| Wylie | e-texts based on the ACIP/ALL Input |
།གོས་སྔོན་དངོས་གྲུབ་ཐོབ་པར་ཤོག་།སྔགས་ཀྱི་རྒྱན་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ།། (།།རབ་གནས་ཀྱི་བརྒྱན། གཏོར་མའི་བརྒྱན། དམ་ཚིག་གི་བརྒྱན། གོས་སྔོན་ཅན་གྱི་སྒྲུབ་ཐབས་རྣམས་བཞུགས།།)
རྒྱ་གར་སྐད་དུ། ཏིཥྛ་མཧཱ་སི་ཏི། ཨ་ལང་ཀཱ་ར། བོད་སྐད་དུ། རབ་ཏུ་གནས་པའི་རྒྱན། རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་ངང། །ཟླ་བ་ལྟ་བུ་མཐུ་མངའ་བའི། །སེལ་ཅིང་སྣང་བར་བྱེད་པ་ཡི། །མངའ་
བདག་རྡོ་རྗེ་ཅན་ལ་འདུད། །ཚོགས་གསོག་ནུས་པ་ཚོགས་བྱུང་བས། །རབ་ཏུ་གནས་པ་བཤད་པར་བྱ། །སྔགས་པ་ཡོན་ཏན་ཀུན་ལྡན་པས། །བཀྲ་ཤིས་པ་ཡི་གནས་དག་ཏུ། །བསྙེན་པ་རྣམ་གསུམ་རྫོགས་པ་ཡིས། །ལྷག་པར་གནས་པའི
ཆོ་ག་བྱ། །མངའ་དབུལ་བ་དང་མཆོད་པ་བརྩམ། །སྔགས་ཀྱིས་གནས་པའི་དོན་དུ་ནི། །རྒྱས་པར་རབ་གནས་ཆེན་པོར་བལྟ། །འདི་རུ་ཅུང་ཞིག་བསྡུས་ནས་བསྟན། །དང་པོར་རྡུལ་ཚོན་དཀྱིལ་འཁོར་བྲི། །འདོ་མདོ་པའམ་འདོམ་གང་པ། །
གྲུ་བཞི་འཐས་པར་བྱས་པ་ལ། །ཐིག་ནི་ལེགས་པར་ཡོངས་བཏབ་ལ། །ས་ཚོན་བྱིན་གྱིས་བརླབ་བྱ་ལ། །ཚོན་རྣམས་དགྱེ་བའི་རིམ་པ་ནི། །དབུས་ཀྱི་ཕོ་བྲང་མཐིང་ག་ལ། །པདྨ་འདབ་བརྒྱད་མཛེས་པར་བཏང། །ཤར་གྱི་ཆ་ནི་དཀར་པོ་ལ། །
ལྷོ་ཡི་ཆ་ནི་སེར་པོ་སྟེ། །ནུབ་ཀྱི་ཆ་ནི་དམར་པོར་སྣང། །བྱང་གི་དོན་ཡོང་གྲུབ་པ་ལྗང། །མཐིང་ག་དཀར་དང་སེར་དང་དམར། །ལྗང་ཁུ་རྣམས་སུ་གསུངས་པ་ནི། །པཉྩ་རེ་ཁཱའི་རྩིག་པའོ། །སྒོ་གཉིས་མཚམས་དང་ཏྭ་ར་ཎ། །དྲ་བ་དྲ་བ་ཕྱེད་པ
དང། །རྒྱན་རྣམས་ཀྱིས་ནི་རྣམ་པར་སྤྲས། །ཐ་མ་སྲུང?་བ་ཕྲེང་བས་བརྒྱན། །དཀྱིལ་འཁོར་གྱི་ནི་ཤར་ངོས་སུ། །དབང་སྟེགས་སྟེང་དུ་མཛེས་པའི་གདན། །སྐུ་གསུང་ཐུགས་ཀྱི་རྟག་མཆོག་བཞག་།ཆུ་གསུམ་དུས་པས་ཁྲུས་རྣམས་བྱ། །མཆོད་པའི
ཡོ་བྱད་རྫོགས་པ་ལ། །བླ་རེ་གདུགས་དང་རྒྱལ་མཚན་དང། །མེ་ཏོག་རྣམས་ཀྱིས་ཡོངས་སུ་ཀླུབས། །དེ་ནས་རང་གི་བསམ་པ་རྫོགས། །ལྷག་པའི་ཏིང་འཛིན་གསལ་བར་ཤེས། །དབང་བསྐུར་བ་ལ་རབ་ཏུ་གནས། །གསུང་ནི་ཧྲཱིཾ?མི་བསྐྱོད་རྡོ་རྗེ་སེམས། །སྐུ་ནི་རྟག་པའི་རང་བཞིན་ནོ། །སཱཙྪ་མཆོད་རྟེན་ལ་སོགས་པ། །སངས་དེ་ཞུ་ནས་ལྕེ་ལས་ནི། །ཡེ་ཤེས་སཱཙྪ་མཆོད་རྟེན་གྱི། །འབྱུང་བའི་རྒྱུ་རུ་རྣམ་པར་སྣང། །ལྷ་ཁང་འབྲུ་ཡི་རྟེན་ལས། །གང་གི་སོགས་ཀྱིས་གོང་འགྱུར་པ།།
རང་གི་སྣང་བ་འབྱུང་བ་ཡིན། །སློབ་དཔོན་རབ་ཏུ་འགྱིངས་བཅས་པས། རྡོ་རྗེ་དྲིལ་བུ་ལྡན་པ་ཡིས། །བདེ་གཤེགས་ནམ་མཁར་སྤྱན་དྲངས་ལ། །ཕྱག་འཚལ་མཆོད་བསྟོད་རྒྱས་པར་བྱ། །དེ་ནས་ཕྱག་རྒྱ་བཞི་ལྡན་པས། །རྟག་གསུམ་དག་ལ་བཞག་པར
བྱ། །དེས་ནི་མཆོད་པ་རྒྱས་པའོ། །དཀྱིལ་འཁོར་གསང་བའི་ལྷ་ལ་དབུལ། །རིན་ཆེན་སྣ་བདུན་ལྷ་མོ་བརྒྱད། །མ་ལུས་བསྟོད་ཅིང་བཟོད་པར་གསོལ། །གསང་སྔགས་རྒྱལ་པོ་མཛའ་ལ་ནི། །འབྲུ་གསུམ་ཡི་གེ་བཏགས་པས་ནི། །བརྒྱ་རྩ
བརྒྱད་ནས་སྟོང་རྩ་བརྒྱད། །བཟླས་པ་འོད་ཟེར་གཞུང་བཞིན་བསྟིམ། །ཞུ་བས་སྐུ་གསུང་ཐུགས་ཀྱི་རྟགས། །རང་རང་རྣམས་ལ་གསལ་ཞིང་རྒྱས། །དེ་ལ་མཆོད་པ་སྣ་ཚོགས་ཀྱང། །དཀོན་མཆོག་སྐྱབས་ཆེན་རྣམས་དང་ཡང། །མ་ལུས་ལུས་པ་མེད
པ་ལ། །ཡང་དག་པ་རུ་རབ་ཏུ་བསྔགས། །གཏོར་མ་གཉིས་ཀྱིས་གཙང་རིས་དང། །བགེགས་དང་རིས་དྲུག་མ་ལུས་པ། །གཏོར་མ་ཆེན་པོ་སྦྱིན་དུ་མཆོད། །བསྐོར་བ་བྱ་ཞིང་སྨོན་ལམ་གདབ། །རབ་གནས་བསྡུས་པའི་ཆོ་ག་ནི། །ནཱི་ལཾ་བཛྲ་མཛའ་
བསྒྱུར་ལ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོ་?་གྷཱ་ཡ། ཨ་ད་ན་ཏེ། ད་ར་ནི། ཏདྱ་ཐཱ། ཨཱ་ཀར་ཥ་ཎི། སྭརྦྷ་བ་སརྦ་དྷརྨཱ། ནིས་སརྦ། ཨཻས་མ་ཐི། པི་པ་ཤ་ན། བི་མ་ལ་སུ་པ་རི། དྷརྨཱ་ཀ་ཏི་ཀ་ན། པ་ལ་ནིས་ཤྐ། ཡ་ཐ་མ་ལེ། ཙ་ལ་ཙ་ལེ་ཙ་ལེ
ཧུ་ལུ་ཧུ་ལུ། པི་ཤད་དེ། མནྟྲ་མནྟྲ་སྭཱཧཱ། །སྟོང་དང་བརྒྱ་ཡི་བཟླས་པ་ཡིས། །སྐུ་གསུམ་ཐུགས་ཀྱི་ངོ་བོ་རུ། །བྱིན་གྱིས་བརླབས་བ་ཙམ་ནི་བྱ། །ཡང་ན་ཏྲེ་ཡང་དེ། ཞེས་པའི་སྔགས་ཀྱིས་བྱ། །དེ་ལྟར་སློབ་དཔོན་དེ་ལ་ནི། །ཅི
ཡོད་རང་གི་ནོར་རྣམས་དབུལ། །དེ་ནས་རབ་གནས་བརྟན་པ་ཡིས། །མགྲོན་རྣམས་དགྱེ་ཞིང་སྨོན་ལམ་གདབ། །ཤི་བ་ཕྱི་ཡི་ཆོ་ག་ཡང། །ཁྲུས་བྱས་རྡུལ་ཚོན་གོང་བཞིན་བྲི། །སྤྱན་དྲང་མདུན་གྱི་ནམ་མཁའ་ལ། །མཆོད་ཅིང་ཡེ་ཤེས་མེ་ནས
བསང། །སྦྱང་ཞིང་རོ་ནི་སྲེག་རྫས་སུ། །མེ་ལྟ་ཉིད་ལ་དབུལ་བར་བྱ། །གཏོར་མ་ཆ་གཉིས་ཆོ་ག་ཡིས། །བསྔོ་ཞིང་སྨོན་ལམ་གདབ་པར་བྱ། །ཐིག་བསྡུས་ས་ཚོན་ཆུ་ལ་དཔོ། །འདི་བརྩམས་པ་ཡི་དགེ་བ་ཡིས། །བདག་དང་ཁམས་གསུམ་སེམས་ཅན
རྣམས། །ནང་དང་སྡུག་བསྔལ་རྩད་ཆོད་ནས། །ཞིང་ཁམས་གཙང་མར་སྐྱེ་བར་ཤོག་།དགེ་སློང་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ།། །*། །རྒྱ་གར་སྐད་དུ། བ་ལཾ་ཀཱ་ལཾ་ཀཱ་ར། བོད་སྐད་དུ། གཏོར་མའི་རྒྱན། བཅོམ་ལྡན་འདས
རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ།
CLOSE WINDOW