Wylie | e-texts based on the ACIP/ALL ![]() ![]() |
པཎྚི་ཏ་དེ་ཉིད་ཀྱིས་རང་འགྱུར་དུ་མཛད་པ་རྫོགས་སོ།། །།ལྷ་མོ་བཞིས་ཞུས་པའི་རྣམ་བཤད་?་ཧྭི?་ཛྙཱ་ན་ཀཱིརྟིས?་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཙ་ཧུ་?
ཏིང་རི་བྲིཙྪ་བྱ་ཁྱ་ནི་ཨཽ་པ་དེ་ཤ་པཽཥྚི་ཀ་ནཱ་མ། བོད་སྐད་དུ། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ་མན་ངག་རྒྱས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདོད་ཆེན་བཅོམ་ལྡན་དགའ་ཆེན་པོ།།
བདེ་ཆེན་ཀུན་བདག་ཆགས་ཆེན་པོ། །མགོན་པོ་རྡོ་རྗེ་སེམས་དཔའ་ལ། །བཏུང་ནས་རྣམ་བཤད་འདི་བྲིས་སོ། །རྒྱུད་དོན་བླ་མ་ལ་ཐོས་པ། །སློབ་མས་ཞུས་པས་འདི་བྱས་ཀྱང། །འདི་ལ་སྐྱོན་ཡོད་བདག་ཉེས་ཏེ། །མཁས་པས་སླད་ནས
དབྱར་དུ་གསོལ། །རྒྱུད་འདི་ནི་ཐམས་ཅད་གསང་བའི་མཆོག་ཅེས་བྱ་བ་སྟོང་ཕྲག་གཅིག་བཞུགས་ཏེ། དེའི་རྒྱུད་ཕྱི་མ་ལྷ་མོ་བཞིས་ཡོངས་སུ་ཞུས་པ་འདིའོ། །འདི་བཤད་པ་ལ་རྟོག་པ་སྔོན་དུ་བྱེད་པའི་ཤེས་རབ་ལ་རྗེས་སུ་འབྲང་བའི་སེམས
ཅན་དད་པ་ལS་རྗེས་སུ་འདྲང་བར་བྱ་བའི་དོན་དུ་ཚིག་དང། དོན་དང། ཚིག་དང་དོན་མཚམས་འབྲེལ་བ་དང་དགོས་པ་དང་དགོS་པ་ལྔ་ཡང་གདོན་མི་ཟ་བར་བརྗོད་པར་བྱའོ། །དེ་ལ་ཚིག་ནི་གསུམ་སྟེ། གཞུང་ཚིག་དང། ལེའུའི་ཚིག་དང།
ཚིགས་བཅད་དོ། །དེ་ལ་གཞུང་ཚིག་ནི་རྒྱུད་དོ། །ལེའུའི་ཚིག་ནི་ལེའུ་བཞིའོ། །ཚིགས་བཅད་ནི་ཚིག་རྐང་བཞིའོ། །དོན་ནི་གསུམ་སྟེ། བསྡུས་པའི་དོན་དང། རྒྱས་པའི་དོན་དང། ཁྱད་པར་གྱི་དོན་ཏོ། །ལྷག་པའི་བྱང་ཆུབ་ཀྱི་སེམས
ངོ་བོ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་ལྷ་མོ་བཞིས་ཡོངས་སུ་བསྐོར་བ་ནི་བསྡུས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་འཕྲོ་བ་དང། ཆོས་ཀྱི་དབྱིངས་ཀྱི་བསྡུ་བ་དང། ཆོས་ཀྱི་དབྱིངས་ཀྱི་དོན་སྒྲུབ་པ་ནི་རྒྱས
པའི་དོན་ཏོ། །ཡིག་འབྲུ་གཞོམ་པ་ལ་སོགས་པ་ནི་ཁྱད་པར་གྱི་དོན་ཏོ། །ཚིག་དང་དོན་མཚམས་འབྲེལ་བ་ནི་བསྡུས་པའི་དོན་གཞུང་ཚིག་དང་འབྲེལ་ཞིང། རྒྱས་པའི་དོན་ལེའུའི་ཚིག་དང་འབྲེལ་ལ། ?་གྱི་དོན་ཚིགས་བཅད་དང་འབྲེལ
ཏོ། །དགོས་པ་ནི་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱ་བ་ཤིན་ཏུ་སྦྱོར་བས་སྐྱེ་བོ་རྣམས་ཀྱི་ལོག་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྐྱོན་ཅན་བཅོམ་ནས་ཡང་དག་པའི་འདོད་ཆགས་ལ་བརྟེན་ནས་བླ་ན་མེད་པ་ཡང
དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པའོ། །དགོས་པའི་ཡང་དགོས་པ་ནི་སངས་རྒྱས་ཟིན་ནས་ཀྱང་སེམས་ཅན་གྱི་དོན་བྱེད་པའོ། །འོ་ན་འདོད་ཆགས་ཁོ་ན་སྲིད་པ་ན་འཁོར་བ་ལ་འཇིག་རྟེན་པ་ལས་འགལ་བར་འདོད་ཆགས་བྱང་ཆུབ་ཀྱི་རྒྱུར
བྱས་ནས་འདི་ལྟ་བུའི་རྒྱུད་བཅོམ་ལྡན་འདས་ཀྱིས་བསྟན་པ་ཅིའི་ཕྱིར་ཞེས་སྨྲ་ན། ལན་བཏབ་པ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་ཐབས་གཞན་གྱིས་སངས་རྒྱས་ཉིད་དུ་མི་འགྱུར་ཏེ། དེ་བས་ན་སེམས་ཅན་གྱི་དོན་དུ་འདོད་ཆགས
ཡང་དག་པར་སྤྱོད་པའི་སྒོ་ནས་བྱང་ཆུབ་པ་བཅོམ་ལྡན་འདས་ཀྱིས་བསྟན་པ་སྟེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་ཞེས་བྱ་བའི་ཉོན་མོངས་པ་དོན་དམ་པར་རིན་རང་བཞིན་མེད་ཅིང་མི་དམིགས་པའོ། །ཞེས་དེ་ལྟར་ཡང་དབུ་མ་ལས་གསུངས་པ།
གང་འམ་ཆགས་པ་གང་དུ་འམ། ཆགས་པ་གང་གིས་སམ་ཆགས་པ། ཆོས་དེ་དག་ནི་མི་དམིགས་ཏེ། དམིགས་སུ་མེད་པའི་ཆགས་པ་ནི་སྐྱོན་མེད་ཅེས་སོ། །ཡང་མཉམ་སྦྱོར་ལས་ཀྱང་གསུངས་པ། ཆགས་མེད་ཆགས་པ་དང་བྲལ
ཡིན། །དབུ་མར་ཡང་ནི་མི་དམིགས་ཏེ། །བུད་མེད་ཐམས་ཅད་སྒྱུ་མའི་རྒྱུ། །གཉིས་སུ་མེད་པའི་ཐེག་པའི་མཆོག་ཅེས་པའོ། །དེ་བས་ན་དེ་ཁོ་ན་བཞིན་དུ་ཞེས་སྡང་སྤྱོད་པའི་སེམས་ཅན་རྣམས་ལ་ཡང་ཕན་པའི་དོན་དུ་ཐུགས་རྗེ་ཆེན་པ་དང་ལྡན
པའི་བཅོམ་ལྡན་འདས་ཀྱིས་ཀྱང་སྡང་བའི་ཚུལ་ཁྲོ་བོའི་རྒྱུད་བསྟན་པའོ། །དེ་ལྟར་ཡང་དག་པའི་ཆོས་ལས་གསུངས་པ། སྣོད་མི་རུང་བའི་བུ་རྣམས་ལ། །དེ་རྣམས་སྣོད་རུང་མཛད་བཞེད་པས། ཐུགས་རྗེ་ཁྲོ་བོ?
རྒྱུད་བསྟན་པ་སྟེ། །སྡང་པ་ནོར་འདོད་མ་ཡིན་ནོ། །ཡང་མཉམ་སྦྱོར་ལས་ཀྱང་གསུངས་པ། ཤིན་ཏུ་སྡང་ཞིང་གཏུམ་པ་ལས། །ཞི་བ་ཉིད་ནི་མི་འབྱོར་ཏེ། །སྡང་བ་ཐབས་དང་ཤེས་རབ་དངོས། །དེ་བཞིན་གཤེགས་པ་ཀུན་གྱི་མཛད་ཅེས
སོ་འདི?་ལྟར་གཏི་མུག་ཅན་གྱི་སེམས་ཅན་རྣམས་ལ་ཡང་གཏི་མུག་གི་དབང་གིས་བདང་གིས་བདག་དང་བདག་གིར་འཛིན་པ་ལ་སོགས་པའི་ཕྱིན་ཅི་ལོག་གི་ལྟ་བ་གཞོམ་པའི་དོན་དུ་ཉན་ཐོས་ཀྱི་ཐེག་པ་ལ་གང་ཟག་ལ་བདག་མེད་པའི་དོན་བསྟན་པ་དང། བྱང་ཆུབ
སེམས་དཔའ་ཨི་ཐེག་པ་ལ་ཆོས་ལ་བདག་མེད་པའི་དོན་བསྟན་པ་དང། བླ་མ་དང་བཅས་པའི་སངས་རྒྱས་ལ་ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང། རྡོ་རྗེའི་ཐེག་པ་ལ་མ་རིག་པ་གཞོམ་པའི་དོན་དུ་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པ
ལ་སོགས་པ་ཞི་བའི་ཕོ་གཟུགས་ཀྱི་ལྷ་བསྒོམ་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ལྟར་ཡང་ཐམས་ཅད་གསང་ཆེན་རྒྱུད་ལས་གསུངས་པ། ཆོས་བདག་མེད་པའི་སྦྱོར་བ་ཡིས། །བཅོམ་ནས་རང་ཉིད་འཇིགས་བྱས
ཏེ། །རང་སེམས་ཁོ་ན་སངས་རྒྱས་ཉིད། །རང་སེམས་ཁོ་ན་ཤེས་པར་བྱ་ཞེས་སོ། །དེ་ལྟར་ཡེ་ཤེས་ཞབས་ཀྱིས་ཀྱང་གསུངས་པ། ཡང་དག་བྱང་ཆུབ་སེམས་བསྐྱེད་ནས། །བྱམས་པ་ཚན་པོར་རབ་འབྱོར་ཏེ། །ཆོས་ཐམས་ཅད་ལ
བདག་མེད་པར། །དེ་ལྟར་ཤེས་ན་རྣམ་པར་གྲོལ་ཞེས་སོ། །དེ་བས་ན་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཅན་གྱི་སེམས་ཅན་རྣམས་ལ་དུ་མའི་ཐབས་ཀྱི་སེམས་ཅན་གྱི་དོན་བྱེད་པ་ལ་འགལ་བ་མེད་དོ། །དེ་ལྟར་ཡང་བཀྲ་ཤིས
སྒྲུབ་པ་ལས་གསུངས་བ། གང་དང་གང་གིས་བཅིངས་འགྱུར་བའི། །སྐྱེ་བོ་དྲག་པོའི་ལས་རྣམས་ཀྱིས། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་ལོ་ཞེས་པའོ། །དེ་ལྟར་ཡང་དེ་ཉིད་བསྡུས་པའི་རྒྱུད་ལས་གསུངས་པ། ?
ཇི་ལྟར་འདུལ་འགྱུར་པ། །སེམས་ཅན་རང་བཞིན་དུ་ནི་འགྲོ་།དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་ལ་སོགས་དག་པས་བྱ་ཞེས་སོ། །དེ་ལྟ་བས་ན་རྣལ་འབྱོར་མའི་དེ་ཁོ་ན་ཉིད་ཀྱི་རྒྱུད་འདི་ཡང་འདོད་ཆགས་ཅན་ལ་ཕན་འདོག་པའི་དོན་དུ་བསྟན་ཏོ། །
དེ་ནས་དང་ལ་སྡུད་པ་པོ་རྣམས་ཀྱིས་རྒྱུད་དག་པར་བྱ་བའི་དོན་དུ་ཕུན་སུམ་ཚོགས་པ་བྲིས་པ། ལྷ་མོ་བཞི་དང་མཉམ་ལྡན་ཞིང། །སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ། །ཤིན་ཏུ་དགའ་བའི་སྦྱོར་ཆེན་ལ། །རྡོ་རྗེ་སེམས་དཔའ་ཆེར་བཞུགས་ཏེ།
ཞེས་ཏེ། དེ་ལ་ལྷ་མོ་བཞི་ཞེས་པ་ནི། སྡུད་པ་པོ་ཕུན་སུམ་ཚོགས་པ་སྟེ། འོག་ནས་སྤྱན་མ་ལ་སོགས་པ་བཞིས་ཞུས་པའི་ཕྱིར་རོ། །ལྷ་མོ་ཞེས་པ་ནི་རང་གི་འོད་ལ་ལོངས་སྤྱོད་པ་དང། ལྷའི་རིས་སུ་གྱུར་པའི་ཕྱིར་རོ། །ལྷ་མོ་ཡང་དེ་བཞི
དེ་ཉིད་བས་ལྷ་མོ་བཞི་ཞེས་པ་ནི་གསུམ་དང་ལྔའི་གྲངས་སུན་ཕྱུང་བ་སྟེ། རང་བཞིན་ཚད་མེད་པ་བཞི་དང། འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ལྷ་མོ་དེ་དག་གིས་ཡོངས་སུ་བསྐོར་བ་དེ་དག་མཉམ་ལྡན་ཞེས་པ་སྟེ། ལྷ་མོ་དེ་བཞིས་ཡང
དག་པར་ལྡན་པའི་ཕྱག་རྒྱ་བཞི་?་དཀྱིལ་འཁོར་རོ། །འདི་ལྟ་སྟེ། དབུས་ཀྱི་གཙོ་བོ་ནི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བཞུགས་པ་ལས་མེ་མཚམས་ནས་སྤྱན་མ་དང། བདེན་བྲལ་གྱི་མཚམས་ན་མཱ་མ་ཀཱི་དང། རླུང་གི་མཚམས་ནན་བཟའ་དཀར་མོ་དང།
དབང་ལྡན་གྱི་མཚམས་ན་སྒོ་ལམ་བཞི་སྐུ་ཕྱག་རྒྱ་བཞིམ་བསྐོར་ནས་བཞུགས་པའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། སྤྲོས་ནས་ཕྱག་རྒྱ་བཞི་དག་ནི། །དཀྱིལ་འཁོར་དེ་ལ་བསྐོར་བར་བརྟག་།བདག་ཉིད་དབུས་སུ་གནས
བྱས་ཏེ། །འཁོར་ལོ་ཐམས་ཅད་བསྡུ་བར་བྱ་ཞེས་སོ། །ཡང་ན་ལྷ་མོ་བཞི་དང་མཉམ་ལྡན་ཞེས་པ་ནི། གསང་བའི་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་ཐབས་དང་ཤེས་རབ་རོལ་པ་ལ་རྡོ་རྗེ་སེམས་དཔའ་ལྷ
མོ་བཞི་དང་ལྡན་ཏེ། བསྙེན་པ་ལ་སྤྱན་མ། ཉེ་བར་སྒྲུབ་པ་ལ་མཱ་མ་ཀཱི་།སྒྲུབ་པ་ལན་བཟའ་དཀར་མོ། །སྒྲུབ་པ་ཆེན་པོ་ལ་སྒྲོལ་མ་རང་གི་རིག་མ་ལ་སྒོམ་པའི་ཕྱིར་རོ། །གསང་བའི་བསྙེན་བསྒྲུབ་བཞི་ནི་འདི་ལྟ་སྟེ། ཐབས་དང་ཤེས་རབ་སྐུ་སྦྱར
བ་ནི་བསྙེན་པའོ། །གསང་བའི་རྡོ་རྗེ་དང་པདྨར་སྦྱོར་བ་ནི་ཉེ་བའི་བསྙེན་པའོ། །བསྐུལ་ཞིང་སྔགས་བཟླ་བ་ནི་སྒྲུབ་པའོ། །བདེ་བ་ཆེན་པོ་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། བསྒྲུབ་བྱ་སྒྲུབ་པར་སྦྱོར
བ་གང། །དེ་ནི་བསྙེན་པ་ཞེས་སུ་གསུངས། །རྡོ་རྗེ་པདམོ་མཉམ་སྦྱོར་བ། །ཉེ་བར་བསྙེན་པ་ཞེས་བྱ་སྟེ། །ཧཱུཾ་ཕཊ་ཚུལ་དང་ལྡན་པ་རུ། །བསྐྱོད་པ་བསྒྲུབ་པར་གསུངས་པའོ། །རང་བཞིན་རང་བདེ་ཞི་བ་ནི། །སྒྲུབ་པ་ཆེན་པོ་ཞེས་བྱའོ་ཞེས་སོ། །ཞིང
ཞེས་པ་ནི་གཞན་གྱི་དོན་ལ་སྙེག་པའི་སྟེ། ལྷ་མོ་བཞི་ཁོ་ན་དང་ལྡན་པ་མ་ཡིན་ཏེ། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་དང་ཡང་ལྡན་པའི་དོན་སྟོན་པའོ། །འཁོར་ཕུན་སུམ་ཚོགས་པ་སྟོན་པ། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ་ཞེས་ཏེ
དེ་ལ་སངས་རྒྱས་ཞེས་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་ལྔ་དང། རིག་མ་བཞི་དང། ལྕགས་ཀྱུ་ལ་སོགས་པ་བཞི་དང། སྤོས་མེ་མ་ལ་སོགས་པ་བཞི་དང། སྒེག་མོ་ལ་སོགས་པ་བཞི་དང། བྱང་ཆུབ
སེམས་དཔའ་བརྒྱད་དེ། པདྨ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་ནས་མ་ལུས་པར་བྱང་ཆུབ་བློ་རྒྱས་པའི་ཕྱིར་རོ། །དེ་དག་གི་སྐུ་ཕྱག་རྒྱ་ནི་སངས་རྒྱས་གཟུགས་ཞེས་སོ། །སངས་རྒྱས་ཀྱི་གཟུགས་དེས། རྡོ་རྗེ
སེམས་དཔའ་ཨི་ཕུང་པོ་ལྔ་དང། འབྱུང་བ་ཆེན་པོ་བཞི་དང། རྣམ་པར་ཤེས་པ་བརྒྱད་དང། ཡབ་ཡུམ་གྱི་བདུད་རྩི་ལ་སོགས་པའི་རིགས་ལྔ་ལ་སོགས་པར་ཉེ་བར་སྦྱོར་བ་དང་ལྡན་པས་ན་སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ་ཞེས་པ་ནི་མཛེས
པའོ། །ཡང་ན་སྐུ་གསུང་ཐུགས་དང་ལྡན་ཞིང་འཕྲོ་བ་དང་བསྡུ་བ་མཛད་པས་སངས་རྒྱས་གཟུགས་ཀྱིས་ཉེ་བར་བརྒྱན་པ་ཞེས་སོ། །གནས་ཕུན་སུམ་ཚོགས་པ་བསྟན་པ། ཤིན་ཏུ་དགའ་བའི་སྦྱོར་ཆེན་ལ་ཞེས་པ་སྟེ། དེ་ལ་ཤིན་ཏུ་དགའ་བའི་ཞེས་པ་ནི་ཁྱད་པར་དུ་སྐྱོན་མེད་ཅིང་རྟག
པར་ཀུན་ཏུ་ཁྱབ་པའི་སེམས་ཅན་གྱི་དོན་ལ་ཆགས་པའི་རྡོ་རྗེ་འཛིན་པའི་སྐུའི་གསང་བའོ། །དེ་ལྟར་ཡང་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ལས་གསུངས་པ། སྐྱོན་མེད་རྟག་པ་གཏན་དུ་ནི། །ཐམས་ཅད་འདོད་ཆགས་རྗེས་ཆགས་པས། །དེ་ཉིད་གསང་བ
བཅོམ་ལྡན་འདས། །འདོད་ཆགས་ཆེན་པོ་དགའ་བ་ཆེ་ཞེས་སོ། །ཡང་ན་ཤིན་ཏུ་དགའ་བའི་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་བདེ་བ་ཆེན་པོའོ། །དེ་གཉིས་མངོན་དུ་བྱ་བའི་དོན་དུ་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བ་ནི། སྦྱོར
ཆེན་ཞེས་པ་སྟེ། སེམས་ཅན་གྱི་དོན་ཆེན་པོ་མཛད་པའི་ཕྱིར་རོ། །ལ་ཞེས་པ་ནི་གནས་དེ་ལ་ཞེས་པའི་དོན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་བསྟན་པ། རྡོ་རྗེ་སེམས་དཔའ་ཞེས་པ་སྟེ། དེ་ཡང་དམ་ཚིག་སེམས་དཔའ་ཨི་སྒོ་ནས་ནི་རིགས་ལྔའི
བདག་ཉིད་ཡེ་ཤེས་ལྔའི་ངོ་བོ་ཉིད་དོ། །འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན། །རྡོ་རྗེ་སྟེང་འོག་གི་རྩེ་ལྔ་ནི་རིགས་ལྔ་དང་ཡེ་ཤེས་ལྔའི་དོན་བསམ་པ་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། རྒྱུ
ལྔ་དང་ནི་འབྲས་དག་ནི། །རྡོ་རྗེ་ཞེས་སུ་བསྟན་པ་ཡིན་ཞེས་སོ། །ཡིག་འབྲུ་འཇོམས་པ་ནི་རྡོ་རྗེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང། རྣམ་པར་སྣང་མཛད། རྗེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང། རིན་ཆེན་འབྱུང་ལྡན། ས་ནི་སོ་སོར་ཀུན་ཏུ་རྟོག
ངའི?་ཡེ་ཤེས་དང། སྣང་བ་མཛའ་ཡས། མ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང། དོན་ཡོད་གྲུབ་པ། ས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང། མི་བསྐྱོད་པ། དེ་དག་དང་ལྡན་པའི་དོན་ནི་དཔའ་བའ་ཨོ། །ཡང་རྡོ་རྗེ་སེམས
དཔའ་ཞེས་པ་ནི་ཡེ་ཤེས་སེམས་དཔའ་ཨི་གནས་སྐབས་སུ་མཆོག་གི་བྱང་ཆུབ་ཡེ་ཤེས་ལས་བྱུང་བའོ། །དེ་ཡང་ཐམས་ཅད་གསང་བའི་རྒྱུད་ལས་གསུངས་པ། མཆོག་གི་བྱང་ཆུབ་དངོས་ཡེ་ཤེས། །དེ་ནི་རྡོ་རྗེར་འདིར་གསུངས་ཏེ། །རྡོ་རྗེ
ཡེ་ཤེས་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་གསུངས་ཞེས་སོ། །དུས་ཕུན་སུམ་ཚོགས་པ་མཚོན་པ་ནི། ཆེར་བཞུགས་ཏེ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་སྦྱོར་བ་ཆེན་པོ་ལ་བཞུགས་པའི་དུས་སུ་རྒྱུད་འདི་བསྟན་པ་ཡིན་ནོ་ཞེས་པའི་དོན་ཏོ།།
དེ་ལ་ཆེར་ཞེས་པའི་ཐབས་དང་ཤེས་རབ་རོལ་པ་རྣམ་པ་སྣ་ཚོགས་རྣམ་པ་གཅིག་ཏུ་བསྐལ་པ་གཞན་དང་གཞན་གྱི་མཛའ་མེད་པར་བདེ་བ་ཆེན་པོའི་ལོངས་སྤྱོད་ལ་བཞུགས་པའོ། །བཞུགས་སོ་ཞེས་པ་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོའི
ངོ་བོ་བྱང་ཆུབ་སེམས་ཀྱི་ཐིག་ལེར་ཡུམ་གྱི་གསང་པའི་པདྨར་གནས་པའོ། །དེ་ལྟ་བས་ན་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ལྷ་དང་སྦྱོར་བ་མངོན་དུ་བྱེད་འདོད་ན་འདི་ལ་གོམས་པར་བྱའོ། །དེ་ནི་རེ་ཞིག་བཅོམ་ལྡན་འདས་ཀྱིས་སྐུའི་སྒོ་ནས
ཆོས་བསྟན་པ། འོད་ཟེར་འཆང་ཞིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་འོད་ཟེར་ཞེས་པ་ནི་དེ་བཞིན་གཤེགས་པའི་ངོ་བོ་ཁ་དོག་ལྔ་དང་ལྡན་པའི་དོན་ཏོ། །འཆང་ཞིང་ཞེས་པ་ནི་འོད་ཟེར་ཆོས་ཀྱི་འབྱུང་གནས་ལ་ཆགས་པའོ། །འཁྲིགས
པའི་ཞེས་པ་ནི་སྔ་མ་བསྡུ་བ་དང་ཕྱི་མ་བསྣོལ་བའོ། །གསང་ཆེན་ཞེས་པ་ནི་བདེ་བ་ཆེན་པོའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཐེག་པ་འོག་མ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཡོན་ཏན་དེ་དག་དང་ལྡན་པའི་ཆོས་ཀྱི་འབྱུང་གནས་ནི?།
འོད་ཟེར་འཆང་ཞིང་འཁྲིགས་པ་ཡི། །གསང་ཆེན་ཆོས་ཀྱི་འབྱུང་གནས་ཞེས་པ་སྟེ། གསང་བ་ནི་གསང་བའི་པདྨའོ། །དེ་ལ་ཆོས་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དེ། མཚན
ཉིད་འཛིན་པས་ཆོས་ཞེས་བྱ་ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་སྐྱེ་གནས་ནི་ཆོས་ཀྱི་འབྱུང་གནས་ཞེས་སོ། །འདི་ལྟ་སྟེ། ཆོས་ཀྱི་འབྱུང་གནས་ཨེ་གྲུ་གསུམ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པ་དང། ཆོས་ཐམས་ཅད་སྐུ?
གསུང་ཐུགས་ཁོ་ན་འཕྲོས་པ་ཡིན་ནོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །གྲུ་གསུམ་ལ་ནི་རྣམ་པར་བསྒོམ་ཞེས་སོ། །ཡང་དེ་ཁོ་ན་ལས་གསུངS་པ། སེམས་ཅན་ཐམས
ཅད་འབྱུང་བ་ནི། །དུས་གསུམ་རྡོ་རྗེའི་ངོ་བོ་ཉིད་ཅེས་པའོ། །ལ་ཞེས་པ་ནི་འཕྲོས་པའི་གནས་མཚོན་པའོ། །བྱང་ཆུབ་སེམས་ཞེས་པ་ནི་གསང་བའི་རྡོ་རྗེ་དང་པདྨའི་སྦྱོར་བ་ལས་བྱུང་བ་བརྗོད་ཀྱིས་མི་ལང་བའི་བདེ་བ་ཆེན་པོའི་ངོ་བོ་ལྷག་པའི་བྱང
ཆུབ་ཀྱི་སེམས་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཐོབ་པའི་རྒྱུར་གྱུར་པའོ། །དེ་ལྟར་ཡང་ཟླ་གསང་ཐིག་ལེའི་རྒྱུད་ལས་གསུངས་པ། བྱང་ཡིག་རྡོ་རྗེ་ཞེས་གསུངས་ཏེ། །ཡི་གེ་ཆུད?་ནི་གསུངས?་པའི?་ཚིག་།སེམས་ཡིག་བཞུ་བ་གསུངས་པ
སྟེ། ཡི་གེ་པ་ནི་བདེ་བ་ཆེ་ཞེས་སོ། །འཕྲོས་ནས་སུ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཐིག་ལེའི་གཟུགས་སེམས་ཅན་གྱི་བདག་ཉིད་ཡེ་ཤེས་ལྔའི་ངོ་བོ་ལྷག་པའི་བྱང་ཆུབ་སེམས་སུ་གྱུར་ནས་གསང་བའི་རྡོ་རྗེ་ནས
གསང་བའི་པདྨ་ལ་ཕབ་པའོ། །ཆོས་ཀྱི་དབྱིངས་ཞེས་པ་ལ། །ཆོས་ཞེས་པ་ནི་བཤད་ཟིན་ཏོ། །དབྱིངས་ཞེས་པ་ནི་རྒྱུའོ། །དོན་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ས་བོན་ཕྲ་མོའི་ཡིག་འབྲུ་ཡི་གེ་ཀྵཱུཾ?་གི་ངོ་བོ་བཞུགས་པའོ། །ཡི?་འབྲུ་དེ་ཞུ
མཛད་དོ་ཞེས་པ་སྟེ། འོད་ཀྱི་གོང་བུར་བྱེད་པའོ། །ད་ནི་གསུང་གི་སྒོ་ནས་ཆོས་བསྟན་པ་ཐོས་པར་འདོད་ནས་ལྷ་མོ་སྤྱན་མས་ཆོས་ཀྱི་དབྱིངས་འཕྲོ་བའི་དོན་ཞུས་པ། ཞུ་བའི་དངོས་པོ་དེ་མཐོང་ནས་ཞེས་པ་ལ་སོགས
པ་སྟེ། དེ་ལ་ཞུ་བའི་དངོས་པོ་ཞེས་པ་ནི་བཤད་ཟིན་ཏོ། །དེ་མཐོང་ནས་ཞེས་པ་ནི་སྐུའི་སྒོ་ནས་ཆོས་སྟོན་པའི་རྡོ་རྗེ་སེམས་དཔའ་དེ་མཐོང་ནས། ལྷ་མོ་སྤྱན་མས་ཡོངས་ཞུས་པ་ཞེས་ཏེ། དེ་ལ་ལྷ་མོ་ནི་བཤད་ཟིན་ཏོ། །ལྷ་མོ་ཡང་དེ་སྤྱན་མ་ཡང
དེ་བས་ལྷ་མོ་སྤྱན་མ་ཞེས་ཏེ། སྤྱན་དང་འདྲ་བའི་དམ་ཚིག་གི་ཕྱག་རྒྱའི་བདག་མོ་ཡིན་པའི་ཕྱིར་རོ། །ཡོངས་ཤེས་པ་ནི་དོན་མ་ལུས་པའོ། །ཞུས་པ་ཞེས་པ་ནི་རང་གི་སྟན་ལས་ལངས་པ་དང། བླ་གོས་ཕྲག་པ་གཅིག་ཏུ་གཟར་བ་དང། ལན
གསུམ་བསྐོར་ནས་ཕྱག་བྱས་པ་དང། པུས་མོ་ས་ལ་གཙུགས་ཏེ། ཐལ་མོ་སྦྱར་བ་རྣམས་ཞུ་བའི་ཚུལ་ལྔས་གསོལ་བ་བཏབ་པའོ། །གང་ལ་ཞུས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་ཏེ། སྟོན་པ་པོ་ལ་ཞེས་པའི་ཐ་ཚིག་གོ་།
ཡིག་འབྲུ་འཇོམས་པ་ནི་བཅོམ་ལྡན་འདས་ཡང་དེ། རྡོ་རྗེ་སེམས་དཔའ་ཡང་དེ་ཡིན་པས་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཨོ། །དེ་ལ་བཅོམ་ལྡན་ཞེས་པ་ནི་ཐེག་པ་བཞིའི་བྱེ་བྲག་གིS་བཤད་དེ། རྡོ་རྗེའི་ཐེག་པ་ལ་ཐེག་པ་འོག་མའི་དོན
བཅུག་ཀྱང་མི་འགལ་དེ། རྡོ་རྗེ་སེམས་དཔའ་ཐེག་པ་ཀུན་ལས་སངས་རྒྱས་པའི་ཕྱིར་རོ། །དེ་ལྟར་ཡང་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས་གསུངས་པ། སེམས་དང་སེམས་དཔའ་ཨི་ཏིང་འཛིན་དང། བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །
བདུད་དང་དེ་བཞིན་བདུད་ལས་རྒྱལ། །བྱང་ཆུབ་སངས་རྒྱས་དེར་འགྱུར་རོ་ཞེས་དང། ཡང་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ལས་གསུངས་པ། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ལ་སོགས་ལྡན་པའི་ལྷ། །རྒྱལ་པོ་རྡོ་རྗེ།
འཛིན་པ་ཆེ། །ཡིག་འབྲུ་དམ་པ་མཆོག་ཏུ་དགའ་ཞེས་སོ། །འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པས་བཅོམ་ལྡན། ཞེས་པ་ནི་ཉོན་མོངས་པ་དང། འཆི་བདག་དང། ཕུང་པོ་དང། ལྷའི་བདུད་བཞི་བཅོམ་ཞིང་ཟད་པ་དང། མི་སྐྱེ་པའི་ཡེ
ཤེས་དང་ལྡན་བའོ། །དེ་ལྟར་ཡང་མདོ་ལས་གསུངས་པ། ཉོན་མོངས་ལས་དང་སྐྱེ་པ་དང། ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །རྣམ་པར་སྨིན་ཆས་གང་དེ་ནི། བཅོམ་པས་དེས་ན་བཅོམ་ལྡན་འདོད་ཅེས་པའོ། །བཅོམ་པའི་རིམ་པ་ན་འདི
ལྟ་སྟེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེའི་གདན་མནན་པའི་དུས་སུ་སྲོད་ཀྱི་དུས་དང་པོ་ལ་འདོད་པའི་ཟག་པ་ཟད་པས་ལྷའི་བུའི་བདུད་བཅོམ། ནམ་ཕྱེད་ཀྱི་དུས་གཉིས་པ་ལ་ལྷའི་སྤྱན་ཕྱེ་བས་འཇིག་རྟེན་ཐམས་ཅད་གཟིགས་ཏེ་ཐོ་རངས
ཀྱི་དུས་གསུམ་པ་ལམ་རིག་པའི་ཟག་པ་ཟད་པས་ཉོན་མོངས་པའི་བདུད་བཅོམ། ?་མཆོག་གི་གྲོང་ཁྱེར་དུ་ཡོན་བདག་བྲམ་ཟེ་མོ་འཛེ་ཏའི་དོན་དུ་ཟླ་བ་གསུམ་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ཏེ་སྲིད་པའི་ཟག་པ་ཟད་པས་འཆི
བའི་བདུད་བཅོམ་མོ། །དེའི་འོག་ཏུ་མྱ་ངན་ལས་འདས་པའི་དུས་མཁྱེན་ནས་རང་གི་འཚེའི་འདུ་བྱེད་བཏང་སྟེ་ལྟ་བའི་ཟག་པ་ཟད་པས་ཕུང་པོའི་བདུད་བཅོམ་མོ། །དེ་གཉིས་གཞོམ་པའི་ནི་ཁ་ཅིག་ཆུ་བོ་ནི་རཉྫ?་ནའི་འགྲམ་ན་ཏིལ་ཕྱེད་ཀྱི
ཟས་ལ་བརྟེན་ནས་ལོ་དྲུག་གི་བར་དུ་དཀའ་ཐུབ་མཛད་པའི་དུས་སུ་འཆི་བའི་བདུད་དང། ཕུང་དེའི?་བདུད་བཅོམ་ཞེས་ཟེར་ན། དེ་ཡང་བདེན་ཏེ། དེར་བཅོམ་པར་གྱུར་ན་ཡང་འདིར་བཅོམ་པའི་དོན་མངོན་དུ་བསྟན་པའོ། །དེ་བས་ན་ལངྐར
གཤེགས་པའི་ནང་ནས་རྩ་མཆོག་གི་གྲོང་ཁྱེར་དུ་འཆི་བའི་བདུད་དང། ཕུང་པོའི་བདུད་བཅོམ་ཞེས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆེན་པོ་ལ་བཅོམ་ལྡན་ཞེས་པ་ནི་དབུལ་པོ་དང། ངན་སོང་དང། མི་སྡུག་པའི་གཟུགས་དང། །
གྲགས་པ་མེད་པ་དང། དཔལ་མེད་པ་དང། མ་རིག་པ་གོ་རིམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བཅོམ་སྟེ། འབྲས་བུ་དབང་ཕྱུག་དང། མཆོག་དང། གཟུགས་བཟང་དང། གྲགས་པ་དང། དཔལ་དང། ཡེ་ཤེས
རྣམས་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། དབང་ཕྱུག་དང་ནི་མཆོག་དང་ནི། །གཟུགས་བཟང་དང་ནི་གྲགས་དང་དཔལ། །ཡེ་ཤེས་ནན་ཏན་ཐོས་པ་དྲུག་།བཅོམ་ལྡན་ཞེས་བྱ་འདོད་པའོ། །རྡོ་རྗེའི་ཐེག་པ་ལ་བཅོམ་ལྡན་ཞེས་པ
ནི་སེམས་ཙམ་གྱིས་ལྟ་བ་ལ་ཀུན་གཞི་དང། ཉོན་མོངས་པའི་ཡིད་དང། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང། སྒོ་ལྔའི་རྣམ་པར་ཤེས་པ་བཅོམ་ཞིང་མེ་ལོང་དང། མཉམ་པ་དང། སོ་སོ་དང། བྱ་བ་དང། ཆོས་ཀྱི་དབྱིབས་དང
རྡོ་རྗེ་ལྟ་བུའི་ཡེ་ཤེས་དྲུག་དང་ལྡན་པའི་ཕྱིར་རོ། །དབུ་མའི་གནས་སྐབས་སུ་གཉིས་མེད་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ཐམས་ཅད་བཅོམ་ཞིང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའོ། །དེ་ཡང་གསུངས་པ། ཉོན་མོངས་ཤེས་རབ
ཀྱིས་བཅོམ་ནས། །ཤེས་རབ་བཅོམ་ཞེས་འདོད་པའོ་ཞེས་སོ། །དེ་ལྟ་བུའི་ཁྱད་པར་ཅན་རྡོ་རྗེ་སེམས་དཔའ་ཞེས་པ་སྟེ། བཤད་ཟིན་ཏོ། །ཚིག་འདི་དག་ནི་ཞེས་པ་ནི་ཆོས་ཀྱི་དབྱིངས་རྣམས་འཕྲོ་བ་ནི་ཞེས་པ་ནས། བདག་གི་ཐེ་ཚོམ་ལྷས
བཀའ་སྩལ་ཞེས་བྱ་བའི་བར་གྱི་ཚིག་ལ་མཚོན་པའོ། །ཆོས་ཀྱི་དབྱིངས་རྣམས་འཕྲོ་བ་ནི། །གང་ལས་སྐྱེ་བར་འགྱུར་བ་ལགས་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཁུངས་ཞུས་པ་སྟེ། ཡིག་འབྲུ་ནི་བཤད་ཟིན་ཏོ། །དང་པོ་ཇི་ལྟར་འོང་པ
ཡིན་ཞེས་པ་ནི་ཆོས་ཀྱི་དབྱིབས་འཕྲོ་བའི་ལམ་ཞུས་པའོ། །དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས་ཞེས་པ་ནི། ཆོས་ཀྱི་དབྱིངས་འཕྲོ་བའི་གནས་ཞུས་པའོ། །ཡན་ལག་མེད་པ་གང་དེ་ནི་ཞེས་པ་ནི་ཆོས་ཀྱི་དབྱིངས་སྤྱིའི་མཚན་ཉིད་ཀྱི
སྒོ་ནས་ཞུས་པའོ། །ཡན་ལག་དང་བཅས་གྱུར་ནས་སུ། །ལུས་དངོས་འགྱུར་བ་ཇི་ལྟར་ལགས་ཞེས་པ་ནི་རང་གི་མཚན་ཉིད་རགས་པའི་དོན་ཞུས་པའོ། །ལུས་དེ་ཉིད་ལ་སྐྱེ་མཆེད་དང་དབང?་པོའི་དོན་ཞུས་པའོ། །མིག་དང་རྣ་བ་སྣ་དང་ནི། །དེ་བཞིན
ལྕེ་དང་ལུས་དང་ཡིད། །དབང་པོ་ཞེས་པ་སྟེ། དེ་ལ་མིག་ཞེས་པ་ནི་མིག་གི་རྣམ་པར་ཤེས་པའི་རྟེན་ནང་གི་གཟུགས་དང་བ་གོ་སྙོད་ཀྱི་མེ་ཏོག་འདྲ་བ་གང་དེ་མིག་གི་དབང་པོའོ། །རྣ་བ་ཞེས་པ་ནི་རྣ་བའི་རྣམ་པར་ཤེས་པའི་རྟེན་ནང་གི་གཟུགས་དབང
གྲོ་ག་བཅུས་ཏེ་བཅད་པ་འདྲ་བ་གང་དེ་རྣ་བའི་དབང་པོའོ། །སྣ་དང་ནི་ཞེས་པ་ནི་སྣའི་རྣམ་པར་ཤེས་པའི་རྟེན་ནང་གི་གཟུགས་དང་བཟངས་ཀྱི་མོ་ཁབ་གཞིབས་པ་འདྲ་བ་གང་དེ་སྣའི་དབང་པོའོ། །དེ་བཞིན་ལྕེ་དང་ཅེས་པ་ནི་ལྕེའི་རྣམ་པར་ཤེས
པའི་རྟེན་ནང་གི་གཟུགས་དང་བ་ལྕེའི་དཀྱིལ་ཟླ་བ་བཀས་པ་འདྲ་བ་གང་དེ་ལྕེའི་དབང་པོའོ། །ལུས་དང་ཞེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་ནང་གི་གཟུགས་དང་བ་རེག་བྱ་འཇམ་གྱི་པགས་པ་འདྲ་བ་གང་དེ་ལུས་ཀི་དབང་པོའོ། །ཡིད་ཞེས
བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་འདས་པའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། ཞེས་སོ། །དབང་པོ་ཞེས་པ་ནི་མིག་ལ་སོགས་པ་ལྔས་བཞི
བཞི་ལ་དབང་བྱེད་པའི་ཕྱིར་རོ། །བཞི་གང་ཞེ་ན། བདག་མཛེས་པར་བྱ་བ་དང། བདག་གིར་བྱ་བ་དང། རང་རང་གི་རྣམ་པར་ཤེས་པ་སྐྱེད་པ་དང་རང་རང་གི་སྤྱོད་ཡུལ་ལ་སྤྱོད་པ་བཞིའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ།
དབང་པོ་ལྔས་ན་དོན་བཞི་ལ། དབང་བྱེད་ཅེས་སོ། །ཡིད་ནི་གཉིས་ལ་དབང་བྱེད་དེ། སྲིད་པ་གཞན་ལ་འབྲེལ་པ་དང། དངོས་ལ་འཇུག་པ་ལ་དབང་བྱེད་པའོ། །ཡང་ཕུང་པོ་དང་ཁམས་ཀྱི་སྒོ་ནས་ཞུས་པ། ཕུང་པོའི་དངོས་རྣམས་དང།
ཁམས་སུ་ནི་འཇུག་པ་ཡང་ཞེས་པ་སྟེ། དེ་ལ་ཕུང་པོ་ཞེས་པ་ནི་འདུས་པའི་དོན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །འདི་ལྟ་སྟེ། དེ་ལ་གཟུགས་ཀྱི་ཕུང་པོ་ནི་དབང་པོ་ལྔ་དང་ཡུལ?་ལྔ་སྟེ་བཅུའོ།། །།
དེ་ཡང་དུས་གསུམ་གྱི་གཟུགས་བཟང་ངན་དང་ཆེ་ཕྲ་གཅིག་ཏུ་འདུས་པའོ། །གཞན་བྱེ་བྲག་ཏུ་སྨྲ་བ་ན་རེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་འདོད་དོ། །ཚོར་བའི་ཕུང་པོ་ནི་མྱོང་བའི་མཚན་ཉིད་དེ། བདེ་བ་དང། སྡུག
བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་དྲུག་གསུམ་བཅོ་བརྒྱད་འདུས་པའོ། །འདུ་ཤེས་ཀྱི་ཕུང་པོ་ནི་མཚན་མར་འཛིན་པའི་མཚན་ཉིད་དེ། དཀར་པོ་ཞེས་བྱ་བ་དང། ནག་པོ
ཞེས་བྱ་བ་དང། བཟང་པོ་ཞེས་བྱ་བ་དང། ངན་པ་ཞེས་བྱ་བ་དང། རིང་པོ་ཞེས་བྱ་བ་དང། ཐུང་ངུ་ཞེས་བྱ་བ་ལ་སོགས་པ་འདུས་པའོ། །གཞན་མདོ་སྡེ་པ་ན་རེ་དེ་ཡང་གོང་མ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ལ་སོགས
པ་བཅོ་བརྒྱད་ལ་འདུ་ཤེས་ཞེས་ཟེར་རོ། །འདུ་བྱེད་ནི་ཕུང་པོ་བཞི་ལ་མ་རྟོགས་པའི་འདུ་བྱེད་ཀྱི་ཆོས་ཀུན་ཏེ། སེམས་ལས་བྱུང་བའི་ཆོས་རྐྱེན་བཞི་ཀས་འདུས་བྱས་པའི་ཕྱིར་རོ། །སེམས་ཙམ་པ་ན་རེ་སེམས་ལས་བྱུང་བའི་ཆོས་ལ་སོགས
པ་འདུ་བྱེད་ལྔ་བཅུ་རྩ་གཅིག་གོ་། རྣམ་པར་ཤེས་པའི་ཕུང་པོ་ནི་ཡུལ་ཐ་དད་པ་སོ་སོར་ཤེས་པའི་མཚན་ཉིད་དེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་དང། ཡིད་དང་བདུན་འདུས་པའོ། །དེ་ཡང་སེམས་ཙམ་པ་ན་རེ་གོང་མ་བདུན་དང།
ཀུན་གཞི་རྣམ་པར་ཤེས་པ་དང་བརྒྱད་འདུས་པ་ལ་འདོད་དོ། །དེ་བཞིན་དུ་དབུ་མ་པ་ན་རེ་རྣམ་པར་ཤེས་པ་དྲུག་འདུས་པ་ལ་འདོད་དེ། དེ་དག་གི་ཁུངས་ནི་བསྟན་བཅོས་ལ་གསལ་བར་མ་བྲིས་སོ། །དངོས་རྣམས་དང་ཞེས་པ་ནི་འབྱུང་བ
ཆེན་པོ་བཞིའོ། །ཁམས་རྣམས་སུ་ནི་འཇུག་པ་ཡང་ཞེས་པ་ནི་དེ་ལ་ཁམས་ནི་རིགས་ཀྱི་དོན་ཏེ། ཆོས་ཀུན་གྱི་འབྱུང་ཁུངས་ཡིན་པའི་ཕྱིར་རོ། །ཁམས་དེ་རྣམས་ཀྱི་སྒྲས་ནི་གྲངས་བཅོ་བརྒྱད་འདྲེན་པའོ། །འདི་ལྟ་སྟེ། མིག་གི་དབང་པོའི་ཁམས་དང། ?
བའི་དབང་པོའི་ཁམས་དང། སྣའི་དབང་པོའི་ཁམས་དང། ལྕེའི་དབང་པོའི་ཁམས་དང། ལུས་ཀྱི་དབང་པོའི་ཁམས་དང། ཡིད་ཀྱི་དབང་པོའི་ཁམས་དང། གཟུགས་ཀྱི་ཁམས་དང། སྒྲའི་ཁམས་དང། དྲིའི་ཁམས་དང། རོའི་ཁམས་དང། རེག
བྱའི་ཁམས་དང། ཆོས་ཀྱི་ཁམས་དང། མིག་གི་རྣམ་པར་ཤེས་པའི་ཁམས་དང། རྣ་བའི་རྣམ་པར་ཤེས་པའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས
དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་སོ། །འཇུག་པ་ཞེས་པ་ནི་ཆོས་ཀྱི་དབྱིངས་དེ་དག་གི་རྣམ་པ་ལ་ཁྱབ་ཅིང་འཇུག་པ་ཇི་ལྟར་ལགས་ཞེས་ཞུས་པའི་ཐ་ཚིག་གོ་།ཡང་ཞེས་པ་ནི་ཞུས་པའི་རྣམ་གྲངས་བསྙག་པའོ། །ཉོན་མོངས་པའི་སྒོ
ནས་ཞུས་པ། མ་རིག་བག་ཆགས་སྲེད་པ་ཡིས། །བཅིངས་པའི་ཉོན་མོངས་འདོད་ཆགས་སོགས་ཞེས་པ་སྟེ། དེ་ལམ་རིག་ཅེས་པ་ནི་ཆོ་སྔ་མའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྟེ། ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། །
བག་ཆགས་ཞེས་པ་ནི་འདུ་བྱེད་དེ། ཚེ་སྔ་མའི་ལས་དགེ་སྡིག་གི་ལས་བག་ལ་ཉལ་བས་ཚེ་འདིའི་རྣམ་པར་ཤེS་པ་ལ་འདེབས་པའི་ཕྱིར་རོ། །སྲེད་པ་ཡིས་ཞེས་པ་ནི་འདོད་ཆགས་ལ་ཆགས་པ་སྟེ་ཚེ་ཕྱི་མ་བྱེད་པའོ། །དེ་བས་ན་བཅིངས་པ
ཞེས་པ་སྟེ། ཚེ་སྔ་མའི་མ་རིག་པ་དང། འདུ་བྱེད་ཀྱིས་ཚེ་འདི་ལ་གྲོལ་བ་མེད་པ་དང། ཚེ་འདིའི་སྲེད་པ་ཕྱི་མའི་སྲེད་པ་ལས་མི་གྲོལ་བར་བྱེད་པའི་ཕྱིར་རོ། བཅིངས་པའི་དངོས་པོ་ཉོན་མོངས་པ་གང་ཞེ་ན། དངོས་པོ་དེ་བསྟན་པ་ཉོན་མོངས་
བ་འདོད་ཆགས་སོགས་ཞེས་ཏྟ། དེ་ལ་ཉོན་མོངས་ཞེས་པ་ནི་མནར་མེད་བའི་དམྱལ་བ་ནས་སྲིད་པའི་རྩེ་མོའི་བར་གྱི་སེམས་ཅན་གྱི་སེམས་སྡུག་བསྔལ་གྱི་ས་བོན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཆོས་མོན?་པའི?
མཛོད་ལས་གསུངས་པ། འདིར་ནི་ཉོན་མོངས་ས་བོན་ཡིན། །ཀླུ་བཞིན་རྩཝ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་བཞིན་དུ་འདོད་ཅེས་སོ། །ཉོན་མོངས་པ་ཡང་དེ་འདོད་ཆགས་ཀྱང་དེ་བས་ཉོན་མོངས་འདོད་ཆགས་སོགས་ཞེས་པ་ནི། དེ་ཡང་དེ་ལ
འདོད་ཆགས་ཞེས་པ་ནི་ཞེན་པའི་མཚན་ཉིད་དེ། དེ་ཡང་འདོད་པའི་འདོད་ཆགས་དང། སྲེད་པའི་འདོད་ཆགས་སོ། །སོགས་པའི་སྒྲས་ནི་ཞེ་སྡང་དང། གཏི་མུག་ལ་གཟུང་སྟེ། དེ་ལ་ཞེ་སྡང་ནི་གཞན་ལ་གནོད་པར་སེམས་དཔའ་ཨོ། །གཏི་མུག་ནི་དགེ་བ་དང་མི་དགེ་བ
ལ་ཁྱད་པར་དུ་མི་ཤེས་པའོ། །དེ་ངག་བཅིང་བ་གསུམ་ཡིན་ཏེ། ཚོར་བ་གསུམ་གྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ། འདོད་ཆགས་ནི་བདེ་བ་ཚོར་བའི་མཚན་ཉིད་དོ། །ཞེ་སྡང་ནི་སྡུག་བསྔལ་ཚོར་བའི་མཚན་ཉིད་དོ། །གཏི་མུག་ནི
བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཚོར་བའི་མཚན་ཉིད་དོ། །དེ་ལྟར་ཡང་ཆོས་མངོན་པའི་མཛོད་ལས་ཀྱང་གསུངས་པ། ཚོར་བའི་དབང་གིས་འཆིང་བ་གསུམ་ཞེས་སོ། །ཉོན་མོངས་པ་དེས་བཅིང་བའི་རྣམ་པར་ཤེས་པ་དང།
ཁམས་གསུམ་དུ་གྱུར་པ་དང། བསྡུ་བའི་དོན་ཞུས་པ། རྣམ་པར་ཤེས་པ་སྣ་ཚོགས་པ། །ཇི་ལྟར་དངོས་སུ་འདུས་པ་ལགས་ཞེས་པ་སྟེ། དེ་ལ་རྣམ་པར་ཤེས་པ་ཞེས་པ་ནི་སེམས་ཙམ་ལ་འདོད་དེ། དེ་ལྟར་ཡང་རབ་ཏུ་བྱེད་པ་ཉི་ཤུ
པ་ལས་གསུངས་པ། སེམས་དང་ཡིད་དང་རྣམ་པར་ཤེས། །རྣམ་པར་རིག་པ་ཞེས་རྣམ་གྲངས་ཞེས་སོ། །སྣ་ཚོགས་པ་ཞེས་པ་ནི་རྣམ་པར་ཤེས་པ་དེ་ཁམས་གསུམ་གྱི་སྣོད་དང་བཅུད་དེ། དངོས་སུ་གྱུར་པའོ། །ཇི་ལྟར་དངོས་སུ
འདུས་པ་ལགས་ཞེས་པ་ནི། འཇིག་རྟེན་པའི་བསྐལ་པ་ལ་ཁམས་གསུམ་དེ་ཡང་རྣམ་པར་ཤེས་པ་ཅམ?་དུ་ཇི་ལྟར་འདུས་པ་ལགས་ཞེས་ཞུས་པའི་ཐ་ཚིག་གོ་།བསྒོམ་པའི་དོན་ཞུས་པ། དངོས་པོ་མེད་པ་ལ་བསྒོམ་པའི་གཟུགས་ཞེས་པ་སྟེ། དེ
ལ་དོན་འདི་ཡོད་མ་ཐག་བྱེད་པ་ནི་དངོས་པོ་ཞེས་སོ། །དེ་ཡང་དོན་དམ་པར་དཔྱད་ན་མི་རུང་བ་ནི་དངོས་པོ་མེད་ཅེས་པ་སྟེ། གཟུང་འཛིན་ཀུན་བརྟགས་ཀྱི་ཕྱིར་དང། ཡོད་པ་དང་མེད་པ་མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་དངོས་མེད་ལ་སྐུ་ཕྱག་རྒྱ་ལ་སོགས
པ་ཁྱད་པར་དུ་བསྒོམ་པའི་གཟུགས་ཤེས་པ་སྟེ་བེམས་པོའོ། །ཡང་གོང་དུ་འཕྲོ་འདུ་གཟུགས་ལ་སོགས་པའི་སྐྱེ་མཆོད་ཀྱི་སྒོ་ནས་ཞུས་པ། གཟུགས་སོགས་སྤྱོད་ཡུལ་མཚན་ཉིད་རྣམས་ཞེས་པ་སྟེ། དེ་ལ་གཟུགས་སོགས་ཞེས་པ་ནི་གཟུགས
ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་བར་དུ་དྲུག་སྟེ། དེ་ལ་ཡང་གཟུགས་ནི་ཉི་ཤུ་སྟེ། སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་དང། རིང་པོ་དང། ཐུང་ངུ་དང། ལྷ་མ་པ་དང། ཟླུམ་པོ་དང། མཐོན་པོ་དང། དམའ་བ་དང། ཕྱ་ལེ་བ་དང། ཕྱ
ལེ་བ་མ་ཡིན་པ་དང། སྤྲིན་དང། དུ་བ་དང། རྡུལ་དང། ཁུག་སྣ་དང། གྲིབ་མ་དང། ཉི་མ་དང། སྣང་བ་དང། མུན་པའོ། །སྒྲ་ཡི་སྐྱེ་མཆེད་ནི་བརྒྱད་དེ། ཟིན་པའི་འབྱུང་བ་ཆེན་པོ་བཞིའི་རྒྱུན་ཅན་དང། མ་ཟིན་པའི་འབྱུང་བ་ཆེན་པོ་བཞིའི
རྒྱུན་ཅན་དང། སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་བཞིའི་ཕྲག་གཉིས་ཡིད་དུ་འོང་བ་དང། ཡིད་དུ་མི་འོང་བས་ཏེ་བརྒྱད་དོ། །དྲེའི་སྐྱེ་མཆེད་ནི་བཞི་སྟེ། དྲི་ཞིམ་པ་དང། དྲི་ང་བ་དང། དྲི་མཉམ་པ་དང། དྲི་མི་མཉམ་པའོ། །རོའི་སྐྱེ
མཆེད་ནི་དྲུག་སྟེ། རྟོ་མངར་བ་དང། སྒྱུར་བ་དང། ལན་ཚྭ་དང། ཚ་བ་དང། ཁ་བ་དང། བསྐ་བའོ། །རེག་བྱའི་སྐྱེ་མཆེད་ནི་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དང། འཇམ་པ་དང། རྩུབ་པ་དང། ལྕི་བ་དང། ཡང་བ་དང། གྲང་བ་དང
བཀྲེས་པ་དང། སྐོམ་པའོ། །ཆོས་ཀྱི་སྐྱེ་མཆེད་ནི་བདུན་ཏེ། ཚོར་བ་དང། འདུ་བྱེད་དང། འདུ་ཤེས་དང། རྣམ་པར་རིག་བྱེད་མ་ཡིན་པ་དང། སོ་སོར་བརྟགས་པའི་འགོག་པ་དང། སོ་སོར་བརྟགས་པས་ཡིན
པའི་འགོག་པ་དང་ནམ་མཁའ་ཨོ། །སྤྱོད་ཡུལ་ཞེས་པ་ནི་གཟུགས་ལ་སོགས་པ་དེ་དག་མིག་གི་དབང་པོས་དམིགས་པའི་རྟེན་ཡིན་པའི་ཕྱིར་རོ། །མཚན་ཉིད་རྣམས་ཞེས་པ་ནི་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་དོ། །གོང་དུ
བཤད་པའི་སྔོན་པོ་དང། སེར་པོ་ལ་སོགས་པའོ། །རང་བཞིན་མེད་ཅིང་ཞེས་པ་ནི་གཟུགས་ལ་སོགས་པའི་སྤྱོད་ཡུལ་ཏེ། གཅིག་དང་དུ་མ་མི་འབྱོར་པའི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་རྒྱན་ལས་གསུངས་པ། དེ་བཞིན་ཉིད་དུ
བརྗོད་པ་ཡི། །དངོས་པོ་འདི་དག་རང་བཞིན་མེད། །གཅིག་དང་དུམ་མི་འབྱོར་ཕྱིར། །རང་བཞིན་གྱིས་ནི་གཟུགས་བརྙན་འདྲ་ཞེས་སོ། །རང་བཞིན་མེད་ཅིང་དམིགས་མེད་ལ་ཞེས་པ་སྟེ། དབང་པོ་ལ་འདས་པའི་ཕྱིར་རོ། །དེ་འདྲ་བའི
སྤྱོད་ཡུལ་ལ། དམིགས་པ་དང་བཅས་ཇི་ལྟར་ལགས་ཞེས། ཞུས་པའོ། །ཞུས་པའི་མཇུག་བསྡུས་པ། དེ་དག་ངོ་མཚར་ཆེན་པོ་ནི། བདག་གི་ཐེ་ཚོམ་ལྷས་བཀའ་སྩལ་ཞེས་པ། དེ་ལ་དེ་དག་ཅེས་པ་ནི་གོང་དུ་ཐལ་པའི་ཞུས་བའི
ཚིག་རྣམས་སོ། །ངོ་མཚར་ཆེན་པོ་ནི་ཞེས་པ་ནི་སྔོན་མ་རྟོགས་པའོ། །བདག་ཅེས་པ་ནི་ལྷ་མོ་སྤྱན་མ་སྟེ། དེའི་ཐེ་ཚོམ་ཞེས་པ་ནི་སོམ་ཉིར་གྱུར་བའོ། །ལྷ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ལྷའི་རྗེས་སུ་སྐྱེ་བ་མཛད་པ་དང།
རང་གི་འོད་ཟེར་ལ་ལོངས་སྤྱོད་པའི་ཕྱིར་རོ། །བཀའ་སྩལ་ཞེས་པ་ནི་ཐེ་ཚོམ་དེ་དག་བསལ་བར་བྱ་བའི་དོན་དུ་གནས་རྣམ་པ་ལྔ་དང་ལྡན་པའི་གསུང་གི་སྒོ་ནས་སྟོན་ཅིག་པར་ཞུས་བའོ། །གནས་རྣམ་པ་ལྔ་ནི་འདི་ལྟ་སྟེ། ངེས་པའི
ཚིག་དང། དེའི་རྒྱུ་དང། དཔེ་དང། ཉེ་བར་འགྲོ་བ་དང། ངེས་པ་འགྲོ་བའོ། །དེ་ལ་ངེས་པའི་ཚིག་ནི་འདུས་བྱས་པའི་ཆོས་ཐམས་ཅད་མི་རྟག་པ་ཞེས་སྨྲ་བ་ལྟ་བུའོ། །རྒྱུ་ནི་རྒྱུ་རྐྱེན་ཚོགས་ནས་འདུས་བྱས་པའི་ཕྱིར་ཞེས་སྨྲ་བ་ལྟ་བུའོ།། །།
དཔེ་ནི་བུམ་པ་དང་འདྲ་ཞེས་སྨྲ་བ་ལྟ་བུའོ། །ཉེ་བར་འགྲོ་བ་ནི་ཇི་ལྟ་བ་ནི་འཇིམ་དང་། འཁོར་ལོ་དང། རྫ་མཁན་རྣམས་འདུས་ནས་བྱས་པའི་ཕྱིར་བུམ་པ་མི་རྟག་པ་ཡིན་ཞེས་སྨྲ་བ་ལྟ་བུའོ། །ངེས་པར་འགྲོ་བ་ནི་དེ་བཞིན་དུ་འདུས་བྱས
པའི་ཆོས་ཀྱང་རྐྱེན་རྣམས་ཚོགས་ནས་བྱས་པས་མི་རྟག་གོ་ཞེས་སྨྲ་བ་ལྟ་བུའོ། །དེ་ལྟར་ཡང་ཚིག་དོན་ཐམས་ཅད་ལ་ཡང་གནས་རྣམ་པ་ལ་ཤེས་པར་བྱའོ། །ད་ནི་གསུང་གི་སྒོ་ནས་ཆོས་བསྟན་པས་ཞུས་པའི་ལན་གསུངས་པ། དེ་ལྟར
ཞུས་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ལྟར་ཞེས་པ་ནི་གོང་དུ་ཞུས་པའི་ཚིག་ལ་སྙེག་པའོ། །ཞུས་མ་ཐག་ཏུ་ནི་ཞེས་པ་ནི་དེ་མ་ཐག་ཏུ་བའི་དོན་ཏེ། ལྷ་མོས་ཞུས་པའི་སྟེང་ཁོ་ནར་དུས་གཞན་དུ་མ་བསྡད་པར་ལན་བཏབ
པོ་ཞེས་པའི་ཐ་ཚིག་གོ་། བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས་ཞེས་པ་ནི་སྟོན་པ་པོ་སྟེ་བཤད་ཟིན་ཏོ། །གསུངས་ཞེས་པ་ནི་བརྗོད་ཀྱིས་མི་ལང་བའི་ཆོས་ཡིན་ཡང་ཐུགས་རྗེའི་དབང་གིས་བཤད་པའོ། །སྟོན་པའི་ཆོས་ཉིད་ཀྱི་དོན
མཚོན་པ། ཤེས་རབ་ཟབ་པ་ཟད་མེད་ནི་ཞེས་པ་སྟེ། དེ་ལ་ཤེས་རབ་ཅེས་པ་ནི་གཉིས་སུ་མེད་པའི་ཤེས་རབ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་དང། ཡོད་པ་དང་མེད་པ་དང་བྲལ་བའི་ཕྱིར་རོ། །དེ་བས་ན་དེ་ཉིད་ཟབ་པ
ཞེས་པ་སྟེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལྟར་ཡང་འཇིག་རྟེན་སྣང་བ་ལས་ཀྱང་གསུངས་པ། མི་རྟོག་པ་ནི་ཟབ་པ་ཡིན། །བདག་གཞན་འབྱུང་བ་རྒྱས་པའོ། །ཟད་མེད་ནི་ཞེས་པ་ནི་ཆོས་ཉིད་དེ་འདུས་མ་བྱས་པའི་ཕྱིར་བསྐལ་པ
གྲངས་མེད་པ་གཞན་དུ་ཡང་དེ་བཞིན་དུ་གནས་པའི་ཕྱིར་རོ། །དེ་ལྟར་ཡང་དེ་ཉིད་དུ་འདུས་པ་ལས་གསུངས་པ། དེ་བཞིན་གཤེགས་པ་བྱུང་ཡང་རུང། དེ་བཞིན་གཤེགས་པ་མ་བྱུང་ཡང་རུང།
ཆོས་ཉིད་དེ་བཞིན་དུ་གནས་པའོ་ཞེས་སོ། །ཉོན་ཅིག་ཅེས་པ་ནི་ཁ་མར་སྤུབ་པ་དང། བུམ་པ་རྣམས་བུམ་པ་ཞབས་རྡོལ་བ་དང། བུམ་པ་མི་གཙང་བས་གང་བལྟ་བུའི་སྐྱོན་གསུམ་སྤངས་ཏེ། དད་པ་དང། བརྩོན་འགྲུས་དང།
ཡང་དག་པའི་ལྟ་བ་གསུམ་དང་ལྡན་ན་རྣ་བའི་དབང་པོས་སྒྲ་ལ་དམིགས་ཞེས་སྨྲ་བའོ། །ཡང་ན་ཤེས་རབ་གསུམ་དང་ལྡན་ནས་ཉོན་ཅིག་ཅེས་སྨྲ་བའོ། །སྤྱན་མ་ཞེས་པ་ནི་བོད་པའི་ཚིག་གོ་།བཤད་པར་བྱ་ཞེས་པ་ནི་གནང་བའི་ཚིག
གོ་། བཤད་པར་དམ་བཅའ་བའོ། །ད་ནི་རེ་ཞིག་ཆོས་ཉིད་དེའི་ཡོན་ཏན་བསྟན་པ་ནི་དཔྱད་དུ་མེད་ཅིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་དཔྱད་དུ་མེད་ཅིང་ཞེས་པ་ནི་མངོན་སུམ་དང་རྗེས་སུ་དཔག་པས་ཤེས་སུ་མེད་པའོ། །དེ་ལ་མངོན
སུམ་གྱིས་མི་ཤེས་པ་ནི་དབང་པོའི་རྣམ་པར་ཤེས་པ་དང། ཡིད་ཀྱི་རྣམ་པར་ཤེས་པས་དཔྱད་དུ་མེད་པ་ལ་སོ་སོ་ཡང་དག་པར་རིག་པ་དང། རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱིས་དཔྱད་པའོ། །འོ་ན་གཉིས་ཀྱིས་དཔྱད་པ་དེ་ལ
དཔྱད་དུ་མེད་ཅིང་ཞེས་བསྟན་པ་ཅིའི་ཕྱིར་ཞེ་ན། ལན་བཏབ་པ། དབང་པོའི་རྣམ་པར་ཤེས་པ་དང། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཀྱིས་དཔྱད་དུ་མེད་པའི་ཕྱིར་རོ། །དཔེར་ན་རྟ་རྐང་ལག་གསུམ་ཡོད་བཞིན་དུ་ལག་པ་གཅིག་བཅད་ན
འཇིག་རྟེན་བས་རྐང་མེད་གཅིག་ཅེས་བརྗོད་པ་ལྟ་བུའོ། །རྗེས་སུ་དཔག་པ་གཉིས་ཀྱིས་ཀྱང་དཔྱད་དུ་མེད་པ་སྟེ། མཚན་གསུམ་དང་རྟགས་གསུམ་གྱིས་དཔྱད་དུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ནི་ཇི་ལྟར་སྣང་བ་དེ
བཞིན་དུ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཤེས་བྱ་མིན་ཞེས་པ་སྟེ། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་གྱི་ཕྱིར་རོ། །དེ་ལྟར་ཡང་རབ་ཏུ་བྱེད་པ་ཉི་ཤུ་པ?་ལས་གསུངས་པ། རང་སེམས་ཡེ་ཤེས་མི་ཤེས་པས། །ཇི་ལྟར་སངས་རྒྱས་སྤྱོད་ཡུལ་ལ་ཞེས
སོ། །དེའི་ཕྱིར་དེ་བཞིན་དཔྱད་མཁན་གྱིས་ཤེས་དཀའ་ཞེས་པ་སྟེ། ཤེས་རབ་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིས་མཐོང་བ་དང། ཐོས་བ་ཙམ་གྱིས་མ་རྟོགས་པའི་ཕྱིར་རོ། །འོ་ན་ཅི་འདྲ་ཞེ་ན། གསུངས་པ། སངས་རྒྱས་ཀུན་གྱི་གསང་ཆེན་ནི། །ནམ
མཁའ་ནམ་མཁའ་ཨི་སྤྱོད་ཡུལ་ལ་ཞེས་པ་སྟེ། དེ་ལ་སངས་རྒྱས་ཀྱང་དེ་ཀུན་ཡང་དེ་བས་སངས་རྒྱས་ཀུན་ཞེས་པ་སྟེ། ཕྱོགས་བཅུ་ན་བཞུགས་པའི་གངྒཱའི་ཀླུང་གི་བྱེ་མ་ལྟ་བུའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ
སོགས་པ་འདིར་འདོད་དེ། འདི་ལྟ་སྟེ། གསང་བའི་རྒྱུད་རྡོ་རྗེ་ཐེག་པ་ལས་སངས་རྒྱས་པ་ནི་བླ་ན་མེད་པ་ཡིན་ཏེ། དེའི་གོང་དུ་ཐེག་པ་གཞན་མེད་པའི་ཕྱིར་རོ། །ཡང་དག་པ་ཡང་ཡིན་ཏེ། ཐེག་པ་ཆེན་པོ་ལ་གནས་པའི་ཕྱིར་རོ། །སྦྱོར་བའི་རྒྱུད་དང། བྱ
བའི་རྒྱུད་དང། མདོ་སྡེ་ཆེན་པོའི་ཐེག་པ་ལ་སངས་རྒྱས་པ་ནི་ཐེག་པ་གོང་ན་ཡོད་པས་བླ་དང་བཅས་པ་ནི་ཡིན་ལ་ཡང་དག་པར་རྫོགས་པ་ཡིན་ཏེ། ཐེག་པ་ཆེན་པོ་ལ་གནས་པའི་ཕྱིར་རོ། །ཐེག་པ་ཆུང་ངུ་ལས་སངས་རྒྱས་པའི་ཉན་ཐོས་དང་རང་སངས
རྒྱས་ནི་བླ་དང་བཅས་པ་ཡང་ཡིན། ཡང་དག་པར་རྫོགས་པ་ཡང་མ་ཡིན་ཏེ། ཐེག་པ་གོང་ན་ཡོད་པའི་ཕྱིར་དང། ཡང་ཐེག་པ་ཆུང་ངུ་ལས་ཕྱིར་ལྡོག་དགོས་པའི་ཕྱིར་རོ། །དེ་ལྟ་བསན་སངས་རྒྱས་གསུམ་དུ་ཤེས་པར་བྱའོ། །དེ་རྣམས་ཀྱི་གསང་ཆེན
ནི་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །ནམ་མཁའ་ནམ་མཁའ་ཨི་སྤྱོད་ཡུལ་ལོ་ཞེས་པ་ནི། སྟོང་པ་ཉིད་ཀྱི་སེམས་ཀྱིས་དམིགས་པ་མེད་པ་སྟོང་པ་ཉིད་བསྒོམ་པའོ། །དེ་ལྟར་ཀླུ་སྒྲུབ་ཞབས་ཀྱིས་དབུ་མ་ལས་གསུངས་པ། དམིགས་པ་མེད་པའི་སེམས་དག་ནི།
ནམ་མཁའ་ཨི་མཚན་ཉིད་དུ་གནས་ཏེ། །ནམ་མཁའ་ཨི?་སྒོམ་པ་ཁོ་ན་དེ། །སྟོང་པ་ཉིད་བསྒོམ་འདོད་པའོ་ཞེས་སོ། །དེ་བས་ན་གསང་ཆེན་ནི་ཐེག་པ་ཆུང་ངུ་བ་རྣམས་ཀྱིས་ཀྱང་མི་ཤེས་པའི་དོན་གསུངས་པ། མི་ཤེས་ཆུན?
པས་བསྒྲིབས་པས་ན། །ཉན་ཐོས་རྣམས་ཀྱིས་ཤེས་པ་མིན་ཞེས་པ་སྟེ། དེ་ལ་མི་ཤེས་ཞེས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ། ཉན་ཐོས་རྣམས་དང་རང་སངས་རྒྱས་ལ་ཐམས་ཅད་མཁྱེན་པ་དང་མི་ལྡན་པའི་ཕྱིར་རོ། །མི་ཤེས་ཀྱང
དེ་མུན་པ་ཡང་དེ་བས་མི་ཤེས་མུན་བ་ཞེས་པ་སྟེ། ཡང་དག་པའི་དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་པ་མི་གསལ་བར་བྱེད་པའི་ཕྱིར་རོ། །དེས་བསྒྲིབས་པ་ནི་མི་ཤེས་མུན་པས་བསྒྲིབས་པས་ཤེས་པ་སྟེ། ཉན་ཐོས་ཀྱིས་ཤེས་པའི་སྒྲིབ་པ
མ་སྤངས་པའི་ཕྱིར་རོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། རབ་འབྱོར་དེ་བཞིན་གཤེགས་པའི་ཟག་པ་མེད་པའི་ཕུང་པོ་མཐོང་ངམ། བཅོམ་ལྡན་འདས་མ་མཐོང་ངོ་ཞེས་སོ། །དེ་ལྟ་བས་ན་ཉན་ཐོས་རྣམས་ཀྱིས
ཤེས་པ་མིན་ཞེས་པ་སྟེ། དེ་ལ་ཉན་ཐོས་ཞེས་པ་ནི་ཉན་ཐོས་ཀྱི་སངས་རྒྱས་ཏེ། སྟོན་པ་ལ་ཉན་ཞིང་ཐོས་ནས་ངེས་པར་འབྱེད་པའི་ཆ་བཞི་མཐར་ཕྱིན་ཏེ། མཐོང་བའི་ལམ་མངོན་དུ་གྱུར་པའི་ཕྱིར་རོ། །དེ་རྣམས་ཀྱིས་ཤེས་པ་མིན་ཞེས་པ་སྟེ། གཟུང
བ་དང། འཛིན་པ་མ་སྤངས་པའི་ཕྱིར་རོ། །སྤྱོད་ཡུལ་ཞེས་པ་སྟེ། གཟུགས་ལ་སོགས་པའི་ཕྱིའི་སྐྱེ་མཆེད་དྲུག་གོ་།དེ་དག་ཆེ་སྔ་མའི་ལས་ཀྱི་དབང་གིས་མེད་པ་སྣང་བ་ནི་སྤྱོད་ཡུལ་བག་ཆགས་ཞེས་སོ། །དེ་ནི་ཀུན་བརྟགས་ཙམ་དུ
རྟོགས་པ་ནི། །སྤྱོད་ཡུལ་བག་ཆགས་ཤེས་མཁན་ནི། །རང་སངས་རྒྱས་སུ་སྤྲུལ་པ་སྟེ་ཞེས་པ་སྟེ། དེ་ལ་རང་སངས་རྒྱས་ཞེས་པ་ནི་ཚེ་འདིའི་སྔོན་དུ་ངེས་པར་འབྱེད་པའི་ཆ་བཞི་མཐར་ཕྱིན་ནས་མཐོང་བའི་ལམ་དུ་ཞུགས་མཁད་ལ། ཚེ་འདི་ནས་ཕྱི
མའི་ཆེ་ལ་སྟོན་པ་ལ་ཉན་ཞིང་ཐོས་མི་དགོས་པར་རང་གིས་ངེས་པར་འབྱེད་པའི་ཆ་བཞི་མཐར་ཕྱིན་ཏེ་མཐོང་བའི་ལམ་རང་མངོན་དུ་གྱུར་པའི་ཕྱིར་རོ། །སྤྲུལ་པ་སྟེ་ཞེས་པ་ནི་དབྱུང་བའོ། །དེ་ཀུན་གྱིས་ཀྱང་ཞེས་པ་ནི་སངས་རྒྱས་ཀུན་གྱིས་?
མི་ཤེས་པ་སྟེ། འཛིན་པའི་རྟོག་པ་མ་སྤངས་པའི་ཕྱིར་རོ། །དེ་ལྟར་ཡང་མངོན་པར་རྟོགས་པའི་རྒྱན་ལས་གསུངས་པ། གཟུང་དོན་རྟོག་པ་སྤོང་ཕྱིར་དང། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པས་ཤེས
པར་བྱ་ཞེས་སོ། །ཀྱང་གིས་སྒྲས་མི་ཉན་ཐོས་ཀྱིས་མི་ཤེས་པ་དེ་རང་སངས་རྒྱས་ཀྱིས་ཀྱང་ཤེས་བ་མ་ཡིན་ནོ་ཞེས་པའི་དོན་སྙེག་པ་ཡིན་པའོ། །ཤེས་མེད་སོ་སོའི་སྐྱེ་བོ་ཡིས་ཤེས་པ་ནི་མི་ཤེས་པའི་སྒྲ་ནི་གོང་མ་ལ་སྙེག་པ་སྟེ། སོ་སོའི་སྐྱེ་བོ
ཡིས་ཀྱང་མི་ཤེས་ཞེས་པའི་ཐ་ཚིག་གོ་། དེ་ལ་ཤེས་མེད་ཅེས་པ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པ་སྟེ། སོ་སོའི་སྐྱེ་བོ་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ཅན་ཡིན་པའི་ཕྱིར་རོ། །ཤེས་མེད་ཀྱང་དེ་སོ་སོ་སྐྱེ་བོ་ཡང་དེ་བས་ཤེས་མེད་སོ་སོའི
སྐྱེ་བོའི་ཞེས་པ་སྟེ། འཕགས་པ་ལས་གཞན་དུ་གྱུར་པ་སྟེ། འཕགས་པའི་ཆོས་མཐོང་བའི་ལམ་མ་ཐོབ་པའི་ཕྱིར་དང། མི་དགེ་བ་ལས་མ་གྲོལ་པའི་ཕྱིར་རོ། །དུས་ཀུན་ལ་མི་ཤེས་པའི་དོན་བསྟན་པ། མ་འོངས་པ་དང། འདས་པ་དང།
ད་ལྟར་བྱུང་བའི་དུས་གསུམ་ལ་ཞེས་པ་སྟེ་གོ་སླའོ། །བྱོལ་སོང་ཞེས་པ་ནི་ལྷ་དང་མིའི་འགྲོ་བ་ལས་བྱོལ་ནས་སོང་བ་ངན་སོང་གསུམ་མོ། །དེའི་མི་དགེ་བའི་ལས་ནི་བྱོལ་སོང་བག་ཆགས་ཞེས་སོ། །དེ་ལས་སྐྱེ་བ་ལས་བྱུང་བའི་དུད་འགྲོ་ཡི
དགས་སྐྱེ་བ་རྣམས་ཞེས་པ་སྟེ། དེ་ལ་དུད་འགྲོ་ཞེས་པ་ནི་ལྷ་དང། མིའི་འགྲོ་བ་པ་མ་གཏོགས་པར་ཕྱུགས་ཀྱི་ཁམས་སུ་གཏོགས་པ་ཡིན་པ་དེ་དུད་འགྲོ་བས་ན་དུད་འགྲོ་ཞེས་པ་སྟེ། དེ་ནི་མི་འམ་།ཅི་ལ་སོགས་པའོ། །འོན་ཏང་ཕྱུགས་ལ་
སོགས་པ་ཡང་དོན་གྱིས་ཤེས་པར་བྱའོ། །ཡི་དགས་ཤེས་པ་ནི་འདི་ལས་ཡེ་ནས་ཕྱིར་མི་ལྡོག་པར་འདས་པའོ། །ཡང་ན་བཀྲེས་པ་དང་བསྐོམ་པས་སྡུག་བསྔལ་བའོ། །འགྲོ་བ་དེ་གཉིས་ལས་ལྷུང་བ་ནི་དུད་འགྲོ་ཡི
དགས་སྐྱེ་བ་རྣམས་ཞེས་པའོ། །དེ་ཀུན་གྱིས་ཀྱང་མི་ཤེས་ཏེ་ཞེས་པ་ནི་ངན་སོང་གསུམ་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པའི་ཕྱིར་རོ། །མི་ཤེས་པ་གང་ཞེ་ན། གསུངས་པ། སངས་རྒྱས་སྤྱོད་ཡུལ་གསང་ཆེན་ནི་ཞེས་པ་ནི་ཡིག་འབྲུ
ནི་བཅོམ་ཟིན་ཏོ། །དེ་ལྟར་ཆོས་ཉིད་ཀྱི་ཆེ་བའི་ཡོན་ཏན་བསྟན་ནས། ད་ནི་དོན་བསྟན་པ་ལ། རེ་ཞིག་དང་ལ་ཆོས་ཀྱི་དབྱིངས་རྣམ་པར་འཕྲོ་བ་ནི། །གང་ལས་སྐྱེ་བར་གྱུར་པ་ལགས་ཞེས་པའི་ལན་གསུངས་པ། སྙིང་པོ་ཤིན་ཏུ་སྙིང་པོ
མཆོག་ཅེས་པ་ལ་སོགས་པ་སྟེ། དེ་ལ་སྙིང་པོ་ཞེས་ནི་ཕྱིའི་དཀྱིལ་འཁོར་ཏེ། གཡོ་བ་མེད་པའི་ཕྱིར་དང། འདོད་པའི་འབྲས་བུ་སྨིན་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་འཇིག་རྟེན་སྣང་བ་ལས་ཀྱང་གསུངས་པ། སྙིང་པོ་འདུས་ཕྱིར་དཀྱིལ
འཁོར་གསུངས་ཞེས་པ་སྟེ། དཀྱིལ་འཁོར་དེ་ལས་ཁྱད་པར་དུ་གྱུར་པ་ནི་སྙིང་པོ་ནི་ཤིན་ཏུ་སྙིང་པོ་མཆོག་ཅེས་པ་སྟེ། འོག་ནས་འབྱུང་བའི་ལུས་ཀྱི་དཀྱིལ་འཁོར་ཕྲ་མོའི་ཏིང་ངེ་འཛིན་ཏེ། དཀྱིལ་འཁོར་ཤིན་ཏུ་ཟབ་པའི་ཕྱིར་རོ། །དེ་མྱ་ངན
ལས་འདས་པའི་ངོ་བོར་གྱུར་པའི་ཕྱིར་མཆོག་ཅེས་སོ། །ཡང་ན་སྙིང་པོ་ནི་ཤིན་ཏུ་སྙིང་པོ་ཞེས་པ་ནི་སྐུ་གཟུང་ཐུགས་ཏེ། ཁམས་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྐུ་གསུང་ཐུགས་དེའི་རང་བཞིན་དུ་གྱུར་པ་ནི་ཤིན་ཏུ་སྙིང་པོ་ཞེས་པ་སྟེ། རྡོ་རྗེ
སེམས་དཔའ་ཨི་ངོ་བོ་བདེ་བ་ཆེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སོ། །དེ་ཡང་ཅི་འདྲ་ཞེ་ན། གང་དེ་ཀུན་བདག་ལ་གནས་པ་ཞེས་པ་སྟེ། བཅུ་དང་སྣོད་ཀྱི་རང་བཞིན་དུ་ཁྱབ་པའོ། །སངས་རྒྱས་ཀུན་གྱི་གསང་?་ནི། །
ལྷ་མོ་ཁྱོད་ལ་བཤད་པར་བྱ་ཞེས་པ་ནི་བཤད་ཟིན་ཏོ། །ཕྲ་མོའི་ཏིང་ངེ་འཛིན་བསྟན་པ། བྱང་ཆུབ་སེམས་ཞེས་པ་ལ་སོགས་པ་སྟེ། དེ་ལ་བྱང་ཆུབ་སེམས་ཞེས་པ་ནི་བཤད་ཟིན་ཏོ། །དེ་ཉིད་བདག་ཅེས་པ་སྟེ། གཟུང་བ་དང་འཛིན་པའི་སྐྱོན་གྱིས
མ་གོས་པའི་ཕྱིར་རོ། །དེ་ལྟར་སེམས་ཙམ་ལས་གསུངས་པ། གཞན་གྱི་བློ་ཡིས་ཚོར་བ་མིན། །དེས་ཀྱང་གཞན་ལ་ཚོར་བ་མིན། །གཟུགས་འཛིན་དང་ནི་བྲལ་བའི་ཕྱིར། །རང་དེ་ཁོ་ནར་སྣང་བར་འགྱུར་ཞེས་པའོ། །དེ་བས་ན་རང་བཞིན་འོད་གསལ
བ་ཞེས་པ་སྟེ། ནམ་མཁའ་བཞིན་དུ་ཉོན་མོངས་པའི་དྲི་མ་གློ་བུར་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རབ་ཏུ་བྱེད་པ་དབུས་མཛའ་ལས་གསུངས་པ། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །ངག་པ་བཞིན་དུ་དག་པར་འདོད་ཅེས་སོ། །ཕྲ་མོའི
ཏིང་ངེ་འཛིན་དེའི་མདོག་བསྟན་པ། ཟླ་བའི་ཤེལ་དང་མཉམ་པའི་འོད་ཅེས་པ་སྟེ། ཆུ་ཤེལ་གྱི་མདོག་དང་འདྲ་བ་དཀར་བའོ། །ཕྲ་མོའི་ཏིང་ངེ་འཛིན་གྱི་དངོས་བསྟན་པ། དེ་ཉིད་ཡེ་ཤེས་ལྔའི་དངོས་ཞེས་པ་སྟེ། དེ་ལ་དེ་ཉིད་ཅེས་པ་ནི
བསྐལ་པ་གཞན་དང་གཞན་དུ་ཡང་མི་འགྱུར་བའི་ཕྱིར་རོ། །ཡང་དེ་ཉིད་ཅེས་པ་ནི་རིགས་ལྔའི་རང་བཞིན་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་བའི་རྒྱུད་ཕྱི་མ་ལས་གསུངས་པ། དེ་ཁོ་ན་ཉིད་རིགས་ལྔར་གསུངས་ཞེས་སོ། །ཡེ་ཤེས
ལྔ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང། བྱ་བ་ནན་ཏན་གྱི་ཡེ་ཤེས་དང། ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས་ཡེ་ཤེས་སོ། །དེ་ལ་མེ་ལོང་ལྟ་བུའི་ཡེ
ཤེས་ནི། ཀུན་གཞི་གནས་གྱུར་པ། དེ་བཞིན་ཉིད། སྟོབས་བཅུའི་ངོ་བོ་རྡོ་རྗེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཤེས་བྱའི་སྒྲིབ་པ་བསལ་བར་བྱེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དཔེར་ན་མེ་ལོང་ལ་བསྙེན་པའི་རྫས་གསལ་བ་བཞིན་དུ།
ཆོས་ཉིད་ལ་ཆོས་ཐམས་ཅད་གསལ་བར་རྟོགས་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཉོན་མོངས་པའི་ཡིད་གནས་གྱུར་པ་ཡང་དག་པའི་མཛའ་དང་མི་འཇིགས་པ་བཞིའི་ངོ་བོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང
བཞིན་ཉོན་མོངས་པའི་སྒྲིབ་གསལ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། བདག་དང་གཞན་དུ་མི་འབྱེད་པའི་ཕྱིར་རོ། །སོ་སོ་ཀུན་ཏུ་རྟོགས་པའི་ཡེ་ཤེས་ནི་རྣམ་པར་རྟོགས་པའི་རྣམ་པར་ཤེས་པ་གནས་གྱུར་པ་མཚན་མ་མེད་པ་དང། སྐད་དག
པ་རིག་པ་བཞིའི་ངོ་བོར་གྱུར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལས་ཀྱི་སྒྲིབ་པ་གསལ་བ་ནི་སོ་སོ་ཀུན་ཏུ་རྟོགས་པའི་ཡེ་ཤེས་ཏེ། དག་པ་འཇིག་རྟེན་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །བྱ་བ་ནན་ཏན་ཀྱི་ཡེ་ཤེས་ནི། སྒོ་ལྔའི་རྣམས
པར་ཤེས་པ་གནས་གྱུར་པ་དོན་དམ་པ་དང་སྙིང་རྗེ་ཆེན་པོའི་ངོ་བོར་གྱུར་པ། མི་དམིགས་པའི་སྙིང་རྗེ་ཆེན་པོའི་རང་བཞིན་སྐྱེ་བའི་སྒྲིབ་པ་གསལ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སེམས་ཅན་ཀུན་གྱི་དོན་བྱེད་པའི་ཕྱིར་རོ། །དེ་བཞིན་བར་ཆད
མེད་པའི་ལམ་ལ་ཟད་པའི་ཡེ་ཤེས་ངོས་འཛིན་པར་བྱའོ། །ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། ཆོས་ཀྱི་དབྱིངས་དང་སྟོབས་ལ་སོགས་པ་གོང་གི་ཆོས་བཞིའི་ངོ་བོར་རྣམ་པར་གྲོལ་བའི་ལམ་དུ་མི་སྐྱེ་བའི་རང་བཞིན
ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྔའི་ངོ་བོར་གྱུར་པ་ནི་ཡེ་ཤེས་ལྔའི་དངོས་ཞེས་པ་སྟེ། ཡེ་ཤེས་ལྔ་དང་ཕྲ་མོ་དབྱེར་མེད་པའི་ཕྱིར་རོ། །ཕྲ་མོའི་ཚང་གསུངས་པ། ཡུངས
ཀར་ཆེ་བའི་ཚད་ཙམ་མོ་ཞེས་ཏེ་གོ་སླའོ། །དེའི་དབུས་སུ་ཞེས་པ་ནི། ཡུངས་ཀར་གྱི་དཀྱིལ་ལོ། །དེ་ལ་བཀོད་པའི་ཡི་གེ་ཀྵཱུཾ་ནི་བཞུགས་པའི་ལྷ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཅི་འདྲ་ཞེ་ན། མི་གསལ་གསལ་བའི
གཟུགས་ཅན་ཏེ་ཞེས་པ་སྟེ། དེ་ལ་མི་གསལ་ཞེས་པ་ནི་འཁོར་བའི་དུས་སུ་རང་རིག་པའི་ཡེ་ཤེས་ནི་བུ་མོའི་བདེ་བ་བཞིན་དུ་གཞན་ལ་བསྟན་དུ་མེད་པའི་ཕྱིར་རོ། །གསལ་བ་ཞེས་པ་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་དུས་སུ་ནི།།
མངོན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་སུམ་ཅུ་པ་ལས་གསུངས་པ། དགྲ་བཅོམ་ཉིད་ལ་དེ་འགྱུར་ཏེ། །དེ་ལ་བརྟེན་ནས་གནས་པའོ། །ཞེས་སོ། །དེ་འདྲ་བའི་ངོ་བོ་ནི་མི་གསལ་བའི་གཟུགས་ཅན་ཏེ་ཞེས་པའོ། །བྱེད་ཚད་ཙམ?་གྱི་ཕྲ་མོའི་མཆོག
ཅེས་པ་ནི་ཡུངས་ཀར་གྱི་ཕྱེད་ཕྲ་བ་ཡིག་འབྲུའི་མཆོག་གི་ཚད་དོ། །དོན་ནི་འདི་ལྟར་བསྒོམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་ཐིམ་ནས། ལྷག་པའི་བྱང་ཆུབ་སེམས་སུ་གྱུར་ནས། གསང་བའི་རྡོ་རྗེ་ལམ་ནས་ཕྱུང་སྟེ།
རང་གི་རིག་མའི་གསང་བའི་པདྨའི་སྣའི་རྩེ་མོ་ལ་རྡོ་རྗེར་གྱུར་པ་བསྒོམས་ཏེ། རྡོ་རྗེ་དེའི་དཀྱིལ་དུ་ཡུངས་ཀར་གྱི་ཚད་ཕྲ་མོ་ལ་ཡི་གེ་ཀྵཱུཾ་བསྒོམ་པའོ། །དེ་མཚན་མ་ལྔ་འབྱུང་བའི་བར་དུ་བསྒོམ་པ་སྟེ། མཚན་མ་ལྔ་བྱུང་མ་ཐག་འཕྲོ་བ་བསྒོམ་པའོ།།
མཚན་མ་ལྔ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། དང་པོ་སྨིག་རྒྱུ་འདྲ་བ་དང། །གཉིས་པ་ལ་ནི་དུ་བའི་ཚུལ། །གསུམ་པ་སྲིན་པོ་མི་ཁྱེར་འདྲ། །བཞི་པ་མར་མེ་བཞིན་དུ་འབར། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་པ་ཡི
ནམ་མཁའ་བཞིན་ཞེས་སོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ལས་གསུངས་པ། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོ་ནན་ཏན་དུ། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་རེད
ནས་སྤྲོ། །བརྟན་པར་མ་གྱུར་ཡོད་མི་སྤྲོ་ཞེས་སོ། །དེ་ལྟར་ཕྲ་མོའི་ཏིང་ངེ་འཛིན་བརྟན་ནས། ཐིག་ལེའི་ཏིང་ངེ་འཛིན་བསྒོམ་པ་བསྟན་པ། ཡིད་ཀི་དངོས་པོ་ཐིག་ལེའི་གཟུགས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡིད་ཅེས་པ་ནི་རྣམ་པར་རྟོགས
པའི་ངོ་བོའོ། །དེ་ལྟར་ལངཀར་གཤེགས་པའི་མདོ་ལས་གསུངས་པ། ལས་ནི་སེམས་ཀྱིས་སྡུད་པར་བྱེད། །ཡིད་ཀྱིས་ཀྱང་ནི་རྣམ་པར་བརྟགས། །རྣམ་ཤེས་ཀྱིས་ནི་ཤེས་བྱ་སྟེ། །ལྔ་དག་གིས་ནི་མཐོང་བར
བརྟགས་ཞེས་སོ། །དེའི་ངོ་བོར་གྱུར་པའི་ཐིག་ལ་ནི་ཡིད་ཀྱི་དངོས་ཤེས་ཏེ། ཡིད་དང་ཐིག་ལེ་དབྱེར་མེད་པའི་ཕྱིར་རོ། །དོན་དེ་ཁོ་ན་སྟོན་པ་ཐིག་ལེའི་གཟུགས་ཞེས་པ་སྟེ། སྲན་མའི་འབྲུ་ཚད་ཙམ་གྱི་ཐིག་ལེའོ། །དེ་ལྟར་ཡང་གསང
བ་འདུས་པའི་བསྒྲུབ་ཐབས་ཟླ་བ་ལས་གསུངས་པ། འབྲུ་ཙན་ཀའི་ཐིག་ལེའི་འབྲས་བུ་ཞེས་སོ། །དེའི་གནས་བསྟན་པ། རྟག་ཏུ་སྙིང་གི་དབུས་གནས་པ་ཞེས་ཏེ། དེ་ལ་རྟག་ཏུ་ཞེས་པ་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་དང།
དུས་གསུམ་མོ། །སྙིང་ཞེས་པ་ནི་ལུས་ཀྱི་ཡན་ལག་སྒོ་ལྔ་ལྟ་བུ་ལ་བྱ་སྟེ། འདིར་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ནི་མ་ཡིན་ནོ། །དབུས་གནས་པ་ཞེས་པ་ནི་ཐིག་ལེ་རང་གི་སྙིང་གི་དཀྱིལ་དུ་བསྒོམ་པའོ། །འོད་ཟེར་ཆེན་པོ་འབར
བ་ཅན་ཞེས་པ་ནི་ཐིག་ལེ་དེ་ཀུན་ཏུ་འོད་ཟེར་དེ་སྣང་བར་བྱེད་པའོ། །དོན་ནི་འདི་ལྟར་བསྒོམ་སྟེ། རྣལ་འབྱོར་པ་རང་གི་སྙིང་གའི་དཀྱིལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ཏེ། བྱང་ཆུབ་སེམས་ཀྱི་འོད་དུ་གྱུར་ནས། འབྲུ་ཙ་ན་ཀའི
ཚད་ཡིད་དང་དབྱེར་མེད་པའི་ཐིག་ལེ་བསྒོམས་ནས་དེའི་དཀྱིལ་དུ་ཡི་གེ་ཀྵཱུཾ་གོང་མ་བཞིན་དུ་བསྒོམས་ཏེ། དེ་ལས་བྱུང་བའི་འོད་ཀྱིས་ཐིག་ལེ་གསལ་བར་བྱས་ཏེ། དེ་ལས་བྱུང་བས་རང་གི་སྙིང་ག་གསལ་བར་བྱེད། སྙིང་ག་ནས་བྱུང
བས་རང་གི་ལུས་ཀུན་གསལ་བར་བྱེད། ལུས་ཀྱི་བ་སྡུ་ནས་བྱུང་སྟེ། འཇིག་རྟེན་ཐམས་ཅད་གསལ་བར་བྱས་ཏེ། ཕྱིར་ལོག་པ་རིམ་པ་བཞིན་དུ་ཐིམ་ནས་ཡིག་འབྲུ་དང་གཅིག་ཏུ་གྱུར་པ་བསྒོམ་མ། །དེ་ནི་བསྒོམ་བའི་མན་ངག
གོ་། ཡང་ལྷག་པའི་བྱང་ཆུབ་སེམས་ཚེས་གྲངས་ཀྱི་རིམ་པས་གནས་པའི་གནས་བསྟན་པ། ཇི་སྙེད་དགུག་པའི་བར་དུ་ནི་ཞེས་ཏེ། ནུ་མ་དང། ལག་བའི་རྩེ་མོ་དང། མགྲིན་པ་དང། མཆུ་དང། འགྲམ་པ་དང། མིག་དང། རྣ་བའི་རྩ་བ་དང།
སྤྱི་བོ་དང། གསང་བཱི་ཡན་ལག་མཆོག་རྣམས་དགུའོ། །དེ་རྣམས་ལ་ཡང་ངོ་ལ་ནི་མར་བརྩི་སྟེ་མར་པོ་ལ་ནི་ཡང་བརྩི་བར་བྱའོ། །དེ་ལྟར་འདོད་པའི་གཙུག་ལག་བརྒྱད་བརྒྱད་ལ་གསུངས་པ། ནུ་མ་ལག་རྩེ་མགྲིན་པ་དང། །མ་མཆུ་དེ་བཞིན
འབྲམ་པ་མིག་། སྣ་རྩ་སྤྱི་བོ་ཡན་ལག་མཆོག་།དེ་དག་ཀུན་ལ་གདུད་བྱེད་པས། །ནམ་ཟླ་ཡར་ཆོས་མར་ཡར་ནི། །ཟླ་བ་མར་ཚེས་ལོག་པར་བཤད་ཅེས་སོ། །ཡང་ལྷག་པའི་བྱང་ཆུབ་སེམས་ཀྱི་གནས་བཅོ་ལྔ་ལ། སྒྲ་ཡིག་བཅུ་དྲུག་དུ
བསྒོམ་པའི་བསྟན་པ། དཔྲལ་བ་ལ་གནས་རྐང་མཐིལ་བར་ཤེས་པ་སྟེ། མཐེ་བོང་རྩ་ལ་ཡི་གེ་ཨ། །རྗེ་དར་ལ་ཨཱ་དང། བརླ་གཉིས་ལ་ཨཻ་དང། གསང་བ་ལ་ཨའི་དང། ལྟེ་བ་ལ་ཨཽ་དང། གསུས་པ་ལ་ཨའུ་དང། ནུ་མ་ལ་རི་དང། ལག
པ་ལ་རཱི་དང། མགྲིན་པ་ལ་ལི་དང། མ་མཆུ་ལ་ལཱི་དང། འགྲམ་པ་ལ་ཨེ་དང། མིག་གཉིས་ལ་ཨཻ་དང། རྣ་བའི་རྩ་ལ་ཨོ་དང། སྤྱི་བོར་ཨཽ་དང། ལུས་ཀུན་ལ་ཨཾ་ཨལག་བརྒྱད་བརྒྱད་ལས་གསུངས་པ། མཐེ་བོ་རྩེར་ནི་ཡི་གེ་ཨ། །རྗེ་དར་གཉིས་ལ་དེ་བཞིན་ཨཱ། བརླ་གཉིས་ལ་ནི་ཡི་གེ་ཨཻ། ཡི་གེ་ཨའི་ནི་གསང་བ་རྟེན། ལྟེ་བའི་རྩ་ལ་ཡི་གེ་ཨཽ། །དེ་བཞིན་གསུས་པར་ཡི་གེ་ཨའུ། །ནུ་མའི་རྩེ
ལ་ཡི་གེ་རི། །ཡི་གེ་རཱི?་ནི་ལག་པར་གནས། །མགྲིན་པ་ཁོ་ནར་ཡི་གེ་ལི། དེ་བཞིན་མ་མཆུར་ཡི་གེ་ལཱི། །འགྲམ་པའི་ཕྱོགས་སུ་ཡི་གེ་ཨེ། །དེ་བཞིན་ཨཻ་ནི་མིག་གཉིས་ལ། །རྣ་བའི་རྩ་ར་ནི་ཡི་གེ་ཨོ། །ཡི་གེ་ཨཽ་ནི་སྤྱི་བོར་གནས།
་ཾ་ཨལ་དང་ལ་འདུས་པའི་དོན་ཏོ། །ལྟེ་བའི་དབུས་སུ་རྣམ་པར་གནས་ཅེས་པ་ནི་སྙིང་གི་པདྨ་ལས་བབས་ཏེ། ལྟེ་བའི་པདྨར་གནས་པའོ། །དེ་ལྟར་དྷོས་ཀྱི་དབྱིངས་སྐྱེ་བའི་ཁུངས་བསྙན་ནས། དང་པོ་ཇི་ལྟར་འོང་བ་ཡིན་ཞེས་པའི
ལན་གསུངས་པ་ལ། རེ་ཞིག་གོང་དུ་བསྒོམས་པའི་ཡི་གེ་སྭས་བསྟན་པ། ཆ་ཤས་ལྔ་བ་ཅན་ཡིན་ཏེ་ཞེས་པ་སྟེ། ཡི་གེ་ཀྵཱུཾ་ཡན་ལག་ལྔ་དང་ལྡན་པའི་ཕྱིར་རོ། །འདི་ལྟ་སྟེ། ཐིག་ལེ་དང། ཟླ་ཆོས་དང། ཀ་དང། ཥ་དང།
ཞབས་སྐྱེད་རིང་པོ་ཨཽ་རྣམས་ལྔའོ། །དོན་དེ་བསྟན་པ་བཅུ་གཉིས་ཀྱི་ནི་ཐམ་ལ་ཞེས་པ་སྟེ། མ་ནིང་གི་ཡི་གེ་རི་རཱི་དང། ལི་ལཱི་བཞག་པའི་སྒྲ་ཡིག་ཨ་ཨཱ་ལ་སོགས་པའི་བཅུ་གཉིས་ཀྱི་ཐ་མ་ནི་ཀའོ། །ཆ་ཤས་དྲུག་པས
མཚན་པས་ཉིད་ཅེས་པ་ནི་ཡ་ལ་སོགས་པ་དྲུག་པས་མཚན་པ་སྟེ། ཡི་གེ་ཥའོ། །ད་རོ་ཞེས་པ་ནི་ཞབས་བསྐྱེད་ཨཽའོ། །ཐིག་ལེ་རྒྱན་བྱེད་པ་ཞེས་པ་ནི་སྟེང་གི་ཟླ་ཚེས་དང་ཐིག་ལེའོ། །རྡོ་རྗེ་ཁོ་ནས་ཕྱུང་ནས་སུ་ཞེས་པ་ནི་གསང་བའི
རྡོ་རྗེ་ལམ་ནས་ལྷག་པའི་བྱང་ཆུབ་སེམས་ཡི་གེ་ཀྵཱུཾ་གི་ངོ་བོ་འཕྲོ་བ་བསྒོམ་པའོ། །ད་ནི་དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས་ཞེས་པའི་ལན་གསུངས་པ། ས་བོན་སྐྱེ་གནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ས་བོན་ཞེས་པ་ནི་ཡི་གེ་ཀྵཱུཾ་སྟེ།
ཁམས་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །སྐྱེ་གནས་དབུས་བཞག་སྟེ། ཞེས་པ་གསང་བའི་པདྨའི་ནང་དུ་ཕབ་པའོ། །ཆོས་ཀྱི་དབྱིངས་ནི་བཞུ་བར་བྱེད་ཅེས་པ་ནི་ཡི་གེ་ཀྵཱུཾ་ཆོས་ཐམས་ཅད་ཀྱི་རྒྱུ་ལྷག་པའི་བྱང་ཆུབ་ཀྱི་སེམས
ཀྱི་ངོ་བོའི་ཆུའི་ཁམས་སུ་གྱུར་པའོ། །ད་ནི་ཡན་ལག་མེད་པ་གང་དེ་ནི་ཞེས་པ་ནས་ཁམས་རྣམས་སུ་ནི་འཇུག་པ་འང་ཞེས་པའི་བར་གྱི་ལན་གསུངས་པ། དེ་ནི་རིམ་པར་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནི་ཞེས་པ་ནི་ཡན་ལག་མེད་པའི་ཆོས་ཀྱི
དབྱིངས་སོ། །རིམ་པར་བསྐྱེད་བྱས་ནས་ཞེས་པ་ནི་མེར་མེར་པོ་དང། ནུར་ནུར་བོ་དང། ལྟར་ལྟར་པོ་དང། མཁྲད་འགྱུར་དང། རྐང་ལག་འདུས་པ་མངལ་གྱི་རིམ་པ་ལྡས་མིང་དང་གཟུགས་སུ་གྱུར་པའོ། །དོན་དེ་གསུངས་པ་སྒོ་དགུ་ལ་ནི་ཀུན
ཏུ་འགྲོ་ཞེས་པ་སྟེ། སྤྱི་བོ་ཚངས་པའི་བུ་ག་དང། མིག་དང། རྣ་བ་དང། སྣ་དང། ཁ་དང་སྙིང་ག་དང། ལྟེ་བ་དང། གསང་བ་དང། ཆུ་མིང་གི་བུ་ག་རྣམས་དགུའོ། །དེ་རྣམས་ལ་བྱང་ཆུབ་ཀྱི་སེམས་ཁྱབ་པར་གྱུར་ཏོ་ཞེས་པའི་ཐ་ཚིག་གོ་།དེ་ལས
ཀྱང་འགྲོ་བའི་དོན་གསུངས་པ། ཁྱབ་ཅིང་ཁྱབ་ནས་འགྲོ་ཀུན་ལ། །མི་གཡོ་ལ་སོགས་གཡོ་དང་བཅས་ཞེས་ཏེ། གོ་རིམ་དུ་འགྲོ་བ་ཀུན་ལ་ནི་ཁྱབ་ཅིང་མི་གཡོ་བ་ལ་སོགས་པ་ནི་ཁྱབ་ལ་གནས་པར་གྱུར་ཏོ། །ཞེས་པའི་ཐ་ཚིག་གོ་།དེ་ལ་འགྲོ་ཀུན
ཞེས་པ་ནི་དུས་གསུམ་དང་ཁམས་གསུམ་གྱི་བཅུད་ཀྱི་འཇིག་རྟེན་འགྲོ་བ་རིས་ལྔ་སྟེ། འདི་ནས་གཞན་དང་གཞན་དུ་བསྐྱེད་པའི་ཕྱིར་རོ། །མི་གཡོ་ཞེས་པ་ནི་རི་རབ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ནོ། །སོགས་པའི་སྒྲས་ནི་གཞལ་ཡས་ཁང་ལ
སོགས་པའོ། །གཡོ་དང་བཅས་ཤེས་པ་ནི་བར་སྣང་ལ་ལྡིང་བའི་གཞལ་ཡས་ཁང་ངོ། །དོན་དེ་ཁོ་ན་གསལ་བར་བྱེད་པས་གསུངས་པ། ཚངས་སོགས་ལྷ་དང་ལྷ་མིན་གྱི། །བཞི་ནི་དེ་ལས་གྱུར་པའོ་ཞེས་ཏེ། དེ་ལ་ཚངས་པ་ཞེས་པ་ནི་འདོད་པའི
ཉོན་མོངས་པ་ཞི་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་མུ་སྟེགས་པའི་གཞུང་གིས། །ཚངས་པ་ཞེས་པ་ནི་བདེན་པ་དང། དཀའ་ཐུབ་དང། དབང་པོ་དུལ་བ་ལ་འདོད་དོ། །བྱ་ཀ་ར་ཎའི་སྒྲ་ལས་ནི་ཚངས་པ་ཞེས་པ་ནི་ས་འོག་མའི་ཚེ་དང་བྱང་གཟུགས་
དང་ལོངས་སྤྱོད་ལ་སོགས་པ་འཕེལ་བར་བྱེད་པ་ལ་འདོད་དོ། །སོགས་ཞེས་པའི་སྒྲས་ནི་ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་དང། བརྒྱ་བྱིན་དང། ཉི་མ་དང། ཟླ་བ་ལ་སོགས་པའོ། །ཡང་ན་སོགས་པའི་སྒྲས་ནི་རྒྱལ་ཆེན
རིགས་བཞི་ནས་འོག་མིན་གྱི་ལྷ་རིས་གཟུང་པར་བྱའོ། །ཚངས་པ་ལ་སོགས་པ་ཡང་དེ་ལྷ་ཡང་དེ་བས་ཚངས་སོགས་ལྷ་ཞེས་པ་སྟེ། རང་གི་འོད་ལ་ལོངས་སྤྱོད་པའི་ཕྱིར་རོ། །ལྷ་མིན་ཞེས་?་ནི་ལྷའི་རིས་ལས་སྣང?་ཕ་རི་རབ་ཀྱི་ཁོང་པ་དང་བར་སྣང་ལ
གནས་པ་གཟའ་རཱ་ཧུ་ལ་ལས་སོགས་པ་སྟེ། རིན་པོ་ཆེའི་འོད་དེ་ལ་ལོངས་སྤྱོད་པའི་ཕྱིར་རོ། །ལྷ་དང་ལྷ་མིན་དེ་དག་ཆོས་ཀྱི་དབྱིངས་དེ་ཁོ་ན་ལས་སྐྱེས་པས་ན་གཞི་ནི་དེ་ལས་གྱུར་པའོ་ཞེས་ས། །གང་ལས་གཙོ་བོ་སྐྱེད་བྱེད་པ་ཞེས་པ་ནི་གཟུགས་དང
གཟུགས་མེད་པ་གང་དུ་ཡང་ཆོས་ཀྱི་དབྱིངས་ལས་འཕྲོ་བ་ཡིན་ནོ་ཞེས་པའི་ཐ་ཚིག་སྟེ། ཆོས་ཐམས་ཅད་ཀྱི་ས་བོན་གཙོར་གྱུར་པའི་ཕྱིར་རོ། །ས་དང་ནམ་མཁའ་ཨི་ངོ་བོ་ཡང་ཆོས་ཀྱི་དབྱིངས་ཡིན་བ་བསྟན་པས་དང་ནམ་མཁའ་ཞེས་པ་ནི་དེ་ཞེས་གསུངས་ཞེས་པ་སྟེ
དེ་ལས་ཞེས་པ་ནི་དབྱིབས་དང། ཁ་དོག་ལ་མཚོན་པའོ། །དེ་ཡང་ས་འོག་ས་བླ་ས་སྟེང་གསུམ་སྟེ། དེ་ལས་འོག་ནི་འཛམ་བུ་གླིང་མན་ཆད་དམྱལ་བ་ཡན་ཆད་དོ། །ས་བླ་ནི་ཉི་མས་གར་ཁྱབ་པའོ། །ས་སྟེང་ནི་རི་རབ་ཀྱི་རྩེ་མོའོ། །ནམ་མཁའ་
ཞེས་པ་ནི་མི་སྒྲིབ་པ་གོ་འབྱེད་པའོ། །དེ་ཞེས་གསུངས་ཞེས་པ་ནི་ཆོས་ཀྱི་དབྱིངས་ལས་འཕྲོ་ཞེས་པའི་ཐ་ཚིག་གོ་།མ་རིག་བག་ཆགས་ཞེས་པ་ནས། ཇི་ལྟར་དངོས་སུ་འདུས་པ་ལགས་ཞེས་པའི་བར་གྱི་ཚིག་གི་ལན་གསུངས་པ། ཇི་སྙེད་ལུས་ལ
གནས་པའི་བར་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཇི་སྙེད་ཅེས་པ་ནི་ལུས་ཀྱི་ཚད་མཚོན་པའོ། །ལུས་ཞེས་པ་ནི་གཟུགས་ཀྱི་ཕུང་པོའོ། །གནས་པའི་ཞེས་པ་ནི་མིང་བཞིའི་ཕུང་པོར་གྱུར་པའོ། །བར་ཞེས་པ་ནི་དུས་ཀྱི་ཚད་དོ། །དེ་ཡིས་ཞེས་པ་ནི་ཆོས
ཀྱི་དབྱིངས་ལ་གཟུང་ངོ། །ལས་དང་ཞེས་པ་ནི་ལུས་ངག་ཡིད་ཀྱི་དགེ་བའི་ལས་ཏེ། འཇིག་རྟེན་དུ་བསྔགས་པའི་ཕྱིར་རོ། །ལས་མིན་ཞེས་པ་ནི་ལུས་ངག་ཡིད་ཀྱི་ལས་མི་དགེ་བ་ཁོ་ན་སྟེ། འཇིག་རྟེན་པས་སྨད་པའི་ཕྱིར་རོ། །དེ་གཉིས་ལ་འཇུག་པས་ན། བྱེད་པའོ
དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ་ལས་གསུངས་པ། སྐྱེ་བའི་དགེ་བ་འབའ་ཞིག་མེད་ཅེས་བའོ། །དོན་ནི་འདི་ལྟ་སྟེ། ཇི་སྙེད་ཆོས་ཀྱི་དབྱིངས་ལུས་ལ་གནས་པ་དེ་སྙེད་ཀྱི་བར་དགེ་བའི་ལས་སྣ་ཚོགས་པ་བྱེད་པར་འགྱུར་རོ་ཞེས་པའི
ཐ་ཚིག་གོ་། དེ་སྙེད་ཀྱི་སྒྲ་མེད་ན་ཡང་དོན་གྱིས་འབྲེལ་པར་ཤེས་པར་བྱ་སྟེ། །གང་དང་དེ་ནི་རྟག་ཏུ་ཞེས་འབྲེལ་ཞེས་སྒྲ་ལས་གསུངས་པའི་ཕྱིར་རོ། །དོན་དེ་ཁོ་ན་གསལ་བར་མཛད་པ། བཅོམ་ལྡན་འདས་ཉིད་ཀྱིས་ཡང་གསུངས་པ། དགེ་དང་མི་དགེ
བསམ་པ་ཀུན། །བྱ་བའི་ལས་ཀུན་བྱེད་པ་ཡིན་ཞེས་པ་སྟེ། དེ་ལ་དགེ་དང་ཞེས་པ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་མེད་པ། ལུས་ངག་གི་ལས་སྲོག་གཅོད་པ་ལ་སོགས་པ་མེད་པ་ལུས་ངག་གི་ལས་བཅུ་ནི་འཇིག་རྟེན་པའི་དམད་པ་ལས་འདས
པའི་ཕྱིར་རོ། །ཡང་ན་དགེ་དང་ཞེས་པ་ནི་རྩ་ཀུ་ཤ་བཞིན་དུ་རྣོ་བའི་ཤེས་རབ་བསྟེན་པར་བྱེད་པའི་ཕྱིར་རོ། །མི་དགེ་ཞེས་པ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང་ལྡན་བའི་ལུས་ངག་ཡིད་ཀྱི་ལས་སྲོག་གཅོད་པ་ལ་སོགས་པ་ལུས་ངག་གི་ལས་ཏེ།
འཇིག་རྟེན་གྱིས་དམར་པ་ལ་འཇུག་པའི་ཕྱིར་རོ། །ཡང་མི་དགེ་ཞེས་པ་ནི་མ་རིག་པའི་སྦྱིན་པའི་ཕྱིར་རོ། །དེ་གཉིས་ལ་རྣམ་པར་རྟོག་པ་ནི། བསམ་པ་ཡང་ཞེས་པ་སྟེ། སེམས་ཀྱི་ལས་གཙོར་གྱུར་པའི་ཕྱིར་རོ། །དེ་ལྟར་ཆོས་མངོན་པ་མཛོད་ལས་གསུངས་པ་བསམ་པ་ཡིད་ཀྱི་ལས་ཡིན་ཏེ། །དེ་སྐྱེད་ངག་དང་ལུས་གྱི་ལས་ཞེས་སོ། །དེ་ལྟར་དགེ་བ་དང་མི་དགེ་བའི་ལས་བྱེད་པས་ན། བྱ་བའི་ལས་ཀུན་ཞེས་པ་སྟེ། དེ་ལ་ཀུན་ཞེས་པའི་སྒྲས་ནི་ལུང་དུ་མ་བསྟན་པའི་ལས་ལ་ཤེས་པར་བྱའོ། །
དེ་བས་ན་ཅན?་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་ཆོས་དང། དགེ་བ་དང་མི་དགེ་བའི་ཆོས་ཀུན་ཆོས་ཀྱི་དབྱིངས་ལས་འཕྲོས་པ་ཡིན་པར་ཤེས་པར་བྱའོ། །དངོས་པོ་མེད་ལ་ཤེས་པ་ནས། །དམིགས་པ་དང་བཅས་ཇི་ལྟར
ལགས། །ཞེས་པའི་བར་གྱི་ཚིག་གི་ལན་གསུངས་པ། སྦྱོར་བ་རྟག་ཏུ་དེ་གསུངས་ཏེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྦྱོར་བ་རྟག་ཏུ་དེ་གསུངས་ཏེ་ཞེས་པ་ནི། གོང་གི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཕྲ་མོའི་ཏིང་ངེ་འཛིན་དང། ཐིག་ལེའི་ཏིང་ངེ་འཛིན་དང
རྟག་ཏུ་སྦྱོར་བའོ། །དེ་ལྟར་སྦྱོར་བས་ཐབས་དང་ཤེས་རབ་ཀྱི་གསང་བའི་མཆོད་པ་ནི། མཆོད་པ་བསྒོམ་པར་གྱུར་པ་ཡིན་ཞེས་སོ། །དོན་ནི་འདི་ལྟ་སྟེ། རྣལ་འབྱོར་དང། རྣལ་འབྱོར་མས་ལེའུ་བཞི་པའི་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྒོམས་ཏེ། ཕྲ་མོའི་ཏིང་ངེ་འཛིན་དང། ཐིག་ལེའི་ཏིང་ངེ་འཛིན་བསྒོམས་ནས། ཐབས་དང་ཤེས་རབ་རོལ་པའི་གསང་བའོ་མཆོད་པས་དེ་བཞིན་གཤེགས་པ་མཉེས་པར་བྱའོ། །དེ་ལྟར་བསྒོམས་པས་ཅིར་འགྱུར་ཞེ་ན། དེའི་འབྲས་བུ་གསུངས་པ། གང་ཚེ་ལས
གྱི་ལུས་ཞིག་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་གང་ཆེ་ཞེས་པ་ནི་ཤི་བའི་དུས་མཚོན་པའོ། །ལས་ཀྱི་ལུས་ཞེས་པ་ནི་ལུས་ཀྱི་དཀྱིལ་འཁོར་བསྒོམས་པའི་དག་པའི་བག་ཆགས་དང་ལྡན་པའི་ཕུང་པའོ། །དེ་གནས་གྱུར་པ་ནི་ལུས་ཞིག་ན་ཞེས་པ་སྟེ།
འཆི་འགོ་བའོ། །དེ་ཆེ་ཞེས་པ་ནི་གང་ཆེ་དང་འབྲེལ་པའོ། །དེའི་རང་མཐུ་ཡིས་ཞེས་པ་ནི་རྣལ་འབྱོར་པའི་བསྒོམ་པའི་བྱིན་གྱིས་རླབས་ཀྱིས་དེ་འདྲའི་ལུས་སུ་ཞེས་པ་ནི་ལུས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་དེ་རྣལ་འབྱོར་པས་ཐོབ་པར་འགྱུར་ཏེ།
ཞེས་པ་ནི་?་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་གྱུར་པ་སྟེ། སྐྱེ་བ་དང་འཇིགས་པ་ཐ་སྙད་ཙམ་གྱི་ཕྱིར་རོ། །དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས་དབུ་མ་ལས་གསུངས་པ། གནས་པ་སྐྱེ་བ་ཤི་བ་ཡོད་མེད་དམན་པ་མཉམ་པ་ཁྱད་པར་ནི་།
འཇིག་རྟེན་ཐ་སྙད་དབང་གིས་གསུང་གི་དེ་བཞིན་ཉིད་དབང་གིས་མ་ཡིན་ཞེས་སོ། །ད་བས་ན་ཆོས་ཀྱི་དབྱིབས་གང་གིས་གཡོ་དང་མི་གཡོ་ཁྱབ་པར་ནི། ནམ་མཁའ་མཉམ་པ་ཉིད་འདྲ་བ། །ཐ་སྙད་ལ་ནི་ཡོད་ལ་དོན་དམ་པ་བ་ནི་མེད་པ་ཀུན་ནས
ཀུན་ཏུ་ཁྱབ་པ་བཞིན་དུ། ཆོས་ཀྱི་དབྱིངས་དེ་ནི་གནས་པ་སྣང་བ། རྣལ་འབྱོར་པས་ཤེས་པར་བྱའོ། །དེ་ལྟར་ས་བཅུ་པ་ལས་གསུངས་པ། རྒྱལ་བའི་སྲས་ཁམས་གསུམ་ནི་སེམས་ཙམ་ཡིན་ཞེས་སྨྲས་པའོ། །ད་ནི་དེ་ལྟར་བསྒོམ་པའི་རྣལ
འབྱོར་པའི་ཡོན་ཏན་གསུངས་པ། བཅུ་གཉིས་མཛའ་ཨི་ཚིག་གི་དོན་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཅུ་གཉིས་མཛའ་ཨི་ཚིག་དོན་ཞེས་པ་ནི་ཡི་གེ་ཀྵཱུཾ་ངོ། །རྣལ་འབྱོར་པ་གང་གིས་རྟག་ཏུ་རྒྱུན་མི་འཆད་པར་གོང་གི་རིམ་པས་ཡི་གེ་ཀྵཱུཾ་བསྒོམ་བྱས
ན་རྣལ་འབྱོར་པ་དེས་ནི་མཆོག་གི་དངོས་གྲུབ་མི་གནས་པའི། མྱ་ངན་ལས་འདས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་རྒྱས་པའི། རྡོ་རྗེ་འཛིན་པར་ནི་སྒྲུབ་པ་པོ་བདག་ཉིད་ཀྱི། བསྒོམས་པའི་སྟོབས་ཀྱིས་འགྱུར་ཞེས་སོ། །དེ་ལྟར་ཡང
དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པ། ཀུན་ཏུ་བཟང་པོའི་ཡེ་ཤེས་ནི། །རང་ཉིད་ཁོ་ནས་ཐོབ་པའོ་ཞེས་སོ། །དེ་ལ་རྡོ་རྗེ་འཛིན་པ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་ཕྱག་ཏུ་ལྡན་པའི་ཕྱིར་རོ། །གནོད་སྦྱིན་དང། བྱང་ཆུབ་སེམས་དཔའ་
རྡོ་རྗེ་འཛིན་པ་ནི་མ་ཡིན་པའོ། །རྣལ་འབྱོར་པས་བསྒོམ་པའི་ཡིག་འབྲུ་དེ་ལ་ཡང་དོན་དམ་པར་རང་བཞིན་མེད། །སྟོང་པ་ཉིད་ཀྱི་དོན་བསྟན་པ་སོ་དང་མཆུ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་སོདང་མཆུ་དང་རྐང་དང་ལྕེ་ཞེས་པ་ནི་གོ་སླའོ། །
དེ་དག་འདུས་ནས་བྱུང་བའི་ཡིག་འབྲུའི་སྒྲ་ནི། གུལ་ནས་གང་ལ་ཡོད་པ་ནི་ཞེས་པའོ། །དེའི་ཕྱིར་གང་ལ་དེ་ནི་ཡིག་འབྲུ་ཉིད་ཅེས་ཏེ། །ཡིག་འབྲུའི་ངོ་བོ་མེད་དེ། །ཞེས་པའི་ཐ་ཚིག་གོ་།དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཟད་དང་གནས་ཕྱིར་རོ།།
ཞེས་པ་སྟེ། ཡིག་འབྲུ་ཀྵཱུཾ་དེ་ནི་རང་བཞིན་མི་རྟག་པར་གནས་པའོ། །འདི་ལྟ་སྟེ། ཀ་བརྗོད་ཙམ་ན་ཥ་མེད་ཥ་བརྗོད་ཙམ་ན་ཀ་ཐལ་ཏེ་འགྲོའོ། །དེ་བཞིན་དུ་ཞབས་སྐྱེད་བརྗོད་ཙམ་ན་ཀ་དང་ཥ་ཐལ་ཏེ་འགྲོ་བས་ཐིག་ལེ་མ་བྱུང
ཐིག་ལེ་བརྗོད་ཙམ་ན་གོང་མ་ཐལ་ལོ། །དེ་ལྟར་མི་རྟོགས་པ་ནི་སྟོང་པའོ། །དེ་ལྟར་ཡང་བྱང་ཆུབ་སེམས་འགྲེལ་ལས་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། མི་རྟོག་པ་ཡིས་སེམས་ཀྱི་ནི། །སྟོང་པ་ཉིད་དུ་མི་འགལ་ལོ་ཞེས་སོ། །འོ་ན་ཡིག་འབྲུའི
རང་བཞིན་བྱང་ཆུབ་སེམས་ཅི་འདྲ་བ་འདོད་ཅེ་ན། གསུངས་པ། བརྗོད་པ་མེད་ཅིང་ཐེ་ཚོམ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བརྗོད་པ་མེད་ཅིང་ཞེས་པ་ནི་མིང་དང་གཟུགས་ཀྱི་ངོ་བོ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ
ལས་གསུངས་པ། བརྗོད་དུ་མེད་པའི་བདག་ཉིད་ཆོས་མིང་དང་གཟུགས་བློའི་ངོ་བོ་མེད་ཅེས་སོ། །ཐེ་ཚོམ་པ་ཞེས་པ་ནི་དངོས་པོ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མིན། ནམ་མཁའ་འདྲ་བར་རོ་མཉམ་པ། །སྡུག་བསྔལ་མེད་མེད་པའི་རང་བཞིན་ཅན། །འབྱུང་བ་མེད་པ
སྐུའི་བསྟོད་པ་ལས་གསུངས་པ། གང་ཞིག་གཅིག་མིན་དུ་མ་ཡིན། །བདག་གཞན་ཕན་ཆེར་བཀྲ་ཤིས་རྟེན། །དངོས་པོ་ཡོད་མིན་མེད་པ་འང་མིན། །ནམ་མཁའ་འདྲ་བར་རོ་མཉམ་པ། །སྡུག་བསྔལ་མེད་མེད་པའི་རང་བཞིན་ཅན། །འབྱུང་བ་མེད་པ
ཉིད་མེད་པ། །ཞི་བ་མཉམ་ཉིད་མཉམ་པས་ན། །ཁྱབ་ཅིང་སྤྲོས་མེད་དཔེ་མེད་པའི། །སོ་སོ་རང་རིག་རྒྱལ་བ་ཡི། །ཆོས་སྐུ་དིང་འདིར་བདག་ཕྱག་འཚལ་ཞེས་སོ། །དེ་ལྟར་ཡང་རིན་པོ་ཆེ་ཕྲེང་བ་ལས་གསུངས་པ། དངོས་མེད་མྱ་ངན་ལས་འདས
མིན། །དངོས་ཉིད་དེ་ནི་གང་ལ་ཡིན། །དངོས་དང་དངོས་མེད་མཆོག་འཛིན་པ། །ཟད་པ་མྱ་ངན་འདས་པར་གསུངས་ཞེས་སོ། །སྒྲ་ཡིག་རྣམ་པར་སྤངས་པ་ནི་ཞེས་ནི་ཨ་ལ་སོགས་པའི་བཅུ་དྲུག་གི་ངོ་བོ་མ་ཡིན་པའི་ཕྱིར་རོ། །རང་གི་ཕྱི་ནང་ཞེས
པ་ནི་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་ཀྱིས་ངོ་བོར་གནས་པའོ། །དེ་བཞིན་ཉིད་ཅེས་པ་ནི་འགྱུར་བ་མེད་པའོ། །དེ་འདྲ་བའི་མཚན་ཉིད་ནི་བྱང་ཆུབ་སེམས་ནི་རྒྱུད་འདིར་གསུངས་སོ། །ཞེས་འདོད་པའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ཞེས་པ་?་རྒྱུད
ཀྱི་སྤྱིའི་མཚན་གོ་སླའོ། །ལས་ཞེས་པ་ནི་དེའི་ནང་དུ་ཡང་ལྷ་མོ་སྤྱན་མ་ཡོངས་སུ་ཞུས་པ་ཞེས་པ་སྟེ། །སྤྱན་མས་གཙོར་སྡུད་པ་པོ་བྱས་པའི་ཕྱིར་རོ། །ལེའུ་ཞེས་པ་ནི་རིམ་པར་ཕྱེ་བའོ། །དང་པོ་ཞེས་པ་ནི་གཉིས་པའི་གོང་མའོ། །ལྷ་མོ
བཞིས་ཡོངས་སུ་ཞུས་པའི་ལེའུ་དང་པོའི་རྣམ་པར་བཤད་པའོ། ། །།ད་ནི་ལེའུ་གཉིས་པ་ལ་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་ཀྱི་རིམ་པ་མཱ་མ་ཀཱིས་ཞུས་པ། དེ་ནས་ལྷ་མོ་མཱ་མ་ཀཱིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས
ཞེས་པ་ནི་ལེའུ་དང་པོ་དང་གཉིས་པའི་མགོ་འཇུག་སྤྲེལ་བའི་ཚིག་གོ་། ལྷ་མོ་ཞེས་པ་ནི་བཤད་ཟིན་ཏོ། །ལྷ་མོ་ཡང་དེ་མཱ་མ་ཀཱི་ཡང་དེ་ཉིད་པས་ལྷ་མོ་མཱ་མ་ཀཱིས་ཞེས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའོ། །རྡོ་རྗེ་ཅན་ཞེས་པ་ནི
རྡོ་རྗེ་སེམས་དཔའ་སྟེ། ཕྱག་ན་རྡོ་རྗེ་དང་ལྡན་པའི་ཕྱིར་རོ། །ལ་ཞེས་པ་ནི་ཞུས་པའི་གནས་བསྟན་པའོ། །འདི་ཞེས་པ་ནི་འོག་ནས་འབྱུང་བའི་ཞུས་ཚིག་གོ་།ཞུས་ཏེ་ཞེས་པ་ནི་ཞུ་བའི་རིམ་པ་ལྔ་གོང་དུ་བཤད་ཟིན་ཏོ། །བྱང་ཆུབ་སེམས་ཞེས
པ་ནི་ཆོས་ཀྱི་དབྱིངས་སོ། །དེའི་རིམ་པ་ནི། བྱང་ཆུབ་སེམས་ཀྱི་རིམ་པའོ། །ཞེས་པ་སྟེ། འོག་ཏུ་འབྱུང་བའི་གནས་དང། ཁ་དོག་གི་རིམ་པར་བསྐྱེད་པ་དང། འདོར་བསྡུས་པའི་རིམ་པའོ། །བ་སྙིང་ལྟེ་བ་གསང་བ་ལ། །འགྲོ
དང་ཕྱིར་འོང་བསྟན་པ་ནི་ཞེས་པ་སྟེ་གོ་སླའོ། །རྡོ་རྗེ་ཆེན་པོས་ཞེས་པ་ནི་སྟོང་པ་རྡོ་རྗེ་སེམས་དཔའ་སྟེ། །ཀུན་ཏུ་ཁྱབ་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །བཀའ་སྩལ་འཚལ་ཞེས་པ་ནི་བཤད་ཟིན་ཏོ། །ཆ་ཤས་རྣམ་པ་དུ་ཞིག་གསུངས་ཞེས་པ
ནི་བྱང་ཆུབ་ཀྱི་སེམས་ཡན་ལག་གི་སྒོ་ནས་ཞུས་པའོ། །གནས་ཀྱི་རྣམ་པ་བསྒྱུར་བ་དུ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་བྱང་ཆུབ་སེམས་ཀྱི་གནས་ཞུས་པའོ། །ཁ་དོག་རྣམ་པ་དུ་ཞིག་གསུངས་ཞེས་པ་ནི་ཆོས་ཀྱི
དབྱིངས་བྱང་ཆུབ་སེམས་ཀྱི་ཁ་དོག་གི་རིམ་པ་ཞུས་པའོ། །དེ་བཞིན་གང་ན་ཡང་ཇི་ལྟར་འཚལ་ཞེས་པ་ནི། ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་ཀྱི་གདན་ཞུས་པའོ། །ད་ནི་སྟོན་པས་ལན་གསུངས་པ། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ་ཞེས
པ་སྟེ། གོང་དུ་བཤང་ཟིན་ཏོ། །ཆ་ཤས་རྣམ་པ་དུ་ཤིག་གསུངས་ཞེས་པའི་ལན་གསུངས་པ། ཆ་ཤས་བཞི་དང་མཉམ་ལྡན་ཞིང་ཞེས་པས་ཏེ། ཡི་གེ་ཀཱ་དང་ཡི་གེ་ཨོཾ་དང། ཡི་གེ་ཧཱུཾ་དང། ཡི་གེ་ཨ་རྣམས་ཀྱི་ཆ་བཞི་དང་ལྡན་པའི་ཕྱིར་རོ། ། གནས་ཀྱི་རྣམ་པ་བསྒྱུར་བ་དུ་ཞེས་པའི་ལན་གསུངས་པ། པདྨ་བཞི་ལ་ཡང་དག་གནས་ཞེས་པ་སྟེ། ཁའི་པདྨ་དང། སྙིང་གི་པདྨ་དང། ལྟེ་བའི་པདྨ་དང། གསང་བའི་པདའོ། །ཁ་དོག་རྣམ་པ་དུ་ཞིག་གསུངས། །དེ་བཞིན་གདན་ཡང
ཇི་ལྟར་འཚལ། ཞེས་པའི་ལན་གསུངས་པ། སྙིང་གི་པདྨ་ལ་གནས་གནག་ཅེས་པ་ལ་སོགས་པ་སྟེ། དེ་ལ་སྙིང་གི་པདྨ་ལ་གནས་གནག་ཅེས་པ་ནི། ཆོས་ཀྱི་དབྱིངས་ཡི་གེ་ཨོཾ་གྱི་གཟུགས་སུ་ཁ་དོག་གནག་པར་གནས་པའོ། །ཁ་ཡི
པདྨ་ལ་གནས་དཀར་ཞེས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཀཱའི་གཟུགས་སུ་མདོག་དཀར་བར་གནས་པའོ། །ད་རོ་ལྟེ་བའི་པདྨར་གནས་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཧཱུཾ་གི་གཟུགས་ཁ་དོག་དམར་བར་གནས་པའོ། །གསང་བའི་པདྨར
?་མཛའ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡི་གེའི་ཨའི་གཟུགས་སུ་ཁ་དོག་སེར་བར་གནས་པའོ། །དེ་ལྟ་བུའི་རིམ་པས་སྟབས་ཀྱིས་མཛའ་རུ་འགྲོ་བྱེད་ནས་ཞེས་པ་སྟེ། ཆགས་པའི་དུས་སུ་འཇིག་རྟེན་ཀུན་བསྐྱེད་པར་བྱས་ནས།
འཇིག་པའི་དུས་སུ་ཡང་ཐིག་ལེའི་དབྱིངས་སུ་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས། ཐིག་ལེའི་སྦྱོར་བ་རབ་ཏུ་གནས་ཞེས་པའོ། །དེ་ལྟ་བུའི་རིམ་པས་བསྐྱེད་པའི་དོན་ཏེ་གསལ་པོར་གསུངས་པ། བསྣོམ?་བྱེད་པ་དང་ཐོས་བྱེད་བར་ཞེས་པ་ལ་སོགས
པ་སྟེ། དེ་ལ་བསྣོམ་བྱེད་ཅེས་པ་ནི་སྣའི་རྣམ་པར་ཤེས་པས་དྲིལ་བྱེད་པའོ། །དེ་བཞིན་དུ་ཐོས་བྱེད་ལ་སོགས་པ་ཡང་ཤེས་པ་ནི་གོ་སླའོ། །བྱེད་པ་ཞེས་པ་ནི། ཤིང་ལ་སོགས་པ་གཉིས་གྱིས་?་བསྐུར་པ་གདབ་པར་མི་བ་སྟེ་མདོ་སྡེ་གཞན་དུ
རིམ་པར་ཤེས་པར་བྱའོ། །དེ་ལ་བདེ་བ་ཞེས་པ་ནི་སིམ་པའོ། །བདེ་བ་མ་ཡིན་སྡུག་བསྔལ་ཞེས་པ་ནི་སིམ་པ་མ་ཡིན་པའོ། །དེ་གཉིས་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་པ་ལས་མྱོང་པ་ནི་ཚོར་བའོ། །ཚོར་བ་དེ་ཡང
ཆོས་ཀྱི་དབྱིངས་ཀྱིས་བྱེད་པས་ན་ཚོར་བྱེད་ཅེས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། མིག་གི་འདུས་ཏེ་རེག་པས་ཚོར་བ་དང། ཞེས་བ་ལ་སོགས་བའོ། །གང་ལས་ཞེས་པ་ནི་གོ་སླའོ། །བྱེད་པ་ཞེས་པ་ནི། ཤིང
ལ་སོགས་པ་གཉིས་སུ་གྱུར་པའོ། །གཅོད་པ་ཞེས་པ་ནི། སྟ་རེ་ལ་སོགས་པའོ། །དེ་ཁོ་ནས་ཞེས་པ་ནི་དེ་དག་ཀྱང་ཆོས་ཀྱི་དབྱིངས་ཀྱིས་བྱེད་དོ་ཞེས་པའི་ཐ་ཚིག་གོ་།ཆོ་ག་རྣམ་པ་མང་པོས་ཤེས་ཞེས་པ་ནི་དེ་ལས་གཞན་འཇིག་རྟེན་གྱི་གཙུག
ལག་ཐམས་ཅད་དོ། །རྒྱལ་པོའི་རིགས་སུ་གྱུར་པ་ལ་སོགས་པའི་རིས་ཀྱང་ཆོས་ཀྱི་དབྱིངས་ལས་གཞན་མེད་པའི་དོན་བསྟན་པ། རྒྱལ་པོའི་དོན་ཡང་བྱེད་འགྱུར་དང། ཞེས་པ་ལ་སོགས་པ་སྟེ། དེ་ལ་རྒྱལ་པོ་ཞེས་པ་ནི་རྣམ་པ་གཉིས
ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང། མཁར་གྱི་རྒྱལ་པོའོ། །དེ་གཉིས་རྒྱལ་བར་བྱེད་པ་ནི། རྒྱལ་པོའི་དོན་ཡང་བྱེད་འགྱུར། ཞེས་པའོ། །འདི་ལྟ་སྟེ། འཁོར་ལོ་སྒྱུར་བའི་རྒྱལ་པོ་བཞི་ལ། གསང་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོས་ནི།
གླིང་གཞི་མཁར་གྱི་རྒྱལ་པོ་ལ་སོགས་པ་ཚུར་འོང་ནས་མངའ་དབུལ་ཏེ་རྒྱལ་པོའོ། །དངུལ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། བྱང་སྒྱུ་མི་སྙན་མ་གཏོགས་བ་གླིང་གསུམ་ལ་ཕར་འགྲོ་སྟེ། འདུལ་ནས་རྒྱལ་པོའོ།།
ཟངས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། སྒྲ་མི་སྙན་དང། ལུས་འཕགས་མ་གཏོགས་པ་གླིང་གཉིས་ལ་ཕར་འགྲོ་སྟེ། གཡུལ་བཤམས་ནས་འདུལ་ནས་རྒྱལ་པོའོ། །ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། སྒྲ་མི་སྙན་དང།
ལུས་འཕགས་པོ་དང། བ་ལང་སྤྱོད་གསུམ་མ་གཏོགས་པ་འཛམ་བུ་གླིང་གཅིག་ལ་ཕར་འགྲོ་སྟེ། ཐབས་ནས་འདུལ་ནས་རྒྱལ་པོའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག
གླིང་གཅིག་གླིང་གཉིས་དང། གསུམ་དང་བཞི་ལམས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང། མཚོན་བཅམས?་པས་རྒྱལ་གནོད་པ་མེད། །ཅེས་པའོ། །མཁར་གྱི་རྒྱལ་པོ
རྣམས་ནི། དམག་གི་དཔུང་གི་སྟོབས་ཀྱིས་ཕ་རོལ་ལ་གནོན་པ་བྱས་ཏེ། འདུལ་ནས་རྒྱལ་པོའོ། །དེ་རྣམས་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་གཞན་མེད་པའི་དོན་ཏོ། །ཡང་ཞེས་པའི་སྒྲ་ནི། དོན་གཞན་སྙེག་པའོ། །དབང་ཕྱུག
དོན་ཡང། དེ་བཞིན་དུ་ཞེས་པ་ནི་ཤིང་སཱ་ལ་ལྟ་བུ་ཕྱུག་པའི་ཁྱིམ་བདག་གི་ལོངས་སྤྱོད་བྱེད་པ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའོ། །དེ་བས་ན་གཞན་ཡང་བྲན་དུ་གྱུར་པའི་སེམས་ཅན་དང་སྡུག་བསྔལ་བའི་སེམས་ཅན་ཡང་ཆོས་ཀྱི
དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་ཁོ་ན་དོན་གྱིས་ཤེས་པར་བྱ་སྟེ། ཆོས་ཀུན་གཉིས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཆོས་བདག་མེད་པ་ལས་བྱུང་བ། །གཉིས་སུ་མེད་པའི་ཡེ་ཤེས
མཆོག་། ཆོས་ཉིད་དམ་པ་ཡེ་ཤེས་ནི། །ཆོས་ཀྱི་དབྱིངས་ཞེས་བྱ་བའོ། །ཞེས་པའོ། །བྲམ་ཟེ་ཞེས་པ་ནི། བསྐལ་པ་དད་པོ་ན་དགོན་པ་བསྙག་ཅིང་ཁྱིམ་སྤངས་ཏེ། བྲམ་ཟེ་བའི་ཕྱིར་རོ། །རྒྱལ་པོ་ཞེས་པ་ནི་བསྐལ་པ་དང་པོ་ན་རྐུན་མཚོར་གཅོད་པའི
དོན་དུ་འབྲས་ས་ལུའི་ཞིང་བསྲུང་བའི་སྲུང་མར་བསྐོས་པའོ། །རྗེའུ་རིགས་དང?་ཞེས་པ་ནི། བསྐལ་པ་དང་པོར་ཕྱུགས་ལ་བརྟེན་པའི་ཕྱིར་རོ། །དམད་རིགས་ཞེས་པ་ནི་བསྐལ་པ་དང་པོར་ཞིང་ལ་བརྟེན་ཅིང་གནས་པའོ། །སྨད་ཞེས་པ་ནི། རིགས་ནི
ལྔ་སྟེ། རིགས་མིག་ཅན་དང། ཉ་ལས་པ་དང། གདོལ་པ་དང། མདའ་མཁན་དང། བཙོ་ལག་མཁན་རྣམས་ཏེ། སྤང་པའི་ལས་ལ་འཇུག་པའི་ཕྱིར་རོ། །དེ་དག་དང་པོ་གཟུང་ནས་བརྒྱུད་པའི་རིམ་པ་ནི་རིགས་རྣམས་དང་ཞེས་པའོ། །
དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ། རིགས་ནི་བརྒྱུད་མར་བསྟན་པ་སྟེ། རྒྱུད་ནི་ཐོག་མ་ཞེས་བྱའོ་ཞེས་སོ། །བུད་མེད་དུ་མ་སྤྲུལ་པར་བྱེད་ཅེས་པ་ནི་བསྐལ་པ་དང་པོ་ཁོ་ན་ལ། འོད་གསལ་གྱི་ལྷ་བབས་པ། ཕོ་འབའ་ཞིག
དང་ཞེས་པ་ནི། གཟུགས་ཀྱི་ཁམས་བསམ་གདན་བཞི?་ལྷ་སྟེ། གཟུགས་ཀྱི་ཁམས་ལ་ཆགས་ནས་སྐྱེ་བའི་ཕྱིར་རོ། །དེ་ལ་བསམ་གཏན་དང་པོའི་གནས་གསུམ་སྟེ། ཚངས་རིས་དང། ཚངས་པ་འདུན་ན་འདོན་དང། ཚངས་པ་ཆེན་པོའོ
བསམ་གཏན་གཉིས་པ་ལ་ཡང་གནས་གསུམ་སྟེ། འོད་ཆུང་དང། ཚད་མེད་འོད་དང། འོད་གསལ་ལོ། །བསམ་གཏན་གསུམ་པ་ལ་གསུམ་སྟེ། དགེ་ཆུང་དང། ཚད་མེད་དགེ་དང། དགེ་རྒྱས་སོ། །བསམ་གཏན་བཞི་པ་ནི་གནས
བརྒྱད་དེ། སྤྲིན་མེད་དང། བསོད་ནམས་སྐྱེས་དང། འབྲས་བུ་ཆེ་བ་དང། དེ་ལ་གཏོགས་པ་གནས་གཙང་མ་ལྔ་སྟེ། མི་ཆེ་བ་དང། མི་གདུང་བ་དང། གྱ་ནོམ་སྣང་བ་དང། ཤིན་ཏུ་མཐོང་བ་དང། འོག་མིན་ཏེ
གནས་བཅུ་བདུན་ནོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། གོང་མའི་གནས་དགེ་བཅུ་བདུན་ནི། །གཟུགས་ཁམས་ཡིན་ཏེ་སོ་སོའི། །བསམ་གཏན་ས་ནི་གསུམ་པ་ཡང། །བཞི་པ་ས་ནི་བརྒྱད་པ་ཡིན་ཞེས་པའོ། །གཟུགས
མེད་དང་ཞེས་པ་ནི། བཞུགས?་མེད་པའི་ཁམས་ཀྱི་སེམས་ཅན་བཞི་སྟེ། གནས་ནི་མེད་པ་གཟུགསྨེད་པའི་ཁམས་ལ་ཆགས་ནས་སྐྱེ་བའི་ཕྱིར་རོ། །འདི་ལྟ་སྟེ། ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང་།
ཅི་ཡང་མེད་པའི་སྐྱེ་མཆེད་དང། ཡོད་མིན་མེད་མིན་སྐྱེ་མཆེད་བཞིའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། གཟུགས་མེད་ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པར་ནི?་ཞེས་པའོ། །དེ་བཞིན་འདོད་པའི་ཕྱིར་རྣམས་ལས
ཞེས་པ་ནི། འདོད་ཁམས་གནས་རིས་ཉི་ཤུ་སྟེ། འདོད་པ་ལ་ཆགས་ནས་སྐྱེ་བའི་ཕྱིར་རོ། །འདི་ལྟ་སྟེ། དམྱལ་བ་ཆེད་པོ་བརྒྱད་དེ། ཡང་སོས་དང། ཐིག་ནག་དང། བསྡུས་འཇོམས་དང། ?་དུ་འདོད་ཆེན་པོ་དང། ཚ་བ་དང། རབ་ཏུ
ཚ་བ་དང། མནར་མེད་པ་དང། ཡི་དགས་དང། བྱོལ་སོང་དང། འཛམ་བུའི་གླིང་དང། ལུས་འཕགས་པ་དང། བ་ལང་སྤྱོད་དང། སྒྲ་མི་སྙན་དང། རྒྱལ་ཆེན་རིས་བཞི་དང། སུམ་ཅུ་རྩ་གསུམ་པ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ?
དཔའ་དང། གཞན་འཕྲུལ་དབང་བྱེད་རྣམས་ཉི་ཤུའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། དམྱལ་བ་ཡི་དགས་དུད་འགྲོ་དང། །མི་རྣམས་དང་ནི་ལྷ་དྲུག་དག་།འདོད་པའི་ཁམས་ཡིན་དམྱལ་བ་དང། །གླིང་དབྱེ་བ་ལ་དེ་ཉི་ཤུ
ཞེས་སོ། །འབྱུང་བ་ཐམས་ཅད་ཅེས་པ་ནི་ས་དང། ཆུ་དང། མེ་དང། རླུང་རྣམས་སོ། །དེ་དག་ཀྱང་ཆོས་ཀྱི་དབྱིངས་ལས་སྐྱེ་བའི་ཕྱིར་ན་སྐྱེད་བྱེད་པ་ཞེས་སོ། །དེ་ཁོ་ན་ཉིད་ཅེས་པ་ནི། ཆོས་ཀྱི་དབྱིངས་སོ། །དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེ
གྱི་ཁམས་སུ་གྱུར་པ་ནི། དེ་ཁོ་ན་ཉིད་རྫུ་འཕྲུལ་གནས་ཞེས་པ་སྟེ། གཅིག་ལས་དུ་མར་གྱུར་པའི་ཕྱིར་རོ། །མོ་གཟུགས་དང་ནི་ཞེས་པ་ནི་སྐད་ཕྲ་བ་དང། ནུ་མ་ཆེ་བ་དང། མོའི་དབང་པོ་རྣམས་ཀྱིས་མཚན་པའོ། །པོའི་གཟུགས་ཞེས་པ་ནི་?
སྐད་དང། ཁ་སྤུ་དང། ཕོའི་དབང་པོས་མཚན་པའོ། །དེ་གཉིས་ཀྱི་འཁྲིག་པའི་འདོད་པའི་བདེ་བ་ངོ་བོར་ཡང་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་གནས་པས་ན། བདེ་བ་ཆེན་པོའི་གོ་འཕང་གནས་ཞེས་སོ། །དེ་ལྟར་ཞེས་པ་ནི་གོང་དུ་བསྟན་པའི
དོན་ལ་སྙེག་པའོ། །དེ་བཞིན་ཉིད་ཞེས་པ་ནི་འགྱུར་བ་མེད་ཅིང་ཀུན་ཏུ་ཁྱབ་པའོ། །ཤེས་པ་ཞེས་པ་ནི་རྟོགས་ནས་དམ་པའི་ཡི་གེ་འབྲུ་མྱ་ངན་ལས་འདས་པའི་ངོ་བོ་ཀྵ་ཨོཾ་ཧཱུཾ་ཨཱཡིག་འབྲུ་བཤད་ཟིན་ཏོ། །ཅི་འདྲ་བ་ཡིན་ཞེ་ན་ཁྱད་པར་གསུངས་པ། གང་དེས་བདག་ཉིད་ཀུན་གནས་པ་ཞེས་པ་དེ་བཅུད་དང་སྣོད་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །གོང་དུ་བསྟན་པའི་ཡིག་འབྲུའི་ཁ་དོག་གི་འཕྲོ་བསྟན་པ། ཁ་དོག་མེད་ཅིང
ཁ་དོག་དམར་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁ་དོག་མེད་ཅིང་ཞེས་པ་ནི་ནག་པོ་སྟེ། དཀར་པོ་ལ་སོགས་པའི་ཁ་དོག་མེད་པའི་ཁ་དོག་དམར་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཐིག་ལེའི་གཟུགས་སུ་བསྒྱུར་བ་དེ་ཞེས་པ་ན་། ཡིག་འབྲུ
དེ་དག་ཙན་ཀའི་ཚད་ཀྱི་ཐིག་ལེའི་དབུས་སུ་གནས་པའོ། །འགྲོ་དང་ཕྱིར་འོང་རྣམ་པར་བསྟན་ཞེས་པ་ནི་པདྨ་རྣམ་པ་བཞི་ལས་ཕྱིར་འགྲོ་བ་ལ། ཁམས་གསུམ་དུ་ཁྱབ་ཅིང་ཕྱིར་བསྡུ་བའི་དོན་དོ། དོན་དེ་ཁོ་ན་གསལ་པོར་བསྟན་པ། གང་དེ་རིག
བརྫུ་འཕྲུལ་ཆེ། མཛའ་ཡས་བཅས་པ་སྣ་ཚོགས་གཟུགས་ཞེས་པ་སྟེ། གང་ཆོས་ཀྱི་དབྱིངས་རེ་རིག་པ་རྫུ་འཕྲུལ་ཆེ་ཞེས་པ་སྟེ། གཅིག་ལས་དུ་མའི་ལས་བྱེད་པའི་ཕྱིར་རོ། །མཛའ་ཡས་བཅས་པ་ཞེས་པ་ནི་གངྒཱ་ཀླུང
གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྲངས་མེད་པར་གྱུར་བའོ། །མཛའ་ཡས་བཅས་པ་ཡང་དེ། སྣ་ཚོགས་གཟུགས་ཀྱང་དེ་བས་མཛའ་ཡས་བཅས་པ་སྣ་ཚོགས་གཟུགས་ཞེས་པ་སྟེ། སེམས་ཅན་གྱི་ལས་ཀྱི་དབང་གིས་བཅུད་སྣ་ཚོགས་པའོ། །འདི
ལྟ་སྟེ། བཅུད་ཀྱི་འཇིག་རྟེན་འགྲོ་བའི་རིགས་ལྔའི་ནང་ན་ཆེ་བ་དང། ཆུང་བ་དང། བཟང་བ་དང། ངན་པ་དང། ཕྲ་བ་དང། སྤོམ་བ་དང། དགེ་བ་དང། མི་དགེ་བ་དང། ཕོ་དང། མོ་དང། བདེ་བ་དང། མི་བདེ་བ་ལ་སོགས་པ་སྣ་ཚོགས
པའོ། །སྣོད་ཀྱི་འཇིག་རྟེན་ལ་ནི་དཀར་པོ་དང། སེར་པོ་དང། དམར་པོ་དང། ནག་པོ་དང། ཐུང་དུ་དང། རིང་པོ་དང། ཟླུམ་པོ་དང། ཕྱ་ལེབ་དང། བྱ་ལེ་བ་མ་ཡིན་པ་དང། རྡུལ་དང། རི་རབ་ལ་སོགས་པ་སྣ་ཚོགས་པའོ། །ཆོས
མངོན་པ་མཛོད་ལས་གསུངས་པ། ལ་ལས་འཇིག་རྟེན་སྣ་ཚོགས་སྐྱེ་ཞེས་པའོ། །དེ་ལྟར་ཁམས་གསུམ་དུ་ཁྱབ་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་དབྱིངས་དང་པོ་སྐྱེ་བ་དང། འཇིག་པའི་དུས་སུ་བསྡུ་བའི་དོན་ཡང་གསལ་པོར་བྱེད་པས་གསུངས
པ། སྐྱེ་དང་བསྡུས་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྐྱེ་བ་དང་ཞེས་པ་ནི་སྣོད་དང་བཅུད་ཆགས་པའོ། །འདི་ལྟ་སྟེ། ཆགས་པའི་བསྐལ་པ་ལ་ནམ་མཁའ་ལ་སེམས་ཅན་གྱི་ལས་ཀྱི་དབང་གིས་རླུང་གི་དཀྱིལ་འཁོར་དང། ཆུའི་དཀྱིལ
འཁོར་དང། དབང་ཆེན་གྱི་དཀྱིལ་འཁོར་དང། རི་བདུན་དང། རི་རབ་དང། སུམ་ཅུ་རྩ་གསུམ་ནས་བསམ་གཏན་གསུམ་པའི་བར་དུ་མས་བར་གྱི་བསྐལ་པ་གཅིག་གི་བར་དུ་སྐྱེ། བཅུད་ནི་བསམ་གཏན་བཞི་པའི་ལྷ་རྣམས་གཞལ་ཡས་ཁང?
དང་བཅས་པར་སྐྱེ་སྟེ། དེ་ལས་མར་བབས་པ་མནར་མེད་པའི་དམྱལ་བ་ན་གཅིག་སྐྱེས་པའི་བར་དང། པར་གྱི་བསྐལ་པ་བཅུ་དགུའི་དུས་ཚོད་དོ། །བསྡུས་ན་འཇིག་པ་ལ་ཞེས་པ་ནི་འཇིག་བའི་བསྐལ་པ་ནི་འཇིག་པའི་འཇིག་རྟེན་མནར་མེད་པཱི་དམྱལ
?་དམྱལ་བ་མི་སྐྱེ་སྟེ། འཇིག་རྟེན་གཞན་གྱི་དམྱལ་བ་ན་སྐྱེར་སོང་བ་དང་པོ་གཟུང་ནས། ཡང་འཕྲོ་སྟེ། བསམ་གཏན་བཞི་པའི་ལྷ་གཞལ་ཡས་ཁང་དང་བཅས་པར་མི་སྣང་བའི་བར་གྱི་བསྐལ་པ་བཅུ་དགུང་རོ། །སྣོད་འཇིག་པ་ནི་མེས
འཇིག་པའི་དུས་སུ་མནར་མེད་པའི་དམྱལ་བ་ནས་བསམ་གཏན་དང་པོའི་བར་དུ་འཇིགས་པ་དང། ཆུས་འཇིག་པའི་དུས་སུ་བསམ་གཏན་གཉིས་པའི་བར་དུ་འཇིག་པ་དང། རླུང་གིས་འཇིག་པའི་དུས་སུ་བསམ་གཏན་གསུམ་པའི་བར་དུ་འཇིག་གོ་།དེ
ལྟར་འཇིག་རྟེན་སྐྱེ་བ་དང། འཇིག་པའི་དུས་སུ་བྱང་ཆུབ་སེམས་ཆོས་ཀྱི་དབྱིངས་ཡིག་འབྲུ་ཅན། ཐིག་ལེའི་གཟུགས་སུ་བསྡུས་ནས་རབ་ཏུ་གནས་སོ་ཞེས་སོ། །ད་ནི་ཡོན་ཏན་གསུངས་པ། གང་གིས་བརྒྱད་ཁྲི་རྩ་བཞིའི་ཆོས་ཞེས་པ་ལ
སོགས་པ་སྟེ། དེ་ལ་གང་ཞིག་ཅེས་པ་ནི་རྣལ་འབྱོར་པ་འམ་མཁས་པ་སྤྱི་ལ་ཤེས་པར་བྱའོ། །བརྒྱད་ཁྲི་རྩ་བཞིའི་ཆོས་ཞེས་པ་ནི། སེམས་ཅན་གྱི་ཉོན་མོངས་པ་བརྒྱད་ཁྲི་རྩ་བཞིའི་གཉེན་པོའོ། །ལམ་གྱི་བདེན་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི
རྩ་བཞིའི་ཆོས་བསྟན་པའོ། །ཕྲག་དེ་གཅིག་ནས་གཉིས་སུ་བརྩིས་པ་སྟོང་ཕྲག་བརྒྱ་ཞེས་པ་ནི་འབུམ་ཕྲག་གཅིག་གོ་།དེ་སྣང?་ཆོས་ཀྱི་དོན་ཤེས་ན་ཡང་མཁས་པ་དེ་ཡིས་ཆོས་ཀྱི་དབྱིངས་དེ་ཉིད་མི་ཤེས་པ་སྟེ། །རྟོགས་པ་མ་ཡིན་ནོ་ཞེས
པའི་ཐ་ཚིག་གོ་། དེ་བསན་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ཤེས་མ་ཐག་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་རྩ་བཞིའི་ཤེས་པའི་མཁས་པ་དེ་དག་ཀུན་ཀྱང་བླ་ན་མེད་བའི་མྱ་ངན་ལས་འདས་པའི་འབྲས་བུ་མེད་དོ་ཅེས་པའོ། །ད་ནི་གོང་གི་ཆ་ཤས་ཀྱིས་ཡིན
སྒྲས་བསྟན་པ། བཅུ་གཉིས་ལྔ་ཡི་ལྔ་པ་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཅུ་གཉིས་ཞེས་པ་ནི་ཨ་ལས་བརྩིས་པའི་ཡི་གེ་བཅུ་གཉིས་ཀྱི་མཛའ་མ་ཨའོ། །ལྔའི་ཞེས་པ་ནི་པའི་སྡེ་སྟེ་ཀའི་སྡེ་ལས་བརྩིས་པ་ནི་བོའི
སྡེའོ། །དེའི་ལྔ་པ་ཞེས་པ་ནི། པ་ལས་བརྩིས་པའི་ཡི་གེ་མའོ། །དེས་ཨོཾ་གྱི་ཀླང་གོར་བྱས་མ་ཐག་།ོཾ་འདོད་པའོ། །བརྒྱད་ཀྱི་མཛའ་ཞེས་པ་ནི་ཡི་གེ་ཡ་ལས་བརྩིས་པའི་ཡི་གེ་ཧའོ། །འབྱུང་བ་འདུས་པ་ནི་འབྱུང་བ་ཆེན་པོ་བཞིས་བསྒོར་བའི
ཧའོ། །སྒྲ་ཡིག་དང་པོ་ཡི་གེ་ཨ་ཞེས་པ་ནི་གོ་སླའོ། །ལྔ་པ་ཡིས་ནི་ཞེས་པ་ནི་ཡི་གེ་མའོ། །དེས་ཨ་ལ་ཀླང་ཀེར་བྱས་པ་ནི་ཡང་དག་རྒྱན་ཞེས་པ་ནི་ཡི་གེ་ཨཾ་མོ། །སྙིང་རྗེ་ཆེན་པོ་ལས་བྱུང་བ་ཞེས་པ་ནི་ཡི་གེ་ཀའོ། །རྒྱ་གར་གྱི་སྐད་ལ
ཀ་ཀ་རུ་ཞེས་བྱ་བ་ནི་སྙིང་རྗེ་ཡིན་པའི་ཕྱིར་རོ། །དྲུག་པ་ཞེས་པ་ནི་ཡ་ལས་བརྩིས་པའི་ཡི་གེ་ཥའོ། །དེའི་ཡི་གེ་ཀ་ལ་བཏགས་པ་ནི་དྲུག་པས་བཏགས་པ་དེ་ཞེས་ཏེ། ཡི་གེ་ཀྵའོ། །ཁ་མར་ལྟ་ཞེས་པ་ནི། ཁའི་པདྨར་མགོ་མར་བལྟ་བ
བསྒོམ་པའོ། །ཡི་གེ་འབྲུ་དེའི་ཁྱད་པར་གསུངས་པ། གདོད་མ་ཐ་མ་མེད་པའི་ལྷ་ཞེས་པ་སྟེ། དེ་ལ་གདོད་མ་ཞེས་པ་ནི་སྐྱེ་བའོ། །ཐ་མ་ཞེས་པ་ནི་འཇིག་པའོ། །དེ་གཉིས་མེད་པའི་རང་བཞིན་ཡིག་འབྲུ་ཡིན་པས་ན་གདོད་མ་ཐ་མ་མེད་ཅེས་པ་སྟེ།
མུ་སྟེགས་པའི་བྱེད་པ་པོ་ལྟར་སྔོན་དུ་བྱས་པ་མ་ཡིན་པའི་ཕྱིར་དང། །རྡོ་རྗེ་ལྟ་བུ་དོན་དམ་པར་འཇིག་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གདོང་མ་ཐ་མ་ནི་ནམ་མཁའ་ལས་འབྱུང་བའི་མཚན་མ་ཙམ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་མཉམ
སྦྱོར་གྱི་རྒྱུད་ཕྱི་མ་ལས་གསུངས་པ། ནམ་མཁའ་ལས་བྱུང་མཚན་མའི་ཕྱིར། །གདོད་མ་ཐ་མ་མེད་པའི་མཆོག་ཅེས་པའོ། །ལྷ་ཞེས་པ་ནི་ཡིག་འབྲུ་དེ་དག་འོད་ཟེར་དང་ལྡན་པའི་ཕྱིར་དང། རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཉིད་ཀྱི་ཕྱིར་རོ།།
དེར་ནི་སྤྱི་བོར་བསྟན་པ་ཡིན་ཞེས་པ་ནི་ཡི་གེ་ཀྵ་གོང་ན་གཞག་པའི་ཐ་ཚིག་གོ་། དེ་དག་ཅེས་པ་ནི། ཡིག་འབྲུ་བཞི་པོ་དེ་དག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་ན་གསང་ཆེན་ཞེས་ཏེ་བཤད་ཟིན་ཏོ། །དམ་པ་ནི་ཞེས་པ་ནི་ཡིག་འབྲུ་དེ་དག་དེ
བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །ལྷ་མོ་ཞེས་པ་ནི་མཱ་མ་ཀཱི་སྟེ། །བོད་པའི་ཚིག་།བདག་གིས་པ་ནི་སྟོན་པ་རྡོ་རྗེ་སེམས་དཔའ་ཨོ། །རབ་བསྟན་ནོ་ཞེས་པ་ནི་བྱང་ཆུབ་སེམས་ཆོས་ཀྱི་དབྱིངས་ཀྱི་རིམ་པ་བཤད
ཟིན་ཏོ། །ཞེས་པའི་ཐ་ཚིག་གོ་།ལྷ་མོ་བཞིས་ཡོངས་སུ་ཞུས་པའི་ལས་ཞེས་པ་ནི་གོང་མ་དང་མཐུན། གཉིས་པའོ་ཞེས་པ་ནི་དང་པོའི་འོག་མའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པའི་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།
ད་ནི་ལེའུ་གསུམ་པ་ལ། ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་བསྡུ་བ་ལྷ་མོ་ན་བཟའ་དཀར་མོས་ཞུས་པ། །དེ་ནས་གོས་དཀར་མོS་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ལེའུ་གཉིས་པ་དང་གསུམ་པ་ལ་མགོ་འཇུག་འབྲེལ་བའི་ཚིག་གོ་།ལྷ་མོ་ཞེS
པ་ནི་བཤད་ཟིན་ཏོ། །དེ་ནས་གོས་དཀར་མོས་ཞེས་པ་ནི་རྒྱུད་གཞན་གྱི་ནང་ནས་སྐུ་མདོག་དཀར་བའི་ཕྱིར་རོ། །ཡང་ན་ལྷ་མོའི་ནི་བཟའ་ཁ་དོག་དཀར་བ་བསྣམས་པ་ལ་བཏགས་པའི་མཚན་ཏེ། འདུལ་བ་ལ་གོས་དཀར་ཅན་གྱི་སྟེ། ཞེས་པ་བཏགས་པ
བཞིན་ནོ། །ཡན་ལག་ཀུན་གྱིས་བཏུད་ནས་སུ་ཞེས་པ་ནི་ལུས་ཀུན་ས་ལ་བརྐྱང་ནས་ཕྱག་བྱ་སྟེ། ཤིན་ཏུ་རབ་ཏུ་སྟོན་པ་པོ་བཀུར་བའི་ཕྱིར་རོ། །ཐལ་མོ་སྙིམ་པར་སྦྱར་བྱས་ཏེ་ཞེས་ནི་ལན་གསུམ་བསྐོར་བ་བྱ་བ་ནས་མདུན་དུ་བུས་མོའི་ལྷ་ལས་ལ་གཙུགS་ཏེ
སྙིང་གར་སྙི་མཁའ་ཨི་ཐལ་མོ་སྦྱར་ནས། རྡོ་རྗེ་སེམས་དཔའ་ལ་གསོལ་བ་ཞེས་པའོ། །ཞུ་བའི་རིམ་པ་དེ་ནི་ལྷ་མོ་གཞན་ལ་ཡང་ཤེས་པར་བྱའོ། །གསོལ་བའི་ཆོས?་ནི་ཆོས་ཀྱི་དབྱིངས་ཀྱི་བསྡུ་བ་དང་ཞེས་པ་ནས། ཐུབ་པ་ཆེན་པོས་བཀའ་སྩོལ་མཛོད
བྱ་བའི་དོན་ཏོ། །སྒྲུབ་པའི་དུས་བསྟན་པ། ཚེས་བརྒྱད་དང་ནི་བཅུ་བཞི་ལ་ཞེས་པ་སྟེ་གོ་སླའོ། །རིལ་བུ་རྣམས་ནི་བྱས་ནས་ནི། ཞེས་པ་ནི་གོང་དུ་གསུངས་པའི་ཚད་དང་རིལ་བུ་དྲིལ་བའོ། །པདྨའི་སྣོད་ཞེས་པ་ནི་པནདྷའོ། །
དེ་ལ་བཀའ་ནས་རིལ་བུ་བཞག་བྱས་ཏེ། སྟོང་ཕྲག་བརྒྱད་ནི་བཟླ་བར་བྱ་ཞེས་པ་སྟེ། ཨོཾ་ཨཱ:ཧཱུཾ་སྟོང་ཕྲག་བརྒྱད་བཟླས་ནས་བྱིན་གྱིས་བརླབ་པའོ། །མཚམས་བཞི་ལ་ནི་བསྒོམ་བྱས་ནས་ཞེས་པ་ནི་སྔ་དྲོ་དང་ཉིན་ཕྱེད་དང། ཕྱི་དྲོ་དང། ནམ
ཕྱེད་ལ་གོང་མ་བཞིན་དུ་སྦྱང་བ་དང། དག་པའི་བསྒོམ་པའོ། །དེ་ལྟར་བསྒོམས་ཟིན་མ་ཐག་ཏུ་དུས་བཞི་ལ་རིལ་བུ་རེ་རེ་རྒྱུན་མི་འཆང་པར་བཟའ་བ་ནི། ཉིན་དང་མཚན་དུ་བཟའ་བར་བྱ་ཞེས་སོ། །ད་ནི་དེའི་ཡོན་ཏན་གསུངས་པ་། དེ
ནི་བསྐལ་པའི་ཐ་མར་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནི་ཞེས་པ་ནི་རི་ལུ་ཟོས་པའི་རྣལ་འབྱོར་པའོ། །བསྐལ་པའི་ཐ་མར་ཡང་ཞེས་པ་ནི་གངས་མེད་པའི་བསྐལ་པ་མཛའ་ཡས་པའོ། །དངོས་གྲུབ་རྒྱས་པར་འགྲོ་བ་སྟེ། ཞེས་པ་ནི་རིལ
བུ་ལ་བརྟེན་ནས་མི་གནས་པའི?་མྱ་ངན་ལས་འདས་པར་འགྲོ་བའོ། །གཟི་བརྗིད་ཅེས་པ་ནི་འོད་ཟེར་དང་ལྡན་པའོ། །མདངས་དང་ཅེས་པ་ནི་གསེར་བཙོ་མའི་སྐུ་མདོག་ཏུ་གྱུར་པའོ། །སྟོབས་ཞེས་པ་ནི་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པའོ། །སྲེད
མེད་ཀྱི་བུའི་སྟོབས་ནི་འདི་ལྟ་སྟེ། གླང་པོ་ཆེ་ཕལ་པ་བཅུའི་སྟོབས་ནི་སྤོས་ཀྱི་གླང་པོ་ཆེའི་སྟོབས། སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་ནི་གཅེར་བུ་ཆེན་པོའི་སྟོབས་། གཅེར་བུ་ཆེན་པའི་སྟོབས་བཅུ་ནི་ཕུང་པོའི་སྟོབས། །ཕུང་པོའི་སྟོབས་བཅུ
ནི་ཡན་ལག་མཆོག་གི་སྟོབས་དེ་བཅུན་སྟོབས་མཆོག་། དེ་བཅུ་ནི་སྲེད་མེད་ཀྱི་བུའི་སྟོབས་ཞེས་བྱའོ། །བརྩོན་འགྲུས་ཞེས་པ་ནི་དགེ་བ་ལ་བྲོད་པའོ། །དེ་ཡང་གསུམ་སྟེ། སྦྱོར་བའི་བརྩོན་འགྲུས་དང། གོ་ཆའི་བརྩོན་འགྲུས་དང། མི
འགོད་མི་ལྡོག་ཆོག་པར་མི་འཛིན་པའི་བརྩོན་འགྲུས་སོ། །ལྔ་པ་ལ་ནི་སྨོན་ལམ་ཡང་ཞེས་པ་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་བར་འདོད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། རང་གི་ཚོགས་ལ་རབ་ཏུ་འབྲེལ་པའི་སྨོན་ལམ་དང། སེམས་ཅན་བྱེ
དོན་ལ་རབ་ཏུ་འབྲེལ་པའི་སྨོན་ལམ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེ་བའི་སྨོན་ལམ་དང་གསུམ་མོ། །མངོན་པར་ཤེས་པ་ལྔ་ཞེས་པ་ནི་ལྷའི་མིག་དང། ལྷའོ་རྣ་བ་རང། ཕ་རོལ་གྱི་སེམས་ཤེས་པ་དང། སྟོན་གྱི་གནས
རྗེས་སུ་དྲན་པ་དང། འཆི་འཕོ་དྲན་པའི་ཤེས་པ་དང། རྫུ་འཕྲུལ་བྱ་བའི་ཤེས་པའོ། །དེ་ལ་ལྷའི་མིག་དང་རྣ་བ་ནི་ཀུན་རྫོབ་ཀྱི་ཤེས་པ་སྟེ། བསྒྲིབས་པ་དང། བསྲིངས་པ་དང། ཕྲ་བ་ཐམས་ཅད་སྤྱོད་ཡུལ་ཉིད་ཀྱི་ཕྱིར་རོ། །ཕ་རོལ་གྱི་སེམས་ཞེས
པ་ནི། ཆོས་དང། རྗེས་སུ་དང། ལམ་དང། ཀུན་རྫོབ་དང། ཕ་རོལ་གྱི་སེམས་ཤེས་པ་རྣམས་ཏེ། བསྟེན་པའི་ཆོ་འཕྲུལ་ཆེན་པོའི་ཕྱིར་རོ། །མངོན་གྱི་གནས་དང་འཆི་འཕོ་རྗེས་སུ་དྲན་པའི་ཤེས་པ་ནི་ཀུན་རྫོབ་ཀྱི་ཤེས་པ་སྟེ། ཚེ་སྔོན་གྱི་མ
རིག་པ་དང་ཆོ་ཕྱི་མའི་མ་རིག་པ་བཟློག་པའི་ཕྱིར་རོ། །རྫུ་འཕྲུལ་བྱ་བའི་ཤེས་པ་ནི་ཀུན་རྫོབ་ཀྱི་ཤེས་པ་སྟེ། ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་པའི་ཕྱིར་རོ། །རྫུ་འཕྲུལ་དེ་ཡང་རྣམ་པ་གཉིས་ཏེ། འགྲོ་བ་དང་སྤྲུལ་པའོ། །དེ་ལ་འགྲོ་བ་ཡང་གསུམ་སྟེ
ཕྱིན་ཕྱེད་དང། མོས་པ་ལས་བྱུང་བ་དང། ཡིད་མགྱོགས་པའོ། །དེ་གསུམ་ལ་དེ་བཞིན་གཤེགས་པའི་ཡིད་མགྱོགས་པ་མ་གཏོགས་པ་འདིར་གཉིས་ཐོབ་བོ། །རྫུ་འཕྲུལ་ནི་གཅིག་ལས་དུ་མར་གྱུར་པ་དང། དུམ་ལས་གཅིག་དུ་གྱུར
པ་ལྟ་བུ་སྟེ། འདོད་ཁམས་ལ་གཏོགས་པ་དང། གཟུགས་ཁམས་ལ་གཏོགས་པ་གཉིས་སོ། །ཐོབ་པ་ཞེས་པ་ནི་གོང་གི་གཟི་བརྗིད་ནས་མངོན་པར་ཤེས་པའི་བར་དུ་ཡོན་ཏན་མངོན་དུ་གྱུར་པའོ། །དེ་དག་གང་ལས་མངོན་དུ་གྱུར་པ
ཡིན་ཞེ་ན། རིལ་བུ་ཆེན་པོ་ཟོས་ཕྱིར་རོ། །ཞེས་པ་སྟེ། གོང་གི་རིལ་བུ་ཟོས་པའི་ཡོན་ཏན་ཞེས་པའི་ཐ་ཚིག་གོ་།དེ་བཞིན་རིག་པའི་སྔགས་རྣམས་ཀྱང་ཞེས་པའི་ལན་བཏབ་པ། རྫས་ཀྱི་བསྒྲུབ་པ་ཞེས་པ་ནི་སོགས་པ
སྟེ། རྫས་ཀྱི་དངོས་གྲུབ་ནི་བཤད་ཟིན་ན། ཀྱེ་བཅོམ་ལྡན་འདས་ད་ནི་རིག་པའི་སྔགས་རྣམས་བདག་ལ་སྩོལ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་རིག་པའི་སྔགས་བསྟན་པ། ཨེ་ཡིག་དང་ནི་ཞེས་པ་ལྔ་སོགས་པ་སྟེ། དེ་ལ་ཨེ་ཡིག
དང་ནི་ཞེས་པ་ནི་ཡི་གེ་རཾ་ལས་བསྐྱེད་པའི་ཟུར་གསུམ་པ་མེའི་དཀྱིལ་འཁོར་རོ། །བཾ་ཡིག་དང་ཞེས་པ་ནི་ཡི་གེ་བཾ?་ལས་སྐྱེད་པའི་ཟླུམ་པོ་ཆུའི་དཀྱིལ་འཁོར་རོ། །ལཾ་ཡིག་ཅེས་པ་ནི་ཡི་གེ་ལཾ་ལས་བསྐྱེད་པ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞིའོ། །
དབུས་སུ་ཡང་དག་གནས་ཞེས་པ་ནི་མེའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་རཾ། ཆུའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་རཾ། དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ལཾ་དགོད་པའོ། །དང་པོ་མདོག་ནི་དམར་པོ་སྟེ་ཞེས་པ་ནི་མེའི་དཀྱིལ་འཁོར
དང་ས་བོན་རཾ་གྱི་ཁ་དོག་གོ་། གཉིས་པ་ཡི་ནི་མདོག་དཀར་བ་ཞེས་པ་ནི་ཆུའི་དཀྱིལ་འཁོར་དང་ས་བོན་བཾ་གི་ཁ་དོག་གོ་།གསུམ་པ་ཁ་དོག་སེར་བ་ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དང་ས་བོན་ལཾ་གྱི་ཁ་དོག་གོ་།དེ་རྣམས་གང་འགུག་པར་བྱེད་པཱི
བུད་མེད་ཀྱི་བྷ་གའི་དབུས་སུ་བརྩེགས་པར་བསྒོམས་པར་བྱ་ཞེས་སོ། །དཀྱིལ་འཁོར་དེ་དག་ཀྱང་ཇི་ལྟར་བསྒོམ་ཞེ་ན། འཁོར་ལོ་ལྟར་ནི་བསྐོར་བ་ནི་ཞེས་པ་སྟེ། རྫ་མཁན་གྱི་འཁོར་ལོ་ཇི་ལྟར་མྱུར་བར་འཁོར་བ་དེ་བཞིན་དུ་མེའི་དཀྱིལ་འཁོར་ལ་སོགས
པ་བྷ་གའི་ནང་དུ་འཁོར་བ་བསྒོམ་པའོ། །དུས་གང་དུ་ཞེ་ན། ཉིན་ཕྱེད་དང་ནི་མཚན་ཕྱེད་ལ་ཞེས་པ་སྟེ། ཉིན་ཕྱེ་དང་མཚན་ཕྱེད་ལ་སེཾས་ཅན་ཐཾས་ཅད་སེམས་ཀྱི་སྟོབS་ཉམས་པས་དབང་དུ་བྱས་པའི་དུས་ཡིན་པའི་ཕྱིར་རོ། །དེའི་ཡོན་ཏན་བསྟན་པ། རིག་པ་དེ་ནི་ཞེས་པ་ལ་སོགས
པ་སྟེ། དེ་ལ་རིག་པ་དེ་ནི་ཞེས་པ་ནི་གོང་གི་མེའི་དཀྱིལ་འཁོར་ལ་སོགས་པ་སྟེ། བུ་མོ་འགུགས་པའི་ལས་བྱེད་པའི་ཕྱིར་རོ། །རབ་འབྱོར་ན་ཞེས་པ་ན་བྷ་གྲའི་ནང་དུ་བསྒོམ་པའོ། །དེ་ནི་སྐད་གཅིག་ཁོ་ནར་འགྲུབ་ཅེས་པ་ནི་མྱུར་བར་འགྲུབ
པའི་ཐ་ཚིག་སྟེ། དེ་ལ་དེའི་སྐད་ཅིག་མ་ནི་སྐད་ཅིག་མ་རྒྱ་ཉི་ཤུའི་དུས་ཀྱི་ཚད་སེ་གོལ་ལན་གཉིས་གཏོགས་པ་ལ་སྐད་ཅིག་མ་བརྒྱད་ཀྱིས་མཆོག་པའོ། །བསྒྲུབ་པའི་དངོས་བསྟན་པ། ལྷ་མོ་ལྷ་མིན་བུ་མོ་འམ་ཞེས་པ་ནི་དེ་ལ་ལྷ་མོ་ཞེས
པ་ནི་བཤད་ཟིན་ཏོ། །ལྷ་མིན་བུ་མོ་ཞེས་པ་ནི་རིན་པོ་ཆེའི་འོད་ལ་ལོངས་སྤྱོད་པའི་ཕྱིར་རོ། །འམ་ཞེས་པ་ནི་རྣམ་གྲངས་བསྟན་པའོ། །མིའི་ཞེས་པ་ནི་ཤེས་པ་ལས་བྱུང་བའི་ཕྱིར་ན་མི་སྟེ། དེ་ལས་སྐྱེ་བའི་མོའི་རིགས་ནི་མིའི་བུ་མོའི
ཞེས་སོ། །དེ་ཡང་རྣམ་པ་བཞིས་ཞེས་པ་ནི་པདྨ་ཅན་དང། དུང་ཅན་མ་དང། རི་མོ་ཅན་མ་དང། གླང་པོ་ཆེ་ཅན་མའོ། །དེ་ལ་པདྨ་ཅན་མ་ནི་པདྨའི་དྲི་བྲོ་བ་དང། ངོ་ཟླུམ་པ་དང། སྣ་རྩེ་ཏིལ་གྱི་མེ་ཏོག་འདྲ་བ་དང། སེན་མོ་དམར་བ་དང།
རྒྱབ་ཅུང་སྒུར་བ་དང། རྐང་ཐིལ་ཀུན་གྱིས་ས་ལ་རེག་པ་དང། ནུ་མ་ཏིལ་གྱི་ཤིང་ཏོག་དང་འདྲ་བ་དང། བ་སྤུ་འཁྱིལ་བ་དང་ལྡན་པའི་སོར་མོ་ཅན་གསུས་པའི་གཉེར་མ་གསུམ་དང་ལྡན་པ་དང། བྲང་མཛེས་པ་དང། གླང་པོ་ཚེ་ལྟར
དལ་བུས་འགྲོ་བ་སྟེ། དེ་རྣམས་གྱི་མཚན་ཉིད་དོ། །དུད་ཅན་མ་ནི་བ་ཚའི་དྲི་བྲོ་བ་དང། སྐྲ་རིང་བ་དང། སྣ་རིང་བ་དང། ནུ་མ་ཚ་ལ་ཤིང་ཏོག་ན་རང་འགའ་འདྲ་བ་དང། འོ་མ་དང། ཞོ་ལ་སྲེད་པ་རྣམས་ཀྱི་མཚན་ཉིད་དོ། །རི་མོ་ཅན་མ་ནི
ཤའི་དྲི་བྲོ་བ་དང། ལུས་ཆུང་བ་དང། བརླ་མཛེས་དང། ཤིང་ཏོག་ཤིང་པ་ལ་ལྟ་བུའི་ནུ་མ་དང། ངོ་ཚ་མི་ཤེས་པ་དང། ཁྲོ་འདོད་པ་དང། རྟག་ཏུ་འཐབ་མོ་ལ་དགའ་བ་དང། རྗེ་དར་བྱ་རོག་དང་འདྲ་བ་དང། ཕྱི་རྒན་དུ་ཉལ་བ་དང། མཆུ་འཆང
བ་དང། ཕུག་རོན་གྱི་སྐད་འདྲ་བ་དེ་རྣམས་ཀྱི་མཚན་ཉིད་དོ། །གླང་པོ་ཆེ་ཅན་མ་ནི། ཆང་གི་དྲི་བྲོ་བ་དང། བྱིན་པ་སྦོམ་པ་དང། སྣ་ཡོ་བ་དང། མདོག་རྡུལ་སྐྱ་བ་དང། དྲི་ང་བ་དང། ལུས་སྡོམ་པ་དང། སྤྱོད་བརྩོམ
པ་དེ་རྣམས་ཀྱི་མཚན་ཉིད་དོ། །སའི་དཀྱིལ་འཁོར་ཀུན་ཏུ་ནི་ཞེས་པ་ནི་ས་འོག་སྔ?་ས་སྟེང་དང་ས་བླའོ། །སྔགས་ཀྱིས་བཀུག་ནས་སྤྱད་པར་བྱ་ཞེས་པ་ནི་གོང་དུ་གསུངས་པའི་སྔགས་ཀྱི་མཐུ་ཡིས་བཀུག་སྟེ། བུ་མོ་ཐམས་ཅད་སྤྱད་པར་བྱའོ་ཞེས
པའི་ཐ་ཚིག་གོ་། དཀྱིལ་འཁོར་རྣམས་ནི་བཏགས་པ་དང་ཞེས་པའི་ལན་བཏབ་པ། བསྒོམ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བསྒོམ་པ་ཞེས་པ་ནི་གོང་དུ་མེའི་དཀྱིལ་འཁོར་ལ་སོགས་པ་བསྒོམ་པའོ། །དེ་བཞིན་རིག་པའི་སྔགས་ཤེས་པ་ནི
རཾ་དང་བཾ་དང་ལམ་དང། དེ་དག་གི་མན་ངག་ཏུ་།ཀྱེ་ལྷ་མོ་བདག་གིས་བཤད་པ་ཟིན་བྱས་ཏེ་ཞེས་སོ། །ད་ནི་དཀྱིལ་འཁོར་རྣམས་ནི་བཤད་པར་བྱ། དགའ་མ་སེམས་ཀྱིས་རྩེ་གཅིག་ཉོན་ཞེས་པ་སྟེ་། བཤད་པར་དམ་བཅས་པའི་ཚིག་གོ་།
དེ་ལ་དགའ་མ་ཞེས་པ་ནི་ལྷ་མོ་སྒྲོལ་མ་བོད་པའི་ཚིག་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་ལ་བྱོན་པའི་ཕྱིར་རོ། །སེམས་ཀྱིས་རྩེ་གཅིག་ཞེས་པ་ནི། བུམ་པ་ཁ་མར་ཕུག་པ་ལྟ་བུའི་སྐྱོན་དང། བུམ་པ་ཞབས་རྡོལ་བ་ལྟ་བུའི་སྐྱོན་དང། བུམ
པ་མི་གཙང་པས་གང་པ་ལྟ་བུའི་སྐྱོན་གསུམ་སྤངས་ནས། དད་པ་དང། བརྩོན་འགྲུས་དང། ཡང་དག་བའི་ལྟ་བ་གསུམ་དང་ལྡན་པར་ཉོན་ཞེས་པ་སྟེ། གནང་བའི་ཚིག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བསྟན་པ། དཀྱིལ་འཁོར
ལུས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དཀྱིལ་འཁོར་ལུས་ཞེས་གསུངས་པ་སྟེ་ཞེས་པ་ནི་ཕུང་པོ་ལྔ་རིགས་ལྔར་བསྟན་པ་དང། འོག་ཏུ་བཤད་པས་འདིར་མ་བཀྲལ་ལོ། །དཀྱིལ་འཁོར་བྷ་གར་བསྟན་པ་ཡིན་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཨ
གྲུ་གསུམ་གྱི་ནང་དུ་བསྒོམ་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བྱང་ཆུབ་སེམས་དང་ནི་ཞེས་པ་ནི་ལྷག་པའི་བྱང་ཆུབ་སེམས་ལས་བསྐྱེད་པའི་ས་བོན་ལས་གསང་པའི་པདྨའི་ནང་དུ་བསྒོམ་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གསུམ་དུ?
བཏགས་པ་ཡིན་ཞེས་པ་ནི་དེ་ལྟར་ལུས་དང། བྷ་ག་དང། བྱང་ཆུབ་སེམས་ཀྱི་འཁོར་གསུམ་ཁོ་ན་གཉིས་དང་བཞི་མ་ཡིན་པར་གསང་བའི་རྒྱུད་ལས་ཡང་དག་པར་བརྟོགས་སོ་ཞེས། །དཀྱིལ་འཁོར་མིང་ཇི་ལྟར་བཏགས་ཤེ་ན་གསུངས་པ
བཏགས་པ་རྣམས་ཀྱང་འདུས་པ་སྟེ་ཞེས་པ་སྟེ། དཀྱིལ་འཁོར་མིང་བཏགས་པ་ནི། སྙིང་པོ་འདུས་པའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་སྣང་བ་ལས་ཀྱང་གསུངས་པ། སྙིང་པོ་འདུས་ཕྱིར་དཀྱིལ་འཁོར་རོ་ཞེས་སོ། །སྙིང་པོ་གང་ཞེ་ན། གསུངས་པ།
གང་དུ་གཙོ་བོ་བསྐྱོད་པར་བྱེད་ཅེས་པ་སྟེ། དེ་ལ་གང་དུ་ཞེས་པ་ནི་གནས་གང་དང་གང་དུའོ། །གཙོ་བོ་ཞེས་པ་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའ་སྟེ། སྣང་བའི་སྒོ་ནས་ཀུན་ནས་ཀུན་ཏུ་ཁྱབ་པའོ། །བསྐྱོད་པར་བྱེད་ཅེས་པ་ནི་རྒྱུ་པའོ། །དེའི
དོན་ནི་འདི་ལྟ་སྟེ། རྡོ་རྗེ་སེམས་དཔའ་ཨི་ངོ་བོ་རིགས་ལྔ་ལ་སོགས་པའི་ལྷ་དང་ལྷ་མོའི་འདོད་པའི་འབྲས་བུ་མྱ་ངན་ལས་འདས་པ་སྨིན་པར་བྱེད་བས་ན་སྙིང་པོར་འདོད་དེ། དེ་དག་གང་དང་གང་དུ་འདུས་པ་དེ་དང་དེ་ནི་དཀྱིལ་འཁོར་ཞེས
མིང་བཏགས་པའི་ཐ་ཚིག་གོ་། ད་ནི་ལུས་ཀྱི་དཀྱིལ་འཁོར་བཅོམ་ལྡན་འདས་ཉིད་ཀྱིས་རྒྱས་པར་བསྟན་པ། ཕུང་པོ་རྣམས་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕུང་པོ་རྣམས་ནི་སངས་རྒྱས་གསུངས་ཞེས་པ་ནི་ཕུང་པོ་ལྔ་རིགས་ལྔར་སྒོམ་པའོ།།
འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དེ་དེ་ལ་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་འཕོ་བའི་སྦྱོར་བ་ཡིས་ཕྲ་མོའི་ཡེ་ཤེས་དང་པོའི་སྦྱོར་བ་དེ་བཞིན་གཤེགས་པའི་སེམས་སོ། །དེ་ལྟར་གསང་ཆེན་ཐམས་ཅད་རྒྱུད
ལས་གསུངས་པ། སེམས་ཀྱིས་ཕྲ་མོ་སྦྱོར་བ་ཡིས་།ཡེ་ཤེས་ཕྲ་མོ་དང་སྦྱོར་བ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྣམ་པར་སྣང་མཛད་ཞེས་སུ་འདོད་ཅེས་སོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང?
ལྡན་ཏེ། དེ་ལ་རིན་ཆེན་འབྱུང་ལྡན་ནི་སྙིང་རྗེ་འཕྲོ་བའི་སྦྱོར་བ་ཡིས་སེཾས་ཅན་གྱི་དོན་བྱེད་པ་དང་ལྡན་པའི་སེམས་སོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུ་ལས་གསུངས་པ། སྙིང་རྗེ་འཕྲོ་བའི་སྦྱོར་བ་ཡིས། ཐམས་ཅད་ཕན་དོན་བྱེད་པའོ། །སེམས་ཅན་དེ་ནི
དང་ལྡན་སེམས་ནི། རིན་ཆེན་འབྱུང་ལྡན་ཞེས་གསུངས་སོ་ཞེས་སོ། །འདུ་ཤེས་ཀྱི་ཕུང་པོ་ནི་སྣང་བ་མཛའ་ཡས་ཏེ། དེ་ལ་སྣང་བ་མཛའ་ཡས་ནི་དགའ་བ་སྦྱོར་བའི་འགྲོ་བ་ཡིས་རང་བཞིན་གྱིས་འོད་གསལ་བ་དག་པའི་སེམས་སོ། །དེ་ལྟར
ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། དགའ་བ་འཕྲོ་བའི་སྦྱོར་བ་ཡིས། །ཐེག་ཆེན་དྲི་མ་མེད་པའི་མཆོག་།རིང་བཞིན་འོད་གསལ་དག་སེམས་ནི། སྣང་བ་མཛའ་ཡས་དེ་གསུངས་སོ། །ཞེས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་དོན
ཡོད་གྲུབ་པ་སྟེ། དེ་ལ་དོན་ཡོད་གྲུབ་པ་ནི་བཏང་སྙོམས་འཕྲོ་བའི་སྦྱོར་བ་ཡིས་གདོད་མི་ཟ་བར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་སེམས་སོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། བཏང་སྙོམས་འཕྲོ་བའི
སེམས་ཀྱིས་ནི། །སེམས་ཅན་ཐམས་ཅད་ཤེས་བྱེད་པ། །ཐོགས་མེད་བླ་མེད་དོན་བྱེད་པ། །དོན་ཡོད་གྲུབ་པ་དེ་གསུངས་སོ་ཞེས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་བསྐྱོད་པ་སྟེ། དེ་ལ་མི་བསྐྱོད་བ་ནི། བྱམས་པ་འཕྲོ་བའི་སྦྱོར་བ་ཡིས
ཟག་པ་མེད་པ་བརྟན་པར་གྱུར་པའི་བརྟན་པའི་སེམས་སོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། བྱམས་པ་འཕྲོ་བའི་སྦྱོར་བ་ཡིས། །མཆོག་གི་སྤྱོད་པ་སྤྱོད་བྱེད་ལ། །ཟག་པ་མེད་པར་བརྟན་འགྱུར་བའི། །
སེམས་ནི་མི་བསྐྱོད་པར་གསུངས་སོ་ཞེས་སོ། །དེ་ལྟར་ཕུང་པོ་ལྔ་སེམས་ལས་གཞན་མེད་བའི་ཕྱིར་རོ། །སེམས་དེ་དག་ནི་རིགས་ལྔར་གསུངས་སོ། །དེ་ལྟར་ཡང་འཕགས་པ་ས་བཅུ་པ་ལས་གསུངས་པ། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་ཡང་སེམས་ཙམ་མོ། །དུས
གསུམ་ཡང་སེམས་ཙམ་མོ། །ཕུང་པོ་ལྔ་ཡང་སེམས་ཙམ་མོ་ཞེས་སོ། །འབྱུང་བ་རིག་མར་བཏགས་པའོ། །ཞེས་པ་ལ་འབྱུང་བ་ནི་ས་དང་ཆུ་དང་མེ་དང་རླུང་སྟེ། རང་རང་གི་མཚན་ཉིད་ཉེ་བར
བླངས་ནས་གཟུགས་འཛིན་པའོ། །རིག་མར་ཞེས་པ་ནི་སྤྱན་པ་དང། མཱ་མ་ཀཱི་དང། ན་བཟའ་དཀར་མོ་དང། སྒྲོལ་མ་སྟེ། ཞི་བ་ལ་སོགས་པའི་ལས་བྱེད་པའི་ཕྱིར་རོ། །འདི་ལྟ་སྟེ། ས་ནི་སྤྱན་མ་སྟེ། བྱང་ཆུབ་སེམས་ཀྱི་མཐུས
སངས་རྒྱས་ཉིད་དུ་ཕྱིན་པའི་བདག་ཉིད་དོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་ལས་གསུངས་པ། བྱང་ཆུབ་སེམས་ཀྱི་མཐུ་ཡིས་ནི། སངས་རྒྱས་ཉིད་དུ་ཕ་རོལ་ཕྱིན། །ཐོབ་པའི་ཕ་རོལ་ཕྱིན་ཞེས་པ། །སེམས་མའི་རྡོ་རྗེ་མ་ཞེས་བཏགས
ཞེས་སོ། །འདིར་ནི་སྤྱན་མ་ལ་ཤེས་པར་བྱ་སྟེ། སྤྱན་མ་དང། སེམས་མའི་རྡོ་རྗེ་མ་གཉིས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གཅིག་པའི་ཕྱིར་རོ། །ཆུ་ནི་མཱ་མ་ཀཱི་སྟེ། བསྡུ་བའི་དངོས་པོ་བཞི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ།།
དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། བསྡུ་བའི་དངོས་པོ་བཞི་རྣམས་ལ། །ཤེས་རབ་ཕ་རོལ་ཕྱིན་དགེ་བ། །ཆོས་བཞི་གཅིག་ཏུ་འབྱུང་པ་ནི། །རིན་ཆེན་རྡོ་རྗེ་མ་རུ་འདོད་ཅེས་སོ། །འདིར་ཡང་མཱ་མ་ཀཱི་ལ་ཤེས་པར་བྱ
སྟེ། མཱ་མ་ཀཱི་དང་རིན་ཆེན་རྡོ་རྗེ་མའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གཅིག་པའི་ཕྱིར་རོ། །མེ་ནི་ནམ་བཟའ་དཀར་མོ་སྟེ། དེ་ཁོ་ན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། གསང་བའི
ཆོས་ཀྱི་ཐེག་ཆེན་ལ། །དེ་ཉིད་ཕ་རོལ་ཕྱིན་དགེ་བ། །ཕ་རོལ་ཕྱིན་ཞེས་འབྱུང་པ་ནི། །ཆོས་ཀྱི་རྡོ་རྗེ་མ་རུ་འདོད་ཅེས་སོ། །འདིར་ཡང་ན་བཟའ་དཀར་མོ་ལ་ཤེས་པར་བྱ་སྟེ། ན་བཟའ་དཀར་མོ་དང་ཆོས་ཀྱི་རྡོ་རྗེ
མ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གཅིག་པའི་ཕྱིར་རོ། །རླུང་ནི་སྒྲོལ་མ་སྟེ། །རྡོ་རྗེ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཕ་རོལ་ཕྱིན་བཞི་རྒྱལ་མོ་སྟེ། །རྡོ་རྗེ་ཕ་རོལ་ཕྱིན་པ
དགེ་། སྦྱོར་བའི་བཅས་ལ་བཏགས་པ་ནི། །ལས་ཀྱི་རྡོ་རྗེ་མ་ཞེས་འདོད་ཅེས་སོ། །འདིར་ཡང་སྒྲོལ་མ་ལ་ཤེས་པར་བྱ་སྟེ། སྒྲོལ་མ་དང་ལས་ཀྱི་རྡོ་རྗེ་མ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གཅིག་པའི་ཕྱིར་རོ། །ཆགས་པ་ལྕགས་ཀྱུ་ཁོ་ན་སྟེ
ཞེས་པ་ནི་རིགས་ལ་སོགས་པ་ལྔའི་སྒོ་ནས་དབྱེར་མེད་པའི་ཐབས་ཆེན་པོས། སྤྱོད་ཡུལ་འཛིན་པའི་སེམས་ནི་རྡོ་རྗེ་ལྕགས་ཀྱུ་མའོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། འདོད་དགུ་ལ་ནི་ཐབས་ཆེ་བ། རྡོ་རྗེ་ལྕགས
གྱུ་ལས་འདོད་དོ་ཅེས་སོ། །ཞགས་པ་པདམོར་ཆུད་བྱེད་པ་ཞེས་པ་ནི་འཁྲིག་པའི་འདོད་ཆགས་ལ་སྲེད་པའི་སྒོ་ནས་མ་ཡིན་པ་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སྤྱོད་པའི་སྒྲོ་ནས་པདྨ་ལ་གསང་བའི་རྡོ་རྗེ་བཅུག་པའི
སེམས་ནི་རྡོ་རྗེ་ཞགས་པའོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། སྤྱོད་པ་བྱང་ཆུབ་ཏུ་སྤྱོད་པ། རྡོ་རྗེ་ཞགས་པ་ཞེས་འདོད་དོ་ཞེས་སོ། །ཁ་ཕྲད་པ་ནི་སྒྲོག་ཡིན་བར་ཞེས་པ་ནི་རྣལ་འབྱོར་པ་དང། རྣལ་འབྱོར་མས་བྱང་ཆུབ
ཀྱི་སྤྱོད་པ་བསྒོམ་པ་ལས་སེམས་མི་གཡོ་པར་ཁ་ཕྲད་པ་ནི་རྡོ་རྗེ་སྒྲོག་གོ་། དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། །གང་ཞིག་དེ་ལ་བརྟན་པ་གང། །རྡོ་རྗེ་སྒྲོག་ཅོས་འདོད་པའོ་ཞེས་སོ། །སྒྲ་གྲག་པ་ནི་དྲིལ་བུ་བཤད
ཅེས་པ་ནི་ཆོས་ཐམས་ཅད་ནི་མི་སྐྱེ་བ་ཡིན་ནོ་ཞེས་པའི་སྔགས་ཀྱི་སྒྲ་བརྗོད་ནས། །ཐབས་དང་ཤེས་རབ་རོལ་པ་ནི་རྡོ་རྗེ་དྲིལ་བུའོ། །བཟླས་པའི་སྔགས་ནི། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨམཱ་ཎི་ཨ་བྱ་ནུདྤནྣ་ཏྭཏ་ཅེས་སོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད
རྒྱུད་ལས་གསུངས་པ། ཆོས་ཐམས་ཅད་ནི་མ་སྐྱེས་པ། །ནམ་མཁའ་དང་མཉམ་འདོད་ཞི་བ། །དེ་ལྟར་དག་ནི་སྨར་འཇུག་པ། །རྡོ་རྗེ་དྲིལ་བུ་ཞེས་འདོད་དོ་ཞེས་སོ། །སྤོས་ནི་དྲི་ཆེན་ཞེས་གསུངས་ཏེ་ཞེས་པ་ནི་གཙང་བ་དང། མི་གཙང་བ་རྣམ
པར་མི་རྟོག་པར་མཉམ་པ་ཉིད་དུ་འགྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྤོས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཐམས་ཅད་ཏུ་ནི་མཉམ་པའི་མཆོག་།ཤེས་རབ་ཕ་རོལ་ཕྱིན་པ
སྤོས་ཞེས་སོ། །མེ་ཏོག་རཀྟ་ཞེས་འདོད་དེ་ཞེས་པ་ནི་ཕྱིན་ཅི་ལོག་པའི་འདོད་ཆགས་ཀྱིས་མ་གཡོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མེ་ཏོག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། འདོད
པའི་འདམ་གྱིས་མ་གོས་པ། བསམ་གཏན་ཕ་རོལ་ཕྱིན་མེ་ཏོག་ཅེས་སོ། །མར་མེ་ཤ་རྣམས་ཁོ་ན་ཡིན་ཞེས་པ་ནི་གཙང་པ་དང། མི་གཙང་བའི་ཤ་རྣམས་ཀུན་གྱི་རྣམ་པར་རྟོག་པ་སྤངས་པ་ལ། སྨོན་པའི་རང་བཞིན་མེ་ཡིན་པའི་ཕྱིར་རོ། །དེ
ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཕྱོགས་ཀུན་ཏུ་ནི་གསལ་བྱེད་པ། སྨོན་ལམ་ཕ་རོལ་ཕྱིན་མར་མེ་ཞེས་སོ། །དྲི་ནི་བྱང་ཆུབ་སེམས་ཞེས་འདོད་ཅེས་པ་ནི་ལྷག་པའི་བྱང་ཆུབ་སེམས་དྲི་ང་བ་ན་ཡང་ཐམས་ཀྱིས་དགེ
བའི་བདེ་བར་གྱུར་པའི་རང་བཞིན་ནི་དྲི་འདོད་པའོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། དྲི་ང་བ་ཡང་དགེ་བའི་བདེ། །ཐབས་ཀྱིས་ཕ་རོལ་ཕྱིན་པའི་དྲི་ཞེས་པའོ། །སྒེག་མོའི་ལིངྒར་འདོད་པ་སྟེ་ཅེས་པ་ནི་དེ་བཞིན
གཤེགས་པ་ལ་མཆོད་པ་འབུལ་བའི་སྒོ་ནས་རྣལ་འབྱོར་པའི་དགེ་བའི་རོལ་པའི་རང་བཞིན་ནི་སྒེག་མོ་ཡིན་པའོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཅི་ཕྱིར་དགེ་བའི་རོལ་པ་ནི། སྦྱིན་པའི་ཕ
རོལ་ཕྱིན་སྒེག་མོ་ཞེས་སོ། །ཕྲེང་བ་བྷ་ག་ཁོ་ན་ཡིན་ཞེས་པ་ནི་དམ་ཚིག་ཚུལ་དང་ལྡན་པའི་རྣལ་འབྱོར་མས་དེ་བཞིན་གཤེགས་པ་རྣམས་ཐུགས་མཉེས་པར་བྱེད་པའི་རང་བཞིན་ནི་ཕྲེང་བ་མར་འདོད་པའོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལS
གསུངས་པ། བརྒྱན་པའི་ལུས་ཅན་ཡིད་འཕྲོག་སམ། ཚུལ་ཁྲིམས་ཕ་རོལ་ཕྱིར་ཕྲེང་མ་ཞེས་སོ། །དབྱངས་མ་དབུགས་སུ་བསྟན་པ་དང། ཞེས་པ་ནི་ཐབས་དང་ཤེས་རབ་རོལ་པའི་དུས་སུ་སྔགས་ཆེད་དུ་བརྗོད་པ་བཟོད་པའི་རང་བཞིན་ནི་དབྱངས་མ་ཡིན་པའི
ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། ཆེད་དུ་བརྗོད་པས་ལེགས་བརྗོད་པས། བཟོད་པའི་ཕ་རོལ་ཕྱིན་དབྱངས་མ་ཞེས་སོ། །གར་མཁན་མ་ནི་ཁ་འབྱོར་ཏེ་ཞེས་པ་ནི་སངས་རྒྱས་པར་བྱ་བའི་དོན་དུ་གཉེར་བའི་རྣལ་འབྱོར་དང་རྣལ
འབྱོར་མ་སྦྱར་ནས་ལྷ་བསྒོམ་པའི་བརྩོན་འགྲུས་ཀྱི་རང་བཞིན་ནི་གར་ཞེས་འདོད་པའི་ཕྱིར་རོ། །དེ་ལྟར་ཡང་གསང་ཆེན་ཐམས་ཅད་རྒྱུད་ལས་གསུངས་པ། མྱུར་བར་སངས་རྒྱས་ཉིད་སྦྱིན་པ། བརྩོན་འགྲུས་ཕ་རོལ་ཕྱིན་གར་མཁན་ཞེས་སོ། །དེ
ལྟ་བུའི་ལུས་ཀྱི་དཀྱིལ་འཁོར་ནི་བྷ་གའི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་ཁྱད་པར་དུ་གྱུར་བ་ལ་ནི་བཅོམ་ལྡན་འདས་ཀྱིས་བཟང་པོར་གསུངས་ཞེས་པ་སྟེ། ཤིན་ཏུ་སྦྱོར་བའི་ཡིན་པའི་ཕྱིར་རོ། །དེ་རྟོགས་པ་ནི་བསྐལ
བཟང་ཡིན་ཞེས་པ་ནི་ལུས་ཀྱི་དཀྱིལ་འཁོར་ནི་བྷ་གའི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་ཁྱད་པར་དུ་གྱུར་པ་ལ་ནི་བཅོམ་ལྡན་འདས་ཀྱིས་བཟང་པོར་གསུངས་ཞེས་པ་སྟེ། ཤིན་ཏུ་སྦྱོར་བའི་ཡིན་པའི་ཕ་ཡིར་རོ། །དེ་རྟོགས་པ་ནི་བསྐལ
དེ་རྣམས་བྱམས་པ་ལ་སོགས་ཞེས་པ་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་བྱམས་པ་ལ་སོགས་པའི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བརྒྱད་བསྒོམ་མོ་ཞེས་པའི་ཐ་ཚིག་གོ། འདི་ལྟ་སྟེ། ཀུན་གཞིའི་རྣམ་པར་ཤེས་པའི་བྱམས
པ་སྟེ། དེ་རྣམས་བྱམས་པའི་སྒོ་ནས། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །ཉོན་མོངས་པའི་ཡིད་ནི་འཇམ་དཔལ་ལོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཀུན་ཏུ་བཟང་པོའོ། །མིག་གི་རྣམ་པར་ཤེས་པ་ནི་སའི་སྙིང་པོའོ། །རྣ་བའི་རྣམ་པར་ཤེས་པ་ནི་ཕྱག་ན
རྡོ་རྗེའོ། །སྣའི་རྣམ་པར་ཤེས་པ་ནམ་མཁའ་ཨི་སྙིང་པོའོ། །ལྕེའི་རྣམ་པར་ཤེས་པ་ནི་འཇིག་རྟེན་དབང་ཕྱུག་གོ། ལུས་ཀྱི་རྣམ་པར་ཤེས་པ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །དེ་ལྟར་ནང་གི་བདག་ཉིད་གསུངས་ཞེས་པ་ནི། དེ་ལྟར་ནང་གི་ལུས་ཀྱི་དཀྱིལ་འཁོར
རྣལ་འབྱོར་དང། རྣལ་འབྱོར་མས་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའི་ཐ་ཚིག་གོ། དཀྱིལ་འཁོར་རྣམ་པ་གསུམ་ལ། གཉིས་མ་བཤད་པ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་གཞན་ནི་སྔོན་བཤད་ཟིན་ཞེས་པ་སྟེ། རྩ་བའི་རྒྱུད་ལས་བྷ་གའི
དཀྱིལ་འཁོར་དང། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྒྱས་པར་བཤད་ཟིན་པའི་ཕྱིར་རོ། །སྦྱིན་སྲེག་སོ་སོར་བྱ་བ་དང་ཞེས་པའི་ལན་བཏབ་པ། སྦྱིན་སྲེག་ལས་ནི་བཤད་པར་བྱ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྦྱིན་སྲེག་ཅེས་པ་ནི་བཤད་ཟིན་ཏོ།།
དེའི་ལས་ཞེས་པ་ནི་ལུས་ངག་གིས་བྱ་བའི་ངོ་བོའོ། །ཉོན་ཅིག་ཅེས་པ་ནི་ལྷ་མོ་སྒྲོལ་མ་ལ་བོད་པའི་ཚིག་གོ། །སྦྱིན་སྲེག་རྣམ་པ་བཞི་ཞེས་པ་ནི་ཞི་བ་དང། རྒྱས་པ་དང། དབང་དང། དྲག་པོའོ། །དེ་ལ་ཞི་བ་ནི་གནོད་པ་དང། ནང་དང། འཚེ་བ་ཞི་བར་བྱེད་པའོ།།
རྒྱས་པ་ནི་ཚེ་དང། སྲིད་དང། ལོངས་སྤྱོད་རྒྱས་པར་བྱེད་ཅིང་འཕེལ་བར་བྱེད་ངོ། །དབང་ནི་གཞན་གྱི་སེམས་པ་སྒྱུར་ཞིང་རང་གི་ཅི་འདོད་པ་བཞིན་དུ་བྱར་བཅུག་པའོ། །དྲག་པོ་ནི་གཞན་ལ་གནོད་ཅིང་ཕུང་བར་བྱེད་པའོ། །དེ་བཞི་ཡང་ཕྱི་ནང་དུ་དབྱེ་བ
གསུངས་པ། སྦྱིན་སྲེག་ཕྱི་དང་ནང་གསུངས་ཏེ་ཞེས་པ་སྟེ། དེ་ལ་སྦྱིན་སྲེག་ཕྱི་དང་ཞེས་པ་ནི་ཕྱི་རོལ་དུ་ཧོཾ་ཁུང་ལ་སོགས་པའི་སྦྱིན་སྲེག་གི་ཆོ་གའོ། །དེ་ནི་རྩ་བའི་རྒྱུད་ལས་བསྟན་ཟིན་པས་ན། །ཕྱི་ནི་སྟོན་དུ་བསྟན་པ་ཡིན་ཞེས་སོ།།
ནང་གི་སྦྱིན་སྲེག་གསུངས་པ། ཉོན་ཅིག་ཅེས་པ་ནི་སོགས་པ་སྟེ། དེ་ལ་ཉོན་ཅིག་ཁྱོད་ཀྱིས་ནང་གི་ནི་ཞེས་པ་ནི་ཀྱེ་ལྷ་མོ་སྒྲོལ་མ་ནང་གི་སྦྱིན་སྲེག་རྒྱས་པར་བཤད་ཀྱིས་ཉོན་ཅིག་ཅེས་པའི་ཐ་ཚིག་གོ། པདྨ་བཞི་རྣམས་འབྱོར་བ་ནི། ལུས་ཀྱི་དབུས
སུ་ཉེ་བར་གནས་ཞེས་པ་ནི་གསང་བ་དང། ལྟེ་བ་དང། སྙིང་ག་དང། མགྲིན་པ་བཞི་ལ་པདྨའི་གདན་རེ་རེ་བསྒོམ་པའོ། །མེ་དང་ཞེས་པ་ནི་ལྟེ་བའི་པདྨའི་སྟེང་དུ་རཾ་ལས་བསྐྱེད་པའི་ཟུར་གསུམ་པ་མེའི་དཀྱིལ་འཁོར་དམར་པོ་དཀྱིལ་དུ་ས་བོན་རཾ
གྱིས་མཚན་པ་བསྒོམ་མོ། །དེ་བཞིན་རླུང་དང་ནི་ཞེས་པ་ནི་གསང་བའི་པདྨའི་གདན་ལ་ཡཾ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ཟླ་གམ་མདོག་སྔོན་པོའི་དཀྱིལ་དུ་ཡི་གེ་ཡཾ་གྱིས་མཚན་པ་བསྒོམ་པའོ། །དབང་ཆེན་དང་ནི་ཞེས་པ་ནི། སྙིང
གའི་པདྨར་ཡི་གེ་ལཾ་ལས་བསྐྱེད་པ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་མདོག་སེར་པོ་དཀྱིལ་དུ་ཡི་གེ་ལཾ་གིས་མཚན་པ་བསྒོམ་པར་བྱའོ། །ཆུ་དེ་བཞིན་ཞེས་པ་ནི་མགྲིན་པའི་པདྨར་ཡི་གེ་བཾ་ལས་བསྐྱེད་པ་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ
དོག་དཀར་བ་དབུས་སུ་ཡི་གེ་བཾ་གྱིས་མཚན་པ་བསྒོམ་པའོ། །དེ་དག་གི་ལས་གསུངས་པ། རླུང་གིས་མེ་ལ་འབར་བར་བྱེད་ཅེས་པ་སྟེ། གསང་བའི་རླུང་གི་དཀྱིལ་འཁོར་ལས་མེའི་དཀྱིལ་འཁོར་ལ་འབུད་པའོ། །ཆུ་ཡིས་ཡོངས་སུ་སྨིན་པར་བྱེད
ཅེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་བྲོབ་བྱུང་བ་ཡིས་ཟས་ཐམས་ཅད་མགྲིན་པའི་ཆུའི་དཀྱིལ་འཁོར་ལ་སྨིན་པར་བྱེད་པའོ། །དེའི་དོན་ཁོ་ན་གསུངས་པ། དབང་ཆེན་དཀྱིལ་འཁོར་ལས་བྱུང་བ་ཞེས་སོ། །དབང་ཆེན་གྱི་དྲོད་ཇི་ལྟར་འབྱུང་ཞེ
ན། གང་དུ་མེ་ནི་བསྐྱོད་པའོ་ཞེས་པ་སྟེ། མེའི་དཀྱིལ་འཁོར་གྱི་འོད་ཀྱིས་དབང་ཆེན་གྱི་དཀྱིལ་འཁོར་ལ་རེག་པའོ། །དེ་ལྟར་དཀྱིལ་འཁོར་གྱི་གོ་རིམས་སུ་རྒྱུད་ལས་མ་བསྟན་པ་ནི་བླ་མའི་མན་ངག་ལ་བརྟེན་བར་བྱ་བའི་ཕྱིར་དང། ཤེས་རབ
ཅན་གྱི་ང་རྒྱལ་བཅག་པའི་ཕྱིར་རོ། །དེ་དག་གི་ཡོན་ཏན་གསུངས་པ། ར་ཡིག་ཅེས་པ་ལ་སོགས་པ་སྟེ་གོ་སླའོ། །སྲེག་རྫས་གསུངས་པ། གང་ཞིག་ཟས་དང་བཏུང་བ་ནི་ཞེས་པ་ནི་དེ་ལ་གང་ཞིག་ཟས་དང་ཞེས་པ་ནི་རྣལ་འབྱོར་པའི་ཟས་གཙང་བ
དང། མི་གཙང་བ་ཐུན་མོང་དུ་བཟུང་བའོ། །དེ་ལ་གཙང་བ་ནི་འབྲས་ཆན་དང། ཞོ་དང། བུ་རམ་ལ་སོགས་པ་སྟེ། འཇིག་རྟེན་པས་གཙང་བ་བཏགས་པའི་ཕྱིར་རོ། །མི་གཙང་བ་ནི་ཤ་དགུ་དང་བདུད་རྩི་ལ་སོགས་པའོ། །འཇིག་རྟེན་པས་མི་གཙང་བཏགས
པའི་ཕྱིར་རོ། །བཏུང་བ་ནི་ཞེས་པ་ནི། ཆང་དང་འོ་མ་ལ་སོགས་པའོ། །དེ་དག་ཐམས་ཅད་ཆུ་ལ་སྟེ་ཞེས་པ་ནི་ཟས་དང་བཏུང་བ་དེ་དག་ཆུའི་དཀྱིལ་འཁོར་ལ་སྦྱིན་སྲེག་བྱའོ་ཞེས་པའི་ཚིག་གོ། པདྨར་ཀྵ་ཡིག་ཁ་མར་བལྟས་བ་ནི་མགྲིན་པའི་པདྨའི་སྟེང་གི
ཆུའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་ཀྵ་མདོག་དཀར་བ་ཁ་ཐུར་དུ་ལྟ་བ་འོད་ཟེར་དུ་མར་འབར་བ་ཁ་གབ་གྱི་ཚུལ་དུ་བསྒོམ་པའོ། །སྲེག་རྫས་དེ་དག་ཡང་ཆུའི་དཀྱིལ་འཁོར་ལས་མར་བབས་ཏེ། སྙིང་གའི་པདྨར་བཙུད་པར་བྱའོ། །ལྟེ་བའི་པདྨར་འགྲོ་ཞེས་སོ།།
སྦྱིན་སྲེག་དེ་ཇི་ལྟར་བྱ་བ་ཡིན་ཞེན་ཕྱི་རོལ། ཁ་སྦྱོར་ཚུལ་གྱི་སྦྱོར་བ་ཡིས་ཤེས་པ་སྟེ། ཕྱི་རོལ་ཏུ་ཐབས་དང་ཤེས་རབ་སྦྱོར་བས་སྦྱིན་སྲེག་བྱ་བའོ། །ཡང་ཕྱི་རོལ་གྱི་སྦྱིན་སྲེག་ལ་མངོན་པར་རྟོགས་པའི་ལྷ་བསྒོམ་པ་ཇི་ལྟ་བ་བཞིན་དུ། ལུས་ཀྱི་དཀྱིལ
འཁོར་ལ་ལྷ་བསྒོམ་པ་དང་སྤྱར་ནས་སྦྱིན་སྲེག་བྱ་བའི་ཐེ་ཚིག་གོ། གསང་བའི་པདྨར་འགྲོ་མ་ཐག། ཐལ་བར་མཛའ་རུ་རྣམ་པར་བསྟན་ཞེས་པ་ནི། སྲེག་རྫས་དེ་དག་གི་བདུད་རྩིས་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚིམ་སྟེ། སྙིགས་མ་ཚིག་པར་བསྒོམ
པར་བྱ་ཞེས་པའི་ཐ་ཚིག་གོ། ཡོན་ཏན་གསུངས་པ། དེ་རྣམས་སྦྱིན་སྲེག་བདག་བཤད་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བདག་ཅེས་པ་ནི་སྟོན་པའོ། །ཚེ་འདི་ཁོ་ནར་འགྲུབ་པར་འགྱུར་ཞེས་པ་ནི། དེ་བཞིན་གཤེགས
པའི་ཞིང་ཁྱད་པར་ཅན་ལ་མཆོད་པ་དང། བསམ་པ་ཁྱད་པར་ཅན་དུ་གྱུར་པས་ཚེ་འདི་ཁོ་ན་ལ་ཆོས་མཐོང་ནས་མྱོང་བའི་འབྲས་བུར་གྱུར་པའོ། །དེ་ལྟར་ཡང་ཆོས་མངོན་པར་མཛོད་ལས་གསུངས་པ། ཞིང་དང་བསམ་པའི་ཁྱད་པར་ལས
མཐོང་ཆོས་འབྲས་བུ་ཅན་གྱིས་ལས་ཞེས་སོ། །རྒས་པ་མེད་ཅིང་ཞེས་པ་ནས། །སེམས་ཅན་ཐམས་ཅད་དགའ་བར་སྨྲ་ཞེས་པའི་བར་ནི་གོ་སླའོ། །མཐོང་བ་ཙམ་གྱིས་སྐུལ་བྱེད་དོ་ཞེས་པའི་རྣལ་འབྱོར་པ་དེ་སེམས་ཅན་གྱིས་མཐོང་བ་ཙམ
གྱིས། འཇིག་རྟེན་པ་ཐམས་ཅད་ཆགས་པར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། དེ་བཞིན་མཆོད་པའི་ཆོ་ག་ཡང་ཞེས་པའི་ལན་བཏབ་པ། སྦྱིན་སྲེག་ལས་རྣམས་བཤད་བྱས་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ལྷ་མོ་ཞེས་པ་ནི་སྒྲོལ་མ་ལ་བོད་པའི
ཚིག་གོ། མཆོད་པ་ཞེས་པ་ནི་ནང་གི་མཆོད་པ་སྟེ། བཀུར་བསྟི་བྱབའོ། །ཕྲེང་ཞེས་པ་ནི་མེ་ཏོག་གི་ཕྲེང་བའོ། །སོགས་པའི་སྒྲས་ནི་མར་མེ་གཟུང་བར་བྱའོ། །གཞན་ནི་གོ་སླའོ། །དབང་པོ་གཉིས་ནི་རབ་འབྱོར་ནས་ཤེས་པ་ནི་གསང་བའི་མཆོད
པ་སྟེ། ཐབས་དང་ཤེས་རབ་རོལ་བ་སྟེ། མཆོད་པ་དེ་དག་གིས་གང་དུ་མཆོད་ཅེས་ན། བདག་ལ་མཆོད་པ་རྣམས་ནི་བྱ་ཞེས་པ་སྟེ། རང་གི་ལུས་ཁོན་ལ་མཆོད་པར་བྱ་ཞེས་པའི་ཐ་ཚིག་གོ། ཅིའི་ཕྱིར་འཕགས་པའི་སྐུ་ཚད་མཆོད་རྟེན་ལ་སོགས
པ་ལ་མཆོད་པ་མི་བྱེད་ཅེ་ན་གསུངས་པ། བདག་ནི་ཐམས་ཅད་སངས་རྒྱས་ཉིད་ཅེས་པ་སྟེ། རང་གི་ཕུང་པོ་ལྔ་དང། སྐྱེ་མཆེད་ལ་རིགས་ལྔ་དང། བྱང་ཆུབ་སེམས་དཔའ་ཨི་ཉིད་དུ་བསྒོམ་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་གནས་ཡིན་ཏེ་ཞེས
པ་ནི་ཇི་ལྟར་མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི་གཞིར་འགྱུར་བ། དེ་བཞིན་དུ་དབང་དང་མན་ངག་ཐོབ་པའི་རྣལ་འབྱོར་པའི་ལུས་ལ་ཡང་སངས་རྒྱས་ཐམས་ཅད་ཀྱི་གནས་སུ་གྱུར་བའོ། །།
དེ་ལྟར་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་ཀྱང་གསུངས་པ། རྡོ་རྗེ་སློབ་དཔོན་ནི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་མཆོད་དོ་ཞེས་པ་ལ་སོགས་བའོ། །དེ་ལྟར་རྡོ་རྗེ་སློབ་དཔོན་སངས་རྒྱས་རྣམས་ཀྱིས་ཀྱང
མཆོད་གནས་སུ་གྱུར་པ་ཅིའི་ཕྱིར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། རྣལ་འབྱོར་པས་ནི་རྟག་ཏུ་མཆོད་ཅེས་པ་སྟེ། དེ་ལ་ཐམས་ཅད་ཅེས་པ་ནི། མཆོད་པ་ཐམས་ཅད་དོ། །ཡན་ན་དུས་ཐམས་ཅད་དོ། །ནན་ཏན་ཞེས་པ་ནི། བདག་ཉིད
ལྷར་བསྒོམ་པ་ལ་བརྩོན་པའོ། །མཆོད་པ་གཞན་གསུངས་པ། གང་ཞིག་དགའ་ཡང་བྱ་བའི་ལས་ཞེས་པ་སྟེ། གང་གིས་དབྱངས་ལེན་པ་ལ་སོགས་པ་དང། ལུས་ཀྱིས་གར་བྱེད་པ་ལ་སོགས་པའོ། །རྣལ་འབྱོར་པ་ཡིས་མཆོད་པར
བསྒོམ་ཞེས་པ་ནི། ལུས་ངག་གི་ལས་དེ་དག་རྣལ་འབྱོར་པས་ལུས་ཀྱི་དཀྱིལ་འཁོར་ལ། མཆོད་པར་བསྒོམས་ན་ཚིག་འཆལ་པ་དང། ངག་ཁྱལ་པར་མི་འགྱུར་ཞེས་པའི་ཐ་ཚིག་གོ། མཆོད་པ་བསྒོམ་པ་བསྟན་པ་ཟས་དང་ཞེས་པ་ལ་སོགས
པ་སྟེ། དེ་ལ་རིག་མ་བཞི་ཡིས་རྣམ་རྒྱན་པའི། བདག་ནི་ལྷ་ཡིད་བསམ་པར་བྱ་ཞེས་པ་སྟེ། འབྱུང་བ་ཆེན་པོ་བཞིའི་ངོ་བོར་གྱུར་པ་ཟས་ལ་སོགས་པ་གང་དེ་རྣམས་ལྷ་མོ་བཞིའི་རང་བཞིན་དང། རྡོ་རྗེ་སེམས་དཔའ་ཨི་རང་བཞིན་དུ་བསྒོམ་མོ། །དེ་ལྟར
ཡང་གསང་བ་འདུས་པ་ལས་གསུངས་པ། ཡང་ན་འདི་ལ་བསྒོམ་པ་ནི། རིགས་ཀྱི་བསྒོམ་པར་རྣམ་པར་བསྒོམ་ཞེས་སོ། །དོན་ནི་འདི་ལྟ་སྟེ། སའི་རང་བཞིན་དུ་གྱུར་པའི་ཟས་རྣམས་སྤྱན་མར་བསྒོམ་པ་དང། ཨཆུའི་རང་བཞིན་དུ་གྱུར་བའི་བདུད
བ་རྣམས་མཱ་མ་ཀཱིར་བསྒོམ་པ་ལྟ་བུའོ། །ད་ནི་ཐུགས་ཀྱི་སྒོ་ནས་ཆོས་སྟོན་པ། དེ་ལྟར་བཤད་ནས་ཞེས་པ་ལ་སོགས་པ་སྟེ་།དེ་ལ་དེ་ལྟར་བཤད་ནས་ཞེས་པ་ནི་ལེའུ་དང་པོ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས
གསུངས་པའི་ཚིག་དང་པོ་ནས་གཟུང་ནས་ལེའུ་འདི་ལ། བདག་གི་ལྔ་ཉིད་བསམ་པར་བྱ་ཞེས་པའི་བར་དུ་གསུང་གི་སྒོ་ནས་ཆོས་བསྟན་པའོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་ཞེས་པ་སྐུ་དང་གསུང་གི་སྒོ་ནས། །གང་དུ་ཆོས་སྟོན་པ
པོ་རྡོ་རྗེ་སེམས་དཔའ་གང་དེ་ཁོ་ན་བཅོམ་ལྡན་འདས་ཆོས་བརྗོད་དུ་མེད་པའི་དོན་སྟོན་འདོད་པས། ཅང་མི་གསུང་བར་དངོས་པོར་བཞུགས་ཞེས་པ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དོན་དམ་པར་བརྗོད་དུ་མེད་པའི་ཕྱིར་རོ། །འོ་ན་བཅོམ
ལྡན་འདས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་བསྟན་པ་ཇི་ལྟར་ཡིན་ཞེས། འདི་ལྟ་སྟེ། ཐུགས་རྗེ་ཆེན་པོའི་དབང་གིས་ཀུན་རྫོབ་ཏུ་བསྟན་པར་ཟད་ཀྱིས། །དོན་དམ་པར་ནི་བསྟན་པ་མེད་དོ། །དེ་བས་ན་མདོ་ལས་ཀྱང། བདག་མངོན་པར
རྫོགས་པར་སངས་རྒྱས་ནས། །མྱ་ངན་ལས་འདས་ཀྱི་བར་དུ་བདག་གིས་ཆོས་བསྟན་པ་མེད་དོ། །ཞེས་གསུངས་སོ། །དེ་ལྟར་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་ཐེག་པ་ཆེན་པོ་ཉི་ཤུ་པ་ལས་གསུངས་པ། ཚིག་གིས་བརྗོད་དུ་མི་ལང་བའི། །ཆོས་རྣམས
སྙིང་རྗེས་གང་གིས་བསྟན། སངས་རྒྱས་ཐོགས་མེད་མཁྱེན་པ་ཡིས། །བསམ་མེད་སྒོ་དེ་ལ་ཕྱག་འཚལ་ཞེས་སོ། །དེ་ལྟར་བཅོམ་ལྡན་འདས་གཉིས་སུ་མེད་པའི་ཡེ་ཤེས་སྔོན་དུ་གྱུར་པ་མཐོང་མ་ཐག་འཁོར་གྱིས་ཅི་བྱེད་ཅེ་ན་གསུངས་པ།
དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྣམ་པར་མི་རྟོག་པ་ཐོབ་སྟེ། ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་འཁོར་བ་དང། མྱ་ངན་ལས་འདས་པ་སོ་སོར་མ་ཡིན་ཐ་མི་དད་པར་མངོན་དུ་གྱུར་ནས་ཅང་མི་གསུང་བར་བཞུགས་བར
གྱུར་ཏོ་ཞེས་ཏེ། ཆོས་ཉིད་ཁུང་དུ་ཆུད་པའི་ཕྱིར་རོ། །གསུང་རབS་གཞན་གྱི་གཞུང་ན་ནི་མངོན་པར་བསྟོད་དོ། །ཞེས་འབྱུང་བ་ལ། རྒྱུད་འདིར་ནི་ཅང་མི་གསུང་བར་གྱུར་པ་ནི། ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟན་པའི
ཆོས་ལ། ཐུགས་ཀྱི་སྒོ་ནས་བསྟན་པའི་ཆོས་གཙོར་གྱུར་པས། ཐུགས་ཀྱི་སྒོ་ནས་བསྟན་པའི་ཆོས་ལ་གཉིས་སུ་མེད་པའི་ཤེས་རབ་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པས། ཅང་མི་གསུང་བར་གྱུར་པར་ཤེས་པར་བྱའོ། །ལྷ་མོ
བཞིས་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །བཞི་པའོ་ཞེས་པ་ནི་གསུམ་གྱི་ཕྱི་མའོ། །ཐམས་ཅད་གསང་བའི་ཞེས་པ་ནི་གསང་བའི་རྒྱུད་རྣམས་སོ། །དེ་རྣམས་ལས་ཡང་དང་ཡང་དུ་རབ་ཏུ་གྱུར་པའི་རྒྱུད་འདི་ནི། ཐམས་ཅད་ཀྱི་གསང
བའི་མཆོག་ཆེན་པོ་ཅེས་པ་སྡེ་ཆོས་ཀྱི་དབྱིངས་དོན་འབའ་ཞིག་གི་སྒོ་ནས་བསྟན་པའི་ཕྱིར་དང། ཐབས་དང་ཤེས་རབ་ཀྱི་དོན་བསྟན་པའི་ཕྱིར་རོ། །དམ་པ་ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །གསང་ཆེན
ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་ཡིན་པའི་ཕྱིར་དང། རྡོ་རྗེ་སེམས་དཔས་བསྟན་པའི་ཕྱིར་རོ། །ཞེས་བྱ་བའི་ཞེས་པ་ནི་མཚན་གྱི་གཏན་ཚིགས་འདྲེན་པའོ། །རྒྱུད་ཅེས་པ་ནི། མགོ་མཇུག་རབ་ཏུ་འབྲེལ་པ་སྟེ། ཆོས་ཀྱི་དབྱིངས་འཕྲོ་བ་ལ
སོགས་པའི་དོན་རྒྱུད་པའི་ཕྱིར་རོ། །ལྷ་མོ་བཞིས་ཆོས་ཀྱི་དབྱིངས་ཡོངས་སུ་ཞུས་པ་ཞེས་པ་ནི། ལྷ་མོ་རྣམས་ཀྱིས་སྡུད་པ་པོ་བྱས་པ་ཡིན་ལ། ཕྱག་ན་རྡོ་རྗེ་ལ་སོགས་པས་སྡུད་པ་པོ་བྱས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། རྒྱུད་འདི་ནི་ཤིན
ཏུ་གསང་བའི་དོན་ཡིན་བས་གཙོར་རྣལ་འབྱོར་མ་རྣམས་ལ་བསྟན་པའི་ཕྱིར་རོ། །ལྷ་མོ་ཁོ་ནས་སྡུད་པ་པོ་བྱས་པའོ། །རྒྱུད་ཀྱི་བསྟན་པའི་གནས་གསུངས་པ། དཔལ་ཨཽ་རྒྱན་ལས་བྱུང་བ་ཞེས་པ་སྟེ། དེ་ལ་དཔལ་ཞེས་པ་ནི། བསོད་ནམས་ཀྱི་བཞིར
གྱུར་པའི་ཕྱིར་རོ། །ཽ་རྒྱན་གྱི་ཡུལ་ཞེས་པ། གསང་སྔགས་རྡོ་རྗེའི་ཐེག་པའི་དོན་བྱ་བའི་སྤྱོད་པ་བྱེད་པ་རྣམས་ཀྱི་ཡུལ་ལོ། །དེ་བས་སྟོན་པ་པོ་རྣམས་ཀྱིས་ཀྱང་གསང་བའི་རྒྱུད་རྣམས་དེར་བསྟན་ལ། བྱ་རྒོད་ཕུང་པོའི་རིལ?་སོགས
པ་རྣམས་ལ་ནི་བསྟན་པ་མ་ཡིན་ནོ། །ཡུལ་དེ་ལ་རྙེད་པའི་རྒྱུད་འདི་ནི། དཔལ་ཨཽ་རྒྱན་ལས་བྱུང་ཞེས་སོ། །སྟོན་པ་པོས་རྒྱུད་འདི་ཡོངས་སུ་གཏད་པའི་འཁོར་གསུངས་པ། རྣལ་འབྱོར་མ་ཆེན་མོའི་དེ་ཁོ་ན་ཉིད་ཅེས་པ་སྟེ། དེ་ལ་རྣལ་འབྱོར་མ་ཞེས་བྱ་བ
ནི་ཆོས་ཀྱི་དབྱིངས་རྣམ་པར་བསྒོམ་ལ། ཕུང་པོ་དང། ལྷ་སྦྱོར་བའི་ཕྱིར་རོ། །དེ་རྣམས་ཀྱི་མན་ངག་གི་རྒྱུད་འདི་འགྱུར་བ་མེད་པས་ན་དེ་ཁོ་ན་ཉིད་ངེས་སོ། །རྫོགས་སོ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་དོན་བཤད་པའི་རིམ་པར་ཕྱེ་བའི་ཚིག་མཐར་ཕྱིན་པའོ། །
དཔལ་ལྡན་རྒྱུད་རྒྱལ་ཐམས་ཅད་གསང་མཆོག་དམ་པ་གསང་ཆེན་རྒྱུད། །འདི་ཡི་རྣམ་བཤད་བདག་གིས་བྱས་པས་དགེ་བ་ཐོབ་པ་གང། །དེ་ཡིས་སེམས་ཅན་ཐམས་ཅད་ཆོས་དབྱིངས་མངོན་དུ་གྱུར་ནས་སུ། །བླ་མེད་ཡང་དག་གོ་འཕང་དཔལ་ལྡན
རྡོ་རྗེ་སེམས་དཔར་ཤོག། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན། སྨྲི་ཏི་ཛྙཱ་ན་ཀཱིརྟིས་མཛད་པ་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ། མན་ངག་རྒྱས་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྡོ་རྗེ་སྨྲི་ཏི་ཛྙཱ་ན་ཀཱིརྟི
ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་བཤད་ནས་གཏན་ལ་ཕབ་པའོ། ། །།ལྷ་མོ་བཞིས་ཞུས་ཀྱི་རྣམ་བཤད་ཡེ་ཤེས་སྙིང་པོས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཙ་དུ་རྡེ་བ་ཏི་པ་རི་བྲི་ཙ་ཊཱི་ཀཱ། །བོད་སྐད་དུ།
ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ།
CLOSE WINDOW