CLOSE WINDOW

N1639: རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

སློབ་དཔོན་འཕགས་པ་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དོན་ཡོད་རྡོ་རྗེ་ཞབས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ།། བཛྲ་བྷཻ་རཱ་ཝསཱ་དྷ་ན། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། དཔལ་འཇིགས་བྱེད་མ་ཧེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འཇིག་པའི་མེ་ལྟར་འབར། །དྲག་པོའི་དྲག་པོ་དེ་ལ་ཕྱག་འཚལ་ནས། །ལས་རྣམས ཐམས་ཅད་རབ་བསྒྲུབ་ཕྱིར། །མ་ཧེ་གདོང་ཅན་སྒྲུབ་ཐབས་ཅུང་ཞིག་བྲི། །ཡིད་དང་མཐུན་ཞིང་དབེན་པའི་གནས་དག་ཏུ། །རང་གི་བདེ་བའི་སྟན་ལ་འདུག་ནས་ནི། མ་ཧེའི་གདོད་ཅན་སྐད་ཅིག་རྣལ་འབྱོར་པས། །ལྷ་དང་བླ་མ་མཉེས་བྱས་དེ་འོག་ཏུ། ། སྟོང་པ་མ་ཡིན་མི་སྟོང་པ་ཡང་མིན། །སེམས་ཉིད་སྤྲོས་དང་བྲལ་བ་རྣམ་པར་བསྒོམ། །ཡཾ་ལས་རླུང་དཀྱིལ་རཾ་ལས་བསྐལ་མེ་འབར། །དེ་ལས་ཧཱུཾ་འཕྲོས་རྡོ་རྗེའི་རང་བཞིན་ནོ། ། ལས་ཟླ་བ་རྒྱས་པའི་སྟེང་ཉིད་དུ། །དྷཱགཞོན་ནུ་བསྐྱེད་པར་བྱ། དེ་ཡི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་བསམ། །དེ་སྟེང་ཧཱུཾ་ཡིག་ནག་པོ་འབར་བ་བལྟ། །དེ་ནས་ཐམས་ཅད་ཡོངས་གྱུར་རྡོ་རྗེ་སྟེ། །དེ་ཡོངས་གྱུར་ལས་བཅོམ་ལྡན་མ་ཧེའི་ཞལ། །དབྱར་གྱི་ཆར་སྤྲིན་ནག་པོ་ལྟ་བུའི་མདོག སྐུ་ལས་མེ་འབར་ཁམས་གསུམ་སྐྲག་པར་བྱེད། །ཁྲོད་པས་དུར་ཁྲོད་ཐོད་པའི་དོ་ཤལ་བྱས། །ཞལ་གཅིག་མ་ཧེ་ནག་པོ་རྒོད་པའི་ཞལ། །རྭ་བྲག་གཞོན་ནུའི་ཞལ་གྱིས་རྣམ་པར་མཛེས། །ཕྱག་གཡས་རྡོ་རྗེ་གདེངས་སམ་གྲི་གུག་འཛིན། །ཕྱག གཡོན་ཐོད་པ་ཁྲག་གིས་བཀའ་བའ་ཨོ། །ཞབས་གཉིས་གྱང?་ཀྱི་དོར་སྟབས་རོ་ཡི་སྟེང། །མ་ཧེ་ནག་པོའི་སྟེང་དུ་རྣམ་པར་བསམ། །མངོན་སུམ་འདྲ་བར་རྣམ་པར་གསལ་བ་དང། །སྙིང་གར་ཉི་མ་འབར་ཏེ་ཧཱུཾ་ཡིག་གོ་།དེ་ལས་ཡེ་ཤེས་དགུག གཞུག་དབང་བསྐུར་བྱ། །དེ་ནས་དེ་ཉིད་སྐར་མའི་ཚོགས་འདྲས་བསྐོར། །ཡེངས་པ་མེད་པར་རྟག་ཏུ་བཟླས་པ་བྱ། །ོཾ་ཧྲཱིབཟླས་པ་བྱ། །དེ་ཡིས་ལས་རྣམས་ཐམས་ཅད་འགྲུབ། །གལ་ཏེ་ལྡང་བར་འདོད་པ་ན། །ཡེ་ཤེས་མ་ཧེའི་ཞལ་ལེ་ནི། །མཆོད་ཅིང་བསྟོད་ལ་ལྡང་བར་བྱ། །མ་ཧེའི་སྦྱོར་བས་རྣམ་པར་བརྒྱུ། །ཤིན་ཏུ་རྟོགས་དཀའ་ཨི་རྒྱུད་ལས་ནི། །ལ་རྣམས་ཐམས་ཅད སྦྱོར་བའི་ལྷ། །ཞལ་གཅིག་ཕྱག་གཉིས་བདག་གིས་བྲིས། །བློ་དམན་རྣམས་ལ་ཕན་ཕྱིར་རོ། །དགེ་བ་ཅུང་ཟད་ཐོབ་པ་དེས། །བདག་དང་འདི་ལ་མོས་པ་རྣམས། །ནོད་དང་འཇིགས་སོགས་རབ་བཅོམ་ནས། །མྱུར་དུ་འཇིགས་བྱེད་ཆེན་པོར་ཤོག་།སློབ་དཔོན མཉྫུ་ཤྲཱི་དྷཱ?་ནས་མཛད་པ། ཞང་འོར་སྟོན་པ་ཤེས་རབ་བསོད་ནམས་ཀྱིས་བསྒྱུར་བ་རྫོགས་སོ།། །།*། །(།དཔལ་རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཐབས་དང་ལས་བྱ་བའི་ཆོ་ག་སེམས་དཔར་སྡུས་པ་དོན་ཡོད་རྡོ་རྗེས་མཛད་པ་བཞུགས་སོ།།)་།། རྒྱ་གར་སྐད་དུ།

CLOSE WINDOW