ་ནི་རབ་ཏུ་མཆོད། རྡོ་རྗེ་ཅན་གྱི་ཕྱག་རྒྱ་བཞིན། །དེ་ཉིད་སྦྱོར་བས་བསྒོམ་པར་བྱ། །ཡིད་འོང་བཅོས མའི་ཟས་དང་ནི། །དྲི་དང་མེ་ཏོག་སོགས་བསྙེན་བཀུར། །ཉ་དང་ཤ་དང་དུར་ཆང་སོགས། །སེམས་ནི་སྤྲོ་བར་བྱེད་པ་ཅན། །འབད་པས་དེ་ལྟ་བུས་མཆོད་ནས། །དེ་ཉིད་ཆེད་དུ་བསྒོམ་པར་བྱ། །ཆོ་ག་འདི་ཡིས་བསྐུལ་ནས་ནི། །རྡོ་རྗེ་སེམས་དཔར་བདག་འགྲུབ་འབྱུང?། །བྱང་ཆུབ་སེམས དང་ལྡན་པ་ཡི། །བདུད་རྩི་མེ་ཏོག་མྱང་བར་བྱ། །མཁའ་དབྱིངས་རྡོ་རྗེ་དབུས་གནས་པ། །དེ་ནི་རྡོ་རྗེ་འཛིན་པ་མཆོད། །བསྒོམ་དང་དམ་ཚིག་ཉམས་ལེན་པས། །དེ་ལྟའི་དངོས་གྲུབ་མྱུར་དུ་ཐོབ། །སེམས་ཀྱི་དམ་ཚིག་སྡང་པ་ལ། །རྒྱལ་བས་གསུངས་པའི་དངོས་གྲུབ་མེད། །ལྷ་ཡི རྣལ་འབྱོར་བསྒོམ་པ་དང། །དམ་ཚིག་བསྲུང་བར་བྱ་བ་ནི། །ཤེས་པས་འབད་པས་བསྒོམས་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་སྐད་གསུངས་པའི་ས་ཕྱོགས་སུ། །རིག་པའི་བརྟུལ་ཞུགས་སྤྱད་ན་ནི། །སྡིག་པ་མ་ལུས་སྦྱངས་ནས་ནི། །རིག་མ་དང་བཅས་གྲོལ་བར འགྱུར། །གྲོང་དང་གྲོང་ཁྱེར་དག་ཏུ་འམ། །སེམས་ནི་རབ་ཏུ་དགའ་བ་དེར། །དེར་ནི་རིག་པའི་བརྟུལ་ཞུགས་སྤྱད། །དགག་པ་དང་ནི་བསྒྲུབ་པ་མེད། །དཔལ་ལྡན་འདུས་རབ་ཡོངས་གསལ་བའི། །སྒྲུབ་ཐབས་རྒྱུད་ལས་གང་གསུངས་པ། །རིག་པའི་བརྟུལ་ཞུགས་ལྡན་པ་ཡི།། གསང་བའི་སྤྱོད་པས་རྣམ་བརྒྱན་པ། །དེ་ནི་དངོས་གྲུབ་མྱུར་ཐོབ་པར། །རྡོ་རྗེ་སེམས་དཔའ་ཨི་ཞལ་ནས་གསུངས། །དམ་ཚིག་སྤྱད་པ་དང་ལྡན་པར། །རྟག་ཏུ་གོམས་པར་བྱ་བ་ཡིན། །དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་གསང བ་གྲུབ་པ་ཞེས་བྱ་བ་ལས་ཚོགས་ཀྱི་བརྟུལ་ཞུགས་ངེས་པར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ། །མེ་དང་ཆུ་དང་དུག་སོགས་ལ། །ཐབས་ནི་གང་གིས་མི་ཤེས་པ། །དེ་ནི་ཚིག་དང་ནུབ་པ་དང། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །དེ་ བཞིན་གསང་འདུས་རྒྱུད་ཀྱིས་ནི། །ཤེས་རབ་ཐབས་ནི་སྤངས་གྱུར་པ། །འགལ་བ་དག་ནི་སྤྱོད་བྱེད་པའི། །བསམ་ངན་དེ་ནི་བརླག་པར་འགྱུར། །གང་གིས་དེ་ཡི་དེ་ཉིད་ཤེས། །ཡང་དག་རབ་སྦྱིན་ལ་གནས་ནས། །དཔལ་ལྡན་འདུས་པ་ལ་དགའ་བའི།། སེམས་ཅན་དེ་ནི་སྟེང་དུ་འགྲོ། གསང་བའི་སྤྱོད་དང་བརྟུལ་ཞུགས་དང། །ཕྱག་རྒྱ་རྒྱས་པ་གང་གསུངས་པ། །འདི་དག་ཐམས་ཅད་རྟོག་དོན་ཡིན། །བསྒོམ་པ་འབའ་ཞིག་ཙམ་ཡིན་ཏེ། །གང་ཡང་རྒྱས་པའི་བདག་ཉིད་ཅན། །ཀུན་ཀྱང་སེམས་ཅན་བསམ་པས་གསུངས། བསྒོམ་པ་ལ་ནི་རབ་གནས་པའི། །ཡེ་ཤེས་ལྡན་པས་འགྲུབ་པར་འགྱུར། །རྣམ་རྟོག་དུ་མ་རྒྱས་གྱུར་པ། །འདི་ནི་ཐམས་ཅད་སྤངས་བྱས་ནས། །ཕྱག་རྒྱ་ཆེན་པོ་ལ་འབད་བས། །ཤེས་རབ་ལྡན་པས་རྟག་ཏུ་བསྒོམ། །འདུ་འཛི་ཐམས་ཅད་སྤངས་ནས་ནི། །གཉིས་པ་ཐམས་ཅད རྣམ་སྤངས་ནས། །ཡང་དང་ཡང་དུ་གོམས་བྱས་ནས། །པདྨ་རྡོ་རྗེའི་ཚིག་བཞིན་དུ། །དུས་མི་རིང་བས་འགྲུབ་པར་འགྱུར། །དམ་ཚིག་དག་ནི་ཐམས་ཅད་ལས། །བླ་མ་མཆོད་པ་མཆོག་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག་།དཔལ་ལྡན་འདུས་པ་འམ་གཞན་དུ་བསྟན།། བཟུང་མིན་བརྗོད་པ་མ་ཡིན་པ། །སེམས་ཅན་ཀུན་ལ་ཡང་དག་གནས། །ལུས་ངག་ཡིད་ཀྱི་བདེ་བ་ཡིན། །རྣམ་རྟོག་མེད་ཅིང་གནས་མེད་པ། །དག་ཅིང་ངོ་བོ་ཉིད་མེད་པ། །བྱང་ཆུབ་སེམས་ཞེས་དྲན་པར་བྱ། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དེ་ནི་མྱུར་དུ་ཐོབ་པར་འགྱུར། །ཁམས གསུམ་རིན་པོ་ཆེར་གྱུར་པ། །སློབ་དཔོན་ལས་ནི་མཆོག་གཞན་མེད། །གང་ལས་བཀའ་དྲིན་ཐོབ་པ་ཡི། །མཁས་པས་དངོས་གྲུབ་དུ་མ་འཐོབ། །ཡང་དག་གསུངས་པས་སྤྱོད་པ་གང། །དཔལ་ལྡན་མཉམ་ཉིད་གཉིས་མེད་གསུངས། །དེས་ནི་སློབ་དཔོན་བྱ་བ་སྟེ། །གཞན་གྱིས འགྲུབ་པར་མི་འགྱུར་རོ། །གོས་དང་རྒྱན་དང་ལོངས་སྤྱོད་དང། །རང་གི་ཕྱག་རྒྱས་བརྒྱན་བྱས་ནས། །བླ་མ་མཆོད་ཅིང་ཕུལ་བྱས་པས། །སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར། །རང་གི་ཕྱག་རྒྱ་ཕུལ་ནས་ནི། །རྒྱུད་ནས་གསུངས་པའི་དངོས་གྲུབ་འགྲུབ། །གཞན་དག་ཕྱི་རོལ དམ་ཚིག་གིས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །འདི་ནི་རྒྱུད་ཀྱི་བདེན་དོན་གྱིས། །དམ་ཚིག་གཙོ་བོ་མཆོག་ཡིན་ནོ། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །དཔལ་ལྡན་རྡོ་རྗེ་མངོན་གསུངས་པའི། །དམ་ཚིག་དག་ནི་ཐམས་ཅད་ལས། །གཉུག་མའི་ཕྱག་རྒྱ་དབུལ་བ་མཆོག གཞན་དུ་ཕྱི་རོལ་ཚུལ་དག་གི། དམ་ཚིག་འགྲུབ་པར་མི་འགྱུར་གོ་།དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །གུས་པས་བླ་མ་མཆོད་པར་བྱ། །རང་གི་ཕྱག་རྒྱ་པདྨ་ཡི། །མཆོད་མཆོག་མགྲིན་པའི་དབྱངས་དག་དང། །བརླ་བརྡབ་པ་ཡི་རོལ་མོ་དང། །རྡོ་རྗེ་འཇུག་པའི་སྤྱོད་པ་དང། །རིག་མའི མ་མཆུའི་རོ་མྱང་དང། །ཅུང་ཞིག་འཁྱུད་པར་སྤྲོ་བ་ཡི། །བཟའ་བ་ཆོས་པ་སྣ་ཚོགས་གང། །ཉ་དང་ཁུང་བ་ལ་སོགས་དང། །ཤ་དང་བུར་ཆང་བཟང་པོ་དག། །རྒྱུད་ནས་གསུངས་པ་སྣ་ཚོགས་དང། །ཕྱག་རྒྱ་གཉུག་མ་ཕུལ་བྱས་ནས། །དེ་ནས་དངོས་གྲུབ་འགྲུབ་པར་འགྱུར། །འདི་ལྟའི གཟུགས་སུ་མ་བྱས་ནས། །གཞན་དུ་དངོས་གྲུབ་འབྱུང་མི་འགྱུར། །རྡོ་རྗེ་སྟོན་ལ་གང་གུས་པས། །འདི་ལྟའི་ཚུལ་དུ་བྱེད་འགྱུར་བ། །དེ་ཉིད་རིག་པའི་ལས་ཉིད་ཀྱིས། །དྲི་མེད་རྡོ་རྗེ་གསུམ་དབྱེར་མེད། །ཡང་དག་རབ་སྦྱིན་གསང་འགྱུར་བ། །སེམས་ཅན་དེས་འདིར་ཐོབ་པར་འགྱུར། །བླ མ་རྡོ་རྗེ་མཉེས་འགྱུར་བས། །དངོས་གྲུབ་བཟང་པོ་ཀུན་སྦྱིན་བྱེད། །རྒྱུད་ནས་གསུངས་པའི་དམ་ཚིག་བཟང། །དེ་ལྟར་རྟག་པར་རབ་བསྒྲུབ་པས། །རྡོ་རྗེ་སློབ་དཔོན་ཐུགས་རྗེ་མཆོག། མན་ངག་མྱུར་དུ་ཐོབ་པར་འགྱུར། །འདི་ལྟའི་ཚུལ་གྱིས་འོངས་གྱུར་པའི། །དེ་ཉིད་གསལ་པོར་ཡོངས ཤེས་ནས། །གུས་པའི་དངོས་པོ་འཕེལ་འགྱུར་བས། སངས་རྒྱས་ཉིད་ནི་འགྲུབ་པར་འགྱུར། །མཆོད་པའི་དུས་སུ་འབད་པ་ཡིས། །གུས་པས་བླ་མ་ཕྱག་བྱས་ནས། །ཕྱི་ནས་སངས་རྒྱས་དངོས་གྲུབ་གཙོ། །རབ་སྦྱིན་རྩེ་གཅིག་སེམས་ཀྱིས་བསྒོམ། །སློབ་དཔོན་མཆོག་ལ་དམོད་པ་དང། རྡོ་རྗེ་སེམས་དཔའ་ཁྱད་པར་དུ། །དཀོན་མཆོག་གསུམ་ལ་དམོད་པ་དང། །འདི་དག་འབད་པས་སྤངས་པར་བྱ། །གང་གི་སངས་རྒྱས་རྣམས་ཀྱི་ཆོས། །ནམ་མཁའ་ལྟ་བུ་མི་ཤེས་པས། །ཐེག་པ་མཆོག་འདི་ཐོས་གྱུར་ནས། །སེམས་ཅན་དེ་ནི་སྐྲག་འགྱུར་ན། །རྡོ་རྗེ་ཐེག་པ་དམོད་པ་དང། །ངན་འགྲོ དག་ཏུ་འགྲོ་བར་འགྱུར། །དམན་ལ་མོས་པའི་སེམས་ཅན་རྣམས། །བསྐལ་པ་བརྒྱ་ཡི་བར་དུ་ཡང། །ངན་འགྲོ་དག་ཏུ་འགྲོ་བར་འགྱུར། །ངན་འགྲོ་དག་ནས་བྱུང་ནས་ཡང། །དེ་ནི་འཁོར་བའི་སྡུག་བསྔལ་འགྱུར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གང ཞིག་གུས་པར་མི་བྱེད་པ། །སྡུག་བསྔལ་འཕོངས་པ་ཀུན་འབྱུང་བར། །སྡིག་པའི་ལས་ཀྱི་འགྲོ་འགྱུར་ཏེ། །བདེ་གཤེགས་མཚན་མ་ལ་བརྟེན་ནས། །མནར་མེད་པར་ནི་འགྲོ་བར་འགྱུར། །གང་ཞིག་གུས་པ་དང་ལྡན་པས། །ཆོས་ཉིད་བསྒོམ་པར་བྱེད་འགྱུར་བས། །དེ་ནི་སྡིག་པ ཀུན་སྤངས་ནས། །གཙོ་བོའི་གནས་སུ་འགྲོ་བར་འགྱུར། །བླ་མེད་རྫོགས་པའི་བྱང་ཆུབ་ཏུ། །འདོད་པའི་ཡོན་ཏན་ལྔ་ལྡན་པས། །འཁོར་བའི་རྒྱ་མཚོ་འཇིགས་པ་ལས། །སེམས་ཅན་རྣམས་ནི་དེས་གྲོལ་འགྱུར། །སངས་རྒྱས་བྱང་ཆུབ་མཆོག་གནས། །བླ་ན་མེད་པའི་ཆོས་རྣམས་ནི།། འཇིག་རྟེན་ཀུན་ལ་སྟོན་པ་པོར། །དུས་མི་རིང་བར་འགྲུབ་པར་འགྱུར། །མི་ཤེས་སྒྲིབ་པས་ལྡོངས་གྱུར་པའི། །སེམས་ཅན་རྣམས་ལ་དོན་དམ་གྱིས། །ཡེ་ཤེས་སྣང་བར་བྱེད་འགྱུར་ཏེ། །མུན་པ་ལ་ནི་མར་མེ་བཞིན། །བདེ་ཆེན་མགོན་པོ་གཅིག་པུ་ཉིད། །གང་ཞིག་རྟག་ཏུ དྲན་བྱེད་ཅིང། །ཞབས་ཀྱི་པདྨ་གཉིས་གུས་པའི། །སྡིག་པ་ཐམས་ཅད་ཟད་གྱུར་ནས། །སེམས་ཅན་དེ་ཉིད་དེ་ཡི་མཐུས། །པད་བསྣམས་འཇིག་རྟེན་མགོན་པོ་ལྟར། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །དུས་མི་རིང་བར་འགྱུར་བ་ཉིད། །གང་ཞིག་དག་པའི་དེ་ཉིད་སེམས།། གུས་པས་ལྕགས་ཀྱུས་བརྟན་བཀུག་ནས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །གསང་བའི་སྒྲུབ་ཐབས་གང་བྱས་པ། །གལ་ཏེ་དེ་ནི་བཟང་གྱུར་ན། །བཟང་ཞེས་ཅི་ཕྱིར་རྗོད་པར་བྱེད། །གལ་ཏེ་དམན་དང་འདྲེས་གྱུར་ན། །སློབ་དཔོན་རྣམས་ཀྱི་དེ་བཟོད་མཛོད། །གང་ཞིག་རྒྱུད་ཀྱི་རྗེས འབྲེངས་ནས། །བརྗོད་པ་དག་གིས་མ་ཤེས་པའི། །རང་གི་བུ་བཞིན་འཕགས་པ་རྣམས། །མ་ལུས་པ་དག་བཟོད་པར་མཛོད། །དཔལ་ལྡན་མགོན་པོ་བདེ་ཆེན་གྱིས། །ཞབས་ཀྱི་པདྨས་ཉེར་འཚོ་བ། །པདྨ་རྡོ་རྗེས་སེམས་ཅན་ཀུན། །རྗེས་སུ་བཟུང་ཕྱིར་བྱས་པ་ཡི། །གསང་བ་གྲུབ་པ ཞེས་བྱ་བ། །དངོས་གྲུབ་ཀུན་གྱི་བླ་མའི་བླ། །གྲོལ་བར་འདོད་པའི་སྒྲུབ་པ་པོ། །འབད་པ་ཉིད་ཀྱིས་བསྟེན་པར་བྱ། །བློ་བཟང་རྟོགས་པའི་ཆོ་ག་བཞིན། །གསང་བ་གྲུབ་པར་གང་སྤྱོད་པ། །མི་ཡི་ཚེ་འདི་ཉིད་ལ་ནི། །དངོས་གྲུབ་མ་ལུས་འཐོབ་པར་འགྱུར། །སེམས་ཅན་ཀུན་དང་དུས་གཅིག་དུ།། གསང་བའི་སྤྱོད་པ་གང་གྲུབ་པའི། །ལེགས་པ་མ་ལུས་གང་ཡོད་པས། །དཔལ་ལྡན་སློབ་དཔོན་ཞབས་གྲུབ་ཤོག་།སངས་རྒྱས་ཐོབ་པའི་རྒྱུར་གྱུར་པས། །ཡུལ་གཞན་ལ་ནི་སེམས་ཞེན་པས། །སྒྲུབ་དཀའ་ཡུལ་དང་ལན་ཅིག་ཏུ། །ཀུན་རྟོག་ཐམས་ཅད་སྤང་བར་བྱ གནས་སྐབས་ལྔ་ནི་གནོད་གྱུར་ན། །སྐད་ཅིག་གིས་ནི་འཁོར་བར་ལྟུང། །སྙོམས་དང་གཉིད་དང་འགྱོད་པ་དང། །རྒོད་དང་ཐེ་ཚོམ་ཞེས་བྱ་བའི། །སྒྲིབ་པ་ལྔ་པོ་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་མི་བཞེད་དོ། །ལྔ་པོ་དེ་ནི་ཡོངས་སྤངས་ནས། །སངས་རྒྱས ཉིད་དུ་ངེས་བྱས་ནས། །སྨྱོན་པའི་བརྟུལ་ཞུགས་ཀྱིས་རོལ་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །གསང་བ་དེ་ཉིད་མཆོག་དེ་ཉིད། །གྲུབ་པ་གང་ཞིག་དེ་བརྟེན་པ། །དེར་ནི་རྒྱལ་བ་ཀུན་འབྱུང་བ། །གསང་བ་གྲུབ་པ་ཞེས་བྱང་བརྗོད། །ཅེས་བྱའོ། །དགུ་བཅུ་རྩ་ལྔ་པ བཅས་པའི། །ཚིགས་སུ་བཅད་པ་ལྔ་བརྒྱར་ནི། །དངོས་གྲུབ་ཐམས་ཅད་བསྡུས་པའི་ཕྱིར། །གསང་བ་གྲུབ་པ་ཞེས་བྱར་བརྗོད། །པདྨ་རྡོ་རྗེའི་དགའ་བས་ཐོབ་གྱུར་བསོད་ནམས་གང་ཡིན་པས། །སངས་རྒྱས་འབྱུང་བའི་སར་གྱུར་འཇིག་རྟེན་གྱུར་པ་ཡོན་ཏན་རྒྱན་གནས པ། །སངས་རྒྱས་ཐོབ་པའི་རྒྱུར་གྱུར་གསང་བ་གྲུབ་པ་གཏན་དུ་ཉིན་དང་མཚན་སུ་སྦྱོར་གྱུར་ཅིག་།སེམས་ཅན་འདི་ཀུན་མ་ལུས་བྱང་ཆུབ་སྙིང་པོའི་བར་དུ་ལེགས་པར་སྤྱོད་གྱུར་ཅིག་།གང་ཞིག་རྒྱ་མཚོ་དང་བཅས་ས་གཞི་རི་དང་ལྗོན་ཤིང་སོགས་པས་བརྒྱན་པ་རྣམས དེ་དག་དེ་ཉིད་གཟུགས་བརྙན་བཞིན་དུ་ཆེན་པོར་གྱུར་པའི་ཁོངས་སུ་ཆུད་པར་སྣང་གྱུར་པ། །རྫོགས་པའི་བྱང་ཆུབ་དྲི་མེད་ཟླ་བའི་འོད་ཟེར་དཔལ་ལྡན་གསང་བ་གྲུབ་པ་མཆོག་།མཛད་པ་ཐུགས་རྗེས་གཞན་གྱི་དབང་གྱུར་དཔལ་ལྡན་པདྨ་རྡོ་རྗེ་གཙོ་ལ་ཕྱག་འཚལ་ལོ། ། དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་ལས། དོན་དམ་པའི་སློབ་དཔོན་གྱི་མཆོད་པ་ངེས་པར་བསྟན་པ་ཞེས་བྱ་བའི་ལེའུ སྟེ་དགུ་པའོ། ། །།ལྷ་དང་ལྷ་མིན་ལ་སོགས་པ་མ་ལུས་པས། ཞབས་ཀྱི་པདྨ་ཟུང་ལ་མེ་ཏོག་གི་ཕྲེང་བས་མཆོད་པ་དཔལ་མགོན་པོ་བདེ་བ་ཆེན་པོ་པདྨ་བཛྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ ཀྲིཥྞ་པཎྜི་ཏ་དང། །ལོ་ཙ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།གཉིས་སུ་མེད་པར་གྲུབ་པའི་སྒྲུབ་ཐབས་ཞེས་བྱ་བ་དཔལ་མོར་མཛད་པ་བཞུགས་སོ།།)་།།རྒྱ་གར་སྐད་དུ། པྲཛྙོ་པ་ཡ་བི་ནི་ཤཙཱ་ཡ སིདྡྷི།

CLOSE WINDOW