CLOSE WINDOW

N1796: ཡི་དགས་དང་ཤ་ཟ་དང་གྲུལ་བུམ་དང་སྲུལ་པོ་རྣམས་རྣམ་པར་སྦྱོང་ཞིང་སེལ་བའི་སྒྲུབ་ཐབས་ཞེས་བྱ་བ
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། །ཀུཥྨ་ཎྜོ་དསཱ་དྷ་པྲེ་ཏ་པི་ཤཱ་ཙ་ཡེ་བི་ཤོ་དྷ་ཡ་ཧ་ར་སཱ་དྷ་ནཱ་མ། །བོད་སྐད་དུ། ཡི་དགས་དང་ཤ་ཟ་དང་གྲུབ་བུམ་དང་སྲུལ་པོ་རྣམ་རྣམ་པར་སྦྱོང་ཞིང་སེར བའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ཕ་རལ་ཕྱག་དྲུག་ལྡན། །སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་བའི། །རྡོ་རྗེ་ཅན་ལ་གུས་བཏུད་དེ། །སེམས་ཅན་རྣམས་ལ་ཕན་ཕྱིར་བྲི། །སྔོན་དུ་བསྙེན པ་རབ་རྫོགས་པས། །ཡན་ལག་ཚོན་སྣས་རབ་བཅིངས་ནས། །ལྷ་ཡི་རྣམ་པ་གསལ་བསྒོམས་ཏེ། །རྟགས་ནི་རབ་ཏུ་གསལ་བ་བརྟགས། །བརྟགས་ཟིན་ནས་ནི་སྒྲུབ་པ་བརྩམ། །ས་ཡི་ཆོ་ག་རྫོགས་བྱས་ལ། །སྟ་གོན་ལེགས་པར རྫོགས་ནས་ནི། །དཀྱིལ་འཁོར་ཐིག་སྐུད་བྱིན་བརླབ་གདབ། །ཡེ་ཤེས་ཐིག་གདབ་ས་ཐིག་ནི། །ཚངས་ཐིག་ནས་གཟུང་སྒོ་རྒྱན་བར། །ལེགས་ཤིང་རྫོགས་པར་གདབ་པར་བྱ། །དེ་ནས་ཚོན་དགྱེ་དབུས་ཉི་དཀྱིལ། །པདྨ་འདབ་བརྒྱད གེ་སར་བཅས། །ཁ་དོག་སོ་སོ་གྲུ་ཆད་ལྗང། །རྡོ་རྗེ་ར་བ་ལྷ་སྣམ་རིགས། །མཚན་མ་ས་བོན་རབ་ཏུ་དགོད། །ཤར་ནས་བརྩམས་ཏེ་འཁོར་ལོ་རལ་གྲི་དང། །དགྲ་སྟ་རྡོ་རྗེ་ཁ་དོག་སོ་སོར་བྲི། །ཤར་སྒོ་ནས་བཟུང་ལྕགས་ཀྱུ་གྲི གུག་དང། །མི་མགོ་དང་ནི་རྒྱུ་མའི་ཞགས་པ་བྲི། །མཚམས་སུ་གཏོར་མ་ཕྱོགས་སུ་མཆོད་པ་དབུས་སུ་སྐུ་གདུང་བཅས། །གུར་དང་བླ་རེ་ལྷ་སྣམ་ཕྱོགས་སྐྱོང་གཏོར་མ་སོ་སོར་དགྲམ། །བུམ་པ་ཕྱོགས་བཞིར་ལས་ཀྱི་བུམ་པ་ཤར སྒོར་བཞག་། མདུན་དུ་བླ་མ་ཡི་དམ་སྤྱན་དྲངས་མཆོད་ནས་སྟོང་ཉིད་བསྒོམ། །དེ་ནས་ཧཱུཾ་ལས་ས་གཞིར་བ་གུར་དུ་གྱུར་པའི་རྡོ་རྗེ་མེ་འོད་བཅས། །དེ་ལས་ཧཱུཾ་ལས་གྲུབ་བཞི་སྒོ་བཞི་རྟ་བབས་བཅས་ཤིང་དབང་པོ་ཉི་ཟའི་གདན། ། དེ་སྟེང་བདག་ཉིད་གསུམ་གྱིས་ཞལ་གསུམ་ཕྱག་དྲུག་བསྐྱེད། །མདུན་དུ་དགའ་རབ་དབང་ཕྱུག་ཐོད་ཕྲེང་ཅན་དང་བུམ་རྣ་ཤ་ཟན་སེན་དགུ་བསྐྱེད། །ཐལ་དཀར་མདོག་དང་གནག་དང་སྔོ་དང་ཤིན་ཏུ་གནག་།གཡས་ན་འཁོར ལོ་རལ་གྲི་དགྲ་སྟ་རྡོ་རྗེ་དང། །གཡོན་སྡིགས་པའི་སྡིགས་མཛུབ་པོ། །ཤིན་ཏུ་འཇིགས་པའི་བདག་ཉིད་ཅན། །ཐལ་བས་ལུས་ཕྱུགས་ཁྲག་འཛག་པའོ། །མཚམས་སུ་ནི་མེ་ཏོག་མ་དང་མཛེས་ལྡན་དང་ནི་འོད་ཟེར་འཕོག་དང མདངས་འཕྲོག་མའོ། །གཡས་ན་ལྕགས་ཀྱུ་གྲི་གུག་མི་མགོ་རྒྱུ་མའི་ཞགས། །གཡོན་ན་ཐོང་པ་ཁྲག་གིས་བཀར་བའོ། །སྨུག་ནག་མཐིང་ནག་དམར་ནག་ལྗང་ནག་འཇིགས་པའི་གཟུགས་ཅན་བདུང་མོ་བཞིའོ། །ཐུགས་ཀའི་རེ་པའི་ཧཱུཾ་ལ སྤྱན་དྲངས་བསྟིམ་སོགས་རྫོགས་བྱས་ན། །གསང་བའི་སྔགས་ནི་རབ་ཏུ་བཟླས། །ོཾ་ཀུཥྨ་ཎ་བི་དྷ་ར་ཡ་ཧཱུཾ་ཕཊ། ཌོངསཱ་ཏ་ན་ཀྲོ་དྷ་ཡ་ཧཱུཾ་ཕཊ། །པྲེ་ཏ་བི་ས་ན་ཡ་ཕཊ། །བི་ཤཱ་ཙ་ཧ་ཏ་བ་ལ་ཕཊ་སྭ་ཧཱ། །ཀུཥྨ་ཎ་ཀ་མ་ཡ་ཕཊ། །ཌོཚཱ་ཏ་ན་ཀྲི ཏཱཾ་ཡ་ཕཊ། །པྲེ་ཏ་ཀྲི་ཏཱཾ་ཏ་རཱུ་པ་ཡ་ཕཊ། །པི་ཤཱ་ཙ་ར་ཥ་ཎ་ཡ་ཕཊ་སྭཱ་ཧཱ། །ཞེས་པ་བཟླས་ཏེ། སྔོན་དུ་བསྙེན་པས་བསྒྲུབ་བྱའི་རྟགས་ནི་རིམ་པ་དྲུག་པར་བརྟག་།རྟགས་བྱུང་བསྐྲད་པའི་ལས་བརྩམ་མོ། །ཡཾ་ལས་རླུང་བསམས་སྟེང དུ་བསྐྱེད། །དགུག་ཅིར་ཨཽཙྪ་ང་ཡས་བསྐྲད། །ལས་བཅོས་འཕྲིན་ལས་གཞན་ཡང་བརྩམ། །རབས་ཆད་ནག་པོའི་ཐོད་པར་ནི། །གཟུགས་གཞུག་བསད་པས་དུར་ཁྲོད་སྦ། །ཧཱུཾ་མེ་དཔུང་འབར་བ་བྲིད་པའི་སྐུ། །གང་རྒྱངས་བཞད མཛད་ཐལ་མོ་རྡེབས། །རྒྱ་མཚོར་ཞབས་ནུབ་དབང་པོ་མནན། །སྐུ་གསུམ་དོག་ལྡན་ཞལ་འཛུམ་བཞད། །ཕྱག་དྲུག་བདུད་འདུལ་མཚོན་ཆ་འཛིན། །རྡོ་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ོཾ་བཛྲ་མུགསོལ་ནས་བསྡུ་བའོ། །བདག་གིས་གཞན་ལ་ཕན་ཕྱིར་བརྩམས། །དགེ་བ་དེ་ཡིས་འགྲོ་བ་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་ཤོག་།ནམ་གྲུའི་རིགས་ལས་བྱུང་བའི་ཛའ་བ་རི་བས་མཛད་པའི་བདུད་བཟློག པའི་ཆོ་ག་རྫོགས་སོ། ། །།བལ་པོའི་བླ་མ་དེ་བ་པཱུ་རྞ་མ་ཏི་དང། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་བ་ལཾ་དྷ་རབ་ལིཾ་དྷ་ར་ཎི་བི་དྷི་ནཱ་མ། བོད སྐད་དུ།

CLOSE WINDOW