CLOSE WINDOW

N1570: དཔལ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

དཔལ་བདེ་བ་ཆེན་པོའི་འགྲེལ་པ་སློབ་དཔོན་ཆེན་པོ་བི་མཱ་ལ་གརྦྷས་མཛད་པ་རྫོགས་སོ། །།རྒྱ་གར་སྐད་དུ། ཤྲཱི་ས་ཧཱ་ཛ་ས་མཱ་ཡ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི སྒྲུབ་ཐབས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དྲི་མེད་ཡེ་ཤེས་གཟི་འོད་ལྡན། །འབར་བའི་སྐུ་མངའ་དཀྱིལ་འཁོར་བདག་།དཔག་མེད་སྤྲུལ་པས་འགྲོ་སྐྱོབ་པ། །དཔལ་ལྡན་གསང་འདུས་ལ་ཕྱག་འཚལ། །ཡིད་འོང་རི་བོའི་དྲུང་སོགས་སོ། བློ་ལྡན་ཞུགས་ཏེ་ཡིད་དང་བས། །གདེང་སོགས་དག་བྱས་བསོད་ནམས་བསགས། །དེ་རྗེས་ཆོས་ཀུན་སྟོང་པར་བསམ། །ོཾ་ཤཱུནྱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། རྡོ་རྗེའི་གཞི་ལ་རབ་དཀར་དགེ་།ཆོས་འབྱུང་དབུས་སུ པདྨ་དང། །ཉི་མ་ལ་གནས་སྣ་ཚོགས་མདོག་།རྡོ་རྗེ་ལས་བྱུང་འཁོར་ལོ་བསམ། །གྲུ་བཞི་ཟུར་བཞི་སྒོ་བཞི་པས། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་སྤྲས། །བ་དན་དྲིལ་བུས་ཁྱབ་པ་ནི། །ཀུན་ནས་ཉམས་དགའ་ཨི་ཕྲོ་བྲད་བསམ། །དེ་དབུས་དབྱངས་ཡིག་རྣལ བཟློག་ལས། །ཟླ་རྒྱས་གྲུབ་སྟེ་དེ་སྟེང་འདིར། །གསལ་བྱེད་རྣལ་བཟློག་དབྱངས་ཡིག་བཅས། །འཕྲོས་བསྡུས་ལས་བྱུང་ཧཱུཾ་ཡིག་བལྟ། །མཛའ་ཡས་སྤྲུལ་པས་དོན་བསྒྲུབས་ནས། །རྒྱལ་བ་མཐིང་ག་རབ་མཛེས་སྒེག་།གཡས་གཡོན་དཀར་དང་དམར་བའི་ཞལ། ། རྡོ་རྗེ་དྲིལ་འཛིན་རིག་མས་འཁྱུད། །འཁོར་ལོ་རིན་ཆེན་པདྨ་དང། །རལ་གྲི་འབར་བ་གཡས་གཡོན་ཕྱག་།སྐྱིལ་ཀྲུངས་རྣམ་པར་རོལ་པས་བཞུགས། །ནམ་མཁའ་ཨི་མདོག་ལྟར་རབ་དང་བསྒོམ། །ོཾ་དང་ཨཱ:དང་དེ་བཞིན་དུ། །ཧཱུཾ་ཞེས་བྱིན་གྱིས་བརླབས་ནས ཀྱང། །སྙིང་ག་ལས་འཕྲོས་འོད་ཟེར་གྱིས། །ཡེ་ཤེས་བཀུག་ལ་དབང་བསྐུར་བྱ། །དེ་ནས་ཐབས་ཆེན་ཤེས་རབ་མཆོག་།བདེ་ཆེན་དང་དུ་སྙོམས་ཞུགས་པས། །མི་འགྱུར་ཐིག་ལེར་རྣམ་པར་ཞུ། །སྤྱན་སོགས་གླུ་ཡིས་སད་པར་བྱ། །ོཾ་དྷརྨཱ་དྷཱ་ཏུ་སྭཱ་བྷཱ་བ ཱཏྨ་ཀོཉར་ཧཾ། རང་སྙིང་ཟླ་བ་ཧཱུཾ་དང་ནི། མགྲིན་པར་པདྨ་ལ་གནས་ཨཱ:། །སྤྱི་བོར་འཁོར་ལོ་ཨོཾ་གྱིས་མཚན། །ཐུགས་གསུང་སྐུ་ཡི་རྡོ་རྗེ་བསྒོམ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉར་ཧཾ། །ོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོཉ་ཧཾ། ཨོཾ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉར་ཧཾ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀྱིས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་མཛད་ནས། །རྡོ་རྗེའི་ཐུགས་གསུང་སྐུར་མཛད་ནས། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ཀ་ཏ་བཛྲ་སྭ་བྷཱ་ཝ ཱཏྨ་ཀོཉར་ཧཾ། །ཤེས་རབ་དམ་པའི་ངོ་པོ་ཉིད། །ཐབས་བཅས་འབྱུང་བ་རང་བཞིན་ལུས། །དགའ་བཞིས་བདེ་གཤེགས་མཉེས་བྱ་ཞེས། །སྔགས་པས་དགའ་བ་ཀུན་ཏུ་བརྩམ། །ོཾ་ཨཱ:བཛྲ་དྷྲིཀ་ཧཱུཾ་སྭཱ་ཧཱ། །ོཾ་ཨཱ:བཛྲ་དྷཱ་ཏྭི་ཤྭ་རི་མུཾ་བྲཱུཾ?་སྭཱཧཱ། །ཧཱུཾ་གི་རྡོ་རྗེ་ལས་བུ?་ཡི ཚུལ་དམ་པའི་ཆུ་སྐྱེས་ལ། །གནས་པའི་སྔགས་ཕྲེང་ཕྱུང་ནས་ནི། །རྩེ་གཅིག་ཡིད་ཀྱིས་བཟླས་པར་བྱ། །ཀུན་རྟོག་མཚན་མ་ཀུན་ལས་གྲོལ། །ཡང་དག་རིགས་ལས་ཐ་མི་དང། །ཞི་སོགས་ལས་ཀུན་སྒྲུབ་བྱེད་རྒྱུ། །སྙིང་རྗེ་ཅན་གྱིས་མི་འགྲུབ་མེད། །དཔལ་ལྡན་གསང་ཆེན ལྷན་ཅིག་སྐྱེས། །བསྙེན་བས་དངོས་གྲུབ་བསྒྲུབ་པའི་ཕྱིར། །མདོར་སྡུས་རིམ་པ་འདི་བརྗོད་པས། །སྐྱེ་པོས་སངས་རྒྱས་ལྔ་འགྲུབ་ཤོག་།གསང་ཆེན་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་སྒེག་པས་མཛད་པ་རྫོགས་སོ།། །།ཁ་ཆེའི་རིགས ཀྱི་པཎྚི་ཏ་ཆེན་པོ་བུདྡྷ་ཤྲཱིཛྙཱ་ན་དང། །ལོ་ཙཱ་བ་བྱམས་བའི་དཔལ་གྱིས་བསྒྱུར་བའོ།། །།*། །གསང་བ་འདུས་པའི་རྒྱུད་རྒྱུད་ཕྱི་མ་དང་བཅས་པའི་འབྲེལ་པ་ཧཱུཾ?་ཏྲི་མཛད་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཤཱི་གུཏྱ་ས་མ་ཛ་ཏནྟྲ་ཡཱ་ཛ་བྲིཏྟི། །བོད་སྐད་དུ། །རྒྱུད་ཀྱི རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ།

CLOSE WINDOW