Wylie | e-texts based on the ACIP/ALL ![]() ![]() |
། །།བཞད་པའི་རྡོ་རྗེའི་སྒྲུབ་ཐབས་ཀྱི་རྣམ་བཤད་ནི་མ་ལ་གརྦྷས?་མཛད་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་སུ་ཀ་སཱ་དྷ་མོ་པི་ཀ་བྱ་ཁྱ?་ན།
བོད་སྐད་དུ། དཔལ་བདེ་བ་ཆེན་པོའི་སྒྲུབ་པའི་ཐབས་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །ཡེ་ཤེས་མཛའ་ཡས་འབྱུང་གནས་པ། །ཕྱག་འཚལ་སྒྲུབ་ཐབས་དོན་རྣམས་ནི། །བླ་མས་བསྟན་བཞིན
བདག་གིས་བྲི། །དཔལ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལ་བྱའོ། །དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་གྱི་དཔལ་ནི་ལྷ་དང་མིའི་འབྱོར་པ་ཐམས་ཅད་དང་ལྡན་པའོ། །འཇིག་རྟེན་ལས་འདས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ
བྱའོ། །དེ་གཉིས་དང་ལྡན་པས་དཔལ་ལྡན་ཞེས་བྱའོ། །དཔལ་གྱི་སྒྲས་ནི་ལྷ་མོ་བཞི་ལ་སོགས་པ་ལ་ཡང་བྱ་སྟེ། །དེ་རྣམས་དང་གཉིས་སུ་མེད་པའི་སྦྱོར་བའི་ཚུལ་དུ་གནས་པས་དཔལ་ལྡན་ནོ། །རྡོ་རྗེ་ནི་ཡང་དག་པའི་ཡེ་ཤེས། །སེམས་དཔའ་ནི་དེ་ཉིད་ཀྱི་རང
བཞིན་ཡིན་པས་སེམས་དཔའ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་དང་མཐུན་པར་སྐུ་བསྟན་པས་སེམས་དཔའ་ཨོ། །མགོན་པོ་སངས་རྒྱས་ཀུན་ངོ་བོ་ཞེས་པ་ནི་ཐུགས་རྗེའི་རང་བཞིན་ཡིན་པས་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཐམས་ཅད་ཀྱི་དོན་མཛད་པས་མགོན་པོ་ཞེས་བྱ།
ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་བདག་ཉིད་ཡིན་པས་སོ། །ཞེ་སྡང་རྡོ་རྗེ་རྒྱལ་བའི་གཙོ་ཞེས་པ་ནི་སེམས་ཅན་ཞེ་སྡང་ཅན་ཐམས་ཅད་འདུལ་བའི་ཆ་ལུགས་སུ་བསྟན་པས་ཞེ་སྡང་རྡོ་རྗེའོ། །རང་སངས་རྒྱས་དང་ཉན་ཐོས་ཀྱི་མཆོག་ཏུ་གྱུར་པ་དང།
དཀྱིལ་འཁོར་གྱི་བདག་པོ་ཡིན་པས་ན་རྒྱལ་བའི་གཙོ། །ལྷ་མོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་ལྡན་པ་རྣམས་དང་གཉིས་སུ་མེད་པའི་ཚུལ་དུ་བདེ་བ་ཆེན་པོ་རྟག་ཏུ་ཉམས་སུ་མྱོང་བ་ལ་བྱའོ། །དད་པས
ཞེས་པ་ནི་གུས་པ་དང་བཅས་པས་སོ། །བདག་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་ནས། དེ་ལྟར་ཕྱག་འཚལ་བའི་དོན་ནི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་འདུས་པ་འདི་གང་ཟག་བློ་དམན་པ་རྣམས་ཀྱིས་རྟོགས་ཤིང་གོ་དཀའ་བས
དེ་ལྟ་བུའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །དཔལ་ནི་བཛྲ་ས་ཏྭ། དེ་དང་ལྡན་པས་དཔལ་ལྡན་ནོ། །གསང་འདུས་ནི་རྒྱུད་ཀྱི་མཚན་ནོ། །དོན་ནི་ངེས་པའོ། །རྟོག་པ་ནི་སེམས་ཀྱིས་སོ། །གསང་བ་ནི་ཚིག་གིས་སོ། །སེམས་ནི་ཁམས
གསུམ་ན་གནས་པའོ། །ཕན་པ་ནི་མཐོ་རིས་དང་ཐར་པ་ཐོབ་པར་བྱ་བ་རྒྱུད་འདི་ལ་འཇུག་པར་བྱའོ། །བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པའོ། །དེ་ཡང་གང་ཞེ་ན། དཔལ་རྡོརྗེ་སེམས་དཔའ་ལ་སོགས་པའོ། །ཐབས་ནི་ཡན་ལག་གོ་།འདི་ནི་བརྩམས་པའི
དངོས་པོའོ། །བཤད་པར་བྱ་ཞེས་པ་ནི་དམ་བཅའ་བའོ། །དང་པོ་སེམས་བསྐྱེད་མ་ཐག་གོ་།སྔགས་པ་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཚུལ་ལ་སྤྱོད་པའོ། །ངེས་པ་ནི་ཐེ་ཚོམ་མེད་པའོ། །ད་ནི་འཇུག་པའི་རིམ་པ་བསྟན་པ་ཡིན་ཏེ། རྡོ་རྗེ་ཡང་དག་པའི་དོན
ཏེ་དེ་ལ་མནོར་བར་སྟོན་ཅིང་བདེ་བ་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའོ། །མཉེས་པར་བྱ་ཡང་རྣམ་གསུམ་སྟེ། །ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་ལུས་དང་ལོངས་སྤྱོད་དོ། །ནང་ནི་ཤེས་རབ་རྣམ་གསུམ་གྱི་སྒོ་ནས་སོ། །གསང་བ་ནི་གསང་བའི་མཆོད་པས་སོ། །
དེ་ལྟར་སློབ་དཔོན་ན་ཉེས་པར་བྱས་ནས་དབང་རྣམ་གསུམ་ཐོབ་ནས་གནང་བ་ནི་བསྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་མཉེས་པར་བྱ་བ་ལ་སོགས་པ་ཟིན་ནས་སོ། །སྒྲུབ་པ་ནི་གང་ཡང་རུང་བའི་སྒྲུབ་པའི་དངོས་པོའོ། །བརྩམ་པར་བྱ
བ་ནི་འཇུག་པའོ། །དཀྱིལ་འཁོར་གྱི་དོན་ནི་སྒྲ་ལས་དྲངས་ན་མཎྜ་ནི་སྙིང་པོའོ། །ལ་ནི་ཨ་ད་ན་སྟེ་ལེན་པའོ། །དཀྱིལ་འཁོར་བས་དཀྱིལ་འཁོར་རོ། །དེར་ཞུགས་པ་ནི་ཚུལ་བཞིན་དུ་སློབ་དཔོན་གྱིས་བསྟན་ཅིང་དབང་བསྐུར་བའོ། །དེ་བཞིན་ནི
འདྲ་བའི་དོན། །གསང་བ་ནི་ཐུན་མོང་མ་ཡིན་པ་དང། རྟོག་གེ་པས་མ་ཡིན་པའོ། །ཉིད་ནི་མ་ནོར་བ་དཀྱིལ་འཁོར་གྱི་དོན་དང་གཉིས་སུ་མེད་པའི་དོན་ནོ། །ཤེས་པ་ནི་གོ་བའོ། །ཀུན་བྱེད་ཐམས་ཅད་ཟ་བ་ཡིས་ཞེས་པ་ནི་རྟོག་པ་མེད་ཅིང་གཉིས་སུ་མེད
པའི་སྤྱོད་པའོ། །ཐེ་ཙོམ་མེད་པར་དངོས་གྲུབ་ཐོབ་ཅེས་བྱ་བ་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པས་བསྒྲུབས་ན་ཡིད་ཀྱི་འདོད་པའི་དོན་གྲུབ་ཅེས་བྱ་བའི་དོན་ཏོ། །གཙོ་ནི་ཡིད་ཀྱི་ལྷ་དང་རྡོ་རྗེ་སློབ་དཔོན་གཉིས་སོ། །མི་བྱེད་པ་ནི་མི་འགྱུར་བ་དང་རྒྱུན་མི་འཆང་བའོ
དད་པ་ནི་ཡིད་ཆེས་པ་དང་གུས་པ་དང་ཆགས་པའོ། །རྣམ་པ་ནི་ཐ་དད་པ་མི་རྟོག་པའི་བློ་ནི་ཐ་དད་པའི་འདུ་ཤེས་མེད་ཅིང་གཉིས་སུ་མེད་པའོ། །དམ་ཚིག་ནི་མི་འདའ་བ་སྟེ་སྐུ་གསུང་ཐུགས་ལ་སོགས་པའོ། །སྡོམ་པ་ནི་མི་གཡེང་བའོ། །གནས
པ་ནི་ལྡན་པའོ། །དེ་ལྟ་བུའི་རྣལ་འབྱོར་པས་བསྒྲུབས་ན་སྐུ་གསུང་ཐུགས་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །བྲམ་ཟེ་ཞེས་བྱ་བ་ནི་དགེ་བའི་དང?་ཉིད་ཡིན་པས་ལ་དོར་བའི་ཚིག་གོ་།དཀྱིལ་འཁོར་དག་ནི་དམན་པ་དང་ཞེས་བྱ་བ་ལ་སོགས་པའི་དོན་ནི་གོང
དུ་བསྟན་བའི་ཡོན་ཏན་དང་མི་ལྡན་པར་རང་གཟོ་དང་གཟུ་ལུས་སུ་བྱས་ཤིང་བསྒྲུབས་ན་འབྲས་བུ་མི་འཐོབ་ཅིང་བྱས་པ་ཆུང་ཟོས་པས་བྱར་མི་རུང་བར་བསྟན། དེ་ལྟ་བས་ན་དམ་ཚིག་དང་སྡོམ་པ་བསྟན་ཏེ། དམ་ཚིག་ནི་བསྒྲུབ་པའི་དམ་རྫས་སོ། །སྡོམ
པ་ནི་ཁ་ན་མ་ཐོ་བ་མེད་པར་དང་དུ་ལེན་པའོ། །དེ་ཡང་གང་ཡིན་ཞེ་ན། ཤ་ལ་སོགས་པ་བདུད་རྩི་ལྔའོ། །ཤ་ནི་ཤ་ཆེ་ན། །རཀྟ་མི་ཁྲག་ཐམས་ཅད། དྲི་ཆེན་དང་རྡོ་རྗེ་ཆུ་ཡང་ཀུན་གྱིའོ། །སེམས་ནི་ལྔ་པ་བྱང་ཆུབ་བྱུང་བ་ཞེས་པ་ནི་ཐབས་དང?
ཤེས་རབ་གཉིས་སུ་མེད་པའི་རོལ་པ་ལས་བྱུང་བ་ཡིན་པས་སོ། །སྔགས་པ་ནི་རྣམ་པར་མི་རྟོག་པ་བསྒྲུབ་པ། ཆོ་གས་ཞེས་པ་ནི་བྱ་བ། དེ་བཞིན་གཤེགས་པའི་རང་བཞིན་དུ་བྱིན་གྱིས་བརླབས་པ་དང། འོག་ནས་འབྱུང་བའི་ཐབས་སོ། །ཉིན་གཅིག་བཞིན
དུ་ནི་དུས་ཐམས་ཅད་དུའོ། །སྦྱར་བ་ནི་ཧཱུཾ་གིས་སོ། །འབར་བ་ནི་ཨོཾ་གྱིས་སོ། །རྟོགས་པ་ནི་ཨོཾ་གྱིས་སོ། །དོགས་པ་ནི་འགྲུབ་མི་འགྲུབ་བའི་ཐེ་ཚོམ་མོ། །མེད་པ་ནི་སྦྱངས་པའི་སེམས་སོ། །དེ་བཞིན་གཤེགས་པ་ནི་སྔོན་དེ་བཞིན་གཤེགས་པ་ཇི་ལྟར་དེ་བཞིན་གཤེགས
པ་བཞིན་གཤེགས་པས། །དེ་བཞིན་གཤེགས་པའོ། །དེ་ཡང་གང་ཞེ་ན། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་བསྒོམ་ཞིང་བསྒྲུབས་པས་བདེ་བ་ཆེན་པོའི་དང་དུ་གྱུར་པ་རྣམ་པར་སྣང་མཛད་ལ་སོགས་པའོ། །མཉེས་པ་ནི་དགྱེས་པའི་དོན་ཏོ། །དེ་ཡང
མངོན་སུམ་དུ་གྱུར་པའོ། །དེ་བཞིན་གཤེགས་པ་ནི་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ། མཉེས་པ་ནི་སྐུ་གསུང་ཐུགས་ཀྱི་འབྲས་བུ་འཐོབ་པའོ། །སྦྱར་བའི་ཐབས་ནི་བསྒྲུབ་པའི་རྫས་སྣོད་དུ་གཞག་ལ་དེའི་སྟེང་དུ་ཧཱུཾ་གཅིག་འབར་བར་བསྒོམ། དེའི
འོད་ཟེར་གྱིས་མ་རྟོག་དང་ལོག་པར་རྟོགས་པའི་དྲི་མ་ཐམས་ཅད་བསྲེགས་པར་བསམ། དེ་ལྟར་རྣམ་པར་དག་པར་བྱས་ལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་ཨ་གཅིག་བསྐྱེད། ། ལས་འོད་ཟེར་འཕྲོས་པས་ཟླ་བའི་དཀྱིལ་འཁོར་ལ་ཕོག་པས་ཞུ་སྟེ།
བདུད་རྩིའི་ཐིགས་པ་ཚུལ་བཞིན་དུ་ཞུ་ཞིང་གཉིས་སུ་མེད་པར་སོང་བས་བདུད་རྩིར་གྱུར་པ་ནི་རྟོགས་པའོ། །དེའི་སྟེང་དུ་ཨོཾ་བསྒོམ་ཞིང་འཕྲོ་འདུ?་བྱ་བ་ནི་མ་འབར་གྱི་བར་དུའོ། །དེ་ལྟར་བྱས་ཤིང་སྤྱན་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་པས་དམ་ཚིག་དམ་པའོ།།
དེ་ལྟར་ཤ་རྣམ་བ་ལྔ་ཡང་སྒྲུབ་པའི་རྫས་ཡིན་པ་དང། རྟོག་པ་སྤོང་བ་དང། རང་བཞིན་གྱི་མཐུ་ཡོད་པས་སྤྱད་བར་བྱ་བ་བསྟན། དེ་ཡང་གླང་པོ་ཆེའི་ཤ་ནི་ལོ་ཙ་ནར་བྱིན་གྱིས་བརླབ་ཅིང་རྣམ་པར་སྣང་མཛད་ལ་མཆོད་པའི་ཚུལ་དུ་སྤྱད། རྟ་ཤ་ནི་རཏན་ལོ་ཙན་དང།།
རིན་ཆེན་འབྱུང་ལྡན་གྱི་ཚུལ་དུ་སྤྱད། ཤ་ཆེན་ནི་མཱ་མ་ཀཱི་དང་རྡོ་རྗེ་སེམས་དཔའ་། བ་ལང་ནི་ན་བཟའ་དཀར་མོ་དང་སྣང་བ་མཛའ་ཡས། ཁྱི་ནི་སྒྲོལ་མ་དང་དོན་ཡོད་གྲུབ་པའི་ཚུལ་དུ་སྤྱད་།མཆོག་ནི་ཐུན་མོང་མ་ཡིན་པས་མཆོག་གོ་།འདི་རྣམས་ཀྱང་སྦྱར་བ
ལ་སོགས་པ་གོང་མ་དང་འདྲའོ། །སྐུ་གསུང་ཐུགས་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་འཇིག་རྟེན་གྱི་ཟས་སྤངས་ལ་རྟག་ཏུ་སྒྲུབ་པའི་དམ་རྫས་སྤྱད་པའི་དོན་ནོ། །གཞན་ནི་ཟན་ལ་སོགས་པའོ། །རྣལ་འབྱོར་པས་དེ་དག་བདེ?་བླག་ཏུ་མ་རྙེད་ན། ཟས་སྐོམ་ཐམས
ཅད་ལ་ཤ་རྣམས་ཡིན་པར་བསམ་ཞིང་སྤྱད་པར་བྱ་བར་བསྟན། རྡོ་རྗེ་སྦྱོར་བ་འདི་དག་ཅེས་བྱ་བ་ནི་གོང་གི་སྦྱར་བ་ལ་སོགས་པའི་ཆོ་ག་རྣམས་སོ། །དེ་ལྟར་སྤྱད་པའི་ཡོན་ཏན་ནི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །ཟན་དང་ཁུ་བ་ལ་སོགས་པ་བཟའ་བའམ
ཡང་ན་ཆུ་དང་ཆང་ལ་སོགས་པ་བཏུང་བའང་དུང་འཇིག་རྟེན་པས་མི་ནུས་པའི་དཀའ་བའི་སྤྱོད་པ་དང་ལྡན་པས་བརྟུལ་ཞུགས་ཅན་གྱིས། ཟས་སྐོམ་ཅི་ཟ་བ་དྲི་ཆུ་སྨན་ལྔ་ཤ་ལྔ་ཅི་ལྟར་སྦྱོར་བ་ཡིས་སྦྱང་བ་ལ་སོགས་པའི་ཏིང་ངེ་འཛིན་ཆོག་བཞིན་དུ་རུང་བར་བྱའོ། །
ད་ནི་རྣལ་འབྱོར་པས་ཐ་མལ་པའི་ཚུལ་དུ་གནས་དང་དམ་རྫས་དང་ཡོ་བྱད་སྤྱད་དུ་མི་རུང་བས་དེའི་ཏིང་ངེ་འཛིན་བསྟན། རྣམ་པ་ཐམས་ཅད་མཆོག་ལྡན་པ་ཞེས་པ་ནི་སྐུ་གསུང་ཐུགས་དང་མཚན་དང་དཔེ་བྱད་དང་རྒྱན་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས
ཅད་དང་ལྡན་པའི་ལྷ་གང་ཡང་རུང་བ་བསྒོམ་བའི་དོན་ཏོ། །དེ་ལྟར་གནས་པའི་རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་ལྷ་བསྒོམ་པ་བསྟན། རྡོ་རྗེ་ནི་མི་ཕྱེད་པའི་དོན། ཡི་ནི་དེའི་དོན། དེ་ཡང་ཅི་ལྟར་བསྒོམ་ཞེ་ན། བདག་ནི་སྙིང་གི་བར་སྣང་ལ་ཨ
ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་དང་ལྡན་པར་བསྒོམ་མོ། །སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད
བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པར་བསྒོམ། ལྕེའི་སྟེང་དུ་པདྨ་བསྐྱེད་ལ་ཨ་ལས་སྣང་བ་མཛའ་ཡས་བསྒོམ། ཧཱུཾ་ལས་རྡོ་རྗེ་བསྒོམ་པ་ནི་ཡེ་ཤེས་སེམས་དཔའ་བསྐྱེད་པ་ལ་བྱའོ། །ཱ་ལས་ནི་སྣང་བ་མཛའ་ཡས། ཨོཾ་ལས་ནི་རྣམ་པར་སྣང
མཛད། སྦྱོར་བ་ཞེས་བྱ་བ་ནི་སྤྱི་བོ་དང་ལྕེའི་སྟེང་དུ་དེ་གཉིས་ཀྱི་སྐུ་བསྐྱེད་པ་ལ་བྱ། དེ་ལྟར་བདག་ལྟར་བསྒོམ་ཞིང་དམ་རྫས་དང་བཟའ་བཏུང་ཐམས་ཅད་ནི་སྐུ་གསུང་ཐུགས་ཀྱི་འབྲས་བུ་འཐོབ་པར་འགྱུར་བའི་དོན་ཏོ། །འདི་ནི་དམ་ཚིག་ཅེས་པ་ནི་གོང
དུ་བསྟན་པའི་དམ་རྫས་ལ་སོགས་པའི་སྤྱད་པའི་ཚུལ་ལོ། །མཆོག་ནི་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ཀྱི་རབ་ཡིན་བས་སོ། །སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྔའོ། །མཉེས་པ་ནི་སྔགས་ཀྱི་སྤྱོད་པ་ཚུལ
བཞིན་དུ་སྤྱད་པས་དགྱེས་པ་དང་མངོན་དུ་གྱུར་པ་ལ་བྱའོ། །མཆོག་ནི་སྐུ་གསུང་ཐུགས་སོ། །དངོས་གྲུབ་ནི་ཚེ་འདི་ཉིད་ལ་ཐོབ་པའི་དོན་ནོ། །ཐམས་ཅད་ནི་འཇིག་རྟེན་པའི་སྤྱོད་པ་གྲུབ་ཀྱང་བསྡུའོ། །དེ་བས་ན་དམ་ཚིག་མཆོག་ཅེས་བྱའོ། །གཞན་ཡང
རྣལ་འབྱོར་བས་དམ་ཚིག་དང་དུས་ཐམས་ཅད་དུ་ལྡན་པར་བྱ་དགོས་པར་བསྟན་པ། རྟག་པ་ཞེས་པ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཆད་པའོ། །གཞན་ནི་བདག་ལས་གཞན་པ་འཕགས་པ་རྣམས་སོ། །འཕྲོག་པ་ནི་བདག་གིར་བྱ་བའོ། །སྤྱིར་འཕགས་པ་རྣམས
ཀྱི་སྐུ་གསུང་ཐུགས་བསྒོམ་ཞིང་ཐོབ་པར་བྱ་བ་ལའང་བྱའོ། །གནོད་སྦྱིན་དང་རྒྱལ་པོ་ལ་སོགས་པའི་ནོར་ཁ་ན་མ་ཐོ་བ་མེད་པའི་སྒོ་ནས་བླངས་ཤིང་སྤྱོད་པ་ལ་ཡང་བྱའོ། །རྨད་དུ་བྱུང་བ་གསོད་པ་དང་ཞེས་པ་ནི་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་དུ
མི་ལྟ་ཞིང། བདག་ཏུ་ལྟ་བ་ལ་སོགས་པའི་ལྟ་བ་ལོག་པའོ། །དེ་ལ་དེ་སྐད་ཅིའི་ཕྱིར་བྱ་ཞེ་ན། ཡང་དག་པའི་དོན་གྱི་གནས་བྱེད་པ་དང། ངན་སོང་དུ་གཏོང་བའི་ཕྱིར་རོ། །གསོ་བ་ནི་སྤོང་བའོ། །རྨད་དུ་བྱུང་བ་ནི་དཀོན་མཆོག་གསུམ་དང། རྡོ་རྗེ་སློབ་དཔོན་དང
སེམས་ཅན་མང་པོ་ལ་གནོད་པར་བྱའོ། །གསོད་པ་ནི་ཁ་ན་མ་ཐོ་བ་མེད་པར་སྙིང་རྗེའི་སྒོ་ནས་བསྒྲལ་བའོ། །འདོད་པ་ནི་སྐུ་གསུང་ཐུགས། ཆགས་པ་ནི་གཞན་མི་སེམས་པའོ། །རྡོ་རྗེ་ནི་མི་ཕྱེད་པའི་དོན་ནོ། །དེ་ཉིད་ནི་མ་ནོར་བའོ། །སྤྱོད་པ་ནི་བསྒོམ་པའོ།།
མདོར་ན་སྐུ་གསུང་ཐུགས་རྒྱུན་མི་འཆད་པར་བསྒོམ་པ་ལ་བྱའོ། །འདོད་ཆགས་ནི་བླ་ན་མེད་པའི་བདེ་བའོ། །སྤྱོད་པ་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་གྱིས་གཉིས་སུ་མྱོང་བའོ། །འདི་ཞེས་བྱ་བ་ནི་དམ་ཚིག་གསུམ་མོ། །སྡོམ་པ་ནི་སྲུང་བའོ། །བསྡམས་པའོ
ཞེས་པ་སྲུང་བའི་ནང་ན་ཁྱད་པར་དུ་བསྟན་པའོ། །དེ་ལྟར་སྒྲུབ་པའི་རྒྱུད་དམ་ཚིག་རྣམས་བསྟན་ནས། དེ་དང་མི་མཐུན་པའི་སྤྱོད་པ་རྣམས་སྤང་བར་སྟོན་ཏེ། དམ་བཅས་ནི་ཉན་ཐོས་ཀྱི་སྤྱོད་པ་དང་ཀྲི་ཡའོ། །བརྟུལ་ཞུགས་ནི་མུ་སྟེགས་ཅན་བྲག་ལ་མཆོད་པ་ལ་སོགས
པའོ། །དཀའ་སྤྱོད་ནི་མེ་ལྔ་བསྟེན་བ་དང་ཟས་མི་ཟ་བ་ལ་སོགས་པའོ། །བརྟན་པས་མི་འགྲུབ་ཅེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་པ་རྣམས་སྤྱད་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མི་ཐོབ་པས་སྤོངས་ཤིག་པའི་དོན་ནོ། །འདོད་པ་ནི་སྐུ་གསུང་ཐུགས།
ལོངས་སྤྱོད་ནི་གཉིས་སུ་མེད་པར་བསྒོམ་བའོ། །ཐམས་ཅད་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་བྱའོ། །ཡང་ན་འདོད་པ་ནི་འདོད་པའི་ཡོན་ཏན་ཐམས་ཅད་དོ། །བསྟེན་ཞེས་པ་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་སྤྱད་པའོ། །མྱུར་དུ་འགྲུབ་ཅེས
བྱ་བ་ནི་དེ་ལྟར་བརྟེན་པས་སེམས་ལས་སུ་རུང་བས་ཚེ་འདི་ཉིད་ལ་འབྲས་བུ་འཐོབ་པའི་དོན་ནོ། །སློང་མོ་ཟ་ཞིང་མི་བཟླས་ཏེ། ཞེས་པ་ནི་མ་ཧཱ་ཡོ་གའི་སྒོར་ཞུགས་པའི་རྣལ་འབྱོར་པས་ཀྲི་ཡ་འམ་མུ་སྟེགས་པ་ལྟར་འཕྲལ་དུ་བསླང་ཞིང་སྔགས་བཟླས་པ་མི་བྱའོ།།
དེ་ཅིའི་ཕྱིར་ཞེ་ན། ལུས་ངག་ཡིད་གསུམ་ཐང་ཆད་པ་དང། ཚུལ་བཞིན་དུ་བསྒོམ་མི་ནུས་པ་དང། མ་རྙེད་ན་བཀྲེས་སྐོམ་གྱིས་ཉོན་མོངས་བ་དང་སེམས་ལས་སུ་མི་རུང་བས་སོ། །སློང་ལ་དགའ་བར་མི་བྱའོ་ཞེས་པ་ནི་འཕྲལ?་?་འདི
ལྟར་སྐྱོན་ཡོད་པས་སྔོན་དུ་བསླང་ཞིང་གཟུང་ངམ་སྙམ་ན། དེ་ཡང་ཡིད་དང་འཐད་པ་མི་རྙེད་བས་མི་རུང་ངོ། །ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་བས་བྱ་བའི་དོན་ནོ། ཡན་ལག་མི་གཉིས་ཞེས་བྱ་བ་ནི་ཀྲི་ཡ་བ་ལྟར་བདག་དམ་ཚིག་སེམས་དཔར་བསྒོམ་ཞིང་ཡེ
ཤེས་སེམས་དཔའ་ལོགས་སུ་མཆོད་པ་བཞིན་དུ་མི་བྱ་བར་ཡེ་ཤེས་སེམས་དཔའ་དང་བདག་གཉིས་སུ་མེད་པར་བསྒོམ་ཞིང་འདོད་པའི་ལོངས་སྤྱོད་ཐམས་ཅད་ཟླ་བའི་དོན། །ཡང་ན་ཡན་ལག་མི་གཉིས་ཤེས་བ་ནི་གཟུངས་མ་དང་གཉིས་སུ་མེད་པའི་ཚུལ་དུ
འདུག་ནས་བཟླས་པའི་དོན་ནོ། །འདོད་བའི་ལོངས་སྤྱོད་ནི་འདོད་པ་ཐམས་ཅད་དོ། །དེ་ཡང་གཟུངས་ཀྱི་ལྷ་མོ་ལ་སོགས་པའི་ཚུལ་དུ་བསྒོམ་ཞིང་སྤྱད་པའི་དོན་ནོ། །དེ་ལྟར་སྤྱད་པའི་ཡོན་ཏན་བསྟན་པ། ལུས་དང་ངག་ཡིད་བདེར་གནས་ན་ཞེས་པ་སྟེ། སློང
བའི་ཟས་སྤང་ཞིང་འདོད་པ་ཐམས་ཅད་སྤྱད་པས་ལུས་ངག་ཡིད་གསུམ་ལས་སུ་རུང་བའི་དོན་ནོ། །བྱང་ཆུབ་དམ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལས། འཕགས་པ་བླ་ན་མེད་པའི་བྱང་ཆུབ་ཆོས་ཀྱི་སྐུའི་རང་བཞིན་འཐོབ་པའི་དོན་ནོ། །གསང་སྔགས
ཚུལ་གཞན་དུ་སྤྱོད་བའི་སྐྱེན་བསྟན་པ་གཞན་དུ་བྱ་བ་ནི་གོང་དུ་སྤྱོད་པ་སྤངས་ནས་ཚུལ་དང་མི་ལྡན་པའི་སྒོ་ནས་གསང་སྔགས་བཟླས་ན་དུས་མིན་འཆི་བ་ཞེས་བྱ་སྟེ། ཚེའི་མཐར་མ་ཐུག་པར་གློ་བུར་དུ་འཆི་བ་ལ་བྱ། དམྱལ་པ་རྣམས་སུ་བརྟག་ཏུ
བསྲེག་ཅེས་པ་ནི་ཤི་ནས་ཀྱང་དམྱལ་བ་རིམ་པ་རིམ་པར་འགྲོ་ཞིང་དུས་ཐམས་ཅད་དུ་བསྲེག་པར་འགྱུར་པའི་སྐྱོན་ཡོད་པས་བྱར་མི་རུང་བར་བསྟན་ཏོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་ནི་གསང་སྔགས་མ་ཧཱ་ཡོ་གའི་སྒོར
ཞུགས་བའི་རྣལ་འབྱོར་བས་འདོད་པའི་ཡོན་ཏན་ལྔ་མི་བསྟེན་དུ་མི་རུང་བར་བསྟན་ཏོ། །སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འདོད་པའི་ཡོན་ཏན་ལྔ་བསྟེན་ཅིང། སྔགས་ཀྱི་སྤྱོད་པ་མཆོག་འདི་སྤྱད་པས་འགྲུབ་པ་ཡིན་ནོ། །ཞེས་པའི་དོན་ནོ།།
ཆོས་ཀྱི་ཡི་གེ་ནི་ཡི་གེ་ཐམས་ཅད་ཀྱི་མཆོག་ཡི་གེ་ཨའོ། །འཐོབ་པར་འགྱུར་བ་དེ་ནི་དོན་འཐོབ་པའོ། །དེ་ལྟ་བས་ན་ད་ལྟར་གྱི་རྣལ་འབྱོར་ལས་ཀྱང་འདོད་པའི་ཡོན་ཏན་ལྔ་སྤྱོད་ཅིང་བསྒྲུབ་པར་བྱ་བ་བསྟན་ཏོ། །ཆགས་པ་ནི་དང་པོ་འམ་འདོད་པ་ལ་བྱ།
ཡེ་ཤེས་ནི་སྐུ་གསུང་ཐུགས་སམ། ཡི་དམ་གྱི་ལྷ། རྟག་ཅེས་པ་ནི་དུས་ཐམས་ཅད་དམ་རྒྱུན་མི་འཆད་པ་ལ་བྱ། སྒྲུབ་ཅེས་བྱ་བ་ནི་བསྒོམ་པ་འམ་མངོན་སུམ་དུ་བྱེད་པས་ནི་དེ་འདོད་རྣལ་འབྱོར་པ་གཟུགས་ལ་སོགས་པའི་ཡོན་ཏན་ལྔ་ལ་སྤྱད་པར་བྱ་བའི་དོན་ཏོ། །
དེ་ཡང་བསམ་པ་ཇི་ལྟ་བུ་བྱེད་ཅེ་ན། ཡེ་ཤེས་སེམས་དཔའ་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ཚུལ་དུའོ། །དེ་ལ་བྱང་ཆུབ་ནི་ཆོས་ཀྱི་དབྱིངས་སོ། །དཔའ་བོ་ཞེས་པ་ནི་གཟུགས་ཀྱི་སྐུ་སྟོན་ཅིང་སེམས་ཅན་གྱི་དོན་བྱེད་པའི་དཔལ་རྡོ་རྗེ་སེམས་དཔའ་ཨོ། །
ཡང་ན་བྱང་ཆུབ་ནི་བཛྲ་སཏྭ་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་སོ། །དཔའ་བོ་ནི་སྒྲ་ལས་དྲངས་ན། ཉི་མ་ལ་བྱ། མདོར་ན་ཇི་ལྟར་ཉི་མས་རབ་རིབ་ཐམས་ཅད་སེལ་བ་བཞིན་དུ་སངས་རྒྱས་རྣམས་ཀྱང་སེམས་ཅན་གྱིས་མི་ཤེས་པའི་?་རིབ་ཐམས་ཅད་ཐུགས
རྗེའི་འོད་ཟེར་གྱིས་སེལ་བར་བྱེད་པས། བྱང་ཆུབ་ཉི་མ་ཞེས་བྱ་བའི་དོན་ནོ། །གཉིས་སུ་མེད་པའི་ལྟ་བ་ལ་སོགས་པར་བྱེད་པས་རྣལ་འབྱོར་པས་འདི་དག་ལ་སྨད་པར་མི་བྱ་བ་བསྟན་ཏོ། །གཟུགས་སྡུག་པ་དང་མི་སྡུག་པ་དང་གཉིས་ཀ་མ་ཡིན་པ་རྣམས་སོ།།
དེ་བཞིན་དུ་སྐྲ་ལ་སོགས་པ་ལ་ཡང་སྨད་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་རང་བཞིན་ཡིན་པས་སོ་།རྡོ་རྗེ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སོ། །འཆང་བ་ནི་དེ་ཉིད་ཀྱི་རང་བཞིན་ནམ་འཛིན་པ་ལ་བྱ། རྒྱལ་ཞེས་པ་ནི་མཛེས་ཤིང
འབར་བ་ཉོན་མོངས་པ་མེད་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱ། དེ་ཉིད་ཐམས་ཅད་དུ་ཡང་དག་པར་གནས་ཞེས་པ་ནི་གཟུགས་ལ་སོགས་པའི་རང་བཞིན་དོན་དམ་པར་དེ་དང་གཉིས་སུ་མེད་པ་དང། ཀུན་རྫོབ་ཏུ་གཟུགས་ཀྱི་ལྷ་མོ་ལ་སོགས་པར?
སྐུར་བསྟན་ཅིང་སེམས་ཅན་གྱི་དོན་བྱེད་པས་སོ། །དེ་ལྟ་བས་ན་གཟུགས་ལ་སོགས་པ་རབ་འབྲིང་ཐ་མ་གསུམ་ཁྱད་པར་རྣམ་པ་གསུམ་དུ་བསྒོམ་ཞིང་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ལ་མཆོད་པར་བྱའོ། །དེ་ལ་ཁྱད་པར
རྣམ་པ་གསུམ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང?་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་ཤེས་པ་དང། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །སྔགས་པ་ནི་རྣལ་འབྱོར་པའོ། །རྣམ་པ་འདི་དག་གིས་ཞེས་པ་གོང་དུ་བསྟན་པའི་མཆོད་པའི
ཐབས་རྣམས་སོ། །དམ་ཚིག་སྡོམ་པ་བསྲུང་ཞེས་པ་ནི་དེ་ཉིད་ལས་མི་འདའ་བར་བྱས་ན་བྱ་བའི་དོན་ནོ། །ཚེ་འདི་ཉིད་ལ་ཞེས་པ་ནི་ཕུང་པོ་འདི་ཉིད་མ་བརྫེས་པའི་དོན་ནོ། །ཚེ་འདི་དག་གིས་ཞེས་པ་གང་དུ་བསྟན་པའི་མཆོད་པའི་ཐབས་རྣམས་སོ། །རྡོ་རྗེ
གསུམ་ཉིད་ཅེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་འགྱུར་བ་འམ། རིགས་གསུམ་གྱི་རིགས་འཛིན་གྱི་འབྲས་བུ་འཐོབ་པའོ། །གལ་ཏེ་གཏི་མུག་ཅན་ཞེས་པ་ལ་ལ་སོགས་པས་ནི་གོང་དུ་བསྟན་པའི་སྔགས་ཀྱི་སྤྱོད་པ་དང་མི
ལྡན་པར་བདག་སྔགས་པའོ། །ཞེས་པའི་མངོན་པའི་ང་རྒྱལ་གྱིས་བསྒོམ་པ་དང་བཟླས་པ་བྱ་བ་འམ། གསང་སྔགས་དང་གསང་སྔགས་ཀྱི་སྤྱོད་པ་སྨད?་ཅིང་སྤོང་བའི་སྐྱོན་བསྟན། དེ་ལ་ཞེས་པ་ནི་དམ་ཚིག་ལས་འདས་པའོ། །དངོས་གྲུབ་མི་འབྱུང་བ་ནི
འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་ཡང་མི་འཐོབ་པའི་དོན་ནོ། །ཞིང་ཞེས་པ་ནི་མི་འཐོབ་པའི་སྟེང་དུ་གོང་མ་ལྟར་ཡང་འགྱུར་པའི་དོན། རིམས་ནི་ཞག་གཅིག་པ་ལ་སོགས་པའོ། །དུག་ནི་སྤྲུལ་ལ་སོགས་པའི་སྲོག་ཆགས་ཀྱི་དུག་དང། ཤིང་ཀ་པི་ཀ་ལ
སོགས་པའི་རྩཝ་ཤིང་གི་དུག་དང། ལུས་ལས་བྱུང་བའི་དུག་གོ་།ནད་ནི་ནད་བཞི་བརྒྱ་རྩ་བཞི་ལ་སོགས་པའོ། །བགེགས་ནི་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་ལ་སོགས་པའོ། །ཀྱིས་ཞེས་པ་ནི་དེ་རྣམས་ཀུན་གྱིས་བསད་ནས་ཤེས་པའོ། །སེམས་ཅན་ཞེས
པ་ནི་དམ་ཚིག་ལས་འདས་པའོ། །དམྱལ་བར་འགྲོ་ཞེས་པ་ནི་དམྱལ་བ་ཆེན་པོ་བརྒྱད་ལ་སོགས་པར་སྐྱེ་བའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་ལས་འདས་པ་དེ་ནི་ཤིན་ཏུ་སྡིག་ཆེ་བར་བསྟན། བྱིན་གྱིས་བརླབ་པར་མི་མཛད
པ་ནི་ཐུགས་རྗེ་ཆེ་བ་དེ་རྣམས་ཀྱིས་མི་བཟློག་པའི་དོན་ནོ། །མེ་ཏོག་ལ་སོགས་པ་ཕུལ་ཡང་མི་བཞེས་པ་ནི་དམ་ཚིག་ལས་ཉམས་པ་དེ་དགེ་བའི་རྩ་བ་ཅི་བྱས་ཀྱང་བསོད་ནམས་ཆེན་པོར་མི་འགྱུར་བའི་དོན་ནོ། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ
ནི་འདོར་ན་དམ་ཚིག་ཉམས་པའི་གང་ཟག་ནི་འཇིག་རྟེན་འདི་དང་ཕ་རོལ་ཏུ་ཤིན་ཏུ་ཡང་སྡུག་བསྔལ་བར་འགྱུར་བས་དམ་ཚིག་ལས་སྐད་ཅིག་ཀྱང་འདའ་བར་མི་རུང་པར་བསྟན། འཇིག་རྟེན་འདི་ཞེས་པ་ནི་ཚེ་འདིའོ། །སྡུག་བསྔལ་བ་ནི་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ
ཐམས་ཅད་ཀྱི་ཚོར་བ་མྱོང་བའོ། །ཕ་རོལ་ནི་?་ཕྱི་མའོ། །ཡང་ཞེས་པ་ནི་འདི་ལམ་གཏོགས་པའོ། །དམྱལ་བར་འགྲོ་བ་ནི་གོང་མ་དང་མཐུན་ནོ། །དམ་ཚིག་སྤྱོད་པ་ནི་གོང་དུ་བསྟན་པ་རྣམས་སོ། །ཉམས་པ་ནི་མི་སྲུང་པའོ། །གཏི་མུག་ཅན་ནི་ལེགས་ཉེས་ཀྱི་དོན
མི་གོ་བའོ། །འབྲས་བུ་མི་ཐོབ་ཅེས་པ་ནི་བྱས་པ་ཐམས་ཅད་འབྲས་བུ་མེད་པའི་དོན་ནོ། །དེ་ལྟར་དམ་ཚིག་དང་སྤྱོད་པ་རྣམས་ལ་རྣལ་འབྱོར་པས་གནས་པར་བསྟན་ནས། ད་ནི་རང་གི་ལུས་ངག་ཡིད་གསུམ་འཕགས་པའི་སྐུ་གསུང་ཐུགས་སུ་བསྒྲུབས་ཤིག་པར་བསྟན།
སྔར་སྨོས་པའི་སྒོམ་པ་ནི་གོང་དུ་བསྟན་པ་རྣམས་སོ། །གནས་ནས་ཞེས་པ་ནི་དང་དུ་བླངས་ནས་ཞེས་པའི་དོན་ཏོ། །རྟག་པར་ནི་དུས་ཐམས་ཅད་དུའོ། །མི་ཕྱེད་པ་ནི་མི་འགྱུར་བའོ། །བརྟུལ་ཞུགས་ཞེས་པ་ནི་ནན་ཏན་གྱིས་ཞེས་བྱ་བའི་དོན་ནོ། །ལུས་ངག་ཡིད་གསུམ་ནི
རང་གིའོ། །རྡོ་རྗེ་ཞེས་པ་ནི་འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་སོ། །བསྒྲུབ་པ་བརྩམ་པར་བྱ་བ་ནི་དེར་བསྒྱུར་བའི་སྤྱོད་པ་དང་ཏིང་ངེ་འཛིན་ལ་འཇུག་པར་བྱ་བའི་དོན་ནོ། །དེ་ཡང་གནས་ཇི་ལྟ་བ་བཞིན་དུ་བརྩམས་ཞེས། ནགས་ཚལ་ལ
སོགས་པ་བསྟན་པ་ཡིན་ནོ། །ནགས་ཚལ་ནི་ཤིང་སྣ་ཚོགས་ཡོད་པའི་ཕྱོགས་སོ། །ཆེན་པོ་ནི་སྡུག་པའམ་རྒྱ་ཆེ་བའི་དོན་ཏོ། །རི་བོ་ནི་བྱ་རྒོད་སྤུངས་པ་ལ་སོགས་པའོ། །རི་སུ་ལ་ནི་དབང་པོ་རིའི་བྲག་ཕུག་ལ་སོགས་པའོ། །དབེན་པ་ཆེན་པོ་ནི་དུར་ཁྲོད་དམ
ལྷ་ཁང་སྟོང་པ་ལ་སོགས་པའི་གནས་དབེན་ཞིང་ཡིད་དུ་འོང་བ་ཐམས་ཅད་དོ། །རྣམས་སུ་ཞེས་པ་དེ་རྣམས་གང་ཡང་རུང་བའི་དོན་ནོ། །དངོས་གྲུབ་ཐོབ་ཅེས་པ་ནི་དེ་ལྟ་བུའི་གནས་སུ་བསྒྲུབས་ན་ཡིད་ཀྱིས་འདོད་པའི་འབྲས་བུ་འཐོབ་པའི་དོན་ནོ། །སེམས་དཔའ་ཨི་སྐྱིལ
ཀྲུང་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པའི་བསྲུང་ཞིང་མཚམས་བཅད་པའི་ཆོ་ག་བསྟན། སེམས་དཔའ་ཨི་སྐྱིལ་ཀྲུང་ནི་ཕྱེད་སྐྱིལ་ལོ། །དེ་ཡང་གཡོན་པ་བསྐུམ་ཞིང་གཡས་པ་ཅུང་ཟད་བརྐྱང་པའི་ཚུལ་ལོ། །འཇམ་པའི་སྟན་ནི་ཕྱི་དང་ནང་དང་གསང་པ་རྣམས་སོ། །
ཕྱེ་ནི་སྲིན་བལ་ལ་སོགས་པ་ལ་བྱས་ལ་འཇམ་ཞིང་ཡིད་དུ་འོང་བ་རྣམས་སོ། །ནང་ནི་ཉི་ཟླ་པདྨ་ལ་སོགས་པའོ། །སྐབས་འདིར་ནང་གི་ལས་ཉི་མའི་དཀྱིལ་འཁོར་རོ། །གསང་བ་ནི་ཡུམ་དང་གཉིས་སུ་མེད་པར་རྡོ་རྗེ་དང་པདྨར་ལྡན་པའི་ཚུལ་ལོ། །འདུས་ནས་ཤེས་པ
དེ་སྟན་དེ་གསུམ་གྱི་སྟེང་དུ་བདག་གང་དུ་བསྟན་པའི་ཚུལ་དུ་འདུག་པའོ། །ཅི་བྱེད་ཅེ་ན། ཞེ་སྡང་རྡོ་རྗེ་འོག་ནས་འབྱུང་བའི་ཚུལ་དུ་བསྒོམ་ཞེས་བྱ་བའི་དོན། གནས་ནས་ཤེས་པ་ནི་ཏིང་ངེ་འཛིན་ལ་ཞུགས་པའོ། །གནས་ནི་སྒྲུབ་པའི་ས་ཕྱོགས་སོ། །བསྲུང་བ་ནི
བགེགས་ཐམས་ཅད་ཀྱིས་གླགས་མི་རྙེད་པར་བྱེད་པའོ། །རྣམ་པར་བསམ་པ་ནི་འོག་གི་ཏིང་ངེ་འཛིན་རྣམས་སོ། །གཟུགས་ཆེན་འབར་བ་ཞེས་པ་ནི་བདག་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གནས་པའི་ཐུགས་ཀ་ནས་ཧཱུཾ་ལས་ཁྲོ་བོ་བཅུ་ཕྱུང་བའི་ཆ་ལུགས་སོ། །གཟུགས
ཆེ་བ་ནི་སྲིད་པ་གསུམ་གྱི་སེམས་ཅན་ཟིལ་གྱིས་གནོན་པའི་སྐུ་དང་ལྡན་པའོ། །འབར་བ་ནི་ཡེ་ཤེས་ཀྱི་འོད་ཟེར་བསྐལ་པའི་མེ་བཞིན་འབར་བའི་སེམས་ཅན་གྱི་ཉོན་མོངས་པ་བསྲེག་པར་བྱེད་པའོ། །འཇིགས་བྱེད་པ་ནི་སེམས་ཅན་ཐམས་ཅད་འཁོར་བ་ལས་འཇིཌ
ཤིང་མྱ་ངན་ལས་འདས་པའི་སར་འབྲོས་པར་བྱེད་པ་འམ། བསྒྲུབ་པ་པོ་ལ་བར་ཆད་པའི་བགེགས་ཐམས་ཅད་སྐྲག་ཅིང་འབྲོས་པར་བྱེད་པའོ། །ཁྲོ་བོ་ནི་ཁྲོས་པའི་ཆ་ལུགས་ཤིན་ཏུ་འཇིགས་པའི་ཚུལ་ལོ། །བཅུད་དག་ནི་གྲངས་སོ། །ཕྱུང་བ་ནི་ཞེ་སྡང
རྡོ་རྗེ་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཁ་ནས་སོ། །དེ་ཡང་ཇི་ལྟ་ཞེ་ན། ཞེ་སྡང་རྡོ་རྗེ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོ་དེ་ཆ་བཅུར་བྱས་ཏེ། དེའི་ཧཱུཾ་བཅུར་གྱུར་པར་བསམ། །དེ་ནས་ཡ་མཱནྟ་ཀ་པྲ་ཛྙཱནྟ་ཀ་ཞེས་བྱ་བ་ལ་སོགས་པ
མིང་བརྗོད་པ་ཙམ་གྱིས་ཁྲོ་བོ་བཅུ་ཐུགས་ནས་ཕྱུང་ཞིང་སོ་སོའི་ཕྱོགས་སུམ་ལས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམ་མོ། །སྨད་རྩེ་མོར་བསམ་པ་ནི་ཁྲོ་བོ་དེ་རྣམས་རྐེད་པ་མན་ཆད་དུར་གསུམ་པ་ཕུར་བུའི་ཚུལ་དུ་བྱའོ། །?་སྟོང
ཁྲོ་བོ་ལྟ་བུ་ཞེས་པ་ནི་རྐེད་པ་ཡན་ཆོད་ཁྲོ་བོའི་ཆ་ལུགས་ཞལ་གསུམ་ཕྱག་དྲུག་ལ་སོགས་པ་དང་ལྡན་པར་བསྒོམ་ཞེས་བྱ་བའི་དོན་ནོ། །ཕྱོགས་བཅུའི་དཀྱིལ་འཁོར་ཞེས་པ་ནི་ཤར་ཕྱོགས་ལ་སོགས་པའི་ཕྱོགས་བཅུ་ཉི་མའི་དཀྱིལ་འཁོར་བཅུ་བསྐྱེད
ནས་ཁྲོ་བོ་དེ་རྣམས་དཀྱིལ་འཁོར་དག་གི་སྟེང་དུ་གནས་པར་བསམ་པའོ། །རིམ་བཞིན་ཞེས་པ་ནི་ཕྱོགས་དང་ཁྲོ་བོ་མ་ནོར་བ་དང་ཤར་ཕྱོགས་ནས་བསྐྱེད་པའོ། །དེ་ཡང་ཤར་ཕྱོགས་སུ་གཤིན་རྗེ་གཤེད་དོ། །ཤར་ལྷོར་མི་གཡོ་མགོན་ནོ། །ལྷོར
ཤེས་རབ་མཐར་བྱད། ལྷོ་ནུབ་འདོད་པའི་རྒྱལ་པོ། ནུབ་ཏུ་པདྨ་མཐར་བྱེད། ནུབ་བྱང་དུ་ནི་ནཱི་ལ་དཎྜ། བྱང་དུ་ཨ་མྲི་ཏ་ཀུཎྜ་ལི། བྱང་ཤར་དུ་མ་ཧཱ་བ་ལ། འོག་ཏུ་ཀ་མ་ལ་ཀུཎྜ་ལི། སྟེང་དུ་ཧཱུཾ་མཛད་དོ། །དེ་ལྟར་ཁྲོ་བོ་རྣམས་བསྐྱེད་ནས་ཡང་འདི་ལྟར་བྱའོ
ཞེས་པའི་དོན་ནོ། །བགེགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་བར་ཆད་བྱེད་པའོ། །ཐམས་ཅད་ནི་བགེགས་ཀྱི་རིགས་ཇི་ལྟ་བུ་ཡང་རུང་མ་ལུས་བའི་དོན་ནོ། །བཤིག་པ་ནི་མེད་པར་བྱས་པའམ། ཚར་གཅད་པའི་དོན་ནོ། །གནོད་?
བཀའ་སྩལ་ཞེས་པ་ལ་སོགས་པ་ནི་ཁྲོ་བོ་གནོད་མཛེས་བསྐྱེད་ཅིང། །བགེགས་རྣམས་ཁུག་ཅིག་པར་བཀའ་སྩལ་པ་དང་ཕུར་བུར་ཐོབ་ཅིག་པའི་དོན། ཉི་མའི་དཀྱིལ་འཁོར་དབུས་གནས་ཞེས་པ་ནི་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གྱི་གཉིས་སུ་མེད་པའི་བྱང་ཆུབ
སེམས་ལས་ཁྲོ་བོ་ཧཱུཾ་ཀ་ར་བསྐྱེད་ནས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམ་པའོ། །དབྱར་གྱི་སྤྲིན་ཕུང་ལྟ་བུ་ཞེས་པ་ནི་དེའི་སྐུ་མདོག་བསྟན་ཏེ། ཤིན་ཏུ་ཡང་གནག་པའོ། །བསྐལ་བའི་མེ་དཔུང་ཞེས་པ་ནི་སྐུའི་འོད་ཤིན་ཏུ་འབར་ཞིང་ཉོན
མོངས་པ་ཐམས་ཅད་སྲེག་པའི་མཐུ་ཆེ་འམ་བདུད་དང་བགེགས་ཐམས་ཅད་ཀྱིས་ཚིག་ཅིང་ཐལ་བར་རློག་པའི་འོད་དང་ལྡན་པའི་དོན། གཡས་བརྐྱང་བ་ནི་ཞབས་གཉིས་སྟང་སྟབས་སོ། །སྨིན་མཚམས་ཁྲོ་གཉེར་ནི་དཔྲལ་བ་ཁྲོ་གཉེར་གསུམ་མམ་ལྔ
དང་ལྡན་པའོ། །དམར་པའི་སྤྱན་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་དབང་གིས་ཆགས་པའི་དོན་དང་བགེགས་ཐམས་ཅད་འཇིགས་པར་བྱ་བའི་ཕྱིར་སྤྱན་ཤིན་ཏུ་ཡང་དམར་བར་བསྟན་ནོ། །ཞལ་གསུམ་ནི་སྐུ་གསུང་ཐུགས་ཀྱི་སྒོ་ནས་སེམས་ཅན་གྱི
དོན་མཛད་པ་འམ་མངའ་པའི་དོན་ནོ། །མཆེ་བ་གཙིགས་པ་ནི་ཤིན་ཏུ་ཡང་འཇིགས་པར་བྱེད་པའི་དོན་ནོ། །རྣམ་པར་བསྒྱུར་བ་ནི་ལྗགས་སོ། །ཕྱག་དྲུག་ལ་དང་པོ་གཉིས་ཧཱུཾ་གི་ཕྱག་རྒྱ་དང་ལྡན་པའོ། །དེ་ཡང་གཡོན་གྱི་མཛུབ་མོ་བསྡིགས་པའི་ཚུལ
དུ་ཐུགས་ཀྱི་ཐད་ཀར་བཞག་པའོ། །གཡས་ཀྱི་མཛུབ་མོ་གནམ་དུ་སྡིགས་པའི་ཚུལ་དུ་བསྒྲེང་པའོ། །དཔའ་བོ་ནི་འཇིག་རྟེན་གྱི་ལྷ་ལ་སོགས་པ་གང་གིས་ཀྱང་མི་ཐུབ་པའི་དོན་ནོ། །རྡོ་རྗེ་དྲིལ་བུ་འཛིན་བ་ཞེས་པ་ནི་ཕྱག་དེ་གཉིས་ཀྱིས་སོ། །གཡས་གཉིས
ལྕགས་ཀྱུ་རལ་གྲི་ནི་བར་མ་ལྕགས་ཀྱུ་རལ་གྲིའོ། །གཡོན་གྱི་བར་མ་དགྲ་སྟ། ཐམ་ཞགས་པའོ། །འདི་འདྲ་གཟུགས་ཞེས་པ་ནི་གོང་དུ་བསྟན་པའི་ཆ་ལུགས་ཁྲོ་བོ་མདུན་དུ་གནས་པར་བསྒོམས་ནས་ཞེས་བྱ་བའི་དོན་ནོ། །རང་གིས་དེ་ལ་བཀའ་སྩལ་བ་ཞེས་པ་ནི
ཐུགས་ཀ་ནས་བྱུང་བའི་ཁྲོ་བོ་ཧཱུཾ་ཀ་ར་ལ་ཞེ་སྡང་རྡོ་རྗེ་བགེགས་ཐམས་ཅད་ཁུག་ཤིག་པར་སྔགས་ཀྱི་སྒོ་ནས་བསྐུལ་བའི་དོན་ནོ། །དེ་ཡང་གང་ཞེ་ན། ཨོཾ་སུམྦྷ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཡི་གེ་རྣམས་སོ། །ོཾ་ནི་ཡེ་ཤེས་ལྔ་འམ་སྐུ་གསུང་ཐུགས་བསྟན
པ་འམ། སྔགས་ཐམས་ཅད་ཀྱི་མགོ་ཨོཾ་གྱིས་འདྲེན་པས་སོ། །དེ་ཡང་ཇི་ལྟ་ཞེན། སྔོན་ལྷ་ཆེན་པོ་འདོད་ཆགས་ཆེན་བོ་བསྐྱེད་ནས་གངས་རིའི་བུ་མོ་ཨཽ་མ་དང་ཟླ་དྲུག་གི་བར་དུ་མཚམས་མ་བྱེ་བར་འདོད་ཆགས་སྤྱོད་པ་གཟིགས་ནས་ཐུགས་རྗེས་དེ་གཉིས
འདུལ་བའི་དོན་དུ་ཁྲོ་བོ་ཆེན་པོའི་ཆ་ལུགས་སུ་སྤྲུལ་ནས། དེ་གཉིས་མཚམས་མ་བྱེ་བར་མནན་པའི་ཚེ་འཇིག་རྟེན་པའི་ལྷ་རྣམས་བྲེད་ཅིང་འདར་ནས་མཛེས་སོ་མཛེས་སོ་ཞེས་བསྟོད་པས་ཡ་མཚན་དུ་གྱུར་ཏོ། །ཡང་རྣམ་གཅིག་ཏུ་དེ་གཉིས་མནན་ནས་བྱང་ཆུབ་སེམས
བསྐྱེད་ཅིང་མཛེས་པར་བྱས་པས་སོ། །ནི་ཞེས་པས་ནི་ངེས་པའི་དོན་ཨཱ་ན་ཡ་ཞེས་པ་ནི་བགེགས་ཐམས་ཅད་ཁྱེར་ལ་ཤོག་ཅིག་པའོ། །ཁྲོ་བོའི་རྒྱལ་པོ་འདི་དག་གིས་ཞེས་པ་ནི་སྔགས་དེ་དག་གིས་བསྐུལ་མ་ཐག་ཏུ་ཁྲོ་བོ་གནོད་མཛེས་ཀྱིས་བགེགས
ཐམས་ཅད་བཟུང་ནས་ཁྲོ་བོ་རྣམས་ཀྱི་འོག་ཏུ་བཅུག་པར་འགྱུར་རོ། །བློ་ལྡན་ནི་ཆོ་ག་ལ་གནས་པའི་རྣལ་འབྱོར་པའོ། །སྦྱོར་བ་ཡིས་ཞེས་པ་ནི་འོག་ཏུ་མནན་པའི་བགེགས་རྣམས་མི་ལྟ་བར་བྱ་བའི་ཕྱིར། ཕུང་བུ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་བྱས
ནས་ཐོབ་ཅིག་པའི་དོན་ནོ། །རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ་ཞེས་པ་ལ་སོགས་པ་ནི་ཕུར་བུ་བསྒོམ་པའི་ཐབས་སོ། །ཕུར་བུ་ཐམས་ཅད་ཁྲོ་བོ་ཨ་མྲི་ཏ་ཀུཎྜ་ལིའི་རང་བཞིན་དུ་བསྒོམས་པ་ཡིས་རྡོ་རྗེ་ཕུར་བུ་ཉིད་གནས་པ་ཞེས་བྱ། ཨཽཏཔལ་སྔོན་པོའི་མདོག་འདྲ་པ་ནི་ཕུར་
བུའི་ཁ་དོག་སྔོ་སྐྱར་བདུག་པའི་དོན་ནོ། །འབར་བའི་ཕྲེང་བ་ནི་ཕུར་བུ་ལས་འོད་ཟེར་རྒྱུན་མི་འཆད་པར་ཕུར་བུ་ཉིད་ལས་དགྲིགས་པའི་ཚུལ་དུ་འཕྲོ་བའོ། །ལྟེ་བའི་མན་ཆད་ཞེས་པ་ལ་སོགས་པ་ནི་གོང་དུ་སྟན་པའི་ཁྲོ་པོ་རྣམས་འདྲ་བར་བསྒོམས་པ
ཡིས་རྡོ་རྗེ་ཕུར་བུ་ཉིད་གནས་པ་ཚོགས་ལ་འོག་ཏུ་གཟིགས་པ་ཞེས་པ་ནི་འོག་ཏུ་མནན་པའི་བགེགས་རྣམས་ལ་མ་འགུལ་ཅིག་ཅེས་པའི་བརྡ་སྡང་མིག་ཏུ་བལྟ་བའོ། །དེའི་སྔགས་ནི་ཕུར་བུའི་སྔགས་འོག་ནས་འབྱུང་བའོ། །བརྗོད་པནི་ལན་གྲགས་བརྒྱ་རྩ་བརྒྱད་དམ། ཉི
ཤུ་རྩ་གཅིག་གམ་བདུན་ཞེས་པའི་དོན་ནོ། །རྡོ་རྗེ་ཕུར་བུ་ནི་དེ་ལྟར་བྱིན་གྱིས་བརླབས་པའི་ཕུར་བུའོ། །ངེས་པ་ནི་ཐེ་ཚོམ་མེད་པར་བཏབ་ན་བགེགས་ཐམས་ཅད་གནོན་པར་འགྱུར་པའི་དོན་ནོ། །དེའི་སྔགས་ནི་ཨོཾ་གྷ་གྷ་ཞེས་པ་ལ་སོགས་པའི་ཡི་གེ་རྣམས་སོ། །
རྡོ་རྗེ་ཐོབ་ཕྱག་བསྣམས་མཆོག་། ཅེས་པ་ལ་སོགས་པ་ནི་ཕུར་བུ་འདེབས་པའི་ཚེ། རྣལ་འབྱོར་པས་ཧཱུཾ་མཛད་བསྒོམས་པའི་དོན་དེ་ཡང་ཧཱུཾ་གི་ཕྱག་རྒྱ་གཏང་ལ་ཐོབ་ཕུར་བུ་འཛིན་ཅིང། ཚིག་ཀྱང་ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང་རྒྱུན་མི་འཆད་པར་བསྒྲགས་ཏེ། མིག་ཀྱང
སྡང་མིག་ཏུ་མེ་རྟག་འཕྲོ་བའི་ཚུལ་དུ་བལྟ་ཞིང་བགེགས་རྣམས་ཕུར་བུས་བཏབ་པར་བྱ་པའི་དོན་ནོ། །ཕྱོགས་མཚམས་ཀུན་ཏུ་རྡོ་རྗེ་མེ་ཞེས་པ་ནི་ཕྱོགས་མཚམས་སུ་ཡི་གེ་རཾ་བསྐྱེད་ནས། བསྐལ་པའི་མེ་དང་འདྲ་བར་ཡེ་ཤེས་ཀྱི་མེ་བསྐྱེད་པའོ། །རྣམ
པར་འཕྲོ་བ་ནི་ཕྱོགས་ཐམས་ཅད་འཕྲོ་ཞིང་སེམས་ཅན་གྱི་ཉོན་མོངས་པ་བསྲེག་པ་དང། མེ་རྟག་འབར་བ་འཕྲོ་ཞིང་སྡང་བ་རྣམས་ཚིག་པར་བསམ་མོ། །ཕྱོགས་བཅུ་ཀུན་ཏུ་འབྲོས་པར་འགྱུར་ཞེས་པ་ནི་བགེགས་ཐམས་ཅད་བསྒྲུབ་པའི་གནས་ཀྱི་མཚམS་ནས
སོ་སོའི་ཕྱོགས་སུ་འབྲོས་པར་འགྱུར་པའི་དོན་ནོ། །ཕྱོགས་མཚམས་ཕུར་བུས་བཏབ་ནས་ནི་གོང་མ་ལྟར་བྱས་ནས་ཞེས་པའི་དོན་ནོ། །སྟེང་འོག་ཡང་དག་བྱིན་གྱིས་བརླབ་ཅེས་པ་ནི་གོང་མ་ལྟར་ཕུར་བུ་གདབ་པ་དང་མེ་བསྐྱེད་པའོ། །དེ་ལྟར་གནས་བསྲུང་བ
བསྟན་ནས་དམ་པའི་དོན་ཞེས་པ་ལ་སོགས་པས་གནས་སྦྱང་བའི་ཆོ་ག་བསྟན་ཏེ། དེ་ཡང་དོན་དམ་པའི་ཏིང་ངེ་འཛིན་གྱིས་སྦྱང་དགོས་པས་ན་སྲིད་པ་གསུམ་མ་སྐྱེས་པ་རང་བཞིན་མེད་པར་བསྒོམས་ཤིག་པའི་དོན་ནོ། །དངོས་པོ་མེད་པར་བསྒོམ་པ་ཞེས་པ་ལ
སོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་སྣང་བ་དང་གཡོ་དང་མི་གཡོ་བ་ཐམས་ཅད་ཡེ་ནས་མ་སྐྱེས་པའི་རང་བཞིན་ཡིན་པར་མ་ཤེས་ཤིང་ཡེ་ནས་ཡོད་པ་ལས་མེད་པར་བསྒོམ་པ་ནི་བསྒོམ་པ་ཡང་དག་པ་མ་ཡིན་ནོ་ཞེས་པའི་དོན། དེ་ལྟར
བས་ན་དོན་དམ་པའི་རང་བཞིན་བསྒོམ་པའི་རྣལ་འབྱོར་པས་ཡོད་པ་དང་མེད་པ་དང་ཐོག་མ་དང་ཐ་མ་ལ་སོགས་པའི་སེམས་ཀྱི་བྱེ་བྲག་ཐམས་ཅད་མི་དམིགས་པར་ནམ་མཁའ་ལྟར་བསྒོམ་པའོ། །དངོས་པོ་ནི་གོང་དུ་བསྟན་པའི་ཕུང་པོ་དང། ཁམས་ལ་སོགས
པའོ། །བརྟན་པ་དང་ས་དང་རི་རབ་ལ་སོགས་པའི་སྣོད་ཀྱི་འཇིག་རྟེན་ནོ། །གཡོ་བ་ནི་ལྷ་དང་མི་ལ་སོགས་པའི་བཅུད་ཀྱི་འཇིག་རྟེན་ནོ། །ཀུན་ནི་མ་ལུས་པའི་དོན་ནོ། །ཚིགས་བཅད་འདི་ཡིས་སྟོང་གྱུར་ཞེས་པ་ནི་གོང་དུ་བསྟན་པའི་ཚིགས་སུ་བཅད་པའི
སྒོ་ནས་ནམ་མཁའ་ལྟར་བསྒོམ་པའོ། །ནས་ནི་སྟོང་པར་བསམས་ནས་བསྒྲུབ་བྱའི་ས་བྱིན་གྱིས་བརླབ་ཅེས་པའི་དོན་ནོ། །ཆོ་ག་འདིའི་སྦྱོར་བ་ཞེས་པ་ནི་འོག་ནས་འབྱུང་པའི་བྱང་ཆུབ་སེམས་རྡོ་རྗེ་བསྒོམ་པ་ལ་སོགས་པའོ། །ཡེ་ཤེས་ས་ནི་རིགས་ལྔ
ལ་སོགས་པའི་ལྷ་རྣམས་ཀྱི་བཞུགས་པའི་གནས་ཡིན་པའམ། ཡུམ་ལྔའི་རང་བཞིན་ཡིན་པས་སོ། །བྱིན་གྱིས་བརླབ་པ་ནི་ཏིང་ངེ་འཛིན་གྱིས་བསྐྱེད་པ་ལ་བྱའོ། །བྱང་ཆུབ་རྡོ་རྗེ་དམིགས་ནས་ཤེས་པ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས
དངོས་པོ་ལྟ་བའི་བག་ཆགས་ཐམས་ཅད་བྱང་བར་བྱས་པའི་རྣལ་འབྱོར་པས་ཧཱུཾ་ལས་བདག་བྱང་ཆུབ་སེམས་རྡོ་རྗེ་དེ་ཀུན་དུ་བཟང་མོ་བསྒོམ་པར་བྱའོ། །ཟླ་བའི་དཀྱིལ་འཁོར་ལ་འདུག་པའི་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་བྱང
ཆུབ་སེམS་རྡོ་རྗེ་དང། ཀུན་ཏུ་བཟང་མོ་སྐུ་མདོག་ཟླ་བའི་ན་དོག་དང་འདྲ་བ་ཟླ་བའི་འོད་དང་ལྡན་པ་སངས་རྒྱས་ལྔས་དབུ་རྒྱན་བ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་བུ་སྦྱོར་བའི་ཚུལ་དུ་བཞུགས་པ་ཕྱག་གཉིས་ཀྱིས་བགྱིང་པའི་ཚུལ་གཡོན་པས་ཡུམ་ལ་འཁྱུད་པ། ?
པས་རྡོ་རྗེ་འཛིན་པ་བསྒོམ་པའོ། །ནམ་མཁའ་ཨི་ཁམས་ཀུན་ཁྱབ་ཅེས་པ་ནི་དེ་ལྟར་བྱང་ཆུབ་སེམས་རྡོ་རྗེ་ཀུན་ཏུ་བཟང་མོ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཡི་གེ་མར་གྱུར་ལ། དེའི་འཕྲོ་འདུ་བྱས་པ་ལས་ལྷ་མོ་མཱ་མ་ཀཱིར་གྱུར་པར་བསམས་ལ། འཕྲོ
འདུ་བྱས་པ་ལས་སེམས་ཅན་གྱི་དོན་དུ་ཆུའི་རང་བཞིན་དུ་གྱུར་ནས་ནམ་མཁའ་དང་མཉམ་པར་གནས་པར་བསམ་པའི་དོན་ནོ། །ནམ་མཁའ་རྡོ་རྗེ་དབུས་གནས་པ་ཞེས་པ་ནི་གོང་མ་དང་འདྲ་བར་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཡི་གེ་ལཾ་དུ་གྱུར་ལ་གོང
མ་ལྟར་འཕྲོ་འདུ་བྱས་པ་ལྷ་མོ་ལོ་ཙ་ན་སྐུ་མདོག་དཀར་མོར་གྱུར་པར་བསམས་ལ་འཕྲོ་འདུ་བྱས་པ་ལས་སེམས་ཅན་གྱི་དོན་དུ་སའི་ཁམས་ཀྱི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ཡང་ཁྱོད་ཇི་ཙམ་ཞེ་ན། དཔག་ཚད་བྱེ་བ་ཞེས་བྱ་སྟེ། དེ་ཡང་གཙོར་སྨོས
པ་ཡིན་གྱི་ནམ་མཁའ་ཨི་ཁམས་ཀུན་ཁྱབ་པ་འམ། དེ་བས་ཆུང་བ་འམ་སེམས་ཀྱི་གང་ལྕོགས་དང་ངོ། །དང་བ་ནི་ཤེལ་ལྟ་བུར་འདུག་ཅིང་འོད་གསལ་བའོ། །དྲི་མ་མེད་པ་ནི་རང་བཞིན་གྱིས་ཉོན་མོངས་པ་མེད་པ་དང། འཕྲལ་གྱི་ཡིད་དུ་མི་འོང་བ་མེད
པའོ། །འོད་ཟེར་སྣ་ལྔ་ནི་དཀར་པོ་ལ་སོགས་པ་ཡེ་ཤེས་ལྔ་ཡི་རང་བཞིན་གྱི་འོད་དོ། །ཀུན་ཏུ་འཁྲིག་པ་ནི་ཕྱོགས་ཐམས་ཅད་དུ་འབར་ཞིང་རབ་རིབ་སེལ་བའི་དོན་ནོ། །སངས་རྒྱས་རྡོ་རྗེ་ཅན་གྱི་གནས་ཞེས་པ་ནི་དེ་ལྟ་བུ་སངས་རྒྱས་ཐམས་ཅད་ཀྱི་བདག
ཉིད་བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན་ཡིན་པ་འམ་རིགས་ལྔ་ལ་སོགས་པའི་ལྷའི་ཕོ་བྲང་དཀྱིལ་འཁོར་བསྐྱེད་པ་ཡིན་པས་སོ། །དེ་དབུས་བྷྲུཾ་ནི་གནས་ཞེས་པ་ནི་གོང་དུ་བསྟན་པའི་ས་གཞིའི་དཀྱིལ་དུ་གཞལ་ཡས་ཁང་བསྐྱེད་པར་བསྟན། དེ་ཡང་གཞལ
ཡས་ཁང་གི་རང་བཞིན་ནི་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཆེན་པོའི་རང་བཞིན་ཡིན་པས་དེའི་སྙིང་པོ་ཡི་གེ་བྷྲུཾ་ལས་བསྐྱེད་པར་བྱའོ་ཞེས་པའི་དོན་ནོ། །གསེར་གྱི་རི་བོ་འདྲ་བ་ཡི་ཞེས་པ་ནི་སྐུ་རི་རབ་དང་འདྲ་བར་ཤིན་ཏུ་ཡང་ཆེ་བ་དང་སྐུ་མདོག་སེར་བཀོད།
སངས་རྒྱས་ཀུན་གྱི་གཞལ་མེད་ཁང་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་ཡིན་པས་སོ། །འཁོར་ལོས་བསྐྱུར་བ་བསྒོམ་པར་བྱ་བ་ནི་གཞལ་ཡས་ཁང་གི་རང་བཞིན་དུ་སྨོན་ལམ་གྱིས་གྱུར་པ་ཡིན་པས་སོ། །དེ
ཡང་གོང་དུ་བསྟན་པའི་ཡི་གེ་ལས་གཙུག་གཏོར་འཁོར་ལོས་བསྒྱུར་བ་ཆེན་པོ་སྐུ་མདོག་གསེར་དང་འདྲ་བ་ཞལ་གསུམ་ཕྱག་དྲུག་ལ་གཡས་ཀྱི་གསུམ་ལ་འཁོར་ལོ་དང་རྡོ་རྗེ་དང། རིན་པོ་ཆེ་བསྣམས་པ། གཡོན་གསུམ་ན་པདྨ་དང། རལ་གྲི་དང།
ལྕགས་ཀྱུ་བསྣམས་པ། རིགས་ལྔས་དབུ་བརྒྱན་པ། སྐུ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོ་བ་ལོ་ཙན་དང་གཉིས་སུ་མེད་པར་སྦྱོར་བའི་ཚུལ་དུ་གནས་པར་བསྒོམ་པའི་དོན་ནོ། །ལས་ཀྱི་རྡོ་རྗེ་བསྟན་ཞེས་པ་ནི་ལས་ཀྱི་རྡོ་རྗེ་ནི་བཅོམ
ལྡན་འདས་དོན་ཡོད་གྲུབ་པའོ། །བསྟན་ནི་ལྷ་མོ་སྒྲོལ་མའོ། །ཤེས་རབ་ལྡན་པ་ནི་རྣལ་འབྱོར་པའོ། །དེ་ཞེས་པ་ནི་གཞལ་ཡས་ཁང་དང་ས་གཞི་དང་ཆུའི་འོག་ཏུ་གོང་དུ་བསྟན་པའི་ཚུལ་དུ་ཡི་གེ་ཧ་ལས་ལྷ་མོ་སྒྲོལ་མ་རླུང་གི་དཀྱིལ་འཁོར་དང
འདྲ་བ་བསྒོམ་ཞེས་བྱ་བའི་དོན་ནོ། །དེ་དང་འདྲ་བར་ཡི་གེ་བྷྲུཾ་ལས་ལྷ་མོན་བཟའ་དཀར་མོ་དྲོད་ཐམས་ཅད་ཀྱི་ཚུལ་དུ་གནས་པར་བསམ་མོ། །གོང་དུ་རིམ་པ་བཞིན་མ་བསྟན་པ་ནི་ཕྱི་རོལ་གྱི་ཡི་གེ་དང་ཚིག་ལ་མཁས་པ་རྣམས་ཀྱིས་མི་གོ
བ་བྱ་བའི་ཕྱིར་སློབ་དཔོན་གྱིས་མན་ངག་དུ་མཛད་པའོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པ་ཞེས་པ་ནི་ནམ་མཁའ་ཀུན་ཏུ་བཟང་མོའི་རང་བཞིན་སྟོང་པ་ཉིད་ལ་གཞལ་ཡས་ཁང་དེ་ལྟ་བུ་བསྐྱེད་པ་དེ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བཞུགས
གནས་ཡིན་པའི་དོན་ནོ། །རིན་ཆེན་བཞི་དངོས་པས་ནི་གཞལ་ཡས་ཁང་གི་ཁ་དོག་བསྟན་ཏོ། །ཡེ་ཤེས་བཞི་ལས་རིན་པོ་ཆེ་བཞིར་སྣང་བ་སྟེ། དེ་ཡང་ཤར་ཕྱོགས་མེ་ལོང་ལྟ་བུའི་ཡེ་ཤེས་ཤེལ་ལྟ་བུར་སྣང་བ་དག་ལྷོ
ཕྱོགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཨཻན་དྲ་ནི་ལ་ལྟར་སྣང་བ་དང། ནུབ་ཕྱོགས་སོ་སོར་རྟོག་པའི་ཡེ་ཤེས་པདྨ་རཱ་ག་ལྟར་སྣང་བ་དང། བྱང་ཕྱོགས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཨཻན་དྲ་ནཱི་ལ་མ་ར་ཀ་ཏ་ལྗང་གུ་ལྟར་སྣང་བའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཀུན
ལ་ཁྱབ་པར་ཤེས་པར་བྱའོ། །མཆོད་རྟེན་ཞེས་པ་ནི་འཇིག་རྟེན་གསུམ་གྱི་མཆོད་པར་འོས་པ་གཙུག་ཏོར་འཁོར་ལོས་བསྒྱུར་བའི་རང་བཞིན་ནོ་ཞེས་པའི་དོན་ནོ། །འོད་ཟེར་འཕྲོ་བ་རྣམ་པར་བརྒྱན་ཞེས་པ་ནི་ཡེ་ཤེས་ལྔའི་འོད་ཟེར་ཁ་དོག་ལྡང་འཕྲོ་ཞིང་མཆོད་པའི
བྱེ་བྲག་ཏུ་གྱུར་ནས་གཞལ་ཡས་ཁབ་དེ་བརྒྱན་པའོ། །ཡེ་ཤེས་རྒྱ་མཚོ་ཞེས་པ་ནི་སངས་རྒྱས་སོ། །དེ་ཡང་ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་མཁྱེན་པ་གཏིང་དཔག་དཀའ་བས་སོ། །དུས་གསུམ་ནི་འདས་པ་དང། མ
འོངས་པ་དང་ད་ལྟར་རོ། །ཡང་ན་ཡེ་ཤེས་ནི་གདོད་མ་ནས་མ་སྐྱེད་པ་ཆོས་ཀྱི་དབྱིངས་སོ། །རྒྱ་མཚོ་ནི་མཛའ་ཐུག་པ་མེད་པའོ། །དེའི་རང་བཞིན་དུས་གསུམ་གྱི་སངས་རྒྱས་ཡིན་པའི་དོན་ནོ། །གནས་སུ་དེ་ནི་རྣམ་པར་བསམ་ཞེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ
རྣམས་ཀྱི་བཞུགས་གནས་ཡིན་པར་བསྒོམ་མོ། །གྲུ་བཞི་པ་ལ་སྒོ་བཞི་ཞེས་པ་ལ་སོགས་པས་ནི་གཞལ་ཡས་ཁང་དེའི་དབྱིབས་དང་རྒྱན་བསྟན། གྲུ་བཞི་ཡེ་ཤེས་བཞི་འམ་ཡུམ་བཞི་ལས་གྲུབ་པའི་རྟགས་སོ། །སྒོ་བཞི་ནི་སྟོང་པ་ཉིད་ལ་སོགས་པ
བཞིའི་རྟགས་སོ། །སྒོ་རྒྱན་བཞི་ནི་བྱམས་པ་ཆེན་པོ་ལ་སོགས་པ་ཚངས་པའི་གནས་བཞིའི་རྟགས་སོ། །ཡང་དག་ལྡན་ཞེས་པ་ནི་དེ་ལྟ་བུའི་རང་བཞིན་ཏྭར་ན་བཞི་དང་གཞལ་ཡས་ཁང་དང་ལྡན་པའི་དོན་ནོ། །དྲིལ་བུ་ནི་ཤེས་རབ་ཀྱི་སྒྲ་སྒྲོགས་ཤིང་སེམས
ཅན་གྱི་མི་ཤེས་པ་ཐམས་ཅད་སེལ་བའི་དོན་ནོ། །དར་དཔྱངས་ནི་འདུལ་བའི་དབང་དུ་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སུ་ཀུན་རྫོབ་ཀྱི་སྐུ་བསྟན་པ་ལྷ་དང་མི་ལས་འཕགས་ཤིང་མཚན་དང་དཔེ་བྱད་རྣམས་དང་ལྡན་པའི་རྟགས་སོ། །བ་དན་ནི་སངས
རྒྱས་ཀྱི་ཡོན་ཏན་འཇིག་རྟེན་གྱི་ལྷ་དབང་ཕྱུག་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའི་དོན་སོགས་པའི་སྒྲ་ནི་མུག་ཏི་ཧ་ར་དང། རྔ་ཡབ་དང་བླ་རེ་ལ་སོགས་པའི་རྒྱན་མཛའ་ཡས་པ་རྣམས་སོ། །དེ་ཡང་སངས་རྒྱས་ཀྱི་ཡོན་ཏན་མཛའ་ཡས་པ་དང་སྦྱར་རོ། །
སྒོ་ཁྱད་ཀྱིས་རྣམ་པར་བརྒྱན་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྒོ་ཁྱུད་རྣམས་དང་ལྡན་པའོ། །གྲཝ་མཚམས་ནི་ཐིག་གཉིས་ཀྱི་བར་དང་ཀ་བའི་པར་རོ། །ཐམས་ཅད་ནི་ལྷ་རྣམས་ཀྱིས་བཞུགས་པའི་ས་རྣམས་སོ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་བརྒྱན་ཞེས་པ་ནི་དེ་དག
ཏུ་རྡོ་རྗེ་དང་རིན་པོ་ཆེ་ཐ་དད་པ་རྣམས་ཅི་མཛེས་སུ་བྲིའོ། །ཟླ་གམ་ཆུའི་ཕྱེད་ཞེས་པ་ལ་སོགས་པའི་རྒྱན་འདི་དག་གིས་ཀྱང་མཛེས་པར་བྱས་ཤིང། །སངས་རྒྱས་ཀྱི་ཡོན་ཏན་དུ་ཤེས་པར་བྱའོ། །ཐིག་སྐུད་བཞི་ནི་ཡོངས་བཏབ་པ། ཞེས་པ་ལ་སོགས་པས་ནི
ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་གཞལ་ཡས་ཁང་གི་དབུས་སུ་རེའུ་ཆ་དགུའི་དཀྱིལ་འཁོར་བྲི་འམ། བསྒོམ་པར་བསྟན་ཏོ། །ཐིག་སྐུད་ཅེས་པ་ནི་རས་བལ་ལ་སོགས་པ་གང་ཡང་རུང་བ་ལ་བུ་མོ་མཚན་དང་ལྡན་པས་བཀལ་བ་ཁ་དོག་གསུམ་མམ་ལྔ་སུམ
སྒྲིལ?་ལམ་ལྟ་བྱས་པའི་སྐུད་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །བཞི་ཡོངས་སུ་གཏང་པ་ནི་དེའི་དུས་སུ་རྣལ་འབྱོར་པས་སྐུ་གསུང་ཐུགས་སུ་བསྒོམས་ལ། ཨོཾ་ཨཱ:ཧཱུཾ་བརྗོད་ཅིང། ཤར་ཕྱོགས་ནས་ནུབ་ཕྱོགས་སུ་ཐིག་གཉིས་བཏབ
པ་དང། ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཐིག་གཉིས་བཏབ་པའོ། །ཀ་བ་མཆོག་བརྒྱད་ཀུན་ཏུ་གནས་པ་ནི་དེ་ལྟར་བཏབ་པས་ཕྱོགས་རེ་རེར་ཀ་བ་གཉིས་གཉིས་ཀྱི་ཚུལ་དུ་གནས་པས་སོ། །མཆོག་ཅེས་པས་ནི་རྣམ་པར་ཐར་པའི་སྒོ་བརྒྱད་ཀྱིS་རྣམ་པར་དག་པའོ།།
དབུས་སུ་འཁོར་ལོ་དམིགས་བྱ་བ་ནི་ཐིག་དེའི་མཛའ་ཀུན་ནས་ཟླུམ་པོར་སྐོར་ཞིང་རེའུ་ཆ་དགུ་ཞེས་པའི་དོན་ནོ། །མདོར་ན་ཞེས་པ་ནི་ཕྱོགས་དང་སངས་རྒྱས་སོ་སོར་སློབ་དཔོན་གྱིས་མ་བསྟན་པའི་དོན་ནོ། །སངས་རྒྱས་ཐམས་ཅད
ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ། །རང་གི་གནས་སུ་རྣམ་པར་བསམ་ཞེས་པ་ནི་དེ་བཞིན་གཤེགས་པ་སོ་སོའི་ཕྱོགས་སུ་བསྒོམ་པ་འམ་བྲི་ཞེས་པའི་དོན་ཏེ། དེ་ཡང་དབུས་སུ་མི་བསྐྱོད་པའོ། །ཤར་དུ་རྣམ་པར་སྣང
མཛད་དོ། །ལྷོར་རིན་ཆེན་དཔལ་ལོ། །ནུབ་དུ་ཚེ་དཔག་མེད་དེ། །བྱང་དུ་དོན་ཐམས་ཅད་གྲུབ་པའོ། །རྡོ་རྗེ་ལྷ་མོ་བཞི་རྣམས་ཞེས་པ་ནི་སངས་རྒྱས་སྤྱན་ལ་སོགས་པ་བཞིའོ། །འཁོར་ལོ་གྲཝར་ནི་རྣམ་པར་བསྒོམ་ཞེས་པ་ནི་མེའི་ཕྱོགས་ནས་དབང་ལྡན་གྱི་ཕྱོགས་སུ
སངས་རྒྱས་སྤྱན་པ་སོགས་པ་བཞི་རིམ་པ་བཞིན་དུ་དགོད་པའོ། །གཤིན་རྗེ་གཤེད་ལ་སོགས་ཞེས་པ་ནི་གཤིན་རྗེ་གཤེད་དང། གཞན་གྱིས་མི་ཐུབ་པ་དང། རྟ་མགྲིན་དང། བདུད་རྩི་འཁྱིལ་པའོ། །སྒོང་དམིགས་པ་ནི། ཤར་སྒོ་ནས་བྱང་སྒོར་རིམ་པ་བཞིན
དུ་དམིགས་པའོ། །སའི་སྙིང་པོ་ལ་སོགས་བསྒོམ་ཞེས་པ་ནི་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སེམས་མ་བརྒྱད། དཀྱིལ་འཁོར་གྱི་ཕྱིའི་རིམ་པ་ལ་འོག་ནས་འབྱུང?་པའི་ཚུལ་དུ་བསྒོམས་པའི་དོན་ནོ། །ཉི་མའི་དཀྱིལ་འཁོར་དབུས
?་ཞེས་པ་ནི་དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང་དུ་སེམས་ཀྱི་རྡོ་རྗེ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་བདག་ཉིད་དུ་གྱུར་པ་བསྒོམ་པར་བྱ་བའི་དོན་ནོ། །ཞལ་གསུམ་ཕྱག་དྲུག་ལྟ་བུ་ཞེས་པ
ནི། སྐུ?་གསུང་ཐུགས་ཀྱི་རང་བཞིན་ཞལ་གསུམ་དང། འགྲོ་བ་དྲུག་གི་དོན་བྱེད་པའི་ཕྱག་དྲུག་དང་ལྡན་པའོ། །ཕྱག་མཚན་ལ་སོགས་པ་ནི་འོག་ནས་སྟོན་ཏོ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པ་ཞེས་པ་ནི། དེ་ལྟར་ཏིང་ངེ་འཛིན་གྱིས་བསྒོམ་པ་མོ། །གཟུགས
བརྙན་དུ་བྲིས་པའི་དཀྱིལ་འཁོར་སངས་རྒྱས་ཀྱི་རང་བཞིན་ནམ་བཞུགས་གནས་ཡིན་པས་སངས་རྒྱས་དཀྱིལ་འཁོར་རོ། །དབུས་སུ་གནས་པ་ནི་རྣལ་འབྱོར་པ་དེའི་དཀྱིལ་དུ་འདུག་པའོ། །དེ་ལྟར་དཀྱིལ་འཁོར་བསྟན་ནས། ད་ནི་ཏིང་ངེ་འཛིན་རྣམ་གསུམ་གྱིས
ཕྱག་རྒྱ་ཆེན་པོ་བསྐྱེད་ཅིང་སྒྲུབ་དགོས་པས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྟན་ཏོ། །ལུས་དང་ངག་ཡིད་རྡོ་རྗེ་ཞེས་པ་ལ་སོགས་པ་ནི་ལུས་དང་ངག་ཡིད་ན་རྣལ་འབྱོར་པའི་འོ། །རྡོ་རྗེ་ནི་མ་སྐྱེས་པའི་རང་བཞིན་ཡིན་པས་སོ། །མཚན་ཉིད་དམ་པའི་དོན་ཉིད་དེ་ཞེས་པ
ནི་བདག་གི་ལུས་ངག་ཡིད་གསུམ་དོན་དམ་པའི་རང་བཞིན་སྟོང་པ་ཉིད་དུ་བསྒོམ་པའི་དོན་ནོ། །ཚུལ་བཞིན་ཞེས་པ་ནི་དངོས་པོ་མེད་པར་བསྒོམ་པའི་དངོས་པོ་ཞེས་པའི་ཚིགས་བཅད་ཀྱི་སྒོ་ནས་དཔྱད་པའོ། །ནས་ཞེས་པ་ནི་བདག་གི་ལུས་ངག་ཡིད་གསུམ་ནམ་མཁའ་
ལྟར་བསྒོམས་ནས་འོག་གི་སྔགས་བཟླ་བའི་དོན་ནོ། །སྔགས་འདི་རབ་ཏུ་བརྗོད་པ་ནི་སྟོང་པ་ཉིད་ཀྱི་དོན་ཡིད་ལ་བྱེད་ཅིང་མ་ནོར་བར་ལན་གསུམ་བརྗོད་པའོ། །ོཾ་ཤཱུ་ནྱ་ཏཱ་ནི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནམ་མཁའ་ལྟར་གནས་པས་སྟོང
པའོ། །རྡོ་རྗེ་ནི་མི་འགྱུར་པའི་དོན་ནོ། །ཱཏྨ་ཀོཉ་ཧཾ་ཞེས་པ་ནི་བདག་ཀྱང་དེ་ལྟ་བུའི་རང་བཞིན་ནོ་ཞེས་པའི་དོན་ནོ། །ནམ་མཁའ་བཞིན་དུ་བལྟ་བར་བྱ་བ་ནི་གོང་མའི་དོན་ཡང་ནས་ཡང་དུ་ཡིད་ལ་བྱ་བའོ། །ནམ་མཁའ་བརྟག་ཏུ་མེད་པ་ལྟར་ཞེས་པ་ནི་ཆོས་ཐམས་ཅད
ནམ་མཁའ་དང་འདྲ་བར་བརྟག་ཏུ་མེད་པ་ཡིན་པས་བདག་ཀྱང་རང་བཞིན་མེད་པར་ཤེས་པར་བྱའོ། །ཡི་གེ་རྣམ་པར་བསྒོམ་ཞེས་པ་ནི་དེ་ལྟར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་ཉིད་ལ་ཅི་ནུས་སུ་གནས་ནས། སེམས་ཅན་གྱི་དོན་བྱ་བའི་ཡིད་ཀྱིས་འོག་ནས་འབྱུང
བའི་ཡི་གེ་གསུམ་བསྒོམ་ཞེས་བྱའོ། །བླ་འོག་དབུས་ནི་རིམ་བཞིན་ཞེས་པ་ནི་སྤྱི་བོ་དང། ལྕི་དང་སྙིང་ག་ཐད་ཀ་ཙམ་དུ་བསྒོམ་པའོ། །བདག་ཉིད་ཡི་གེ་གཟུགས་ནི་སྟོང་པ་ཉིད་ལ་གནས་པའི་རྣལ་འབྱོར་པས་བདག་གི་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཡི
གེ་འབྲུ་གསུམ་དུ་དམིགས་པར་བྱའོ། །སངས་རྒྱས་དཀྱིལ་འཁོར་དབུས་ཉིད་དུ་ཞེས་པ་ནི་སྟོང་པའི་དབུས་སུ་ཡི་གེ་གསུམ་པོ་དཀར་པོ་དམར་པོ་མཐིང་དག་ཏུ་ཁ་དོག་གསུམ་དུ་བསྐྱེད་པའི་དོན་ནོ། །ཉི་ཟླ་པདྨ་ལ་ཡང་དག་གནས་ཞེས
པས་དེ་རྣམས་གདན་བསྟན་ཏེ། དེ་ཡང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ངོ། །ཟླ་བ་ལ་ཨོཾ་མོ། །པདྨ་ལ་ཨཱབཞིན་དུ་ཤེས་པར་བྱའོ། །དང་བ་ཟླ་བ་འདྲ་བ་ནི་ཡི་གེ་གསུམ་ཉོན་མོངས་བའི་དྲི་མ་མེད་པས་སོ་སོའི་ཁ་དོག་གསལ་བ་དང། ཟླ་བ་བཞིན་ཞེས་བྱ་བའི་དོན་ནོ། །ཡི་གེ་གསུམ་ནི་གོང་དུ་བསྟན་པའོ། །ཞུ་བར་བརྟག་ཅེས་པ་ནི་ལྷ་ཡི་བུ་ཟླ་བ་བདུད་རྩི་འདོད་པའི་དུས
སུ་ཟླ་བའི་དཀྱིལ་འཁོར་ལས་བདུད་རྩི་ཞུ་ཞིང་ཐིགས་པར་འབབ་པ་བཞིན་དུ་ཡི་གེ་གོང་མའོད་ཀྱི་ཚུལ་དུ་ཞུ་ཞིང་བར་མ་ལ་ཐིན?། དེ་བཞིན་དུ་བར་མ་ཡང་འོག་མ་ལ་ཐིམ། འོག་མ་ཡང་ཞུ་ཞིང་འོད་ཀྱི་ཚུལ་དུ་གྱུར་བར་བསམ་མོ། །རྒྱུ་དྲུག་གནས་པའི་སེམས
ཅན་ནི་ལྷ་དང་མི་དང་ལྷ་མ་ཡིན་དང། ངན་སོང་གསུམ་དུ་སྐྱེད་པ་རྣམས་སོ། །སངས་རྒྱས་ཀུན་ནི་ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱི་སྐུ་གསུང་ཐུགས་སོ། །བསྡུ་བའི་སྦྱོར་བས་ཀུན་བསྡུས་ཤེས་པ་ནི་དེ་ལ་གོང་དུ་བསྟན་པའི་ཡི་གེ་གསུམ་གྱི་འོད་ཟེར
ཕྱོགས་བཅུར་འཕྲོས་ཤིང་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དང་གཉིས་སུ་མེད་པར་གྱུར་པ་དང། རྒྱུ་དྲུག་གི་སེམས་ཅན་ལ་ཕོག་པས་སྡུག་བསྔལ་ཞི་བར་བྱས་ནས། ལུས་ངག་ཡིད་གསུམ་དང་གཉིས་སུ་མེད་པར་གྱུར་པ་ནི་བསྡུ་པའི་སྦྱོར་པའོ། །
ཀུན་བསྡུས་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གཅིག་ཏུ་གྱུར་ནས་སླར་འདུ་བར་བསྒོམ་པའོ། །རང་བཞིན་མེད་པར་མོས་པའི་ཞེས་པ་ནི་རྣལ་འབྱོར་པ་དག་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་ཞིང། དོན་དམ་པའི་བྱང་ཆུབ
ཀྱི་སེམས་ལ་གནས་པའི་སེམས་ཀྱི་བག་ཆགས་ལ་བྱ། གཞུག་པར་བྱ་བ་ནི་དེར་བསྡུ་པའི་དོན་ཏོ། །དྷརྨཱ་དྷ་ཏུ་སྭ་བྷ་བ་ཨཱཏྨ་ཀོཉ་ཧཾ་ཞེས་པ་ནི་དེ་ལྟར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་དོན་དམ་པའི་རང་བཞིན་བདག་ལ་བསྡུས་པས་ཆོས་ཀྱི་དབྱིངས་ཀྱི
རྡོ་རྗེ་བདག་ཡིན་ནོ་བར་བསྒོམ་པའོ། །བྱང་ཆུབ་སེམས་དེ་ཀུན་ཏུ་དག་ཅེས་པ་དེ་ལྟར་སྟོང་པ་ཉིད་བསྒོམས་ནས་བསྡུ་བའི་སྦྱོར་བ་བྱས་པས་བདག་གི་སེམས་ཀྱི་རྒྱུད་ཉོན་མོངས་པ་ཐམས་ཅད་དང་བྲལ་ནས་ཡེ་ཤེས་ཀྱི་འོད་ཟེར་ཀྱི་རང་བཞིན་དུ་གནས་པས་སོ། །
དྲི་མེད་ཟླ་བ་ལྟ་བུར་གནས་ཞེས་པ་ནི་ཟླ་བ་ལྟ་བུར་འོད་གསལ་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གང་བ་ལྟར་གནས་པའི་དོན་ནོ། །ཀུན་བསྡུས་གོང་བུར་སྦྱོར་བ་ཡིས། ཤེས་པ་ནི་གོང་དུ་བསྟན་པའི་སྐུ་གསུང་ཐུགས་ཀྱི་ས་བོན་ཡི
གེ་འབྲུ་གསུམ་དང། འཕགས་པའི་སྐུ་གསུང་ཐུགས་དང། སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་རང་བཞིན་རྣམས་གཅིག་ཏུ་གྱུར་ནས་བདག་ལྷ་གང་བསྒོམ་པ་དེའི་ས་བོན་གྱི་ཡི་གེར་གྱུར་པར་བསམ་པའོ། །དེ་ལྟར་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།།
གཟུགས་ཀྱི་ངོ་བོར་རྣམ་པར་བསྒོམ་པ་ནི་ཡི་གེ་འོད་དུ་འཕྲོས་ཤིང་སེམས་ཅན་གྱི་དོན་ཐམས་ཅད་བྱ་བ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་པོར་གྱུར་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སླར་འདུས་པ་ལས་ཕྱག་མཚན་དུ་གྱུར་པ
བསྒོམ་མོ། །དེ་ཡང་འཕྲོས་ཤིང་སླར་འདུས་པ་ལས་སྐུ་ཕྲ་མོར་འགྱུར་རོ། །དེ་བཞིན་དུ་སྐུ་ཕྲ་མོར་སྤྲོས་ཤིང་སླར་འདུས་པ་ལས་ཕྱག་རྒྱ་ཆེན་པོར་གྱུར་པར་བསམ་མོ། །དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྔགས་ཀྱི་སྐུ་ནི་མཐར་ཕྱིན་པ་ཞེས་པ་ནི
དེ་ལྟར་ཆོ་ག་རྣམས་ཀྱི་སྐུ་བསྐྱེད་པས་མཐར་ཕྱིན་པ་ཞེས་བྱའོ། །སངས་རྒྱས་ཀུན་གྱི་རང་བཞིན་བདག་ཅེས་བྱ་བ་ནི་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སོ། །རང་བཞིན་བདག་ནི་འོག་ནས་འབྱུང་བའི་ཕུང་པོ་ལ
སོགས་པ་བྱིན་གྱིས་བརླབ་པའི་དོན་ནོ། །ཕུང་པོ་ཁམས་སུ་རྣམ་བསམས་ཏེ། སྐྱེ་མཆེད་ལ་སོགས་རྣམ་པར་བརྒྱན་ཞེས་པ་ནི་དེ་རྣམས་ཀྱི་རང་བཞིན་འོག་ནས་འབྱུང་བའི་ཚུལ་དུ་ལྷར་བྱིན་གྱིས་བརླབས་པའོ། །གཟུགས་ཀྱི་ཕུང་པོ
རང་བཞིན་དུ། རྣམ་པར་སྣང་མཛད་རབ་ཏུ་གནས། ཞེས་པ་ནི་བདག་ཕྱག་རྒྱར་གྱུར་པའི་གཟུགས་ཀྱི་ཕུང་པོའི་རང་བཞིན་ལ་ཡི་གེ་མཾ་འཾ?་ཨོཾ་བསྐྱེད་ལ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་ཙམ་གྱི
རྣམ་པར་སྣང་མཛད་ཀྱི་སྐུ་བཀུག་ནས་ཡི་གེ་གཉིས་སུ་མེད་པར་འགྱུར་ཞིང་རྣམ་པར་བསམ་མོ། །ཚོར་བ་དཀོན་མཆོག་དཔལ་ཞེས་པ་ནི་དེ་བཞིན་དུ་ཚོར་བའི་ཕུང་པོའི་རང་བཞིན་ལ་ཡི་གེ་ཨ་ལས་རིན་ཆེན་འབྱུང་ལྡན་བསྐྱེད་པའོ། །འདུ་ཤེས་སྣང་བ།
མ་ཐར་ཡས་ཞེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་ཡི་གེ་ཧྲིགནས་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ལ་ཡི་གེ་ཧཱུཾ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་བསྐྱེད་པའོ། །མདོར་ན་ཞེས་པ་ནི་དེ་རྣམས་བསྒོམ་པའི་བྱེ་བྲག་གཞན་ཡོད་ན་ཡང་ཞེས་པའི་དོན་ནོ། །ཕུང་པོ་ལྔ་རྣམས་ནི་གཟུགས་ལ་སོགས་པའོ། །སངས
རྒྱས་ལྔ་ནི་གོང་དུ་བསྟན་པའོ། །རབ་ཏུ་གྲགས་ཤེས་པ་ནི་དེ་ལྟར་བསྒོམ་པ་འམ། གནས་པར་རྒྱུད་ཐམས་ཅད་ཀྱི་ནང་དུ་བསྟན་ཞེས་པའི་དོན་ནོ། །ོཾ་སྭ་ཨཾ?་ཧ་ཧཱུཾ། ཡི་གེ་འདི་རྣམས་ལས་བསྐྱེད་ཀྱང་རུང། སའི་ཁམས་ནི་རྣམ་བསམ་པ་ཞེས་པ་ནི་བདག
ཕྱག་རྒྱར་གནས་པའི་ཕྱི་ནང་གི་བརྟན་པའི་རང་བཞིན་ལ་གྲུབ་པ་སྤྱན་ནི་བསམ་བྱས་ནས་ཞེས་བྱ་སྟེ། སངས་རྒྱས་སྤྱན་ཡི་གེ་ལཾ་ལས་བསྐྱེད་ནས། གོང་མ་ལྟར་སྤྲོ་བར་བྱས་ལ་སའི་ཁམས་ཀྱི་རང་བཞིན་དུ་གནས་པར་བསམ་མོ། །སྲ་བ་ལྟ་བུར་བྱིན
གྱིས་བརླབ་ཅེས་པ་ནི་གོང་མ་ལྟར་བསྒོམ་པའི་མཐུས་ཅིས་ཀྱང་མི་ཤིགས་པའི་ལུས་ཐོབ་པའི་དོན་ནོ། །ཆུ་ཁམས་མཱ་མ་ཀཱི་གོང་མ་བཞིན་དུ་ཡི་གེ་མཾ་ལས་ལྷ་མོ་མཱ་མ་ཀཱི་སྤྲོ་བསྡུ་བྱས་ནས་ཁུ་བ་དང་ཁྲག་ལ་སོགས་པ་གཤེར་བའི་རང་བཞིན་དུ་ལུས་ངག
སེམས་ལ་ཁྱབ་པར་བསྒོམ་མོ། །གང་བ་ཉིད་བརྟག་ཅེས་པ་ནི་ཁྱབ་པ་ལ་ཡང་བྱ་གོང་མ་ལྟར་བསྒོམས་པས་ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བ་ལ་བྱའོ། །མེའི་ཁམས་ལ་སོགས་པ་ནི་ཡེ་གེ་བཾ་ལས་ལྷ་མོ་ན་བཟའ་དཀར་མོ་འཕྲོ་འདུ་བྱས་ནས།
དྲོ་བའི་རང་བཞིན་ཐམས་ཅད་ལ་ཐིམ?་པར་བསམ་མོ། །དེ་ནི་འབར་བ་ལྟ་བུ་ཞེས་པ་ནི་དེ་ལྟར་བསྒོམས་པའི་མཐུས། ཉོན་མོངས་པ་ཐམས་ཅད་བསྲེག་པའི་ཡེ་ཤེས་ཀྱི་འོད་ཟེར་དུ་འགྲུབ་པའི་དོན་ནོ། །རླུང་གི་ཁམས་ཀྱི་རང་བཞིན་དུ་ཤེས་པ་ལ་སོགས་པའི
དེ་ནི་གོང་མ་ལྟར་ཡི་གེ་ཏྲཾ་ལས་ལྷ་མོ་སྒྲོལ་མ་སྤྲོ་བསྡུ་བྱས་ནས། གཡོ་བའི་རང་བཞིན་ལ་ཁྱབ་ཅིང་གནས་པར་བསམ་མོ། །བློ་ལྡན་ནི་རྣལ་འབྱོར་པའོ། །དེ་ནི་རླུང་ལྟར་འབྱུང་བ་སྟེ་ཞེས་པ་ནི་ལྷ་མོ་སྒྲོལ་མ་དེ་རླུང་ལྔའི་སྒོ་ནས་སེམས་ཅན་གྱི་དོན
བྱེད་པས་སོ། །དེ་ཡང་འཇིག་རྟེན་པའི་རླུང་དང། མཁའ་ལ་འགྲོ་བའི་རླུང་དང། དངས་སྙིགས་འབྱེད་པའི་རླུང་དང། ཕྱི་ནང་དུ་རྒྱུ་བའི་རླུང་དང། སྲོག་གི་དབང་པོའི་ཚུལ་དུ་གནས་པའི་རླུང་ངོ། །དེ་བཞིན་ཡིད་ཀྱི་འགྲོ་བ་ཅེས་པ་ནི་དེ་ལྟར་བསྒོམས་པས་བར
སྣང་ལ་འགྲོ་བའི་རྫུ་འཕྲུལ་འཐོབ་པའི་དོན་ནོ། །ནམ་མཁའ་ཁམས་ཀྱི་རང་བཞིན་ཀུན་ཏུ་བཟང་མོ་བརྟག་ཅེས་པ་ནི་ཡི་གེ་ཧཱུཾ་ལས་ཀུན་ཏུ་བཟང་མོ་སྤྲོ་བསྡུ་བྱས་ནས་ནམ་མཁའ་ཨི་རང་བཞིན་ལ་ཁྱབ་པར་གནས་པར་བསམ་མོ། །ནམ་མཁའ་དེའི་སྦྱོར་བས་ནི
སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཞེས་པ་ནི་དེ་ལྟར་བསྒོམས་པའི་མཐུས་མི་སྣང་བའི་དངོས་གྲུབ་འཐོབ་པས་འཇིག་རྟེན་གྱི་ལྷ་རྣམས་ཀྱིས་མི་འཐོབ་པས་སོ། །སངས་རྒྱས་ཞེས་པ་ནི་ལ་དོར་བའི་ཚིག་གོ་།ཕུང་པོ་ཁམས་ཀྱི་བྱེ་བྲག་ནི། གཉིས་སུ་མེད
བའི་སྦྱོར་བར་གནས་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལྔ་དང། ས་ལ་སོགས་པའི་ཕུང་པོ་ལྔ་བདག་གི་ཐ་མལ་པའི་ཚུལ་མ་ཡིན་པར་ལྷ་དང་གཅིག་ཏུ་གྱུར་པས་གཉིས་སུ་མེད་པའི་སྦྱོར་བར་གནས་ཞེས་བྱ། དེ་ལྟར་ཞེས་པ
གོང་དུ་དེ་ལྟར་རོ། །མཁས་ཉིད་ནི་སྔགས་ཀྱི་བྱེ་བྲག་ལ་མཁས་པའི་རྣལ་འབྱོར་བའོ། །བསམ་བྱས་ན་ཞེས་པ་ནི་བཤད་བ་བཞིན་དུ་བསྒོམ་པའི་དོན་ནོ། །དེ་ཉིད་ཀུན་ཏུ་ཚིམ་པར་འགྱུར་ཞེས་པ་ནི་དེ་ལྟར་ཕུང་པོ་དང་ཁམས་ལྷ་དང་ལྷ་མོའི་རང་བཞིན
དུ་ཤེས་པས་བསྒོམ་པའི་མཆོག་ཡིན་པ་འམ། ལྷ་ཐམས་ཅད་དགྱེས་པའི་རྒྱུ་ཡིན་པའི་ཕྱིར། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བའི་ཐབས་ཀྱི་མཆོག་ཡིན་པའི་དོན་ནོ། །འདི་རྣམས་ཀྱིས་ཀྱང་བསྐྱེད་པའི་དུས་སུ་བསྐུལ་བར་བྱའོ། །དེ་ལ་མོ་ཧ
ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད། ར་ཏི་ནི་ལྷ་མོ་ལོ་ཙ་ནས་གཉིས་སུ་མེད་བའི་སྦྱོར་པའི་མཆོད་པས་དགྱེས་པར་བྱེད་པ་འམ། ཡང་ན་སེམས་ཅན་གཏི་མུག་གིས་ལྡོངས་པ་རྣམས་ཡེ་ཤེས་ཀྱི་འོད་ཟེར་གྱིས་སེལ་ཅིང་དག་པར་བྱེད་པས་གཏི་མུག
དགའ་བ་མའོ། །དེ་ཤྭ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །ར་ཏི་ནི་གོང་མ་དང་འདྲ་བར་དགྱེས་པར་བྱེད་པ་འམ་ཡང་ན་སེམས་ཅན་ཞེ་སྡང་ཅན་གྱི་ཞེ་སྡང་ཅན་སྤོང་བར་བྱེད་ཅིང་ཡང་དག་བའི་དོན་བསྟན་ནས་དགའ་བར་བྱེད་བས་ཞེ་སྡང་དགའ་བ་མའོ། །རཱ
ག་ནི་བཅོམ་ལྡན་འདས་སྣང་བ་མཛའ་ཡས་སོ། །ར་ཏི་ནི་གོང་མ་དང་འདྲ་བར་དགྱེས་པར་བྱེད་པའམ་ཡང་ན་འདོད་ཆགས་ཆེ་བའི་སེམས་ཅན་རྣམས་འདོད་ཆགས་ཀྱི་ཚུལ་དུ་དག་བར་བྱེད་ཅིང་ཐར་པའི་ལམ་སྟོན་ཅིང་དགའ་བར་བྱེད་བས་འདོད་ཆཌ་དགའ་བར་བྱེད་པས་འདོད
ཆགས་དགའ་བ་མའོ། །བཛྲ་ནི་བཅོམ་ལྡན་འདས་དོན་ཐམས་ཅད་འགྲུབ་བའོ། །ར་ཏི་ནི་གོང་མ་དང་འདྲ་བར་དགྱེས་བར་བྱེད་པ་འམ། ཡང་ན་སེམས་ཅན་བལྟ་བ་ལོག་པར་སྤྱོད་པ་ངན་བར་སྤྱོད་པའི་རྣམས་ལ་རྡོ་རྗེ་ལམ་སྟོན་ཅིང་དགའ་བར་བྱེད་པས་རྡོ་རྗེ་དགའ་བ
མའོ། །མིག་དང་རྣ་བ་དང་སྣ་དང། ལྕེ་ཞེས་པ་ལ་སོགས་པས་ནི་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་མིག་ལ་སོགས་པའི་དབང་པོ་དྲུག་ལ་གོང་མའི་ཚུལ་དུ་བསྒོམ་པར་བྱ་བའི་དོན་ནོ། །དེ་ཡང་ཐལྷིཾ?་ལས་སའི་སྙིང་པོའོ། །ོཾ་ལས་ཕྱག་ན་རྡོ་རྗེའོ། །
ོཾ་གཉིས་པ་ལས་ནམ་མཁའ་ཨི་སྙིང་པོའོ། །ོཾ་གསུམ་པ་ལས་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གོ་།ཧ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ོཾ་ཐ་མ་ལས་ཀུན་ཏུ་བཟང་པོའོ། །ནང་གི་སྐྱེ་མཆེད་རྣམས་སུ་ནི། སའི་སྙིང་པོ་ལ་སོགས་གནས
ཞེས་པ་ནི་དེ་ལྟར་བསྒོམ་པས་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་བཞིན་དང་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཨི་རང་བཞིན་གཉིས་སུ་མེད་པའི་དོན་ནོ། །ཕྱིའི་སྐྱེ་མཆེད་རང་བཞིན་དུ། །གཟུགས་ལ་སོགས་པ་རབ་ཏུ་གནས་ཞེས་པ་ནི་དབང་པོ་དྲུག
གི་ཡུལ་གཟུགས་ལ་སོགས་པ་དྲུག་ལ་གཟུགས་ཀྱི་ལྷ་མོ་ལ་སོགས་པ་དྲུག་བསྒོམ་ཞེས་པའི་དོན་ནོ། །དེ་ཡང་གཟུགས་ཀྱི་སྐྱེ་མཆེད་ལ་ཡི་གེ་ཛཱི་བསྐྱེད་ནས་འཕྲེ་འདུ་བྱས་པ་ལས་རྡོ་རྗེ་གཟུགས་ཀྱི་ལྷ་མོར་གནས་པར་བསམ་མོ། །དེ་བཞིན་དུ་སྒྲའི
སྐྱེ་མཆེད་ལ་ཧཱུཾ་ལས་རྡོ་རྗེའི་སྒྲ་ལྷ་མོར་བསམ་མོ། །དྲིའི་སྐྱེ་མཆེད་ལ་ཡི་གེ་བཾ་ལས་རྡོ་རྗེ་དྲིའི་ལྷ་མོའོ། །རོའི་སྐྱེ་མཆེད་ལ་ཡི་གེ་ཧོ་ལས་རྡོ་རྗེ་རོའི་ལྷ་མོར་བསམ་མོ། །རེག་བྱའི་སྐྱེ་མཆེད་ལ་ཡི་གེ་ཁཾ་ལས་རྡོ་རྗེ་རེག་བྱའི་ལྷ་མོའོ། །ཆོས་ཀྱི་སྐྱེ་མཆེད
ལ་ཡི་གེ་རཾ?་ལས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་བསྐྱེད་པར་བྱ་ཞེས་པའི་དོན་ནོ། །སའི་སྙིང་ལ་སོགས་སྔགས་རྣམས་ནི། །རྡོ་རྗེ་ཅན་གྱི་རྒྱུད་ལས་གསུངས། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་དྲུག་གི་བསྐྱེད་པའི་ས་བོན་ཡིག་འབྲུ་རྣམས་སྟོན་པས་རྒྱུད་ལས་བསྟན
པས་སློབ་དཔོན་གྱིས་འདིར་ཡང་བྲིས་ཞེས་པའི་དོན་ནོ། །འདི་དག་སྔགས་ནི་མ་གསུངས་ཕྱིར། །གཟུགས་ལ་སོགས་པ་མ་བྲིས་ཞེས་པ་གཟུགས་ཀྱི་ལྷ་མོ་ལ་སོགས་པ་བསྐྱེད་པའི་ས་བོན་ཡིག་འབྲུ་རྣམས་རྒྱུད་ནང་དུ་གསལ་པོར་མ་བསྟན་པས་འདིར་ཡང་མ།
བྲིས་ཞེས་པའི་དོན་ནོ། །ཕྱི་ཡི་ལོངས་སྤྱོད་ཀྱིས་མཆོད་ཕྱིར། །གཟུགས་སྒྲ་དག་ཏུ་རབ་ཏུ་གནས་ཞེས་པ་ནི་ཕྱིའི་ལོངས་སྤྱོད་གཟུགས་ལ་སོགས་པ་ལྔ་རྣལ་འབྱོར་པས་མི་སྤང་ཞིང་དང་དུ་ལེན་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ཨི་ཆེ་བའི་ཡོན་ཏན
ཁྱད་པར་ལས་ལྷ་མོའི་ཚུལ་དུ་དེ་དག་ལ་གནས་ཞེས་པའི་དོན་ནི། བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་ནས་ཞེས་པ་ནི་དེ་ལྟར་ན་ཀུན་རྫོབ་ཏུ་ནང་གི་སྐྱེ་མཆོད་དང། ཕྱིའི་སྐྱེ་མཆེད་ལྷ་དང་ལྷ་མོར་ཤེས་པ་དང། དོན་དམ་པར་རང་བཞིན་གཅིག་པར་ཤེས་པའོ། །འདོད
བ་ལྔ་སྤྱོད་ཅེས་པ་ནི་དེ་ལྟ་བས་ན་གཟུགས་ལ་སོགས་པ་སྨད་ཅིང་མི་སྤང་བར་སྤྱད་པའི་དོན་ནོ། །གཟུགས་ནི་མིག་གི་ཡུལ་དུ་གནས་ཞེས་པ་ནི་དེ་ཡང་ཇི་ལྟར་སྤྱོད་ཅེ་ན། ཕྱིའི་ཐ་མལ་པའི་ཚུལ་དུ་མིག་གི་ལོངས་སྤྱོད་ཀྱི་ཡུལ་གཟུགས་ཡིན་པ་དང། ནང་གི་ནི་མིག་སའི
སྙིང་པའོ། །དེའི་སྤྱོད་ཡུལ་ནི་གཟུགས་ཀྱི་ལྷ་མོའོ། །གསང་བ་ནི་དེ་གཉིས་གསང་བའི་ཚུལ་བདེ་བ་ཆེན་པོ་ཉམས་སུ་མྱོང་བའོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། ཕྱིའི་སྐྱེ་མཆེད་འདི་དག་ནི་བྱང་ཆུབ་སེམས་མའི་དཀྱིལ་འཁོར་མཆོག་ཅེས་པ
ནི་དེ་ལྟ་བས་ན་གཟུགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཡིན་ཞིང་དཀྱིལ་འཁོར་དུ་བསྐྱེད་བས་སྨད་དུ་མི་རུང་པའི་དོན་ནོ། །གཤིན་རྗེ་གཤེད་པོ་ལག་པ་གཡས་ཞེས་པ་ནི་ཁྲོ་བོ་གཤིན་རྗེ་གཤེད་སེམས་ཅན་གྱི་ཉོན་མོངས་པ་དང། བདུད་དང་བགེགས
ལ་སོགས་པ་ཚར་གཅོད་པའི་ལས་ཁྱད་པར་དུ་བྱེད་པས། ལག་པ་གཡས་ཀྱང་མི་མཐུན་པའི་ཕྱིར་གཅོད་པའི་དོན་གྱིས་དེར་བསྐྱེད་པར་བྱའོ། །གཞན་གྱིས་མི་ཐུབ་གཡོན་པ་ཞེས་པ་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་བསྲུང་བའི་ཁྱད་དུ་བྱེད་པ་དང། ལག་པ་གཡོན་པ
ཡང་བསྲུང་བའི་ལས་བྱེད་པས་སོ། །ཁ་ལ་རྟ་མགྲིན་བསྒོམ་པ་ནི་གསུང་གི་རང་བཞིན་ཡིན་པས་སོ། །བདུད་རྩི་འཁྱིལ་པ་རྡོ་རྗེ་ལ་ཞེས་པ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པས་སེམས་ཅན་ཐམས་ཅད་འཁོར་བ་ལས་འདོན་ཅིང་མྱ་ངན་ལས་འདས་པའི་བདུད་རྩི་དཀྱིལ་བ་དང། རྡོ་རྗེ
ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་བདུད་རྩི་འཕྲོ་ཞིང་འཁྱིལ་པའི་དོན་གྱིས་སོ། །སྔགས་འདི་རྣམས་ཀྱིས་བསྐུལ་ཞིང་བསྐྱེད་པའོ། །དེ་ལ་ཡ་མ་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་དབང་པོ་དགག་པའོ། །ན་ཏ་ཀྲི་ཏ་ནི་ཁྲོ་བོ་ཆེན་པོ་འདིས་སེམས་ཅན་ཐམས་ཅད་?
རྣམ་པར་ཐར་པའི་སྒོ་བསྟན་ཅིང་སྐྱེ་ཤི་མེད་པའི་ས་ལ་བཀོད་པའོ། །ཡང་ན་ཡ་མ་རིས་སུ་གཏོགས་པའི་སྲིན་པོ་ལྷ་དང་མི་ལ་གནོད་པ་བྱེད་པ་རྣམས་འདུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཡང་ན་ཡ་མ་ནི་ཤར་ཕྱོགས་སོ། །ནྟ་ཀྲིཏ་ནི་དེའི་ཕྱོགས་ཀྱི་བདུད་དང
བགེགས་རྣམས་ཚར་གཅོད་ཅིང་སྒོ་བསྲུངས་ཀྱི་ཚུལ་དུ་གནས་པའི་དོན་ནོ། །པྲ་ཛྙཱ་ནི་བྱེ་བྲག་ཏུ་ལྟ་བའི་རྣམ་པར་རྟོག་པའོ། །ནྟ་ཀྲིཏ་ནི་ཁྲོ་བོ་འདིས་དེ་ལྟར་ལྟ་བའི་སེམས་ཅན་རྣམས་ལ་རྣམ་པར་ཐར་པའི་སྒོ་བསྟན་ནས་གཉིས་སུ་མེད་པའི་ལྟ་བ་ལ་གནས་བར
བྱེད་པའོ། །ཡང་པྲཛྙཱ་ཞེས་པ་ནི་ཤིན་ཏུ་ཡང་ང་རྒྱལ་ཆེ་བའི་རུ་ཏྲ་རྣམས་སོ། །ནྟ་ཀྲིཏ་ནི་དེ་བརྟུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཡང་པྲཛྙཱ་ནི་ལྷོ་ཕྱོགས་ལ་བྱ། ཨནྟ་ཀྲིཏ་ནི་དེའི་ཕྱོགས་ཀྱི་བདུད་དང་བགེགས་རྣམས་ཚར་གཅོད་ཅིང་སྒོ་སྲུང་གི་ཚུལ
དུ་གནས་པའོ། །པདྨ་ནི་འདོད་ཆགས་སོ། །ནྟ་ཀྲིཏ་ནི་ཁྲོ་བོ་འདིས་སེམས་ཅན་ཐམས་ཅད་འཁོར་བའི་འདོད་ཆགས་ལས་ཐར་པར་བྱེད་ཅིང་བདེ་བ་ཆེན་པོའི་ཚུལ་དུ་སྟོན་པའོ། །ཡང་ན་པདྨ་ནི་པདྨའི་རིགས་སུ་གཏོགས་པའི་སྲིན་པོ་མགྲིན་བཅུ་ལ་སོགས
པ་རྣམས་སོ། །ནྟ་ཀྲིཏ་ནི་དེ་རྣམས་བདུལ?་ཞིང་བྱང་ཆུབ་ཀྱི་ལམ་བསྟན་པའོ། །ཡང་ན་པདྨ་ནི་ནུབ་ཕྱོགས་ལ་བྱ། ཨནྟ་ཀྲིཏ་ནི་གོང་མ་དང་འདྲ། བིགྷྣཱཾ་ནི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་སེམས་ཐོབ་པར་བྱེད་པ་ལ་གེགས་བྱེད་པའི་ཉོན
མོང?་པ་རྣམས་སོ། །ནྟ་ཀྲིཏ་ནི་ཁྲོ་བོ་འདིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་སྦྱར་ཞིང་འདུལ་པའི་ཐབས་སྟོན་ཅིང་ཚར་གཅོད་པར་བྱེད་པས་སོ། །ཡང་ན་བིགྷ་ནན་ནི་དགེ་བ་རྣམས་ལ་བར་ཆད་བྱེད་པའི་བགེགས་ཀྱི་རྒྱལ་པོ་བི་ན་ཡ་གའི་རིས་སུ
*། །གཏོགས་པ་རྣམས་སོ། །ནྟ་ཀྲིཏ་ནི་དེ་རྣམས་བཏུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཡང་ན་བིགྷྣཱཾ་ནི་བྱང་ཕྱོགས་ལ་བྱ། །ནྟ་ཀྲིཏ་ནི་གོང་མ་དང་འདྲའོ། །དེ་ལྟར་དོན་ཀུན་རབ་ཞུགས་པ་ཞེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེ་སོ།།
དེ་ལྟར་ནི་གོང་དུ་བསྟན་པའི་ཚུལ་ལོ། །དོན་ཀུན་ནི་ལྷ་དང་ལྷ་མོའི་རྣམས་སོ། །རབ་ཞུགས་པ་ཞེས་པ་ནི་བདག་གི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷ་དེ་རྣམས་དང་གཉིས་སུ་མེད་པར་བྱེད་པའོ། །སངས་རྒྱས་ཀུན་བདག་གཙོ་བོར་ནི། བསྐྱེད
ནས་བྱིན་གྱིས་བརླབ་ཅེས་པ་ནི་དེ་ལྟར་ཏིང་ངེ་འཛིན་རྣམ་གསུམ་གྱིས་བདག་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་ཕྱག་རྒྱ་ཆེན་པོར་བསྒོམས་པའི་ཞེས་པའི་དོན་ནོ། །བྱིན་གྱིས་བརླབ་ཅེས་པ་ནི་འོག་ནས་འབྱུང་བའི
ཚུལ་དུ་སྐུ་གསུང་ཐུས་སུ་བྱིན་གྱིས་བརླབ་པའོ། །དེ་ཡང་ཚིགས་སུ་བཅད་པའི་སྒོ་ནས་བྱིན་གྱིས་བརླབ་པ་དང། སྔགས་ཀྱི་སྒོ་ནས་སོ། །ཚིགས་སུ་བཅད་པས་གསོལ་བ་གདབ་བ་ཅེས་པ་ནི། །འོག་ནས་འབྱུང་བའི་ཚིགས་བཅད་གཉིས་ཀྱིས་རིགས་ངེས་པའི
སངས་རྒྱས་ལ་གསོལ་བ་གདབ་པ་དང། ཕྱོགས་བཅུའི་སངས་རྒྱས་ལའོ། །སྤྱི་བོ་དབུས་འགྱུར་བསམ་ཞེས་པ་ནི་གསོལ་བ་བཏབ་པའི་ཐབས་བསྟན་པའོ། །ཟླ་བའི་དཀྱིལ་འཁོར་གང་ཞེས་པས་ནི་བདག་ཕྱག་རྒྱ་ཆེན་པོར་གནས་པའི་སྤྱི་བོར་ཨ་ལས་ཟླ་བའི
དཀྱིལ་འཁོར་རྫོགས་པ་གཅིག་བསྐྱེད་པའི་དོན་ནོ། །དེར་ནི་ཨོཾ་དཀར་འོད་ལྡན་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞྣ་ནི་ཕྱག་རྒྱ་ཟླ་བ་ཕྱེད་པའི་འོད་ལས་ལྷག་པའི་ཡི་གེ་ཨོཾ་དཀར་པོ་གཅིག་བསྒོམ་མོ། །འོད
ཟེར་རྣམ་པ་ལྔ་འཕྲོ་བ་ནི་དེ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་དཀར་པོ་ལ་སོགས་པ་ལྔ་ཕྱོགས་ཀུན་ཏུ་འཕྲོ་བའོ། །དེ་ལས་ལྷ་མོ་རྣམས་འཕྲོ་བ་ཞེས་པ་ནི་སེམས་འོད་ཟེར་དེས་སེམས་ཅན་གྱི་དོན་བྱ་བ་དང། སངས་རྒྱས་ཀྱི་ཐུགས་ད་བསྐུལ་ནས་སླར་འདུས
པ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་དུ་གྱུར་པས་བསམས་ནས། དེ་གཉིས་ཀྱི་བདེ་བ་ཆེན་པོ་ཚུལ་ཡི་གེ་ལཾ་དུ་གྱུར་ནས་ལྷ་མོ་སངས་རྒྱས་སྤྱན་འཕྲོ་བའི་དོན་ནོ། །བདག་པོར་རབ་ཏུ་སྦྱར་ཞེས་པ་ནི་བདག་པོ་ནི་རྣམ་པ་སྣང་མཛད་དོ། །རབ་ཏུ་སྦྱར་བ་ནི
དབང་བསྐུར་བའི་ཚུལ་དུ་ལྷ་མོ་དེའི་སྤྱི་བོར་བསམ་པ་འམ་གཉིས་སུ་མེད་པའི་ཚུལ་དུ་བསམ་མོ། །སྤྱན་ནི་རྣམ་པར་བསམ་བྱ་བ་ནམ་མཁའ་ཨི་ཁམས་ཀུན་གང་བར་ཞེས་པ་ནི་དེ་ལྟར་ལྷ་མོ་བསྒོམ་ཞིང་འཕྲོ་བ་ཡང། ནམ་མཁའ་ཨི་ཁམས་ཐམས་ཅད་དུ་ཏིལ་ཕྱི་གང་བུ
བཞིན་དུ་སེམས་ཀྱིས་ལྕོགས་སྟང་སྤྲོ་བར་བྱའོ། །རྡོ་རྗེ་སྐུ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་མོ། །རྣམ་པར་བསམ་པ་ནི་བཅོམ་ལྡན་དས་ཀྱི་སྤྲོ་བ་རྣམས་སོ། །བར་སྣང་ཁམས་ནི་གང་བར་གནས་ཞེས་པ་ནི་གོང་དུ་བསྟན་པ་བཞིན་དུ་ནམ་མཁའ་
ཐམས་ཅད་ཁྱབ་པར་གནས་པ་རྣམས་མངོན་?་ཏུ་དབང་པོའི་དོན་ནོ། །དེ་དབུས་བདག་པོའི་བསམ་བྱ་ཞིང། བདག་གི་མདུན་དུ་གནས་པའོ། །ཞེས་པ་ནི་བར་སྣང་ཁམས་ཁྱབ་པར་གནས་པའི་སངས་རྒྱས་ཡབ་ཡུ་ཐམས་ཅད་ཀྱི་དབུས་སུ་དང་པོར་བསྐྱེད་པའི
སངས་རྒྱས་བཅོམ་ལྡན་འདས་རྣམ་པ་སྣང་མཛད་ཡབ་ཡུམ་བདག་རྣལ་འབྱོར་བའི་མདུན་ན་བཞུགས་པར་བསམ་མོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། དཔེ་བྱང་བཟང་པོ་བརྒྱད་ཅུས་བརྒྱན་ཞེས་པ་ནི་བར་སྣང་ཁྱབ་པར་བཞུགས་པའི་སངས་རྒྱས་དེ་རྣམས
ཀྱང་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་དང། གཞན་ཡང་སྐུའི་རྒྱན་ཐམས་ཅད་དང་ལྡན་པས་བསམ་ཞེས་པའི་དོན་ནོ། །སྔགས་པ་ནི་ཕྱག་རྒྱ་ཆེན་པོར་གནས་པ་ནི་རྣལ་འབྱོར་པའོ། །བཅོལ་བ་ནི་འོག་ནས་འབྱུང་བའི་ཚིགས་བཅད
གཉིས་ཀྱིས་སྐུའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ཞུ་བའོ། །ཚིགས་སུ་བཅད་པ་གཉི་གཉིས་བརྗོད་པ་ནི་ཚིགས་བཅད་སྐུ་གསུང་ཐུགས་གསུམ་ག་ལ་གཉིས་གཉིས་ཡོད་པས་རིམ་པ་བཞིན་དུ་རེ་རེ་ལ་ཡང་གསུམ་གསུམ་དུ་བརྗོད་པར་བྱའོ། །དཔལ་ལྡན
སངས་རྒྱས་སྐུ་འཆང་བ་ཞེས་པ་ལ་སོགས་པས་ནི་སྐུའི་རིགས་སུ་ངེས་པའི་སངས་རྒྱས་ལ་གསོལ་བ་འདེབས་པའོ། །དེ་ལ་དཔལ་ལྡན་ནི་གོང་དུ་བཤད་པ་དང་མཐུན་ནོ། །སངས་རྒྱས་ཀྱི་སྐུ་འཆང་བར་ཕྱོགས་བཅུ་དུས་གསུམ
གྱི་སྐུའི་ཁྱད་པར་བསྟན་ཅིང་གནས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས་ཞེས་པ་ནི་བཅོམ་ལྡན་འདས་དེ་ཡང་གང་གི་ཀྱང་དབྱེ་བར་མི་ནུས་པའམ་འཇོམས་པར་མི་ནུས་པའི་སྐུ་གསུང་ཐུས་ཀྱི་རང་བཞིན་ཡིན
པའམ་དེ་ཉིད་ལས་མི་གཡོ་བའི་ཐུགས་དང་ལྡན་པའི་དོན་ནོ། །དིང་བདག་བྱིན་གྱིས་བརླབས་ནས་སུ་ཞེས་པ་ནི་དེ་ལྟ་བུའི་བཅོམ་ལྡན་དས་ཁྱོད་བདག་ཀྱང་སྐུ་གསུང་ཐུགས་བསྒོམ་པ་ཡིན་པས་ཡབ་ཡུམ་གྱི་ཐུགས་ཀྱི་རང་བཞིན་བྱང་ཆུབ་སེམས་སུ་དུས
འདི་ཉིད་དུ་བྱིན་གྱིས་བརླབས་ནས་ཞེས་པའི་དོན་ནོ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ་ཞེས་པ་ནི་དེ་ལྟར་བྱིན་གྱིས་བརླབས་ཏེ། ཁྱེད་དང་འབ?་བར་བདག་གི་སུས་ཀྱང་རྡོ་རྗེའི་སྐུར་མཛད་ཅིག་པའི་དོན་ནོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཞེས
བ་ལ་སོགས་པ་འདིར་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ལ་སོ་སོའི་སྐུ་འདྲ་བར་བདག་གི་ལུས་ཀྱིས་མཛོད་ཅིག་པའི་དོན་ནོ། །རྡོ་རྗེ་མི་ཕྱེད་གསུམ་བསློན་སོ་ཞེས་པ་ལ་སོགས་པའི་དོན་ནི་ན་གང་མ་དང་འདྲའོ། །དེ་ལྟར་གསོལ་བ་ནས
བ་ཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་པོ་བསྐྱེད་པ་ལ་སོག་པ་ལྷ་མོ་སངས་རྒྱས་སྤྱན་དང་གཉིས་སུ་མེད་པར་སྦྱོར་བའི་ཕྱག་རྒྱ་དང་ལྡན་པར་རྒྱན་མི་འཆད་པར་སླར་བྱོན་ཅིང་བདག་གི་སྤྱི་བོའི་བཅོམ་ལྡན་འདས་ཡབ་ཡུམ་ལ་ཐིམ་པར་བསྒོམ་ཞེས
པའི་དོན་ནོ། །དེ་ནི་ཞུགས་པར་མོས་ཕྱས་ལ་ཞེས་པ་ལ་སོགས་པ་ནི་སྤྱི་བོར་བཞུགས་པའི་བཅོམ་ལྡན་འདས་ཡབ་ཡུམ་དེ་ཡང་བདག་གི་སྤྱི་བོར་ཐིམ་ཞིང་གཉིས་སུ་མེད་པར་གྱུར་ཏེ། ཕུང་པོ་ལྔ་ལ་ཁྱབ་པར་བྱིན་གྱིས་བརླབ་པར་བྱའོ། །སངས་རྒྱས་རྣམས་ནི་སྐུ
ནི་གང། །ཕུང་པོ་ལྔ་ལ་རབ་ཏུ་གནས། །ཞེས་པ་དེ་ལྟར་གསོལ་བ་བཏབ་ཅིང་བྱིན་གྱིས་བརླབས་པས་བཅོམ་ལྡན་དས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྐུའི་རང་བཤིན་གང་ཡིན་པ་བདག་གི་ཕུང་པོ་ལྔ་ལ་གནས་པར་བསམ་པའོ།།
སངས་རྒྱས་སྐུའི་རང་བཞིན་དུ་བདག་ཀྱང་དེ་དང་འདྲ་བར་ཤོག་། ཅེས་པ་ནི་དེ་ལྟར་གནས་པས་སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟ་བུར་བདག་གི་ལུས་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་ཚིག་ཏུ་བརྗོད་ཅིང་སྨོན་པའི་དོན་ནོ། །ོཾ་སརྦ་ཏ་ཐཱ་ག་ཏཀཱ་ཡ་བཛྲ་སྭ་བྷ་ཨཱཏྨ་ཀོཉཧཾ་ཞེས་པ་ནི
བདག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ནོ་ཞེས་བསྒོམ་ཞིང་སྔགས་འདི་ལན་གསུམ་དུ་རྗོད་པར་བྱའོ། །དེ་བཞིན་ལྕེ་དབུས་པདྨ་ལ་ཞེས་པ་ལ་སོགས་པ་ནི་དེ་ལྟར་སའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་དེ་བཞིན་གཤེགས་པ་ཐམས
ཅད་ཀྱི་གསུང་གི་རང་བཞིན་དུ་བྱིན་གྱིས་བརླབ་པར་བསྟན་ཏོ། །ལྕེ་དབུས་པདྨ་ལ་ཞེས་པ་ནི་བདག་ཕྱག་རྒྱ་ཆེན་པོར་གནས་པའི་ལྕེའི་དཀྱིལ་དུ་ཡི་གེ་བཾ་ལས་པདྨ་འདབ་མ་བརྒྱད་པ་བསྐྱེད་ལ་ཨོཾ་ལས་རྡོ་རྗེ་འདོད་ཆགས་ཞེས་བྱ་སྟེ། དེའི་སྟེང་དུ་ཡི་གེ་ཨ་བསྐྱེད་ལ
གདོམ་བཞིན་དུ་སྤོ་བསྡུ་བྱས་ལ་བཅོམ་ལྡན་འདས་སྣང་བ་མཛའ་ཡས་དང། ལྷ་མོ་ན་བཟང་དཀར་མོ་ཡབ་ཡུམ་གཉིས་སུ་གྱུར་པར་བསམ་མོ། །དེ་ལ་བར་སྣང་ཁྱབ་པ་དང། སྤྲོ་བསྡུ་བྱ་བ་ལ་སོགས་པ་གོང་མངའ་འདྲའོ། །རབ་ཞུགས་དེ་ལ་གསོལ
བ་ཅིང། རྡོ་རྗེ་ལག་ཏུ་བྱིན་གྱིས་བརླབས་པ་ནི་བར་སྣང་ཁྱབ་པར་བཞུགས་པའི་བཅོམ་ལྡན་འདས་རྣམས་ལ་འོག་གི་ཚིགས་བཅད་གཉིས་ཀྱི་བདག་གི་ཚིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་ཞེས་བྱའོ
རས་ཀྱི་ངག་ལམ་དཔལ་ལྡན་པ། ཞེས་པའི་ཚིགས་བཅད་ཀྱིས་གསུང་གི་རིགས་དེས་པའི་སངས་རྒྱས་ལ་གསོལ་བ་བཏབ་པའོ། །དེ་ལ་ཆོས་ཀྱི་དག་ལམ་ནི་ཆོས་ཐམས་ཅད་ཚིག་གིས་བསྟན་པ་ཡིན་ལ་དཱི་རང་བཞིན་དུ་གཅེས་པ་བཅོམ་ལྡན་འདས་སྣང་བ་མཛའ་
ཡས་སོ། །དཔལ་ལྡན་ཡང་དེ་ཉིད་ཡིན་ནོ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ་ཞེས་པ་ནི་རྡོ་རྗེ་གསུང་ཁྱོད་ཀྱིས་བདག་གི་ཚིག་རྣམས་ཉིད་ཀྱི་གསུང་བཞིན་དུ་མཛོད་ཅིག་པའི་དོན་ནོ། །ཕྱི་མ་རྣམས་གོང་མ་དང་འདྲའོ། །ལྕེ་ནི
འཕྲོ་བ་རྣམ་བསམ་སྟེ་ཞེས་པ་ནི་དེ་ལྟར་གསོལ་བ་བཏབ་ནས་ལྕེ་ལ་བསྐྱེད་པའི་སངས་རྒྱས་ལས་འོད་ཟེར་སྤྲོས་ཤིང་བསྐུལ་བས་སླར་བྱོན་ཅིང་ལྕེ་ལ་ཐིམ་པར་བྱའོ། །རང་དག་ཆོས་རྣམས་ཀུན་གྱི་གནས་ནི་དེ་ལྟར་ཐིམ་པས་རང་གི་ཚིག་འཇིག་རྟེན་དང།།
འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་འབྱུང་གནས་སུ་གྱུར་པའི་དོན་ནོ། །གསུང་དབྱངས་ཐམས་ཅད་རྣམ་པར་དག་པ་ནི་དེ་ལྟར་བསྒོམས་པའི་ལྕེ་ལས་ངག་འབྱུང་བ་ཐམས་ཅད་ཚིག་དང་དོན་དུ་ལྡན་ཞིང་འཁྱལ་པ་མེད་པའོ། །ཆོས་ཀྱི་དག་ཏུ་བྱིན
གྱིས་བརླབ་པ་ནི་བཅོམ་ལྡན་འདས་སྣང་བ་མཛའ་ཡས་ཀྱི་གསུང་ཡིན་པར་བསམ་པའོ། །རྡོ་རྗེ་ཆོས་ཀྱི་གསུང་རྣམས་ནི། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །ཞེས་པས་ནི་ཇི་ལྟར་བཅོམ་ལྡན་འདས་སྣང་བ་མཛའ་ཡས་སོ་གསུང་འཁྱལ་བ་མེད་ཅིང
དོན་དང་ལྡན་པ་དེ་བཞིན་དུ་བདག་གི་ཚིག་རྣམས་ཀྱང་གྱུར་ཅིག་ཅེས་བརྗོད་ཅིང་སྨོན་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་པའི་སྔགས་འདིས་བདག་གི་ཚིག་དེ་བཞྣ་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ
སྒོམ་ཞིང་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ལྟར་སྐུ་གསུང་བྱིན་གྱིས་བརླབ་པར་བསྔོན་ནས་ཐུགས་བྱིན་གྱིས་བརླབ་པར་བསྟན་ཏོ། །སྙིང་གའི་ཟླ་བ་ལ་དམིགས་པ་ལ་སོགས་པས་ནི་དེ་ལ་བདག་ཕྱག་རྒྱ་ཆེན་པོར་གནས་པའི་སྙིང་ལ་ཨ་ལས
?་བའི་དཀྱིལ་འཁོར་བསྐྱེད་ནས་དཱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་མཐིང་ནག་ཏུ་འདུག་པ་ཡེ་ཤེ་ལྔའི་འོད་ཟེར་འཕྲོ་བ་བསྐྱེད་པར་བྱའོ། །སྔར་སྨོས་པའི་རིམ་པ་བཞིན་རྡོ་རྗེ་སེམས་ལ་གསོལ་བ་བཏབ་ནས། ཞེས་པ་ནི་གོང་དུ
སྐུ་དང་གསུང་གི་སྐབས་སུ་སྤྲོ་བ་ལ་སོགས་པ་བྱ་པས་བཞིན་འདིར་ཡང་བྱས་ནས་གསོལ་བ་བཏབ་པའི་དོན་ནོ། །དེ་ནི་ཞུགས་པར་བསྒོམ་བྱས་ཏེ། སེམས་ནི་བྱིན་གྱིས་བརླབ་པར་བྱ། ཞེས་པ་ནི་དེ་ལྟར་གསོལ་བ་བཏབ་ཅིང་སྙིང་གན་ནས་སྙོས་ཤིང་བསྐུལ་བས་བར་སྣང་ཁྱད་པར
གནས་པའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སླར་བྱོན་ཅིང་ལ་ཐིམ་པར་བསྒོམས་ནས། རང་གི་སེམས་དེ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །ལ་སོག་པའི་ནི་ཐུགས་སུ་ངེས་པའི་རིགས་ལ་གསོལ་བ་འདེབས་པར
བསྟོན་ཏོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུས་ཀྱི་རང་བཞིན་དང་སེམས་ཅན་ཐམས་ཅད་ཀྱི་སེམས་སྐྱེས་པའི་རང་བཞིན་ངོ་བོར་གནས་པས་རྡོ་རྗེ་སེམས་འཆང་བ་ཞེས་བྱའོ། །རྡོ་རྗེ་ཐུགས་ཀྱི་མཛད་དུ་གསོལ
ཞེས་པ་ནི་བདག་གི་སེམས་ཉིད་ཀྱི་ཐུགས་དང་འདྲ་བར་མཛོད་ཅིག་པའི་དོན་ནོ། །སླད་མ་ནི་གོང་མ་དང་མཐུན་ནོ། །སྙིང་ལ་དཔལ་བེའུ་གནས་པས་ཞེས་པས་ནི་དེ་ལྟར་གསོལ་བ་བཏབ་ཅིང་བྱིན་གྱིས་བརླབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད
རྡོ་རྗེ་སེམས་དཔའ་ཨི་སྙིང་ལ་གནས་ནས་ཕྱག་རྒྱ་ཆེན་པོ་རྫོགས་པར་གྱུར་པས་སྐྱེས་བུ་ཆེན་པོའི་མཚན་ཉིད་ཅེས་བྱའོ། །འོད་ཟེར་ལྔས་དཀྲིས་ལྟ་བུ་ནི། །ང་རྒྱལ་བསྐྱེད་ནས་སྦྱོར་བར་བྱ་ཞེས་པས་ནི་དེ་ལྟར་འོད་ཟེར་འཕྲོ་ཞིང་གནས་པ་དེ་མངོན་སུམ་གསལ་བར
བསྐྱེད་ནས་ཐུགས་དང་སེམས་གཉིས་སུ་མེད་པར་སྦྱོར་བར་བྱའོ། །ཀུན་ཏུ་བཟང་པོ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤྱོད་ཀྱང་དེའི་ཉེས་པས་མི་གོས་པས་བཛྲ་སཏྭའོ། །གསང་དབང་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དམ
མཆོག་ཡིན་པའི་དོན་ནོ། །ཡང་ན་གསར་བ་ནི་ལོ་ཙ་ན་ལ་སོགས་པ་ཡུམ་གྱི་རང་བཞིན་དུ་གནས་པ་རྣམས་སོ། །དེ་དག་དང་གཉིས་སུ་མེད་པའི་བདེ་བའི་དང་དུ་རྟག་ཏུ་གནས་པས་དབང་པོ། །བློ་ལྡན་ནི་ཕྱིན་ཅི་ལོག་སྤངས་པའོ། །བདག་ཀྱང་དེ་དང་འདྲ་བའི
སེམས་ཅན་ཞེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་ཞིང་རྡོ་རྗེ་འཆང་གི་ཐུགས་སུ་འགྱུར་བར་ཤོག་ཅིག་ཅེས་བརྗོད་ཅིང་སྨོན་པའོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་པའི་སྔགས་འདིས་བདག་གི་སེམས་དེ་བཞིན་གཤེགས
པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཡིན་ནོ་པར་བསྒོམ་ཞིང་བརྗོད་པར་བྱའོ། །དེ་ལྟར་བདག་ཉིད་བྱིན་གྱིས་བརླབས་ནས་ཞེས་པ་ལ་སོག་པ་ནི་གོང་དུ་བསྟན་པའི་ཚུལ་གྱིས་བདག་གི་ཕུང་པོ་དང། བསམ་ལ་སོགས་པ་ལྷ་དང་ལྷ་མོའི་རང་བཞིན་དུ་ཤེས་པ་དང་ལུས་ངག་དག་པ
སེམས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་བྱས་པའི་ཕྱག་རྒྱ་དེ་ཉིད་ལ་དཔལ་བྱང་ཆུབ་སེམས་རྡོ་རྗེའི་སྐུར་བསྒོམ་པར་བསྟན་ཏོ། །དེ་ཨ་ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདག་འདུག་པར་བསམས་ལ་སྙིང་གར་ཟླ་བའི
དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ་གཅིག་བསྐྱེད། དེ་སྤྲོ་བསྡུ་བྱས་པ་ལས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འགྱུར་པར་བསམ་མོ། །སེམས་དཔའ་ཨི་སྐྱིལ་ཀྲུང་ནི་འདུག་སྟངས་སོ། །ཟླ་བའི་མདོག་ནི་སྐུ་མདོག་གི་།རྣམ་པ་ཐམས་ཅད་ནི་སངས་རྒྱས་ཀྱི་མཚན་དང་དཔེ་བྱང་ལ
སོགས་པའི་ཡོན་ཏན་ཐམས་ཅད་དང། དབུ་རྒྱན་ལ་སོགས་པའི་ཕྱིའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་རྣམས་ཐུན་མོང་མ་ཡིན་པས་མཆོག་གོ་།རལ་པ་ཅོད་པན་འཆང་ལ་ཞེ་ཞེས་པ་ནི་དབུ་སྐྲ་རལ་པར་འདུག་ཉིད་ཅོད་པ་ན་དུ་བྱས་པའམ། རལ་པ་དང་ཅོད
པ་ན་ཀྱིས་བརྒྱན་པའོ། །ཞི་བ་ནི་འདོད་ཆགས་ལ་སོག་པའི་ཉོན་མོང་པའི་མེ་ཁོར་ན་མེད་པས་བྱིའི་སྐུ་ཞེས་སྡང་གི་རྟགས་སུ་སྟོན་པའི་ཕྱིར་དང། འཇིག་རྟེན་པའི་ལྷ་མགོ་གྲངས་ཀྱིས་ཡོད་པ་རྣམས་འདུལ་བར་བསྟན་པའམ། དེ་དག་ལ་དད་པའི་སེམས་ཅན་རྣམས་ཆོས་འདི་ལ་དུད་པར་བྱ་བའི
བྱ་བ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞྣ་ཡིན་པའི་རྟགས་སུ་སྟོན་པའི་ཕྱིར་དང། འཇིག་རྟེན་པའི་ལྷ་མགོ་གྲང་ཀྱིས་ཡོད་པ་རྣམས་འདུལ་བར་བསྟན་པ་འམ། དེ་དག་ལ་དད་པའི་སེམས་ཅན་རྣམས་ཆོས་འདི་ལ་དུད་པར་བྱ་བའོ
དོན་ནོ། །གཡས་པ་ཨཻནྡྲ་ནྟྲི་ལ་ཞེས་པ་ནི་ཞལ་གསུམ་ལ་གཡས་ཕྱོགས་ཀྱི་ཞལ་ཐུགས་ཀྱི་རང་བཞིན་ཡིན་པས་ཏེ། དེ་ལས་མི་འགྱུར་བས་རིན་པོ་ཆེ་ཨཻནྡྲ་ནཱི་ལའི་ཁ་དོག་བཞྣ་ན་མིང་ནག་ཏུ་བསྟན་ཏོ། །ཡང་ན་འཇིག་རྟེན་པའི་ལྷ་ཁྱབ་འཇུག་ལ་སོགས་པ་ཞེ་སྡང་ཆེ
ཞིང་གནག་པ་རྣམས་ཀྱི་དོན་མཐུན་པའི་སྒོ་ནས་མཛད་པའམ། དེ་ལ་དད་པ་རྣམས་དང་བར་བྱ་བའི་དོན་ནོ། །གཡོན་པ་ཆགས་པས་དམར་བ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཆགས་ཤིང། གསུང་གི་སྒོ་ནས་དོན་བྱེད་པའི་རྟགས་སུ། །གཡོན
དམར་བར་བསྟན་ཏོ། །ཡང་ལྷ་ཆེན་པོ་ལ་སོགས་པའི་འདོད་ཆགས་ཆ་ཞིང་ཁ་དོག་དམར་བར་འདུག་པ་རྣམས་ཀྱི་དོན་མཐུན་པའི་སྤོ་ནས་མཛད་པའམ། དེ་དག་ལ་དད་པ་རྣམས་ཆོས་པའི་དག་ལ་དད་པར་བྱ་བའི་དོན་ནོ། །ཞལ་དབུས་དཀར་བ་ནི་ཉོན་མོངས་པ་དང། ཕྲལ
ཞིང་སྣའི་རང་བཞིན་སྒོ་ནས་སེམས་ཅན་གྱི་དོན་མཛད་པའོ། །ཡང་ན་ཚངས་པ་ལ་སོགས་པ་དཀར་ཞིང་གཏི་མུག་ཤས་ཆེ་བ་རྣམས་ཀྱི་དོན་མཛད་པ་གོང་མ་དང་འདྲའོ། །ཕྱོགས་བཅུ་ཐམས་ཅད་སྣང་བྱེད་པ། དེའི་ཕྱག་དྲུག་རྣམ་པར་བསྒོམ་ཞེས་པ་ནི་ཤར
ཕྱོགས་ལ་སོགས་པའི་ཕྱོགས་བཞི་དང། མེའི་ཕྱོགས་ལ་སོགས་པའི་མཚམས་བཞི་དང། སྟེང་འོག་གི་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་དག་ཏུ་སྐུ་དང་ཡེ་ཤེས་ཀྱི་འོད་འཕྲོ་ཞིང་སེམས་ཅན་གྱི་གཏི་མུག་གི་མུན་པ་རྣམ་པར་འཇོམས་ཤིང་ཡེ་ཤེས་ཀྱི་སྣང
བསྐྱེད་པའི་དཔལ་བྱང་ཆུབ་སེམས་རྡོ་རྗེ་དེ་ཕྱག་དྲུག་དང་ལྡན་པར་བསྒོམ་ཞེས་པའོ། །དེ་ལ་ཕྱག་སུ་ནི་སེམས?་?་རྣམས་ལ་ཕྱག་དྲུག་གོ། སྒོ་ནས་དོན་བྱེད་པ་དང། འཇིག་རྟེན་གྱི་ལྷ་ཁྱབ་འདུག་ལ་སོགས་པ་ལག་པ་དྲུག་དང་ལྡན་པ་རྣམས་མཐུན་པའི་སྒོ་ནས་འདུལ་བ་དང། དེ་ཨ་མོས་པའི
དོན་དུ་ཅན་རྣམས་སངས་རྒྱས་ཀྱི་ཆོས་ལ་གཟུད་པའི་དོན་ནོ། །ཡེ་ཤེ་ལྔ་བདག་རྡོ་རྗེ་ནི་ཞེས་པ་ལ། དེ་ལ་ཕྱག་གཡས་ཀྱི་དང་པོ་ཡེ་ཤེས་ལྔའི་རང་བཞིན། རྡོ་རྗེ་རྩེ་ལྔ་པ་ཁ་དོག་ཨཻནྡྲ་ནཱི་ལ་ལྟར་འདུག་པ་ཕྱག་ཏུ་བསྒོམ་ཞེས་པ་དང་འབྲེལ་ཏོ། །འབར་བ
ལྔས་རྣམ་པར་རྒྱན་པ་ནི་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ཁ་དོག་དཀར་པོ་ལ་སོགས་པ་ལྔ་རྡོ་རྗེ་དེ་ཉིད་ལས་འཕྲོ་ཞིང་དཀྲིས་པའི་དོན་ནོ། །སངས་རྒྱས་སྤྲིན་ནི་རྣམ་པར་སྤྲོ་ཞེས་པ་ནི་རྡོ་རྗེ་དེ་ལས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ
སོགས་ལྷ་དང་ལྷ་མོ་ཕྱོགས་བཅུར་སྤྲོས་ཤིང་སེམས་ཅན་གྱི་དོན་བྱེད་པར་བསམ་ཞེས་པའི་དོན་ནོ། །གཉིས་པ་འཁོར་ལོ་ཆེན་པོ་ཞེས་པ་ཕྱག་པར་མ་ལ་འཁོར་ལོ་བསྣམས་པའི་དོན་ནོ། །ཟླ་བརྩིབས་བརྒྱད་ལྟ་བུས་ནི་དབྱིབS་དང་ཁ་དོག་བསྟན་ཏི་འཁོར་ལོ
དེ་རྩིབས་བརྒྱད་ལྡན་ཞིང་ཟླ་བ་བཞིན་དུ་དཀར་ལ་ཟླུམ་པོར་འདུག་པའོ། །བདུད་རྣམས་ཐམས་ཅད་གཅོད་བྱེད་པ། རྣམ་པར་འཕྲོ་བར་བསྒོམ་པར་བྱ་ཞེས་པ་ནི་འཁོར་ལོ་དེ་ལ་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་སེམས་ཅན་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི
བདུད་དང། གནོད་པར་བྱེད་པའི་གནོད་སྦྱིན་དང། སྲིན་པོ་རྣམས་ཚར་གཅོད་པའི་མཐུ་དང་ལྡན་པར་བསྒོམ་ཞེས་པའི་དོན་ནོ། །གསུམ་པ་པདྨ་ཆེན་པོ་ཞེས་པ་ནི་གཡས་ཀྱི་ཐ་མ་ལ་པདྨ་བསྣམས་པའི་དོན་ནོ། །ཆོས་ཀྱི་སྦྱིན་གྱིས་ཀུན་ཏུ་འཁྲིགས་ཞེས་པ་ནི་པདྨ
དེ་ལས་སྣང་བ་མཛའ་ཡས་ཀྱི་རང་བཞིན་ཕྲོས་ཤིང་འཁྲིགས་པས་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཆོས་ཀྱི་ཚིག་འབྱུང་བའི་དོན་ནོ། །ཁ་བ་བ་ཞོ་ལྟ་བུར་དག་།འདོད་ཆགས་ཐམས་ཅད་དག་མཛད་པ་ཞེས་པ་ནི། བཅོམ་ལྡན་འདས་སེམས་ཅན་གྱི་དོན་དུ
འདོད་ཆགས་དང་དུ་བླངས་ཤིང་སྤྱད་ཀྱང་དེའི་ཉེས་པས་མི་གོས་པའི་རྟགས་པདྨ་བ་ཞོ་འམ་ཁ་བ་ལྟ་བུར་ཤིན་ཏུ་དཀར་བ་བསྣམས་པར་བསྒོམ་མོ། །གཡོན་པའི་དྲིལ་བུ་དམར་སྐྱ་སྟེ། སྟོན་ཀའི་ཟླ་བའི་འོད་མཚུངས་ཤེས་པ་ནི་ཕྱག་གཡོན་གྱི་དང་པོ་ལ་ཤེས་རབ་ཀྱི
ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉོན་མོངས་པ་ཐམས་ཅད་དང་བྲལ་བས་དཀར་བ་སེམས་ཅན་ལ་སྙིང་རྗེའི་སྒོ་ནས་ཆགས་པའི་རྟགས་སུ་ཅུང་ཟད་དམར་བར་འདུག་པ། སྟོན་ཀའི་ཟླ་བའི་འོད་བཞིན་དུ་ཤིན་ཏུ་དཀར་བའི་འོད་འཕྲོ་ཞིང་སེམས་ཅན་དགའ་བར་བྱེད་པས་སོ། །ཆོས
རྣམས་སྒྲ་བརྙན་ལྟ་བུ་ཞེས། །སྒྲས་ནི་རབ་ཏུ་གོ་བར་མཛད་ཅེས་པ་ནི་དྲིལ་བུ་དེ་ལས་སྐྲ་བྱུང་བས་སེམས་ཅན་ཐམས་ཅད་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་བྲག་ཚེ་ལྟ་བུ་ཞེས་རང་བཞིན་མེད་པར་སྟོང་པ་ཉིད་དོ་ཞེས་གོ་བར་བྱེད་པའི་དོན་ནོ། །གཉིས་པ་རིན་ཆེན་ཆེན་པོ་སྟེ
རྡོ་རྗེ་འབར་བས་རྣམ་པར་བརྒྱན། །ཞེས་པ་ནི་ཕྱག་བར་མ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པ་སྟེ། དེ་ཡང་ཡེ་ཤེས་ཀྱི་འོད་ཟེར་འབར་ཞིང་དཀྲིགས་པས་བརྒྱན་ཞེས་པའི་དོན་ནི། །ཉི་མ་འཆར་ཀ་ལྟ་བུའི་དེ་ནི་ཁ་དོག་ཤིན་ཏུ་ཡང་དམར?་པར་?། །རེ་བ
ཐམས་ཅད་རྫོགས་པར་བྱེད་པ་ནི་རིན་པོ་ཆེ་དེ་ལས་སེམས་ཅན་གྱི་འདོད་པ་རྣམས་འབྱུང་ཞིང་ཚོམ་པར་བྱེད་པའི་དོན་ནོ། །གསུམ་པ་རལ་གྲི་ཆེན་པོ་སྟེ། ཨཽཏཔལ་སྔོན་པོའི་ལོ་མ་བཞིན་དུ་ཞེས་པ་ནི་ཕྱག་ཐ་མན་རལ་གྲིའི་ཁ་དོག་ཨཽཏཔ་ལའི་འདབ་མ་བཞིན་དུ་འདུག་པ
བསྣམས་པའོ། །ཆེན་པོ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཐུན་མོང་མ་ཡིན་པའི་དོན་ནོ། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། མི་ཤེས་ཉོན་མོངས་གཅོད་བྱེད་པ་ཞེས་པ་ནི་དེ་ལས་འོད་ཟེར་འཕྲོས་ཤིང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་བག་ཆགས
ཐམས་ཅད་གཅོད་པའི་དོན་ནོ། །ཕྱག་མཚན་དེ་རྣམས་ཀྱང། ཡེ་ཤེས་ལྔ་དང་རིག་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །དམར་པོ་སྣ་ཚོགས་འབར་འདྲ་བའི། །འོད་ཀྱི་དཀྱིལ་འཁོར་གྱིས་ནི་བརྒྱན་ཞེས་པ་ནི་བྱང་ཆུབ་སེམས་རྡོ་རྗེ་དེ་ཉིད་ཀྱི་སྐུ་ལས་འོད་ཟེར
བྱུང་བས་དཀྱིལ་འཁོར་གྱི་ཚུལ་དུ་ཆགས་ཤིང་རྒྱབ་བརྟེན་དུ་བྱས་པས་བརྒྱན་ཞེས་བྱའོ། །ཟླ་བ་དྲི་མེད་སྟོང་འདྲ་བ་ནི་འོད་ཀྱི་དཀྱིལ་འཁོར་དེ་ཟླ་བ་སྟོང་དམ་དེ་བས་ལྷག་པའི་འོད་འཕྲོ་བའི་དོན་ནོ། བློ་དང་ལྡན་པས་རྒྱབ་ཏུ་བསམ་ཞེས་པ་ནི་ཐབས་ལ་མཁས
པའི་སྒྲུབ་པ་པོས་འོད་ཀྱི་དཀྱིལ་འཁོར་དུ་བསྒོམ་པའི་དོན་ནོ། །སྙིང་གའི་དབུས་སུ་ཕྲ་མོ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ་ཞེས་པ་ནི་དེ་ལྟར་བདག་བྱང་ཆུབ་སེམས་རྡོ་རྗེའི་ཕྱག་རྒྱ་ཆེན་པོར་གནས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཨི་ཕྱག་རྒྱ་དེང་འདུད་བར
མཚོན་གང་བ་གཅིག་བསྒོམ་པའི་དོན་ནོ། །དེའི་དུས་སུ་བསམ་པ་ནི། །ཡི་གེ་མཆོག་ནི་དམ་པའོ། །ཞེས་པ་ནི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དངོས་གྲུབ་ཐམས་ཅད་ཀྱི་འགྱུར
གནས་ཡི་གེ་ཧཱུཾ་བསྒོམ་པའི་དོན་ནོ། །དེ་ལྟར་བདག་བྱང་ཆུབ་སེམས་རྡོ་རྗེའི་ཕྱག་རྒྱར་གསལ་བར་བསྒོམ་ཞིང་ཟླ་བ་དྲུག་ཚུན་ཆད་སེམས་ལས་སུ་རུང་གི་བར་དུ་འོག་ནས་འབྱུང་བའི་ཚུལ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་སྐབས་འདིར་བསྒོམ་པ་འདི་མན་ངག་ཏུ་ཤེས་པར་བྱའོ།།
སྡོམ་ལ་གནས་པའི་སྔགས་པ་ཡིས། །བསྙེན་པ་སྔར་ནི་བྱས་ནས་སུ་ཞེས་པ་ནི་དེ་ལྟར་བསྙེན་པ་དང་ཉེ་བའི་བསྙེན་པ་རྫོགས་པར་བྱས་ནས། སྒྲུབ་པ་ལས་འཇུག་པར་བསྟན་ཏོ། །དེ་ལ་བསྙེན་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་ཀྱི་དོན་དམ་པའི
རང་བཞིན་སྐྱེ་བ་མེད་པར་བསྒོམ་པའི་དོན་ནོ། །ཉེ་བའི་བསྙེན་པའི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་དང་ཕྲ་མོའི་ཏིང་ངེ་འཛིན་པར་དུའོ། །སྡོམ་ལ་གནས་པ་ནི་གོང་དུ་བསྟན་པའི་དམ་ཚིག་དང་སྤྱོད་པ་ལས་མི་འདའ་བའ་ཨོ། །སྔར་བསྙེན་པ་བྱས་པ་ནི་བསྙེན་པ་རྣམ་གཉིས
རིམ་པ་བཞིན་དུ་བྱས་ནས། སེམས་ལས་སུ་རུང་བས་སྒྲུབ་པ་ལ་འཇུག་པར་བྱའི་གཞན་དུ་མ་ཡིན་ཞེས་པའི་དོན་ནོ། །ཆོ་ག་འདིའི་སྦྱོར་བ་ཡིས་ཤེས་པ་ནི་འོག་ནས་འབྱུང་བའི་ཐབས་ཀྱིས་སོ། །སྒྲུབ་པ་དག་ནི་བརྩམ་པ་ནི་བདག་སྐུ་གསུང་ཐུགས་ཐོ་བར
པར་བྱེད་པའི་ཐབས་ཀྱི་རིམ་པ་ལ་འཇུག་པར་བྱ་བའི་དོན་ནོ། །ཁྲུས་མཁན་གྱི་ནི་བདག་ཉིད་ཆ་ཞེས་པ་ནི་སྒྲུབ་པའི་སྣོད་གཟུགས་མ་བསྟན་ཏེ། ཁྲུས་མཁན་ནི་གོས་འཁྲུ་ཞིང་བཙོ་བླག་བྱེད་པའི་རིགས་ངན་ཏེ། དེ་ལྟ་བུ་ལ་རང་བཞིན་མཐུ་ཡང་ཡོད་པས
བདག་ཉིད་ཆེན་པོ་ཞེས་བྱ། དེ་ལྟ་བུའི་མ་རིགས་ངན་པས་ང་རྒྱལ་ཆུང་ཞིང་བཀའ་བློ་བདེ་བས་བདག་ཅི་དགའ་བར་བྱེད་པས་སེམས་ལུས་སུ་རུང་བའི་དོན་ནོ། །ཡང་ན་ཁྲུས་མཁན་ནི་སྡིག་པ་སྤོང་ཞིང་དགེ་བ་བྱེད་པའི་ཁྱིམ་བདག་ལ་སོགས་པ་གང་ཡང་རུང་བ
ལ་བྱའོ། །བུ་མོ་མིག་རིང་རྙེད་པ་ནི་ཞེས་པ་ལ་སོགས་པ་ནི་རིགས་དེ་ལྟ་བུའི་བུ་མོ་ཤེས་པ་ཆེ་ཞིང་སེམས་གསལ་བ་ཕྱིའི་མིག་ཀྱང་ཆེ་ཞིང་རིང་བ་ཡིད་དུ་འོང་བར་འདུག་པ་ཁ་དོག་ཀྱང་ཨཽཏཔ་ལའི་ལོ་མ་བཞིན་སྔོ་སྐྱར་འདུག་པ་གཟུགས་ཡན་ལག་དང་ཉིང་ལག
ཐམས་ཅད་ཚང་བ། འདོད་ཆགས་བདོ་བས་དར་ལ་བབ་པ། བརྒྱན་པ་ནི་དེ་རྣམས་དང་ལྡན་པའི་དོན་ནོ། །ཐམས་ཅད་རྒྱན་ནི་ཡོངས་བརྒྱན་པ་ནི་ཕྱིའི་རྒྱན་གོས་དང། རིན་པོ་ཆེ་ལ་སོགས་པ་རྣམས་ཀྱིས་བརྒྱན་པའོ། །བཞིན་མཛེས་ཡིད་དུ་འོང་བ་ཞེས་པ་ནི་བསོད
ནམས་ཆེ་བའི་རྟགས་གཟུགས་བྱང་ཤིན་ཏུ་སྡུག་ཅིང་ཀུན་ཡིད་དུ་འོང་བའོ། །གོ་ཚོད་ལོ་ནི་བཅུ་གཉིས་པ་ཞེས་པ་ནི་བུ་མོ་ལོ་གྲངས་བཅུ་གཉིས་ལ་ཡོན་ཏན་དེ་ལྟ་བུ་ཀུན་ཚང་བར་རྙེད་ན་མཆོག་གོ་།དེ་ལྟར་བསྟན་ཀྱང་སྤྱིར་བཅུ་གཉིས་དང་ཉི་ཤུ་རྩ་ལྔའི་བར
དུ་ཤེས་པར་བྱའོ། །བཟུང་ནས་བསྒྲུབ་པ་བརྩམས་པར་བྱ་ཞེས་པ་ནི། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁ་ན་མ་ཐོ་བ་མེད་པའི་སྒོ་ནས་བརྩལ་ནས་བསྒྲུབ་པ་ལ་འཇུག་པར་བྱ་བའི་དོན་ནོ། །ཕྱིས་གཅིན་སོགས་དམ་ཚིག་ལས་ཤེས་པ་ནི་དེ་ལྟར་མཚན་དང
ལྡན་པའི་གཟུངས་མ་རྙེད་ན། གོང་དུ་བསྟན་པའི་གནས་དེར་བདུད་རྩི་ལྔས་མཎྜལ་བྱ་ཞེས་བྱ་བའི་དོན་ནོ། །ཆོ་ག་བཞིན་ཞེས་པ་ནི་ཨ་མྲི་ཏ་ལྔའི་བྱིན་གྱིས་བརླབ་པ་དང། དཀྱིལ་འཁོར་གྱི་ལས་ཚང་བར་བྱེད་པའོ། །གྲུ་བཞི་པ་ནི་དཀྱིལ་འཁོར་ཀྱི་དབྱིབས
རྒྱས་པའི་ཚུལ་དུ་བྱའོ། །དཀྱིལ་འཁོར་བྱས་ནས་དེ་དབུས་སུ། སྔར་གསུངས་པའི་གནས་དེར་བཞག་།ཅེས་པ་ནི་དཀྱིལ་འཁོར་དེ་ལྟ་བུ་བྱས་ནས་སྔར་གསུངས་པའི་གཟུངས་མ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དེའི་དབུས་སུ་གཞག་ཅེས་པའི་དོན་ནོ། །
ཕྱག་རྒྱ་བཞི་ཡི་སྦྱོར་བ་ཡིས། བདག་ཉིད་མོས་པའི་ལྷར་ཡང་བསྒོམ་ཞེས་པ་ནི་སྒྲུབ་པ་པོ་བདག་ཀྱང་དེ་དང་ལྷན་ཅིག་དཀྱིལ་འཁོར་གྱི་དཀྱིལ་དུ་འདུག་པ་བདག་ཉིད་དུད་པའི་ལྷ་གང་ཡང་རུང་བ་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་ཞེས་པའི་དོན་ནོ། །ཕྱག་རྒྱ་བཞི་ནི་ཐུགས
ཀར་ཡིག་འབྲུ་གནས་པ་ཆོས་ཀྱི་ཕྱག་རྒྱ་དང། རྡོ་རྗེ་ལ་སོགས་པ་ཕྱག་མཚན་འཛིན་པ་ལས་ཀྱི་ཕྱག་རྒྱ་དང། གཡོན་ཕྱོགས་སུ་ཡུམ་བསྐྱེད་པ་དམ་ཚིག་གི་ཕྱག་རྒྱ་དང། དེ་རྣམས་རྫོགས་པ་ཕྱག་རྒྱ་ཆེན་པོའི་དང་བཞིའོ། །ཡང་ན་གསང
བའི་ཡུམ་བཞི་ཕྱོགས་བཞིར་བསྐྱེད་ནས་བསྒོམ་པ་ཡང་བྱའོ། །རང་གི་ལུས་ལས་འབྱུང་བའི་རྣམས། །བྱིན་གྱིས་བརླབས་པའི་གནས་སུ་དམིགས་ཞེས་པ་ནི་དེ་ལྟར་གཟུངས་མ་དེ་ལྷ་མོ་གཅིག་ཏུ་བསྒོམས་ལ། རང་གི་ལུས་ལས་བྱུང་བ་ནི་བདག་ཕྱག
རྒྱ་ཆེན་པོར་གནས་པའི་ཐུགས་ཀ་ནས་རིགས་ལྔ་ཕྱུང་ཞིང་བྱིན་གྱིས་བརླབས་པའི་གནས་གཟུངས་མ་དེ་གནས་ལྔར་བསྐྱེད་པའི་དོན་ནོ། །ནུ་མའི་བར་དང་སྤྱི་གཙུག་དང། ལྟེ་བ་རྐེད་པ་རྐང་རྣམས་སུ། ཞེས་པ་ནི་གནས་ལྔའོ། །རྒྱལ་བ་བདག་ཉིད་གསང་ལས
སྐྱེས་པ་ནི་བདག་བྱང་ཆུབ་སེམས་རྡོ་རྗེའི་ཕྱག་རྒྱར་གནས་པའི་ཐུགས་ཁ་ཐུན་མོང་དང་རྟོག་གེ་པའི་ཡུལ་མ་ཡིན་པས་གསང་བའོ། །སྐྱེས་པ་ནི་དེ་ལས་བྱུང་བའི་དོན་ནོ། །རིགས་ལྔ་རྣམས་ནི་རབ་ཏུ་དམིགས་ཤེས་པ་ནི་དེ་ལྟར་གསང་བ་ལས་སྐྱེད་པའི་བཅོམ
ལྡན་འདས་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔ། ཡུམ་དེའི་གནས་ལྔར་ཡིག་འབྲུ་ལས་བསྐྱེད་ཅིང་གནས་པར་དམིགས་པའོ། །དེའི་སྙིང་གའི་དབུས་སུ་ཞེས་པ་ནི་དེ་རྣམས་བཀོད་པའི་རིམ་པ་བསྟན་ཏེ། ཡུམ་དེའི་ནུ་མ་གཉིས་ཀྱི་བར་སྙིང་གའི་ཉི་མའི
དཀྱིལ་འཁོར་བསམ་ཞེས་བྱ་སྟེ། མ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་དོ། །དེའི་དབུས་མི་འཁྲུགས་གཉིས་སུ་མེད་པ་ནི་དེའི་ཡི་གེ་ཧཱུཾ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་ཡབ་ཡུམ་བསྐྱེད་པའི་དོན་ཏོ། །ཕྱག་རྒྱ་བཞི་དང་ལྡན་པར་གནས་ཤེས་པ་ནི
གོང་དུ་བཤད་པའི་ཚུལ་གཉིས་ལྟར་ཡིན་པ་འམ། ཡང་ན་བཅོམ་ལྡན་འདས་ཡབ་ཡུམ་བཞུགས་པའི་ཕྱོགས་བཞིར་ལཱ་སྐྱེ་ལ་སོགས་པའི་ལྷ་མོ་བསྐྱེད་པ་ལ་བྱའོ། །སྤྱི་གཙུག་དབུས་སུ་ཟླ་བ་ཞེས་པ་ལ་སོགས་པ་ནི་ཡུམ་དེའི་སྤྱི་བོར་མ་ལས་ཟླ་བའི
དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང་དུ་ཨོཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་བསྐྱེད་པར་བྱའོ། །དེ་བཞིན་གཉིས་མེད་ཀུན་ཏུ་སྦྱོར་བ་ནི་གོང་མ་དང་འདྲ་བར་ཡབ་ཡུམ་གཉིས་སུ་མེད་པར་གནས་ཤིང་ཕྱག་རྒྱ་བཞི་དང་ལྡན་པ་འམ། ཡང་ན་ཕྱག་རྒྱ
བཞི་དང་གཉིས་སུ་མེད་པར་གནས་པ་ནི་རིགས་ཕྱི་མ་ལ་ཡང་ཤེས་པར་བྱའོ། །རྐེད་པའི་དབུས་སུ་ཟུང་རྒྱད་པའི། །ནོར་བུ་རིན་ཆེན་གཙོར་གནས་ཏེ། །ཞེས་པ་ནི་ཡུམ་དེའི་རྐང་པ་ལ་ཡི་གེ་ར་ལས་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ཁ་དོག་ཨཻནྡྲ་ནཱི་ལ་ལྟ་བུ
དབྱིབས་ཟུར་བརྒྱད་དུ་འདུག་པ་ཅིག་བསྐྱེད་དོ། །དཀོན་མཆོག་དཔལ་ནི་རྣམ་བསམས་ཏེ། ཕྱག་རྒྱ་བཞི་དང་ལྡན་པར་གནས། ཞེས་པ་ནི་དེའི་སྟེང་དུ་བཅོམ་ལྡན་འདས་རཏན་སཾ་བྷཱ་བ་ཡབ་ཡུམ་ཡི་གེ་ས་ལས་བསྐྱེད་པར་བྱའོ། །ཕྱག་རྒྱ་བཞི་དང་ལྡན་པར་གནས་པ་གོད
མདང?་འདྲའོ། །ལྟེ་བའི་ཕྱོགས་དག་ཏུ་ཞེས་པ་ནི་ཡུམ་དེའི་གསང་བ་ལ་ཡི་གེ་བཾ་ལས་པདྨ་བསྐྱེད་པའི་དོན་ནོ། །དཀར་དང་དམར་བའི་འདབ་མ་བརྒྱད་ནི་པདྨ་དེ་ཡང་ཡབ་ཡུམ་གཉིས་ནི་བྱང་ཆུབ་སེམས་ཀྱི་ཚུལ་དུ་ཁ་དོག་དཀར་བ་དང་དམར་པ་སྤེལ་མར་འདུག་པ་དབྱིབས
འདབ་མ་བརྒྱད་པའི། །པདྨའི་དབུས་སུ་ཆོས་བཞུགས་པ། ཕྱག་རྒྱ་བཞི་དང་ལྡན་པར་གནས་ཞེས་པ་ནི་པདྨ་དེའི་སྟེང་དུ་ཡི་གེ་ཨ་ལས་བཅོམ་ལྡན་འདས་ཨ་མི་ཏཱ་བྷཱ་ཡབ་ཡུམ་ཕྱག་རྒྱ་བཞི་དང་ལྡན་པར་བསྐྱེད་པར་བྱའོ། །རྐང་པ་དག་གི་དབུས་སུའོ། །གྲུ
གསུམ་མེ་འདྲ་དཀྱིལ་འཁོར་ལ། །ཞེས་པ་ནི་ཡུམ་དེའི་རྐང་མཐིལ་དུ་ཡི་གེ་ཧ་ལས་ལས་ཀྱི་རིགས་གང་ན་དཀྱིལ་འཁོར་གྲུ་གསུམ་པ་འདྲ་བ་རིན་པོ་ཆེའི་རང་བཞིན་གཅིག་བསྐྱེད་པར་བྱའོ། །དེའི་དབུས་སུ་གདོན་མི་ཟ་ཞེས་པ་ནི་དེའི་སྟེང་དུ་བཅོམ་ལྡན་འདས་ཨ་
མོ་བྷ་སིདྡྷི་ཡབ་ཡུམ་བསྐྱེད་པར་བྱའོ། །ཕྱག་རྒྱ་བཞི་ནོ་གོང་མ་དང་འདྲ། ཤེས་རབ་ལྡན་ཏེ་བྱིན་བརླབས་པ། །ཞེས་པ་ནི་དེ་ལྟར་ཤེས་རབ་དང་ལྡན་པའི་རྣལ་འབྱོར་པས་ཡུམ་དེ་ཉིད་སྒོམ་མཁས་ན་དེ་བཞིན་དུ་སྒོམ་དུ་བཅུག་ལ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར
བྱ། མི་མཁས་ན་བདག་གིས་བསྒོམས་ལ་དབང་བསྐུར་བར་བྱའོ། །རྒྱལ་བའི་ཡུམ་དེ་ཡོན་ཏན་ལྡན་ཞེས་པ་ན་དེ་ལྟར་བསྒོམ་ཤིང་དབང་བསྐུར་བས་བསྒྲུབ་པའི་སྣོད་དུ་རུང་བས་སོ། །ཉི་ཤུ་རྩ་ལྔའི་བྱེ་བྲག་གིས། དེ་ལ་རྡུལ་ནི་ག་?
བར་བྱ་ཞེས་པ་ནི་རིགས་རེ་རེ་ཡང་ལྷ་མོ་བཞི་བཞིས་བསྐོར་བས་ཉི་ཤུ་རྩ་ལྔ་གཟུངས་མ་དེའི་གནས་ལྔར་དཀྱིལ་འཁོར་གྱི་ཚུལ་དུ་བཀོད་པའི་རྡུལ་གཏད་བ་ཞེས་བྱའོ། །ཡང་ན་གཟུངས་མ་དེ་ལོ་གྲངས་གོང་དུ་བསྟན་པ་དང། ཉི་ཤུ་རྩ་ལྔའི་བར་གྱི
བྱེ་བྲག་ལ་བྱ། རྡུལ་གཏང་བ་ནི་གོང་མ་དང་འདྲ་བར་དཀྱིལ་འཁོར་བསྒོམ་ལ་བྱའོ། །ཡང་ན་དེ་ལྟར་བྱིན་གྱིས་བརླབས་པའི་གནས་དེར་འོག་ནས་འབྱུང་བའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་སྤྲོ་བ་ལ་ཡང་བྱའོ། །སྐྱེ་མཆེད་རྣམས་ནི་གཟུགས་ལ་སོགས་དམིགས
ཤེས་པ་ནི་གཟུངས་མ་དེའི་མིག་གི་སྐྱེ་མཆེད་ལ་སོགས་པ་དྲུག་བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ལྷ་མོ་ལ་སོགས་པ་དྲུག་གི་ཡུམ་བསྐྱེད་པའི་དོན་དོ། །རོ་ལངས་མི་ཕམ་ལག་གཉིས་པ། ཁྲོ་གཉེར་རལ་པ་གཅིག་ལྷ་མོ། ཁ་དང་པདྨ་ལ་ནི་དམིགས།།
ཤེས་པ་ནི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་ཆེན་པོ་བཞིའི་ཡུམ་ཁྲོ་མོ་བཞི་གཟུངས་མ་དེའི་གནས་བཞིར་སྒོམ་པའི་དོན་ནོ། །དེ་ལ་རོ་?་མ་ལག་པ་གཡས་ལ་གཤིན་རྗེ་གཤེད་ཀྱི་ཡུམ་དུ་ཤེས་པར་བྱའོ། །ལག་པ་གཡོན་ལ་གཞན་གྱིས་མི
ཐུབ་མ་ཤེས་རབ་མཐར་བྱེད་ཀྱིའོ། །ཁྲོ་གཉེར་ཅན་ཁྲོ་བོ་ཡ་ཨ་གྲི་བའི་ཡུམ་ཁ་ལའོ། །ཁྲོ་མོ་རལ་པ་གཅིག་མ་བདུད་རྩི་འཁྱིལ་པའི་ཡུམ་པདྨ་ལ་བསྐྱེད་པར་བྱའོ། །ཧཱུཾ་ཞེས་པས་ནི་རྡོ་རྗེ་སྦྱར་ཞེས་པ་ནི་སྒྲུབ་པའི་གསང་བའི་རྡོ་རྗེ་ལ་ཡི་གེ་ཧཱུཾ་གཅིག་བསྐྱེད
ལ་དེ་ལས་ཡེ་ཤེས་ཀྱི་རང་བཞིན་ཡོད་འཕྲོ་བར་དམིགས་ཤིང་ཧཱུཾ་ཧཱུཾ་ཞེས་བརྗོད་པས་སྡང་བར་བྱའོ། །དེའི་ནོར་བུ་ཨོཾ་ཞེས་པ་ནི་དེ་ལྟར་ལངས་པའི་རྡོ་རྗེ་དེའི་སྤྱི་བོར་ཡེ་ཤེས་ལྔའི་རང་བཞིན་ཡི་གེ་ཨོཾ་འོད་འཕྲོ་བ་གཅིག་བསམ་མོ། །རྡོ་རྗེ་ཆོས་ནི་གནས་གྱུར་ནས། །
དེ་ཡི་པདྨར་རབ་ཏུ་གནས། །ཞེས་པ་ནི་དེ་ལྟར་བདག་གི་བཛྲ་བྱིན་གྱིས་བརླབས་ནས། པྲཛྙཱ་དེའི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པར་བསྟན་ཏོ། །རྡོ་རྗེ་ཆོས་ནི་བཅོམ་ལྡན་འདས། །སྣང་བ་མཛའ་ཡས་ཉིད་སུ་?་དེའི་རང་བཞིན་དུ་གྱུར་ནས། གནས་ཉེས
པ་འམ། ཡང་ན་བཅོམ་ལྡན་འདས་དེ་ལྷ་མོ་ནི་དཀར་མོར་གྱུར་ལ། ལྷ་མོ་དེ་མུ་དྲ་དེའི་རང་བཞིན་དུ་གནས་ཤེས་པའི་དོན་ནོ། །ཟླ་བའི་འོད་ཟེར་ལྟར་འབར་ཞིང་ཡིད་དུ་འོད་བར་འབར་བ་སྟེ། རྡོ་རྗེ་པདྨ་མཆོག་བསྒོམས་ནས། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར
ཞེས་པ་ནི་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པ་དང། རྣལ་འབྱོར་མའི་གསང་བའི་དབང་པོ་གཉིས་ལས་འོད་འབྲོས་པས་གཅིག་གི་ཡིད་དུ་གཅིག་འོད་ཞིང་སོ་སོའི་གདུང་བསེལ་བར་བྱེད་པས་ཟླ་བ་ལྟར་འབར་བ་ཞེས་བྱའོ། །དེ་ལྟར་རྡོ་རྗེ་པདྨ་གཉིས་བསྒོམ་ཞིང།
འོག་ནས་འབྱུང་བའི་ཚུལ་དུ་བསྒྲུབས་ནས་ཡིད་ལ་འདོད་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་ཅེས་པའོ། །འོད་ཟེར་རྣམ་ལ་འཕྲོ་བར་ནི། རྡོ་རྗེ་པདྨ་རྣམ་བསྒོམས་ལ་ཞེས་པ་ནི། རྡོ་རྗེ་དང་པདྨ་གཉིས་སྦྱར་བའི་མཚམས་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར
ཁ་དོག་ལྔ་སྤྱོད?་ཞིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་དགྱེས་པར་བྱ་བ་དང། སེམས་ཅན་གྱི་བྱེད་པར་དམིགས་ནས་ཞེས་པའི་དོན་ནོ། །གསང་སྔགས་སྦྱོར་པའི་ང་རྒྱལ་གྱིས། །དེ་ནས་བསྒྲུབ་པ་བརྩམ
པར་བྱ། ཞེས་པ་ནི་དེ་ལྟར་བསྒོམས་ནས། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གའི་སྔགས་ཀྱི་དོན་ཡིད་ལ་བྱེད་ཅིང་ཐབས་དང། ཤེས་རབ་ཀྱི་རོལ་པ་བྱ་ཞེས་པའི་དོན་ནོ། །ོཾ་སརྦ་ཏ་ཐཱ་ག་དཱ་ཨ་ནུ་རཱ་ག་བཛྲ་སྭཱ་བྷཱ་བཱི་ཨཱཏྨ་ཀོཉ་ཧཾ་ཞེས་བྱ་བ་ནི་བདག་དེ་བཞིན་གཤེགས་པ
ཐམས་ཅད་གཅད་རྗེས་སུ་ཆགས་ཤིང་དགྱེས་པར་བྱེད་པའི་རྡོ་རྗེ་རང་བཞིན་ནོ་ཞེས་པའི་དོན་ནོ། །སྔགས་འདིའི་དོན་གཉི་གར་ཡང་སོ་སོར་ཡིད་ལ་བྱེད་ཅིང། ལན་གྲངས་ཀྱིས་བརྗོད་པར་བྱའོ། །རྡོ་རྗེ་ཉི་མ་ནུབ་ནས་ནི། བསྒྲུབ་པ་ཆེན་པོ་བརྩམ་པར་བྱ་ཞེས་པས་ནི
དང་པོ་བསྒྲུབ་པ་ལ་འཇུག་པའི་དུས་བསྟན་ཏེ། དེའི་ཉིན་པར་གཟུངས་མ་བྱིན་གྱིས་བརླབ་པ་ལ་སོགས་བའི་ཏིང་ངེ་འཛིན་ཡང་ནས་ཡང་དུ་གསལ་བར་བྱས། ནུབ་ཀྱི་རི་བོའི་རྒྱབ་ཏུ་ཉི་མ་ཕྱིན་མ་ཐག་ཏུ་རྡོ་རྗེ་པདྨར་སྦྱར་ཞིང་སྒྲུབ་པ
ཆེན་པོ་བརྩམ་པར་བྱ་ཞེས་པའི་དོན་ནོ། །ཞག་བདུན་གྱིས་ནི་འགྲུབ་འགྱུར་བ། །སྐྱ་རེང་འཆར་ཀའི་དུས་སུ་ནི་ཞེས་པས་ནི་སྒྲུབ་པ་ཆེན་པོའི་འབྲས་བུ་སྐུ་གསུང་ཐུགས་ཐོབ་པའི་དུས་བསྟན་ཏོ། །དེ་ལ་རྣལ་འབྱོར་པས་གོང་དུ་བསྟན་པ་བཞིན་དུ་བསྙེན་པ་དང་ཉེ་བསྙེན་ཟླ་བ
དྲུག་གི་བར་དུ་རྒྱུན་མི་འཆད་པར་བྱས་པའི་སེམས་ལས་སུ་རུང་བས་གོང་དུ་བསྟན་པ་བཞིན་དུ་ཡུལ་མཚན་དང་ལྡན་པ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་གྱིས་བསྒྲུབ་པ་བྱས་ནས། སྒྲུབ་པ་ཆེན་པོ་ལ་ཞུགས་པའི་དགོངས་ནས་ཞག་བདུན་ལོན་པའི་སྐྱ་དེར?
འཆར་ཀའི་ནམ་ལང་ཁར་མངོན་པར་འདོད་པའི་དངོས་གྲུབ་འཐོབ་ཅེས་པའི་དོན་ནོ། །སྒྲུབ་པ་ཆེན་པོ་དུས་དག་ཏུ། །རང་གི་གསང་སྔགས་རྡོ་རྗེའི་གཟུགས། །ཤེས་པ་ནི་དེ་ལྟར་ཐབས་དེར་ཤེས་རབ་ཀྱི་ཚུལ་དུ་སྒྲུབ་པ་ཆེན་པོ་བྱེད་པའི་དུས་སུ་རང་གི་སྤྱི་བོར
བདག་ལ་གསང་བའི་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་གྱི་སྐུའོ། །ཅོད་པན་བདག་པོར་བསྒོམ་བྱས་ན་ཞེས་པ་ནི་སློབ་དཔོན་དེ་པྲཛྙཱ་དང་ལྡན་པར་ཅོད་པན་གྱིས་ཚུལ་དུ་གནས་ཤིང་དབང་བསྐུར་བསྒོམ་ཞིང་སྒྲུབ་ཅེས་པའི་དོན་ནོ། །ཡང་ན་བྱང་ཆུབ་སེམས་རྡོ་རྗེ་ཚུལ
དེ་ལྟར་དབང་བསྐུར་བར་བསམ་པར་བྱའོ། །ཡེ་ཤེས་རྡོ་རྗེ་གྲུབ་འགྱུར་བ་ནི་དེ་སྒྲུབ་ཅིང་འོག་ནས་འབྱུང་བའི་ཚུལ་དུ་སྤྲོ་བསྡུ་བྱ་པ་ལ་སོགས་པ་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པའི་དོན་མངོན་སུམ་དུ་འགྱུར་བ་འམ། ཡང་ན་དེ
བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དཔལ་ཡེ་ཤེས་སེམས་དཔའ་ཨི་སྐུ་མངོན་སུམ་དུ་མཐོང་བར་འགྱུར་རོ། །སེམས་དཔའ་ཨི་སྐྱིལ་ཀྲུང་བཅས་ནས་ནི། སྒྲུབ་སྣོད་དེའི་སྟེང་དུ་བཞག་ཅེས་པ་ནི་སྒྲུབ་པ་ཆེན་པོ་བྱེད་པའི་འདུག་ཐབས་བསྟན་ཏེ། བདག་སེམས་དཔའ་ཨི
སྐྱིལ་མོ་ཀྲུང་གི་ཚུལ་དུ་འདུག་ལ་གཟུངས་མ་གྲུབ་པའི་སྣོད་དུ་བྱིན་གྱིས་བརླབས་པ་སྐྱིལ་མོ་ཀྲུང་གི་སྟེང་དུ་བཞག་པའི་དོན་ནོ། །ཡན་ལག་གཡS་པས་གཉའ་མནན་ནས། །གཡོན་པའི་ཡན་ལག་རྐེད་པར་ཕབ། ཅེས་པ་ནི་དེ་ལྟར་འདུག་ནས་བདག་གི་ལག་པ
གཡས་པས་པྲཛྙཱ་དེའི་གཉའ་བ་ནས་བཟུང་བ་དང། ལག་པ་གཡོན་པས་རྐེད་པ་བརྟན་པ་འམ་གཡོ་བའི་ཚུལ་དུ་བྱ་བ་དང། པྲཛྙཱ་དེས་ཀྱང་ཐབས་ལ་དེ་ལྟར་བྱ་ཞེས་པའི་དོན་ནོ། །རྡོ་རྗེ་པདྨར་བཅུག་ནས་ནི། །སོས་ནི་མ་མཆུ་བསྡམ་པར་བྱ། །ཞེས་པ་ནི
དེ་ལྟར་འདུག་ནས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་གཉིས་གོང་དུ་བསྟན་པའི་ཏིང་ངེ་འཛིན་གསལ་བར་དམིགས་ལ་སྦྱོར་ཞེས་པའོ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་གནས་པའི་དོན་ནམ་གཅིག་ལ་གཅིག་ཆགས་ཤིང་མི་འདའ་?་བས་མཆུ་བསྡམས
པའི་དོན་ནོ། །ཧཱུཾ་ཞེས་དབྱངས་བླངས་རབ་བསྐྱོད་ཅིང། རྡོ་རྗེ་འཛིན་པ་རང་རྒྱལ་བསྐྱེད་ཅེས་པ་ནི་དེའི་དུས་སུ་རྡོ་རྗེ་སེམས་དཔའ་འམ། ཡི་དམ་གྱི་ལྷ་གང་ཡང་རུང་བ་བསྒོམ་པ་དེ་གསལ་བར་བསྒོམ་ཞིང་ཧཱུཾ་གི་སྒྲ་རྒྱུན་མི་འཆད་པར་བརྗོད་ཅིང་བསྐྱོད་པས་སྔགས?
དང་ཕྱག་རྒྱ་དང། ཏིང་ངེ་འཛིན་གསུམ་དང་མི་ལྡན་དུ་མི་རུང་བར་བསྟན་པའི་དོན་ནོ། །དཔུང་པ་རབ་བརྐྱང་མགུལ་བ་ནས། །བརྟན་ཞིང་མི་གཡོ་བར་ནི་འཁྱུད། ཅེས་པ་ནི་དེ་ལྟར་བསྐྱེད་པས་བྱང་ཆུབ་ཀྱི་སེམས་བྱུང་བ་ཁད་པའི་དུས་སུ་བདེ་བ་ཆེན་པོ་ཉམས
སུ་ལེན་པའི་རྟགས་སུ་སོ་སོ་ལག་པ་བརྐྱང་ཞིང་མི་གཡོ་བར་འཁྱུད་པར་བྱ་ཞེས་པའི་དོན་ནོ། །བྱང་ཆུབ་སེམས་ནི་བྱུང་བའི་ཚེ་ཞེས་པ་ནི་དེ་ལྟར་རོལ་པས་བྱང་ཆུབ་ཀྱི་སེམས་བྱུང་བ་དང། འོག་གི་ཚིག་གཉིས་ཀྱི་དོན་བསམ་པར་བྱའོ། །མཁས་པས
སྔགས་ནི་ཕཊ་བརྗོད་པས། ཐམས་ཅད་བདུད་ནི་རྣམ་པར་འཇོམས་ཤེས་པ་ལྟར་བྱང་ཆུབ་ཀྱི་སེམས་བྱུང་མ་ཐག་ཏུ་ཕཊ་ཅེས་བརྗོད་པས་ཉོན་མོངས་པ་ཐམས་ཅད་སྤོངས་པར་སེམས་པ་དང། ཡང་ཕཊ་ཅེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ལས་ཁྲོ་བོ་དང་ཁྲོ་མོ
གྲངས་མེད་འཕྲོས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བགེགས་དང་སྲིན་པོ་ལ་སོགས་པའི་བདུད་རྣམས་འཇོམས་པར་བསམ་པའི་དོན་ནོ། །ཡང་ཕཊ་ཅེས་བརྗོད་པས་མཆོད་པའི་ལྷ་མོར་གྱུར་ནས་ཕྱོགས་བཅུའི་འཇིག་རྟེན
གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བླ་ན་མེད་པའི་མཆོད་པས་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ་བ་དང། སེམས་ཅན་གྱི་རེ་བ་ཐམས་ཅད་རྫོགས་པར་བྱེད་པར་བསམ་པའི་དོན་ནོ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛྲ་བཛྲ་སྭ་བྷ་བཱ་ཨཱཏྨ་ཀོཉཧཾ། ཞེས་པ་ནི་གོང
མ་ལྟར་ཉོན་མོངས་པ་སྤངས་པ་དང། ཁྲོ་བོ་དང་ཁྲོ་མོ་སྤྲོས་ཤིང་བདུད་ཚར་གཅོད་པར་བྱ་དང་མཆོད་པའི་ལྷ་མོར་གྱུར་ནས་དེ་བཞིན་གཤེགས་པ་བླ་ན་མེད་པའི་བདེ་བས་ཚིམ་ཞིང་རྒྱས་པར་བྱེད་པ་དང། སེམས་ཅན་གྱི་དོན་བྱས་པ་རྣམས་དེ་བཞིན་གཤེགས་པའི
མཆོད་པའི་རང་བཞིན་ཡིན་པས་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་རྡོ་རྗེའི་རང་བཞིན་ནོ་ཞེས་པའི་དོན་ནོ། །སྔགས་འདིའི་དོན་བསྒོམ་ཞིང་ལན་གསུམ་དུ་བརྗོད་པར་བྱའོ། །བདེ་བའི་སེམས་དེ་རྣམ་སྤྲོས་པས་ཞེས་པ་ནི་ཐབས་དང་ཤེས་རབ
གཉིས་སུ་མེད་པ་ལས་བྱུང་བའི་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པའི་བྱང་ཆུབ་ཀྱི་སེམས་གོང་མ་བཞིན་དུ་ཚུལ་སྣ་ཚོགས་སུ་སྤྲོས་པ་དེ་ཞེས་བྱ་བའི་དོན་ནོ། །སྤྲུལ་སྐུས་ཐམས་ཅད་ཁྱབ་པ་བཞིན་ཞེས་པ་ནི་ཁྲོ་བོ་དང། མཆོད་པའི་ལྷ་མོར་སྤྲུལ་པའི
སྐུ་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་པ་སོ་སོའི་འཕྲིན་ལས་བྱས་མ་ཐག་ཏུ་ཞེས་པའི་དོན་ནོ། །སེམས་དེ་བཀུག་ནས་པད་བཞུགས་ལས། དེ་བཞིན་གཤེགས་པའི་རིགས་ཀུན་སྤྲོ། །ཞེས་པ་ནི་བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལ་དེ་རྣམས
སླར་ཡུམ་གྱི་གསང་བའི་གནས་སུ་སླར་བྱང་ཆུབ་སེམས་གནས་པར་བསམས་ལ། དེ་ལས་རྡོ་རྗེ་རིགས་ལ་སོགས་པའི་རིགས་ལྔ་ལྷ་རྣམས་སྤྲོ་ཞེས་པའི་དོན་ནོ། །རང་སྔགས་ཡི་གེ་བསྐྱེད་པའི་རྣམས་ཞེས་པ་ནི་སྤྲོ་བའི་ལྷ་རྣམས་ཀྱང་ས་བོན་ཡི་གེ་ལས་བསྐྱེད་པར
བྱའོ། །སྐུ་གསུང་ས་བོན་བྱིན་བརླབས་ཏེ་ཞེས་པ་ནི་དེ་ལྟར་བསྐྱེད་ཅིང་སྤྲོ་བའི་ལྷ་རྣམས་ཀྱང་སྐུ་གསུང་ཐུགས་ཀྱི་ཡི་གེ་གནས་གསུམ་དུ་བསྐྱེད་ཅིང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་ནས་སྤྲོ་ཞེས་པའི་ཐ་ཚིག་གོ་།པདྨའི་དབུས
སུ་བསྐྱེད་ནས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གནས་པའི་གནས་དེ་ཉིད་དུ་ཡི་གེ་དམིགས་ལ་བསྐྱེད་ཅེས་བྱའོ། །རིམ་པ་བཞིན་ཞེས་པ་འོག་ནས་བྱུང་པའི་རིམ་པ་བཞིན་དུ་མ་ནོར་བར་སྤྲོ་བར་བྱའོ། །བཛྲ་ཌཧྲིག་ཅེས་པ་ནི་ཐོག་མ་དང་ཐ་མ་མེད་པའི་འཁོར་བའི
སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ནི་རྡོ་རྗེའོ། །ཌཧྲིག་ནི་དེའི་ངོ་བོར་གནས་པ་དང། ཡང་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེའོ། །དེའི་ངོ་བོར
སྐུ་སྟོན་ཅིང་གནས་པས་ཌཧྲིག་གོ་། ཡང་ན་ཡེ་ཤེས་ལྔའི་སྒོ་ནས་སྐུ་ལྔ་བསྟན་ཅིང་སེམས་ཅན་གྱི་དོན་བྱེད་པས་དེའི་རྟགས་སུ་ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་འཛིན་པས་སོ། །ས་བོན་ལས་ནི་བསྐྱེད་པ་ཡི། །ཞེས་པ་ནི་སླར་བསྡུས་པའི་ཡུམ་གྱི་པདྨ་ན་གནས
པའི་བྱང་ཆུབ་སེམས་ལས་ཡི་གེ་ཧཱུཾ་དུ་གྱུར་པར་དམིགས་ལ། དེ་ལས་འོད་ཟེར་འཕྲོས་ཤིང་སླར་འདུས་པ་ལས་རྡོ་རྗེར་གྱུར་ལ། དེ་སྤྲོས་ཤིང་བསྡུས་པ་ཙམ་གྱིས་བཛྲ་ཌཧྲིག?་ཅེས་བསྐུལ་བས་བཅོམ་ལྡན་འདས་མི་བསྐྱོད་པས་རྡོ་རྗེ་མི་འཁྲུགས་སྤྲུལ་པ་སྟེ་ཞེས
བྱའོ། །ཁྲོས་པས་ཁ་དོག་མཐིང་ཤུན་འདྲ་ཞེས་པ་ལ་སོགས་པས་ནི་བཅོམ་ལྡན་འདས་དེའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ཆ་ལུགས་བསྟན་ཏོ། །ཁྲོས་པ་ནི་ཞེ་སྡང་ཅན་གྱི་དོན་དུ་ཐུགས་རྗེའི་སྒོ་ནས་སོ། །སྐུ་མདོག་མཐིང་ཤུན་འདྲ་བ་ནི་སྐུ་ཤིན
?་གནས་?་། གནག་དང་དམར་དང་དཀར་བའི་ཞལ་ཞེས་པས་ནི་ཞལ་གསུམ་དུ་བསྟན་ཏེ། དེ་ལ་ཞལ་དབུས་མ་ནི་སྐུ་དང་མཐུན་པས་གནག་པའོ། །དམར་བ་ནི་གཡོན་པའི་འོ། །དཀར་བ་ནི་གཡས་སོ། །རལ་པ་ནི་ཅོད་པན་གནས་དག་ལ། །མི་འཁྲུགས་དབང་བསྐུར?
རྣམ་པར་བརྒྱན་ཞེས་བྱ་བ་ནི་སེམས་ཅན་འདུལ་བའི་ངོར་བྱང་ཆུབ་སེམས་ཀྱི་ཉོན་མོངས་པ་དང་དུ་བླངས་ཤིང་མི་སྤོང་བའི་རྟགས་སུ་རལ་པས་ཅོད་པན་བྱས་པའོ། །དེའི་སྟེང་དུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དབང་བསྐུར
བའི་ཚུལ་དུ་དབུ་རྒྱན་དུ་བསམ་པའོ། །ཐམས་ཅད་རྒྱན་ནི་མཚན་དང་དཔེ་བྱང་དང་དབུ་རྒྱན་ལ་སོགས་པའི་འཇིག་རྟེན་གྱི་རྒྱན་ཐམས་ཅད་དོ། །རྫོགས་པ་ནི་དེ་རྣམས་ཀྱིས་སྐུ་རྒྱས་པར་བརྒྱན་པའོ། །ཕྱག་དྲུག་པ་ནི་གཡས་གཡོན་དུ་ཕྱག་གསུམ
གསུམ་དུ་བསམ་ཞེས་པའོ། །རྡོ་རྗེ་འཁོར་ལོ་འབར་འཆང་བ། །ཆུ་སྐྱེས་དག་ནི་མཛེས་པའི་མཆོག་།ཅེས་པ་ནི་གཡས་ཀྱི་གསུམ་ལ་ཕྱག་མཚན་དེ་གསུམ་རིམ་པ་བཞིན་དུ་ཤེས་པར་བྱའོ། །དྲིལ་བུ་རལ་གྲི་ནོར་བུ་རྣམས། །གཡོན་པའི་ཕྱག་དུ
བསམ་པར་བྱ། །ཞེས་པ་ནི་གཡོན་པའི་ཕྱག་གསུམ་ལ་རིམ་པ་བཞིན་དུ་འདི་གསུམ་བསྒོམ་པའི་དོན་ནོ། །སྙིང་ག་ནས་ནི་ངེས་སྤྲོས་ཏེ། ཞེས་བྱ་བའི་ཡུམ་གྱི་གསང་བའི་ཐུགས་ཀ་ནས་སྟེང་གི་བར?་སྣང་བ་འདོན་པའོ། །ཕྱོགས་བཅུ་ང་ཏུ་རྣམ་པར
གཟིགས་པ་ནི་སྟེང་གི་བར་སྣང་ལ་ཅུང་ཟད་ཅིག་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་གི་སེམས་ཅན་གྱི་ཁམས་ལ་འདུལ་བའི་ཐབས་ཇི་ལྟ་བུ་ཞེས་ཡིན་དགོངས་པའི་ཕྱིར་རོ། །སངས་རྒྱས་རྫུ་འཕྲུལ་མཛད་སོགས་དང། །
ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་པ་ནི་དེ་ལྟར་དགོངས་ནས་དང་པོར་དགའ་ལྡན་གྱི་གནས་ན་གནས་པ་ནས། མྱ་ངན་ལས་འདས་པའི་བར་དུ་སེམས་ཅན་འདུལ་བའི་ཐབས་ཐེག་པ་གསུམ་གྱི་སྒོ་ནས་བསྟན་ཅིང་ཆོས་བཤད་པའོ། །གཞན་ཡང་འགྲོ་བ
རིགས་དྲུག་གི་ལུས་སུ་བསྟན་ཅིང་དེ་རྣམས་ཀྱི་དོན་བྱེད་པའོ། །ཞེ་སྡང་སྤྱོད་པའི་ལམ་གནས་པའི། །སེམས་ཅན་མ་ལུས་རབ་སྦྱངས་ནས་ཞེས་པ་ནི། དེ་ལྟར་སངས་རྒྱས་ཀྱི་མཛད་པ་ཀུན་མཛད་མོད་ཀྱི། །རིགས་ཀྱི་ཕྲིན་ལས་ཞེ་སྡང་ཅན་སྦྱང་བའི་ཁྱད་པར
དུ་མཛད་པ་ཡིན་པས་དེ་སྐད་གསུངས་སོ། །བྱང་ཆུབ་སེམས་ཀྱི་མདུན་ནས་ནི། །རྡོ་རྗེ་སེམས་ལ་རྣམ་པར་ཞུགས་ཞེས་པ་ནི་དེ་ལྟར་སེམས་ཅན་མ་ལུས་པའི་དོན་མཛད་ནས། སླར་བྱོན་ནས་བྱང་ཆུབ་ཀྱི་སེམས་ཀྱི་མདུན་ཕྱོགས་ནས་དེ་ཉིད་ཀྱི་ཐུགས་ཀ་ཉིད་དུ?
ཞུགས་པར་བསམ་ཞེས་པའོ། །དེ་ལ་ཞུགས་པར་དང་བྱས་ནས། །རྡོ་རྗེ་སེམས་ནི་རྣམ་པར་བསམ་ཞེས་པ་ལ་སོགས་པ་ནི་དེ་ལྟར་བཅོམ་ལྡན་འདས་མི་བསྐྱོད་པ་དང་བྱང་ཆུབ་སེམས་རྡོ་རྗེ་གཉིས་སུ་མེད་པར་གྱུར་མ་ཐག་ཏུ་བྱང་ཆུབ་སེམས་རྡོ་རྗེ་སྔ་མའི
ཚུལ་སྤངས་ནས་རྡོ་རྗེར་གྱུར་པར་བསམ་ཞེས་པའི་དོན་ནོ། །ཻནྡྲ་ནཱི་ལའི་འོད་འདྲ་བ་ནི་ཞེ་སྡང་རྡོ་རྗེའི་སྐུ་མདོག་བསྟན་ཏེ། མི་བསྐྱོད་པ་དང་འདྲ་བར་གནས་པ་ལས་ཅུང་ཟད་སྐྱ་བའོ། །ཞལ་གདངས་མཆེ་བ་གཙིགས་པས་འཇིགས་ཞེས་པ་ནི་སེམས་ཅན
ཡང་དག་པའི་ལྟ་བ་སྤངས་ནས་ལོག་པར་སྤྱོད་པ་རྣམས་དེ་ལས་བཟློག་པར་དགོངས་ནས་འཇིགས་པར་བྱེད་པའི་རྟགས་སུ་ཁྲོས་པའི་ཆ་ལུགས་ཤིན་ཏུ་ཡང་ཆེ་བར་བསྟན་པའི་དོན་ནོ། །ཡང་ན་སྲིན་པོ་མ་རུངས་པ་དང་ལྷ་ང་རྒྱལ་ཆེ་བ་རྣམས་འདུལ་བའི་དོན་ནོ། །
མི་འཁྲུགས་འབར་བ་སྤྱི་བོར་འཆར་ཞེས་པ་ནི་ཞེ་སྡང་རྡོ་རྗེ་དེ་ལྟར་ཕྱི་ཁྲོས་པའི་ཚུལ་སྟོན་ཀྱང། ཐུགས་རྗེའི་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བའི་རྟགས་སུ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ན་ཆོས་ཐམས་ཅད་ཀྱི
བདག་ཉིད་ཡིན་པས་བདག་པོའི་ཚུལ་ལོ། །འཇིག་རྟེན་ཁམས་ཀུན་འཁྲུགས་པར་མཛད་ཅེས་པ་ནི་གོང་དུ་བསྟན་པའི་སེམས་ཅན་རྣམས་འཇིགས་པར་བྱེད་ཅིང་དབང་དུ་བྱེད་པའོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པ། ཉི་མ་བྱེ་བ་ཕྲག་བརྒྱའི་འོད་ཅེས
པ་ནི་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་ཤིང། ཉི་མ་དེ་ཙམ་གྱི་འོད་དང་འདྲ་བར་སྐུ་ལས་འོད་འཕྲོ་ཞིང་འཇིག་རྟེན་གྱི་ཁམས་གསལ་བར་བྱེད་པའི་དོན་ནོ། །དམར་པོ་སྤྱན་ནི་འཇིགས་པ་ཆེ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་ཆགས
ཤིང་འཇིགས་པར་བྱེད་པས་སྤྱན་དམར་པོར་སྟོན་པ་དང། ཡུམ་ལ་ཆགས་ཤིང་བདེ་བ་ཆེན་པོ་ཉམས་སུ་བླང་བར་བཞེད་པའི་ཕྱིར་རོ། །རྒྱན་རྣམས་ཀུན་ཞེས་པ་ནི་གོང་མ་དང་འདྲའོ། །ཁྲོ་གཉེར་ཞི་བ་འདོད་ཆགས་ཆེ། །ཞལ་གསུམ
དག་ནི་རྣམ་པར་འཆང་ཞེས?་བྱ་བ་ནི་ཞེ་སྡང་རྡོ་རྗེ་ཞལ་གསུམ་དང་ལྡན་ཞེས་པའོ། །དེ་ཡང་དབུས་ཞེ་སྡང་གི་རིགས་ཀྱི་རང་བཞིན་ཡིན་པས་ཁྲོ་གཉེར་མ?་ཞིང་གནས་པའོ། །གཡས་གཏི་མུག་གི་རིགས་ཀྱི་རང་བཞིན་ཡིན་པས་དཀར་ཞིང་ཞི་བའོ། །གཡོན་འདོད
ཆགས་ཀྱི་རང་བཞིན་ཡིན་པས་དམར་ཞིང་འདོད་ཆགས་ཆེ་བའོ། །རང་གི་དམ་ཚིག་མཉམ་པར་ལྡན་ཞེས་པ་ནི་ཡུམ་དང་གཉིས་སུ་མེད་པར་བཞུག་པའོ། །ཕྱག་དྲུག་ནི་མི་བསྐྱོད་པ་འདྲའོ། །འཛམ་བུ་ནཱ་དེའི་འོད་འདྲ་བ་ཞེས་པ་ལ་སོགས་པ་ནི་ཞེ་སྡང་རྡོ་རྗེའི་ཕྱག
གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་པ་ཁ་དོག་གསེར་དང་འདྲ་བ། རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ཕྲ་མོས་འོད་ཟེར་བཞིན་དུ་རྡོ་རྗེ་དེ་ཉིད་ལས་འཕྲོ་ཞིང་དཀྲིགས་པ་གཅིག་བསྒོམ་པའི་དོན་ནོ། །སྔར་གསུངས་པའི་རིམ་བཞིན་དུ། ཕྱག་རྒྱ་ཕྱི་མ
རྣམ་པར་བསྒོམ། །ཞེས་པ་ནི་ཕྱི་མ་ཕྱག་རྒྱ་ལྔ་ལ་གོང་དུ་མི་བསྐྱོད་པའི་ཕྱག་མཚན་དུ་བསྟན་པ་བཞིན་དུ་བསྒོམ་ཞེས་པའི་དོན་ནོ། །ཞེ་སྡང་རྡོ་རྗེར་བྱིན་བརྒྱངས་ནས། དཀྱིལ་འཁོར་ཐམས་ཅད་རྣམ་པར་སྤྲོ། །ཞེས་པ་ནི་དེ་ལྟར་བདག་ཞེ་སྡང་རྡོ་རྗེར་བསྒོམས་ནས་ཡུམ
དང་གཉིས་སུ་མེད་པའི་སྦྱོར་བ་བྱས་ལ་གོང་མ་བཞིན་དུ་བྱང་ཆུབ་སེམས་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སོ་སོའི་ས་བོན་ལས་བསྐྱེད་ཅིང་སྤྲོ་ཞེས་པའི་དོན་ནོ། །ོ་ཛི་ན་ཛིཀ་ཅེས་པའི་སྔགས
འདིས?་གཏི་མུག་གི་རིགས་ཀྱི་དེ་བཞིན་གཤེགས་པ་བསྐུལ་ཞིང་བསྐྱེད་པར་བྱའོ། །དེ་ལ་ཛིན་ནི་དུས་གསུམ་གྱི་རྒྱལ་བའོ། །ཛི་ཀ་ནི་དེ་རྣམས་ཀྱི་སྐུའི་ངོ་བོར་གནས་པའོ། །ཡང་ན་ཛིན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ལ་བྱ། ཛི་ཀ་ནི་གཟུགས་ཀྱི་དངོས་པོ་ཐམས་ཅད
ཏུ་ཁྱབ་པའོ། །ས་བོན་ལས་ནི་བསྐྱེད་བྱ་བ། རྣམ་པར་སྣང་མཛད?་གཙོ་བོ་ཞེས་པ་ནི་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཨོཾ་དཀར་པོ་དམིགས་ལ་དེ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁམས་གསུམ་གྱི་མཆོག་ཏུ་གྱུར་པ་གོང་མའི
ཚུལ་བསྐྱེད་པར་བྱ་ཞེས་པའི་དོན་ནོ། །ཞི་བའི་ཆ་ལུགས་ངག་དང་ལྡན་ཞེས་པ་ནི་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ཁྲོ་གཉེར་ལ་སོགས་པའི་ཚུལ་མེད་པའི་དོན་ནོ། །ཕྱོགས་བཅུ་ཐམས་ཅད་སྣང་བར་མཛད་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས
ཅན་རྣམས་ཀྱི་སེམས་མི་ཤེས་པའི་མུན་པས་ཁེབས་པ་རྣམས་ལ་བསམ་པ་དང་མཐུན་པའི་སྒོ་ནས་ཆོས་སྟོན་ཅིང་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པ་དང། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྱི་མུན་པར་སྣང་བ་ཐམས་ཅད་སྐུའི་འོད་ཀྱིས་གསལ་བར་མཛད་པའི་དོན་ནོ། །
སྟོན་ཀའི་འདམ་བུའི་འོད་འདྲ་བ་ནི་སྟོན་ཀའི་དུས་ཀྱི་འདམ་བུའི་ཚུལ་བཞིན་དུ་སྐུ་མདོག་ཤིན་ཏུ་དཀར་བའོ། །རལ་པའི་ཅོད་པན་དག་གིས་བརྒྱན་ཞེས་པ་ལ་སོགས་པ་ནི་གོང་མ་འདྲའོ། །དཀར་དང་གནག་དང་དམར་ཆེན་པོ། །ཁ་དོག་གསུམ་པོ་ཞལ་གསུམ་པོ།།
ཞེས་པ་ནི་བཅོམ་ལྡན་འདས་དེ་ཡང་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་པའི་དོན་ནོ། །དེ་ཡང་ཞལ་དབུས་མ་སྐུ་དང་མཐུན་པར་དཀར་ལ་གཡས་གནག་ཅིང་གཡོན་དམར་བའོ། །ཞལ་གསུམ་དང་ཕྱག་དྲུག་ལ་སོགས་པའི་དོན་གོང་དུ་བསྟན་པའི་བྱང
ཆུབ་སེམས་རྡོ་རྗེ་དང་མཐུན་ནོ། །འོད་ཟེར་སྣ་ཚོགས་ཆེན་པོས་བརྒྱན་ཞེས་པ་ནི་སྐུ་ལས་དཀར་པོ་ལ་སོགས་པའི་འོད་ཟེར་སྣ་ཚོགས་དཀྲིགས་ཤིང་བསྐོར་བའི་ཚུལ་དུ་འདུག་པའོ། །ཡེ་ཤེས་ཀྱི་རང་བཞིན་ནམ། རྒྱ་ཆེ་བས་ཆེན་པོའོ། །ཕྱག་དྲུག་རྣམ་པར
བསྒོམ་པར་བྱ་ཞེས་པ་ནི་ཕྱག་དྲུག་དང་ལྡན་པའི་བསྒོམ་ཞེས་པའོ། །འཁོར་ལོ་རྡོ་རྗེ་པདྨ་དཀར། །གཡས་པའི་ཕྱག་ཏུ་བསམ་ཞེས་བྱ་བ་ནི་གཡས་ཀྱི་གསུམ་ལ་ཕྱག་མཚན་གསུམ་ཚིག་གི་རིམ་པ་བཞིན་དུ་ཤེས་པར་བྱའོ། །དྲིལ་བུ་ནོར་བུ་རལ་གྲི་རྣམས་
གཡོན་པའི་ཕྱག་ཏུ་རྣམ་པར་བསྒོམ་ཞེས་བྱ་བ་ནི་དེ་བཞིན་དུ་འདི་གསུམ་གཡོན་ཕྱོགས་སུ་ཤེས་པར་བྱའོ། །དེ་བཞིན་སྙིང་ལས་བྱུང་ནས་ནི་ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་བཅོམ་ལྡན་འདས་མི་བསྐྱོད་པ་དང་འདྲ་བར
ཤེས་པར་བྱའོ། །གཏི་མུག་ལས་ལ་རབ་གནས་པའི། །སེམས་ཅན་མ་ལུས་སྦྱངས་ནས་ནི། །ཞེས་བྱ་བ་ནི་གཏི་མུག་གི་རིགས་ཀྱི་འཕྲིན་ལས་སེམས་ཅན་གཏི་མུག་གི་ཤེས་ཆེ་བ་རྣམས་ཀྱི་དོན་ཁྱད་པར་དུ་མཛད་ཅེས་པའོ། །སླར་ལག?་མདུན་གྱི་ཕྱོགས་དག་ན།
ཟླ་བའི་དབུས་སུ་རྣམ་པར་གནས། །ཞེས་པ་ནི་དེ་ལྟར་སེམས་ཅན་གྱི་དོན་ཀུན་མཛད་ནས། །སླར་བྱོན་ནས་གོང་དུ་བསྟན་པའི་དཀྱིལ་འཁོར་གྱི་ནང་གི་རིམ་པ་ལ་ཞེ་སྡང་རྡོ་རྗེའི་མདུན་གྱི་རིའུ་ཆ་ལ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པར་བསྒོམ་པའི་དོན་ནོ། །
རཏན?་ཌཧྲིག?་ཅེས་པ་ནི་སྔགས་འདིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རིགས་ཀྱི་བདག་པོ་བསྐུས་ཞིང་བསྐྱེད་པར་བསྟན་ཏོ། །དེ་ལ་རཏན་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་དང་འདྲ་བ་རྣམས་སོ། །ཌཧྲིཀ་ནི་དེའི་རང་བཞིན་དུ་གནས་བའོ
ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཁྱད་པར་ལས། སེམས་ཅན་ཐམས་ཅད་ཀྱི་དོན་བསམ་པ་དང་མཐུན་པའི་སྒོ་ནས་མཛད་པའི་རྟགས་སུ་ཕྱག་ན་ཡིད་བཞིན་གྱི་རིན་པོ་ཆེ་འཛིན་པས་རཏན་ཌཧྲིཀ?་གོ་།ས་བོན་ལས་ནི་བསྐྱེད་བྱ་བ།
དཀོན་མཆོག་དཔལ་ནི་མཁས་པས་བསྐྱེད་ཅེས་བྱ་བ་ནི་ཆོ་ག་ལས་ནི་མཁས་པའི་རྣལ་འབྱོར་པས་གོང་དུ་བསྟན་པའི་བྱང་ཆུབ་སེམས་ལས་ཡི་གེ་སྭ་སེར་པོ་དམིགས་ལ། འཕྲོ་འདུ་ལ་སོགས་པ་ཚུལ་བཞིན་དུ་བྱས་ནས། བཅོམ་ལྡན་འདས་རིན་ཆེན་འབྱུང
ལྡན་གྱི་ཕྱག་རྒྱ་བསྐྱེད་པར་བྱ་ཞེས་པའི་དོན་ནོ། །རལ་པ་ཅོད་པན་ཞེས་པ་ལ་སོགས་པའི་ཚིག་གསུམ་གྱི་དོན་གོང་མ་དང་འདྲའོ། །སེར་དང་གནག་དང་དཀར་བའི་ཞལ། །ཞལ་གསུམ་ལ་དབུས་མ་སྐུ་དང་མཐུན་ཞིང་གཡས་དཀར་ལ་གཡོན་གཞག་གོ་།ཐམས་ཅད
རྒྱན་དང་ལྡན་པའོ། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ་པ་ནི་གོང་མ་བཞིན་ནོ། །ནོར་བུ་རྡོ་རྗེ་འཁོར་ལོ་ནི། །གཡས་པའི་ཕྱག་ཏུ་བསྒོམ་པར་བྱ། །དྲིལ་བུ་རལ་གྲི་པདྨ་སེར། །གཡོན་པའི་ཕྱག་དུ་རྣམ་པར་བསྒོམ། །ཞེས་པ་ནི་ཕྱག་མཚན་དྲུག་ནི་ཚིག་གི་རིམ་པ་བཞིན
ནོ། །དེ་བཞིན་སྙིང་ནས་རབ་བྱུང་ནས། །འཇིག་རྟེན་ཁམས་ནི་རྣམ་པར་གཟིགས། །ཞེས་བྱ་བ་ནི་སྔར་བཞིན་ནོ། །ང་རྒྱལ་ལམ་ལ་གནས་པ་ཡི། །སེམས་ཅན་ཐམས་ཅད་སྦྱོར་བར་མཛད། །ཅེས་པ་ནི་རིན་པོ་ཆེའི་རིགས་ཀྱི་འཕྲིན་ལས་སེམས་ཅན་ང་རྒྱལ་ཆེན?
རྣམས་ཀྱི་དོན་ཁྱད་པར་དུ་མཛད་པའོ། །རིན་ཆེན་ཆེན་པོ་སླར་གཤེགས་ནས། །ཐམས་ཅད་དབང་བསྐུར་ཕུན་སུམ་ཚོགས་ཞེས་པ་ལ་སོགས་པ་ནི། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱིས་སེམས་ཅན་ཐམས་ཅད་སྣོད་དང་མཐུན་པའི་སྒོ་ནས་ཆོས་སྟོན་ཅིང་སྐུ
གསུང་ཐུགས་ལ་སོགས་པའི་དབང་བསྐུར་བས་ཕུན་སུམ་ཚོགས་པ་བྱས་མ་ཐག་ཏུ་སླར་བྱོན་ནས་རིན་པོ་ཆེ་ཟུང་བརྒྱད་པའི་གདན་ལ་ཞེ་སྡང་རྡོ་རྗེའི་གཡས་ཕྱོགས་སུ་བཞུགས་པར་བསྒོམ་མོ་ཞེས་བྱ་བའི་དོན་ནོ། ། རོ?་ལིཀ?་ཅེས་པའི་སྔགས་འདིས་པདྨའི
རིགས་ཀྱི་བཅོམ་ལྡན་འདས་བསྐུལ་ཞིང་བསྐྱེད་པར་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་དེ་འདོད་ཆགས་སྤྱོད་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པས་འགྲོ་བ་འདོད་ཆགས་སྤྱོད་པའི་རང་བཞིན་ཐམས་ཅད་ལ་ཁྱབ་པ་ལམ་གནས་པས་སོ། །ཡང་ན་ཡུལ
དང་དུས་ཐམས་ཅད་དུ་གཉིས་སུ་མེད་པར་བརྩོན་པའི་རང་བཞིན་ལ་གནས་ཤེས་པའོ། །ས་བོན་ལས་ནི་གྲུབ་པ་ཡི། །རྡོ་རྗེ་སྣང་བ་མཛའ་ཡས་བསྐྱེད་ཅེས་བྱ་བ་ནི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཡི་གེ་ཨཱཾ་དམར་པོར་དམིགས་ལ་དེ་འདུ་བྱས
པ་ལས་བཅོམ་ལྡན་འདས་སྣང་བ་མཛའ་ཡས་ཀྱི་སྐུར་གྱུར་པར་བསྒོམ་པའོ། །པདྨ་རཱ་གའི་མདོག་འདྲ་བ་ནི་སྐུ་མདོག་རིན་པོ་ཆེ་པདྨ་རཱ་ག་བཞིན་དུ་ཤིན་ཏུ་དམར་བའོ། །མི་འཁྲུགས་པས་ནི་ཅོད་པན་བརྒྱན། །ཞི་བ་རལ་པའི་ཅོད་པན་འཆང། །ཞེས་པ་ནི་གོང
མ་བཞིན་ནོ། །དམར་དང་གནག་དང་དཀུར་བའི་ཞལ་ནི་ཞལ་དབུས་མ་སྐུ་དང་མཐུན་པར་དམར་ལ་གཡས་གནག་ཅིང་གཡོན་དཀར་བའོ། །ཐམས་ཅད་རྒྱན་གྱིས་རྣམ་པར་བརྒྱན། །ཕྱག་དྲུག་པ་ནི་བསྒོམ་པར་བྱ་ཞེས་པ་ཡང
གོང་མ་བཞིན་ནོ། །གཡོན་པ་འགྱིང་བག་པདྨ་འཛིན། །དྲིལ་བུ་དཀུར་བརྟེན་ཕཊ་ཕྱིར་ཏེ། །ཞེས་ཕྱག་གཡོན་གྱི་དང་པོ་ལ་མེ་ཏོག་པདྨ་འཛིན་ལ་དེའི་ཡུ་བའི་ཐད་ཀར་དྲིལ་བུ་ཡང་འཛིན་ཅིང་འགྱིང་བའི་ཚུལ་དུ་དཀུ་ལ་བརྟེན་པའོ། གཡས་པས
པདྨ་བསྐྱོད་མཛད་ཅིང། །ཐུགས་ཀར་པདྨ་ཁ་ཡང་འབྱེད། །ཅེས་པ་ནི་སེམས་ཅན་ཐམས་ཅད་མ་རིག་པའི་གཉིད་ལོག་པ་རྣམས་ཡེ་ཤེས་འོད་ཟེར་གྱིས་སད་པར་བྱེད་པའི་རྟགས་སམ། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་སྒོ
ཡུམ་གྱི་གསང་བའི་པདྨ་འདི་ཉིད་?་བའི་རྟགས་སུ་ཐུགས་ཀར་འཛིན་པའི་པདྨ་དེ་ཕྱག་དང་པོར་བསྒྱུར་ཞིང་ཁ་འབྱེད་པའི་ཚུལ་དུ་མཛད་པའོ། །གཡས་གཉིས་རྡོ་རྗེ་འཁོར་ལོ་དང། གཡོན་གཉིས་རིན་ཆེན་རལ་གྲི་བསྣམས། །ཤེས་པ་ནི་གཡས
ཀྱི་བར་མ་དང་ཐ་མ་གཉིས་ལ་རྡོ་རྗེ་དང་འཁོར་ལོ་འཛིན་པ་དང། གཡོན་པའི་བར་མ་དང་ཐ་མ་ལ་རིན་པོ་ཆེ་དང་རལ་གྲི་འཛིན་པར་བསམ་པའོ། །སྙིང་ག་ནས་ནི་བྱུང་གྱུར་ནས། །ཐམས་ཅད་ཕྱོགས་སུ་རྣམ་པར་གཟིགས་པ་ཡང་གོང་བཞིན
ནོ། །སེམས་ཅན་འདོད་ཆགས་ལྡན་སྦྱངས་ཏེ། འདབ་ཅན་ཆུ་ཡི་པདྨ་བཞིན། །ཞེས་པ་ནི་པདྨའི་རིགས་ཀྱི་ཕྲིན་ལས་འདོད་ཆགས་ཅན་གྱི་དོན་ཁྱད་པར་དུ་མཛད་པ་ཡིན་པས། བཅོམ་ལྡན་འདས་སྣང་བ་མཛའ་ཡས་ཀྱང་འགྲོ་བ་དྲུག་དང་མཐུན་པར་འདོད
ཆགས་སྤྱོད་ཀྱང་ཉེས་པས་མི་གོས་པ་ནི་དཔེར་ན་མེ་ཏོག་པདྨ་འདམ་དུ་སྐྱེས་ཀྱང་འདམ་གྱི་དྲི་མས་མི་གོས་པ་བཞིན་ནོ། །སླར་གཤེགས་པདྨའི་དབུས་སུ་ནི། །རྒྱབ་ཀྱི་ཕྱོགས་སུ་ངེས་པར་བཞུགས་ཞེས་པ་ནི་དེ་ལྟར་སེམས་ཅན་གྱི་དོན་མཛད་ནས་སླར་བྱོན་ནས
ཞེ་སྡང་རྡོ་རྗེ་རྒྱབ་ཕྱོགས་སུ། སྣ་ཚོགས་པདྨའི་གདན་ལ་བཞུགས་པར་བསྒོམ་བར་བྱའོ། །པྲཛྙཱ?་ཌཧྲིཀ་ཅེས་པའི་སྔགས་འདིས་ལས་ཀྱི་རིགས་ཀྱི་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་བསྐུལ་ཞིང་བསྐྱེད་པར་བྱ་བ་བསྟན་ཏོ། །དེ་ལ་པྲཛྙཱ?་ན་དེ་བཞིན་གཤེགས་པ
ཐམས་ཅད་སེམས་ཅན་གྱི་དོན་མཛད་པར་དགོངས་པའི་ཐུགས་ཐ་དང་པའོ། །དྷྲིཀ?་ནི་དེའི་རང་བཞིན་དུ་གནས་པའོ། །ཡང་ན་པྲཛྙཱ་ནི་སེམས་ཅན་རྣམས་ལས་སྣ་ཚོགས་བྱེད་པར་སེམས་པའི་སེམས་སོ། །ཌཧྲིཀ?་ནི་དེའི་རང་བཞིན་ནོ། །ཡང་ན་སེམས་ཅན་ཐམས
ཅད་ཀྱི་མི་ཤེས་པའི་བག་ཆགས་གཅོད་པ་ནི་ཤེས་རབ་ཡིན་ལ་དེའི་རྟགས་སུ་དེའི་རང་བཞིན་ཕྱག་ན་རལ་གྲི་འཛིན་པས་ཌཧྲིཀ་གོ་། ས་བོན་ལས་ནི་གྲུབ་པ་ཡི། །རྡོ་རྗེ་གདོན་མི་ཟ་བ་བསྐྱེད། །ཞེས་བྱ་བ་ནི་གོང་མ་བཞིན་དུ་ཡི་གེ་ཧ་ལྗང་གུ་ལས་བཅོམ་ལྡན
འདས་དོན་ཡོད་གྲུབ་པ་བསྐྱེད་ཅེས་པའོ། །དེ་ལ་གདོན་མི་ཟ་བ་ནི་འཇིག་རྟེན་པ་ལས་བྱས་པ་ཐམས་ཅད་ལ་ལ་འབྲས་བུ་ཡོད་ཅིང་ལ་ལ་འབྲས་བུ་མེད་པ་བཞིན་དུ་མ་ཡིན་ཞིང་ཕུན་སུམ་ཚོགས་པའི་དོན་ནོ། །ལྗང་ཀུ་བཻ་ཌཱུརྱ་འདྲ་བ་ནི་སྐུ་མདོག་བཻཌཱུརྱ?
ལྗང་གུ་ལྟར་གསལ་བའོ། །རལ་པ་ཅོད་པ་ན་རྡོ་རྗེའི་གནས། །ཐམས་ཅད་རྒྱན་གྱིས་ཡན་ལག་བརྒྱན་ཞེས་པ་ཡང་གོང་མ་བཞིན་ནོ། །ལྗང་དང་གནག་དང་དཀར་བའི་ཞལ། །ཞེས་པ་ནི་ཞལ་གསུམ་དུ་བསྟན་ཏོ། །དེ་ཡང་དབུས་མ་སྐུ་དང་མཐུན་ཅིང
གཡས་དཀར་གཡོན་གནག་པའོ། །འོད་ཟེར་སྣ་ལྔ་འགྲོགས་པ་འབར་བ་ནི་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་སྐུ་ལས་དཀྲིགས་པའི་ཚུལ་དུ་འཕྲོ་ཞིང་ཉོན་མོངས་པ་བསྲེག་ཅིང་འབར་བའོ། །ཕྱག་དྲུག་རྣམ་པར་བསྒོམ་པར་བྱ་བ་ནི་དེ་ལྟ་བུའི་འོད་དང་ལྡན
པ་དེ་ཕྱག་དྲུག་ཏུ་བསྒོམ་ཞེས་བྱ་བའོ། །རལ་གྲི་རྡོ་རྗེ་རྒྱ་བྲམ་དང། འཁོར་ལོ་གཡས་པའི་ཕྱག་ཏུ་བསྒོམ་པ་ནི་རིམ་པ་བཞིན་དུའོ། །དྲིལ་བུ་པདྨ་སྡོང?་བཅས་དང། །ནོར་བུ་གཡོན་པའི་ཕྱག་དུ་བསམ་པ་ནི་གསུམ་པའོ། །དེ་བཞིན་སྙིང་ག་ནས་བྱུང་ནས། །
ཕྱོགས་བཅུ་ཀུན་ཏུ་གཟིགས་མཛད་པ། །ཡང་གོང་མ་བཞིན་ནོ། །བརྫུན་ཚིག་སྨྲ་བའི་ལམ་གནས་པའི། །སེམས་ཅན་ཐམས་ཅད་ཀུན་ཏུ་སྦྱོང་ཞེས་པ་ནི་ལས་ཀྱི་རིགས་ཀྱི་ཕྲིན་ལས་བརྫུན་དང་ཕྲག་དོག་ཆེ་བ་རྣམས་ཀྱི་དོན་ཁྱད་པར
མཛད་དོ། །སྣ་ཚོགས་ཆེན་པོ་སླར་གཤེགས་ནས། །ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ཀྱི་རང་བཞིན་དུ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་ཐབས་སྣ་ཚོགས་ཀྱི་སྒོ་ནས་མཛད་པས་སྣ་ཚོགས་སོ། །ཆེན་པོ་ནི
འཇིག་རྟེན་ལས་འདས་པའི་དོན་ནོ། །གྲུ་གསུམ་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་ཨི་བྱང་ཕྱོགས་སུ། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས། །ཞེས་པ་ནི་དེ་ལྟར་དོན་མཛད་པ་དེ་སླར་བྱོན་ནས་ཞེ་སྡང་རྡོ་རྗེའི་གཡོན་ཕྱོགས་གྲུ་གསུམ་གྱི་དཀྱིལ་འཁོར
རིན་པོ་ཆེའི་རང་བཞིན་གྱི་གདན་ལ་སེམས་དཔའ་ཨི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པར་བསྒོམ་པའི་དོན་ནོ། །ཞེ་སྡང་གཏི་མུག་འདོད་ཆགས་དང། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྟར་གཏོགས་པ་འདི་དག་གིས། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་
ས་ཨེམས་ཅན་རྣམས་ལ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ལྔ་ཡོད་པར་མཁྱེན་ནས་དེ་རྣམས་ཀྱི་མཉེན་པོར་རྡོ་རྗེ་ལ་སོགས་པའི་རིགས་ལྔར་བསྟན་པ་འདི་དག་བསྒོམས་ཤིང་བསྒྲུབས་ན་འདོད་པ་གྲོལ་བ་བསྒྲུབ་པར་མཛད་ཅེས་པ་འམ་ཐོབ་པར་འགྱུར་བའི་དོན
ནོ། །དེ་ལ་འདོད་པ་ནི་འཇིག་རྟེན་གྱི་ལོངས་སྤྱོད་དུ་གྱུར་པ་འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །གྲོལ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་གསུང་ཐུགས་ཐོབ་ནས་བདེ་བ་ཆེན་པོའི་དང་དུ་གྱུར་པའོ། །དེ་ལྟར་རིགས་ལྔའི་དེ་བཞིན་གཤེགས་པ
བསྐྱེད་ཅིང། དཀྱིལ་འཁོར་དུ་བཀོད་པ་བསྟན་ནས་དྭེ་ཤྭ་ར་ཏི་ཞེས་པ་ལ་སོགས་པས་ཡུམ་བཞི་བསྐྱེད་ཅིང་བཀོད་པར་བསྟན་ཏོ། །གསང་སྔགས་ལས་ནི་གྲུབ་པ་ཡི། །རྒྱལ་མཆོག་ཡུམ་ཆེན་ལྷ་མོ་བསྐྱེད་ཅེས་པ་ནི་དྭེ་ཤྭ་ར་ཏི་ཞེས་པའི་སྔགས་ཀྱིས་བསྐུལ
ཞིང་རང་གི་སྔགས་ཡི་གེ་ཨོཾ་ལས་གོང་དུ་བསྟན་པའི་ཚུལ་དུ་ལྷ་མོ་མཱ་མ་ཀཱི་བསྐྱེད་ཅེས་བྱ་བའོ། །དེ་ཡང་གང་གི་ཡུམ་ཞེ་ན། རྒྱལ་མཆོག་ཅེས་བྱ་སྟེ། བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་དུས་གསུམ་གྱི་སངས་རྒྱས་ཀྱི་བདག་ཉིད་ཡིན་པ་དང། དཀྱིལ་འཁོར་གྱི
བདག་པོའི་ཚུལ་དུ་གནས་པ་དེའི་ཡུམ་མོ། །ཆེན་མོ་ནི་ལོ་ཙ་ན་ལ་སོགས་པ་ཡང་དེའི་ཡུམ་ཡིན་པ་དང་ཁྱད་པར་དུ་རྡོ་རྗེ་རིགས་ཀྱི་ཡུམ་འདི་ཉིད་ཡིན་པར་ངེས་པའི་དོན་ནོ། །སྔོ་བསངས་ཨཽཏཔལ་མདོག་འདྲ་བ། །ཞེས་པ་ནི་ལྷ་མོ་དེའི་སྐུ་མདོག་ཨཽཏཔལ་སྔོན་པོའི་ཁ་དོག
བཞིན་དུ་འདུག་པའི་དོན་ནོ། །ཡིད་དུ་འོང་བ་མཛེས་པའི་ཞལ། །ཞེས་པ་ནི་ལྷ་མོ་དེ་བུད་མེད་ཀྱི་ཆ་ལུགས་ཡིན་ཡང་ཉོན་མོངས་པའི་རང་བཞིན་མ་ཡིན་པས་གཙོ་བོ་དེ་རྣམས་ཀྱི་སྤྱན་སྔར་མཛེས་ཤིང་ཐུགས་སུ་བྱོན་པ་དང། སེམས་ཅན་ཐམས་ཅད་ཀྱི་ཡང་མིག་ལམ
དུ་མཛེས་ཤིང་ཡིད་དུ་འོང་བའི་དོན་ནོ། །གནག་དང་དམར་དང་དཀར་འང་བའི། །ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན། །ཞེས་པ་ནི་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་པའི་དོན་ནི། །དེ་ལ་དབུས་སྐུ་དང་མཐུན་པར་གནག་ཅིང་གཡས་དམར་ལ་གཡོན་དཀར་བའོ། །མི
འཁྲུགས་ཅོན་པན་གནས་བྱས་པའི། །ཕྱག་དྲུག་པ་ནི་བསྒོམ་པར་བྱ། །ཞེས་པ་ནི་ལྷ་མོ་དེའི་སྤྱི་བོར་བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེར་དབང་བསྐུར་བའི་ཚུལ་དུ་གནས་པ་དང། ཕྱག་དྲུག་དང་ལྡན་པར་བསྐྱེད་པར་བྱ་ཞེས་པའི་དོན་ནོ། །རྒྱལ་མོ་རྡོ་རྗེ
འཁོར་ལོ་འཛིན། །སྔོ་དམར་ཨཽཏཔལ་ཕྱག་ན་བསྣམས། །གཡོན་པ་འགྱིང་བས་དྲིལ་བུ་འཛིན། །ནོར་བུ་རལ་གྲི་རྟག་ཏུ་འཆང། །ཞེས་པ་ནི་རྡོ་རྗེ་དང། འཁོར་ལོ་དང། ཨཽཏཔལ་གསུམ་གཡས་ཀྱི་ཕྱག་གསུམ་ལ་རིམ་པ་བཞིན་དུ་བསམ་པ་དང། དྲིལ་བུ་དང
རིན་པོ་ཆེ་དང། རལ་གྲི་གསུམ་གཡོན་ཕྱོགས་སུ་རིམ་པ་བཞིན་དུ་ཤེས་པར་བྱའོ། །དེ་ལ་རྒྱལ་མོ་ནི་ཉོན་མོངས་པ་དང་དུ་དྲ་རྣམས་ཚར་གཅོད་པ་དེ་དག་ལས་རྒྱལ་བ་དང། དཀྱིལ་འཁོར་གྱི་བདག་པོའི་ཡུམ་ཡིན་པའི་དོན་ནོ། །འགྱིང་བ་ནི་ཁམས་གསུམ་ན་བདག
ལྟ་བུ་ཡོན་ཏན་དང་ལྡན་པ་མེད་ཅེས་པའི་སྒོ་ནས་སེམས་ཅན་རྣམས་བདག་ཉིད་ལ་མོས་པ་བསྐྱེད་པའི་དོན་དང། གཙོ་བོ་ལ་སེམས་ཅན་གྱི་དོན་ལ་ཆགས་པ་བསྐྱེད་པར་ཐུགས་དམ་བསྐུལ་བ་འམ། གཉིས་སུ་མེད་པའི་བདེ་བ་?
བླང་བར་བཞེད་པའི་དོན་ནོ། །སྙིང་ག་ནས་ནི་བྱུང་གྱུར་ནས། །ཕྱོགས་བཅུར་རྣམ་པར་གཟིགས་མཛད་དེ་ཞེས་པ་ནི་གོང་མ་རྣམས་དང་འདྲ་བར་གསང་བའི་ཐུགས་ཀ་ནས་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་ཐབས་སྣ་ཚོགས
མཛད་པར་དགོངས་པའི་དོན་ནོ། །བགེགས་ཆེན་གྱིས་ནི་འཇིགས་རྣམས་ལ། །རྟག་ཏུ་བསྲུང་བ་ཉིད་མཛད་དེ། །ཞེས་པ་ནི་སེམས་ཅན་གྱི་དོན་ཀུན་བསམ་པ་བཞིན་དུ་མཛད་ཀྱང་ལྷ་མོ་ཉིད་ཀྱི་ཁྱད་པར་གྱི་འཕྲིན་ལས་གཟའ་ཆེན་པོ་ལ་སོགས་པའི་བགེགས
རྣམས་ཀྱིས་གཟུང་ཞིང་གདོན་པའི་སེམས་ཅན་རྣམས་ཀྱི་བགེགས་ཐམས་ཅད་ཚར་གཅོད་ཅིང། དུས་ཐམས་ཅད་དུ་སྲུང་བར་བྱེད་པའི་དོན་ནོ། །འབར་བ་སླར་ཡང་གཤེགས་ནས་ནི། །རྡོ་རྗེ་དཀྱིལ་འཁོར་དབུས་མ་ཡི། །ལྷོ་ཡི་གྲཝར་ནི་བཞུགས་ནས་ཀྱང།
རབ་དགྱེས་རྡོ་རྗེ་ལ་ཡང་གཟིགས་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་སྐུ་ལས་འབར་བའི་ལྷ་མོ་དེ། དེ་ལྟར་སེམས་ཅན་གྱི་དོན་མཛད་ནས་སླར་བྱོན་ནས་དཀྱིལ་འཁོར་གྱི་དབུས་ཀྱི་རེའུ་ཆ་དགུ་ཡོད་པའི་ལྷོ་ནུབ་ཀྱི་རེའུ་ཆལ་བཞུགས་ནས།
རང་གི་གཙོ་བོ་ཞེ་སྡང་རྡོ་རྗེ་ལ་ཆགས་པས། །དགྱེས་བའི་ཚུལ་དུ་ལྟ་བར་བསྒོམ་པའི་དོན་ནོ། །མོ་ཧཱ་ར་ཏི། གསང་སྔགས་ལས་ནི་གྲུབ་པ་ཡི། །སྤྱན་གྱི་ལྷ་མོ་བསྐྱེད་པར་བྱ་ཞེས་པ་ནི། མོ་ཧཱ་ར་ཏི་ཞེས་པའི་སྔགས་ཀྱིས་བསྐུལ་ཞིང། ཡི་གེ་ལམ
ལས་ལྷ་མོ་སངས་རྒྱས་སྤྱན་གོང་མའི་ཚུལ་བཞིན་དུ་བསྐྱེད་པར་བྱ་བའི་དོན་ནོ། །སྟོན་ཀའི་ཟླ་བའི་མདོག་འདྲ་བའི། །སྐུ་མདོག་ཤིན་ཏུ་དཀར་བའོ། །རྣམ་པར་སྣང་མཛད་སྤྱི་བོར་གནས་པ་ནི་ལྷ་མོ་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པ་དང།
ཡུམ་ཡིན་པའི་ཕྱིར་སྤྱི་བོར་དབང་བསྐུར་བའི་ཚུལ་དུ་བཞག་པའི་དོན་ནོ། །མེ་ཏོག་སྣ་ཚོགས་ཚད་མེད་པས། །དབུ་ལ་ཐོད་དུ་རྣམ་པར་བཅིངས། །ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་རྟགས་དང་འགྲོ་བ་རྣམས་ཀྱི་ཡིད་དུ་འོང་བར་བྱ་བའི
ཕྱིར་མེ་ཏོག་ཙམ་པ་ཀ་ལ་སོགས་པའི་ཐང་ལས་སྐྱེས་པ་རྣམས་དང། ཨཽཏཔལ་ལ་སོགས་པའི་ཆུ་ལས་སྐྱེས་པ་རྣམས་སྤེལ་ཞིང་ཕྲེང་བ་བྱས་པས་དབུ་ལ་རྒྱན་གྱི་ཚུལ་དུ་བྱས་པའོ། །དཀར་དང་གནག་དང་དམར་ཆེན་པོ། །ཞལ་གསུམ་པ་ནི་རབ
ཏུ་འབར་ཞེས་པ་ནི། ཞལ་གསུམ་གྱི་ཁ་དོག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་མཐུན་ནོ། །འབར་བ་ནི་འོད་ཟེར་འཕྲོ་བའོ། །ཆ་ལུགས་རྒྱན་དང་ལྡན་པ་སྟེ། དེ་ནི་སྐུ་མདོག་ལ་སོགས་པའི་ཆ་ལུགས་དབུ་རྒྱན་ལ་སོགས་པའི་རྒྱན་རྣམས་ཀྱིས
ཤིན་ཏུ་ཡང་མཛེས་པར་བྱས་པའོ། །འོད་ཟེར་དཀར་པོས་ཀུན་ཏུ་འཁྲིགས་པ་ནི་སྐུ་ལས་སྐུ་དང་མཐུན་པའི་འོད་ཟེར་འབྱུང་བས་ཀུན་ནས་དཀྱིལ་འཁོར་གྱི་ཚུལ་དུ་གནས་པའོ། །རྒྱན་རྣམས་ཀུན་དང་ལྡན་པ་ཡི། །ཕྱག་དྲུག་པ་ནི་རྣམ་པར་བསམ་ཞེས་པ་ནི
དེ་ལྟ་བུའི་རྒྱན་དང་ལྡན་པ་ཕྱག་དྲུག་དང་ལྡན་པར་བསྐྱེད་པའི་དོན་ནོ། །ལྷ་མོ་འཁོར་ལོ་རྡོ་རྗེ་འཛིན། །ཽཏཔལ་དཀར་པོ་ཕྱག་ན་བསྣམས། །རིན་ཆེན་སྡོང་བུ་ཡིད་འོང་དང། དྲིལ་བུ་རལ་གྲི་གཡོན་པའི་མཚོན། །ཞེས་པ་ནི་ཕྱག་དྲུག་ལ་ཕྱག་མཚན་དེ
དྲུག་རིམ་པ་བཞིན་དུ་ཤེས་པར་བྱའོ། །དེ་བཞིནྣ་སྙིང་ག་ནས་བྱུང་ནས། །ཕྱོགས་བཅུ་ངག་ཏུ་རྣམ་པར་གཟིགས་པ་ཡང་གོང་མ་བཞིན་ནོ། །གདོན་ནང་ན་བའི་སེམས་ཅན་རྣམས། །ཞི་བའི་གནས་ཀྱིས་ཞི་བར་མཛད་ཅེས་པ་ནི་ལྷ་མོ་ལོ་ཙ་ནའི་ཁྱད་པར
གྱི་འཕྲིན་ལས་ཞི་བ་ཡིན་པས། གདོན་ནང་ཀྱིས་ཟིན་ནས་ན་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་པའི་སྒོ་ནས་ཞི་བར་མཛད་ཅིང། ཕན་འདོགས་པའི་དོན་ནོ། །སྣང་མཛད་དེ་ནི་སླར་གཤེགས་ནས། །དང་བའི་དཀྱིལ་འཁོར་དབུས་སུ་ནི། །ཤར་གྱི་གྲཝར་ནི་
བཞུགས་ནས་ཀྱང། །རྡོ་རྗེ་མགོན་ནི་གཟིགས་པར་མཛད་ཅེས་པ་ནི་དེ་ལྟར་སེམས་ཅན་གྱི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས་དཀྱིལ་འཁོར་གྱི་ཤར་ལྷོ་མཚམས་ཀྱི་ནང་གི་རེའུ་ཆ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཙོ་བོ་ལ་?་ཚུལ་གྱིས
ལྟ་ཞིང་བཞུགས་པར་བསྒོམ་པའི་དོན་ནོ། །རཱ་ག་ར་ཏི་གསང་སྔགས་ལས་ནི་གྲུབ་པ་ཡི། །གོས་དཀར་མོ་ནི་བསྐྱེད་པར་བྱ་ཞེས་བྱ་བ་ནི་སྔགས་འདིས་བསྐུལ་ཞིང་ཡི་གེ་པཾ་ལས་ལྷ་མོ་གོས་དཀར་མོ་གོང་མ་བཞིན་དུ་བསྐྱེད་པའོ། །ཞལ་མཛེས་སྤྱན་ནི་རིང?་བ་སྟེ།
ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ལྷ་དང་མི་ལས་འཕགས་པར་མཛེས་ཤིང་ཡིད་དུ་འོང་བའོ། །པདྨ་རཱ་གའི་མདོག་འདྲ་བ་ནི། སྐུ་མདོག་ཤིན་ཏུ་དམར་བའོ། །ཞལ་གསུམ་དག་ནི་བཞད་པའི་ཞལ་ཞེས་པ་ནི་ལྷ་མོ་དེ་ཡང་ཞལ་གསུམ་དང་ལྡན་ལ་སེམས
ཅན་དོན་ལ་ཤིན་ཏུ་ཡང་དགའ་བ་འམ། འདོད་ཆགས་སློང་བའི་རང་བཞིན་ཡིན་པས་རྟག་ཏུ་བཞད་ཚུལ་དུ་གནས་པའོ། །དམར་དང་གནག་དང་དཀར་བ་ནི། །སྣང་བ་མཛའ་ཡས་དང་མཐུན་ནོ། །སྣང་བ་མཛའ་ཡས་ཅོད་པན་གནས། །ཐམས་ཅད་རྒྱན་གྱིས་རྣམ་པར
བརྒྱན། །ཞེས་པ་གོང་མ་བཞིན་དུ་སྣང་བ་མཛའ་ཡས་དབང་བསྐུར་བའི་ཚུལ་དུ་གནས་པ་དང། དབུ་རྒྱན་ལ་སོགས་པའི་རྒྱན་ཐམས་ཅད་དང་ལྡན་པའི་དོན་ནོ། །རྫུ་འཕྲུལ་མཚན་ལས་ཀུན་ཏུ་འབྱུང་ཞེས་པ་ནི་སྐུའི་མཚན་རྣམས་ལས་སེམས་ཅན་འདུལ་བར
བྱེད་པའི་?་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་འབྱུང་ཞིང་འགྲོ་བའི་དོན་བྱེད་ཅེས་པའོ། །འདོད་ཆགས་དམར་པོ་འཆང་དགའ་བ་ནི། །སེམས་ཅན་གྱི་དོན་ལ་ཆགས་པ་འམ། འདོད་ཆགས་དམར་པོ་ནི་བཅོམ་ལྡན་འདས་སྣང་བ་མཛའ་ཡས་ཡིན་ལ་དེ་དང
གཉིས་སུ་མེད་པའི་བདེ་བས་རྟག་ཏུ་གནས་པའི་འདོད་པ་ནི་འཆང་བ་ལ་དགའ་བ་ཞེས་པའོ། །མཚན་རྣམས་ཐམས་ཅད་ཀུན་རྫོགས་པ། །ཕྱག་དྲུག་རྣམ་པར་བསྒོམ་པར་བྱ་ཞེས་པ་ནི་སུམ་ཅུ་རྩ་གཉིས་ལ་སོགས་པའི་མཚན་དང་དཔེ་བྱད་རྣམས་སྐུ་ལ་རྫོགས་པ།
ཕྱག་དྲུག་དང་ལྡན་པར་བརྗོད་པའི་དོན་ནོ། །གཡོན་པ་འགྱིང་བས་དྲིལ་བུ་དང། །སྡོང་བུ་ལོར་བཅས་ཨཽཏཔལ་འཛིན། །ཞེས་པ་ནི་ཕྱག་གཡོན་གྱི་དང་པོ་དྲིལ་བུ་དང། །ཽཏཔལ་ཡུ་བ་བཅས་པར་?་དཔག་ཏུ་འཛིན་པའོ། །སྒྲ་དང་བཅས་པ་གཡས་པ་ཡིས། །
ཽཏཔལ་དམར་པོ་ཁ་ཡང་འབྱེད། །ཅེས་པ་ནི་ཕྱག་གཡས་ཀྱི་དང་པོས་ཨཽཏཔལ་དེ་ཉིད་ཀྱི་ཁ་སྐྲག་པའི་ཚུལ་དུ་འབྱེད་པའོ། །གཡས་གཉིས་རྡོ་རྗེ་འཁོར་ལོ་འཛིན། །གཡོན་གཉིས་ནོར་བུ་རལ་གྲི་འཆང་བ་ནི་རིམ་པ་བཞིན་ནོ། །སྙིང་ག་ནས་ནི་བྱུང?་གྱུར
ནས། །ཐམས་ཅད་ཕྱོགས་སུ་རྣམ་པར་གཟིགས་པ་ཡང་གོང་མ་བཞིན་ནོ། །བཟའ་ཚོགས་ཀྱིས་སྐམས་སེམས་ཅན་རྣམས། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛད། །ཅེས་པ་ནི་ལྷ་མོ་འདིའི་ཁྱད་པར་གྱི་ཕྲིན་ལས་རྒྱས་པ་ཡིན་པས་གཟའ་ལ་སོགས་པ
བགེགས་ཀྱིས་བཟུང་ནས་ཤ་སྐམས་ཤིང་སྡུག་བསྔལ་བ་རྣམས་དང། ཚེ་ཐུང་ཞིང་བསོད་ནམས་ཆུང་བ་རྣམས་ཀྱི་སྡུག་བསྔལ་དང་བར་ཆད་རྣམས་མེད་པར་བྱེད་ཅིང་ཚེ་རིང་བ་དང། བསོད་ནམས་རྒྱ་ཆེ་བ་དང། ནོར་རྫས་ལ་སོགས་པའི་ལོངས་སྤྱོད་རྒྱས་པར་མཛད
པའོ། །སླར་གཤེགས་པདྨའི་དབུས་སུ་ནི། །ནུབ་ཕྱོགས་ཀྱི་ནི་གྲཝར་ཡང་བཞུགས། །ཞེས་པ་ནི་དེ་ལྟར་མཛད་ནས་སླར་བྱོན་ནས་དཀྱིལ་འཁོར་དེའི་ནུབ་བྱང་གི་མཚམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གོང་མའི་ཚུལ་དུ་བཞུགས་པའི་དོན་ནོ། །བཛྲ་རཱ་ཏི
གསང་སྔགས་ལས་ནི་གྲུབ་པ་ཡི། །ལྷ་མོ་སྒྲོལ་མ་མཁས་པས་བསྐྱེད། །ཅེས་པ་ནི་སྔགས་འདིས་བསྐུལ་ཞིང་གོང་མའི་ཚུལ་དུ་ཡི་གེ་ཧཾ་ལས་ལས་ཀྱི་རིགས་ཀྱི་ཡུམ་ལྷ་མོ་སྒྲོལ་མ་བསྐྱེད་ཅེས་པའོ། །ཡན་ལག་རྣམས་ཀུན་དང་ལྡན་བ་ནི་སྐུའི་ཡན་ལག་དང
ཉིད་ལག་རྣམས་ལྷ་དང་མི་ལས་འཕགས་པ་དང། མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཀྱིས་སྐུ་ལས་ཤིན་ཏུ་བརྒྱན་པའི་དོན་ནོ། །ཡང་ཡན་ལག་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱི་ཡན་ལག་ལ་ཡང་བྱའོ། །བུད་མེད་མ་ལུས
སྤྱོས་མཛད་བརྩོན་ཞེས་པ་ནི་རྣལ་འབྱོར་པ་གང་གིས་ལྷ་མོ་འམ་ཀླུ་མོ་ལ་སོགས་པ་དབང་དུ་བྱེད་པར་འདོད་ཅིང་བསྒྲུབས་ན། དེའི་དངོས་གྲུབ་ཁྱད་པར་དུ་ཡང་གྲུབ་པར་མཛད་པའི་དོན་ནོ། །མཛེས་པའི་ཞལ་ནི་སྤྱན་རིང་བ་ནི་གོང་དུ
བཤད་པ་ཡིན་ནོ། །མར་ཀ་ཏ་སེར་པོའི་མདོག་འདྲ་བ་ནི། །སྐུ་མདོག་རིན་པོ་ཆེ་མར་ཀ་ཏ་བཞིན་?་བ་ལས་ཅུང་ཟད་སེར་པའོ། །གདོན་མི་ཟ་བས་ཅོད་པན་མཛད་ཅེས་པ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པས་སྤྱི་བོར་དབང་བསྐུར་བའི་ཚུལ་དུ་བསམ
པའི་དོན་ནོ། །མེ་ཏོག་ཕྲེང་གིས་ཅོད་པན་དཀྲིས་པ་ནི་གོང་བཞིན་ནོ། །ལྗང་གུ་གནག་དང་དཀར་བ་ཡི། །ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན། །ཞེས་པ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་མཐུན་པའི་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་པའོ། །
རྒྱན་རྣམས་ཐམས་ཅད་ཀུན་རྫོགས་ནི། །དབུ་རྒྱན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས། །སྐུ་ཤིན་ཏུ་སྤྲས་པའོ། །ཕྱག་དྲུག་པར་ནི་བསམ་པར་བྱ་བ་ནི་དེ་ལྟ་བུ་དེ་ཕྱག་དྲུག་དང་ལྡན་པར་བསྒོམ་པའོ། །རྡོ་རྗེ་རྒྱ་གྲམ་འཁོར་ལོ་དང། ཨཽཏཔལ་དམར་པོ
ཕྱག་ན་བསྣམས་ཤེས་པ་ནི་གཡས་ཀྱི་ཕྱག་གསུམ་ལ་རིམ་པ་བཞིན་ནོ། །གཡོན་པ་འབྱིང་བས་དྲིལ་བུ་དང། རིན་ཆེན་རལ་གྲི་ཆེན་པོ་བསྣམས་པ་ཡང་རིམ་པ་བཞིན་ནོ། །ཆེན་པོ་ནི་ཁྱད་པར་ཡིན་པས་ཀུན་ལ་ཡང་སྦྱར་རོ། །སྙིང་ག་ནས་ནི
བྱུང་གྱུར་ནས། །འདོད་ཆགས་ཞེ་སྡང་གིས་རྨོངས་པའི། །འོད་ཟེར་གྱིས་ནི་རེག་ཙམ་གྱིས། །སེམས་ཅན་ཐམས་ཅད་དབང་དུ་མཛད། །ཅེས་པ་ནི་གོང་མ་རྣམས་དང་མཐུན་པར་གསང་བའི་ཐུགས་ཀ་ན་ཕྱུང་ནས། སེམས་ཅན་གྱི་དོན་ཕྲིན་ལས
ཀུན་གྱི་སྒོ་ནས་མཛད་ནས་ཀྱང་ཁྱད་པར་དུ་དབང་གི་སྒོ་ནས་མཛད་ཅེས་བསྟན་ཏོ། །དེ་ལ་སེམས་ཅན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ། དབང་དུ་གྱུར་ཏེ་ལོག་པར་ལྟ་བ་རྣམས་དབང་དུ་བྱས་ནས་ཡང་དག་པའི་ལྟ་བ་ལ་གཞོལ་བའི་དོན་ཏོ། །
འོད་ཟེར་གྱིས་རིག་པ་ཙམ་ནི་དབང་དུ་བྱེད་པའི་ཕྲིན་ལས་ལ་ཁྱད་པར་དུ་མཐུ་ཆེ་བའི་དོན་ནོ། །སེམས་ནི་མེད་ལྟར་དབང་གྱུར་ནས། །ཐམས་ཅད་མངོན་པར་ཕྱོགས་པར་གནས་ཞེས་པ་ནི་ལྷ་མོ་དེ་བསྒོམས་ཤིང་བསྒྲུབས་པའི་རྣལ་འབྱོར་པས་དབང་དུ་བྱེད་པའི
ལས་བྱས་ནས། ལྷ་དང་མི་ལ་སོགས་པ་རྣམས་སེམས་མེད་པ་བཞིན་དུ་དེའི་དབང་དུ་གྱུར་ནས་བཀའ་ཉན་པའི་དོན་ནོ། །དེ་ལྟར་འགྲོ་བའི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས། དཀྱིལ་འཁོར་གྱི་ནང་བྱང་ཤར་མཚམས་ཀྱི་རེའུ་ཆ་ལ་ཟླ་བའི་དཀྱིལ་འཁོར་གྱི
སྟེང་དུ་བཞུགས་པའི་དོན་ནོ། །སྔར་གསུངས་ཡི་གེ་ལས་གྲུབ་མ། །མཁས་པས་བྱང་ཆུབ་སེམས་དཔའ་བསྐྱེད། །ཅེས་པ་ནི་དེ་ལྟར་རིགས་ལྔའི་དེ་བཞིན་གཤེགས་པ་དང་ཡུམ་བཞི་བསྐྱེད་ཅིང་དཀྱིལ་འཁོར་གྱི་ནང་གི་རེའུ་ཆ་དགུ་ལ་ཁྱད་པར་དུ་མཐུ་ཆེ
བའི་དོན་ནོ། །ད་ནི་བྱང་ཆུབ་སེམས་དཔའ་བརྒྱད་དང་ལྷ་མོ་བརྒྱད་བསྐྱེད་པའི་དཀྱིལ་འཁོར་དུ་དགོད་པར་བསྟན་ཏོ། །དེ་ལ་སྔར་གསུངས་པའི་ཡི་གེ་ནི་གོང་དུ་བསྟན་པའི་ཐཧཱི?་ལ་སོགས་པ་དྲུག་དང། བྱམས་པ་དང་འཇམ་དཔལ་གྱི་ས་བོན་ཡི་གེ་མི་དང་མུཾ
མོ། །ཡི་གེ་དེ་རྣམས་ལ་སོ་སོའི་ས་བོན་དང་སྦྱར་ཞིང་གོང་དུ་བསྟན་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་རྣམས་རིམ་པ་བཞིན་དུ་བསྐྱེད་པའི་དོན་ནོ། །རིགས་ཀྱི་བདག་པོས་དབང་བསྐུར་བའོ། །ཁ་དོག་གསུམ་བ་ཞལ་གསུམ་པ་ནི་བྱང་ཆུབ་སེམས་དཔའ་དེ
རྣམས་ཀྱང་གོང་དུ་བསྟན་པའི་ལྷ་རྣམས་དང་འདྲ་བར་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་ཞིང་སོ་སོའི་རིགས་ཀྱི་དེ་བཞིན་གཤེགས་པ་སྤྱི་བོར་འཛིན་པའོ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི་ཕྱག་དྲུག་པ་ནི་རྣམ་པར་བསྒོམ་ཞེས་པ་ནི། སངས་རྒྱས་ཀྱི
ཡོན་ཏན་མཚན་དང་དཔེ་བྱད་ལ་སོགས་པ་ཐམས་ཅད་དང། ཕྱིའི་རྒྱན་དབུ་རྒྱན་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པའི་ཕྱག་དྲུག་དྲུག་དང་ལྡན་པར་བསྒོམ་ཞེས་བྱའོ། །སོ་སོའི་རིགས་བཞིན་ཁ་དོག་བརྒྱ། །དེ་དག་ཐམས་ཅད་བསྒོམ་པར་བྱ་ཞེས་པ་ནི?
བྱང་ཆུབ་སེམས་དཔའ་དང་སེམས་མེད་དག་ཀུན་ཁ་དོག་དང་ཕྱག་མཚན་རྣམས། སོ་སོའི་རིགས་ཀྱི་བདག་པོ་ལྟར་ཤེས་པར་བྱའོ། །སྒྲོལ་མའི་ཕྱག་རྒྱར་གསུངས་པ་ནི་ཀུན་ཏུ་བཟང་པོ་བསྒོམ་པར་བྱ་ཞེས་པ་ནི་སྤྱིར་དེ་ལྟར་བསྟན་པ
ལས་མི་མཐུན་པ་བསྟན་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལྷ་མོ་སྒྲོལ་མ་དང་རིགས་མཐུན་པ་ལས་ཁ་དོག་དང་ཕྱག་མཚན་སྒྲོལ་བཞིན་དུ་བསྒོམ་པ་ཡིན་པས། སྒྲོལ་མ་ཕྱག་གཡས་ཀྱི་ཐ་མ་ཨཽཏཔལ་བསྣམས་པ་ཡིན་ལ། ཀུན་ཏུ་བཟང་པོ
གཡས་ཀྱི་ཐ་མ་ན་པདྨ་བསྣམས་པའི་ཕྱིར། །ཽཏཔལ་ཡོངས་སུ་བསལ་ནས་ནི། །པདྨ་དེ་ལ་སྦྱིན་པར་བྱ་ཞེས་གསུངས་སོ། །བྱམས་པ་ཀླུ་ཤིང་མེ་ཏོག་སྟེ། ལྷག་མ་རྣམ་སྣང་མཛད་ཀྱི་གནས་ཞེས་བྱ་བ་ནི། །འཕགས་པ་བྱམས་པ་ཕྱག་གཡས་ཀྱི་དང་པོ
ལ་རང་རྟགས་ཀྱི་ཕྱག་རྒྱ་ཀླུ་ཤིང་ལྕུག་མ་མེ་ཏོག་དང་བཅས་པ་འཛིན་ཏེ། ཕྱག་མཚན་ལྷག་མ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞིན་དུ་བསྒོམས་པ་བྱའོ། །འཇམ་དང་ལ་དྲིལ་བུ་རལ་གྲི་མཆོག་།དེ་བཞིན་དུ་ནི་རབ་ཏུ་གནས། །ཞེས་པ་ནི
བྱང་ཆུབ་སེམས་དཔའ་མཉྫུ་ཤྲཱིའི་ཕྱག་གཡས་ཀྱི་དང་པོ་ཐེ་ཞུ་པའི་ཕྱག་རྒྱུ་ཐེ་བོང་དང་སྲིན་ལག་གཉིས་རྩེ་སྤྲད་དེ་གཡོན་པའི་དང་པོས་གནོན་པའོ། །ལྷག་མ་ཀུན་ཏུ་བཟང་པོ་ཡི། །ཕྱག་རྒྱ་དེ་ནི་རྣམ་པར་བསྒོམ་ཞེས་པ་ནི། །ཕྱག་མཚན་གྱི་ཕྱི་མ་རྣམས།
འཕགས་པ་ཀུན་ཏུ་བཟང་པོ་དང་མཐུན་པའི་དོན་ནོ། །ཤར་གྱི་ངོས་ལ་གཉིས་གཉིས་ཏེ། ཞེས་པ་ནི་དཀྱིལ་འཁོར་གྱི་རིམ་པ་གཉིས་པ་ལ་ཤར་ཕྱོགས་པའི་ཕྱོགས་ལ་སོགས་པ་ཞིང་བྱང་ཆུབ་སེམས་དཔའ་གཉིས་གཉིས་བཀོད་པར་བསྟན་ཏོ། །སའི
སྙིང་པོ་བྱམས་པ་གཉིས་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་བྱམས་པ་དང། རྡོ་རྗེའི་རིགས་སའི་སྙིང་པོ་གཉིས་སོ་སོའི་རིགས་ཀྱི་བདག་པོ་དང་སྐུ་མདོག་དང་ཕྱག་མཚན་མཐུན་པར་ཤར་ཕྱོགས་སུ་དགོད་པར་བྱའོ། །ལྷོར་ནི་ཕྱག་ན་རྡོ་རྗེ་དང། ནམ
མཁའ་ཞེས་བསྟན་ཀུན་ཏུ་གནས་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་མཛོད། རིན་པོ་ཆེའི་རིགས་དང། ཕྱག་ན་རྡོ་རྡོ་རྗེའི་རིགས་གཉིས་སོ་སོའི་རིགས་ཀྱི་བདག་པོ་དང་སྐུ་མདོག་ལ་སོགས་པ་མཐུན་པར་ལྷོ་ཕྱོགས་སུ་བཞག་པར་བྱའོ། །ཀུན?་ཏུ་འཇིག
རྟེན་དབང་པོ་དང། །འཇམ་པའི་དབྱངས་ནི་རྣམ་པར་གནས་ཞེས་པ་ནི་པདྨ་རིགས་ཀྱི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང། འཇམ་དཔལ་དེ་བཞིན་གཤེགས་པའི་རིགས་དང་གཉིས་སོ་སོའི་བདག་པོའི་ཁ་དོག་དང། ཕྱག་མཚན་དང
མཐུན་པར་ནུབ་ཕྱོགས་སུ་དགོད་པར་བྱའོ། །བྱང་དུ་སྒྲིབ་པ་ཀུན་སེལ་དང། །ཀུན་ཏུ་བཟང་པོར་རབ་ཏུ་གྲགས། །ཞེས་པ་ནི་ལས་ཀྱི་རིགས་ཀྱི་བྱང་ཆུབ་སེམས་དཔའ་འདི་གཉིས་རིགས་ཀྱི་བདག་པོ་དང། སྐུ་མདོག་ལ་སོགས་པ་མཐུན་པར་བྱང་ཕྱོགས་སུ་གནས་པར་རྒྱུད་དང
སྒྲུབ་ཐབས་ཀུན་ལས་ཀྱང་གྲགས་པས་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་འདིའི་དམ་ཚིག་གསུངས་པ། གཟུགས་སོགས་རྡོ་རྗེ་ལྷ་མོ་ཅན། །ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྐྱེད་ཅིང་དཀྱིལ་འཁོར་དུ་བཀོད་པ་དེ་རྣམས་ཀྱི་གཟུངས་མ་རྣམས་ལང་མ
ཚིག་ཅེས་ཀྱང་བྱའོ། །དེ་ཡང་གང་ཞེ་ན། གཟུགས་ཀྱི་ལྷ་མོ་ལ་སོགས་པ་རྣམས་སོ། །རྡོ་རྗེ་ཅན་ནི་ཡེ་ཤེས་ཀྱི་རང་བཞིན་ནམ་དེ་ལས་ཕྱུང་བའི་དོན་ནོ། །དེ་དང་ཐབས་ཅིག་བཞུགས་པ་ནི། །ལག་གཉིས་རང་རྟགས་ལྡན་པར་བཞག་།ཅེས་པ་ནི་བྱང་ཆུབ་སེམས
དཔའ་དེ་རྣམས་ཀྱི་ཡུམ་གྱི་ཚུལ་དུ་ལྷ་མོ་དེ་རྣམས་བཞུགས་པར་བསམ་མོ། །དེ་ལ་ཀུན་ཀྱང་ཕྱག་དྲུག་སྟེ། །ཕྱག་གཡས་གཡོན་དང་པོ་གཉིས་ལ་འོག་ནས་བྱུང་པའི་རང་རྟགས་ཀྱི་ཕྱག་རྒྱ་ཅན་སོ་སོའི་ཕྱོགས་སུ་དགོད་ཅེས་པའི་དོན་ནོ། །གཟུགས་ནི་ལག་གཉིས
མེ་ལོང་འཛིན། །ཅེས་པ་ནི་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པའི་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གཟུགས་ཀྱི་ལྷ་མོ་ཕྱག་དང་པོ་གཉིས་མེ་ལོང་འཛིན་ཅིང་དཀྱིལ་འཁོར་གྱི་རིམ་པ་གཉིས་པ་དེ་གཉིས་ཤར་ལྷོའི་མཚམས
ཀྱི་གྲཝ་ལ་གནས་པའོ། །སྒྲ་ནི་ལག་གཉིས་པི་ཝཾ་སྟེ། །ཞེས་པ་ནི་དེ་ལྟར་གཟུགས་བརྙན་ལྟ་བུར་མཐོང་བ་དེ་ཉིད་ལ་སྒྲའི་སྒོ་ནས་མོས་པའམ་ཡིད་ཆེས་པར་བྱ་པའི་ཕྱིར་སྒྲའི་ལྷ་མོ་ལྷོ་ནུབ་ཀྱི་གྲཝར་གནས་ཤིང་པི་ཝཾ་སྒྲེང་བའི་དོན་ནོ། །
དྲི་ནི་ལག་གཉིས་དུང་ཕོར་འཛིན། །ཅེས་པ་ནི་དེ་ལྟར་མཐོང་ཞིང་ཐོས་པའི་ཆོས་རྣམས་ལ་བདག་མེད་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དྲིའི་ལྷ་མོ་ཕྱག་གཉིས་ལ་དྲིའི་སྣོད་དུང་ཕོར་འཛིན་ཅིང་ནུབ་བྱང་གི་མཚམས་སུ་གནས་སོ། །རོ་ནི་ལག་ན་སྣོད་བསྣམས་ཏེ། །
ཞེས་པ་ནི་དེ་ལྟར་བདག་མེད་པར་ཁོང་དུ་ཆུད་བ་དེ་ཉིད་ལས་གོང་ནས་གོང་དུ་གོམས་པར་བྱ་བའི་ཕྱིར་རོའི་ལྷ་མོ་བདུད་རྩིས་བཀང་བའི་སྣོད་འཛིན་པ་བྱང་ཤར་མཚམས་སུ་བསྒོམ་པར་བྱའོ། །རེག་ནི་རྡོ་རྗེ་ཡོངས་འཁྱུད་མ། །སྙིང་ག་དག་ཏུ་ཡོངས་སུ་འཁྱུད། །ཅེས
པ་ནི་དེ་ལྟར་བསྒོམས་པས་སྣང་བ་ཐོབ་པ་དེ་ཉིད་ཆེན་པོར་གྱུར་ནས། ཏིང་ངེ་འཛིན་སྣ་ཚོགས་བདག་གིས་བྱ་ཞིང་དང་དུ་བླངས་པའི་རྟགས་སུ་རེག་གི་ལྷ་མོ་ཕྱག་དང་པོ་གཉིས་ཀྱིས་ཉིད་ཀྱི་ཐུགས་ཀའི་ཐད་ཀར་འཁྱུད་པའི་ཚུལ་དུ་བྱས་པ་དཀྱིལ་འཁོར་གྱི་རིམ་པ
གསུམ་པ་ནུབ་བྱང་གི་གྲཝར་བསམ་པར་བྱའོ། །རྡོ་རྗེ་རྒྱ་གྲམ་དམ་ཚིག་གིས། །བདེ་བར་གནས་པ་ཆོས་ཀྱི་དབྱིངས་ཞེས་པ་ནི་དེ་ལྟར་ཏིང་ངེ་འཛིན་རྣམས་ཀྱི་མཐུས་རྡོ་རྗེ་ལྟ་བུའི་སྟོང་པ་ཉིད་ཀྱི་རང་བཞིན་མངོན་དུ་གྱུར་ཞེས་པའི་རྟགས་སུ་ཆོས་ཀྱི་ལྷ་མོ་ཕྱག་གཉིས
ཀྱིS་རྡོ་རྗེ་རྒྱ་གྲམ་འཛིན་ཅིང་བྱང་ཤར་མཚམས་ཀྱི་གྲཝར་གནས་པའོ། །རྣམ་སྣང་མཛད་སོགས་ཁ་དོག་དང། །མཚོན་ཆ་དག་ནི་ཅི་བཞིན་ཏེ། །གཟུགས་ལ་སོགས་པ་རྣམ་བསྒོམ་པ། །ཇི་སྐད་གསུངས་པའི་རིམ་བཞིན་ནོ་ཞེས་པ་ནི་གཟུགས་ལ་སོགས་པའི
ལྷ་མོ་དྲུག་ཕྱག་དང་པོ་གཉིས་དང?་རྟགས་ཀྱི་ཕྱག་རྒྱ་མ་གཏོགས་པ་ཕྱི་མའི་ཕྱག་མཚན་དང། སྐུ་མདོག་ལ་སོགས་པའི་ཆ་ལུགས་རྣམས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་སོ་སོ་རིགས་ཀྱི་དེ་བཞིན་གཤེགས་པ་བཞིན་དུ་བསྒོམ་པར
བྱ་ཞེས་པའི་དོན་ནོ། །ལྷ་མོ་དེ་རྣམས་དཀྱིལ་འཁོར་དུ་བསྐྱེད་པ་ནི་མ་ཧཱ་ཡོ་གའི་ཚུལ་གྱིས་ལྷ་རྣམས་ལ་ཡུམ་མེད་དུ་མི་རུང་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་དུ་བསྟན་པ་དང། མཆོད་པའི་ཚུལ་དུ་ཤེས་པར་བྱའོ། །འཇམ་དཔལ་དང་ནི་བྱམས་གཉིས་ཀྱི། །དམ
ཚིག་གཉིས་ནི་བསྒོམ་བྱ་བ། །སྙིང་རྗེ་མ་དང་བྱམས་མ་གཉིས། །ཁ་དོག་མཚོན་ཆ་དེ་བཞིན་གནས་ཞེས་པ་ནི། འཇམ་དཔལ་གྱི་ཡུམ་སྙིང་རྗེ་མ་ཞེས་བྱ་བ། འཇམ་དཔལ་དང་སྐུ་མདོག་ལ་སོགས་པ་འདྲ་བར་བསྐྱེད་ཅིང། ལྷོ་ནུབ་ཀྱི་གྲཝར་དགོད?་པར་བྱ་བ་དང།
བྱམས་པའི་ཡུམ་བྱམས་མ་ཡང་དེ་བཞིན་དུ་བསྐྱེད་ཅིང་ཤར་ལྷོ་མཚམས་སུ་བསྒོམ་ཞེས་བྱ་བའི་དོན་ནོ། །ཡ་མནྟ་ཀྲིཏ་ཅེས་པ་ལ་སོགས་པ་དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་ཅིང་བཀོད་པར་བསྟན་ནས། ད་ནི་བགེགས་རྣམ་པ་གཉིས་ཚར་གཅོད་པའི་ཕྱིར། ཁྲོ་བོ་བཞི
སོ་སོའི་གཟུགས་དང་བཅས་པར་བསྐྱེད་ཅིང། སྒོ་སྲུངས་ཀྱི་ཚུལ་དུ་བཀོད་པར་བསྟན་ཏོ། །དེ་ལ་བགེགས་རྣམ་པ་གཉིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བཞུགས་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་བཞི་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ལ་བར་ཆད་དུ་གྱུར་པའི་ཉོན
མོངས་པ་རྣམས་དང། འཕྲལ་དུ་དེ་ལྟར་དཀྱིལ་འཁོར་སྒོམ་ཞིང་བསྒྲུབ་པའི་རྣལ་འབྱོར་པའི་དངོས་གྲུབ་ཀྱི་བར་དུ་གཅོད་པར་བྱེད་པའི་བགེགས་རྣམས་སོ། །ཡེ་ཤེས་ལས་ནི་གྲུབ་པ་ཡིན། །རྡོ་རྗེ་ཞབས་དྲུག་བསྐྱེད་པར་བྱ་ཞེས་པ་ནི་གོང་མའི་ལྷ་རྣམས་བསྐྱེད་པ
དང་འདྲ་བར་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གྱི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་ཡི་གེ་ཧཱུཾ་གྱུར་པར་དམིགས་ལ་སྤྲོ་བསྡུ་ལ་སོགས་པ་ཡང་གོང་མ་བཞིན་དུ་བྱ་ཞིང་ཡ་མནྟ་ཀྲིཏ་ཅེས་བསྐུལ་བས་ཁྲོ་བོར་གྱུར་པར་དམིགས་པའོ། །དེ་ལ་ཞབས་དྲུག་ནི་འགྲོ་བ་ཨདྲུག
ཟིལ་གྱིས་མནན་པའི་ཕྱིར་ཞབས་དྲུག་དང་ལྡན་པའོ། །རྡོ་རྗེ་ནི་ཁྲོ་བོའི་ཆ་ལུགས་སྲིན་པོ་རྣམས་དང་མཐུན་ཡང་རང་བཞིན་གྱིས་མ་ཡིན་ཞིང་འདུལ་བའི་དབང་དུ་ཡེ་ཤེས་ལས་གྲུབ་པའི་ཕྱིར་རོ། །སྤྲིན་སྔོན་ལྟ་བུའི་ཁ་དོག་ལ་ཞེས་པ་ལ་སོགས་པས་ནི་ཁྲོ་བོའི
སྐུ་མདོག་ལ་སོགས་པ་ཤིན་ཏུ་ཡང་འཇིགས་པའི་ཆ་ལུགས་སུ་བསྟན་ཏོ། །དེ་ལ་སྤྲིན་སྔོན་ལྟ་བུ་ནི་སྐུ་མདོག་ཤིན་ཏུ་ཡང་གནག་པའོ། །གསུམ་པོ་ཆེ་ལ་སྟོབས་པོ་ཆེ་ནི་མིའུ་ཐུང?་གི་ཚུལ་དུ་འདུག་པ་གསུས་པ་ཤིན་ཏུ་ཆེ་ཞིང་ཡེ་ཤེས་ལས
གྲུབ་པའི་སྟོབས་ཡིན་པས་ཁམས་གསུམ་པའི་ཐུབ་པའི་དོན་ནོ། །འོད་ཟེར་ཆེན་པོ་དག་གིས་འབར་བ་ནི་སྐུའི་རང་བཞིན་བསྐལ་པའི་མེ་ལྟར་འབར་བའོ། །ཀུན་ཏུ་འཕྲོ་བས་འཇིགས་པར་བྱེད་པ་ནི་དེ་ལྟ་བུའི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས་ཤིང་སེམས་ཅན་ཐམས
ཅད་འཁོར་བ་ལས་འཇིགས་ཤིང་མྱ་ངན་ལས་འདས་པའི་ཕྱོགས་སུ་འཕྲོས་པར་བྱེད་པས་དང། སྡང་པའི་སྲིན་པོ་ལ་སོགས་པ་སྐྲག་ཅིང་འདར་བར་བྱེད་པའོ། །སྤྱན་དམར་ཞལ་གདངས་མཆེ་བ་གཙིགས་པ་ཡིས་འཇིགས་པར་བྱེད་པའི་དོན་ནོ། །ཞལ་གསུམ་དག་ནི
རྣམ་པར་བསྐྱོད་པ་ནི། དབུས་མ་གནག་ཅིང་གཡོན་དམར་བའི་ཞལ་གསུམ་གྱིས་ཀྱང་འཇིགས་པར་མཛད་པའི་དོན་ནོ། །འབར་བའི་དབུ་ནི་གྱེན་དུ་བཅིངས་པ་ནི་དབུ་སྐྲ་སེར་སྐྱར་འདུག་པ་འབར་ཞིང་གྱེན་དུ་འཁྱིལ་པས་ཐོར་ཅོག་དུ་འདུག་པའོ། །བདག་པོ་ཅོད་པན
གནས་བྱས་ཏེ་ནི་རིགས་ཀྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྤྱི་བོར་བཞུགས་པའོ། །ཡན་ལག་རྒྱན་གྱིས་ཀུན་ཏུ་བརྒྱན་པའི། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ། །ཞེས་པ་ནི་ཁྲོ་བོ་རྒྱན་ཐོད་པ་ལ་སོགས་པས་བརྒྱན་པ་ཕྱག་དྲག་པར་བསྒོམ་པའི
དོན་ནོ། །འཁོར་ལོ་རལ་གྲི་བསྙེམས་པས་འཛིན། །གཏུན་ཤིང་མངོན་པར་སྟོད་པའི་ཕྱག་རྒྱ་ཞེས་པ་ནི་གཡས་ཀྱི་གསུམ་ལ་རིམ་པ་བཞིན་ནོ། །གཡོན་པ་འགྱིང་ཞིང་དྲིལ་བུ་མཆོག་།དགྲ་སྟ་ཞགས་པ་སྡིགས་པར་བཅས། ཞེས་པ་ནི་གཡོན་གྱི་དང་པོ་དང་སྔ་མ་ལ
དྲིལ་བུ་དང་དགྲ་སྟའོ། །ཐམ་ལ་ཞགས་པ་སྡིགས་མཛུབ་ལ་དཀྲིས་ཤིས་བསྡིགས་པར་བྱེད་པའོ། །སྙིང་གནས་ནི་ཕྱུང་གྱུར་ནས། །ཉི་མའི་དཀྱིལ་འཁོར་དབུས་དག་ཏུ། །གཡས་བརྐྱང་གཤིན་རྗེ་མནན་ནས་ནི། །ཤར་ཕྱོགས་ཀྱི་གྲཝར་གནས་པའོ། །ཞེས་བྱ་བ་ནི་གོང་མ
རྣམས་བཞིན་དུ་གསང་བ་ཐུགས་ཀ་ནས་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་བྱས་ནས། སླར་བྱོན་ཅིང་ཤར་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་གཤིན་རྗེའི་སྟེང་དུ་བརྐྱང་བསྐུམ་གྱི་ཚུལ་དུ་གཟུངས་དང་བཅས་པར་གནས
པའི་དོན་ནོ། །པྲ་ཛྙཱནྟ་ཀྲིཏ་ཡེ་ཤེས་ལས་ནི་གྲུབ་པ་ཡི། །རྡོ་རྗེ་གཞན་གྱིས་མི་ཐུབ་བསྐྱེད་ཅེས་པ་སྔགས་འདིས་བསྐུལ་ཞིང་གོང་མ་བཞིན་དུ་ཡི་གེ་ཧཱུཾ་ལས་ཁྲོ་བོ་གཞན་གྱིས་མི་ཐུབ་པ་བསྐྱེད་པའོ། །འོད་ཟེར་ཆེ་བ་སྟུག་འབར་ཞིང། །སྒྲུབ་རྣམས་ཀྱིས་ནི་ཡན་ལག
བརྒྱན། །ཞེས་པ་ནི་སྐུ་ལ་རྒྱན་གྱི་ཚུལ་དུ་ཐོད་ཆིངས་དང་རྐེད་ཆིངས་ལ་སོགས་པ་སྤྲུལ་ལ་བྱས་ཤིང་འོད་ཟེར་བསྐལ་པའི་མེ་ལྟར་འབར་བ་ཕྱོགས་བཅུར་འཕྲོ་བའི་དོན་ནོ། །འབར་བའི་དབུ་ནི་བརྟན་པར་བཅིངས། །མི་འཁྲུགས་པས་ནི་སྤྱི་བོར་བརྒྱན། །ཞེས་པ་ནི
དབུ་སྐྲ་སེར་སྐྱ་འབར་བ་གྱེན་དུ་འཁྱིལ་ཅིང་ཐོར་ཅོག་ཏུ་འདུག་པའི་སྟེང་དུ། བཅོམ་ལྡན་འདས་མི་བསྐྱོད་པ་དབང་བསྐུར་པའི་ཚུལ་དུ་བཞུགས་པར་བསམ་པའོ། །ཁྲོ་གཉེར་མཛད་ཅིང་དམར་བའི་སྤྱན། །ཞལ་གསུམ་དག་ནི་རྣམ་པར་གདངས། །ཞེས་པ་ནི་དབུས་མ
?་དང་མཐུན་པོའོ། །གཡས་པ་དག་ཅིང་གཡོན་པ་དམར་པའི་ཞལ་གསུམ་དང་ལྡན་པའོ། །དེ་ཡང་འཇིགས་པར་འབྱེད་པའི་ཕྱིར། །ཁྲོ་གཉེར་རིམ་པ་མང་བ་དང། །སྤྱན་ཤིན་ཏུ་དམར་བར་བསྟན་ཏོ། །དུད་དང་ཀུནད་ཟླ་འདྲ་བ་ཡི། །ཞེས་པ་ནི་སྐུ་མདོག་ཤིན་ཏུ
དཀར་བར་བསྟན་ཏོ། །ཞབས་གཡས་བརྐྱང་བར་གནས་པ་ནི་འདུག་སྟངས་ཡིན་ཏེ། གཡས་བརྐྱང་ཞིང་གཡོན་བསྐུམ་པའོ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཁྱད་པར་དང། ཁྲོ་བོའི་རྒྱན་གྱི་ཁྱད་པར་ཐོད་པ་ལ་སོགས
བ་རྣམས་སོ། །ཕྱག་དྲུག་པ་ནི་རྣམ་པར་བསྒོམ་ཞེས་པ་ལ་སོགས་པས་ཕྱག་དྲུག་ལ་ཕྱག་མཚན་རིམ་པ་བཞིན་དུ་ཤེས་པར་བྱ་བའི་དོན་ནོ། །དེ་བཞིན་སྙིང་གནས་བྱུང་ནས། །ཉི་མའི་དཀྱིལ་འཁོར་དབུས་དག་ཏུ། །ལྷོ་ཡི་སྒོ་ཡི་དབུས་སུ་ནི། །འདོད་དབང་མནན
ནས་ཡང་དག་གནས། །ཞེས་བྱ་བ་ནི་གོང་མ་བཞིན་དུ་གསང་བའི་ཐུགས་ཀ་ནས་ཕྱོགས་བཅུའི་སེམས་ཅན་གྱི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས་ལྷོ་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་འདོད་པའི་དབང་པོ་ཨཽ་མ་དེ་པ་འམ་བརྒྱ་བྱིན་མནན
པའི་ཚུལ་དུ་གཟུངས་དང་བཅས་པར་གནས་པའི་དོན་ནོ། །པདྨ་ནན་ཀྲིཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི། །རྡོ་རྗེ་གཉིས་མེད་བསྐྱེད་པར་བྱ་ཞེས་པ་ནི་སྔགས་འདིས་བསྐུལ་ཞིང་ཡི་གེ་ཧྲི:ཱམ་ཧཱུཾ་ལས་གོང་མ་བཞིན་དུ་ཁྲོ་བོ་ཧ་ཡ་གྲཱི་བ་བསྐྱེད་པར་བྱ་ཞེས་པའི
དོན་ནོ། །དེ་ལ་རྡོ་རྗེ་གཉིས་མེད་ཅེས་བྱ་བ་ནི་རྡོ་རྗེ་དང་པདམོར་སྦྱོར་བའི་ཕྲིན་ལས་ལ་པདྨའི་རིགས་ཁྱད་པར་དུ་བསྟན་པའི་ཕྱིར་རོ། །འོད་ཟེར་སྟུག་པོ་འབར་བ་ནི་གོང་མ་བཞིན་ནོ། །བནདུ་ཀའི་མེ་ཏོག་འདྲ་བ་ནི་སྐུ་མདོག་དམར་སྨུག་དུ་འདུག་པའོ། །དབུ་སྐྲ་འབར
བཅིངས་གྱེན་དུ་བསྒྲེངས་པ་ཡང་གོང་མ་བཞིན་ནོ། །རྡོ་རྗེ་སྣང་བས་རྣམ་པར་བརྒྱན། །བ་ནི་བཅོམ་ལྡན་འདས་སྣང་བ་མཛའ་ཡས་སྤྱི་བོར་བསྒོམ་པའོ། །ཕྱག་དྲུག་པ་ནི་འཇིགས་པ་ཆེ། །ཞལ་ནི་ཁྲོ་གཉེར་མཛད་པ་ནི། །ཤིན་ཏུ་ཡང་ཁྲོ་བའི་ཆ་ལུགས
འཇིགས་པར་མཛད་པའོ། །ཕྱག་ན་པདྨ་སྐྱེད་མཛད་ཅིང། །རལ་གྲི་གཏུན་ཤིང་མཚོན་ཆ་འཕྱར་བ་ནི་གཡས་གསུམ་རིམ་པ་བཞིན་ནོ། །གཡས་བརྐྱང་འགྱིང་བའི་ཚུལ་དུ་གནས་པ་ནི་འདུག་སྟངས་སོ། །གཡོན་དྲིལ་བུ་དགྲ་སྟ་ཞགས་པ་འཆང་བ
གོང་མ་བཞིན་ནོ། །ཁྲོ་བོ་སྙིང་ག་ནས་ཕྱུང་ནས། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །བཏུལ་ནས་ཚངས་ཆེན་སྟེང་དུ་ནི། །ནུབ་ཀྱི་ཕྱོགས་ཀྱི་སྒོ་རུ་གནས་ཞེས་བྱ་བ་ནི་དེ་ལྟ་བུའི་ཁྲོ་བོ་གོང་མ་བཞིན་དུ་གསང་བའི་ཐུགས་ཀ་ནས་ཕྱུང་ནས་ཕྱོགས
བཅུའི་སེམས་ཅན་བཏུལ་མ་ཐག་ཏུ་སླར་གཤེགས་ནས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཚངས་པ་ཆེན་པོ་མནན་པའི་ཚུལ་དུ་ནུབ་ཀྱི་ཕྱོགས་ཀྱི་སྐོར་གནས་པར་སྒོམ་པའི་དོན་ནོ། །བིགནཱཾ་ཏ་ཀྲིཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི། །བདུད་རྩི་འཁྱིལ་བ་བསྐྱེད
བར་བྱ་ཞེས་པ་ནི་སྔགས་འདིས་བསྐུལ་ཞིང་ཡི་གེ་ཧཱུཾ་ལས་གོད་མ་དང་འདྲ་བར་ཁྲོ་བོ་བདུད་རྩི་འཁྱིལ་བ་བསྐྱེད་པར་བྱ་བའི་དོན་ནོ། །འོད་ཟེར་སྟུག་འཕྲོ་འབར་བ་ཡི། །ཁ་དོག་ཟར་མའི་མེ་ཏོག་འདྲ་བ་ནི་སྐུ་མདོག་ཟར་མའི་མེ་ཏོག་བཞིན་དུ་སྔོ་སྐྱར་འདུག་ཅིང་སྐུ་ལས
འོད་ཟེར་བསྐལ་པའི་མེ་དང་འདྲ་བ་འཕྲོ་ཞིང་ཕྱོགས་བཅུར་ཁྱབ་པར་བྱེད་པའི་དོན་ནོ། །འབར་བ་དཀྲིགས་པའི་སྒྲ་ཅན་ལ། །རྡོ་རྗེ་དོན་གྲུབ་ཅོད་པན་གནས། །ཞེས་པ་ནི་དབུ་སྐྲ་སེར་སྐྱ་འབར་བ་གྱེན་དུ་འཁྱིལ་ཅིང་ཐོར་ཅོག་འདུག་པའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ
པ་བསྒོམ་པར་བྱ་ཞེས་པའི་དོན་ནོ། །ཞལ་གསུམ་ཁྲོ་གཉེར་བསྐྱེད་མཛད་ཅིང། །མཆེ་བ་རྣོ་ཆེན་ཏ་ཏར་བཞད་ཅེས་པ་ནི་ཤིན་ཏུ་འཇིགས་པར་བྱེད་པའི་ཁྲོ་བོའི་ཆ་ལུགས་ཞལ་གསུམ་ཁྲོ་གཉེར་རིམ་པ་མང་བ་ལྗགས་གློག་བཞིན་བསྐྱོད་ཅིང་ཤིན་ཏུ་རྣོ་པའི་མཆེ་བ་གཙིགས
པར་འདུག་པ། ཁམས་གསུམ་?་པར་བྱེད་པར་གང་རྒྱངས་ཆེན་པོའི་གསུང་འབྱིན་པའི་དོན་ནོ། །དེ་ལ་ཞལ་གསུམ་ལ་དབུས་མ་སྐུ་དང་མཐུན་པར་གཡས་དཀར་ཞིང་གཡོན་དམར་བའོ། །རྡོ་རྗེ་རྒྱ་གྲམ་རལ་གྲི་མཚོན། །ཕྱག་ན་གཏུན་ཤིང་གསོད་པར་གནས། །ཞེས
བྱ་བ་ནི་གཡས་ཀྱི་ཕྱོགས་ཀྱི་ཕྱག་གསུམ་ལ་རིམ་པ་བཞིན་ནོ། །གསོད་པར་གནས་པ་བགེགས་རྣམས་ལ་རྡེག་པའི་ཚུལ་དུ་འཛིན་པའོ། །དྲིལ་བུ་དགྲ་སྟ་རལ་གྲི་དག་།གཡོན་པའི་ཕྱག་ཏུ་རྣམ་པར་བརྟག་།ཅེས་པ་ཡང་རིམ་པར་བཞིན་དུ་འཛིན་པར་ཤེས་པར་བྱ་བའི
དོན་ནོ། །དེ་བཞིན་སྙིང་ག་ནས་ཕྱུང་ནས། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཁྲོ་བོ་ཞབས་གཡས་བརྐྱང་བ་ཡིས། །བགེགས་རྒྱལ་གནོན་པའི་ཚུལ་དུ་ནི། །བྱང་གི་སྒོ་ཡི་དབུས་སུ་གནས་ཞེས་ད་ནི་གོང་མ་རྣམས་དང་འདྲ་བར་གསང་བའི་ཐུགས་ཀ་ནས་ཕྱུང་ནས
ཕྱོགས་བཅུའི་སེམས་ཅན་གྱི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས། དཀྱིལ་འཁོར་གྱི་བྱང་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀའི་སྟེང་དུ་བརྐྱང་བསྐུམ་གྱི་ཚུལ་དུ་གནས་པར་བསྒོམ་པའི་དོན་ནོ། །ཁྲོ་གཉེར་དམ་ཚིག་གསུངས་པ།
ནི། །རོ་ལངས་གཞན་གྱིས་མི་ཐུབ་བ། །ཁྲོ་གཉེར་རལ་བ་གཅིག་མ་སྟེ། །ལྷ་མོ་འདི་དག་རབ་ཏུ་གྲགས་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྒོ་བཞིའི་ཁྲོ་བོ་རྣམས་ཀྱི་གཟུགས་བསྟན་ཏེ། དེ་ལ་དམ་ཚིག་ཅེས་པ་ནི་ལྷ་མོ་འདི
རྣམས་དང་ཁྲོ་བོ་དེ་དག་རྟག་ཏུ་གཉིས་སུ་མེད་པའི་ཚུལ་ལས་མི་འདའ་པས་སོ། །དེ་ལ་རོ་ལངས་མ་ནི་གཤིན་རྗེ་གཤེད་ཀྱིའོ། །གཞན་གྱིས་མི་ཐུབ་མ་ནི་ཤེས་རབ་མཐར་བྱེད་ཀྱིའོ། །ཁྲོ་གཉེར་ཅན་ནི་པདྨ་མཐར་བྱེད་ཀྱིའོ། །རལ་པ་གཅིག་མ་ནི་བགེགས
མཐར་བྱེད་ཀྱིའོ། །འདི་རྣམས་ཀྱི་རྒྱན་དང་ཆ་ལུགས་ལ་སོགས་པ་ནི་སོ་སོའི་བདག་པོ་བཞིན་དུ་ཤེས་པར་བྱའོ། །སངས་རྒྱས་རྣམས་ནི་མཉམ་སྦྱོར་བས། །སེམས་དཔའ་ཨི་སྐྱིལ་ཀྲུང་གནས་པ་སྟེ། ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་འདུག་པ་བསྟན་ཏེ། དེ་ལ
རིགས་ལྔའི་སངས་རྒྱས་རྣམས་ཡུམ་དང་གཉིས་སུ་མེད་པར་སྦྱོར་བ་ཡིན་པའི་རྟགས་སུ་སེམས་དཔའ་ཨི་སྐྱིལ་མི་ཀྲུང་དུ་བཞུགས་པའོ། །བྱང་ཆུབ་སེམས་དཔས་དེ་བཞིན་གསུངས། ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་མ་རྣམས་དང་གཉིས་སུ་མེད་པར
སྤོང་བ་ཡིན་པས་གོང་མ་བཞིན་དུ་སྐྱིལ་མོ་ཀྲུང་དུ་འདྲའོ། །ཁྲོ་མོ་གཡོན་བརྐྱང་དག་ཏུའོ། །ཞེས་པ་ནི་ཁྲོ་བོ་དང། །ཕྲ་མོ་རྣམས་ཀྱང་གཉིས་སུ་མེད་པར་སྦྱོར་བ་ཡིན་པས་ཁྲོ་བོ་ནི་གཡས་བརྐྱང་ལ་གཡོན་བསྐུམ་པ། ཁྲོ་མོ་ནི་གཡོན་བརྐྱང་ལ་གཡས་བསྐུམ་པའི་དོན་ནོ།།
དཀྱིལ་འཁོར་དག་ནི་བསྐྱེད་པའི་རྣམས། །ཐམས་ཅད་དམ་ཚིག་བཞིས་རྒྱས་བཏབ་པ་ཞེས་པ་ནི་དཀྱིལ་འཁོར་དག་ནི་བསྐྱེད་པའི་ལྷ་རིགས་ལྔའི་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཕྱག་རྒྱ་བཞི་དང་ལྡན་པས་དམ་ཚིག་བཞི་རྒྱས་བཏབ་ཅེས་བྱའོ། །དེ་ལ
ཕྱག་རྒྱ་བཞི་ནི་ལྷ་སོ་སོའི་མཚན་དང་དཔེ་བྱད་ལ་སོགས་པའི་ཆ་ལུགས་ཀྱིས་སྐུའི་ངོ་བོར་གནས་པ་ཉིད་ཕྱག་རྒྱ་ཆེན་པོའོ། ། །།ཡབ་ཡུམ་དང་ལྡན་ལ་ཡབ་ཡུམ་དང་ལྡན་པ་ནི་སོ་སོའི་དམ་ཚིག་ཡིན་པས་སོ་སོའི་དམ་ཚིག་ཕྱག་རྒྱའོ། །དེ་གཉིས
གཉིས་སུ་མེད་པར་སྦྱོར་བའི་བདེ་བ་ཆེན་པོ་ཉམས་སུ་བླངས་པ་ནི་ཆོས་ཉིད་ཀྱི་ཕྱག་རྒྱའོ། །དེ་ལྟར་ཉམས་སུ་བླངས་ནས་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་སེམས་ལས་སེམས་ཅན་ཇི་ལྟར་འདུལ་བ་དང་མཐུན་པར་སྐུ་སྤྲོས་ཤིང་དོན་མཛད་པ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་བཞི
དང་གོང་དུ་བསྟན་པ་བཞི་ཚུལ་དུ་ཤེས་པར་བྱའོ། །དེ་ལྟར་སྦྱོར་བས་མཉམ་བསྡུས་ནས། །ཕྲ་མོ་སྦྱོར་བ་བརྩམ་པར་བྱ་བ་ནི་གོང་དུ་བསྟན་པ་བཞིན་དུ་དཀྱིལ་འཁོར་དུ་ལྷ་རྣམས་བཀོད་ཅིང་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པར་བསྒོམས་ནས། འོག་ནས་འབྱུང་བའི
ཚུལ་དུ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་ཞེས་པའི་དོན་ནོ། །སྐབས་འདིར་ཕྲ་མོའི་ཏིང་ངེ་འཛིན་ཅིའི་ཕྱིར་བསྟན་ཞེ་ན། ཡོ་ག་ལ་སོགས་པའི་ཆོས་འོག་མ་རྣམས་ཀྱི་ཚུལ་ཏིང་ངེ་འཛིན་གྱི་འོག་ཏུ་བཟླས་པ་བྱ་བ་ཡིན་པས་དེ་དག་དང་མཐུན་པར་བསྟན་ཏོ། །དེ་ལྟར་དཀྱིལ་འཁོར
བསྒོམ་པ་ནི་ཏིང་ངེ་འཛིན་ཡིན་པས་ཕྲ་མོ་སྦྱོར་བ་ནི་བཟླས་པར་བསྟན་ཏོ། །ཡང་ན་ཡན་ལག་བཞི་ལ་བཞི་བཞིར་ཆེ་བའི་སྒྲུབ་པ་ཆེན་པོའི་བསྙེན་པ་ཡིན་པས་འདི་ལྟར་བསྟན་ཏོ། །དེ་ལ་བཞི་བཞིར་ཞེས་པ་ནི། །ལུས་དང་ངག་ཡིད་རྡོ་རྗེ་ནི་ཞེས་པ་ནས་བདག་ཉིད་རང་བཞིན
མེད་མཐོང་ནས། ཞེས་པའི་བར་དུ་ནི་བསྙེན་པའོ། །ཡི་གེ་རྣམ་པར་བསྒོམ་པར་བྱ། །ཞེས་པ་ནི་ཡི་གེ་འབྲུ་གསུམ་ཞུ་བར་བརྟག་ཅེས་པའི་བར་དུ་བསྙེན་པའི་ཉེ་བའི་བསྙེན་པའོ། །ཡེ་ཤེས་འོད་ཟེར་རྣམ་སྤྲོས་པས། །ཞེས་པ་ནི་དྷཱརྨམཱ་དྷཱ་ཏུ་སྔགས་ཀྱི་བར་དུ་བསྙེན་པའི
བསྒྲུབ་པའོ། །བྱང་ཆུབ་སེམས་དེ་ཀུན་ཏུ་དག་ཅེས་པ་ནས་གཟུགས་ཀྱི་ངོ་བོར་རྣམ་པར་བསྒོམ་ཞེས་པའི་བར་དུ་བསྙེན་པའི་བསྒྲུབ་པ་ཆེན་པོའོ། །སྔགས་ཀྱི་སྐུ་ནི་མཐར་ཕྱིན་པ་ཞེས་པ་ནས། དེ་ལྟར་དོན་ཀུན་རབ་བཞུགས་ནས། ཞེས་པའི་བར་དུ་ཉེ་བར་བསྙེན་པའོ།
སངས་རྒྱས་ཀུན་བདག་གཙོ་བོ་ཞེས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཙིཏྟ་བཛྲ་ཞེས་པ་ནི་ཉེ་བའི་བསྙེན་པའི་ཉེ་བའི་བསྙེན་པའོ། །དེ་ལྟར་བདག་ཉིད་བྱིན་བརླབས་པས་ཞེས་པ་ནས། ཡི་གེ་མཆོག་སྟེ་དམ་པའི་ཞེས་པའི་བར་དུ་ནི་ཉེ་བའི་བསྙེན་པའི་བསྒྲུབ་པའོ། །དེ་ལྟར་གནས་སྐབས
དེར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བར་བྱེད་པ་ནི་ཉེ་བའི་བསྙེན་པའི་སྒྲུབ་པ་ཆེན་པོའོ། །སྡོམ་པ་ལ་གནས་སྔགས་པ་ཡིས། །ཞེས་པ་ནས་ཁ་དང་པདྨ་ལ་ནི་དམིགས་ཞེས་པའི་བར་དུ་སྒྲུབ་པའི་བསྙེན་པའོ། །ཧཱུཾ་ཞེས་པ
ནི་རྡོ་རྗེ་སྦྱང་ཞེས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུ་རཱ་ག་ཞེས་པའི་བར་དུ་ནི་སྒྲུབ་པའི་ཉེ་བའི་བསྙེན་པའོ། །རྡོ་རྗེ་ཉི་མ་ནུབ་ནས་ནི་ཞེས་པ་ནས། སེམས་དེ་བཀུག་ནས་པད་བཞུགས་ལས་ཤེས་པའི་བར་དུ་ནི་བསྒྲུབ་པའི་སྒྲུབ་པའོ། །དེ་བཞིན་གཤེགས་པའི་རིགས་ཀུན
སྤྲོ་ཞེས་པ་ནས། ཐམས་ཅད་དམ་ཚིག་བཞིས་རྒྱས་བཏབ། ཅེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་སྦྱོར་བ་མཉམ་བསྡུས་ནས། །ཞེས་པ་ནས་ལུས་དང་ངག་ཡིད་མཚོན་པའོ། །ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་བསྙེན་པའོ། །དེ་ནས་སྤྲོ་བར་བྱ
བ་ནི་ཞེས་པ་ནས། བཟླས་པ་སྤྲོས་པ་བསྡུས་ནས་ནི། །ཞེས་པའི་བར་དུ་ནི་བསྒྲུབ་པ་ཆེན་པོའི་ཉེ་བའི་བསྙེན་པའོ། །སྒྲུབ་ནས་སེམས་དཔའ་བསྒྲུབ་པར་བྱ་ཞེས་པ་ནས། རྡོ་རྗེ་གསང་བའི་དངོས་གྲུབ་པོ་ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་སྒྲུབ་པ་ཆེན་པོའོ། །འཇིགས
ཤིང་སྐྲག་པའི་ཐུགས་ཀྱིས་ནི་ཞེས་པ་ནས། རྡོ་རྗེ་སེམས་དཔར་དེ་འགྱུར་རོ་ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་ཡང་ཆེན་པོར་ཤེས་པར་བྱའོ། །སྣ་རྩེར་ཡུངས་ཀར་བསམས་ནས་ནི། །ཡུང་ཀར་དེ་ནི་སྤྲོ་བར་བསྡུ་ཞེས་པ་ནི་སེམས་སྦྱང་བའི་ཏིང་ངེ་འཛིན་བསྟན
ཏོ། །རྣལ་འབྱོར་པ་བདག་གི་སྣའི་རྩེ་མོར་ཡུངས་ཀར་གཅིག་བསམ་ཞིང་དེ་མངོན་སུམ་དུ་མ་གྱུར་གྱི་བར་དུ་སེམས་དངོས་པོ་གཞན་ལ་མི་གཡེང་བར་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །དེ་ནས་རེག་པ་འམ་རེག་པའི་རྟགས་སམ་མཐོང་བ་འམ་མཐོང་བའི་རྟགས
མངོན་སུམ་དུ་གྱུར་པ་དང་སྤྲོ་ཞིང་བསྡུ་བར་བྱའོ། །དང་པོ་གཅིག་སྤྲོས་ཤིང་བསྡུས་པ་བཞིན་དུ་གཉིས་ནས་བཅུ་དང། བརྒྱ་དང། སྟོང་དང། ཁྲི་དང། འབུམ་དང་བྱེ་བ་ལ་སོགས་པའི་གྲངས་དཔག་ཏུ་མེད་པའི་བར་དུ་སེམས་ཀྱིས་ལྕོགས་ཐང་སྤྲོ་ཞིང་བསྡུ་བར?
བྱའོ། །དེ་ལྟར་སྤྲོས་ཤིང་བསྡུས་པ་བསྟན་པ་དང། ཡུངས་ཀར་དེའི་ནང་དུ་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སོ་སོའི་བྱེ་བྲག་དང་བཅས་པར་མ་འདྲེས་པར་བསམ་མོ། །དེ་ལྟར་གནས་པ་དེ་ཡང་མངོན་སུམ་དུ་གསལ་བར་མ་མངོན་སུམ་དུ་གྱུར་པ
གསལ་བར་གྱུར་པ་དང་གོང་མ་བཞིན་དུ་གཅིག་ནས་དཔག་ཏུ་མེད་པའི་བར་དུ་སྤྲོ་ཞིང་བསྡུ་བས་སེམས་སྦྱངས་ལ་སྒྲུབ་པ་འཇུག་པར་བྱ་ཞེས་པའི་དོན་ནོ། །ཚད་མེད་ཡེ་ཤེས་གནས་ཐོབ་ཕྱིར། །གསང་བའི་ཡེ་ཤེས་བརྟག་པའོ་ཞེས་པ་ནི་དེ་ལྟར་སེམས་ལས་སུ་རུང
པའི་རྣལ་འབྱོར་པས། དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་གསུང་ཐུགས་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་འཇིག་རྟེན་གྱི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པར་འདོད་ན་ཐུན་མོང་མ་ཡིན་པ་དང། ཐོབ་པར་དཀའ་བས་གསང་བའི་ཡེ་ཤེས་ཞེས་བྱ་སྟེ།
འོག་ནས་འབྱུང་བའི་ཁ་དོག་ལྔ་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་བསྒོམ་པར་བྱ་ཞེས་པའི་དོན་ནོ། །ཁ་དོག་ལྔ་པ་རིན་པོ་ཆེ། །ཡུངས་ཀར་སྦོམ་པོའི་ཚད་ཙམ་དག་།སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ་ཞེས་པ་ནི་རིན་པོ་ཆེའི་རིགས་ཀྱི་སྒོ
ནས་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་པར་བསྟན་ཏོ། །བདག་གཟུངས་དང་རིན་པོ་ཆེའི་རིགས་ཀྱི་ལྷ་དང་ལྷ་མོའི་ཕྱག་རྒྱར་བསྒོམ་ཞིང་རྡོ་རྗེ་དང་པདྨར་ལྡན་པར་གཉིས་སུ་མེད་པར་བྱས་ལ་གོང་གི་ཡུངས་ཀར་བཞིན་དུ་ཡེ་ཤེས་ལྔའི་འོད་ཟེར་འབར་བ་ཡུངས་ཀར་ཅུང་ཟད་ཆེ
བདག་གི་སྣའི་རྩེ་མོང་སེམས་མི་གཡེང་བར་བསྒོམ་པར་བྱའོ། །བརྟན་པར་གྱུར་ནས་རིན་ཆེན་སྤྲོ། །གཏན་པར་མ་གྱུར་ཡོངས་མི་སྤྲོ་ཞེས་པ་ནི་གོང་མ་ལྟར་མངོན་སུམ་དུ་མ་གྱུར་པར་སྤྲོ་བར་མི་བྱ་ཞེས་པའི་དོན་ནོ། །དེ་ལ་སྤྲོ་པའི་ཚུལ་ནི་གསལ་བར་མངོན་སུམ་དུ་གྱུར་པ
དང། སྣའི་བུ་གནས་འདས་ཤིང་སྙིང་གར་གནས་པའི་སྣའི་རྩེ་རྨོར་བྱུང་ཞིང་སླར་འདས་ནས་ཐུགས་ཀར་གནས། ཐུགས་ཀ་ནས་གསང་བ་རྡོ་རྗེར་གནས། །གསང་བའི་རྡོ་རྗེ་ནས་ཡེ་ཤེས་སེམས་དཔའ་ཨི་པདྨར་གནས། །པདྨ་ནས་ཐུགས་ཀར་རོ། །ཐུགས་ཀ་ནས་སྣའི་རྩེ་མོར་རོ།
གྱིས་བསོམས་པའམ། །གཟུགས་བརྙན་དུ་བཀོད་པ་རྣམས་དེ་ལྟར་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བདུ་བར་བྱས་ནས་ཞེས་པའི་དོན་ནོ། །ཆོ་ག་ནི་གོང་དུ་བསྡུས་པའི་ཚུལ་བསྟན་པ་ཉིད་དོ། །དེ་ལྟར་བསྡུས་ནས་ཀྱང་ཅི་བྱེད་ཅན་བཟླས
པ་དག་ཀྱང་བསྡུ་བར་བྱ། །ཞེས་སྨོས་སོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་བསྡུས་ནས་ཐུགས་ག་ནས་གནས་པའི་ཧཱུཾ་ལས་འོད་ཟེར་འཕྲོས་ཤིང་བར་སྣང་ཁྱབ་པར་གནས་པའི་སངས་རྒྱས་རྣམས་ལ་ཕོག་པས་དེ་རྣམས་ཀྱང་འོད?་ཀྱི་ཚུལ་དུ་གྱུར་ནས་སླར?་བདག་ལ་ཐིམ
པར་བསམ་མོ། །དེ་ནས་ཡང་འོད་ཟེར་འཕྲོས་པས་བདག་ཕྱག་རྒྱར་གནས་པའི་སྐུ་ལ་ཕོག་པས་འོད་དུ་གྱུར་ནས་ཐུགས་ཀ་ན་གནས་པའི་ཡེ་ཤེས་སེམས་དཔའ་ལ་ཐིམ་མོ། །དེ་ནས་ཡང་ཧཱུཾ་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་ལ་ཕོག་པས་དེ་ཡང་འོད
ཀྱི་ཚུལ་དུ་ཧཱུཾ་ལ་ཐིམ་མོ། །དེ་ནས་ཡང་འོད་འཕྲོས་པས་ཧཱུཾ་ཡང་འོད་དུ་གྱུར་ཏོ། །འོད་ཀྱང་ཕྱོགས་བཅུར་འཐོས?་པས་ནམ་མཁའ་དང་གཉིས་སུ་མེད་པར་གྱུར་ནས་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པར་བྱའོ། །དེ་ལྟར་གནས་པ་ཡང་ཅི་ནུས་སུ་གནས་ནས་ལྡང
ཞིང་འགྲོ་བར་འདོད་ན་སྤྱི་བོ་དང་ལྕེ་སྟེངས་དང་སྙིང་གར་སྐུ་གསུང་ཐུགས་ཀྱི་ས་བོན་ཡི་གེ་གསུམ་དམིགས་ནས། སྔགས་གསུམ་གྱིས་བྱིན་གྱིས་བརླབས་ལ་ཅི་བདེ་བར་གནས་པར་བྱ་བའི་དོན་ནོ། །ཏིང་ངེ་འཛིན་ལ་དམིགས་པ་ན་ཞེས་བྱ་བ་ལ་སོགས་པས་ནི
རྣལ་འབྱོར་པས་དུས་ཡུན་རིང་པོར་སྒོམ་ཞིང་སྒྲུབ་པའི་ཚེ་ལུས་ཉམས་ཆུང་བར་གྱུར་ནས་ཐབས་འདིས་གཟི་བྱིན་བསྐྱེད་ཅིང་བསྟན་པར་བྱ་བ་བསྟན་ཏོ། །དེ་ལ་ཇི་ལྟར་བྱ་ཞེ་ན། །བདག་གི་སྤྱི་བོའི་སྟེང་བར་སྣང་ལ་མཐོ་གང་གི་ཚོད་ཙམ་དུ་ཡི་གེ་ཨ་ལས
ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང་དུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡི་གེ་ཨོཾ་བསྒོམས་པར་བྱའོ། །དེ་ལས་འོད་ཟེར་འཕྲོས་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བཅུད་རྣམས་བཀུག་ནས་ཨོཾ་དེ་ཉིད་ལ
ཐིམ་པར་བསམ་མོ། །དེ་ནས་ཡང་ཨོཾ་དེ་བདུད་རྩིའི་རང་བཞིན་དུ་གནས་པའི་བཅུད་རྣམས་འོད་ཀྱི་ཚུལ་དུ་ཟླ་བའི་སྟེང་དུ་འཐིགས་པར་བསམ་མོ། །དེ་དང་ཟླ་བའི་བདུད་རྩི་གཉིས་གཅིག་ཏུ་གྱུར་ནས་ཟླ་བ་ལས་བདག་གི་སྤྱི་བོར་ཐིགས་པ་འོད་ཟེར་གྱི་ཚུལ་དུ་ཐིམ་ཞིང་ལུས
ཀུན་ཏུ་ཁྱབ་པར་སྒོམ་པའི་ཕྱིར་བདུད་རྩི་རྣམས་ནི་འབྱུང་བར་བསམ་ཞེས་སྨོས་སོ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །སྐད་ཅིག་དུ་ཡང་མདངས་ལྡན་འགྱུར། །ལུས་དང་ངག་སེམས་བདབ?་བར?་གནས། །ཐེ་ཚོམ་མེད་པར་གྱུར་པ་ཡིན། །ཞེས་བྱ་བ་ནི་དེ་ལྟར་བསྒོམས་པའི་ཕན་ཡོན
བསྟན་ཏེ། །ཡེ་ཤེས་ཀྱི་སྦྱོར་བ་དེ་བསྟན་པ་བཞིན་དུ་མ་ནོར་པར་བསྒོམས་ན་གཟི་བྱིན་སྐྱེ་ཞིང་བསྟན་པར་ངེས་པའོ། །བཀྲེས་བསྐོམ་ལ་སོགས་སྡུག་བསྔལ་ལ། །སྦྱོར་བ་འདི་ནི་རྣམ་པར་བསམ་ཞེས་པ་ལ་སོགས་པ་ནི་རྣལ་འབྱོར་བ་བཀྲེས་སྐོམ་ལ་སོགས་པ
བྱུང་ན་ཡོ་བྱད་ལ་སོགས་པ་མེད་ན་ཏིང་ངེ་འཛིན་སྤོང་ཞིང་ཚོལ་དུ་མི་འགྲོ་སྟེ། །འོག་ནས་འབྱུན་བའི་ཆོ་ག་བྱ། །ཞེས་པའི་དོན་ཏེ། དེ་བྱས་ན་བཀེས་པ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་བར་ངེས་པའི་ཕྱིར། མི་གཙང་རྡོ་རྗེ་ཚིག་བཞིན་ཏེ། ཞེས
སྨོས་སོ། །མི་གཙང་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོའོ། །དེའི་གསུང་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། བདག་ལྷ་གང་བསྒོམ་ཡང་རུང་སྟེ་བཀྲིས་པ་ལ་སོགས་པ་བྱུང་ན་དེ་མ་ཐག་ཏུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱར་བསྒོམས
ལ། ཁའི་ཡང་དཀན་ལ་ཧེ་ལས་འདོད་འཇོའི་བ་ཁ་དོག་དཀར་མོ་ཞིག་བསམ། ལྕེའི་སྟེང་དུ་ཨོཾ་དཀར་པོ་གཅིག་དམིས་ལ་དེའི་མཛའ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བསྐོར་བར་བསྒོམས་པའི་རྣམ་པར་སྣང་མཛད་གཟུགས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་སོ། །
སྡུག་བསྔལ་ཅན?་སེལ་ཞི་བ་ནི། །ཡེ་ཤེས་རྡོ་རྗེས་བྱིན་བརླབས་ཏེ་ཞེས་པ་ནི་དེ་ལྟར་བསྒོམས་ནས་ཡེ་ཤེས་ལས་གྱུར་པའི་བ་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཡིད་ལ་འདོད་པའི་ཟས་ལ་སོགས་པ་རྣམས་ལྕེའི་སྟེང་དུ་བྱུང་ཞིང་ལུས་ཀུན་ཐིམ་པར་བསམ་པ་དང།
སྡུག་བསྔལ་ཐམས་ཅད་དེའི་བྱིན་བརླབས་ཀྱིས་མེད་པར་གྱུར་པའི་དོན་ནོ། །གང་ཞིག་འདི་ནི་སྒོམ་བྱེད་པ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་འགྱུར་ཞེས་པ་ནི་བདེ་བ་ཆེན་པོའི་སྒྲུབ་ཐབས་དེ་ཡན་ཆད་དུ་བཤད་པ་བཞིན་དུ་བསྒོམས་ཤིང་བསྒྲུབས
པའི་ཕན་ཡོན་བསྟན་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔར་འགྱུར་བས་དེ་མ་ཐོབ་པའི་བར་དུ་བྱང་ཆུབ་སེམས་དཔའ་ཨི་གྲངས་སུ་ཆུད་པའི་ཕྱིར་རོ། །དེ་ཡང་སྒོམ་ཞིང་སྒྲུབ་པའི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་འབྲལ་དུ
མི་རུང་བས། །བྱང་ཆུབ་སེམས་དང་སྦྱོར་ལྡན་ན། །སྐུ་ཚོགས་དངོས་གྲུབ་ཐོབ་པར་འགྱུར། ཞེས་བསྟན་ཏོ། །དད་པ་མེད་དང་ཐེག་དམན་ཞུགས། །ཞེས་པ་ལ་སོགས་པས་ནི་གསང་སྔགས་མ་ཧཱ་ཡོ་གའི་སྙིང་པོ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསང་བ་འདུས་པ་ཡིན་ལ།
དེ་ཡང་དེའི་དོན་གྱི་སྙིང་པོ་བསྡུས་པ་འདི་ཡིན་པས་ཀུན་གྱི་ཐུན་མོང་མ་ཡིན་པས་ཤིན་ཏུ་ཡང་གསང་བར་བྱ་ཞེས་བསྟན་ཏོ། །དེ་ལ་དད་པ་མེད་པ་ནི་ཡིད་མི་ཆེས་པ་དང་ཚུལ་བཞིན་དུ་མི་བསྒྲུབ་པའོ། །ཐེག་དམན་ཞུགས་པ་ནི་ཡོ་ག་མན་ཆད་དང་དུ་ལེན་ཅིང་སྤྱོད་པ་རྣམས་སོ། །
འདོད་ཆགས་ཞེ་སྡང་ནི་འདོད་ཆགས་ཤིན་ཏུ་ཆེ་བ་དང་ཞེ་སྡང་ཤིན་ཏུ་ཆེ་བ་རྣམས་སོ། །དབང་པོ་བརྟུལ་བ་ནི་དེ་ལྟ་བུའི་སྐྱོན་མེད་ཀྱང་ཤེས་རབ་ཆུང་བའི་དབང་གིས་བསྟན་ཀྱང་གཞན་དུ་འགྱུར་བའི་ཕྱིར་རོ། །སློབ་དང་བུ་ལ་སྦྱིན་མི་བྱ། །ཞེས་པ་ནི་དད་པ་མེད
པ་ལ་སོགས་པའི་སྦྱོན་ཡོད་པའི་སྐྱེས་བུ་བདག་གི་བུ་ཡང་རུང། ཆོས་འདི་མ་རྟོགས་པའི་སྒོ་ནས་སློབ་བུར་གྱུར་ཅིང་ཅེས་པ་ལ་སོགས་ཡང་བསྟན་པར་མི་བྱ་ཞེས་པའི་དོན་ནོ། །གང་ཕྱིར་བསྒྲུབ་པ་འདི་བརྩམས་པ་ཞེས་པ་ལ་སོགས་པ་ནི་ཕྱི་རབས་ཀྱི་རྣལ
འབྱོར་པ་རྣམས་ཀྱིས་ཡིད་མི་ཆེས་ཤིང་སྐུར་བ་འདེབས་པར་དགོངས་ནས་རྒྱུད་ཀྱི་ཁུངས་ལ་སོགས་པ་བསྟན་ཏོ། །དེ་ལ་ཡང་ཕྱིར་སྒྲུབ་པ་འདི་བརྩམས་པ། ཞེས་པ་ནི་སློབ་དཔོན་གྱིས་སྒྲུབ་པའི་ཐབས་འདི་བརྩམས་པ་འདི་དོན་མེད་པ་མ་ཡིན་ཏེ། །རྡོ་རྗེ་སེམས
དཔའ་སྒྲུབ་ཕྱིར་ཞེས་པ་དང་འབྲེལ་ཏོ། །དེ་ལ་བབ་ཅོལ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་།རྒྱུད་དོན་མངོན་པར་རྟོགས་ནས་ནི། །ཞེས་སྨོས་སོ། །དེ་ཡང་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་བདག་གི་སློབ་དཔོན་གྱིས་བསྟན་པ་དང། རང་གི་ཤེས་རབ་ཀྱིས་མ་ནོར་བར་ཤེས
པའི་དོན་ནོ། །རྡོ་རྗེ་བཞད་པའི་སློབ་དོན་གྱིས་ཞེས་པ་ནི་ཉིད་ཀྱི་མཚན་ཉིད་བསྟན་པའོ། །ཉིད་ལ་ཉིད་སློབ་དཔོན་ཞེས་གསུང་པ་ནི་ཡུལ་ཐམས་ཅད་དུ་སློབ་དཔོན་དུ་གྲགས་པ་དང་མཁས་པར་ཞལ་གྱིས་མཆོས་པའི་དོན་ནོ། །སློབ་དཔོན་གྱིས་ཅིའི་ཕྱིར་མཛད་ཅེ་ན། སེམས་ཅན
ཡེ་ཤེས་བསྐྱེད་ཕྱིར་རོ། །ཞེས་སྨོས་སོ། །དེ་ཡང་གོང་དུ་རྡོ་རྗེ་སེམས་དཔའ་བསྒྲུབ་ཕྱིར་ཞེས་བསྟན་ན། འདིར་དེ་སྐད་ཅིའི་ཕྱིར་བསྟན་ཞེས། རྡོ་རྗེ་སེམས་དཔའ་ཚེ་འདི་ཉིད་ལ་མ་གྲུབ་ན་ཡང་འདི་ཤེས་ཤིང་ཐོས་པར་གྱུར་ན་རྒྱུད་གསང་བ་འདུས་པར་ཤེས་པར་འགྱུར་ལ། དེ
ཤེས་བས་གསང་སྔགས་རྣམས་ལ་མཁས་པར་འགྱུར་བ་དང། ཐ་སྙད་ཐམས་ཅད་ལ་མཁས་པར་འགྱུར་བའི་ཕྱིར་རོ། །དཔལ་བདེ་བ་ཆེན་པོའི་བསྒྲུབ་ཐབས་རྫོགས་སོ།། །།ཞེས་པས་ནི་དཔལ་བདེ་བ་ཆེན་པོའི་སྒོ་ནས་བདེ་བ་ཆེན་པོ་དཔལ
རྡོ་རྗེ་སེམས་དཔའ་མངོན་སུམ་དུ་གྱུར་པའི་ཐབས་སམ་དེ་ཉིད་ཀྱི་རང་བཞིན་དུ་འགྱུར་བའི་ཐབས་སོ། །རྫོགས་པ་ནི་ཉིད་ཀྱི་དགོངས་པ་མ་ལུས་པའོ། །སྒྲུབ་ཐབས་རྣམ་པར་བཤད་པ་འདི། །བདག་གིས་བྱས་པའི་དགེ་བ་ཡིས། །འགྲོ་བ་རྣམས་ཀྱིས་འདི་ཉིད་ཀྱི། །
དོན་ནི་རྣམ་པར་རྟོགས་པར་ཤོག་། དཔལ་བདེ་བ་ཆེན་པོའི་འགྲེལ་པ་སློབ་དཔོན་ཆེན་པོ་བི་མཱ་ལ་གརྦྷས་མཛད་པ་རྫོགས་སོ། །།རྒྱ་གར་སྐད་དུ། ཤྲཱི་ས་ཧཱ་ཛ་ས་མཱ་ཡ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི
སྒྲུབ་ཐབས།
CLOSE WINDOW