Wylie | e-texts based on the ACIP/ALL ![]() ![]() |
། །།རྟོགས་པ་བརྗོད་པ་སུམ་ཅུ་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཏྲི་ཤཏྟཡ་བ་བྷོ་ཥ། བོད་སྐད་དུ
རྟོགས་པ་བརྗོད་པ་སུམ་ཅུ་པ། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཚངས་དབང་གཙུག་།ཆུ་སྐྱེས་ཆེ་དབུས་འཇིག་རྟེན་མགོན། །འོད་ཟེར་རྒྱུན་གྱིས་དབང་བསྐུར་བས། །ེ་མ་དྲི་གསུམ་དག་མཛད་རྨད། །བསྟན
བའི་ལུས་ནི་རི་བོ་འདྲ། །སྤྲོས་དྲལ་སེམས་ནི་ནམ་མཁའ་སྟེ། །གཡོ་བའི་སེམས་ནི་རླུང་རྒྱུན་བཅིངས། །ཚུལ་འདིས་རྣལ་འབྱོར་བདག་ལེགས་གྲོལ། །ཡིད་ནི་ཁྱབ་འཇུག་ནམ་མཁའ་ཨི་སྟེ། །འཁོར་ལོ་ལྔ་ཡི་རང་བཞིན་ལུས། །སྲོག་རྩོལ་ཉི་མ་ཟླ་བ
གཉིས། །བདེ་ཆེན་རྡོ་རྗེའི་ཞགས་པས་འཆིང། །དྲི་མ་ལྔ་ནི་ལྔ་ཡིས་སྦྱང། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །དེ་དག་མ་བཅོས་སྐྱེ་བ་མེད། །ེ་མ་འདི་ན་བསྒོམ་བྱ་གང། །རྒྱ་མཚོའི་སྙིང་པོ་མེ་འབར་བས། །རི་རབ་སྲོག་ཤིང་ཤིང་རྟ་བརྒྱུད། །
ཚངས་དབང་རྩེ་ནས་ཆར་རྒྱུན་འབབ། །ཐབས་ཀྱིས་ཐབས་བྲལ་དེ་ལ་ལྟོས། །གང་མ་རིག་པ་དེ་སྟོང་ཉིད། །ཀུན་ནས་དཀྲིས་པ་བདེ་བའི་ཚལ། །ཞེ་སྡང་འབར་བས་འོད་གསལ་ཆེ། །ལྷ་མཆོག་མི་དེ་གང་གིས་བཅིངས། །ལྟེ་བའི་མར་མེས་མུན་པ་བསལ། །སྙིང
གར་ཤེས་རབ་པདྨ་རྒྱས། །སྤྱི་གཙུག་ཡེ་ཤེས་བདེ་ཆེན་འཛག་།དེ་ནི་རང་ལུས་དངོས་གྲུབ་འགྱུར། །རྩ་གསུམ་འཁོར་ལོ་འདུས་པའི་དབུས། །བདེ་ཆེན་དངས་མའི་ཐིག་ལེ་གནས། །དེ་དབུས་རྣམ་པ་མི་རྟོག་པ། །ཡེ་ཤེས་མི་གཅིག་དྲི་མེད་ཉིད། །གཟུང
འཛིན་མུན་པར་རྟོགས་པའི་འོད། །ནམ་མཁའ་ལ་ནི་ཉི་ཤར་བཞིན། །དེར་ཡང་མི་གནས་གཞན་དུ་འང་མིན། །ཀྱེ་ཧོ་ཤིན་ཏུ་ཟབ་པའི་གནས། །འཇིག་རྟེན་ཐམས་ཅད་ནམ་མཁས་བཅིངས། །ནམ་མཁའ་དེ་ཡི་སྤྲིན་གྱིས་བསྒྲིབས། །གང་ཚེ་རྟོག་པའི་སྦྲིན་དག
བ་ཅན?་དེ་ཚེ་དི་ལ་ཅི་ཞིག་སྣང། །སྒྱུ་མས་སྒྱུ་མའི་གྲོང་ཁྱེར་བཅོམ། །སེམས་ཀྱིས་སེམས་ནི་སླུ་བ་སྟེ། །འདི་ནས་བདག་འདྲས་སླུ་མེད་རིག་།ེ་མའོ་ཨེ་མ་བླ་མའི་དྲིན། །འོག་ནི་ལས་ཀྱི་འཁོར་ལོས་བསྡམས། །བར་ནི་རྡོ་རྗེའི་མདུད་པས་བཅིངས། །
སྟེང་དུ་ཡི་གེ་གྱེན་དུ་བསྒྱུར། །ཐབས་ནི་བདག་གིས་རང་ལ་རྙེད། །ལུས་ནི་རི་པོ་འདྲ་བྱས་ལ། །ངག་ནི་རླུང་རྒྱུན་ལྟ་བུར་བསྡམས། །སེམས་ནི་ནམ་མཁའ་ཨི་ངོ་བོ་ཉིད། །དབྱེར་མེད་ཆོས་ཉིད་ཀུན་གྱི་དངོས། །བརྟན་ལུས་ཤིང་རྟ་རབ་བཅས་པ། །གཡོ་བ
སྲོག་ཤིང་ལཾ་དུ་གཞུག་། དེ་ལྟར་བཅིངས་པའི་ཏིང་འཛིན་ནི། །འཆི་མེད་ནམ་མཁའ་ཨི་དངོས་གྲུབ་ཐོབ། །ནམ་མཁའ་ཨི་རྣལ་འབྱོར་རྣམ་མི་རྟོག་།ཡོངས་དག་ལྷ་ནི་བདེབ་ཆེ། །དེ་ཡི་ཟུང་འཇུག་འོད་བསལ་ཉིད། །གནས་འདིར་ངལ་བསོ་མཁས་པ་དག་།རྡོ་རྗེ
འཛིན་པ་རྡོ་རྗེ་འཆང། །རྡོ་རྗེ་རྒྱལ་པོ་རྡོ་རྗེ་བདེ། །རྡོ་རྗེ་སེམས་དཔའ་སེམས་དཔས་སྟོང། །ེ་མ་རྡོ་རྗེ་ཀུན་རིག་པའོ། །མེ་ཏོག་མཐིང་གི་རྩི་མི་མཐོང། །ཆབ་རོམ་མཐོང་གི་ཆུ་མ་ཡིན། །ལུས་མཐོང་བདེ་བ་བླང་པར་གྱིས། །སེམས་མཐོང་མཐོང
བ་མ་མཆིས་སོ། །ཆུ་ནང་སྐྱེས་བུ་སུ་ཡི་བུ། །རྨི་ལམ་གྲོང་ཁྱེར་བདག་པོ་མེད། །མེ་ལོང་གཟུགས་ནི་གང་ལས་འོངས། །འགྲོ་བ་འདི་ཀུན་དེ་དང་འདྲ། །གདན་གནས་དང་སྐྱེ་བ་དང། །འགགས་འགྱུར་དུ??་རྒྱུ་དུང
མེད་པ། །ནམ་མཁའ་ཨི་མཚན་ཉིད་ཆོས་འདི་ལ། །ཀྱེ་ཧོ་འཇིགས་པ་གང་ཞིག་ཡོད། །འདི་དག་སྣང་བ་སྣང་བསྙན་ཙམ། །རིག་པ་དེ་ཡང་རིག་པས་དབེན། །ཐམ་ཅད་རིག་སྙམ་ཤེས་སྙམ་སྟེ། །ཙམ་སྙམ་དེ་འང་སྙམ་ཉིད་མེད། །སྐྱེས་བུ་དོན་ཀུན་གྲུབ་པའང། །ནེ?
སྡང་ཉི་མ་འོད་གསལ་ལྷ། །འདད་ཆགས་ཟླ་བ་བདེ་བས་སྤྱོད། །གཏི་མུག་སྒྲ་གཅན་མི་རྟོག་འཇོམས། །ནམ་མཁའ་ཨི་སྤྲིན་དང་རྒྱ་མཚོའི་རླབས། །མེ་ཏོག་རྩི་དང་ག་བུར་དྲི། །མེ་ལོང་གཟུགས་དང་ཤེལ་དཀར་བཞིན། །རྣམ་རྟོག་མི་རྟོག་དངོས་དབྱེར་མེད
འགྲོ་བ་འདི་དག་ལས་བས་སྐྱེས། ལས་ནི་ཉོན་མོངས་དེ་ཡི་རྒྱུ། །མཚན་མ་ཡིན་ཏེ་དེ་ཤེས་ནས། །སྐྱེས་བུ་མཚན་མེད་རྣམ་པར་གྲོལ། །རྟོག་པའི་གླང་ཆེན་ལྕགས་ཀྱུས་དགུག་།སེམས་ཀྱི་བུང་པ་རྩི་ཡིས་བསྡུ། །ཏིང་འཛིན་དང་པ་མཚོ་ནང་རྩེ། །
ཤིས་རབ་པདམོ་ཉི་ཟེར་འབྱེད། །ཡིད་ཀྱི་མར་མེས་མུན་པ་སེལ། །བདེ་བའི་མེ་ཏོག་གུང་བས་འཇིབ། །འཛིན་པའི་རྦ་རླབས་རྒྱ་མཚོར་ཐིམ། །བདེ་སྡུག་སྤྲིན་དེ་ནམ་མཁའ་དངོས། །ཡི་གེ་གསུམ་གྱི་བརྡས་མཚོན་པས། །ཡི་གེ་མེད་པ་དག་གིས
རྟོགས། །རྣལ་འབྱོར་རྒྱལ་པོ་ཡི་གེ་མཆོག་།སེམས་ལས་གཞན་ནི་མ་མཆིས་སོ། །གང་དུ་འགྲོ་མེད་འགྲོ་བ་འདི། །གནས་ཤེས་བྱ་བར་ག་ལ་འགྱུར། །གང་མི་གནས་པ་ཆོས་ཀྱི་དབྱིངས། །ངེ་ལ་ཇི་ལྟར་འགག་འགྱུར་སེམས། །རྟག་ཏུ་བྱེད་བྲལ་གཏི་མུག་མེད། །ཁོང་ཁྲོ་བག
ཆགས་བརྟན་བཅོས་པ། །ཞི་བའི་དམ་པ་མྱ་ངན་འདས། །གཏེར་ཆེན་རང་ལ་ཡོད་ཤེས་ཀྱིས། །འཇིག་རྟེན་སྒྱུ་མའི་ལས་ཀྱིས་བསྒྲུབས། །སྒྱུ་མ་སྒྱུ་མའི་ཡིད་ཀྱིས་ཏེ། །འདི་ཀུན་སྒྱུ་མ་ཉིད་ཤེས་ན། །སྒྱུ་མ་ལྟ་བུར་རྣམ་པར་སྲོལ། །སྒྱུ་མར
རྟོགས་པས་བདེན་རྟོགས་འཇོམས། །རྟོག་མེད་སྒྱུ་མ་ལ་མི་གནས། །མི་གནས་འགྲོ་ལ་ཕན་བརྩོན་པས། །ེ་མ་ནོར་བུ་རིན་ཆེན་རྙེད། །རྟག་པ་བརྗོད་པ་སུམ་ཅུ་པ་ཞེས་བྱི་བ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག
ཆེན་པོ་མི་ཏྲ་རྡོ་ཀི་དེ་ཉིད་ཀྱི་སྤྱན་སྔར། གནུ་པས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་ཁ་སརྦཝཱ་ཎ་མ་ཏྭཱི་སཱ་དྷཱ་ནཱཾ། བོད་སྐད་དུ། དཔལ་ཁ་སརྦཱ་ཎི་ཡབ་ཡུམ་གྱི་སྒྲུབ་ཐབས། འཕགས་པ
སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།
CLOSE WINDOW