Wylie | e-texts based on the ACIP/ALL ![]() ![]() |
། །།གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །!། །རྒྱ་གར་སྐད་དུ། ཀུ་སུ་མཱཉྫ་ལེ་གུ་ཧཡ་ས་མ་ཛི་བནདྷ་མཱ་ན། བོད་སྐད་དུ། གསང་བ་འདུས་པའི
བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ནམ་མཁའ་དང་མཚུངས་ཁྱབ་མཛད་པ། །དཔལ་མཆོག་དང་པོ་ཉིད་ཀྱི་སྐུ། །གང་ལས་གཟའ་སྐར་བཞིན
རྒྱལ་རྣམས། །ཤར་དང་ནུབ་གྱུར་ཁྱེར་སྐྱོང་ཤོག་།ཐུབ་པ་རྣམས་ཀྱི་སྐུ་མཆོག་མཁའ་འདྲ་བ། །གང་ལས་ཉི་ཟླ་ལྟར་འབར་མཛེས་དེ་དག་།ཡེ་ཤེས་རང་བཞིན་སྐུ་གཉིས་རྣམ་འཛིན་པ། །རྡོ་རྗེ་འཆང་པར་གང་གསུངས་དེ་ལ་ཕྱག
འཚལ་ལོ། །དངོས་གྲུབ་ཚུལ་གྱི་རིན་ཆེན་རྒྱ་མཚོ་ཡིས། །འདུས་པའི་དོན་ནི་བསྟན་པར་སུ་ཡིས་ནུས། །དེ་ལ་གུས་པའི་ལྕུག་མ་དག་ལས་ནི། །བཤད་སྦྱར་འདི་ནི་སྙིམ་པའི་མེ་ཏོག་ཡིན། །འདིར་ལེའུ་བཅོ་བརྒྱད་དང་ལྡན་པའི་དག
ཆེན་པོ་དེ་ལ་གསང་བ་འདུས་པའི་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་ན། ཡང་དེ་ཇི་ལྟར་ན་གསང་བ་འདུས་པ་ཞེས་བྱ། །ཇི་ལྟར་ན་རྣལ་འབྱོར་གྱི་རྒྱུད་ཡིན། འདིའི་སྐྱེས་བུའི་དོན་གང། བརྗོད་པར་བྱ་བའི་དགོས་པའི་གཙོ་བོ་ནི
གང་ཡིན། འདིར་ཉམས་སུ་བླང་བར་ནུས་པ་དགོས་པ་དང་རྗེས་སུ་མཐུན་པའི་ཐབས་ནི་གང་ཡིན་འདི་དག་གི་དགོས་པའི་འབྲེལ་པ་ནི་གང་ཡིན། དེ་ཡང་ཚད་མ་རྣམ་འགྲེལ་ལས། འགྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས
བུའི་དོན་ནི་རྗེད་བྱེད་དང། །སྤྱད་པར་བྱ་བར་འོས་པ་ཡིན། །དེ་ལས་གཞན་པ་སྤྱོད་འོས་མིན་ཞེས་བཤད་པ་ཡིན་ནོ། །གཞན་ཡང་གསུང་རབས་ཡན་ལག་བཅུ་གཉིས་ཀྱི་ནང་ནས་འདི་གང་ཡིན་ཞེ་ན། འདི་ནི་ཟབ་མོའི་དོན་མདོར
སྟོན་པས་ན་མདོའི་སྡེ་ཡིན་ནོ། །དེ་ལྟ་ནི་འདིའི་དགོས་པ་ནི་གང་ཡིན། བསྡུས་པའི་དོན་ནི་གང་ཡིན། ཚིག་གི་དོན་དང། མཚམས་སྦྱར་བ་དང། བརྒལ་བའི་ལན་ནི་གང་ཡིན་ཞེས་བརྗོད་པར་བྱ་སྟེ། ཇི་སྐད་དུ། རྣམ་པར་བཤད
པའི་རིགས་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅེས་དང། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ་ཞེས་བཤད་པ་ཡིན་ནོ་ཞེ་ན། འདིར་བརྗོད་པར་བྱ
སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་གསུམ་སྟེ། སྐུའི་གསང་བ་དང། གསུང་གི་གསང་བ་དང། ཐུགས་ཀྱི་གསང་བའོ། །གསང་བ་རྣམས་འདུས་ཤིང་ཚོགས་པ་གང་ལ་ཡོད་པ་ནི་གསང་བ་འདུས་པ་བཅོམ
ལྡན་འདས་རྡོ་རྗེ་འཆང་སྟེ། དེ་ལ་གང་དག་རག་ལས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་མདོར་བསྡུ་ན། སྐུའི་གསང་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི། །གསུང་གི་གསང་བ་ནི་སྤྱན་ལ་སོགས་པའོ། །ཐུགས
ཀྱི་གསང་བ་ནི་གཤིན་རྗེ་གཤེད་ལ་སོགས?་པ་སྟེ། གསང་བ་འདུས་པ་རྗོད་པར་བྱེད་པའི་གཞུང་ལ་ཡང་ཉེ་བར་བརྟགས་ནས་མིང་དེ་སྐད་ཅེས་བྱ་སྟེ། སི་ཏ་ཕྲེགས་པའི་སྙན་དངག་བཞིན་ནོ། །དེ་སྐད་དུ་ཡང་སྐུ་གསུང་ཐུགས་ནི་རྣམ་པ་གསུམ
གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད་ཅེས་འཆད་པར་འགྱུར་རོ། །ཤེས་རབ་དང་ཐབས་དག་གི་སྙོམས་པར་འཇུག་པ་སྟེ། རབ་ཏུ་སྦྱོར་བ་ནི་རྣལ་འབྱོར་རོ། །ཉེ་བར་སོང་བས་ན
ཐབས་ཏེ། སེམས་ཤེས་རབ་ཏུ་འཇུག་པའོ། །དེ་ཉིད་དངོས་པོའི་མཚན་ཉིད་དོ། དེ་དེ་ཁོ་ནའི་ངོ་བོར་གྱུར་པའི་ཕྱིར་རོ། །དེ་ཡང་གྱུར་པའོ་མ་གཏོགས་པར་གྱུར་པ་མེད་པས་སེམས་ཉིད་དེ། ཐབས་དེ་ཉིད་གནས་དང་སྐྱེས་བུ་དང་ཡེ་ཤེས་ཀྱང་ཡིན་ནོ། །
རང་བཞིན་མེད་པའི་ཡེ་ཤེས་ནི་ཤེས་རབ་སྟེ། ཕུལ་དུ་བྱུང་བའི་ཤེས་པ་ཡིན་པས་སོ། །འདིར་རང་བཞིན་མེད་པ་ལ་ཡང་ཤེས་རབ་ཅེས་བྱ་སྟེ། རིག་པ་དང་རིག་བྱ་དབྱེར་མེད་པས་སོ། །དེ་ཁོ་ན་ཉིད་བྱེ་བྲག་ཏུ་མཐོང་བས་ན་ལྷག་མཐོང་ཡིན་ལ
སྡུག་པར་གྱུར་པས་ན་དགའ་མ་ཡིན་ཏེ། ཤེས་རབ་དང། རིགས་པ་དང་ཤེས་བྱ་ཡང་ཡིན་ནོ། །ཐབས་དང་ཤེས་རབ་དེ་དག་གཉིས་སུ་མེད་པ་ནི་རབ་ཏུ་སྦྱོར་བ་སྟེ་རྣལ་འབྱོར་རོ། །རྒྱུད་ནི་རྒྱུན་ཏེ། དེ་ཡང་རྒྱུའི་རྒྱུད་དང། འབྲས་བུའི་རྒྱུད་དང། ཐབས
ཀྱི་རྒྱུད་དོ། །དེ་ལ་རིགས་ཀྱི་དབྱེ་བ་ནི་རྒྱུའི་རྒྱུད་དོ། །རིགས་ཀྱི་དབྱེ་བ་ལས་འབྲས་བུར་གྱུར་པ་རྡོ་རྗེ་འཆང་ཆེན་པོའི་རབ་ཏུ་དབྱེ་བ་ནི་འབྲས་བུའི་རྒྱུད་དོ། །རྒྱུད་ལས་འབྲས་བུས་གྲུབ་པར་བྱ་བའི་ཕྱིར་སྔགས་དང། ཕྱག་རྒྱ་དང། དཀྱིལ་འཁོར་ལ
སོགས་པའི་རྐྱེན་ནི་ཐབས་ཀྱི་རྒྱུད་ཡིན་ནོ། །རྣལ་འབྱོར་གཙོ་བོར་གྱུར་པའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དོ། །དེ་སྟོན་པར་བྱེད་པ་ཉིད་ཡིན་པས་ན་གཞུང་ལ་ཡང་དེ་སྐད་ཅེས་བྱའོ། །དེ་སྐད་དུ་ཡང་ཤེས་རབ་ཐབས་ཀྱི་སྙོམས་འཇུག་པ་།
རྣལ་འབྱོར་ཞེས་ནི་བྱ་བར་བཤད། །གང་ཞིག་དངོས་མེད་ཤེས་རབ་སྟེ། ཐབས་ནི་དངོས་པོའི་མཚན་ཉིད་དོ། །རྒྱུན་ནི་རྒྱུད་ཅེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང། །སྤོང་དུ
མེད་པར་རབ་ཏུ་ཕྱི། །རང་བཞིན་སྦྱང་བྱའི་རྒྱུ་ཡིན་ཏེ། །དེ་བཞིན་སྤང་མེད་འབྲས་བུའོ། །བཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱི་རྒྱུད་ནི་དོན་བསྡུས་པའོ། །ཞེས་འཆད་པར་འགྱུར་རོ། །གང་གི་ཕྱིར་གསང་བ་འདུས་པ་ནི་རྣལ་འབྱོར་གྱི་རྒྱུད་ཡིན
པ་དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་གཞན་དང་ཐུན་མོང་གྱུར་པ་ནི་འདིའི་གཙོ་བོའི་དགོངས་པ་སྟེ། འབྲས་བུའི་རྒྱུད་དོ། །ཐུན་མོང་མ་ཡིན་པ་ནི་གསང་བ་འདུས་པའི་རྒྱུད་འདི་ཉིད་ལས་གསང་བ་འདུས་པའི་ཚུལ་དུ་འབྲས་བུ་གྲུབ་པའི་ཕྱིར་སྲིད་པ་དང
ཞི་བ་ལ་མི་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ནི་མི་ཟད་པ་དང་མི་མཉམས་པ་བླ་ན་མེད་པའི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཐར་པ་ཆེན་པོའི་བདེ་བ་ཡིན་ཏེ། དེ་བས་ན་འདི་སྐྱེས་བུའི་དོན་གྱི་མཆོག་ཏུ་རྒྱུར་པ་ཡིན་པས་ན་དགོས
པའི་གཙོ་བོ་ཡིན་ནོ། །དེ་ནི་རང་ཉིད་ལ་ཐ་དད་པ་མི་མངའ་ན་ཡང་ཐབས་ཀྱི་དབྱེ་བས་ཐ་དད་པས་ཐ་སྙད་དུ་བྱས་པ་ཡིན་ནོ། །དེ་ལ་གསང་བ་འདུས་པ་ཞེས་བྱ་བའི་ཐབས་ནི་གཞན་དེ་དག་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །
ཤིན་ཏུ་བདེ་བ་དང། ཤིན་ཏུ་མྱུར་བ་ཉིད་དུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་བས་ན་དེས་ཐོབ་པའི་འབྲས་བུ་གསང་བ་འདུས་པ་ཞེས་བྱ་བ་ཡང་འབྲས་བུ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པར་བཤད་དོ། །རྒྱུའི་རྒྱུད
དང་ཐབས་ཀྱི་རྒྱུད་ན་དགོས་པའི་རྗེས་སུ་མཐུན་པའི་ཐབས་ཡིན་ཏེ། དེ་དག་ཐོས་པ་དང། བསམ་པ་ལ་སོགས་པའི་མཚན་ཉིད་ཅན་གྱིས་ཉམས་སུ་བླང་བར་ནུས་པ་ཉིད་ཡིན་ལ། དེ་དག་ཉམས་སུ་བླངས་པས་དགོས་པ་འགྲུབ་པའི་ཕྱིར་རོ། །ཐབས
ཀྱང་གནས་སྐབས་ཇི་ལྟ་བ་བཞིན་དུ་གསང་བ་རྣམས་འདུས་པ་ཉིད་ཡིན་ནོ། །འབྲེལ་བ་ནི་ཚིག་དང་ངག་རྣམས་དོན་གཅིག་ལ་བསྡུ་བའི་ཕྱིར་བལྟོས་པ་སྔོན་དུ་སོད་བ་ཅན་གྱི་ཕན་ཚུན་ཕན་འདོགས་པར་བྱེད་པ་སྟེ། ལྔ་པ་དགུ་པ་ཉིད་དག་དང། བཅུ་བདུན་པ་དང་?
གསུམ་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་ཏེ། དེ་ཡང་ཕྱིས་བསྟན་པར་བྱའོ། །དགོས་པ་སྨྲས་ཟིན་ཏོ། །སྡུས་པའི་དོན་ཀྱང་འབྲེལ་པ་བསྟན་པ་ཉིད་ལས་ཤེས་པར་བྱའོ། །ཚིག་གི་དོན་དང། མཚམས་སྦྱར་བ་དང་བརྒལ་བའི་ལན
རྣམས་ཀྱང་གནས་སྐབས་ཇི་ལྟ་བ་ཉིད་དུ་བཤད་པར་བྱའོ། །འདི་ལྟར་དེ་བཞིན་གཤེགས་པའི་བསྙེན་བསྐུར་བ་ཡིན་པའི་ཕྱིར་ཐོས་པ་མ་ལུས་པར་ཡང་དག་པར་བསགས་པ་ཡིན་པ་དང། ཐོས་པ་འཛིན་པའི་མཆོག་ཡིན་པར་འཇིག་རྟེན་ན་གྲགས
པ་ཡིན་པས་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་སྡུད་པར་བྱེད་པ་ནི་འཕགས་པ་ཀུན་དགའ་བོ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་སྡུད་པ་པོ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཏེ་དེ་ནི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ
རྣམས་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་ཚོགས་སྲུང་བའི་དབང་དུ་བྱས་པ་དང། ཕྱག་ན་རྡོ་རྗེ་དབང་བསྐུར་པ་ལ་སོགས་པའི་མདོ་ལས་བསྟན་པ་གཏད་པར་འབྱུང་བ་དང། ལེའུ་བཅུ་བདུན་པ་ལས། རྡོ་རྗེ་ཆོས་ཞེས་བྱ་བ་དང། ཆོས་ཀྱི་དབང་ཕྱུག་གི
རྒྱལ་པོ་ཞེས་བསྟན་པ་གང་ཡིན་པ་དེར་ཡང་ཕྱག་ན་རྡོ་རྗེ་ཉིད་ལ་དེ་སྐད་དུ་བསྟན་པ་ཡིན་ཏེ། རྡོ་རྗེ་ཐེག་པ་ནི་རྡོ་རྗེ་ཆོས་དང་ཆོས་ཀྱི་དབང་ཕྱུག་ཡིན་ལ། དེ་ཡང་དེ་ལ་གཏད་པ་ཡིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ལྟར་བྱང
ཆུབ་སེམས་དཔའ་ཨི་སྡེ་སྣོད་མཛའ་དག་བྱང་ཆུབ་སེམས་དཔའ་གཅིག་གིས་བསྡུས་པར་གྱུར་པ་ན་སྡུད་པ་པོ་དང། སྟོན་པ་པོ་དང། ཆོས་ཀྱི་བདག་ཉིད་ཆེ་བ་ཡིན་པར་ཤེས་པར་བྱའི། །གཞན་དུ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ
སློང་དག་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་གྱི་ས་ལ་ཆོས་བསྡུ་བར་བྱའོ་ཞེས་གསུངས་བ་ཡིན་ནོ། །དེ་བས་ན་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེས་འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་སྨྲས་པ་ཡིན་ནོ།
དེ་ཡང་སྟོན་པ་པོ་རང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་རྣམས་སྟོན་པར་མཛད་ལ། སྟོན་པ་ལས་ཐོས་ནས་བསྡུས་པ་ཡིན་པའི་ཕྱིར། ཐོས་པ་ཞེས་བྱ་བ་འདིས་ནི་སྡུད་པ་པོར་སྟོན་པར་བྱེད་དེ། ཐོས་པ་ཡིན་གྱི་བདག
གི་མངོན་པར་རྟོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་ཤིན་ཏུ་དང་བར་བྱས་པ་མ་ཡིན་པ་དེ་བས་ན། མངོན་སུམ་དུ་ཐོས་པ་ཉིད་ནི་བདག་གིས་ཞེས་བྱ་བ་སྨོས་པ་ཡིན་ཏེ། བདག་ཉིད་ཀྱིས
སྟོན་པ་པོ་ལས་དེ་ཐོས་ཀྱི། གཞན་གྱིས་སམ། དེ་ལས་ཀྱང་གཞན་པ་ལས་ཐོས་ནས་བདག་སྟོན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་དུ་ཐོས་སུ་ཟིན་ཀྱང་རྣམ་པར་ཐམས་ཅད་དྲན་པ་མེད་པ་འམ། བསྣན་བ་དང་ཕྲི་བས་ནི་ཡང་དག
པའི་སྡུད་པ་པོར་མི་འགྱུར་བ་དེ་བས་ན་ཡང་དག་པ་ཉིད་ཡིན་པ་ནི་འདི་སྐད་ཅེས་བྱ་བ་སྨོས་པ་ཡིན་ཏེ། ཡི་གེ་དང། ཚིག་དང། ངག་འདི་དག་ཉིད་ཀྱིས། གླེང་གཞི་དང་སྐབས་ལ་སོགས་པའི་རིམ་པའི་རྣམ་པ་འདི་ཉིད་ཀྱིས་བདག་གིས་ཐོས
ནས་ཇི་ལྟ་བཞིན་དུ་བསྡུས་པ་ཡིན་གྱི། གཞན་དུ་ཐོས་གཞན་དུ་སྡུས་པ་ནི་མ་ཡིན་ཏེ། བརྗེད་པ་འམ། བསྣན་པ་སོགས་པའི་བབ་ཅོལ་གྱི་སྐྱོན་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་འདི་སྐད་ཅེས་བྱ་བའི་སྒྲ་ཉིད་ཀྱི
གླེང་གཞི་དང། སྐབས་དང་མདོ་ཉེ་བར་བསྡུ་བ་ལ་སོགས་པའི་དག་ནི་བཅོམ་ལྡན་འདས་ཀྱིས་གནང་བ་ཡིན་ནོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་བས་ན་བསྟན་པ་དང་མཐུན་པའི་ཡུལ་དུ་བཅོམ་ལྡན་འདས་རེས་འགའ་བཞུགས
པ་དང། རྗེས་སུ་མཐུན་པའི་འཁོར་འདུས་པ་ལ་སོགས་པ་ནི་གླེང་གཞི་ཡིན་ནོ། །དེ་ནི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གཅིག་ན་བཅོམ་ལྡན་འདས་བཞུགས་སོ། །ཞེས་བྱ་བར་སྦྱར་རོ། །དུས་ནི་དུས་ཚོད་དོ། །བཅོམ་ལྡན་འདས་ཞེས
བྱ་བ་ལ། དབང་ཕྱུག་ལ་སོགས་པ་ཕུན་སུམ་ཚོགས་པ་དྲུག་ནི་སྐལ་བ་སྟེ། ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང། །དཔལ་དང་གྲག་དང་ཡེ་ཤེས་དང། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་བྱ་ཞེས
བཤད་པ་ལྟ་བུའོ། །སྐལ་བ་དེ་འདི་ལ་མངའ་བས་ན་བཅོམ་ལྡན་འདས་སོ། །འདི་ལྟར་དབང་ཕྱུག་ཉིད་ནི་གཞན་གྱི་དབང་མ་ཡིན་པ་ཉིད་དོ། །དེ་ནི་བཅོམ་ལྡན་འདས་ཀྱི་ཕུན་སུམ་ཚོགས་པ་ཡིན་ཏེ་བག་ཆགས་དང་བཅས་པས་མི་སྒྲིབས་ཐམས་ཅད
སྤངས་པའི་ཕྱིར་རོ། །ཤེས་བྱ་ཐམས་ཅད་ལ་རྣམ་པ་ཐམས་ཅད་རྟག་ཏུ་ཐོགས་པ་མེད་པའི་ཡེ་ཤེས་མངའ་བས་ན་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ཉིད་ཀྱིས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ
སྒྲ་རྣམ་པར་གྲགས་པ་ན། གྲགས་པ་ཕུན་སུམ་ཚོགས་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་དོན་རྣམ་ཀྱིས་བརྟེན་པར་བྱ་བ་ཡིན་པས་ན་དཔལ་ཕུན་སུམ་ཚོགས་པའོ། །དཔེ་མེད་པའི་མཚན་དང་དཔེ་བྱད
རྣམས་ཀྱིས་བརྒྱན་པའི་སྐུ་མངའ་བས་ན་གཟུགས་ཕུན་སུམ་ཚོགས་པའོ། །རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ལ་སོགས་ལྡོག་པ་མི་མངའ་བས་ན་བརྩོན་འགྲུས་ཕུན་སུམ་ཚོགས་པའོ། །འདིར་བཅོམ་ལྡན་འདས་གང
ཞིག་ཡིན་ཞེ་ན། དུས་དེར་སྟོན་པ་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུར་གྲགས་པའི་རྡོ་རྗེ་འཆང་ཆེན་པོའོ། །བཞུགས་པ་ཞེས་བྱ་བ་ནི་གནས་པར་མཛད་པའོ། །བཞུགས་པའི་ཚིགས་ནི་མཉམ་པར་འཇོག་པ་ལ་ཡང་འཇུག་སྟེ།
སངས་རྒྱས་བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་ནོ། །དེ་བས་ན་འདི་དང་བཅོམ་ལྡན་འདས་སྦྱར་ན་སངས་རྒྱས་ཀྱི་བཞུགས་པ་རྣམ་པ་བཞི་བསྟན་པ་ཡིན་ལ། ལྷག་མ་ནི་ཅི་རིགས་པར་སྦྱར་རོ། །དེ་ལ་སངས་རྒྱས
རྣམས་ཀྱི་སྐུའི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་ནི་དེ་རྣམས་ཀྱི་སྤྱོད་ལམ་གྱིས་བཞུགས་པའོ། །གསུང་གི་འཕྲིན་ལས་གང་ཅི་ཡང་རུང་བ་དེ་ནི་ཆོས་འཆད་པས་བཞུགས་པའོ། །ཏིང་ངེ་འཛིན་ལས་སྙོམས་པར་འཇུག་པར་མཛད་པ་དང། རང
བཞིན་གྱིས་མཉམ་པར་བཞག་པའི་ཐུགས་ཀྱི་འཕྲིན་ལས་གང་ཅི་ཡང་རུང་བ་དེ་ནི་ཏིང་ངེ་འཛིན་གྱིས་བཞུགས་པའོ། །སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་གཟིགས་བ་དང། ལྷ་རྣམས་ཉེ་བར་བསྡུ་བར་མཛད་པའི་ཐུགས
ཀྱི་འཕྲིན་ལས་གང་ཡིན་པ་དེ་ནི་ནང་དུ་ཡང་དག་འཇོག་གིས་བཞུགས་པ་ཞེས་བྱའོ། །གང་ན་བཞུགས་ཞེས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་རྣམས་ཇི་ལྟ་བ་བཞིན་དུ་རྟོགས
ཤིང་མཁྱེན་པ་འམ། དེ་རྣམས་དེ་བཞིན་དུ་སྟོན་པར་མཛད་པ་ན་དེ་བཞིན་གཤེགས་པ་སྟེ། སངས་རྒྱས་རྣམས་སོ། །གཤེགས་པ་ནི་མཁྱེན་པའི་དོན་ཡིན་པའི་ཕྱིར་རམ། ངེས་པའི་ཚིག་གི་ཚུལ་གྱིས་??་ད་ལྟར་བྱས་པའི་ཕྱིར་རོ།།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་རྣམས་ཀྱི་སྙིང་པོ་ནི་དོན་དམ་པ་སྟོང་པ་ཉིད་དེ། དེ་ཉིད་ཀྱི་ཕྱིར་གྲུ་གསུམ་ནམ་མཁའ་ལྟ་བུ་སྟེ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་དུ་ནི་བསྒོམ་པར་བྱ། །
ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་བཙུན་མོ་ནི་རིག་པ་བཅུའོ། །དེ་རྣམས་ཀྱི་བྷ་ག་ནི་པདྨའོ། །དེ་ཉིད་སྙིང་པོ་ཡིན་གྱི་འདི་དག་བུད་མེད་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་བཞིན་ཞེ་ན། སྙིང་པོ་དེ་ཉིད་དུ་ནུ་མ་དང། བཞིན་རས་ལ་སོགས་པའི་ཡན
ལག་གི་བྱེ་བྲག་གི་སྒོ་ནས་རབ་ཏུ་བྱེ་བ་ཡིན་ཏེ། གང་ཞིག་དངོས་མེད་ཉིད་ཤེས་རབ་ཅེས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང། ཐུགས་ཀྱི་སྙིང་པོ་ཡང་དེ་ཡིན་ལ། རྡོ་རྗེ་བཙུན་མོའི་བྷ་ག་ཡང
ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། ཆོས་འབྱུང་བའི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །དེ་བཅོམ་ལྡན་འདས་བཞུགས་པ་ནི་ཆོས་འབྱུང་བའི་ནང་དུ་ཆུད་པར་གཞལ་ཡ་ཁང་དུ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་གྲོང་ཁྱེར་ན་གནས་པའི་ཕྱུག
པོ་བྱ་བ་ནི་གྲོང་ཁྱེར་ཀྱི་ནང་དུ་གཏོགས་པའི་ཁང་བཟང་ན་ཞེས་བྱ་བའི་དོན་ཡིན་ནོ། །ཅིའི་ཕྱིར་དེར་བཞུགས་ཞེ་ན། གསང་བ་འདུས་པ་བཤད་པར་བྱའོ། །ཞེས་བསྟན་པའི་ཕྱིར་དེའི་སྐལ་པ་དང་ལྡན་པ་དང་ལྡན་པ་དྲང་བར་བྱ་བའི་ཕྱིར་རོ། །
གང་དང་ཐབས་གཅིག་བཞུགས་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཕུལ་དུ་བྱུང་བར་རྟོགས་པའི་ཕྱིར་རོ། །སེམས་པ་ནི་བསམ
པ་སྟེ། དེ་ཡང་འདིར་ཐོབ་པའི་ཕྱིར་མངོན་པར་སེམས་པའོ། འདི་རྣམས་ལ་བྱང་ཆུབ་སེམས་དཔའ་ཡོད་པས་ན་བྱང་ཆུབ་སེམས་དཔའ་ཨོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་འདི་རྣམས་ལ་ཤེས་དཔའ་ཆེན་པོ་ཡོད་པས་ན
སེམས་དཔའ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་བསམ་པ་ཡོད་པ་ཉིད་ཀྱི་ཕྱིར་རོ། །བཅོས་པའི་དོན་གྱི་སྦྱོར་བ་ནི་གསུམ་པ་ཡིན་ཏེ། དེ་རྣམས་དང་ཐབས་གཅིག་ཏུ་ཞེས་བྱ་བའི་དོན་ཏོ། །ཇི་སྙེད་ཅིག་གང་ཞེ
ན། བརྗོད་ཀྱི་མི་ལང་བའི་ཡང་བརྗོད་ཀྱི་མི་ལང་བའི་ཞེས་བྱ་བ་སྨོས་ཏེ། གྲངས་ཀྱི་མཛའ་བརྗོད་ཀྱི་མི་ལང་བ་དང། དེའི་མཚན་ཉིད་ཅན་ཡང་བརྗོད་ཀྱི་མི་ལང་བ་སྟེ། འདི་དག་ཙམ་མོ་ཞེས་བསྟན་པར་མི་ནུས་པའི་ཕྱིར་རོ། གང་དག་བརྗོད་ཀྱི་མི
ལང་བ་དེ་དག་དང། བརྗོད་ཀྱིས་མི་ལང་བའི་གྲངས་དེ་དག་འདི་ཙམ་ཡིན་ནོ། །ཞེས་བྱ་བར་བརྗོད་པར་ཡང་མི་ནུས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གྲངས་ཀྱིས་བགྲང་དུ་མེད་པ་དེ་དག་དཔེས་བསྟན་པར་བྱ་བའི་ཕྱིར། སངས
རྒྱས་ཀྱི་ཞིང་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཇི་སྙེད་བར་དུས་ཅིག་ན་སངས་རྒྱས་གཅིག་ཉིད་འབྱུང་བ་དེ་ནི་སངས་རྒྱས་ཀྱི་ཞིང་སྟེ། སྟོང་གི་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །དེ་ཡང
གླིང་བཞི་པ་དང། ཉི་མ་དང། ཟླ་བ་དང། རི་རབ་དང། འདོད་པའི་ཁམས་ཀྱི་ལྷ་རྣམས་དང། ཚངས་པའི་འཇིག་རྟེན་གྱི་བྱེ་བ་ཕྲག་བརྒྱ་གང་ཡིན་པའོ། །དེ་ལྟར་ན་གླིང་བཞི་པ་ལ་སོགས་པ་རེ་རེ་ཞིང་སྟོང་གང་ཡིན་པ་དེ་ནི་སྟོང་སྤྱི་ཕུད་ཀྱི་འཇིག
རྟེན་གྱི་ཁམས་སོ། །སྟོང་ཆུང་དུ་སྟོང་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གཉིས་པ་སྟོང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་ཏེ། མཉམ་དུ་འཇིག་ཅིང་མཉམ་དུ་ཆགས་སོ། །དེ་སྐད་དུ་ཡང།
གླིང་བཞི་པ་དང། ཉི་ཟླ་དང། །རི་རབ་དང་ནི་འདོད་ལྷ་དང། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟེང་ནི་སྤྱི་ཕུང་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ
འཇིག་ཅིང་ཆགས་པ་ཡིན་ཞེས་བཤད་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་གི་རི་རབ་ཉིད་བྱེ་བ་བརྒྱ་ཕྲག་གཅིག་སྟེ། དེ་རྣམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དེ་སྙེད་དེ། དེ་དང་གྲངས་མཚུངས་པའོ། །ཁྱད་པར་མེད་པར་བསྟན་པ་རྣམས་ཀྱི་ཁྱད
པར་བསྟན་བར་བྱ་བའི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐྱེས་པ་དང་བུད་མེད་ཀྱི་ལྷ་རྣམས་ནི་ཞི་གནས་དང་ལྷག་མཐོང་ཡིན་ཏེ། དེ་བས
བཞི་གནས་དང་བཅས་པའི་དེ་བཞིན་ཉིད་དང། དེའི་རྣམ་པ་ཅན་གྱི་ཡང་དག་པའི་ཡེ་ཤེས་ནི་ལྷག་མཐོང་ངོ། །དེའི་ཕྱིར་ཐེག་པ་ཆེན་པོའི་དེ་ཁོ་ན་ཉིད་ནི་གཉིས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །དེ་ཁོ་ན་ཉིད་དེ་ནི་མི་ཟད་པའི་རིན་པོ
ཆེ་ཡིན་པས་ན་རྡོ་རྗེ་སྟེ། དེའི་ཕྱིར་གདོན་མི་ཟ་བའི་མཐར་ཐུག་བའི་ལྷ་རྣམས་ནི་རྡོ་རྗེའོ། །འདི་ལས་ཐམས་ཅད་ཐོབ་པར་འགྱུར་བས་ན་དམ་ཚིག་གོ་།དམ་ཚིག་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་དམ་ཚིག་རྡོ་རྗེ་སྟེ། ཀུན་ཏུ་བཟང་པོའོ། །སྐུ
ནི་གནས་ཏེ་ས་ཉིད་གནས་པ་ཡིན་པས་ན་སྐུ་སྟེ། སའི་སྙིང་པོའོ། །གསུང་གི་ཆོས་རྣམས་འཛིན་པའི་ཕྱིར་ཕྱག་ན་རྡོ་རྗེའོ། །ཐུགས་ནི་ནམ་མཁའ་ཨི་སྙིང་པོ་སྟེ། སེམས་ཀྱི་རིན་པོ་ཆེ་མངའ་བའི་ཕྱིར་རོ། །ཏིང་ངེ་འཛིན་ནི་འཇིག་རྟེན་དབང་ཕྱུག་སྟེ།
སེམས་བསྟན་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྒྲིབ་པ་ལས་རྒྱལ་བར་བྱེད་པས་ན་རྒྱལ་བ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ས་ལ་སོགས་པ་དང། ཆོས་མཐུན་པའི་ཕྱིར་ས་ལ་སོགས་པ་ནི་སྤྱན་དང། མཱ་མ་ཀཱི་དང། གོས་དཀར་མོ་དང
སྒྲོལ་མ་སྟེ། དེ་དག་གིས་གོ་རིམ་བཞིན་དུ་སེམས་ཙམ་དུ་འཛིན་པའི་ཕྱིར་དང། གཉིས་ཟད་པར་སྡུད་པའི་ཕྱིར་དང། མཉན་པ་ཉིད་ཉམས་སུ་མྱོང་བའི་ཕྱིར་དང། བསྒོམ་པས་སྨིན་པར་བྱེད་པའི་ཕྱིར་དང། ཐམས་ཅད་དུ་སྐྱོད་པར་བྱེད་པ་ཡིན་པའི་ཕྱིར་རོ།
ནམ་མཁའ་ནི་འབྱུང་བ་ལྔ་པའོ། །དེ་ཉིད་ནི་རྡོ་རྗེ་འཆང་སྟེ། །དེ་ཡང་དཀྱིལ་འཁོར་བའི་ལྷ་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཅན་རྣམས་སྟོང་པ་ཉིད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་རིག་པ་དང། ཐབས་དང་ལྡན་པ་དག་སྟེ། ལྷ་རེ་
རེར་སོ་སོར་ངེས་པར་བསྟན་པ་ནི་སྦྱོར་བའི་བྱེ་བྲག་གིས་སོ། །དེ་དག་ཡང་དམ་ཚིག་རྡོ་རྗེ་སོགས་དྲུག་དང། ས་ལ་སོགས་པ་རྣམ་པ་ལྔ་ཞེས་གང་གསུངས་པའོ། །དེ་བས་ན་ཚིག་བཞི་པོ་འམ། ཚིག་གཅིག་གིས་ཁྲོ་བོ་བཞི་པོ་དག་ཀྱང་བསྟན་ཏོ
ཞེས་བྱ་བ་ནི་རིག་པ་ཡིན་ནོ། །དེ་དག་བརྟན་པ་ཉིད་དང། བསམ་གཏན་དང། རི་མོའི་དཀྱིལ་འཁོར་དག་ལས་གསུངས་པའི་ཕྱིར་རོ། །དེའི་རང་བཞིན་ཡིན་པའི་ཕྱིར། དཔེ་མེད་པའི་སངས་རྒྱས་ཀྱི་སྐུ་དང། གནས་དང། མཛའ་
ཡས་པའི་ལོངས་སྤྱོད་ཀྱི་གཟུགས་ལ་སོགས་པ་དེ་དག་ཐམས་ཅན་ལ་གཟུགས་ལ་སོགས་པའི་སྒྲར་འདིར་བཤད་དེ། དེ་རྣམས་ཀྱང་མཆོད་པའི་ལྷ་མོ་དྲུག་ཡིན་ལ། འདིར་བྱང་ཆུབ་སེམས་དཔའ་ཨི་ཚུལ་དུ་བརྗོད་པའི་ཕྱིར། །ལྷ་མོ་རྣམས་ལ་ཡང་སྐྱེས་པའི་རྟགས
ཀྱི་མིང་དུ་བྱས་པ་ཡིན་ནོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི། འདི་དག་གཙོ་བོར་གྱུར་པ་དང་སྟེ། གཙོ་བོར་གྱུར་པ་ཡང་རྟག་ཏུ་དེའི་དཀྱིལ་འཁོར་ལ། དེ་དག་དཀྱིལ་འཁོར་བ་ཉིད་ཡིན་པའི་ཕྱིར་རོ། །ཁྲོ་བོའི་དཀྱིལ་འཁོར་ནི་རྟག་ཏུ་མ་ཡིན་ཏེ། སྲུང
བའི་དོན་ནམ་འགོག་པའི་དོན་དུ་རེས་འགའ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་འདོད་པའི་རྒྱལ་པོ་ལ་སོགས་པ་དྲུག་ནི་མ་གསུངས་པ་ཡིན་ནོ། །དཀྱིལ་འཁོར་གྱི་བདག་པོ་ལ་ནི་ངེས་པ་ཡོད་པ་མ་ཡིན་ཏེ། རེས་འགའ་ནི་གཅིག་པུ
ཉིད་དཀྱིལ་འཁོར་གྱི་གཙོ་བོ་ཡིན་ཏེ། དེ་ཡང་བཅོམ་ལྡན་ཞེས་བྱ་བའི་སྐབས་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདུལ་བར་བྱ་བ་ཡིན་པས་གསང་བ་མ་ཡིན་ནོ། །དེ་བས་ན་ཐབས་ཅིག་ཏུ་བཞུགས་པ་བསྟན་ནས། འདུལ་བར
མཛད་པ་པོ་དེ་བཞིན་གཤེགས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་པ་ནི་གསང་བར་བྱ་བ་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ལ་སོགས་པ་ཕྱིས་སྨོས་པ་ཡིན་ཏེ། ནམ་མཁའ་ཨི་དབྱིངས་དང་མཉམ་པར་བཤད་ཅིང་བསྟན
པ་སྟེ། དེ་ཡོངས་སུ་གང་བའི་གྲངས་སྙེད་དང་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་དང། རྣམ་པར་རྟག་པའི་རྣམས་ཀྱིས་གཡོ་བར་མ་ནུས་པས་ན་མི་བསྐྱོད་པ་སྟེ། རྣམས་ཚོགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན
པའི་ཕྱིར་རོ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་བསྡུས་པས་རྣམ་པར་སྣང་མཛད་པ་ཉིད་ཀྱིས་ན་རྣམ་པར་སྣང་མཛད་དོ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་མཉམ་པའི་སེམས་བསྐྱེད་པའི་རིན་པོ་ཆེ་ནི་མཉམ་པ་ཉིད་ཀྱི
ཡེ་ཤེས་ཏེ། དེ་ལས་དོན་ཐམས་ཅད་གྲུབ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་རྟོག་གི་མཚན་ཉིད་འདི་ལ་མངའ་བས་ན་རིན་པོ་ཆེ་དཔལ་ལོ། །རིན་པོ་ཆེ་ལས་སོ་སོར་རྟོག་པའི་སྣང་བ་དཔག་ཏུ་མེད་པའི་རྒྱུར་གྱུར་པས་ན་འོད་དཔག་ཏུ་མེད་པ་སྟེ། འོད་ཚད
མེད་པ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པའི་དོན་གྱི་ལས་རྣམས་དོན་ཡོད་པར་མཛད་པས་ན་གདོན་མི་ཟ་བ་སྟེ། དོན་ཡོད་པར་གྲུབ་པ་ཞེས་བྱའི་དོན་ཏོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་གཙོ་བོར་གྱུར་པ་དང་སྟེ། ལྔ་པོ་ཉིད་དཀྱིལ་འཁོར་པ་ཡིན་པའི
ཕྱིར་རོ། འདི་ལྟ་སྟེ་ཞེས་བྱ་བའི་ནི་ནམ་མཁའ་ཨི་དབྱིངས་དང་མཉམ་པ་ཉིད་དུ་རབ་ཏུ་སྟོན་པར་བྱེད་དོ། །དཔེར་ན་ཞེས་བྱ་བ་ནི་ཡོངས་སུ་གསལ་བར་ཞེས་བྱ་བའི་དོན་ཏོ། །ཏིལ་གྱི་གང་བུ་ཞེས་བྱ་བ་ནི་ཏིལ་འབྲུའི་གང་བུ་སྟེ། དཔེར་ན་དེ་ཏིལ་རྣམས་ཀྱིས་ཤིན
ཏུ་གཅེར་ཏེ། ཡོངས་སུ་གང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་ཨི་དབྱིངས་ཐམས་ཅད་དུ་ཤིན་ཏུ་གང་བར་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་ཀུན་ནས་སྣང་བར་གྱུར་པ་སྟེ། དེ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྟོགས་པའི་གདུལ་བྱ
རྣམས་ཀྱིས་མཐོང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནམ་མཁར་མཚམས་མེད་པར་གང་ན་བྱང་ཆུབ་སེམས་དཔའ་དེ་སྙེད་དམ། སེམས་ཅན་རྣམས་ཀྱི་གོ་སྐབས་ག་ལ་ཡོད། །གལ་ཏེ་རང་གིས་དེ་ལྟར་མཐོང་བ་འམ
གདན་ས་གང་དུ་འོང་བར་འགྱུར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་དབང་སྒྱུར་བའི་མཐུ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ལ། སྟོན་པའི་ཁྱད་པར་ཅན་དུ་གྱུར་པ་ཡིན་པ་གང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཛའ་ཡས
པ་དང། བདག་ཉིད་ཆོས་འབྱུང་གི་ཕྱག་རྒྱ་མཛའ་ཡས་པ་ཅིག་གི་ནང་དུ་གདུལ་བྱ་གྱོད་པ་མེད་པ་ཉིད་ཀྱིས་ཡོངས་སུ་གསལ་བར་མཐོང་བའི་ཕྱིར་འདི་ལ་ཐོས་པ་མང་པོ་དང་ལྡན་པ་རྣམས་ལ་ངོ་མཚར་དུ་གྱུར་པ་ཅིའང་མེད་དོ།
དེ་ལྟར་ན་དེ་ཙམ་ཉིད་ནི་རྒྱུད་ཀྱི་གླེང་གཞི་ཡིན་ལ། དེ་ལས་གཞན་པ་དག་ནི་རྒྱུད་ཀྱི་ལེའུ་ཡིན་ནོ། །དེ་ལ་ལེའུ་དང་པོ་ནི་ཐབས་ལས་བྱུང་བའི་རྒྱུད་ཡིན་ཏེ། བཅོམ་ལྡན་འདས་ཐབས་ལས་བྱུང་བའི་མཆོག་གསང་བ་འདུས་པ་ནི་ངེས་བསྟན་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དཔལ་ལྡན་སངས་རྒྱས་ཀུན་གྱི་བདག་།རྡོ་རྗེ་འཛིན་པ་ཆེན་པོའི་གནས། །སངས་རྒྱས་ཀུན་གྱི་ཐབས་བྱུང་བ། །དེ་ཉིད་ཆོས་ཀྱི་ཆོས་ཉིད་ཡིན་ཞེས་འཚང་པར་འགྱུར་རོ། །གཉིས་པ་ནས་བརྩམས་ཏེ། ལེའུ་བཅུ་དྲུག་ནི
ཐབས་ཀྱི་རྒྱུད་ཡིན་ནོ། །འདི་ལྟར་ཐབས་ནི་བཞི་སྟེ། བསྙེན་པོ་དང་ཉེ་བར་སྒྲུབ་པ་དང། སྒྲུབ་པ་དང། སྒྲུབ་པ་ཆེན་པོའོ། །དེ་ལ་དགའ་བ་ཅན་གྱི་ལེའུ་བཞི་ནི་སྒྲུབ་པ་ཆེན་པོ་སྟེ། དེ་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རྫོགས་ལྡན་གྱི་ལེའུ་བཞི
ནི་སྒྲུབ་པ་ཡིན་ནོ། །གཉིས་ལྡན་གྱི་ལེའུ་བཞི་ནི་ཉེ་བར་སྒྲུབ་པ་ཡིན་ནོ། །གསུམ་ལྡན་གྱི་ལེའུ་བཞི་ནི་བསྙེན་པ་ཡིན་ནོ། །དེ་སྐད་དུ་ཡང། ལྔ་པ་དང། དགུ་པ་དང། བཅུ་བདུན་པ་དང། བཅུ་གསུམ་པ་དང། སངས་རྒྱས་བྱང་ཆུབ་སེམས་རྣམས
ཀྱིས། བསྟན་པ་དག་ནི་སྒྲུབ་པ་ཆེན། །བཞི་པ་དང་ནི་བཅུ་དྲུག་པ། །བརྒྱད་པ་དེ་བཞིན་བཅུ་གཉིས་པ། །སློབ་དཔོན་སྤྱི་ཡི་ལས་དང་ནི། །དངོས་གྲུབ་བརྟུལ་ཞུགས་སྡོམ་མ་ཡིན། །དྲུག་པ་དང་ནི་གཉིས་པ་དང། །བཅུ་པ་དང་ནི་བཅུ་བཞི་པ།།
དྲག་སྤྱོད་རྗེས་སུ་ཆགས་པ་དང། །ཉེ་བར་སྒྲུབ་པ་སྡོམ་པའོ། །བདུན་པ་དང་ནི་གསུམ་པ་དང། །བཅུ་དང་གཅིག་དང་བཅུ་དང་ལྔ། །དངོས་གྲུབ་ཞིང་དང་ལྟས་དང་ནི། །བསྙེན་པ་སྒྲུབ་པའི་སྡོམ་པའོ། །ཞེས་འོག་མ་ནས་དེ་བཞིན་གཤེགས་པ
རྣམས་ཀྱིས་གསུངས་པ་ཡིན་ནོ། །འདིར་སྒྲུབ་པ་ཆེ་ཞེས་བྱ་བ་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པའི་སྡོམ་པའི་ཞེས་ཚིགས་སུ་བཅད་པ་བཞི་པའི་མཛའ་མར་གང་གསུངས་པ་དེ་ཚིགས་སུ་བཅད་པ་གཉིས་པའི་མཐར་བལྟ་བར་བྱའོ། །བཅུ་དང
བདུན་ཞེས་བྱ་བ་ནི་བཅུ་བདུན་པའོ། །དྲུག་ཅེས་བྱ་བ་ནི་དྲུག་པའོ། །བཅུ་དང་གཅིག་ཅེས་བྱ་བ་ནི་བཅུ་གཅིག་པའོ། །བཅུ་དང་ལྔ་ཞེས་བྱ་བ་ནི་བཅོ་ལྔ་པའོ། །ལེའུ་བཅུ་བདུན་པོ་འདི་དག་ནི་རྩ་བའི་རྒྱུད་ཏུ་བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན་ནོ། །ལེའུ
བཅོ་བརྒྱད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་རྒྱུད་ཕྱི་མ་ཡིན་ཏེ། དེས་རྩ་བའི་རྒྱུད་ཀྱི་ཚིག་དོན་སྦས་པ་བསལ་བར་བྱེད་པ་ཉིད་དོ། །དེ་བས་ན་ལེའུ་བཞི་བཞིས་ཐབས་རེ་རེ་ཉེ་བར་སྡུས་པ་ཡིན་ཏེ། ལེའུ་བཞི་ཚན་བཞིས་ཐབས
བཞི་དང། དང་པོས་ཐབས་ལས་བྱུང་བ་ཡིན་ཏེ། བཅུ་བདུན་པོ་འདི་དག་གིས་ནི་ཐབས་དང་ཐབས་ལས་བྱུང་བ་དང་བཅས་པ་ཡིན་ལ། བཅོ་བརྒྱད་པས་ནི་དེ་ཉིད་གསལ་བར་བྱེད་པ་ཡིན་ནོ། །དེ་ལྟར་ན་ལེའུ་བཅོ་བརྒྱད་པོ་དག་གིས་ཐབས་དང
ཐབས་ལས་བྱུང་བ་དང་བཅས་པ་དང། གསལ་བར་བྱེད་པ་བཅས་པ་བསྡུས་པ་ཡིན་པས་ན་རྒྱུད་འདི་ལེའུ་རྣམས་ཀྱི་འབྲེལ་པ་དང་བསྡུས་པའི་དོན་ཡིན་ནོ། །དེ་ལ་གཙོ་བོ་ཡིན་པས་ལེའུ་དང་པོའི་བརྗོད་པར་བྱ་བ་ནི་ཐབས་ལས་བྱུང་བ་ཡིན་ལ། དེའི
ཞར་ལ་བྱུང་བ་སྒྲུབ་པ་དང། སྒྲུབ་པ་ཆེན་པོ་ཡང་བསྟན་པ་ཡིན་ནོ། །དེ་ལྟར་ན་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ནི་ཐབས་ལས་བྱུང་བ་ཡིན་ཏེ། སྒྲུབ་པ་དེ་རྣམས་དང། དེ་དག་གི་གསང་བ་རྣམས
རོ་གཅིག་པ་ཅན་དུ་རང་ཉིད་ཀྱིས་མངོན་པར་རྫོགས་པར་རྟོགས་པ་ཡིན་ལ། རང་ཉིད་ཀྱི་མངོན་པར་རྫོགས་པར་རྟོགས་པ་ནས་སྒྲུབ་པ་ཆེན་པོ་དེ་དག་རབ་ཏུ་རྣམ་པར་ཕྱེ་སྟེ་གཞན་དག་ལ་ཡང་དག་པར་སྟོན་པ་ཡིན་ནོ། །དེ་ལྟར་ན་རང་དང
གཞན་གྱི་དབྱེ་བས་གསང་བ་འདུས་པ་འདི་ནི་རྣམ་པ་གཉིས་ཡིན་པ་དེའི་ཕྱིར་མེད་ན་མི་འབྱུང་བ་ཉིད་ཡིན་པས་ན་ཐབས་ལས་བྱུང་བ་བརྗོད་པར་བྱ་བའི་དོན་དུ་ལེའུ་དང་པོར་ཐབས་གཉིས་པོ་ཡང་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་བཅོམ
ལྡན་འདས་ནི་གླེང་གཞི་དང་འདྲ་བར་སྒྲུབ་པ་ཡང་རང་གི་ངོ་བོ་ཉིད་དུ་སྟོན་པར་མཛད་པ་ཡིན་གྱི་ཚིག་ཏུ་ནི་མ་ཡིན་ནོ། །སྡུད་པར་བྱེད་པས་ཀྱང་དེ་བཞིན་དུ་མཐོང་ཞིང་སྔར་སྟོན་པའི་བྱིན་གྱིས་བརླབས་ཉིད་ཀྱིས་ཇི་ལྟར་སྣང་བའི་ཚིག་དང། ཡི
ག་ཨེ་འདི་ཉིད་སྡུད་པར་བྱེད་པ་ཡིན་པ་ནི་དེས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་ནས་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ་ཞེས་བྱ་བའི
བར་དུ་རྒྱས་པར་བསྡུས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་གླེང་གཞི་ཕུན་སུམ་ཚོགས་པའི་དེ་མ་ཐག་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པའི་རང་བཞིན་ཅན་གྱི་རྡོ་རྗེ་ཅན་ནོ། །དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན
གཤེགས་པ་སྟེ་རིག་པ་དང་བཅས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་ལ་དེ་ཉིད་ཀྱི་ཚེ་རང་གི་བྱང་ཆུབ་ཡང་དག་པར་སྟོན་པར་མཛད་པས་ན་རྣམ་པར་སྣང་མཛད་དོ། །རྣམ་པ་ལྔ་དག་གིས་དེ་ཡང་དག་པར
སྟོན་པར་མཛད་པས་ན་རྣམ་པར་སྣང་མཛད་ཆེན་པོའོ། །དེ་ཉིད་ཀྱིས་དེས་འདི་ཡང་ཡིན་ལ་རྡོ་རྗེ་འཆང་གི་སྐུར་ཀུན་ཏུ་སྟོན་པར་མཛད་པས་རྡོ་རྗེ་ཡང་ཡིན་པའི་ཕྱིར་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་སྟེ། ཟླ་བའི་དཀྱིལ་འཁོར་དང། དང
པོའི་རྡོ་རྗེ་དང། དང་པོའི་སྙིང་པོ་དང། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང། གཞུག་པ་དང། སྔར་གྱི་སྐུར་རབ་ཏུ་སྦྱོར་བ་ཞེས་བྱ་བ་རྣམ་པ་ལྔས་ཞལ་གསུམ་དང་ཕྱག་དྲུག་པའི་དཔལ་མཆོག་དང་པོའི
སྐུ་ཐུགས་ཀར་ཟླ་བ་དང་རྡོ་རྗེ་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་བྱིན་གྱིས་བརླབ་པའི་ཚུལ་དུ་བྱུང་བའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་?་ནི་འོག་ནས་འབྱུང་བའི་ཆོ་གས་ཐམས་ཅད་ཞུ་བར་གྱུར་པའོ། །ཚུལ་ནི་དེའི
ཐབས་ཏེ་དཔལ་མཆོག་དང་པོ་རང་གི་གཉུག་མའི་རིག་མ་དང་སྦྱོར་བར་ལྡན་པའི་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་སྒོ་ལ་ཕྱོགས་བཅུར་ཁྱབ་པའི་སྔགས་ཀྱི་ལྷ་ཐམས་ཅད་སྤྲོ་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ཡང་དེ་སྐད་ཅེས་བྱའོ། །ཞེས་བྱ་བའི
སྒྲ་ནི་རབ་ཏུ་གསལ་བ་ཡིན་ཏེ་མིང་འདི་ཉིད་དུ་རབ་ཏུ་གྲས་པ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ལ་ཞེས་བྱ་བ་ནི་མཉམ་པར་བཞག་པ་སྟེ་སེམས་ནང་དུ་འཇོག་པའོ། །སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་ནས་སོ། །བཀོད་པ་ཞེས་བྱ་བ་ནི
ཚོགས་སོ། །དེ་དག་ཅེས་བྱ་བ་ནི་ཕྱོགས་བཅུར་སོན་པ་རྣམས་སོ། །བཞུགས་པར་མཛད་དེ། ཞེས་བྱ་བ་ནི་སངས་རྒྱས་ལྔའི་སྐུ་རང་གི་སྐུ་ལ་སོགས་པ་ལ་བསྡུས་ནས་དེའི་སྐུ་ལ་སོགས་པ་དང་དབྱེར་མི་ཕྱེད་པར་འཇོག་པར་མཛད་པའི་ཕྱིར་རོ། །སྐུ་རྡོ་རྗེ་ལ
སོགས་པའི་བདག་པོ་ཡིན་ཏེ། དེ་ལ་ཞུགས་པས་དེ་བདག་པོར་གྱུར་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རིག་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །ཉིད་ཀྱི་སྐུ་ཞེས་པ་ནི་རང་ཉིད་ཀྱི་སྐུའི་ཁྱད་པར་རོ། །མངོན
པར་སྤྲུལ་ནས་ཏེ་ཕྱུང་ནས་སོ། །མངོན་པར་བྱུང་བར་གྱུར་ཏོ། །ཞེས་བྱ་བ་ནི་དེ་དག་ཉིད་མཐོན་པོར་གྱུར་པའོ། །དེ་ལ་ཞེས་བྱ་བ་ནི་དམིགས་ཀྱི་དཀར་པའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ་དེའི་སྤྱན་ཡིན་གྱི་ནམ་མཁའ་ཨི་སྤྱན་ན་མ་ཡིན་ནོ། །དམ
ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ་སྒྲོལ་མ་ཡིན་གྱི་པདྨའི་སྒྲོལ་མ་ཡིན་ནོ། །ཀུན་ཏུ་གནས་པར་གྱུར་པ་ནི་ཡང་དག་པར་གནས་པར་གྱུར་པའོ། །གང་དུ་ཞེ་ན། དེར་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་འཆང་དེའི་རིག་པ་ལ་ཞེས་བྱ་བའི་དོན་ཏོ། །གང་ཤེས
ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་དེ་ཁོ་ན་ཉིད་ནི་གཟུགས་རྡོ་རྗེ་ལ་སོགས་པའོ། །ཅིའི་ཕྱིར་དགུ་པ་ཉིད་ཡིན་?། འདི་ལྟར་བཅུ་པའི་ནང་དུ་བསྡུ་བར་བྱ་བ་ཡིན་ཏེ། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། ཡེ་ཤེས
འཁོར་ལོ་ཅན་རྣམས་བསྡུ། །ལྷ་མོ་དགུ་ནི་སྤྲོས་ནས་སུ། །སྒྲུབ་པར་བྱ་བའི་ལུས་ལ་དགོད་ཅེས་བཤད་པ་ཡིན་ནོ། །རིག་བྱ་དང་རིག་པ་གཉིས་སུ་མེད་པར་བྱས་པའི་ཕྱིར་དེ་ཉིད་ནི་བཅོམ་ལྡན་མི་བསྐྱོད་པའོ་ཞེས་བཤད་དོ། །དེ་བཞིན་གཤེགས་པ
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་རྣམས་ཀྱི་སྙིང་པོ་ཡང་ཡིན་ཞིང་རྡོ་རྗེ་བཙུན་མོའི་བྷ་ག་ཡང་ཡིན་ནོ་ཞེས་བྱ་བར་ཚིག་བསྡུའོ། །རྡོ་རྗེ་བཙུན་མོ་རིག་པ་བཅུའོ། །དེ་རྣམས་ཀྱི་བྷ་ག་ནི་རོ་གཅིག་པར་གྱུར་པ་རྣམས་ཀྱི་ངོ་གཅིག་པར་གྱུར
པའི་པདྨ་སྟེ་དེ་དག་གི་དེའི་ལྟེ་བའི་དབུས་ནས་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ལ་ཨ་ཡིན་ཡང་དག་པར་རྟོགས་པ་སྟེ། ཡེ་ཤེས་སེམས་དཔའ་ཨོ། །ས་མ་ནི་སྐྱེད་པར་བྱ་བ་དོན་དུ་མཚུངས་པར་བྱོན་པ་གང
ཡིན་པ་སྟེ། བྱང་ཆུབ་སེམས་དཔར་བྱ་བའི་ཕྱིར་གང་ཞིག་བྱོན་པ་དེ་དམ་ཚིག་ཆེན་པོའོ། །དེའི་དཀྱིལ་འཁོར་ནི་གཞལ་ཡས་ཁང་ངོ། །སྡུག་བསྔལ་མེད་པ་ཞེས་བྱ་བ་ནི་ཟག་པ་མེད་པའོ། །གྲུ་བཞི་ཞེས་བྱ་བ་ནི་ཕྱི་རོལ་གྱི་རིམ་པ་སྟེ། ནང་གི
རིམ་པ་ནི་ཟླུམ་པོ་ཉིད་ཡིན་ནོ། །བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་ལྷ་མོ་བཞི་ཡོངས་སུ་གྱུར་པ་ལས་སྤྲུལ་པའོ། །གསལ་བ་ནི་དྲི་མ་མེད་པའོ། །དེའི་ངོ་བོ་ཉིད་ཅེས་བྱ་བ་ནི་དམ་ཚིག་ཆེན་པོའི་ངོ་བོ་ཉིད་དོ། །སྣ་ཚོགས་གཟུགས་ཀྱིས་ཞེས་བྱ
བ་ནི་སྒོ་དང་རྟ་བབས་དང་ཁ་ཁྱེར་གྱི་ལྷ་མོ་རྣམས་དང་ཀ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ཅན་ནོ། །སངས་རྒྱས་ཡིན་ཏེ་འཕྲོ་བས་སོ། །ཀུན་ཏུ་ཁྱབ་པ་ནི་སྣ་ཚོགས་པར་གྱུར་པའོ། །འོད་ཟེར་འཕྲོ་བ་མང་མ་ནི་འོད་ཟེར་གྱི་དྲ་བ་སྟེ་མགྱོགས
པའི་ཤུགས་ཀྱིས་ཀུན་ཏུ་ཁྱབ་པའོ། །དེས་ཀུན་ཏུ་འཁྲུགས་པ་ནི་ཁྱབ་པའོ། །གསལ་བ་ལ་སོགས་དཀྱིལ་འཁོར་ཞེས་བྱ་བ་ནི་ཟླ་བ་ལྔ་དང་ཟླ་བ་དང་ཉི་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ་དེའིའོ། །ཇི་ལྟར་དེ་བཞིན་གཤེགས་པ་ཐམས
ཅད་ཀྱི་ཡིན་ཞེ་ན། དེའི་རང་བཞིན་གང་ཡིན་པ་སྟེ་གནས་ནི་མཐར་པའི་གྲོང་ཁྱེར་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་དེ་བཞིན་ནི་རང་གི་ལྟ་ཇི་ལྟ་བ་བཞིན་ནོ། ། ཀ་ཏ་ནི་བྱོན་པའོ། །ཐམས་ཅད་ནི
རྣམ་པ་དང་ཚོགས་དང་འཁོར་རྣམས་ཏེ་དེ་རྣམས་རང་གི་ལྷ་ཇི་ལྟ་བ་བཞིན་དུ་བྱོན་པ་འདི་ལ་ཡོད་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཡང་ཡིན་ཏེ་དེ་དང་ལྷན་ཅིག་ཏུ་འོངས་པའི་རིགས་ལྔའོ། །མཆོག་ཏུ་བསྡུས
པ་ལ་བྱུང་བའི་ལྷ་ལྔ་སྟེ། དེ་གཉི་ག་དབུས་སུ་ཞེས་བྱ་བ་ནང་གི་རིམ་པར་བཀོད་པའོ། །འདིར་རྡོ་རྗེ་སེམས་དཔའ་བསྐྱེད་པ་ལ་ནི་དེའི་ཡེ་ཤེས་སེམས་དཔའ་བཀུག་སྟེ་དབུས་ཀྱི་ཟླ་བའི་གདན་ལ་བཀོད་པ་དེའི་དཀྱིལ་འཁོར་ཆེན་པོ་པ་རྣམས་ལྷ་མོ་ལྔར་བསྡུས་ཏེ་གོས
དཀར་མོ་གཉིས་གཅིག་ཏུ་བྱས་པས་དགའ་མ་གཞིར་བྱས་ཏེ། ངོས་བཞིའི་ཟླ་བ་ལ་དགོད་དོ། །གཞན་རྣམས་ལ་ཡང་ཡེ་ཤེས་སེམས་དཔའ་དབུས་སུ་བཀོད་ལ་དཀྱིལ་འཁོར་ཆེན་པོ་རྒྱལ་བ་ལྔར་བསྡུས་ལ། དེ་ལས་གཅིག་ནི་འཁོར་ལོའི་བདག་པོ་ལ
བསྟིམས་ལ་བཞི་ནི་ངོས་བཞིའི་སོ་སོའི་གདན་ལ་དགོད་དོ། །ཕྱག་རྒྱ་བཞི་ཡིས་ཡོངས་བསྐོར་བ། །དཀྱིལ་འཁོར་དེར་ནི་བརྟག་པར་བྱ། །བདག་ཉིད་དབུས་སུ་གནས་བྱ་ལ། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཡེ་ཤེས
སེམས་དཔའ་དེ་ལ་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔས་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདིར་བཅོམ་ལྡན་འདས་ནི་བྱང་ཆུབ་གྱི་སེམས་སྟོན་པར་མཛད་པ་ཉིད་ཡིན་པས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ
སོགས་པ་ལ་དེ་བཞིན་གཤེགས་བ་ལྔ་པོ་ཐུགས་ལ་ཞུགས་པ་འདི་ཡང་བྱང་ཆུབ་ཀྱི་སེམས་ཞི་བ་ཡིན་ཏེ་ནང་དུ་ཆུང་པ་ཉིད་ཀྱིས་བྱིའི་དོན་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་མནན་པ་ནི་ཞུ་བའི
ཚུལ་གྱིས་རོ་གཅིག་པར་གྱུར་པ་སྟེ། བྱང་ཆུབ་ཀྱི་སེམས་འདི་ནི་དངོས་དང་དངོས་མེད་ཟད་བ་པོ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་བྱའོ། །དེ་ཉིད་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་དང་བཅས
པའི་ཡེ་ཤེས་སེམས་དཔའ་ཨོ། །དེའི་བདག་པ་ནི་ནོར་བུའི་བུམ་པས་དབང་བསྐུར་བར་མཛད་པའི་ཕྱིར་རོ། །གང་ལ་སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པའི་ངེས་པར་འབྱུང་བ་ནི་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་སྟེ། དེ་ལྟ་བུར
གྱུར་མ་ཐག་ཏུ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ཨི་དབྱིངས་ཐམས་ཅད་ནི་པདྨ་ཐམས་ཅད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་སྐུ་གསུམ་མཉམ་པ་ཉིད་དེ། དེ་ཉིད་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞུ་བར་གྱུར་པའོ། །དེའི་ངོ་བོ་ནི་དེ
ཡོངས་སུ་གང་བའོ། །གནས་བའི་གྱུར་པ་ནི་རྣམ་པར་གནས་པ་སྟེ་དེ་ལྟར་ན་དབང་བསྐུར་བ་དང་པོའོ། །ནམ་མཁའ་ཐམས་ཅད་ནི་པདྨ་དེ་དག་ཉིད་ཐམས་ཅད་དོ། །དེའི་དབྱིངས་ནི་ཞུ་བ་དེ་ཉིད་དོ། །དེ་གནས་པ་ནི་ཀུན་གནས་པ་སྟེ་དེ་དག
ནང་དུ་ཡང་ཞུགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་རང་དང་བདག་པོའོ། །དེ་ལྟར་ན་དབང་བསྐུར་བ་ནི་གཉིས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད
ཀྱི་བདེ་བ་དང་ཡིད་བདེ་བ་ནི་གོ་རིམ་བཞིན་དུ་ལུས་ཀྱི་དང་སེམས་ཀྱི་ཚོར་བ་བདེ་བའོ། །དེ་ཐོབ་པ་ནི་རྙེད་པའོ། །གྱུར་ཏོ་ཞེས་བྱ་བ་ནི་རྫོགས་པ་སྟེ་རང་གི་ལུས་ཞུ་བ་ལས་བྱུང་བའི་འོད་ཀྱིས་དེ་རྣམས་ཀྱང་ཞུ་བར་གྱུར་པ་འདི་ནི་དབང་བསྐུར་བ
གསུམ་བ་སྟེ། ཞུ་བ་ནི་ཤེས་རབ་ཡིན་ལ་དེ་ཉམས་སུ་མྱོང་ཞིང་རྙེད་བ་ནི་ཡེ་ཤེས་སོ། །རྡོ་རྗེ་སེམས་དཔའ་ཨི་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བ་ནི་བཅས་པའི་དོན་གྱིས་གསུམ་པ་སྟེ། དེ་རྣམས་ཀྱིས་དེ་ཐོབ?་བར་གྱུར་པས་རྡོ་རྗེ་སེམས་དཔའ་བྱིན་གྱིས
བརླབས་པ་ལྷན་ཅིག་ཏུ་གྱུར་པའི་དོན་ཏོ། །རྡོ་རྗེ་དང་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ་དེར་བྱིན་གྱིས་བརླབས་པས་སོ། །དེ་ལ་རྡོ་རྗེ་དང་རྡོ་རྗེ་ནི་མ་དང་ཕ་སྟེ་བྱིན་གྱིས་བརླབས་ནི་དེ་དག་ཞུ་བའི་འོད་ཀྱིས་རྡོ་རྗེ་དག་ཀྱང་ཞུ་བར་གྱུར་བའོ། །སེམས་དཔའ་བྱིན་གྱིས
བརླབས་པ་ནི་ཞུ་བའི་འོད་སྤྲོས་པས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བའོ། །དེ་ལ་བདག་པོ་དང་བཅས་པའི་ལྷ་རྣམས་བསྡུས་པ་ལས་གྱུར་པའི་ཞུ་བ་ནི་གཙོ་བོའི་བྱང་ཆུབ་ཀྱི་སེམས་སོ། །ཆོས་ཐམས་ཅད་སྡུད་པར་བྱེད་པའི་ཡབ་ཡུམ
ཞུ་བར་གྱུར་པ་ནི་སྟོང་པ་ཉིད་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །སེམས་རྣམས་དབང་བསྐུར་བ་ནི་སྙིང་རྗེ་དབྱེར་མེད་པའི་སེམས་སོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་རྣམ་པ
ལྔའི་རང་བཞིན་དུ་གནས་པས་སྒྲིབ་པ་དག་ཅིང་ནམ་མཁའ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཆེན་པོ་དབུས་མའི་གདན་ལ་གནས་བར་བསམས་ལ་དེ་ལ་བྱང་ཆུབ་ཏུ་བསྒོམ་བར་བྱའོ། །དེ་ཡང་ཐམས་ཅད་རྡོ་རྗེའི་དངོས་བྱས་ལ། དེ་འོག་བྱང་ཆུབ
བསྒོམ་པར་བྱ་ཞེས་བཤད་པ་ཡིན་ནོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། ལྷ་མོ་བཞིས་གླུ་བཞིས་བསྐུལ་བའི་རྗེས་ཐོགས་ལ་ཞུ་བ་བསྡུས་པ་ལས་བྱུང་བར་རང་གི་གདན་ལ་གནས་པའི་རང་གི་ལྷའི་ས་བོན་ལས་དེའི་མཚན་མ་རྣམ་པར་བསྒོམ་ལ
དེའི་ལྟེ་བར་ས་བོན་དེ་ཉིད་ཕྲ་མོ་ནོར་བུའི་སྙིང་པོའི་ཐིག་ལེ་དང་ལྡན་པ་བསམས་ཏེ་ནོར་བུ་དེ་ཉིད་ལས་དཀྱིལ་འཁོར་པའི་སྤྲིན་ཐམས་ཅད་ཀུན་ཏུ་སྤྲོས་ལ། དེ་རྣམས་ཟླ་བ་དང་རྡོ་རྗེ་དང་སྔགས་ཡང་དག་པར་བསྡུས་ཏེ་ཡོངས་སུ་གྱུར་པ་ལས་རང་གི་ལྷའི
གཟུགས་སུ་བསྒོམ་པ་ཉིད་དོ། །འདི་དག་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ལྷ་མོ་བཞིས་བསྐུལ་བའི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ
ནི་སྒྲིབ་བ་མེད་པའི་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་ཞིང་དག་པ་ནམ་མཁའ་ཨི་དབྱིངས་ཀྱི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་བྱང་ཆུབ
ཀྱི་སེམས་དེ་ཉིད་དོ། །དེའི་དམ་ཚིག་ནི་བསྡུས་པའོ། །དེའི་འབྱུང་བ་ནི་རང་གི་གདན་ལ་གནས་པའི་ས་བོན་ཏེ་འདི་ལས་བྱུང་བས་ན་ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །རིགས
པ་དང་ལྡན་པའི་སྐྱེས་བུའི་རྣམ་པ་ཉིད་ཡིན་པའི་ཕྱིར་རིག་པའི་སྐྱེས་བུའི་གཟུགས་ཀྱང་དེ་ཡིན་ལ་བླ་ན་མེད་པ་ཉིད་ཀྱི་ཕྱིར་ཆེན་པོ་ཡང་ཡིན་པས་ནའོ། །འདི་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་གཟུགས་ཅན་ཏེ་སྐུ་གཉིས་ཀ་ཡང་ཞལ་གསུམ
པ་ཕྱག་དྲུག་པོ་སྙོམས་བར་འཇུག་པ་རང་གི་ལྷའི་གཟུགས་ཅན་ཞེས་བྱ་བའི་དོན་ཏོ། །ཆེན་པོ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ཀྱི་ཞེས་བྱ་བ་གསུངས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད།
ཀྱི་སྔགས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས་པ་ནས་བགེགས་མཐར་བྱེད་ཀྱི་བར་དུའོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་ནི་རྟེན་ཡིན་ཏེ་དེའི་རང་བཞིན་ཡིན་པའི་ཕྱིར་དང་དེ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །
བྱིན་གྱིས་བརླབས་སོ་ཞེས་བྱ་བ་ནི་སྦྲུལ་པར་གྱུར་པ་སྟེ་ལྷ་མོ་རྣམས་ཀྱིས་བསྐུལ་བའི་གླུ་བཞིས་སྙིང་པོ་བསྐུལ་བ་དང། དེས་གསུམ་རྡོ་རྗེའི་རང་བཞིན་སེམས། ཡེ་ཤེས་བཞིན་དུ་ལུས་བསྒོམ་མོ། །ཞེས་བཤད་པ་ཡིན་ནོ། །ཞལ་གསུམ
པ་ནི་སྐབས་སུ་བབ་པའི་བྱང་ཆུབ་ཆེན་པོའི་ཕྱག་རྒྱར་གྱུར་པའི་སྐུའོ། །ལྟ་བུར་ནི་དེ་ལྟར་སྣང་བའོ། །དེ་གཟིགས་པར་གྱུར་པ་སྟེ་ངེས་པར་དངོས་པོ་ཐམས་ཅད་དུ་སྣང་བར་ནི་མ་ཡིན་ཏེ། སངས་རྒྱས་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ?
ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །ཅིའི་ཕྱིར་སྤྱོད་ཡུལ་མ་ཡིན་ཞེ་ན། འདི་ལྟར་དཀྱིལ་འཁོར་གྱི་བདག་པོའི་སྐུ་ན་བྱང་ཆུབ་ཆེན་པོ་ཡིན
ལ་དེ་ཡང་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། དེ་ནི་མཆོག་ཏུ་གྱུར་པའི་སངས་རྒྱས་ཀྱི་ཆོས་རྣམས་རོ་གཅིག་པར་གྱུར་པའི་ཚོགས་ཆེན་པོ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ལས་ངེས་པ་གྲོལ་བ་ཡིན་ཏེ། ཇི་སྐད་དུ
དཔལ་རྡོ་རྗེ་རྩེ་མོ་ལས། སངས་རྒྱས་རྡོ་རྗེ་ཅན་རྣམས་ནི། །ངོ་བོ་ཉིད་ཀྱི་སྐུ་ཡིས་བྱུང། །རྨད་བྱུང་ཆོས་ཀྱི་རྒྱུད་ཆེན་པོ། །ཐར་པའི་མཆོག་ཏུ་རྟག་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས
ཀྱི་ཡུལ་མ་ཡིན་གྱི་རྣམ་པ་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་ལ་རྟག་ཏུ་ཐོགས་པ་མེད་པར་གཟིགས་པའི་སངས་རྒྱས་རྣམས་ཀྱི་ཡུལ་ཡིན་པར་འདོད་དོ། །འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡུལ་ཉིད་མ་ཡིན་ནམ།
འདི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ལས་སངས་རྒྱས་གཞན་མ་ཡིན་ལ་སངས་རྒྱས་ཀྱི་ཆོས་རྣམས་ཉིད་འདིར་དཀྱིལ་འཁོར་བ་དང་འཁོར་རྣམས་ཡིན་ནོ། །དེ་བས་ན་འདི་ལྟར་སངས་རྒྱས་ཀྱི་ཡུལ་ཡིན་ན་ཇི་ལྟར་འཁོར་རྣམས་ཀྱི་ཡུལ
མ་ཡིན་ཞེ་ན། དེ་ལྟར་ནི་འགྱུར་མོད་ཀྱི་འོན་ཀྱང་དཀྱིལ་འཁོར་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉིད་ཡིན་ལ་འཁོར་རྣམས་ནི་ངེས་པ་མ་ཡིན། །ལྷག་མ་ནི་བཅུ་བདུན་པ་དང་བཅོ་ལྔ་པ་ལས་འཆང་པར་འགྱུར་རོ། །གལ་ཏེ་བཅོམ
ལྡན་འདས་ནི་ཐོག་མའི་སངས་རྒྱས་ཡིན་ལ་མངོན་པར་རྫོགས་པར་སངས་རྒྱས་ཟིན་པས་མངོན་པར་རྫོགས་པར་འཚང་རྒྱ་མི་དགོས་སོ། །ཞེ་ན། འདི་ནི་སྟོན་པའི་མངོན་པར་བྱང་ཆུབ་སྟོན་པ་ཡིན་གྱི་མངོན
རྫོགས་པར་བྱང་ཆུབ་པ་ནི་མ་ཡིན་ནོ། །སྒྲུབ་པ་བཤད་ཟིན་ཏོ། །སྒྲུབ་པ་ཆེན་པོ་རྩོམ་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐད་ཅིག་མ་དེ་ལ་མངོན་པར་རྟོགས་པར་སངས་རྒྱས་པ་ན་རྣམ་པར་སྣང་མཛད་དོ། །ཐུགས
ཀ་ནས་ཞེས་བྱ་བ་ནི་ཐུགས་ཀའི་མཚན་མ་ལ་གནས་པའི་ས་བོན་ལས་སོ། །བྱུང་སྟེ་ཞེས་བྱ་བ་ནི་སྤྲོས་པའི་ཚུལ་དུའོ། །ཆེད་དུ་བརྗོད་པ་འདི་ཞེས་བྱ་བ་ནི་ལུས་ལས་བྱུང་བའི་རླུང་སྟེ་ཇི་ལྟར་དེ་རང་གི་ངང་གིས་བྱུང་བ་དེ་བཞིན་དུ་འཕགས
པ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་ཐུགས་སུ་ཆུད་པའི་དགྱེས་པས་ཀུན་ནས་བསླང་བའི་ཚིག་ཀྱང་ཡིན་པས་དེ་བས་ན་རླུང་དང་ཆོས་མཐུན་པའི་ཕྱིར་ཆེད་དུ་བརྗོད་པ་ཞེས་བྱའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །ཆེད་དུ
བརྗོད་དེ་ཞེས་བྱ་བ་ནི་རྗོད་པ་དེ་གྱུར་བའོ། །ཅིའི་ཕྱིར་དེ་དག་ཉིད་ཆེད་དུ་རྗོད་ཅེ་ན། དེའི་ཐུགས་ཀ་ནས་བྱུང་བ་ཉིད་ཀྱིས་དེའི་ཆོས་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས
བྱ་བ་ནི་གསང་བ་འདུས་པའི་འོ། །བྱང་ཆུབ་སེམས་ལས་རབ་བྱུང་བ་ཞེས་བྱ་བ་ནི་ཞལ་གསུམ་པ་དང་ཕྱག་དྲུག་པ་ལ་སོགས་པའི་ཚུལ་གྱིས་བྱང་ཆུབ་པའི་ངོ་བོར་བྱུང་བར་གྱུར་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་ཞེས་བྱ
བ་ནི་དེ་བཞིན་གཤེགས་པ་ཐམས་དང་འབྲེལ་བའི་གསང་བ་གསུམ་མོ། །རབ་ཏུ་མི་རྟོགས་ཅེས་བྱ་བ་ནི་སྤྲོས་པ་དང་མཚན་མ་ཐམས་ཅད་དུ་སྣང་བ་དང་བྲལ་བ་ཉིད་ཀྱིས་དེ་བཞིན་དུ་རོ་གཅིག་པ་ཉིད་ཀྱི་ཕྱིར་ཤིན་ཏུ་ཡང་རྣམ་པར།
རྟོག་པའི་ཡུལ་མ་ཡིན་པའོ། །རྟོག་པ་མེད་པའོ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་བག་ཆགས་དང་བཅས་པར་ཟད་པའི་ཕྱིར་མཆོག་ཏུ་ངང་བའི་ཐུགས་ཀྱི་བདག་ཉིད་ཅན་ནོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཡིན་པ་དེ
བས་ན་ཕྱག་མཚན་ལྔ་འཛིན་པར་མཛད་པའི་ཕྱིར་ཕྱག་དྲུག་པའོ། །གང་གི་ཕྱིར་གསང་བ་གསུང་མངའ་བ་དེ་བས་ན་ཞལ་གསུམ་པའོ། །གང་གི་ཕྱིར་རབ་ཏུ་མི་རྟོག་ཅིང་རྙོག་པ་མེད་པ་ཡིན་པ་དེའི་རིག་པ་དང་ལྡན་པའི་སྐྱེས་བུའི་བདག
ཉིད་ཅན་ནོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པའི་ཆོས་ལ་འདོད་པ་སྐྱེད་པར་བྱེད་པའི་ཆེད་དུ་རྗོད་པ་ཐོས་པའི་རྗེས་ཐོགས་པའོ། །ཡང་འདུས་ནས་ཞེས་བྱ་བ་ནི་སྡིར?་ནི་སྐུའི་འདུས་པ་མཛད་པ་ཡིན་ལ་དེ་ནི་གསོལ་བ་གདབ་པའི་དོན་དུ་དགོངས
པ་གཅིག་པའི་མཚན་ཉིད་ཅན་གྱི་འདུས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱང་དེ་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་རྡོ་རྗེ་འཆང་གི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནི་མཆོད
པ་པོའི་སྙིང་གའི་སྔགས་ལས་བྱུང་བའི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་སྤྲོས་པའི་དམ་ཚིག་ནི་འདའ་བར་མི་བྱ་བ་དང་བླ་ན་མེད་པའི་གཟུགས་དང་སྒྲ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་འཕྲོ་བའི་བདག་ཉིད་ཅན་ནོ། །
དེ་ཉིད་དེ་ཁོ་ན་ཉིད་ཡིན་ནོ། །རིན་པོ་ཆེ་ནི་ཁྱད་པར་དུ་འཕགས་པའི་དེ་ཁོ་ན་ཉིད་དེ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱི་སྤྲིན་ནི་ནམ་མཁའ་ཁྱབ་པའི་བཀོད་པའོ། །ཕྱག་འཚལ་ནས་ཞེས་བྱ་བ་ནི་ཕྱག་བྱས་ནས་སོ། །འདི་སྐད་ཅེས
བྱ་བ་ནི་ཇི་སྐད་དུ་འཆད་པར་འགྱུར་བའོ། །འདུས་པ་གསང་བ་ལས་བྱུང་བ་དེ་བཞིན་གཤེགས་པ་ཀུན་གྱིས་ཞེས་བྱ་བ་ལ་འདི་གསང་བ་རྣམས་ཀྱིས་བྱུང་བས་ན་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ཞེས་བྱ་བའི
དོན་ཏོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ་དེ་རྣམས་ཀྱི་སྙིང་པོ་ནི་ནོར་གྱི་མཆོག་ཏེ་ཆོས་ཐམས་ཅད་དོ། །དེ་རྣམས་ཀྱི་བཏུས་པ་ནི་བསྡུས་པའོ། །དེ་ཉིད་ཅེས་བྱ་བ་ནི་དོན་དམ་པ་སྟེ། ཐར་པའི་མཆོག་ཅེས་བྱ་བའི་དོན་ཏོ། །??
དུ་གསོལ་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཀྱི་རྣམ་པར་སྟོན་སྟེ་རྣམ་པར་ཕྱེ་ནས་གསུངས་ཤིག་པའོ། །གསང་བ་ཞེས་བྱ་བ་ནི་གཞན་རྣམས་ཀྱིས་མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པས་མི་རྟོག་པའོ། །གལ་ཏེ་འདི་ལྟར་གསང་བ
དེ་ཇི་ལྟར་ན་བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩོལ་བར་མཛད་པ་ཡིན་ཞེ་ན། རང་གི་ངོ་བོའི་སྒོ་ནས་བསྟན་པར་བྱ་བ་ཡིན་ནོ་འོ་ན་ཅི་ཡིན་ཞེ་ན། དེའི་རྒྱུ་མཐུན་པར་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུས་ཡང་དག་པར་བསྡུས་པ་ཕྱག་རྒྱ་ཆེན་པོ
ཀུན་ནས་ཡང་དག་པར་སྟོན་པའི་སྒོ་ནས་ཡིན་ཏེ། དེ་སྐད་དུ། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས། དེ་ནས་ངོ་བོ་ཉིད་སྐུ་ལས། སླར་ཡང་ལོངས་སྤྱོད་རྫོགས་སྐུར་བྱུང་ཞེས་བྱ་བ་དང། གསང་བའི་རོལ་མོའི་འཁོར་ལོ་ཡང། །ལོངས་སྤྱོད་རྫོགས
པའི་སྐུ་མཆོག་གིས་ཞེས་གསུངས་པ་དང། ཡང་ངོ་བོ་ཉིད་ཀྱི་སྐུ་ལས་ནི། མིག་ཡོང་ལྟ་བུར་ཡང་དག་བྱུང། །ལོངས་སྤྱོད་པ་ཡི་སྐུ་ཡིས་ནི། །ཆོས་ཀྱི་ལོངས་སྤྱོད་འདི་ལྟ་བུར། །ཐམས་ཅད་བརྗོད་མེད་གནས་པ་མེད། །ཞི་ཕྲ་ཤིན་ཏུ་བལྟ
དགའ་ཡིན། །སངས་རྒྱས་རྗེས་སུ་ཐུགས་བརྩེ་བས། །སངས་རྒྱས་རོལ་མོ་སྟོན་པར་མཛད། །ཅེས་གསུངས་པ་ལྟ་བུའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་བསྔགས་པའི་སྒོ་ནས་ཞལ་གྱིས་བཞེས་པར་མཛད་པའོ། །འོན་ཀྱང་ཞེས་བྱ་བའི་སྒྲ
ནི་ཁྱད་པར་དུ་བྱེད་པའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་གསང་བ་འདུས་པའི་མིང་ཅན་གྱིས་ལོངས་སྤྱོད་རྫོགས་བའི་སྐུའོ། །འདི་དག་གིས་ཐམས་ཅད་དེ་བཞིན་ཉིད་དུ་མཐོང་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས
སོ། དེ་རྣམས་ཀྱང་ཐེ་ཚོམ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་ལ་བསྟན་དུ་ཟིན་ཀྱང་འདིའི་ཆེ་བའི་བདག་ཉིད་ངེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདིར་ཐེ་ཚོམ་ནི་ངེས་པ་ཙམ་ཡིན་གྱི་ཐེ་ཚོམ་ཉིད་ནི་མ་ཡིན་ཏེ། དེ་ནི་བདེན་པ་མཐོང་པས་སྤངས་པ་ཉིད
ཡིན་པའི་ཕྱིར་རོ། །གཞན་རྣམས་ལྟ་ཅི་སྨོས་ཞེས་བྱ་བ་ནི་བདེན་པ་མ་མཐོང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་པའོ། །གལ་ཏེ་བདེན་པ་མ་མཐོང་བ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཇི་ལྟར་སྟོན་པར་མཛད་ཅེ་ན། དེ་ནི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས
པའི་སྐུ་དང་ཆ་འདྲ་བར་སྟོན་པ་ཡིན་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟོན་པར་མཛད་པ་ལྟ་བུ་ཡིན་ནོ། །ངོ་མཚར་དུ་གྱུར་པ་ནི་གཞན་དག་རང་གིས་བརྟགས་པར་མི་ནུས་པ་ཉིད་ཀྱིས་སོ། །རྨད་དུ་གྱུར་པ་ནི་ཤིན་ཏུ་ངོ་མཚར་དུ་གྱུར་པ་སྟེ་བསྟན་དུ་ཟིན
ཀྱང་ཆེ་བའི་བདག་ཉིད་ངེས་པ་མེད་པའི་ཕྱིར་རོ། །སངས་རྒྱས་རྣམས་མི་སངས་རྒྱས་ཀྱི་ཆོས་རྣམས་ལ་ངོ་མཚར་དང་རྨད་དུ་གྱུར་པ་མངའ་བ་ཡིན་ནོ། །འོན་ཀྱང་ངོ་མཚར་དང་རྨད་དུ་གྱུར་པའི་མིག་དང་ཡན་ལག་གི་འགྱུར་བ་ཐུགས་རྗེ་སྟོན་པར་མཛད་པས་ན
ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་ནི་རྡོ་རྗེ་འཆང་སྟེ། དེའི་གོ་འཕང་ཐོབ་པ་ཉིད་ཀྱིས་དེ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པའི་ཕྱིར་རོ། །འཚང་རྒྱ་བ་ཉིད་ནི་དེ་ལ་རག་ལས
པ་ཡིན་པའི་ཕྱིར་དེ་ནི་དེ་རྣམས་ཀྱི་བདག་པོ་ཡིན་པ་འམ། དེ་བཞིན་གཤེགས་པའི་གསང་བ་རྣམས་ཐམས་ཅད་དུ་སྟོན་པར་མཛད་པའི་ཕྱིར་ཆོས་ཀྱི་བདག་པོ་ཡིན་ནོ། །དེ་ཉིད་ཀྱིས་ན་དེ་དག་གིས་ཕྱག་འཚལ་ནས་གསོལ་བ་གདབ་པ་བཏབ་པའོ། །
དེའི་ཕྱིར་ཁ་ཅིག་ཏུ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་དང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་ཀྱང་བརྗོད་དོ། །གསོལ་ཏོ་ཞེས་བྱ་བ་ནི་ཡང་གསོལ་བ་འདེབས་པའོ། །གང་ཞེས་བྱ་བའི་སྒྲ་ནི་གང་གི་ཚེ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་དེའི་ཚེ
ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་རྣམས་ཀྱི་ཆོས་དེ་ཉིད་དོ། །དེ་རྣམས་ཀྱི་བྱིན་གྱིས་བརླབས་པ་ནི་དེ་རྣམས་གང་ལས་བྱུང་བའི་འབྱུང་གནས་ཏེ་དེ་ཡང་རང་གི་རིག་པའི་ཆུ་སྐྱེས་ཏེ?
ལྟེ་བའི་ནང་དུ་ཞུ་བ་སྤྲོ་བ་དང་བསྡུ་བ་ལས་བྱུང་བ་སྟན་ལ་གནས་པ་རང་གི་ས་བོན་ཡིན་ནོ། །དེ་མཛད་པ་ནི་བསྐྱེད་པ་སྟེ་དེ་ཡང་དག་པར་བསྟན་དུ་གསོལ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ་དེ་བཞིན་གཤེགས་པ
ཐམས་ཅད་ནི་དཀྱིལ་འཁོར་བ་ཐམས་ཅད་དོ། །དེ་རྣམས་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བ་ནི་བཀོད་པའི་ཁྱད་པར་སྟེ་དེའི་དོན་གྱི་ཚིག་ནི་བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པའི་ཚིག་གོ་།སྤྲོ་བ་དང་བསྡུ་བ་དང་རྒྱས་བཏབ་པ་དང་ངེས་པར་དགོད་པ་ཞེས་བྱ
བ་བཞི་ནི་རྡོ་རྗེ་དམ་ཚིག་སྟེ། གསང་བ་རྣམས་ཉེ་བར་སྒྲུབ་པའི་ཕྱིར་རོ། །ཚིག་གིས་ཟབ་པའི་ཆེ་བའི་བདག་ཉིད་དང་སྤྲོ་བ་ལ་སོགས་པས་རྒྱ་ཆེ་བའི་བདག་ཉིད་སྟོན་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་སོ། །དེ་བཞིན་གཤེགས་པ་ཐམས
ཅད་ཀྱི་བདེ་བ་དང་ཡིད་བདེ་བ་གང་ཡིན་པ་དེ་དག་མྱོང་བར་བགྱི་བ་ནི་དེའི་རང་བཞིན་དག་དེ་རྣམས་ཀྱིས་མཐོང་བ་དང་བསྒོམ་པས་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལྔ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས
དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་དང། བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །མངོན་པར་ཤེས་པ་དྲུག་སྟེ། ལྷའི་མིག་དང། ལྷའི་རྣ་བ་དང། གཞན་གྱི
སེམས་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང། ཟག་པ་ཟད་པ་ཤེས་པའོ། །དེ་དག་ཐོབ་ཅིང་རྙེད་པར་བགྱི་བ་དེ་ཉིད་ནི་འབྲས་བུ་སྟེ་དེའི་རྒྱུ་ནི་དེའི་དོན་དུའོ། །བར་གྱི་ཞེས་བྱ་བ་མཐར་ཐུག་པ?
ཚིག་གིས་ནི་འབྲས་བུར་གྱུར་པའི་སངས་རྒྱས་ཀྱི་ཆོས་རྣམས་བསྡུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྟེ་དེ་རྣམས་ཀྱི་རྡོ་རྗེ་ནི་རོ་ཅིག་པར་ཞུ་བ་སྟེ། དེའི་རང་བཞིན་ཅན་ཉིད་ཡིན་པས་མ་དེ་སྐད་ཅེས་བྱའོ། །ཞུ་བ
དེ་ཉིད་ནི་རིག་པ་དང་བཅས་པར་དཔལ་མཆོག་དང་པོའི་ཚུལ་དུ་མངོན་པར་རྫོགས་པར་སངས་རྒྱས་པས་དེ་བཞིན་གཤེགས་པའོ། །གསོལ་བ་བཏབ་པ་མཁྱེན་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་ཕྱོགས་གཅིག་གཟིགས་ནས་ཏེ། རིག
པའི་ཆུ་སྐྱེས་ཀྱི་ནང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་འབྱིན་པར་མཛད་ནས་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་སྒྲོན་མ་ཞེས་བྱ་བ་ནི་དོན་དམ་པ་གསལ་བར་བྱེད་པས་ན་ཡེ་ཤེས་ཀྱང་ཡིན་ལ་སྒྲོན་མ་ཡང་ཡིན
པས་ན་ཡེ་ཤེས་སྒྲོན་མ་སྟེ། ཤེས་བྱ་ལྔ་དང་ཡེ་ཤེས་ལྔ་གཉིས་སུ་མེད་པའི་རྣམ་པར་ཤེས་པའི་ཕུང་པོ་སྟེ་དེ་ཉིད་བཅོམ་ལྡན་འདས་མི་བསྐྱོད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མི་ཕྱེད་པའི་ཕྱིར་རྡོ་རྗེ
ཞེས་བྱའོ། །དེ་ལ་སྙོམས་པར་ཞུགས་པ་ནི་པདྨའི་ནང་ན་གནས་པའི་ས་བོན་ལས་རིགས་སྤྲོ་བའི་ཚུལ་གྱིས་མི་བསྐྱོད་པར་སྤྲུལ་བར་བཞེད་པའི་རྣམ་པ་ཅན་གྱི་ཐུགས་རྩེ་གཅིག་ཏུ་མཛད་ནས་བྱ་བའི་དོན་ཏོ། །ཞེ་སྡང་གི་རིགས་ནི་སྔགས་ཀྱི
ཏིང་ངེ་འཛིན་རྣམས་ཏེ་དེ་རྣམས་ཀྱིས་མཆོག་ནི་ནམ་མཁའ་ཁྱབ་པར་ཡོངས་སུ་གང་བའོ། །དེའི་སྙིང་པོ་བསྡུས་པ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །དེའི་སྙིང་པོ་ནི་དེ་ཁོ་ན་ཉིད་སྐུལ་བར་བྱེད་པའི་སྔགས་སོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས
རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བ་ལ་སྐུ་དང་གསུང་དང་ཐུགས་ནི་སེམས་དཔའ་གསུམ་མོ། །རྡོ་རྗེ་ནི་ཡེ་ཤེས་སེམས་དཔའ་ཨོ། །ཕྱུང་བ་ནི་དེ་དག་དང་ལྷན་ཅིག་ཏུ་བརྗོད་པའོ། །བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་དག་གི་དོན་ནི་གོ་རིམ་བཞིན་དུ
ལེའུ་བཅོ་བརྒྱད་པ་ལས་སྟོན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དཀྱིལ་འཁོར་གྱི་བདག་པོའོ། །དེའི་རིགས་པས་བསྐྱེད་པའི་སྐྱེས་བུ་ནི་རིག་པའི་སྐྱེས་བུ་སྟེ་ལུས་ཅན་གྱི་རིག
པའི་པདྨའི་ནང་དུ་ཕྱུང་བའི་ཡེ་ཤེས་ལྔ་ཞུ་བ་གང་ཡིན་པ་དེ་ནི་དོན་དམ་པ་ཉིད་རིག་པས་རིག་པའོ། །རིག་པ་བསྡུས་པ་ལ་སྐྱེད་པའི་རང་གི་སྟན་ལ་གནས་པའི་སེམས་ཀྱི་བདག་ཉིད་ཀྱི་ས་བོན་ནི་སྐྱེས་བུ་སྟེ་དེ་ནི་སྔར་དེ་བཞིན་གཤེགས
པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་སྒྲར་གསུངས་པ་གང་ཡིན་པའོ། །བཅོམ་ལྡན་འདས་དེ་ཉིད་བཞུགས་སོ། །ཞེས་བྱ་བ་ལ་ཇི་ལྟར་དེ་ཉིད་ཡིན་ཞེ་ན་དེའི་རང་བཞིན་ཡིན་པའི་ཕྱིར་ཏེ་ཞེ་སྡང་གི་རིགས་མཆོག་གི་སྔགས་རྣམས་དེ
ལས་སྤྲོས་ཏེ་བསྡུས་ནས་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་པོར་བྱས་པའི་ཕྱིར་རོ། །དེ་བས་ན་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ཡང་ཞལ་གསུམ་པ་ཕྱག་དྲུག་པ་ཐམས་ཅད་ཀྱི་སྐུ་ཡིན་ལ་སྦྱོར་བ་ཡང་དེ་དང་མཚུངས་པའི་ཤེས་རབ་ཀྱི་སྐུ
ཡིན་ཞིང། མཆོག་གི་མཆོག་ནི་ཐུགས་ཀར་ཉི་མ་དང་རྡོ་རྗེ་དང་ཉི་མ་དང་ཞེ་སྡང་གི་ཡི་གེ་ཧཱུཾ་སྟེ་དེ་དག་ཀུན་ཏུ་སྣང་བར་གྱུར་པ་ཉིད་ཀྱིས་བཞུགས་སོ། །ཕྱག་རྒྱ་ཆེན་པོ་འདི་ཇི་ལྟ་བུ་སྦྱོར་བ་ནི་ཇི་ལྟ་བུ་ཡིན་ཞེ་ན་ནག་པོ་དང་དཀར་པོ་དང་དམར་པོའི་ཚུལ
དུ་སྟེ། སྐུ་དང་རྩ་བའི་ཞལ་ནི་ནག་པོའོ། །ཞལ་གཡས་པ་ནི་དཀར་པོའོ། །ཞལ་གཡོན་པ་ནི་དམར་པོའི་ཚུལ་དུའོ། །གང་དུ་ཞེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག
པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལའོ། །གོ་རིམ་བཞིན་དུ་ཕྱག་རྒྱ་ཆེན་པོ་དང། སྦྱོར་བ་དང་མཆོག་གི་གོ་འཕང་དག་ལ་བཞུགས་པ་སྟེ་མི་སྣང་བར་གྱུར་བ་ཉིད་ཀྱིས་བཞུགས་སོ། །ཞེས
བྱ་བའི་དོན་ཏོ། །གལ་ཏེ་དཀྱིལ་འཁོར་གྱི་བདག་པོ་ཉིད་ལས་འབྱིན་པ་ཡིན་ན་དཀྱིལ་འཁོར་པ་ཐམས་ཅད་ཀྱི་རིགས་ཀྱང་དེ་ཉིད་ཀྱི་ཡིན་ཏེ་བདག་པོའི་དབྱེ་བས་རིགས་ཀྱི་དབྱེ་བས་ཐལ་བར་འགྱུར་རོ་ཞེ་ན། ཉེས་པ་འདི་ཡོད་པ་མ་ཡིན་ཏེ་རྒྱུད་འདིར
བསྐྱེད་པའོ། །རིགས་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། འདིའི་རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གཏི་མུག་དང་ཞེ་སྡང་དང་ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་རིགས་རྣམས་ཡིན་ལ་སངས་རྒྱས་རྣམས་ཀྱི་ནི་ཞེ་སྡང་ཡིན
ཏེ་ཞེ་སྡང་ནི་མཆོག་དང་པོ་ཡིན་ནོ། །ཞེས་བྱ་བ་ནི་གྲུབ་པའི་མཛའ་ཅན་ནོ། །འོ་ན་ཞེ་སྡང་གི་རིགས་ཀྱི་སྔགས་ཀྱི་མཆོག་དེ་སྤྲོས་པ་གང་ཡིན་པ་དེ་གང་ཞེ་ན། ལ་ལ་ནི་མི་བསྐྱོད་པ་ཉིད་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་དེ་བཞིན་གཤེགས
པ་ལྔའི་ཚོགས་ཁྲོ་བོར་གྱུར་པའོ་ཞེས་འདོད་དོ། །གཞན་ནི་ཁྲོ་བོའི་རིགས་དཔག་ཏུ་མེད་པ་ཡིན་ནོ་ཞེས་འདོད་དོ། །དེ་བཞིན་དུ་གཏི་མུག་གི་རིགས་ལ་སོགས་པ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད
ཀྱི་དམ་ཚིག་ནི་ཡང་དག་པར་རྟོགས་པ་སྟེ། གཟུགས་ཀྱི་ཕུང་པོའི་བདག་ཉིད་ཀྱིས་རྣམ་པར་སྣང་མཛད་དོ། །དེ་འབྱུང་བ་ནི་སྐྱེད་པ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་སྔ་མའི་རྗེས་སུ་འབྲངས་ནས་ཤེས
པར་བྱའོ། །དཀར་པོ་ནག་པོ་དམར་པོའི་ཚུལ་ཏུ་ཞེས་བྱ་བ་ནི་སྐུ་དང་རྩ་བའི་ཞལ་ནི་དཀར་པོའོ། །ཞལ་གཡས་པ་ནི་ནག་པོའོ། །ཞལ་གཡོན་པ་ནི་དམར་པོའི་ཚུལ་དུའོ། །སྤྱན་སྔར་བཞུགས་སོ། །ཞེས་བྱ་བ་ནི་བྱུང་ནས་ཤར་ཕྱོགས་ཀྱི་པདྨ་དང
ཟླ་བ་ལ་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་འབྱུང་བ་ཅེས་བྱ་བ་ལ་རིན་པོ་ཆེའི་རྣམ་པར་བྱུང་བས་ན་རིན་པོ་ཆེ་འབྱུང་བའོ། །ནོར་བུ་ནི་ཕྲ་མོ་སྟེ་དེ་ཡང་སྐུ་དང་ཐུགས་དང་གསུང་ཕྲ་མོ་མཉམ་པ་ཉིད་ལས་བྱུང་བའི
ཕྲ་མོ་ཡང་ཡིན་ལ་རྡོ་རྗེ་དཔལ་ཡང་ཡིན་ཏེ། དེ་བས་ན་ཚོར་བའི་ཕུང་པོའི་ངོ་བོ་ཉིད་ཀྱི་རིན་ཆེན་འབྱུང་ལྡན་ཏེ་བསམས་མ་ཐག་ཏུ་དོན་སྣ་ཚོགས་འབྱོར་པའི་ཕྱིར་ཡིད་བཞིན་གྱི་ནོར་བུའི་རིགས་སོ། །སེར་པོ་དང་དམར
པོ་དང་ལྗང་གུ་དག་གི་གཡོན་དང་གཡས་ཀྱི་ཞལ་དཀར་པོ་དང་ནག་པོ་ཉིད་དུ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་རིགས་པ་བཞི་ཡོངས་སུ་བསྡུས་པའི་གསང་བའི་ཚོགས་དེ་ཉིད་ལ་སོ
སོར་ཀུན་ཏུ་རྟོག་པ་སྟེ་དེ་ཡང་འདུ་ཤེས་ཀྱི་ཕུང་པོའི་བདག་ཉིད་ཀྱི་སྣང་བ་མཛའ་ཡས་སོ། །རྡོ་རྗེ་ནི་གསང་བའི་དམ་ཚིག་གོ་།དེ་རྣམས་ཀྱི་འདོད་ཆགས་ཀྱི་ནི་རིགས་རྣམས་སོ། །འདོད་ཆགས་དེ་ཉིད་ནི་ཀུན་ཏུ་ལྟ་བས་ན་གཟིགས་པ་སྟེ
དེའི་དབང་ཕྱུག་གོ་། ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཡིན་ལ་རིག་པ་ཆེན་པོའི་བདག་པོ་ཡང་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡང་དག་པར་རྟོགས་པའོ། །དེ་རྣམས་ཀྱི་གདོན་མི་ཟ་བའི་དམ་ཚིག་ནི་ཀུན་ཏུ་འགྲོ
བས་འབྲས་བུ་དང་བཅས་པ་སྟེ་དེ་ཡང་འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་ཀྱི་དོན་ཡོད་པར་གྲུབ་པའོ། །དམ་ཚིག་ནི་ཀུན་ནས་རྟོགས་པ་ཡིན་ལ་བཀུག་པ་ནི་འབྲས་བུ་ཉེ་བར་བྱེད་པའོ། །དེ་བཞིན་གཤེགས་པ་ལྔ་པོའི་སྡོམས་ནི་ཞེ
སྡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཤེས་པ་དང་ཤེས་བྱ་གཅིག་ཏུ་གྱུར་པའི་རྣམ་པར་ཤེས་པའི་ཕུང་པོ་སྟེ་བཅོམ་ལྡན་འདས་མི་བསྐྱོད་པའོ། །དེ་ཉིད་ཀྱིས་ན་ཐ་དད་དུ་འབྱེད་པའི་གཉེན་པོ་ཡིན་པས་གཉིས་ལ་ཞེ་སྡང་བའོ
སེམས་ཙམ་ཉིད་ཀྱིས་ཡེ་ཤེས་དོན་ལ་མི་དམིགས་པ་ནི་གཟུགས་ཀྱི་ཕུང་པོའི་བེམས་པོ་ཡིན་པས་གཏི་མུག་སྟེ་རྣམ་པར་སྣང་མཛད་དོ། །དེ་ཁོ་ན་ཉིད་མཚན་མའི་འདུ་ཤེས་ཀྱི་ཕུང་པོ་ནི་འདོད་ཆགས་ཏེ་འོད་དཔག་ཏུ་མེད་པའོ། །དེ་བཞིན
ཞེས་བྱ་བ་ནི་ཇི་ལྟར་ཞེ་སྡང་གཏི་མུག་དང་འདོད་ཆགས་རྣམས་ཉོན་མོངས་པ་ཡིན་པ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་དང་དམ་ཚིག་ཀྱང་ངོ། །ཡིད་བཞིན་གྱི་ནོར་བུ་ནི་ཡེ་ཤེས་ཙམ་དུ་རིག་པའི་ཚོར་བའི་ཕུང་པོའོ། །དེ་ཡང་ང་རྒྱལ་དང་དྲེགས་པ་སྟེ་ངར་རློམ
པའི་རང་བཞིན་ཡིན་པའི་ཕྱིར་རོ། །དམ་ཚིག་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ་གཏོང་བ་དང་ཡང་དག་པར་མཚོན་པ་དང་བདག་ཉིད་ཅན་ཞེས་བྱ་བའི་དབང་དུ་བྱས་ནས་ལྷག་མ་མི་མངོན་པས་དེ་ཉིད་ཕྲག་དོག་གོ་།སྔར་རྟོགས་པ་འདི་རྣམས་ནི་རང་རང་གི་སྔགས་ཀྱི་ལྷ
རྣམས་ཀྱི་རིགས་ཡིན་ཏེ་རིགས་སུ་གྱུར་པ་རྣམས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རིགས་ནི་དང་པོའི་རྒྱུད་དོ། །རྒྱུད་ཀྱང་སྔགས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་དབྱེར་མི་ཕྱེད་པས་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཡིན་ལ་དབྱེ་ན་རྣམ་པ
ལྔའོ། གཉིས་སུ་རྟོགས་པ་ཐམས་ཅད་ཉེ་བར་ཞི་བས་ན་ཞི་བའོ། །ཆོས་དང་ཆོས་ཉིད་དུ་སྣང་བ་ནུབ་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་ཟད་པའོ། །དུས་གསུམ་གྱི་སངས་རྒྱས་རྣམས་གསང་བ་རོ་གཅིག་པ་ཉིད་ཀྱིས་ན་གཙོ་བོའོ། །ཡང་དག་པ་ལ
སོ་སོར་རྟོག་པའི་ཕྱིར་སྟོང་པ་ཉིད་མི་ཕྱེད་པའོ། །སྣ་ཚོགས་པའི་དོན་མཛད་པའི་ཕྱིར་སྙིང་རྗེ་མི་ཕྱེད་པའོ། །དེ་སྐད་དུ་ཡང་ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཤེས་བཤད
པ་ཡིན། །ཞེས་འཆད་པར་འགྱུར་རོ། །ཞི་བ་ལ་སོགས་པ་ལྔ་པོ་འདི་དག་གཏི་མུག་དང་ཞེ་སྡང་དང། འདོད་ཆགས་དང་ང་རྒྱལ་དང་ཕྲག་དོག་ཉིད་ཡིན་པ་དེ་བས་ན་རིགས་ལྔ་པོ་ཡིན་ནོ། །འདོད་དང་ཐར་པ་རབ་སྒྲུབ་པ་ཞེས་པ་ནི་འདོད་ཆགས་དང་ཞེ
སྡང་གཏི་མུག་རང་བཞིན་དང་ལྡན་པ་སྣ་ཚོགས་ལ་ཁྱབ་པའི་སེམས་ནི་འདོད་པའོ། །དེ་ཡང་དོན་ཡོད་པར་གྲུབ་པ་སྟེ་འབད་པ་དང་བཅས་པའི་ཐམས་ཅད་མཁྱེན་པའོ། །དེ་ལས་འབད་པ་མེད་པའི་ཐམས་ཅད་མཁྱེན་པ་ནི་ཐར་པའོ། །དེའི་རབ་སྒྲུབ་པ་ནི
སྐྱེད་པའོ། །མདོར་བསྡུ་ན་རིགས་གསུམ་དུ་འགྱུར་ཏེ་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་སོ། །འདོད་ཆགས་ནི་ཤེས་རབ་སྟེ་དེ་ཡང་བླ་ན་མེད་པའི་བདེ་བའི་ཚོགས་ཉམས་སུ་མྱོང་བ་དང་ཡོངས་སུ་གཅོད་པ་དང་ཀུན་ཏུ་གཏོང་པའི
མཚན་ཉིད་ཀྱི་ཕུང་པོ་གསུམ་མོ། །དེ་ལ་གཏི་མུག་ནི་དོན་དམིགས་སུ་མེད་པས་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དོ། །ཞེ་སྡང་ནི་སྨིན་ཅིང་མངོན་པར་ཞེན་པའི་གཉེན་པོ་ཡིན་པས་སྨོན་པ་མེད་པའོ། །འདོད་ཆགས་གསུམ་ནི་བདག་དང་གཞན
དུ་འབྱེད་པའི་མཚན་མ་དེར་ནུས་པས་མཚན་མ་མེད་པའོ། །དེ་ལྟར་གནས་པའི་རིགས་ལྔ་དང་རིགས་གསུམ་གྱི་དེ་ཁོ་ན་ཉིད་ལ་སྐུ་མདོག་དང་ཞལ་གྱི་རིགས་པ་རྣམས་ཀྱང་མཉམ་པར་གྱིས་ཤིག་།གང་གི་ཕྱིར་རྨོངས་པས་དོན་ལ་མི་དམིགས་པའི་ཕྱིར་སེམས
འབའ་ཞིག་སྣང་ལ་འབའ་ཞིག་པ་ཉིད་ནི་དག་པ་ཉིད་དོ། །དག་པ་ཉིད་ནི་གཙང་བ་ཉིད་དོ། །གཙང་བ་དང་དཀར་བ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་པ་དེའི་ཕྱིར་རྣམ་པར་སྣང་མཛད་ནི་དཀར་པོ་ཡིན་ནོ། །གང་གི་ཕྱིར་ཞེ་སྡང་གིས་ནི་ཁམས་གསུམ
ལས་སེམས་འདྲེན་པར་བྱེད་པ་དེ་བས་ན་མི་བསྐྱོད་པ་སྟེ་འདྲེན་པར་བྱེད་པའི་ཕྱིར་ནག་པོའོ། །གང་གི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་བདེ་བས་སེམས་ཚིམ་པར་བྱེད་བ་དེ་བས་རིན་ཆེན་དཔལ་ཏེ་ཚིམ་པར་བྱེད་པའི་ཕྱིར་སེར་པོའོ། །
གང་གི་ཕྱིར་ཆགས་པས་ན་སེམས་དངོས་པོ་ལ་སྒྱུར་བར་བྱེད་པ་དེ་བས་ན་འོད་དཔག་ཏུ་མེད་པ་ནི་དམར་པོ་ཡིན་ནོ། །གང་གི་ཕྱིར་དམ་ཚིག་གིས་སེམས་ཅན་ཐམས་ཅད་དུ་འགྲོ་བར་བྱེད་པ་དེ་བས་ན་དོན་ཡོད་གྲུབ་པ་སྟེ་འགྲོ་བར་བྱེད་པའི་ལྗང
ཁུའོ། །དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཀྱི་ཞལ་ནི་དཀར་པོའོ། །སྨོན་པ་མེད་པའི་ཞལ་ནི་ནག་པོའོ། །མཚན་མ་མེད་པའི་ཞལ་ནི་དམར་པོའོ། །ཇི་ལྟར་རིག་པ་བཞིན་དུ་གཏི་མུག་ལ་སོགས་པ་སྐྱེ་བ་ཡིན་པ་དེ་ལྟར་ན་རིམ་པ་དེ་ཉིད་ཀྱིས་སྐུ་མདོག་དང
ཞལ་དང་ལྡན་པ་ཡིན་ནོ། །ཐམས་ཅད་ཀྱི་རྩ་བའི་ཞལ་ནི་སྐུ་དང་འདྲ་བ་ཡིན་པའི་ཕྱིར་རོ། །དེ་ལ་དང་པོ་གཏི་མུག་ནི་དཀར་པོ་སྟེ་དེའི་ཞལ་དབུས་མ་དཀར་པོ་ཡིན་ལ་གཡས་པ་ནི་ནག་པོ་གཡོན་པ་ནི་དམར་པོའོ། །གཏི་མུག་གི་ཞལ་རྣམས་ཀྱི་འབྲེལ?
པ་གྲུབ་པ་ཡིན་ཏེ་ཐམས་ཅད་དུ་རིགས་པ་ཉིད་ཀྱིས་ཐོག་མ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ཞེ་སྡང་ལ་སོགས་པའི་ཞལ་དཀར་པོ་ནི་གནས་འཕྲོག་པར་བྱེད་པའི་གནས་སུ་འཕོ་བ་ཡིན་ཏེ། ཞེ་སྡང་ནག་པོ་དེའི་ནག་པོ་ནི་དཀར་པོའི་གནས་དབུས་མ
ལ་ཡིན་ལ་ནག་པོའི་གནས་གཡས་སུ་ནི་དཀར་པོ་ཡིན་ཞིང་གཡོན་པ་ནི་དམར་པོ་ཉིད་དོ། །སེར་པོ་དང་དམར་པོ་དང་ལྗང་གུ་དག་གིས་མཚན་མ་མེད་པའི་ཞལ་དེ་དག་ནི་གོ་རིམ་བཞིན་དབུས་མ་དཀར་པོའི་གནས་ལ་སེར་པོ་དང་དམར་པོ་དང་ལྗང་ཁུ
ཉིད་ཡིན་ལ་མཚན་མ་མེད་པའི་གནས་གཡོན་པ་ལ་ནི་དཀར་པོ་ཡིན་ཏེ་ལྷག་མ་གཡས་པ་ནི་ནག་པོའོ། །ཇི་ལྟར་སངས་རྒྱས་རྣམས་ལ་ཞལ་གསུམ་མངའ་བ་དེ་བཞིན་དུ་དེ་ལས་གཞན་རྣམས་ཀྱི་ཡང་ཁ་དོག་དེ་དག་ཡིན་ཏེ། འདིར་ཚིགས་སུ་བཅད་པ
ནི། རྒྱལ་བ་རྣམས་ཀྱི་སྐུ་མདོག་ལྔ། །དཀར་ནག་སེར་དང་དམར་ལྗང་འགྱུར། །སེམས་འབའ་ཞིག་དང་འདྲེན་བྱེད་དང། །ཚིམ་འགྱུར་འཚོད་དང་འགྲོ་བར་བྱེད། །དཀར་མིན་གཡས་དཀར་དཀར་བའི་ནག་།དེ་དག་གི་ནི་གཡོན་པ་དམར་པོ་སྟེ། །
སེར་དང་དམར་དང་ལྗང་བ་དག་གི་ནི། །གཡས་པ་དཀར་མིན་གཡོན་པ་དཀར་པོ་ཡིན། །དཀར་དང་དཀར་མིན་གཞན་རྣམས་རྩ་བའི་ཞལ། །སྐུ་དང་འདྲ་དང་གཡས་དང་གཡོན་གྱི་ནི། །སྔོ་དམར་དང་ནི་དཀར་དང་དམར་པོ་དང། །སྔོ་དང་དཀར་པོ་དག་ཏུ
ཤེས་པར་བྱ། །གང་ཕྱིར་དཀར་མིན་དང་ནི་ཆགས་ཅན་གསུམ། །དཀར་དབུས་ཞལ་གྱིས་གནས་ནི་འཕྲོག་བྱེད་པས། །གནས་འཕྲོག་བྱེད་པའི་གནས་སུ་འཕོ་རིམ་པས། །རྒྱུད་ལ་དཀར་ནག་ཞལ་ནི་སྦྱར་བར་བྱ། །སྤྱན་དང་མཱ་མ་ཀཱིའི་ཚིག་གི་གཞུང་ནི
གོ་རིམ་འཚོལ་བར་ཡོད་པས་ན་དེ་ལ་སྤྱན་གྱི་གཞུང་དང་པོ་བལྟ་བར་བྱ་ལ་དེའི་འོག་ཏུ་མཱ་མ་ཀཱིའི་གཞུང་ཡིན་པར་བལྟ་བར་བྱ་སྟེ་གཏི་མུག་བཞིན་དུ་གཏི་མུག་དགའ་མ་ཡང་དང་པོ་ཉིད་ཡིན་པའི་ཕྱིར་ཏེ། དཔེར་ན་དྲིས་པའི
དཀྱིལ་འཁོར་ལྟ་བུའོ། །དེ་ནས་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་བཀོད་པའི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གང་དེ་བཞིན་གཤེགས་པའི་སྐུ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་དེ་ཉིད་གཏི་མུག་རྡོ་རྗེ
སྟེ་དེ་ཡང་ལུས་མཉམ་པ་ཉིད་དུ་དམིགས་པའི་ཞི་གནས་སོ། །དེའི་རྗེས་སུ་མཉེས་པར་བྱེད་པ་ནི་རྣམ་པར་སྤྱད་ན་སེམས་ཙམ་ཉིད་དུ་མཉམ་པར་བལྟ་བའི་ལྷག་མཐོང་སྟེ། དེ་རྣམས་ཀྱི་གཟུགས་ཀྱི་དེ་ཁོ་ན་ཉིད་ལ་བལྟ་བའི་སངས་རྒྱས་ཀྱི
སྤྱན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གཏི་མུག་རྡོ་རྗེའོ། །དེའི་བཙུན་མོའི་མཆོག་ནི་སྡུག་པའི་གཙོ་མོ་སྟེ། ཤིན་ཏུ་ཡང་ལོངས་སྤྱོད་དུ་གྱུར་པའོ།
སྤྱན་གྱི་སྙིང་པོ་ནི་འདིར་སྤྱན་ཡིན་པ་དེ་ཉིད་ཀྱིས་ན་མོ་ཧ་ར་ཏི་ཞེས་བྱའོ། །བུད་མེད་ཀྱི་གཟུགས་འཛིན་པར་འགྱུར་ཏེ། ཞེས་བྱ་བ་ནི་རིགས་སྤྲོས་པ་དང། བསྡུས་བ་དང་རྒྱས་བཏབ་པ་ལས་ལྷ་མོ་ཅན་གྱི་གཟུགས་སུ་གྱུར་ཏེའོ། །གང་དུ་ཞེ་ན།
ཤར་ཕྱོགས་ཀྱི་གྲར་བཞུགས་སོ། །ཞེས་སྔ་མ་དང་སྦྱར་ཏེ་ཤར་གྱི་དེ་མ་ཐག་གྲཝར་ནི་ཤར་གྱི་གྲཝར་ཏེ་མེའི་ཕྱོགས་སུ་ཤེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་སྤྱན་བཀོད་པའི་རྡོ་རྗེས་ཐོགས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ
ནི་སེམས་སོ། །དེ་འཛིན་པ་ནི་འཛིན་པར་བྱེད་པའི་ཞི་གནས་ཏེ་ཞེ་སྡང་རྡོ་རྗེའོ། །དེ་རྗེས་སུ་མཉེས་པ་ནི་རྣམ་པར་སྤྱོད་ན་འཛིན་པ་པོ་མེད་པས་མཉམ་པ་ཉིད་དུ་ལྟ་བའི་ལྷག་མཐོང་སྟེ་མཱ་མ་ཀཱིའོ། །འདི་ལྟར་སངས་རྒྱས་རྣམས་ཀྱི་ཐུགས
ནི་བདག་སྟེ་དེ་ལ་རིགས་པས་ན་མཱ་མ་ཀཱིའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་དམ་ཚིག་སྟེ་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་མཱ་མ་ཀཱིའི
གཟུགས་སུ་གྱུར་ཏེའོ། །གང་དུ་ཞེ་ན། ལྷོ་ཕྱོགས་ཀྱི་གྲཝར་བཞུགས་སོ་ཞེས་འོག་མ་དང་སྦྱར་ཏེ་ལྷོ་ཕྱོགས་ཀྱི་དེ་མ་ཐག་པའི་གྲཝར་ནི་བདེན་བྲལ་གྱི་ཕྱོགས་སུ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ནི་ཆོས་སོ། །དེ་ལ་ནི་ཞི་གནས་ཏེ་འདོད་ཆགས་རྡོ་རྗེའོ།།
དེ་རྗེས་སུ་ཆགས་པར་བྱེད་པ་ནི་དག་ལ་རྣམ་པར་སྤྱད་པས་བརྗོད་དུ་མེད་པར་མཉམ་པར་ལྟ་བའི་ལྷག་མཐོང་སྟེ། ཆོས་ལ་མཁས་པ་ཉིད་ཀྱི་གོས་དཀར་མོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་སྐུ་ལ་སོགས་པ
མཉམ་པར་དམིགས་པའི་ཞི་གནས་ཏེ་དམ་ཚིག་རྡོ་རྗེ་ཤེས་རབ་འཛིན་པའོ། །དེའི་བསླུ་བ་ནི་རྣམ་པར་སྤྱད་ན་བསྡུ་བ་སྟེ་རང་བཞིན་མེད་པར་མཉམ་པར་བལྟ་བའི་ཡེ་ཤེས་ཏེ་ལམ་དུ་བརྒལ་བས་ན་སྒྲོལ་མའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན
ལ་དེ་སྐད་ཅེས་བྱའོ། །ཤེས་རབ་འཆང་བ་ནི་ཤེས་རབ་འཆང་བ་སྟེ། དམ་ཚིག་རྡོ་རྗེའོ། །སྡོམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཉིད་ཕུན
སུམ་ཚོགས་པ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་བདེ་བའི་མཆོག་ཅེས་བྱ་བའི་དོན་ཏེ་གསུམ་གྱི་བདེ་བ་མཆོག་ཕུན་སུམ་ཚོགས་ཞེས་གསུངས་པའི་ཕྱིར་རོ། །བཞི་པོ་འདི་དག་ནི་གོ་རིམ་བཞིན་དུ་སྐུ་མདོག་དཀར་པོ་དང་ནག་པོ་དང་དམར་པོ་དང
སེར་པོ་དག་ཡིན་ནོ། །རྣམ་པར་སྣང་མཛད་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུའོ། །དེའི་རྡོ་རྗེ་ནི་མི་མཐུན་པའི་ཕྱོགས་ཐར་བྱེད་པའི་ཡེ་ཤེས་སོ། །དེ་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་དེ་དེའི་སྤྲུལ་བར་བཞེད་པའི་རྣམ་པ་ཅན་ཉིད་ཡིན་པའི་ཕྱིར
དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་ཀྱི་སྐུ་དག་གོ་།དེ་རྣམས་ཀྱི་དཀྱིལ་འཁོར་ནི་མངོན་པར་འདོད་པ་ཐམས་ཅད་དོ། །དེའི་བྱིན་གྱིས་བརླབས་པ་ནི་བསྲུང་བ་སྟེ
གཤིན་རྗེ་གཤེད་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་བསྙེངས་པར་བྱེད་པ་ནི་རང་གི་མི་མཐུན་པའི་ཕྱོགས་འཇིགས་པར་བྱེད་པ་ཡིན་ལ་དེ་ཉིད་ནི་གཤིན་རྗེ་བཤེད་དོ། །ཚུལ་དེས་བཞུགས་སོ་ཞེས་བྱ་བ་སྟེ་གཡོན་བརྐྱང་བའི་གནས་པས
ཚར་གཅོད་པས་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་བྱང་ཆུབ་པ་ནི་ཐུགས་སོ། །དེའི་རྡོ་རྗེ་ནི་མི་མཐུན་པའི་ཕྱོགས་ཟད་པར་བྱེད་པའི་ཡེ་ཤེས་ཏེ་དེ་ཡང་ཤེས་རབ་མཐར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས
ཅད་ཀྱི་དཀྱིལ་འཁོར་ནི་ཐུགས་ཀྱི་བདག་ཉིད་ཅན་ནོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་དམ་ཚིག་ནི་ཐུགས་སོ། །དེ་དག་བསྙེངས་པར་བྱེད་པ་ནི་རང་གི་མི་མཐུན་པའི་ཕྱོགས་སྐྲག་པར་བྱེད་པ་སྟེ་ཤེས་རབ་མཐར་བྱེད་དོ། །དེ་བཞིན
གཤེགས་པ་ཐམས་ཅད་ཀྱི་ཆོས་རིན་པོ་ཆེ་ནི་ཤིན་ཏུ་རྣམ་པར་དག་པའི་གསུང་ངོ། །དེ་རྣམས་ཀྱི་འབྱུང་གནས་དེའི་མི་མཐུན་པའི་ཕྱོགས་མཐར་བྱེད་པ་ཡིན་པའི་ཕྱིར་ཏེ་དེ་ཡང་པདྨ་མཐར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད
ཀྱི་འདོད་ཆགས་འཆང་བའི་དཀྱིལ་འཁོར་ནི་གསུང་གི་བདག་ཉིད་ཅན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་པདྨ་མཐར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་རྣམས་ཀྱི་རྡོ་རྗེ་ནི་བགེགས
མཐར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་བགེགས་མཐར་བྱེད་དེ་སྐུ་དང་གསུང་དང་ཐུགས་བསྲུང་བ་ཡིན་པའི་ཕྱིར་རོ། །སྡོམ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་རྣམས་ཀྱིས་མཉེས་པར་བྱེད་པ་ནི་རངས་པར་བྱས་པ་སྟེ་མི་མཐུན་པའི་ཕྱོགས་ཟད་པར་བྱེད་པའི་ཕྱིར་རོ། །དེའི་དོན་གྱི་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་ནི་འདའ་བར་མི་བྱ་བའི་སྐྱེས་བུ་ཡིན
བཞི་པོ་འདི་དག་ནི་གོ་རིམ་བཞིན་དུ་ནག་པོ་དང་དཀར་པོ་དང་དམར་པོ་དང་ནག་པོ་ཡིན་ནོ། །དེ་ལྟར་ལྷ་བཅུ་གསུམ་པོ་དེ་དག་དཀྱིལ་འཁོར་འདི་ལ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །གཞན་གཟུགས་རྡོ་རྗེ་ལ་སོགས་པ་མཆོད་པའི
ལྷ་མོ་དྲུག་པོ་མཚམས་དྲུག་དུ་དགོད་པར་བྱ་སྟེ། འདི་ལྟར་དཀྱིལ་འཁོར་ཆེན་པོ་ནི་མཆོད་པ་དང་བྲལ་བར་རིག་པ་མ་ཡིན་ནོ་ཞེས་སྔོན་གྱི་སློབ་དཔོན་དག་འདོད་དོ། །འདི་ལྟར་ལེའུ་བཅུ་དྲུག་པ་ལས་ཀྱང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག་།གྲཝ
རྣམས་ཀུན་ཏུ་དགོད་པར་བྱ། །ཞེས་འབྱུང་སྟེ། དེ་ལ་སྐུའི་རྡོ་རྗེའི་མཆོག་མ་ནི་སྤྱན་ནོ། །གསུང་གི་རྡོ་རྗེའི་མཆོག་མ་ནི་གོས་དཀར་མོའོ། །ཐུགས་རྡོ་རྗེའི་མཆོག་མ་ནི་མཱ་མ་ཀཱིའི། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཆོག་མ་ནི་མཆོད
པའི་ལྷ་མོ་དང་སྒྲོལ་མ་སྟེ་བདུན་ནོ། །གཞན་དག་ན་རེ་རྩ་བའི་སྒོའི་ངོས་གཉིས་སུ་ལྷ་མོ་དགོད་པ་བཞིན་དུ་སྒོ་ཐམས་ཅད་དུ་ཡང་སྟེ་དེ་ལ་སྐུ་ནི་སའི་སྙིང་པོའོ། །གསུང་ནི་འཇིག་རྟེན་དབང་ཕྱུག་གོ་།ཐུགས་ནི་ཕྱག་ན་རྡོ་རྗེའོ། །རྡོ་རྗེ་གསུམ
བསྡུས་པས་ནི་རྡོ་རྗེ་སྟེ་ནམ་མཁའ་ཨི་སྙིང་པོ་དང་སྒྲིབ་པ་སེལ་བ་དང་ཀུན་ཏུ་བཟང་པོའོ། །མཆོག་ནི་ལྟ་མོ་བཅུ་སྟེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག་གི་སྒྲས་ནི་བཅུ་དྲུག་གཟུང་སྟེ་གྲཝ་ཀུན་ཏུ་དགོད་པར་བཟུང་ངོ། །གཞན་དུ་ན་ཀུན་ཞེས་སྨོས་པའི
དོན་མེད་པར་འགྱུར། །དེ་དག་ཀྱང་གླེང་གཞིའི་གཞུང་དང་དཀྱིལ་འཁོར་ཆེན་པོའི་བསྟོད་པ་ལས་ངེས་པར་བྱས་པ་ཡིན་ནོ། །གཟུགས་ལ་སོགས་པ་ལྔ་དང་སའི་སྙིང་པོ་ལ་སོགས་པ་ལྔའི་སྐུའི་སྐུ་མདོག་ནི་དེ་བཞིན་གཤེགས་པ་ལྔ
དང་འདྲའོ། །རྡོ་རྗེ་འཆང་དང་ཆོས་ཀྱི་དབྱིངས་དང་ཀུན་ཏུ་བཟང་པོའི་ཡང་རྣམ་པར་སྣང་མཛད་ཀྱི་དང་འདྲའོ། །རྒྱུད་འདིར་ཡང་ལྷ་ཐམས་ཅད་ཕྱག་དྲུག་དང་ཕྱག་མཚན་ལྔ་ཅན་ཏེ། ལེའུ་བཅུ་གསུམ་པ་ལས་རྡོ་རྗེ་ཕྱག
དྲུག་མཚོན་ཆ་ནི། །བཟང་པོ་སྣ་ཚོགས་བསྣམས་པར་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །ལྷ་རྣམས་ཀྱི་ཕྱག་མཚན་རེ་རེ་གསུངས་པ་གང་ཡིན་པ་དེ་ཡང་དེ་རྣམས་ཀྱིས་ཁྱད་པར་གྱིས་ཕྱག་མཚན་ཡིན་པར་རིག་ཏེ་ལྷག་མ་བཞི
ནི་རིགས་པས་ཤེས་པར་བྱའོ། །དེ་ལ་རིགས་པས་ནི་འདི་ཡིན་ཏེ། ལེའུ་བཅུ་གསུམ་པ་ལས་ཕྱག་མཚན་རྣམས་ཀྱི་དང་པོ་བསྟན་པ་དེ་ནི་དེ་རྣམས་ཀྱི་གཙོ་བོ་བསྟེན་པའི་དོན་ཏོ། །དེ་ཡང་དེ་བཞིན་གཤེགས་པ་ལྔ་པོ་ཡིན་ནོ། །དེ་བས་ན་དེ
བཞིན་གཤེགས་པའི་ཕྱག་མཚན་རྣམས་ཀྱང་ཅི་རིགས་པར་ལྷ་རྣམས་ཀྱི་ཕྱག་ལ་བརྗེ་བར་བྱའོ། །དེ་ལ་མི་བསྐྱོད་པའི་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱང་ཕྱག་མཚན་ཡིན་ལ་དེའི་ཡེ་ཤེས་
ཀྱང་ཡིན་ཏེ། ལེའུ་བཅུ་གསུམ་པ་ལས། ཚོགས་ཉིད་དང་ནི་ལྡན་པ་ཡིས། །མི་བསྐྱོད་པ་ཡི་རྒྱ་མཆོག་དང། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དེའི་ཕྱག་མཚན་འདི་གཉི་ག་གཞན་དག་ལ་ཡང་སྦྱར་བར་བྱ་སྟེ། ཤེས་རབ་དང་ཡེ
ཤེས་ལ་བརྟེན་པ་ཉིད་ཀྱིས་ནི་ཤིན་ཏུ་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཐབས་ཀྱི་རང་བཞིན་གྱི་ལྷ་རྣམས་རྩ་བའི་ཕྱག་གཉིས་ཀྱིས་ཤེས་རབ་ལ་འཁྱུད་པ་ཅན་ཡིན་ལ་ཤེས་རབ་ཀྱི་རང་བཞིན་ཡང་དེ་གཉིས་ཀྱིས་ཐབས་ལས་འཁྱུད་པ་ཅན
ཡིན་ནོ། །ཐམས་ཅད་ཀྱིས་གཡས་པའི་གཉིས་པས་ཁྱད་པར་གྱི་ཕྱག་མཚན་བསྣམས་པ་ཡིན་ལ་ཅིག་ཤོས་གསུམ་ལ་ནི་གསུམ་སྟེ་དེ་ལ་གཡས་པའི་གསུམ་པས་ནི་རལ་གྲིའོ། །གཡོན་ལ་ནི་གོ་རིམ་བཞིན་དུ་ནོར་བུ་དང་པདྨའོ། །གནས
འཕྲོག་པར་བྱེད་པའི་གནས་ལ་ནི་འཁོར་ལོ་ཡིན་ཏེ་གཏི་མུག་ཉིད་ཀྱིས་དང་པོ་ཡིན་པའི་ཕྱིར་རོ། །གང་དག་ལ་ཁྱད་པར་གྱི་མཚན་མ་འཁོར་ལོ་མེད་པ་དེ་དག་གི་ཐུན་མོང་དུ་གཏི་མུག་གི་མཚན་མ་ལུས་ཉིད་ཡིན་ནོ། །ཆོས་ཀྱི་དབྱིངས་ནི་མ་ཡིན
ཏེ་དེ་དག་གི་ནང་ནས་རྩ་བའི་ཕྱག་གཉིས་འཁྱུད་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཅན་དག་གི་གཡས་ཀྱི་གཉིས་པ་ལ་རྡོ་རྗེའོ། །ཆོས་ཀྱི་དབྱིངས་ཀྱི་ནི་ཆོས་འབྱུང་བའི་ཕྱག་རྒྱ་སྟེ་ཁྱད་པར་གྱི་ཕྱག་མཚན་གྱི་དོན་ཡིན་ནོ། །སྐུ་མདོག་གི་རིགས་པ་ནི་སྔར
བཤད་ཟིན་ཏོ། །རྣམ་པར་དག་པའི་དབྱེ་བ་ནི་ལ་ལར་རྣམ་པ་གཞན་དུ་ཡང་འགྱུར་རོ། །འདིར་ཚིགས་སུ་བཅད་པ་ནི། །འཁོར་ལོ་ནམ་མཁའ་ཨི་དབྱིངས་དང་རྡོ་རྗེ་དང། །ནོར་བུ་འདམ་སྐྱེས་རལ་གྲི་ཕྱག་མཚན་ཡིན། །རྩ་བའི་ཕྱག་གཉིས
ཡིད་འོང་གིས་མཚན་ཅན། །གཡས་པའི་གཉིས་པས་ཀྱང་ནི་རང་ཕྱག་མཚན་ཅན། །གསུམ་ལ་ཅིག་ཤོས་རྣམས་ཏེ་གཡས་རལ་གྲི། །ཡིད་འོང་ལྡན་ཕྱིར་རྡོ་རྗེ་ནམ་མཁའ་མིན། །ཞལ་དཀར་སེམས་ཀྱི་དབང་ཕྱུག་འཁོར་ལོ་ནི། །གནས
འབྲོག་བྱེད་བའི་གནས་སུ་འགྲོ་བར་བྱེད། །སྙིང་པོ་མཚན་མ་སེམས་དང་འདྲ་བ་སྟེ། །རལ་གྲི་ནམ་མཁའ་ལྟ་བུར་སྔོ་པ་དང། །ནོར་བུ་ཆ་དགུ་པ་ཅན་ལྗང་གུའི་མདོག་།དུང་ཆོས་ཉ་ཕྱིས་རི་བོང་ཅན་བཞིན་དཀར། །དང་པོའི་རྡོ་རྗེ་དམར་བའི་རང་བཞིན་ཅན།
ཡིད་རང་ཡིད་ཡུལ་རྡོ་རྗེ་འཆང་དཀར་པོ། །སྒོ་གནས་སྔོ་དཀར་དམར་དང་སྔོན་པོ་དང། །སྒྲོལ་མ་གསེར་མདོག་རྣམ་དག་དབྱེ་ཕྱིར་རོ། །ཞེས་བྱ་བ་ཡིན་ནོ། །ལེའུ་འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། རྒྱུད་འདིར་བསྒོམ་པ་དང། བཟླས་པའི
ད་བང་ཐོབ་པ་མོས་པ་བསྟན་པ་བྱང་ཆུབ་སེམས་བརྟན་པ་དཀོན་མཆོག་གསུམ་ལ་གཅིག་ཏུ་སྐྱབས་སུ་སོང་བ་བླ་མ་དང་རྡོ་རྗེ་འཆང་ལ་ཐ་མི་དད་པར་མོས་པ་བློ་གྲོས་དང་ལྡན་པ་ཁེངས་པ་མེད་པ་སྙིང་རྗེ་དང་ལྡན་པ་དངོས་གྲུབ་ཀྱི་མཆོག་འདོད
པ་གང་ཡིན་པ་དེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ཉེ་བར་བསགས་པའི་ཕྱིར་དང་རྣལ་འབྱོར་དབང་དུ་བྱ་བའི་ཕྱིར་དང་པོར་སྒྲུབ་པའི་སྒྲུབ་པ་ཆེན་པོ་ལ་ཡུན་རིང་དུ་མངོན་པར་བརྩོན་པར་བྱའོ། །གང་གི་ཚེ་རྡོ་རྗེ་སེམས
དཔའ་ཨི་རྣལ་འབྱོར་བྱེད་པར་འདོད་ན་དེའི་ཚེ་དེས་དང་པོར་ནང་པར་གྱི་དུས་རང་གི་སྙིང་གའི་ཟླ་བ་ལ་དེའི་ས་བོན་འོད་ཟེར་གྱི་ཕྲེང་བ་ཅན་བསམས་ལ་གདོང་བཀྲུ་བ་ལ་སོགས་པ་བྱའོ། །དེའི་འོག་ཏུ་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་གནས
དང་བདག་དང་རྣལ་འབྱོར་བསྲུང་བ་བྱས་བ་བསམ་གཏན་གྱི་ཁང་པ་ཡང་ཙན་དན་བཟང་པོ་ལ་སོགས་པ་དང་མེ་ཏོག་གི་བཅལ་བཀྲམ་པས་གཙང་ཞིང་དྲི་ཞིམ་པར་བྱས་པ་འམ། དེ་ལྟར་མོས་པར་བྱས་ནས་བཞུགས་ཏེ། སྟན་པ་དེ་བ་ལ
འ་དུག་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཨི་ཚོགས་དང་བཅས་པ་ཐམས་ཅད་མངོན་སུམ་དང་འདྲ་བར་བསམས་ཏེ་དེ་རྣམས་ལ་དད་པའི་ཉམས་རྒྱུན་མི་འཆད་པར་བསྐྱེད་དེ
དེ་རྣམས་ཀྱི་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་པོ་སངས་རྒྱས་ཐམས་ཅད་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་པོ་ཐམས་ཅད་ཀྱིས་མཆོད་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ
སེམས་དཔའ་ཐམས་ཅད་ལ་བདག་གིས་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དང་སོ་སོར་སྐྱེ་བོ་ཐམས་ཅད་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ། །མངོན་པར
རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པའི་སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བསྐུལ་བར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་བར་བཞེད་པའི་སངས་རྒྱས་ལ་བསྐལ་བ་མང་པོར་བཞུགས་པའི་ཕྱིར་གསོལ་བ་གདབ
པར་བགྱིའོ། །བདག་གི་མཆོད་པ་རྣམ་པ་དྲུག་གི་རང་བཞིན་ཅན་དང་དགེ་བ་གཞན་གང་ཡིན་པ་དེ་དག་ཐམས་ཅད་ཆོ་ག་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །ཞེས་བྱ་བ་དེ་དག་བྱའོ། །དེ་ནས་སྐྱབས་སུ་འགྲོ་བར
བྱ་སྟེ་ཆོས་ཐམས་ཅད་ལ་དབང་སྒྱུར་བར་སངས་རྒྱས་ཐམས་ཅད་ལ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །རྣམ་པ་ཐམས་ཅད་པའི་ཐེག་པ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱི་དགེ
འདུན་ལ་སྐྱབས་སུ་མཆིའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཏེ། ཀྱེ་མའོ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་ཤིན་ཏུ་མྱ་ངན་ལས
འདས་པའི་མཐར་ཐུག་པ་དང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བར་ལ་དེ་དག་བཞག་པར་བགྱིའོ། །དེ་ནས་བདག་ཉིད་ཀྱི་དངོས་པོ་དབུལ་བར་བྱ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱི་དངོས་པོ་འབུལ
གྱིས་མགོན་པོ་ཇི་ལྟར་བཞེད་པར་མཛད་པར་བྱ་བའི་ཕྱིར་བདག་སོ་སོར་བཞེས་སུ་གསོལ། དེ་ནས་ལམ་གནས་པར་བྱ་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་བདག
གནས་པར་བགྱིའོ། །དེ་ནས་འགྲོ་བའི་འཇིག་རྟེན་སྡུག་བསྔལ་གྱི་རང་བཞིན་དུ་རྣམ་པར་བསམས་ལ་དེ་ཡོངས་སུ་སྐྱབ་པའི་བསམ་པའི་རྣམ་པ་ཅན་གྱི་སྙིང་རྗེ་བསྒོམ་པར་བྱའོ། །དེ་ནས་སེམས་ཙམ་ཡིན་ནོ་ཞེས་ཤེས་པར་བྱས་ལ་འཁྲུལ
པའི་མཚན་མ་གཉིས་སུ་སྣང་བ་སྤངས་ནས་གཅིག་ཏུ་ནམ་མཁའ་ཨི་མཛའ་ཡས་པ་དྲི་མ་མེད་པ་ལྟ་བུར་འགྲོ་བ་ཐམས་ཅད་བལྟས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བ་འདིས་ཀྱང་བསྟན་པར་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི
སེམས་འདི་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པའི་བགེགས་མ་ལུས་པར་ངེས་པར་ཟློག་པར་བྱེད་པ་དེ་ནི་སྔགས་ཀྱི་དོན་ལ་ཐམས་ཅད་སྒོམ་པའི་རྣམ་པར་དག་པ་རྫོགས་པར་བྱེད་པའི་རྒྱུར་གྱུར་པ་ཡིན་ནོ། །དེ་ལས་ཀྱང
ལྷག་པར་བསྲུང་བའི་དོན་དུ་ཡི་གེ་བྷྲུཾ་ལས་འཁོར་ལོ་དམར་སེར་རྩིབས་བཅུ་རྒྱ་ཆེ་བའི་ཕྱོགས་ཀྱི་རྩིབས་ལ་སྒོ་སྲུངས་རྣམས་དང། མཚམས་ཀྱི་རྩིབས་རྣམས་ལ་འདོད་པའི་རྒྱལ་པོ་དང། དབྱུག་སྔོན་དང་སྟོབས་པོ་ཆེ་དང་མི་གཡོ་བ་དང
སྟེང་གི་རྩིབས་ལ་འཁོར་ལོས་སྒྱུར་བ་དང། འོག་གི་རྩིབས་ལ་གནོད་མཛེས་རྡོ་རྗེ་དང་ལྟེ་བར་རང་གི་ལྷ་ལ་སོགས་པས་བྱིན་གྱིས་བརླབས་པ་མྱུར་དུ་འཁོར་བར་བསྒོམ་པར་བྱ་ཞིང་ཁྲོ་བོ་འབར་བ་སྤྲོས་པ་རྣམས་ཀྱིས་ཀྱང་ཕྱོགས་ཐམས
ཅད་དུ་བགེགས་ཀྱི་རིགས་ཀྱི་ཚོགས་བསྐྲད་པ་རྣམ་པར་བསམ་པར་བྱའོ། །དེ་ནས་བགེགས་རྣམས་ཤིན་ཏུ་མི་འབྱུང་བར་མོས་པར་བྱས་ལ་སྟོན་ཀའི་ཟླ་བ་ལྟར་དཀར་བའི་ཆོས་འབྱུང་འོག་ཕྲ་ཞིང་སྟོད་ཡངས་པ་གྲུ་གསུམ་པ་ནམ་མཁའ་ནང
དུ་ཆུད་པར་བསམ་པར་བྱའོ། །དེའི་དབུས་སུ་སྣ་ཚོགས་འདབ་མ་ཅན་གྱི་པདྨའི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་དེའི་ལྟེ་བ་ལ་ཟླ་བ་དང་འཁོར་ལོ་དང། ཡི་གེ་བྷྲུཾ་དང་ནོར་བུ་ལས་སྤྲོས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་བསྡུས་པ་ལས་བྱུང་བ
རིག་པའི་རྒྱལ་མོའི་ཚོགས་སུ་གྱུར་པ་ལས་སྣ་ཚོགས་པའི་འོད་ཟེར་ཅན་ནོར་བུའི་རང་བཞིན་གྱི་གཞལ་ཡས་ཁང་ཐར་པ་ཆེན་པོའི་གྲོང་གི་རང་བཞིན་ཅན་ཟུར་བཞི་དང་བསྒོ་བཞི་པ་རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཁ་ཁྱེར་བཞི་དང་ཡང
དག་ལྡན། །སངས་རྒྱས་རིགས་འཕྲོས་དཀྲུགས་པ་ཅན། །གར་དང་གླུ་དང་སིལ་སྙན་ལ་སོགས་པའི་མཆོད་པ་དམ་པ་ཐོགས་པའི་ལྷ་མོའི་ཚོགས་སྒེག་པའི་མགོན་དང་བཅས་པའི་ཁ་ཁྱེར་བཞི་དང་ལྡན་པ་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར
བ་ཀ་བ་བརྒྱད་ཀྱིས་རྣམ་པར་སྤྲས་པ་ཟླུམ་པོ་ནི་ནང་གི་རིམ་པའོ། །བླ་རེ་དང་དྲ་བ་དང་དྲ་བ་ཕྱེད་པས་མཛེས་པ་རྔ་ཡབ་ཡིད་དུ་འོང་བ་དང་མེ་ལོང་དང་དར་དང་མེ་ཏོག་གི་ཆུན་འཕྱང་གིས་བརྒྱན་པ། བ་དན་སྣ་ཚོགས་པ་དཔྱངས་པ་རླུང་གིས་བསྐྱོད་བའི
དྲིལ་བུའི་སྒྲས་ཕྱོགས་ཀྱིས་ཚོགས་སྒྲ་དང་བཅས་པ་ཅན་དཔེ་མེད་པའི་མཆོད་པ་རྣམ་པ་ལྔ་དང། འདོད་པའི་ཡོན་ཏན་ལྔས་རྣམ་པར་མཛེས་དང་འཇིག་རྟེན་གྱི་ཁམས་མ་ལུས་པའི་ནང་ན་ཁ་དོག་རྣམ་པ་ལྔ་འཕྲོ་བའི་འོད་ཀྱིས་གསལ་བར
བྱེད་པ་ལྷ་རྣམས་ཀྱི་གནས་སུ་སྣ་ཚོགས་པདྨའི་འདབ་མ་ལ་གནས་པའི་ཟླ་བ་དང་ཉི་མར་ཉེ་བར་བརྟགས་པའི་གདན་ཅན་བསྒོམ་པར་བྱའོ། །འདིར་གཏི་མུག་སྤངས་པའི་སངས་རྒྱས་དང་ཁྲོ་བོ་རྣམས་ཀྱི་ཁྱད་པར་དུ་འོད་དང་གདན་ནི་ཉི་མ
ཡིན། ལྷག་མ་ཟླ་བའི་དཀྱིལ་འཁོར་རོ་ཞེས་བཤད་དོ། །དེ་ནི་འདིར་དབུས་དང་མདུན་དུ་ཟླ་བ་སྟེ། ལོགས་གསུམ་དུ་ནི་ཉི་མའོ། །མཚམས་རྣམས་ཀུན་ཏུ་ཟླ་བ་སྟེ། །སྒོ་བཞི་དག་ལ་ཉི་མ་ཡིན་ཞེས་བཤད་དོ། །དེ་ནས་དབུས་སུ་གནས
པའི་ཟླ་བའི་དཀྱིལ་འཁོར་ལ་སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་ས་བོན་དབྱངས་ཀྱི་ཡི་གེ་དཀར་པོ་བཅུ་དྲུག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྒྱས་པར་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །དེའི་དབུས
ས་ཨུ་གསལ་བྱའི་ཡི་གེ་དཀར་པོ་སུམ་ཅུ་རྩ་བཞིའི་རྣམ་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཡི་གེ་ཧཱུཾ་དཀར་པོ་དང་བཅས་པ་ཡོངས་སུ་གྱུར་བ་བྱུང་བ་པདྨ་རྭ་ག་ལྟར་དམར་བ་དང་པོའི་རྡོ་རྗེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད
ཅན་ནོ། །དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་དེ་ཉིད་ནི་མཉམ་པ་ཉིད་ལ་ངེས་པར་སྤྱོད་པ་ཉིད་ཀྱི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །འོད་ཟེར་དེས་དཀྱིལ་འཁོར་པ་ཐམས་ཅད་ཀྱི་མཆོག་སྤྲོ་བ་དང་བསྡུས་པ་ནི་བྱ་བ་ནན་ཏན
ཏན་བསྒྲུབ་བའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པར་བསྒོམས་ནས་ཟླ་བ་དང་རྡོ་རྗེ་དང་སྔགས་ཡོངས་སུ་གྱུར་པ་ལས་བྱུང་བའི་སྐུ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། བཅོམ་ལྡན་འདས
དང་པོའི་སྐྱེས་བུ་སྟོན་ཀའི་ཟླ་བ་ལྟར་དཀར་པ་ཞལ་དཀར་བ་དང་སྔོ་བ་དང་དམར་པ་ཅན་རྩ་བའི་ཕྱག་གཉིས་ཀྱིས་རང་སྣང་བའི་རིག་པ་ལ་ཡོངས་སུ་འཁྱུད་པ། ཕྱག་ཅིག་ཤེས་བཞིས་རྡོ་རྗེ་དང་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པ་མ
མཆུ་འཇིབ་པ་དམར་པོས་སྤྲོས་པ་འོད་ཟེར་ཅན་བདག་ཉིད་ཀྱི་ཐུགས་ཀ་ལ་ཟླ་བ་དང་རྡོ་རྗེ་དང་ས་བོན་གྱིས་བྱིན་གྱིས་བརླབས་པ་མི་བསྐྱོད་པ་དང་བཅས་པའི་རིན་པོ་ཆེའི་ཅོད་བན་ལྷའི་རྒྱན་དང་ན་བཟའ་ཅན་བསྒོམ་པར་བྱའོ་དེ་ནས་འདོད་ཆགས།
ཅ་ཧེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་བཅུག་ནས་དེ་དག་ཉིད་ལས་ལྷ་མོ་སྤྲོས་ཏེ་རང་གི་རིག་པའི་ནང་དུ་ཆུད་པར་བྱས་ལ་པདྨའི་ལྟེ་བའི་ནང་དུ་ཕྱག་རྒྱ་བཞི་ཡོངས་སུ
གྱུར་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཕྱིའི་དཀྱིལ་འཁོར་དང་འདྲ་བ་དབུས་སུ་སྣ་ཚོགས་པདྨ་ཟླ་བའི་གདན་ལྔ་དང་ལྡན་པར་བསམས་ལ། ནམ་མཁའ་ལ་ཡང་སྐྱེ་བར་འགྱུར་བའི་རྡོ་རྗེ་འཛིན་པའི་ཡེ་ཤེས་སེམས་དཔའ་དེའི
རྣམ་པ་ཅན་རིགས་ལྔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བལྟས་ལ་དེ་བཀུག་སྟེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཟླ་བ་ལ་དགོད་དོ། །རིགས་ལྔའི་ཚོགས་ནི་དགའ་?་བསྡུས་ལ་གོས་དཀར་མོ་གཉིས་གཅིག་ཏུ་བྱས་ཏེ་དེའི
ངོས་བཞིའི་ཟླ་བ་ལ་དགོད་དོ། །དེ་ནས་རང་གི་སྙིང་གའི་དེ་བཞིན་གཤེགས་པ་ལྔ་བཞུགས་པ་ཞུ་བས་བདག་ཉིད་འཁོར་དང་བཅས་པ་དབང་བསྐུར་ནས་བ་སྤུའི་བུ་ག་ལ་སོགས་པའི་ཁང་བུ་ལས་ཞུགས་པའི་ཆུ་དེས་ཞུ་བར་གྱུར་ལ།
དེ་བཞིན་དུ་དཀྱིལ་འཁོར་པ་ཐམས་ཅད་ཞུ་བར་གྱུར་པ་དེའི་འོད་ཀྱིས་ཡབ་དང་ཡུམ་དག་རོ་གཅིག་པར་ཞུ་བར་གྱུར་ཏེ། སྒྲིབ་པ་མེད་ཅིང་དག་པའི་ནམ་མཁའ་ཨི་དབྱིངས་ཀྱི་རང་བཞིན་ཅན་ཤིན་ཏུ་དཀར་བའི་ཟླ་བའི་དཀྱིལ་འཁོར་སྟུག་པོའི་རྣམ་པར
བདག་ཉིད་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་པར་བྱའོ། །དེའི་འོད་ཟེར་ཕྱོགས་བཅུར་རྣམ་པར་འཕྲོས་པས་སེམས་ཅན་གྱི་འཇིག་རྟེན་མ་ལུས་པ་དབང་བསྐུར་ཏེ་ཡོངས་སུ་བསྐྱང་བར་བྱའོ། །དའི་འོག་ཏུ་ཏིང་ངེ་འཛིན་དེ་ལས་བསླང་བར
བྱ་བའི་ཕྱིར་འབད་རྩོལ་མེད་པར་མཱ་མ་ཀཱི་ལ་སོགས་པ་ལྷ་མོ་བཞིས་བསྐུལ་བའི་གླུས་བསྐུལ་བར་བསམ་པར་བྱའོ། །སེམས་ཅན་ཁམས་ནི་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ
སྐྱབ་དུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། སངས
རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་དོན་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆི་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས
ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་སྟོན་པ། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ
རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གིས་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དི་རིང་བདག་ནི་གསོན་པར་མཆིས་བཞེད་ན། །རབ་དགའ་ཨི་སྤྱོད་པ་ཀུན་ཏུ་བཟང་པོ་བདག་ལ་དགྱེས
པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་འདོད་པ་དམ་ཚིག་མཆོག་གི་ཕན་ཡོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་རྗེས་བརྩེ་བ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར
མཆིས་བཞེད་ན། ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛད་དུ་གསོལ། །དེ་ནས་གླུའི་ངོར་མཛད་ནས་ཞུ་བ་བསྡུས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་དང་པོའི་ས་བོན་བསམ་པ་དེ་ལས
བྱུང་བའི་དང་པོའི་རྡོ་རྗེའི་དེའི་སྙིང་པོ་ཅན་སྒོམས་ནས་སྔ་མ་བཞིན་དུ་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་རིམ་གྱིས་རིག་པ་དང་བཅས་པའི་རྡོ་རྗེ་འཛིན་པའི་རྣམ་པར་བདག་ཉིད་གྱུར་པར་བསམ་པར་བྱའོ། །རང་བཞིན་དག་ཅིང་བདག
མེད་པ། །ཆོས་ཀྱི་དབྱིངས་ནི་གནས་མེད་པ། །རྟོག་པའི་རྡོ་རྗེ་ལས་བྱུང་བའི། །སྨྲ་བར་བྱེད་པ་སྨྲ་མ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་དེའི་སྙིང་པོའི་རྡོ་རྗེ་མཉམ་པ་ཉིད་དུ་ལྷག་པར་མོས་པར་བྱའོ། །དེའི་འོག་ཏུ་མིག་དང།
རྣ་བ་དང། སྣ་དང། ལྕི་དང། ལུས་དང། ཡིད་ལ་གོ་རིམ་བཞིན་དུ་ཀྵཾ་ཛྲཾ་ཁཾ་བཾ། ཥཱཾ་སཾ་ཞེས་བྱ་བའི་འོད་འཕྲོ་བ་ཅན་དེ་དག་གིས་རྣམ་པར་སྦྱངས་ལ། དེ་ཡོངས་སུ་གྱུར་པའི་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ་དང་འཇིག་རྟེན
དབང་ཕྱུག་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། ཀུན་ཏུ་བཟང་པོ་ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། གོ་རིམ་བཞིན་དུ་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན་ཆེན་དཔལ་དང་གསུང་གི་དབང་ཕྱུག་དང་དོན་ཡོད་གྲུབ
པ་དང་དཔལ་མཆོག་དང་པོའི་རྣམས་དང་སྐུ་མདོག་དང་ཞལ་དང་ཕྱག་མཚན་མཚུངས་པ་རིན་པོ་ཆེའི་ཅོད་པན་ཅན་རིག་པ་དང་བཅས་པ་བྱིན་གྱིས་བརླབས་པར་བྱའོ། །དེའི་འོག་ཏུ་ཐུགས་ཀའི་ཟླ་བ་ལ་རང་གི་མཚན་མདང་ས་བོན་ཡོངས་སུ་གྱུར
པ་ཨ་ལས་དམ་ཚིག་སེམས་དཔའ་ཨི་རྣམ་པ་ཅན་གྱི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ལ་ཟླ་བ་དང་རྡོ་རྗེ་དང་ས་བོན་གྱིས་བྱིན་གྱིས་བརླབས་པ་བསམས་ནས་དེའི་འོག་ཏུ་ལོགས་སུ་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དང་ས་བོན་ཡོངས་སུ་གྱུར་པའི་ཐུགས་རྡོ
ར་ཇེ་ཕྱག་ན་རྡོ་རྗེ་ལྟ་བུ་ཐུགས་ཀར་ཟླ་བ་དང་རྡོ་རྗེ་དང་ས་བོན་གྱིས་བྱིན་གྱིས་བརླབས་པ་བསམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཡང་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཤིང་དེས་བྱིན་གྱིས
བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བས་ངེས་བརྟན་པར་བྱའོ། །དེ་བཞིན་དུ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་འཁོར་ལོ་དང། ཨོཾ་ལས་བྱུང་བའི་སྐུ་རྡོ་རྗེ་སའི་སྙིང་པོ་བསམས་ནས་དེ་བཞིན་གཤེགས་པ་ཐམས
ཅད་ཀྱི་སྐུ་རྡོ་རྗེ་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྵ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བས་བརྟན་པར་བྱའོ། །དེ་བཞིན་དུ་ལྐོག་མར་ཟླ་བ་དང་པདྨ་དང། ཨཱདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེས་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བས་བརྟན་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡང
ད་ཨག་པར་བསྐུལ་བའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ཨི་ངོས་ལ་བྱོན་པ་རྣམས་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་རིག་པའི་ལྷ་མོ་རྣམས་ཀྱིས་ཅི་རིགས་པར་ཕྱག་ན་གདུགས་དང་ཕྱག་མཚན་དང་རོལ་མོ་དང
རིན་པོ་ཆེའི་བུམ་པ་ལ་སོགས་པ་ཐོགས་པ་རྣམས་ཀྱི་དྲི་བ་མེད་པའི་ཡེ་ཤེས་ཀྱི་ཆུ་ས་བདག་ཉིད་དབང་བསྐུར་བར་གྱུར་པ་དང་དེ་ལས་བྱུང་བའི་རིག་པ་དང་བཅས་པ་མི་བསྐྱོད་པ་དང་བཅས་པ་རིན་པོ་ཆེའི་ཅོད་པན་བསམ་པར་བྱའོ། །དེའི་འོག་ཏུ
མདུན་གྱི་གདན་ལ་རིགས་ཀྱི་རིག་པ་ཐུགས་ཀའི་ཕྱག་མཚན་དང་ས་བོན་ཙམ་ལས་བསྐྱེད་དེ་མངོན་པར་ཕྱོགས་པར་བྱས་ལ་སྔ་མ་བཞིན་དུ་མིག་དང་ལུས་ལ་སོགས་པ་བྱིན་གྱིས་བརླབས་ལ། དེ་བཞིན་དུ་དབང
བསྐུར་ལ་ཆགས་པ་དང་བཅས་ཤིང་ཆགས་པ་དང་བཅས་པའི་མིག་གིས་བལྟ་བ་བསམས་ལ་རང་གི་རིག་པ་དང་གཉིས་སུ་མེད་པར་བྱའོ། །དེ་ནས་དེའི་སྤྱི་བོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་བརླ་རྩེ་རྣམས་ལ་གོ་རིམ་བཞིན་དུ།
་ཨོཾ་ཧཱུཾ་སྭཱ་ཨཱཏུ། ཨོཾ་ཨཱཔར་བྱའོ་དེ་ནས། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བརྗོད་ལ་དགའ་བ་བརྩམ་པར་བྱ་བ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བ་མངོན་སུམ་དུ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉཾ
ཧཾ་ཞེས་བྱ་བས་ཀྱང་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་འཆད་པར་འགྱུར་བའི་རྣམ་པས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ལ་སོགས་པ་བྱའོ། །དེ་ལྟར་ན་སྒྲུབ་པ་ཞེས་བྱ་བའི་ཐབས་ཡིན་ཏེ་ལེའུ་བཅོ་བརྒྱད་པ་ལས་ཀྱང།
གང་ཞིག་ཐོག་མ་མང་དངོས་རྣམ་དག་འདི་བསྒོམ་པ། །ཐབས་དང་ཤེས་རབ་ལས་བྱུང་དཔེ་དང་རྣམ་པར་བྲལ། །གསང་བ་དབང་བསྐུར་བརྟུལ་ཞུགས་སྡོམ་པ་སྦྱོར་ལ་རྟག་།བྱང་ཆུབ་རྡོ་རྗེ་འདྲ་ལྟེ་དེ་ལ་ཕྱག་འཚལ་ལོ་ཞེས་འཆད་པས་འཆད
པར་འགྱུར་རོ། །སྒྲུབ་བ་ཆེན་པོ་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་མེད་པར་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཅན་སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་པའི་བདེ་བ་ཆེན་པོའི་རང
བཞིན་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་འདི་ནི་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་དང་པོའོ། །དེ་ལྟར་དང་པོའི་སྦྱོར་བ་རྫོགས་ནས་དོན་དམ་པའི་དགའ་བ་གནས་པའི་སྔགས་པས་དགའ་བ་དེ་ཉིད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ
བྷཱ་བ་ཨཏྨ་ཀོཉཧཾ་ཞེས་བྱ་བས་བྱིན་གྱིས་བརླབས་ལ། སྙིང་པོའི་ས་བོན་གྱི་འོད་ཟེར་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ་བཅུག་སྟེ་རྣམ་པར་ཞུ་བའི་ནོར་བུའི་བུ་ག་ནས་ནོར་བུའི་བུ་གར་ཞུགས་ཏེ་ཟླ་བ་ཞུ་བའི་དཀྱིལ་འཁོར་དུ་གྱུར་པར
བསམ་པར་བྱའོ། །དེ་བསྡུས་པ་ལས་བྱུང་བའི་རང་གི་ས་བོན་གདན་དང་བཅས་པ་རྣམ་པར་བསམས་ལ་དེ་ཉིད་ལས་དཀྱིལ་འཁོར་པ་ཐམས་ཅད་རེ་རེ་ཞིང་རྡོ་རྗེ་དམ་ཚིག་གསུམ་གྱིས་བསྐྱེད་ལ་བཞི་པས་བཞག་པར་བྱའོ། །དེ་ལ་དང་པོར་ས་བོན
ད་ཨེ་ཉིད་ལས་བཛྲ་དྷྲིཀ་ཅེས་བྱ་བ་འདིས་ཁྲོ་བོའི་རིགས་ནི་ནམ་མཁའ་ཨི་གཏོས་ཐམས་ཅད་ཁྱབ་པ་ཅན་སྤྲོས་ནས་བསྡུས་པ་ལས་བྱུང་བའི་མི་བསྐྱེད་པ་གཅིག་ཨཻནྡྲ་ནཱི་ལ་ལྟ་བུར་ཞལ་ནག་པོ་དང་དཀར་པོ་དང་དམར་པོ་ཅན་འབར་ཞིང་མཆེ་བ་ཅུང་ཟད
གཙིགས་པ་རལ་མཐོར་ཚུགས་རྩ་བའི་ཕྱག་གཉིས་ཀྱིས་རང་སྣང་བའི་རིག་མ་ལ་འཁྱུད་པ་ཅན། ལྷག་མས་རྡོ་རྗེ་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པ་བསམས་ལ་དེ་ཕྱུང་སྟེ་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་ལ་རང་གི་སྐུ
དང་གསུང་དང་ཐུགས་ཀྱི་ནང་དུ་གཞུགས་པར་བྱའོ། །དེ་ཉིད་ལས་ཇི་ན་ཇི་ཀ་ཅེས་བྱ་བ་འདིས་དེ་བཞིན་གཤེགས་པའི་རིགས་སྤྲོ་བ་དང་བསྡུ་བ་ལས་བྱུང་བའི་རྣམ་པར་སྣང་མཛད་སྟོན་ཀའི་ཟླ་བ་ལྟ་བུ་ཞལ་དཀར་པོ་དང་ནག་པོ་དང་དམར་པོ
ཅན་ཞི་བར་སྣང་བའི་རིགས་ལས་འཁྱུད་པ་ཅན། །ལྷག་མས་འཁོར་ལོ་དང་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པ་རྣམ་པར་བསམས་ལ་སྔ་མ་བཞིན་དུ་ཕྱུང་སྟེ་ཤར་ཕྱོགས་ཀྱི་ཟླ་བ་ལ་དགོད་པར་བྱའོ། །དེ་ཉིད་ལས་?
ད་ྷྲིཀ་ཅེས་བྱ་བ་འདིས་རིག་པའི་རྒྱལ་པོའི་རིགས་སྤྲོ་བ་དང་བསྡུ་བ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གསེར་ལྡན་བཙོམ་ལྟ་བུ་ཞལ་སེར་པོ་དང་ནག་པོ་དང་དཀར་པོ་ཅན་ནོར་བུ་དང་རལ་གྲི་དང་འཁོར་ལོ་དང་པདྨ་བསྣམས་པར་བསམས་ལ་ལྷོ
ཕྱོགས་ཀྱི་ཉི་མ་ལ་དགོད་པར་བྱའོ། །དེ་གཉིས་ལས་ཨཱ་རོ་ལིཀ་ཅེས་བྱ་བ་འདིས་རིག་པའི་རྒྱལ་མོའི་རིགས་སྤྲོ་བ་དང་བསྡུ་བ་ལས་བྱུང་བའི་འོད་དཔག་མེད་པ་པདྨ་རཱ་ག་ལྟ་བུ་ཞལ་དམར་པོ་དང་ནག་པོ་དང་དཀར་པོ་ཅན་པདྨ་དང་རལ་གྲི
དང་ནོར་བུ་དང་འཁོར་ལོ་བསྣམས་པར་བསམས་ལ་ནུབ་ཀྱི་ཉི་མ་ལ་དགོད་པར་བྱའོ། །དེ་ཉིད་ལས་པྲཛྙཱ་དྷྲིཀ་ཅེས་བྱ་བ་འདིས་མཆོད་པའི་ལྷ་མོའི་རིགས་སྤྲོ་བ་དང་བསྡུ་བ་ལས་བྱུང་བའི་གདོན་མི་ཟ་བར་གྲུབ་པ་ནོར་བུ་མར་གད་ལྟ་བུ་ཞལ་ལྗང
ཁུ་དང་ནག་པོ་དང་དཀར་པོ་ཅན་རལ་གྲི་དང་འཁོར་ལོ་དང་ནོར་བུ་དང་པདྨ་བསྣམས་པ་བསྒོམ་ལ་བྱང་གི་ཉི་མ་ལ་དགོད་པར་བྱའོ། །ལྔ་པོ་དེ་དག་ནི་རལ་པའི་ཐོར་ཚུགས་ཅན་ཡིན་ནོ། །དེ་ཉིད་ལས་མོ་ཧར་ཏི་ཞེས་བྱ་བ་འདིས་དེ་བཞིན་གཤེགས
བ་ཨ་ཐམས་ཅད་ཀྱི་སྐུའི་རྡོ་རྗེའི་སྤྲིན་སྤྲོས་ཏེ་གཏི་མུག་དགའ་ནའི་གཟུགས་སུ་བསྡུས་པ་ལས་བྱུང་བའི་སྤྱན་སྟོན་ཀའི་ཟླ་བ་སྟ་བུ་གཙོ་བོ་དང་རྗེས་སུ་མཐུན་པར་ཞལ་གསུམ་པ་རིན་པོ་ཆེའི་ཅོད་པན་རྩ་བའི་ཕྱག་གཉིས་ཀྱིས་རང་སྣང་བའི་ཐབས
ལ་འཁྱུད་པ་ཅན་ལྷག་མས་འཁོར་ལོ་དང་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པར་བསམས་ལ་མེའི་ཕྱོགས་ཀྱི་ཟླ་བ་ལ་དགོད་པར་བྱའོ། །དེ་ཉིད་ལས་དྭེ་ཀ་ར་ཏི་ཞེས་བྱ་བ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སྤྲིན
སྤྲོས་ཏེ་ཞེ་སྡང་དགའ་མའི་གཟུགས་སུ་བསྡུས་པ་ལས་བྱུང་བའི་མཱ་མ་ཀཱི་ཨཻནྡྲ་ནཱི་ལ་ལྟ་བུ། ཨཽཏཔལ་དམར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་བསྣམས། །བདེན་བྲལ་གྱི་ཕྱོགས་ཀྱི་ཟླ་བ་ལར་དགོད་པར་བྱའོ། །དེ་ཉིད་ལས་རཱ་གཱ་ར་ཏི་ཞེས་བྱ་བ་འདིས
ད་ཨེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེའི་སྤྲིན་སྤྲོས་ཏེ་འདོད་ཆགས་དགའ་མའི་གཟུགས་སུ་བསྡུས་པ་ལས་བྱུང་བའི་གོས་དཀར་མོ་པདྨ་རཱ་ག་ལྟ་བུ་པདྨ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་བསྣམས་པ་རླུང་གི་ཕྱོགས་ཀྱི་ཟླ་བ
ལ་དགོད་པར་བྱའོ། །དེ་ཉིད་ལས་བཛྲ་ར་ཏི་ཞེས་བྱ་བ་འདིས་སྐུ་དང་གསུང་དང་ཐུགས་དམ་ཚིག་རྡོ་རྗེའི་སྤྲིན་སྤྲོས་ཏེ་རྡོ་རྗེ་དགའ་མའི་གཟུགས་སུ་བསྡུས་པ་ལས་བྱུང་བའི་སྒྲོལ་མ་གསེར་བཙོ་མ་ལྟ་བུ་ལྟ་བུ་ཨཽཏཔལ་སེར་པོ་དང། རལ་གྲི་དང
ནོར་བུ་དང་པདྨ་བསྣམས་པ་དབང་ཆེན་གྱི་ཕྱོགས་ཀྱི་ཟླ་བ་ལ་དགོད་པར་བྱའོ། །བཞི་པོ་འདི་དག་ནི་གོ་རིམ་བཞིན་དུ་ཡོངས་སུ་རྩམ་པ་དང་སོ་སོར་འབིགས་པ་དང་རྣམ་པར་སྦྱོད་པ་དང་ཡེ་ཤེས་འབྱུང་བའི་རོ་འདོད་པ་སྟོན་པར་བྱེད་པའི་བཞིན་འཛུམ
པ་དང་ཟུར་གྱིས་ལྟ་བ་ལ་སོགས་པའི་རྣམ་པར་གྱུར་པས་ཉེ་བར་མཛེས་པ་ཡིན་ནོ། །དེ་ཉིད་ལས། ཨོཾ་ཨཱརྣམ་པ་ལྔའི་སྤྲིན་སྤྲོ་བ་དང་བསྡུས་པ་ལས་བྱུང་བའི་གོ་རིམ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་དཀར་པོ་དང་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་སྟེ། གཡས་པ་གཉིས་སུ
མེ་ལོང་དང་པི་བང་དང་དུང་ཆོས་དང་རོའི་སྣོད་དང་སྣ་ཚོགས་པའི་གོས་དང་ཆོས་འབྱུང་བ་བསྣམས་པ། །ཕྱག་ལྷག་མ་གསུམ་གྱི་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པ་རིམ་པ་བཞིན་དུ་རྣམ་པར་བསྒོམས་ལ། གོ་རིམ་བཞིན་དུ
ཕྱི་རོལ་གྱི་རིམ་པའི་མེ་ལ་སོགས་པའི་མཚམས་བཞི་དང། རྩ་བའི་སྒོའི་ལོགས་གཉིས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་དགོད་པར་བྱའོ། །ལྷ་མོ་བཅུ་པོ་དེ་དག་ཀྱང་རིན་པོ་ཆེའི་ཅོད་པན་སྒེག་པའི་ཉམས་ཀྱིས
རྣམ་པར་འགྱུར་ཞིང་རོལ་པའོ། །རྒྱལ་བ་ལྔ་ནི་རྡོ་རྗེའི་སྐྱིལ་ཀྲུང་ཅན་ལྷའི་རྒྱན་དང་ན་བཟའ་ཅན་ནོ། །ཕྱོགས་གཞན་ནི་དེ་ཁོ་ན་ཉིད་གསུམ་པོ་དེ་གཉིད་ཀྱི་ལྷོ་དང་ནུབ་དང་བྱང་གི་སྒོའི་ངོས་གཉིས་ཀྱི་ཟླ་བ་རྣམས་ལ་སའི་སྙིང
པ་ཨོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང་སྒྲིབ་པ་སེལ་བ་དང་ཀུན་ཏུ་བཟང་པོ་སྟེ་དྲག་པོ་འདི་དག་རིན་པོ་ཆེའི་ཅོད་པན་ཅན་དང་མདོག་དང་ཞལ་དང་མཚོན་མ་རྣམས་འཁོར་ལོ་སྒྱུར་བ་དྲུག་དང་འདྲ་བར
བསམ་པར་བྱའོ། །དེ་ཉིད་ལས་ཡ་མཱནྟ་ཀྲིཏ་པྲཛྙཱནྟ་ཀྲིཏ་པདམཱནྟ་ཀྲིཏ་བིགྷྣཱ?་ཏེ་ཀྲིཏ་ཅེས་བྱ་བས་ཁྲོ་བོའི་རིགས་སྤྲོ་བ་དང་བསྡུ་བ་ལས་བྱུང་བའི་གོ་རིམ་བཞིན་དུ། གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད
དང་བགེགས་མཐར་བྱེད་དང་ནག་པོ་དང་དཀར་པོ་དང་དམར་པོ་དང་ནག་པོ་གཡས་ཀྱི་གཉིས་པ་ན་རྡོ་རྗེའི་ཐོ་བ་དང་རྡོ་རྗེའི་དབྱུག་པ་དང་པདྨ་འབར་བ་དང་རྡོ་རྗེ་ཁ་གྱེས་པ་བསྣམས་པ། ཅིག་ཤོས་གསུམ་གྱིས་རལ་གྲི
དང་ནོར་བུ་དང་པདྨ་བསྣམས་པ། པདྨ་མཐར་བྱེད་ཀྱི་གཅིག་ཤོས་གསུམ་གྱིས་རལ་གྲི་དང་ནོར་བུ་དང་འཁོར་ལོ་བསྣམས་པར་བསམས་ནས་ཤར་ཕྱོགས་ལ་སོགས་པའི་སྒོའི་ཉི་མ་ལ་དགོད་པར་བྱའོ། །བཞི་པོ་དེ་དག་ནི་ཧ་ཧ
ཞེས་བཞད་ལྗགས་བསྐྱེད་པ། མཆེ་ཅན་སྨིན་གཉེར་གསུས་པ་འཕྱང། །སྨིན་མ་རྫི་མ་ཨག་ཚོམས་སེར། །སྤྱན་དམར་མི་ཐུང་སྦོམ་ལ་དྲག་།དུས་མཛའ་ཨི་མེ་ལྟར་འབར་བ་སྟེ། །དབུ་སྐྲ་ཁམས་སེར་གྱེན་བརྫེས་འབར
གཡོན་བརྐྱང་གིས་བཞུགས་སྤྲུལ་གྱིས་བརྒྱན། །སྟག་གིས་པགས་པའི་ཤམ་ཐབས་ཅན་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་རྫོགས་པའི་དཀྱིལ་འཁོར་ལ་རྣམ་པར་བལྟས་ལ་སྙིང་པོའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་དཀྱིལ
འཁོར་བཀུག་ལ་དམ་ཚིག་གི་དཀྱིལ་འཁོར་གྱི་མདུན་དུ་གཞུག་པར་བྱའོ། །དེ་དང་ལྷན་ཅིག་འོངས་པའི་བགེགས་ཀྱི་རིགས་སྒོ་སྲུང་རྣམས་ཀྱིས་བསྐྲད་ལ། དེ་དག་ཉིད་ཀྱི་སྙིང་པོས་སྲུང་བ་བྱས་ལ་རང་གི་གསང་སྔགས
བཟླས་པའི་མཆོད་ཡོན་ཕུལ་ནས་དེ་སྒོ་སྲུང་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པ་རྣམས་བྱའོ། །དེ་ལྟར་དམ་ཚིག་གི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་ཏུ་བྱས་ནས་ཐམས་ཅད་ཀྱི་ཐུགས་ཀ
དང་དབུ་དང་ལྐོག་མ་དང་ཐུགས་ཀྱི་གནས་སུ་ཟླ་བ་དང་མཚན་མ་དང་ཟླ་བ་ལ་གནས་པའི་ཡེ་ཤེས་དང་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་གྱིས་བྱིན་གྱིས་བརླབས་པར་བྱའོ། ། །།དེ་ནས་རང་གི་སྙིང་པོའི་ས་བོན་གྱི་འོད་ཀྱིས
བ་ཀུག་ནས་ནམ་མཁའ་ཨི་ངོས་ལ་བཞུགས་པའི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྙིང་པོའི་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་རིག་པའི་ཚོགས་ཀྱིས་ཕྱག་ན་ཡེ་ཤེས་ཀྱི་ཆུའི་བུམ་པ་བསྣམས་པ་རྣམས་ཀྱིས་དབང་བསྐུར་བ་དང་དེ
རྣམས་ཀྱི་ཅོད་པན་ལ་འཁོར་ལོ་སྒྱུར་བ་རེ་རེ་འབྱུང་བར་བལྟ་བར་བྱ་ཏེ། འདི་ལྟར་མི་བསྐྱོད་པའི་རྡོ་རྗེ་འཆང་ངོ། །རྣམ་པར་སྣང་མཛད་ལ་སོགས་པ་ནི་མི་བསྐྱོད་པའོ། །སྤྱན་མ་ལ་སོགས་པ་ནི་འོད་དཔག་ཏུ་མེད་པའོ། །གཟུགས་རྡོ་རྗེ
ལ་སོགས་པའི་ནི་དོན་ཡོད་པར་གྲུབ་བྱའོ། །ཁྲོ་བོ་རྣམས་ཀྱིས་ནི་མི་བསྐྱོད་པའོ། །ཡང་ན་མི་བསྐྱོད་པ་མ་གཏོགས་པ་ལྷ་ཐམས་ཅད་ཀྱི་ཡང་མི་བསྐྱོད་པའོ། །དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་རང་གི་སྙིང་པོའི་ས་བོན་ལས་བྱུང་བའི
རིགས་ཀྱི་རིག་པ་རྣམས་ཅི་རིགས་པར་དཀྱིལ་འཁོར་གྱི་བདག་པོ་དང་དེ་བཞིན་གཤེགས་པ་བཞི་ལ་རིག་པའི་བརྟུལ་ཞུགས་སྦྱིན་པར་བྱའོ། །སྒྲུབ་པའི་རྣལ་འབྱོར་པས་ཀྱང་མིག་ལ་སོགས་པ་བྱིན་གྱིས་བརླབས་པའི
ས་ངོན་དུ་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་འཆང་བཀུག་སྟེ་མདུན་གྱི་ནམ་མཁའ་ཨི་ཟླ་བ་ལ་བཞག་སྟེ་བགེགས་བསལ་བ་དང་མཆོད་ཡོན་དང་ཞབས་བསིལ་དབུལ་བ་བྱས་ནས་བདག་ཉིད་ལ་དེ་དངོས་པོ་ཐམས་ཅད་ཀྱིས
གཞུག་པར་བྱའོ། །དེ་ནས་གཟུགས་ལ་སོགས་པ་ཐམས་ཅད་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ། གོང་བུའི་ཚུལ་དུ་བཅུག་སྟེ་ཞུ་བར་གྱུར་པ་པདྨའི་ནང་དུ་ཆུད་པར་བསམ་པར་བྱའོ། །དེའི་རྗེས་ལ་ཤེས་རབ་ཀྱི་བ་སྤུའི་ཁུང་བུ
ར་ཨེ་རེ་ནས་ཕྱུང་བའི་འོད་ཟེར་དེའི་སྒོ་ནས་བྱུང་བའི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་པོ་བདག་ཉིད་ཇི་ལྟ་བ་བཞིན་དུ་ལྷ་ལས་ཁྱད་པར་དུ་འཕགས་པའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྣ་ཚོགས་དང་དྲུག་པ་ལས་མཆོད་པ་ལྔའི
སྤྲིན་སྤྲོ་བ་ལ་མཁས་པ་རྣམ་པ་མང་དུ་གྱུར་པ་བདེ་བའི་མཆོག་སྐྱེད་པར་བྱེད་པ་རྣམས་ཀྱིས་ནམ་མཁའ་ཨི་གཏོས་རྒྱན་པར་གྱུར་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ། ཞེས་བྱ་བས་ཀྱང་བྱིན་གྱིས་བརླབ་པར
བྱའོ། དེ་ནས་དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཞལ་ནས་ཅིག་ཆར་འབྱུང་བའི་ཚིགས་སུ་བཅད་པ་ལྔ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ཁྱོད་ཕྱག
འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག་།སྟོན་པ་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་བགོས་པ
མེད། རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་མཉེས། །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། བསམ་པ་ཐམས་ཅད་རྫོགས་མཛད
པ། དག་པའི་ངོ་བོ་ཉིད་ལས་བྱུང། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ་ལོ། །ཞེས་བྱ་བས་མངོན་པར་བསྟོད་པར་བྱའོ། །དེ་ནས་བདུད་རྩི་ལྔ་པོ་བསམ་པ་འམ་དགུག་པ་ཆོ་ག་བཞིན་དུ་བསྐྱེད་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་དཀར་པོ་ཕྲ་མོ་ལྕེའི་དབུས་སུ་བསམས
པ་སྤྲོ་བའི་སྦྱོར་བས་དེའི་རང་བཞིན་ཅན་གྱི་ལྕེར་བྱས་ཏེ། གཙོ་བོ་དང་བཅས་པའི་དཀྱིལ་འཁོར་སྙིང་གའི་ཟླ་བ་ཆེན་པོ་ལ་མོས་པར་བྱས་ཏེ་དེ་ཚིམ་པར་བྱའོ། །དེ་ནས་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་གཞན་གྱི་རིག་པར་བྱ་བ་མ་ཡིན་པས
ན་ཨ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་ཅན་དཀྱིལ་འཁོར་གྱི་གཙོ་བོའི་བདག་ཉིད་དང་དེའི་རྒྱུ་མཐུན་པར་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ལོངས་སྤྱོད་ཀྱི་ངོ་བོའི་དཀྱིལ་འཁོར་ཆེན་པོའི་བྱང་ཆུབ་སེམས
དཔའ་ཆེན་པོ་རྣམས་དང་ལྷན་ཅིག་ཀུན་ཏུ་ལོངས་སྤྱོད་པར་གྱུར་ལ་བདེ་བ་ཆེན་པོ་འབེབས་པས་གཞན་གྱི་དབང་དུ་གྱུར་བའི་གཉི་ག་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟར་ན་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་དཀྱིལ་འཁོར་གྱི
རྒྱལ་པོའི་མཆོག་ཅེས་བྱ་བ་སྟེ་ཏིང་ངེ་འཛིན་གཉིས་པའོ། ། །།དེ་ནས་བདག་པོས་དཀྱིལ་འཁོར་པའི་ལྷ་ཐམས་ཅད་བསྐུལ་ཞིང་རང་གི་སྐུའི་སྤྲིན་སྤྲོས་པས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་རང་གི་སྐུའི
སྤྲིན་བདག་ཉིད་ལ་བསྡུ་བར་བྱའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་དེ་ཁོ་ན་ཉིད་རྣམ་པར་ཐར་པའི་ཏིང་ངེ་འཛིན་མཆོག་ཏུ་མཛད་དོ། །རྣམ་པར་ཤེས་པའི་དེ་ཁོ་ན་ཉིད་ནི་མི་བསྐྱོད
པས་སོ། །ཚོར་བའི་དེ་ཁོ་ན་ཉིད་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །འདུ་ཤེས་ཀྱི་དེ་ཁོ་ན་ཉིད་ནི་འོད་དཔག་ཏུ་མེད་པས་སོ། །འདུ་བྱེད་ཀྱི་དེ་ཁོ་ན་ཉིད་ནི་དོན་ཡོད་གྲུབ་པས་སོ། །གཟུགས་ཀྱི་དེ་ཁོ་ན་ཉིད་ནི་ཡང་དག་པར་མཐོང
བའི་དགའ་བ་ནི་སྤྱན་གྱིས་སོ། །རྣམ་པར་ཤེས་པའི་དེ་ཁོ་ན་ཉིད་ནི་མཱ་མ་ཀཱིས་སོ། །ཆོས་ཀྱི་དེ་ཁོ་ན་ཉིད་ནི་གོས་དཀར་མོས་སོ། །ལས་ནི་དེ་ཁོ་ན་ཉིད་ནི་སྒྲོལ་མས་སོ། །གཟུགས་ཀྱི་དེ་ཁོ་ན་ཉིད་ནི་ཐོབ་པ་ལ་སྒྲིབ་པ་ཟད་པར་བྱེད་པ་ནི་གཤིན་རྗེ
མཐར་བྱེད་ཀྱིས་སོ། །རྣམ་པར་ཤེས་པའི་དེ་ཁོ་ན་ཉིད་ནི་ཤེས་རབ་མཐར་བྱེད་ཀྱིས་སོ། །ཆོས་ཀྱིས་དེ་ཁོ་ན་ཉིད་ནི་པདྨ་མཐར་བྱེད་ཀྱིས་སོ། །ལས་ཀྱི་དེ་ཁོ་ན་ཉིད་ནི་བགེགས་མཐར་བྱེད་ཀྱིས་སོ། །མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ་དང་མཆོག་ཏུ
ཉམས་དགའ་བའི་གཟུགས་ལ་སོགས་པའི་ཡུལ་སྣ་ཚོགས་དབང་དུ་བྱེད་པ་ཉིད་ནི་གཟུགས་རྡོ་རྗེ་མལ་སོགས་པ་སོ། །སའི་སྙིང་པོ་ལ་སོགས་པས་ནི་གཟུགས་མཐོང་བ་ལ་སོགས་པ་ལ་དབང་སྒྱུར་བར་རོ། །དཀྱིལ་འཁོར་གྱི་བདག་པོའི
བདག་ཉིད་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་རྩོལ་བར་མཛད་དོ། །སྒྲུབ་པ་ཀུན་ལས་ངེས་གྲོལ་བ། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །རྟག་ཅིང་བླ་ན་མེད་བདེ་བ། །རྡོ་རྗེ་འཆང་པ་ཆེན་པོའི་གནས། །ཞེས་གསུངས་པ་ཡིན་ནོ། །དེ་ནི་བླ
ན་མེད་པའི་བྱང་ཆུབ་ཀྱི་བདེ་བའོ། །དེའི་འོག་ཏུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་དགའ་བའི་དོན་ཉམས་སུ་མྱོང་བའི་ཕྱིར་ཁྱད་པར་དུ་བདེ་བ་དང་ཡིད་བདེ་བ་དེ་གཞན་གྱི་དབང་གི་བདག་ཉིད་འཁོར་དང་བཅས་པ་ཇི་སྲིད་འདོད་ཀྱི
བར་དུ་བསྒོམས་པར་བྱའོ། །དེ་ལྟར་ན་སྤྲུལ་པའི་སྐུའི་བདག་ཉིད་ཅན་ཏེ་ལས་ཀྱི་རྒྱལ་བའི་མཆོག་ཅེས་བྱ་བ་སྟེ་ཏིང་ངེ་འཛིན་གསུམ་པའོ། །སྒྲུབ་པའི་རྣལ་འབྱོར་པས་ཆོ་ག་བཞིན་དུ་བདུད་རྩི་མྱོང་བའི་རྗེས་ཐོགས་ལ་རང་གི་སྙིང་གའི་སྔགས
ཉིད་ལས་དཀྱིལ་འཁོར་བ་ཐམས་ཅད་ལ་ཕན་པའི་དོན་སྔ་མ་བཞིན་དུ་བྱས་ལ་དེ་ཉིད་དུ་དེ་རྣམས་ཡང་དག་པར་བསྡུས་ཏེ། ཕུན་སུམ་ཚོགས་པའི་བདག་ཉིད་མཉམ་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་རོ་གཅིག་པ་ངལ་བ་མེད་པའི་བར་དུ
བསྒོམས་པར་བྱའོ། །དེ་ལྟར་སྒྲུབ་པའི་རྣལ་འབྱོར་པ་དང་སྒྲུབ་པ་ཆེན་པོའི་རྣལ་འབྱོར་པ་བསྒོམས་པས་དུབ་པར་གྱུར་ན་ངལ་བསོ་བ་ལ་བཟླས་བརྗོད་བྱའོ། །དེ་ལ་དང་པོར་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་ན
གནས་པའི་རང་གི་མཚན་མར་ཡིག་ངོ་བོ་ཉིད་དུ་གྱུར་པ་དེའི་སྡེ་བའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རང་གི་ས་བོན་གྱི་དོན་ཉིད་ལ་ངེས་པར་བརྟག་པར་བྱའོ། །ཤེས་དང་ཤེས་བྱ་གཉིས་མེད་པ། །བདག་ལུས་བདེ་བ་རྫོགས་བྱང་ཆུབ། །དང་པོའི་རྡོ་རྗེ
དང་པོའི་དབྱངས། །སེམས་དང་དག་ཀྱང་དེ་དོན་ཡིན། །ཞེས་བྱ་བ་ཡིན་ན། །དེའི་འོག་ཏུ་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་རང་གི་ས་བོན་གྱི་མདུན་དང་གཡས་དང་གཡོན་ཕྱོགས་ཀྱི་ཆ་དག་ལ་གོ་རིམ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་ས
བོན་དང་ས་བོན་གྱི་གདན་བཞི་བསམ་མོ། །དེ་ལ་དབུས་མ་གང་ཡིན་པ་དེ་ནི་རང་གི་སེམས་ཏེ་དེ་ནི་སྣ་ཚོགས་ཡིན་ལ་དེ་ཉིད་རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོ་ཉིད་ཡིན་པས་རྡོ་རྗེའོ། །ཅིག་ཤེས་གསུམ་པོ་ནི་དེ་ཉིད་ཀྱི་ཕྱིར་རྡོ་རྗེ་གསུམ་མི
ཕྱེད་པའི་ངོ་བོ་ཉིད་ཀྱིས་རང་གི་སེམས་ཡང་དག་པར་མཚོན་པས་ནི་རྡོ་རྗེ་ཟླ་བ་ཞེས་བཤད་དེ། སྔགས་ཀྱི་དོན་ཀུན་བཟླས་པ་ནི། །རྡོ་རྗེ་མི་ཕྱེད་གསུམ་གྱི་མཚན། །རྡོ་རྗེ་དབྱེ་བ་གསུམ་ནི་མཐར། །བཀོད་པ་རྡོ་རྗེ་གསུམ་ཞེས་བྱ་ཞེས
གསུངས་པའི་ཕྱིར་རོ། །དེ་ལ་སྣ་ཚོགས་པ་ལས་ཁ་དོག་ལྔའི་འོད་སྤྲོ་ཞིང་དབྱེ་བ་ལས་ཁ་དོག་རེ་རེའོ། །དེ་ནས་ཡི་གེ་བཞི་པོའི་སྔགས་རིམ་པ་འདིས་བཟླ་བར་བྱ་སྟེ། ཡེ་ཤེས་ཀྱི་སྙིང་པོ་བརྗོད་པ་ན་དབྱེ་བ་དང་སྣ་ཚོགས་པ་རྣམས་རང་གི
སེམས་ཙམ་ཉིད་དུ་དེ་ཉིད་ཀྱི་མོས་པར་བྱའོ། །བྱང་ཆུབ་བདག་མེད་པ་བརྗོད་པས་ན་མིང་དང་དོན་དག་གི་བློ་བདག་མེད་པར་ལྷག་པར་མོས་པས་ཐ་སྙད་ནམ་མཁའ་ལྟ་བུའོ། །སྣ་ཚོགས་པ་བརྗོད་པ་ན་རང་གི་སེམས་ཉིད་སྣ་ཚོགས
པའི་ངོ་བོ་ཉིད་དུ་མོས་པར་བྱས་ཏེ། དེ་ཉིད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྤྲིན་སྤྲོ་བའི་ཕྱིར་རོ། །དག་པོ་བརྗོད་པ་ན་མཉམ་པ་ཉིད་དུ་མོས་པར་བྱ་བ་སྟེ། སྐུ་ལ་སོགས་པའི་སྤྲིན་གསུམ་པོ་སྣ་ཚོགས
པ་ལས། སྣ་ཚོགས་པའི་སྤྲིན་སྤྲོས་པ་གསུམ་དང་རོ་གཅིག་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་ལན་དང་པོ་ལ་དེ་ལྟར་ཡིན་ནོ། །ལན་གཉིས་པ་ལ་སོགས་པར་ནི་ཡེ་ཤེས་ཀྱི་སྙིང་པོ་བརྗོད་ཅིང་སྤྲོས་པ་རང་གི་སེམས་ཙམ་དུ་མོས
པར་བྱ་བས་ཏེ། རང་གི་སེམས་སུ་སྡུད་པ་ཡིན་ནོ། །ལྷག་མ་རྣམས་ནི་ལན་དང་པོ་འདྲ་པའོ། །ལན་གཉིས་པ་ལ་སོགས་ཇི་ལྟར་བཞིན་དུ་ཐམས་ཅད་ཀྱི་ཕྱི་མའི་ལན་ཡང་ཡིན་མོད་ཀྱི་འོན་ཀྱང་སྣ་ཚོགས་པ་ཉིད་བརྗོད་ཅིང་སྤྲོ་པར་ནི་མི
བ་སྟེ་དབྱེ་བ་རྣམས་ལ་ཡང་སྣ་ཚོགས་པའི་བར་དུ་དབྱེ་བ་ཉིད་དུ་མོས་པར་བྱའོ། །དྲག་པོ་ཉིད་བརྗོད་པ་ན་ཡང་སྤྲོ་བར་མི་བྱ་སྟེ། དབྱེ་བ་རྣམས་ཡང་མཉམ་པ་ཉིད་དུ་མོས་པར་བྱས་ཏེ། འདི་ནི་འདིའི་རྡོ་རྗེ་བཟླས་པའོ། །དེ་ལ་ཡང་རྣམ་པ
གཉིས་ཏེ་གང་གི་ཚེ་དབྱེ་བ་ལས་དབྱེ་བ་དང་སྣ་ཚོགས་པ་ལས་སྣ་ཚོགས་པར་སྤྲའི་ནས་སྣ་ཚོགས་པར་སྡུད་པ་དེའི་ཚེ་ཐམས་ཅད་ལས་སྤྲོས་པའི་རྡོ་རྗེ་བཟླས་པའོ། །ཡང་གང་གི་ཚེ་ཚོགས་པ་ཉིད་ལས་དབྱེ་བ་དང་སྣ་ཚོགས་པ་ཡང་དག་པར་སྤྲོས་ནས
དབྱེ་བ་དག་ལ་སྡུད་པ་དེའི་ཚེ་གཅིག་པུ་ཉིད་ལས་སྤྲོས་པའི་རྡོ་རྗེ་བཟླས་པ་ནི་རྣམ་པ་གཉིས་པས་སོ། །ཡང་ན་རང་གི་སྐུ་དང་ཐུགས་དང་གསུང་གི་དོན་དེ་བཞིན་དུ་དཔྱད་ལ་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་རྗེས་སུ་མཐུན་པའི་གནས
ལ་སྙིང་པོའི་སྔགས་བཟླས་ཏེ་ས་བོན་དེ་ཉིད་ལ་ཟླུམ་པོར་ཡོངས་སུ་བསྐོར་བ་མགོ་གྱེན་དུ་བལྟ་བའི་སྔགས་ཀྱི་ཡི་གེའི་ཕྲེང་བ་མར་མེའི་འཕྲེང་བ་ལྟ་བུར་འབར་བས་གཡས་ནས་བསྐོར་བར་ཡིད་ཀྱིས་བྲིས་ལ་དེ་ཉིད་ལ་ཉིད་མཉམ་པར་བཞག་སྟེ། དེ་ཉིད་ཟློས
ཤིང་ཇི་སྲིད་འདོད་ཀྱི་བར་ཟླ་བར་བྱ་སྟེ་དེ་ནི་འགོག་པའི་བཟླས་པའོ། །དེ་ལྟར་བཟླས་པ་དང་བསྒོམ་པ་དག་གིས་དུབ་པར་གྱུར་ན་སྒྲུབ་པ་ཆེན་པོའི་རྣལ་འབྱོར་པས་མཆོད་པ་དང་བསྟོད་པ་ལ་སོགས་པ་ཆོ་ག་བཞིན་དུ་བྱས་ལ། ཡི་གེ་གསུམ
གྱི་དཀྱིལ་འཁོར་ཉེ་བར་བསྡུ་བ་བྱས་ཏེ། གློ་དང་བདག་མེད་མཉམ་པ་ཉིད། །སྟོན་པ་གསུམ་གྱིས་རིམ་བཞིན་དུ། །སྐུ་གསུང་ཐུགས་ཀྱི་ས་བོན་ལ། །རྒྱལ་བ་ལྷ་མོ་ཐར་བྱེད་བསྡུའོ། །དེ་ནས་སྟོབས་ཇི་ལྟ་བ་བཞིན་དུ་འམ
མདོར་བསྡུས་ནས་ཚིགས་སུ་བཅད་པ་གཉིས་འདིས། །སངས་རྒྱས་ཀུན་གྱི་ཀུན་བདག་ཉིད། །རྡོ་རྗེ་འཆང་བ་ཆེན་པོའི་གནས། །དགེ་བ་འདི་ཡིས་ཐོབ་གྱུར་ཅིག་།འགྲོ་བས་ཀྱང་ནི་དེ་ཐོབ་ཤོག་།བྱང་ཆུབ་ཕྱིར་ནི་སྤྱོད་གང་དང།།
རྫོགས་སངས་རྒྱས་ཀྱི་གང་ཡིན་པ། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡི། །སྤྱོད་དེ་གཉིས་བདག་སྤྱོད་ཤོག་།ཅེས་སྨོན་ལམ་གདབ་པར་བྱའོ། །དེ་ནས་ཆོས་འབྱུང་ནམ་མཁའ་དང་གཞལ་ཡས་ཁང་ནོ་སྤྱིའི་ས་ལ་སོགས་པ་ལ
ཐིམ་པར་བལྟས་ལ་བདག་ཉིད་ཀྱི་ཕུང་པོ་ལྔ་ནི་སངས་རྒྱས་ལྔ་དང་སྐྱེ་མཆེད་དྲུག་ནི་བྱང་ཆུབ་སེམས་དཔའ་དྲུག་ཏུ་མོས་པར་བྱས་ལ་ལངས་ནས་མོས་པའི་སྦྱོར་དེ་ཉིད་ཀྱིས་གནས་པར་བྱའོ། །འདིར་བརྗོད་པར་ནི་འཁོར་ལོའི
བདག་པོ་དང། །དཔུང་དབང་བཅས་འཁོར་ལོ་ཡིན། །འབྱུང་བ་ལྔ་ནི་གནས་ཡིན་ཞེས། །ཡང་ཡང་མོས་ཤིང་གནས་པར་བྱ། །གཞན་ཡང། ཏིང་འཛིན་གནས་ཀྱང་རྣམ་བཅས་པ། །མཐོང་གང་དེ་ནི་གཉིས་མེད་པའི། །ཡེ་ཤེས་རྒྱུ
མཐུན་ནས་ཡེ་ཤེས་ཏེ། སྒྱུ་མ་ལྟ་བུའི་མཆོག་ཏུ་རྟག་།ཅེས་བཤད་དོ། །སྒྲུབ་པའི་རྣལ་འབྱོར་པས་ཀྱང་དཀྱིལ་འཁོར་ཉེ་བར་བསྡུ་བ་ལས་གཞན་པ་འདི་དག་ཐམས་ཅད་བྱའོ། །ཐུན་མཚམས་སུ་ཡང་སྒྲུབ་པའི་རྣལ་འབྱོར
བས་དེ་བཞིན་དུ་བསམ་གཏན་གྱི་ཁང་པར་ཞུགས་ལ་འདུག་སྟེ། སྐད་ཅིག་གིས་འབྱུང་བ་ལྔ་ལས་ཡོངས་སུ་གྱུར་པའི་བཞིའི་དཀྱིལ་འཁོར་དེའི་དབུས་མའི་གདན་ལ་འདུག་པའི་རྡོ་རྗེ་སེམས་དཔའ་བདག་ཉིད་པ་སེམས་ལ་མིག
དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ། མི་བསྐྱོད་པའི་གཅོད་པན་ཅན་རང་གི་རིག་པ་དང་གཉིས་སུ་མོད་པར་གྱུར་པའི་རིག་ཀྱི་རིག་པ་དང་ཡང་དག་པར་སྦྱོར་བ་ཅན་དམིགས་པར་བྱའོ། །སྒྲུབ་པ་ཆེན་པོ་རྣལ་འབྱོར་པས་ནི་སྔར
བསྡུས་བའི་དཀྱིལ་འཁོར་པ་རྣམས་ཀྱང་སྐུ་ལ་སོགས་པའི་ས་བོན་རྣམས་ལས་བྱུང་སྟེ་གནས་ཇི་ལྟ་བ་བཞིན་དུ་བཀོད་ལ་ཅི་རིགས་པར་སྐུ་ལ་སོགས་པས་བྱིན་གྱིས་བརླབ་པ་དང་ཅོད་པན་གྱིས་དབང་བསྐུར་བ་དང། རིག་པའི
བརྟུལ་ཞུགས་དང་ལྡན་པར་དེ་རྣམས་མོས་པར་བྱས་ལ་སྡོམ་པ་དང་མཆོད་པ་དང་བསྟང་པ་དང་བདུད་རྩི་མྱང་བ་དང་བཟླས་པ་ལ་སོགས་པ་ཡང་བྱས་ཏེ་སྔ་མ་བཞིན་ལངས་ལ་དེ་བཞིན་དུ་གནས་པར་བྱའོ། །ཐུན་མཚམས་ཐ
མ་ལ་ཡང་རྣམ་པ་འདི་ཉིད་ཡིན་ནོ། །ཁྱད་པར་ནི་འདི་ཡིན་ཏེ། ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་མཛད། །རྗེས་སུ་མཐུན་པར་དངོས་གྲུབ་སྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་གཤེགས་པར་མཛད་དུ་གསོལ
་ཨོཾ་བཛྲ་མུཆེན་པོ་མངོན་སུམ་དུ་བྱས་ཏེ་འབད་རྩོལ་མེད་པར་ཉལ་བར་བྱའོ། །སང་བའི་ཚེ་ན་ཡང་ལྷ་མོ་བཞིའི་གླུས་བསྐུལ་པར་བསམས་ལ་དེ་ནས་ལངས་ཏེ་ཞག་སྔ་མ་བཞིན་དུ་ཐམས་ཅད་བྱའོ། །དེ་ལྟར་ཉིན་རེའི་ཐུན་མཚམས་སམ་གནས
སྐབས་ཇི་ལྟ་བ་བཞིན་དུ་དེ་དག་ཐམས་ཅད་བྱ་སྟེ། ཚོགས་བསགས་པ་ལ་ནི་ཐུན་ལ་སོགས་པ་ངེས་པ་མེད་པའི་ཕྱིར་རོ། །ནུས་པ་ཡོད་ན་ང་བ་ཡོད་བ་ཉིད་དེ་དེ་ནི་དགེ་བ་རྣམས་ལ་རབ་ཀྱི་མཐར་ཐུག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་གོམ
པར་བྱེད་པ་ཉིད་ཀྱི་དུས་སུ་སྒྲོམ་པ་འམ་བཟླས་པ་གྲུབ་པར་འགྱུར་ཏེ། གྲུབ་པ་དེ་ཡང་དེ་ལ་དམིགས་པ་མ་ལུས་པར་ཤིན་ཏུ་གསལ་བར་སྣང་བ་རྒྱུན་མི་འཆད་པའི་ཕྱིར་རམ་ལྷུན་གྱིས་གྲུབ་པ་ལས་བྱུང་བའི་ཤུགས་རྒྱུན་མི་འཆད
པའི་ཕྱིར་རམ་ཉེ་བར་གྱུར་པའི་སྒྲ་གསལ་བ་མ་ཐོས་པ་ལ་སོགས་པའམ། ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྨི་ལམ་གྱི་ཁྱད་པར་རྣམས་ཀྱིས་ཡང་དག་པར་ཤེས་པར་བྱའོ། །ཡང་དག་པར་ཤེས་པར་བྱས་ནས་བསྒོམ་པ་དང
བཟླས་པའི་སྟོབས་ལས་ཇི་ལྟར་མཚན་མ་དེ་དག་འབྱུང་བ་དེ་བཞིན་དུ་ཡུན་རིང་པོ་མི་ཐོགས་པར་འགྲུབ་པར་འགྱུར་རོ་ཞེས་ངེས་པར་བྱས་ལ་དངོས་གྲུབ་ཉེ་བར་བྱས་པའི་ཕྱིར་སེམས་ལ་དཔྱད་པ་དང་ནམ་མཁའ་ཨི་རྡོ་རྗེ་བསྒོམ་པར་བྱའོ། །
ངའི་ལུས་དང་ངག་དང་ཡིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཚུལ་དུ་སྣང་བ་གང་ཡིན་པ་དག་ནི་ངའི་སེམས་ཙམ་སྟེ་རང་གི་སེམས་ལས་གཞན་སྣང་བ་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམ་ལ་དཔྱད་པའོ། །སེམས་ཙམ་དེ
ཡང་དོན་དམ་པར་སྣང་བ་ཙམ་གཉིས་མེད་པ་སྟེ། རྣམ་པའི་དབྱེ་བ་རྣམས་ནི་བརྫུན་པ་ཉིད་ཀྱི་དོན་དམ་པ་མཐོང་བ་མ་ནུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་ནམ་མཁའ་ཨི་རྡོ་རྗེ་འབའ་ཞིག་དྲི་མ་མེད་པ་ནམ་མཁའ་མཛའ་ཡས་ལྟ་བུ་སྣང་བ་མེད་པའི་ཡེ
ཤེས་སོ། །དེའི་འོག་ཏུ་རིའི་ཕུག་དང་དགོན་པ་ཆེན་པོ་དང་མཚོའི་ངོགས་དང་ཆུའི་དོགས་ལ་སོགས་པ་སྐྱེ་བོ་མེད་པར་རྗེས་སུ་མཐུན་པར་སྐྱེ་བོ་དམ་པའི་གྲོགས་དང་ལྡན་བར་གནས་ལ། བསྙེན་པ་ཡན་ལག་དྲུག་དང་ལྡན་པ
ལ་སོགས་པའི་ཆོ་གས་དངོས་གྲུབ་ཀྱི་མཆོག་གི་དབང་དུ་བྱས་ནས་བསྒྲུབ་པར་བྱའོ། །དེ་སྐད་དུ་ཡང། གང་ཞིག་དངོས་གྲུབ་མཆོག་གི་ཐབས་ནི་འདི་བསྒོམ་པ། བསྙེན་པར་ཆོ་ག་ཉེ་བར་སྒྲུབ་དང་སྒྲུབ་པ་དང། །སྒྲུབ་པ་ཆེན་པོས་བློ་མི
འགྱུར་བའི་སྒྲུབ་དབང་པོ། །བྱང་ཆུབ་རྡོ་རྗེ་འདྲ་བལྟ་བ་དེ་ལ་བདག་ཕྱག་འཚལ། །ཞེས་གསུངས་པ་ཡིན་ནོ། །གང་ཡང་ལྷ་གཞན་དག་གིས་སྦྱོར་བས་དངོས་གྲུབ་ཀྱི་མཆོག་འདོད་པ་དེ་རྣམས་ཀྱི་ཆོ་ག་འདི་རྣམས་ཐམས་ཅད་ཉིད་བྱས་ཏེ། ས
བོན་དང་སྐུ་མདོག་དང་ཕྱག་མཚན་དང་སྔགས་ལ་སོགས་པ་ལ་ནི་ཁྱད་པར་ཡོད་དེ་འདིར་ཚིགས་སུ་བཅད་པ་ནི། གཞན་གྱི་ས་བོན་སྔགས་དང་རིགས། །དེ་ཉིད་རིག་པའམ་སྐྱེས་བུ། །དེ་དག་རྗེས་སུ་དཔག་པར་བྱ། །གཞན་རྣམས་ཐམས་ཅད
བཤད་པ་ཡིན། །རྒྱུད་གཞན་ལས་ནི་བསྟན་པ་ཡི། །ས་བོན་སྐུ་མདོག་རིགས་ལ་སོགས། །མཚན་མའམ་མཚན་མ་བཞི་པོ་དག་།དེ་ཉིད་ལས་ནི་ངེས་པར་བཟུང། །གསུངས་པ་འམ་མ་བསྲུངས་པ་བཞིན་དུ། །གཞན་ལས་ས་བོན
སོགས་བཟུང་བྱ། །འདུས་པའི་ཆོ་གས་རྡོ་རྗེ་རྣམས། །ཐམས་ཅད་འདུས་པ་པ་ཡི་ཕྱིར། །ཐུགས་ཀྱི་དཀྱིལ་འཁོར་གྲུབ་པའི་ཕྱིར། །འཁོར་ལོ་ཅན་གྱི་རྟེན་གནས་ཀྱི། །གལ་ཏེ་རྒྱལ་གཞན་དབུས་མར་གྱུར། །དེ་ཡི་གནས་ལ་མི་བསྐྱོད་འགྱུར། །
གང་ཚེ་འཁོར་གཙོ་སངས་རྒྱས་འགྱུར། །ཕྱུང་བ་དེ་ནི་བསྟིམ་པར་བྱ། །བྱང་ཆུབ་སེམས་དཔའ་འཁོར་གཅར་འགྱུར། །དེ་ཡི་རིགས་བདག་བསྟིམ་པར་བྱ། །རྒྱལ་བ་ལས་གཞན་དཀྱིལ་འཁོར་པ། །གལ་ཏེ་འཁོར་ལོ་གཙོ་བོར་བྱེད
དབུས་མ་དེ་ཡང་གཞན་ཉིད་དེ། །རང་གནས་སུ་ཡང་གཞན་དེ་ཉིད། །ཆོ་གས་རྣམས་བསགས་པ་དེ་དག་ནི། །ཚེ་འདི་ཉིད་ལ་གྲུབ་ཕྱིར་རོ། །སྐྱེ་བ་གཞན་དུ་གྲུབ་པའི་ཕྱིར། །ཅུང་ཟད་བཟླས་དང་བསྒོམ་པ་འང་བྱ། །དེ་བཞིན་གཤེགས་པ་ཅེས
བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གང་ཡིན་པ་དེ་རྣམས་ཀྱི་གསང་བ་ནི་དོན་དམ་པ་སྟེ་རྡོ་རྗེ་འཆང་ངོ། །དེ་ལས་བྱུང་བ་ཅད་གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་གང་ཡིན་པ་དེ་ལ་དཀྱིལ་འཁོར
ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་འཛིན་གྱི་རང་བཞིན་ཅན་གང་ཡིན་པོ་ཡིན་གྱི། །བྲིས་པའི་རང་བཞིན་ནི་མ་ཡིན་ནོ། །དེ་ལ་དཀྱིལ་འཁོར་ནི་སྙིང་པོ་ཡིན་པར་ལེན་ཅིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་ཏེ་ཆོས་རྣམས་ཀྱི་སྙིང་པོ
བསྡུས་པ་ཞེས་བྱ་བའི་དོན་ཏོ། །དེ་བྱིན་གྱིས་བརླབ་པ་ནི་སྤྲུལ་པ་སྟེ་དེ་གསལ་བར་བྱེད་པའི་ལེའུ་ནི་སྒྲའི་ཚོགས། །དང་པོ་ཞེས་བྱ་བ་ནི་ཐོག་མའོ། །རྫོགས་ཞེས་བྱ་བ་ནི་མཐར་ཐུགས་པའོ། །གསང་བ་འདུས་པའི་བཤད་སྦྱར་སིམ?་པའི་མ
ཏོག་ལས། །ལེའུ་དང་པོའོ།། །།དངོས་གྲུབ་མཆོག་ལ་ཐབས་ལས་བྱུང་བ་ནི་ལེའུ་དང་བོར་བསྟན་ལ། །དེའི་ཐབས་ནི་བསྙེན་པ་དང་ཉེ་བའི་སྒྲུབ་པ་དང་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ་བཞིའོ། །དེ་ཡང་བཅོམ་ལྡན་འདས་ཀྱི་ལེའུ་འདི
ནས་བཟུང་སྟེ་ཉེ་བའི་སྒྲུབ་པ་དང། བསྙེན་པ་དང། སྒྲུབ་པ་དང། སྒྲུབ་པ་ཆེན་པོའི་རིམ་གྱི་ལེའུ་ལྔ་པའི་བར་དུ་གསུངས་ལ། དེ་བཞིན་དུ་ཞི་བ་གཞན་དག་ཏུ་ཡང་གསུངས་སོ། །དེ་བས་ན་ཐབ?་ཆགས་སུ་ཀླག་པའི་རིམ་གྱི་ལེའུ་རྣམས་ཇི་ལྟ་བ
བཞིན་གྱི་རིམ་པར་བཞག་པ་དེའི་དོན་གཅིག་ཉེ་བའི་སྡུད་པ་ནི་རིམ་པ་བཞིན་ཡིན་ཏེ། གང་ཡང་ལེའུ་བཅོ་བརྒྱད་པ་ལས། ལྔ་པ་དགུ་པ་ཉིད་དང་ནི། བཅུ་གསུམ་པ་དང་བཅུ་བདུན་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཉེ་བའི་སྒྲུབ
བ་ནི་ལེའུ་གཉིས་པ་དང་དྲུག་པ་དང། བཅུ་པ་དང་བཅུ་བཞི་པ་རྣམས་སུ་གཏོར་ཏེ་གནས་པ་ལས་དེ་དག་གི་མངོན་པར་རྟོགས་པའི་ལེའུ་འདིར་དང་པོར་བསྡུས་ཏེ་བརྗོད་པར་བྱའོ། །འདིར་ཡན་ལག་དྲུག་གི་བསྙན་པ་ནན
ཏན?་དུ་བྱས་པའི་སྒྲུབ་པ་པོས། སྐྱེ་བོ་མེད་པའི་རིའི་ཐུག་ལ་སོགས་པར་གནས་བཅས་ཏེ་ནང་པར་དུས་སུ་བསམ་གཏན་གྱི་ཁང་པར་ཞུགས་ལ། ལམ་ལ་གནས་པའི་བར་གྱི་ཆོག་རྗེས་སུ་བཅས་ནས་སྙིང་རྗེ་ཆེན་པོ་བསྐྱེད་དེ། །དོན་དམ
པ་བྱང་ཆུབ་ཀྱི་སེམས་བསྐྲེད་ལ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་ཆོས་འབྱུང་བའི་དོན་དུ་ཆུད་པའི་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས
མའི་བསྟན་ལ་འདུག་པར་བདག་ཉིད་མོ་ས་པར་བྱའོ། །གལ་ཏེ་དེ་མི་བསྐྱོད་པའི་རྣལ་འབྱོར་པ་འམ། དེའི་རིགས་ཀྱི་རྣལ་འབྱོར་པ་ཡིན་པ་དེའི་ཚེ། སྙིང་ཀའི་ཉི་མ་དང་རྡོ་རྗེའི་དབུས་སུ་རང་གི་སེམས་ཉིད་མི་བསྐྱོད་པའི་ཐུགས་དང
དེའི་སྔགས་ཀྱི་རྣམ་པར་བསམ་པར་བྱའོ། །སྔགས་དེ་ཡང་ཡི་གེ་ཧཱུཾ་ཁ་དོག་སྔོ་བར་རེག་བྱ་ཚ་ཞིང་སྒྲ་རྩུབ་མོ་སྟེ་དེའི་རྣམ་པའི་སེམས་ཀྱིས་ལྷ་ཐམས་ཅད་མི་བསྐྱོད་པའི་དེ་ཁོ་ན་ཉིད་དུ་རྣམ་པར་བརྟགས་ཏེ། སེམས་ཀྱི་འོད་ཟེར
སྤྲོས་པ་ནི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཏོ། །འོད་ཟེར་དེས་དེའི་ལྟའི་བཀོད་པ་རྣམས་ནམ་མཁའ་ཨི་ངོས་ལ་ཁྱབ་པར་བལྟས་པ་ནི་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་འོད་ཟེར་དེས་འདི་དག་ཐམས་ཅད་སེམས་ཉིད་དོ་སྙམ་དུ
བསམས་ཏེ་ལྷའི་བཀོད་པ་དེ་རྣམས་བཀུག་ནས་སེམས་ལ་བཅུག་པ་ནི་སྔགས་ལ་དམིགས་པ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱགས་གཅིག་པའི་ཏིང་ངེ་འཛིན་ཏེ། །དེ་ནས་བཟུང་བ་མེད་བས་འཛིན་པ་ཡང་མེད་དོ། །སྙམ་སྟེ། སེམས
དེ་ཡང་སེམས་མ་ཡིན་པར་ཤེས་པ་ནི་སེམས་ལ་དམིགས་པ་སྟེ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། ། །།དེ་ནས་སྔགས་ཡོངས་སུ་གྱུར་པ་ལས་བདག་ཉིད་མི་བསྐྱོད་པའི་སྐུར་བསྐྱོད་པ་ན་དག་ལ་དམིགས་པ་སྟེ་མི་བསྐྱོད་པའི་བྱང
ཆུབ་པོ། །མི་བ་སྐྱོད་པའི་སྐུ་དེ་ཡང་ཨཻནྡྲ་ནཱི་ལ་ལྟ་བུ་ཞལ་ངོ་པོ་དང་དཀར་པོ་དང་དམར་པོ་ཁྲོ་པོ་རྡོ་རྗེ་སེམས་དཔས་བརྒྱན་པའི་ཅོད་པན་ཅན་ཉི་མའི་འོད་དང་ཉི་མའི་གདན་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཀྱིས་རང
དང་འདྲ་བའི་རིག་མ་ལ་འཁྱུད་པ། ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་བ་སྟེ་དེའི་འོག་ཏུ་དངོས་པོ་འདི་དག་མ་སྐྱེས་པས། ཆོས་རྣམས་མེད་ཅིང་ཆོས་ཉིད་མེད། །ནམ་མཁའ་ལྟ་བུར་བདག་མེད་པར། །བྱང་ཆུབ
ཚུལ་ནི་བསྟན་པའོ། །ཞེས་བྱ་བའི་ཚིགས་སུ་བཅད་པས་མི་བསྐྱོད་པའི་བྱང་ཆུབ་རྣམ་པར་སྤྱད་པ་ནི་བྱང་ཆུབ་ཀྱི་སེམས་རགས་པའོ། །དེའི་རྗེས་ལ་སེམས་ཀྱི་གནས་དང་མགོ་དང་མགྲིན་པའི་ཟླ་བ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ་རྣམས
བསམས་ཏེ། དེ་དག་གི་ལྟ་བ་རྣམས་སུ་ཧཱུཾ་དང་རབ་སྔགས་དང་ཨཉིད་ལས་མཚན་མའི་སྤྲིན་སྤྲོས་ཏེ། རྒྱུ་བ་དང་མི་རྒྱུ་བའི་ཚོགས་དེའི་བདག་ཉིད་དུ་བྱས་ལ། སྣ་ཚོགས་དེ་དག་གོང་བུད་བྱས་ཏེ་ཤིན་ཏུ་ཕྲ་བའི་ཉི་མའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་ནས་མཚན་མའི་དབུས་སུ་བསྡུས་ལ། ཉི་མ་དེར་མི་བསྐྱོད
པའི་ས་བོན་མཆོག་ཏུ་ཕྲ་བ་བསམ་པ་འདི་ནི་སྔགས་ཀྱིས་བརྟགས་པ་དང་ཏིང་ངེ་འཛིན་བྱང་ཆུབ་སྦྱོར་བ་སྟེ་ཕྲ་མོའི་བྱང་ཆུབ་ཀྱི་སེམས་སོ། །དེའི་འོག་ཏུ་སེམས་ཀྱི་གནས་དང་མགོ་དང་མགྲིན་པའི་ཟླ་བ་ལ་གནས་པའི་མཚན་མའི་ཡི་གེའི
རྣམ་པ་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་སུ་དེའི་རིགས་ཀྱིས་བྱིན་གྱིས་བརླབས་པར་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ
ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། དེའི་འོག་ཏུ་སྔགས་ཀྱི་དམ་ཚིག་དང། དཀྱིལ་འཁོར་གྱི་དམ་ཚིག་དང། བྱང་ཆུབ་དམ་ཚིག་ཅེས་བྱ་བའི་དགའ་བའི་མཆོད་པ་གསུམ་བྱས་ཏེ། དེ་ལ་སྙིང་ག་ན་གནས་པའི་མཚན་མ་ཕྲ་མོ་ལས
གཏི་མུག་དང། ཞེ་སྡང་དང། འདོད་ཆགས་དང། རྡོ་རྗེ་རྣམས་མཚན་མ་ཕྲ་མོར་ནམ་མཁའ་ཁྱབ་པར་སྤྲོས་པ་ནི་སྔགས་ཀྱི་དམ་ཚིག་གོ་།དེ་དག་བསྡུས་ནས་ཤིང་ཏུ་ཕྲ་བའི་རང་གི་སྔགས་ཀྱི་གདན་ལ་རིག་མའི་དབང་ཕྱུག་ཏུ་བཅུག་སྟེ། དེའི
སྟེང་དུ་རང་གི་སྔགས་ཀྱི་ཡི་གེ་ཆགས་པ་སྟེ་ཞེན་པས་རིག་མའི་དབང་ཕྱུག་དེ་ལ་ཆགས་པ་སྟེ། ཞེན་པས་ལྟ་བ་འདི་ནི་དཀྱིལ་འཁོར་དམ་ཚིག་གོ་།དེ་ནས་རིག་པའི་དབང་ཕྱུག་ལས་རིག་པའི་སྒྲའི?་སྤྲིན་ཐམས་ཅད་སྤྲོས་ཏེ་སླར་དེ་ཉིད
དུ་བསྡུས་པ། དེའི་སྟེང་ན་གནས་པའི་སྔགས་ཀྱི་ཡི་གེ་ལས་དེ་བཞིན་གཤེགས་པའི་སྐུའི་སྤྲིན་ཐམས་ཅད་སྤྲོས་ཏེ། སླར་དེ་ཉིད་དུ་བསྡུས་པ་འདི་ནི་བྱང་ཆུབ་དམ་ཚིག་གོ་།དེ་ནས་དགའ་བའི་མཆོད་པ་དེ་ཉིད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུར
ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པའོ། དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་སྒོ་རྣམས་ལ་མཆོད་པའི་ལྷ་མོ་དྲུག་ཕྱུང་སྟེ་དེ་ལ་ལྷ་མོ་ལྔ་ལས་ནི་འདོད་པའི་ཡོན་ཏན་ལྔའི་སྤྲིན་སྤྲོའོ། །དྲུག་པ་ལས་ནི་མཆོད་པ
རྣམ་པ་ལྔའི་སྤྲིན་སྤྲུལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ལ། མཆོད་པ་དེ་ཉིད། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །ལེའུ་འདིའི་དོན་གྱིས་གཙོ་བོ་ནི་ཉེ་བར
སྒྲུབ་པ་ཡིན་ཏེ། དེ་ལས་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་སྐབས་དབྱེ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ལ་སོགས་པའི་བདག་པོ་ནི་རྣམ་པ་ཀུན་ནས་སྐུ་ལ་སོགས་པ་དབྱེ་བའི་ཕྱིར་རོ། །མཆོད་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ
རྣམས་ཀྱི་ཡིན་ནོ། །འདི་སྐད་ཅེས་བྱ་བ་ནི་གསོལ་བ་འདེབས་པའི་ཚིག་སྟེ། ཀྱེ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་བྱ་བར་འབྲེལ་ཏོ། །བྱང་ཆུབ་ལ་རྣམ་པར་སྤྱོད་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །བླ་མ་ནི་ལྷག་མ་སྟེ་འདི
ལས་བླ་མར་གྱུར་པའི་ལྷག་པ་མེད་པས་ན་བླ་ན་མེད་པའོ། །དེ་ཅི་ཞིག་ཅེ་ན། གསང་བ་སྟེ་སྐུ་ལ་སོགས་པའི་གསང་བའོ། །སུའི་ཅེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ་དཀྱིལ་འཁོར་གྱི་བདག་པོ་རྣམས་ཀྱིའོ། །ཇི་ལྟ་བུ་ཞིག་ཅེ་ན་སྐུ་དང
གསུང་དང་ཐུགས་ཀྱི་སྙིང་པོ་མཆོག་སྟེ། སྐུ་དང་གསུང་དང། ཐུགས་ནམ་མཁའ་དང་མཚུངས་པས་སྙིང་པོ་ཡོན་ལ། འཁོར་ལོ་སྒྱུར་བ་དྲུག་གི་ཡིན་པས་ན་མཆོག་གོ་།འཁོར་ལོ་སྒྱུར་བ་དྲུག་དང་འབྲེལ་པ་དེ་བས་ན། བྱང་ཆུབ་ཀྱི་སེམས་འདི
ནི་རྣམ་པ་དྲུག་ཡིན་ལ་ཡང་རགས་པ་དང་ཕྲ་མོའི་དབྱེ་བས་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །འདིར་ཚིགས་སུ་བཅད་པ་ནི། བྱང་ཆུབ་རྣམ་སྤྱད་བྱང་ཆུབ་སེམས། །རྣམ་པ་བཅུ་གཉིས་དག་ཏུ་བརྗོད། །གཉིས་པ་ཡིས་ནི་རགས་པ་དྲུག་།ཕྲ་མོ
དྲུག་ནི་དྲུག་པས་སོ། །སྐུ་ལ་སོགས་པའི་རྡོ་རྗེ་ནི་བསྡུས་པ་སྟེ། །གསང་བ་འདུས་པ་ཞེས་བྱ་བའི་དོན་ཏོ། །མཁྱེན་ཞིང་ཞེས་བྱ་བ་ནི་ཐུགས་ལ་བཞག་ནས་སོ། །ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་ཀུན་ཏུ་ཚོལ་བའི་ཡིད་ཀྱིས་བརྗོད་པའོ། །རྣམ
པར་རྟོག་པ་མངའ་བས་ན་ཡོངས་སུ་རྟོག་པ་སྟེ་ཚིག་ཏུ་མ་བརྗོད་པར་སེམས་ཀྱི་རྟོག་པའོ། །དེ་མཁྱེན་པ་ནི་སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པས་མཁྱེན་པའོ། །རྣམ་པར་རྟོག་པ་དེ་ཡང་འདིར་རྣམ་པ་དྲུག་སྟེ་རྒྱུད་གཞན་དག
ལས་སྙིང་གར་ཟླ་བའི་མཚན་མའི་དབུས་སུ་སྔགས་བཀོད་པ་བྱང་ཆུབ་ཀྱི་སེམས་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནམ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་པོའོ། །དེ་ལྟར་ན་ཁྱད་པར་ཅི་ཞིག་ཡོད་ནས་འདི་བླ་ན་མེད
པ་ཡིན་ཞེས་བྱ་བ་ནི་གཉིས་པའོ། །འཁོར་ལོ་སྒྱུར་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡིན་ན་ནི་ལྟར་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་ཞེས་བྱ་བ་ནི་གསུམ་པའོ། །བྱང་ཆུབ་ཀྱི་སེམས་ནི་སེམས་ཉིད་ཡིན་ན་ཇི་ལྟར་སྐུ་དང
གསུང་དང་ཐུགས་ཡིན་ཞེས་བྱ་བ་ནི་བཞི་པའོ། །ཇི་སྟེ་སྔགས་ལས་སྐྱེས་པའི་སྐུ་བཟུང་བ་ཡིན་ན་ཡང་བྱང་ཆུབ་ཉིད་ཡིན་གྱི་བྱང་ཆུབ་ཀྱི་སེམས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལྔ་པའོ། །ཇི་སྟེ་ཡང་བྱང་ཆུབ་ལ་རྣམ་པར་སྤྱོད་པའི་སེམས་ནི
བྱང་ཆུབ་ཀྱི་སེམས་སོ་ཞེས་བྱ་བར་འདོད་ན་དེ་ལྟར་ན་ཡང་སྐུ་དང། ཐུགས་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བས་གསུང་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དྲུག་པའོ། །འདི་སྐད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་ཉེ་བར་བཤད
པ་འདིས་རྣམ་པར་རྟོག་པ་རྣམས་བསལ་བའོ། །ཁྱེད་ཀྱིས་སྐྱེད་ཅིག་ཅེས་བྱ་བ་ལ། སེམས་ཞེས་བྱ་བ་ནི་ཇི་ལྟར་གྲགས་པ་བཞིན་དུ་སྙིང་གའི་ཟླ་བ་དང་མཚན་མའི་དབུས་སུ་སྔགས་ཀྱི་རྣམ་པའི་སེམས་སྐྱེད་ཅིག་ཅེས་བྱ་བའི་དོན་ཏོ། །འདིས
ནི་རྣམ་པར་རྟོག་པ་དང་པོ་གསལ་ཏོ། །ལུས་ལྟ་བུ་ཞེས་བྱ་བ་ནི་ཆོས་གཙོ་བོར་གྱུར་པ་སྟེ། ལུས་ཀྱི་སྒྲས་ནི་ལུས་ཉིད་དང་ལྟ་བུ་ཞེས་བྱ་བའི་རྣམ་པ་སྟེ་དེ་དག་ཏུ་སྐྱེད་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལ་ནམ་མཁའ་ཨི་གཏོས་ཁྱབ་པའི་དེ་བཞིན
གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་བསྡུས་པའི་སྔགས་ཀྱི་ལྷའི་ཚོགས་ནི་ལུས་སོ། །ལུས་ཉིད་ཀྱིས་ཏེ་ལུས་ཀྱི་རང་བཞིན་ཉིད་ཀྱིས་བསྐྱེད་པ་སྟེ། སེམས་ཀྱི་འོད་ཟེར་རྣམས་ཀྱིས་དེ་དག་བཀུག་ནས་སེམས་ལ་ལུས
རྣམས་བཅུག་པའོ། །འདི་ནི་སྔགས་ལ་དམིགས་པ་སྟེ་བཟུང་བ་མེད་པའི་ཡེ་ཤེས་ཡིན་ནོ། །དེ་ལ་སོགས་པའི་ཁྱད་པར་བསྟན་པས་གཉིས་པ་ཡང་གསལ་ཏེ། །སེམས་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས
ཀྱི་རང་བཞིན་དུ་མངོན་པར་བརྗོད་པས་དེ་དག་གི་ངག་དང་བསྐུར་ཡང་དེ་འགྱུར་བའི་ཕྱིར་གསུམ་པ་ཡང་གསལ་བ་ཡིན་ནོ། །ལྟ་བུ་ནི་རང་བཞིན་ཏེ་སེམས་གཉིས་པོས་སྟོང་པའི་རང་བཞིན་དུ་སྐྱེད་ཅིག་པའོ། །བཟུང་བ་མེད་པས་འཛིན
པ་ཡང་བཀག་པ་འདི་ནི་སེམས་ལ་དམིགས་པ་སྟེ་འཛིན་པ་མེད་པའི་ཡེ་ཤེས་སོ། །ལུས་སེམས་ཀྱི་རྣམ་པ་ལྟ་བུ་ཞེས་བྱ་བ་ལ་སེམས་དེ་ཉིད་ཀྱི་རྣམ་པ་སྔགས་གང་ཡིན་པ་དེ་ཡོངས་སུ་གྱུར་པ་ལས་སྐུ་དང་གསུང་དང་ཐུགས་རྣམས
ནམ་མཁའ་ཨི་བདག་ཉིད་ཅན་བྱང་ཆུབ་ཀྱི་མཚན་ཉིད་འཁོར་ལོ་སྒྱུར་བའི་སྐུར་སྐྱེད་ཅིག་ཅེས་བྱའོ། །འདི་ནི་ངག་ལ་དམིགས་པའོ། །སེམས་ཚིག་ཏུ་བརྗོད་པ་ལྟ་བུར་ཞེས་བྱ་བ་ནི་མཚན་ཉིད་ཀྱི་གསུམ་པ་སྟེ། བྱང་ཆུབ་ཀྱི་ཚིགས་སུ་བཅད
པ་བརྗོད་ནས་དེའི་རྣམ་པ་ལྟ་བུའི་སེམས་ཀྱི་བྱང་ཆུབ་རྣམ་པར་སྤྱད་པའི་སེམས་སྐྱེད་ཅིག་ཅེས་བྱ་བའི་དོན་ཏོ། །འདིས་ནི་བཞི་པ་དང། ལྔ་པ་དང། དྲུག་པ་ཡང་བསལ་ཏེ། འདི་ལྟར་འདིར་དམིགས་པ་རྣམ་པ་གསུམ་གྱིས་བསྒྲུབས་པའི
སྐུ་ནི་བྱང་ཆུབ་ཡིན་ལ། དེ་རྣམ་པར་སྤྱད་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་འདོད་པས་ལུས་ལ་དམིགས་པ་དང་ངག་གི་རྣམ་དང་རྣམ་པར་སྤྱད་པའི་རང་བཞིན་དག་ཡིན་པའི་ཕྱིར་སྐུ་དང་གསུང་དང་ཐུགས་ཉིད་དོ། །
ཡང་ན་བྱང་ཆུབ་དེ་ཉིད་སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུའི་མཚན་ཉིད་པས་སྐུ་དང་གསུང་དང་ཐུགས་ཡིན་ལ། བྱང་ཆུབ་དེ་ལ་རྣམ་པར་སྤྱད་པའི་སེམས་ཀྱང་སྐུ་དང་གསུང་དང་ཐུགས་ཞེས་བྱའོ། །དེའི་ཕྱིར་རྣམ་པར་རྟོག་པ
བཞི་པ་བསལ་ཏོ། །སྔགས་ལས་སྐྱེས་པའི་སྐུ་ལ་བྱང་ཆུབ་སེམས་ཤེས་བྱ་ན་བྱང་ཆུབ་ཉིད་ཡིན་གྱི་སེམས་སུ་ནི་མི་འགྱུར་རོ། །ཞེས་བྱ་བ་དང་ལུས་ཀྱི་སེམས་ལ་སྐུ་དང། གསུང་དང། ཐུགས་སུ་འགྱུར་རོ། །ཞེས་བྱ
བ་གཉི་ག་ཡང་མི་འདོད་པས་དེར་ཐལ་བར་འགྱུར་བ་མེད་པས་རྣམ་པར་རྟོག་པ་ལྔ་པ་དང་དྲུག་པ་ཡང་བསལ་ཏོ། །དེ་ནས་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་འོག་ཏུའོ། །དེ་དག་ཅེས་བྱ་བ་ནི་གང་གི་སྔོན་དུ་རྣམ་པར་རྟག་པ་སྐྱེས་པ་རྣམས་སོ། །བྱང་ཆུབ
སེམས་དཔའ་དེ་རྣམས་ལ་ཡོད་པ་ནི་བྱང་ཆུབ་སེམས་དཔའ་སྟེ་སྙིང་གའི་ཟླ་བ་དང་མཚན་མི་དབུས་སུ་སྔགས་ཀྱི་རྣམ་པའི་སེམས་བསྐྱེད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སྔགས་ཀྱི་ལྷ་ཐམས་ཅད་དོ། །
དེ་རྣམས་ཀྱི་སྐུ་ལ་སོགས་པའི་ནམ་མཁའ་ནི་སྐུ་ལ་སོགས་པའི་མི་དམིགས་པའོ། །དེ་རྣམས་དང་ལྟ་བུ་ཞེས་ཟླས་ཕྱེད་ལ་འཁོར་ལོ་སྒྱུར་བའི་སྐུ་བསྡུ་བའོ། །དེ་དག་གི་སྦྱོར་བ་ན་སྙིང་གའི་མཚན་མར་ཆུང་པའི་སེམས་ལ་དམིགས་པ
གསུམ་གྱི་སྦྱོར་བའོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་བདག་ཉིད་ཀྱི་སེམས་སོ། །སྐུ་ལ་སོགས་པའི་རྡོ་རྗེ་ནི་དམིགས་སུ་མེད་པ་སྟེ་དེ་དང་ལྡན་པས་རྡོ་རྗེ་ཅན་ནོ། །སྐྱེ་བ་མེད་པའི
སྦྱོར་བ་ནི་སྐྱེ་བ་མེད་པའི་རྣམ་པར་སེམས་པའི་བྱ་བས་སྦྱོར་བའོ། །རབ་ཏུ་སྒྲགས་པ་ཞེས་བྱ་བ་ནི་ཚིགས་སུ་ཅད་པས་རྣམ་པར་སྤྱོད་པའོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགྲིན་གཅིག་ཏུ་བྱང་ཆུབ་ཐུན་མོང་དུ་རྣམ་པར་དཔྱོད
པའོ། །བྱང་ཆུབ་སེམས་ཀྱི་ཐུན་མོང་གི་མཚན་ཉིད་བསྟན་ནས། རབ་ཏུ་བྱ་བ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཚིག་དྲུག་ཆར་ལ་ཡང་དང་པོའི་རྡོ་རྗེའི་སྒྲས་ནི་མཚན་མའི་དོན་ཏོ། །གཉིས་པ་ནི་མི་ཕྱེད་བའི
དོན་ཏོ། །གསུམ་པ་ནི་ཏིང་ངེ་འཛིན་གྱི་དོན་ཏོ། །གཤེགས་པའི་སྒྲ་དང་དང་པོར་རྣམས་ནི་སྔགས་ཀྱི་ཚིག་ཏེ་སངས་རྒྱས་ཞེས་བྱ་བའི་སྒྲ་བཞིན་དེ་ཁོ་ན་ཉིད་རྟོགས་པའོ། །དྲུག་ཆར་ལ་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཉིད་དོ།།
དེ་ལ་དང་པོར་རྡོ་རྗེ་འཛིན་པའི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་འཛིན་པའོ། །དེའི་རྡོ་རྗེ་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱ་སྟེ། སྙིང
གའི་ཟླ་བར་པདྨ་རཱ་ག་ལྟར་དམར་བའི་སྦྱོར་བས་སོ། །དེ་བཞིན་ཞེས་བྱ་བ་ནི་དེའི་རྡོ་རྗེ་ཇི་ལྟ་བ་དེ་བཞིན་དུ་གཤེགས་ཤིང་རྟོག་པའི་སྔགས་འདི་ལ་ཡོད་པས་དེ་བཞིན་གཤེགས་པ་ཏེ་མཚན་མའི་དབུས་སུ་དེའི་སྔགས་བཀོད་པའོ། །སྔགས་དེ་ཡང་ཡི
གེ་ཧཱུཾ་དཀར་བ་དང་བསིལ་བ་དང་སྙན་པའི་སྒྲ་དང་ལྡན་པ་དེ་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་ཙམ་ཡིན་པས་ཡི་གེ་གསུམ་སྟེ་ཤེས་བྱ་དང་ཤེས་པ་བསྡུས་ཏེ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི
སྔགས་ཀྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་མངོན་པར་བྱང་ཆུབ་པའི་ཚུལ་དེ་ཁོ་ན་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྡོ་རྗེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་ཉིད
ནི་མི་ཕྱོར་བས་ན་རྡོ་རྗེའི་སྙོམས་པར་ཞུགས་པ་ནི་དམིགས་པ་གསུམ་གྱིས་མངོན་དུ་བྱས་པ་སྟེ། སྔགས་ཀྱི་རྣམ་པའི་སེམས་དེ་ལས་ཀུན་ཏུ་འོད་ཟེར་སྤོས་པ་ནི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཏོ། །འོད་ཟེར་དེ་ཉིད་ཀྱིས་ཕྱོགས་བཅུར་ཀུན
ཏུ་ཁྱབ་པར་བཞུགས་པའི་སྔགས་ཀྱི་ལྷ་རྣམས་ཀྱི་བཀོད་པ་མཐོང་བ་ནི་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏོ། །དེ་རྣམས་དེས་བསྡུས་ནས་སེམས་ཀྱི་ནང་དུ་བཅུག་པ་ནི་སྔགས་ལ་དམིགས་པ་སྟེ་དེ་ཁོ་ན་ཉིད་ཕྱོགས་གཅིག་པའི་ཏིང་ངེ་འཛིན
ཏོ། གཟུང་བ་མེད་པར་ཤེས་ནས་དེ་ལ་འཛིན་པ་ཡང་མེད་པར་ཤེས་པ་ནི་སེམས་ལས་དམིགས་པ་ཞེས་བྱ་བ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བ་ལ་བར་དུ་བཅད་པར་ནུས་པ་ནི་བར
ཆད་དེ། དེ་འདི་ལ་མེད་པས་ན་བར་ཆད་མེད་པའོ། །དེ་ནས་ངག་གི་བདག་ཉིད་ཀྱིས་སྔགས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཛིན་པའི་སྐུར་བསྐྱེད་པ་ནི་ངག་ལ་དམིགས་པའོ། །དེ་ལྟར་དམིགས་པ་གསུམ་གྱིས་རྡོ་རྗེ་འཛིན་པ་ལ་དམིགས་པའི
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་ཞེས་བྱ་བ་ལ་ངག་ལ་དམིགས་པའི་རྡོ་རྗེ་འཛིན་པ་ནི་བྱང་ཆུབ་ཡིན་ལ། དེ་ལ་ཉེ་བར་སྤྱོད་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པའི
དངོས་པོ་མེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡུལ་ལོ། །བསྒོམ་པ་མེད་ཅེས་བྱ་བ་ལ་བསྒོམ་པ་ནི་དགའ་མ་རྣམས་ཀྱི་འཇུག་པ་སྟེ་དེ་མེད་པ་ནི་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་དགའ་མ་རྣམས
ཏེ་དེ་དག་ཀྱང་དེ་ལ་བསྒོམ་པ་མ་ཡིན་ཏེ་དེ་དག་ནི་དེའི་ཡུལ་ཅན་དུ་མེད་པའི་ཕྱིར་རོ། །འདི་ལྟར་དེ་རྣམས་ནི་མངོན་པར་བརྗོད་པས་རོ་ཐ་དད་པ་ཡིན་ལ་དེའི་བརྗོད་དུ་མེད་པས་རོ་གཅིག་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་བསྒོམ་པར
བྱ་བ་བསྒོམ་པ་མིན་པ་དང། དེ་རྣམས་དེར་རོ་གཅིག་ཏུ་གྱུར་པའི་བདེ་བའི་རང་བཞིན་ནི་དེ་ཉམས་སུ་མྱོང་བ་ཡིན་པ་དེའི་ཕྱིར་དངོས་པོ་བསྒོམ་པ་མིན་པ་དང། བདེ་བ་ཆེན་པོའི་སེམས་བསྐྱེད་པ་དོན་དམ་པར་མ་སྐྱེས་པ་དང་བསྒོམས
པས་རྙེད་པ་མ་ཡིན་ཞིང་དམིགས་པར་གྱུར་པ་མ་ཡིན་ཏེ། བསྒོམ་པ་ཡང་དེར་བཀག་པ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཉིད་ཀྱི་བྱང་ཆུབ་རྣམ་པར་དཔྱད་པ་སྟེ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པའོ། །དེ
བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་ཏིང་ངེ་འཛིན་ཏེ་དེ་ལ་སྙོམས་པར་ཞུགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་ཞེས་བྱ་བ་ནི་སྙོམས་པར་ཞུགས་པ་ཡིན་ལ་གཤེགས་པ་ཞེས་བྱ་བ་ནི་འཁོར་རྣམས་ཀྱིས་དེ་བཞིན
དུ་རྟོགས་པའོ། །འདིར་ཚིགས་སུ་བཅད་པ་ནི། །དགའ་མ་རྣམས་ནི་བསྡུས་པ་ཡིས། །ཆོས་དབྱིངས་ཉམས་སུ་མྱོང་བ་བདེ། །དེ་ནི་སྐྱེ་མེད་རྙེད་མེད་དུ། །རྡོར་འཛིན་ཚིགས་སུ་བཅད་པ་ཤེས། །རྣམ་པར་སྣང་མཛད་ཀྱིས་གསུངས་པ། །དེ་ནས་ཞེས་བྱ་བ་ལ
སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་བཤད་པ་ནི་རྡོ་རྗེ་འཛིན་གྱིས་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །བྱེ་བྲག་ཏུ་གྱུར་པ་རྣམས་འདིར་བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཟླ་བ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི
མཚན་མའི་ནང་དུ་རབ་སྔགས་བཀོད་དེ། དེ་ཡང་གདོད་ནས་མ་སྐྱེས་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་དོན་དུ་ཡི་གེ་གསུམ་པོ་འདིས་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོག་པ་ནི་མ་ལུས་པར་ཡང་དག་པར་ཐུགས་སུ་ཆུད
པ་སྟེ་བྱང་ཆུབ་ལས་མ་གཏོགས་པ་མེད་པས་མ་ལུས་པར་ཐུགས་སུ་ཆུད་པ་ཡིན་ལ། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ཡང་དག་པ་སྟེ། གདོད་ནས་སྐྱེ་བ་མེད་པས་སོ། །དེས་ན་གདོད་ནས་སྐྱེ་བ་མེད་པས་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེས་ཙམ
ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་ཅེས་བྱ་བའི་བར་དུའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཚིགས་སུ་བཅད་པ་འདི་ནི་རྐང་པ་དྲུག་པ་སྟེ། ཡི་གེ་བདུན་དང་བདུན་དང་བརྒྱད་དང་དགུ་དང་བརྒྱད་དང་དྲུག་གི་ཚིག་དག་གོ་།དངོས
པོ་ཐམས་ཅད་ཅེས་བྱ་བ་ནི་ཕྱི་རོལ་གྱི་སྔགས་ཀྱི་ལྷ་རྣམས་སོ། །བྲལ་བ་ནི་མི་ལྡན་པའོ། །བསྟན་པ་འདིའི་ཉེ་བར་བཤད་པ་ནི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་ཕུང་པོ་ནི་སངས་རྒྱས་ལྔ་རྣམས་སོ། །ཁམས་ནི་སྤྱན་མ་ལ་སོགས་པ་ལྔའོ། །སྐྱེ་
མཆེད་ནི་བཅུ་གཉིས་ཏེ་སའི་སྙིང་པོ་ལ་སོགས་པ་རྣམས་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་སོ། །མདོར་བསྡུས་ན་གཟུང་བ་ནི་གཟུགས་ཀྱི་ཕུང་པོའོ། །འཛིན་པ་ནི་ཚོར་བའི་ཕུང་པོ་ལ་སོགས་པའོ། །རྣམ་པར་??
པ་ནི་རང་རིག་པ་ཙམ་གྱིས་ཕྱིར་ཏེ་ཕུང་པོ་ལ་སོགས་པ་དེ་རྣམས་རང་གི་སེམས་ཡིན་པས་སོ། །གཉིས་ཀྱིས་སྟོང་པ་འདི་ལ་ཡོད་པས་ན་སྟོང་པ་ཉིད་ཀྱི་རང་བཞིན་ཏེ་སྟོང་པ་ཉིད་ཀྱིས་ན་གདོད་མ་ཉིད་ནས་མ་སྐྱེས་པ་སྟེ། སྐྱེས་ནས་འགོག
པ་མ་ཡིན་པས་གདོང་ནས་སྐྱེ་བ་མེད་པ་ཉིད་དོ། །ཆོས་བདག་མེད་པར་མཉམ་ཉིད་པ་ཞེས་ཆོས་རྣམས་ནི་གཟུང་བ་དང་འཛིན་པ་རྣམས་སོ། །དེ་རྣམས་མེད་པ་ནི་བདག་མེད་པ་སྟེ་དུས་གསུམ་མཉམ་པ་ཉིད་དོ། །འདིར་ཚིགས་སུ་བཅད་པ་ནི། སངས
རྒྱས་འཁོར་ལོ་འདིར་དོན་མེད། །དེ་རྣམས་སྟོང་པ་ཡིད་ཀྱི་བདག་།གདོད་ནས་སྐྱེ་མེད་ཉིད་ཡིན་ཞེས། །བརྟག་པའི་ཚིགས་སུ་བཅད་པ་ཤེས། །མི་བསྐྱོད་པ་ཡིས་གསུངས་པ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མི་བསྐྱོད་པའི་སྙིང་གར
ཉི་མ་ལ་མཚན་པ་རྡོ་རྗེ་ནག་པོ་ཡིད་ཙམ་གདེངས་པོར་འདུག་པའི་དབུས་སུ་དེའི་སྔགས་ཡི་གེ་ཧཱུཾ་ཁ་དོག་ནག་པོ་རེག་བྱ་ཚ་བ་སྒྲ་རྩུབ་མོ། །གཟུང་བ་དང་འཛིན་པའི་སྟོང་པ་ཉིད་ཀྱི་ཡིད་ཡིན་པས་ཡི་གེ་གསུམ་པོ་འདི་ནི་ཤེས་བྱ་དང་ཤེས་པ
ཉེ་བར་བསྡུས་པ་རོ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པ་ཞེས་བྱ་བ་ནི་བསྡུས་པའི་མཐར་ཐུགས་པར་བསམ་གཏན་ལྔ་པ་སྟེ་མི་བསྐྱོད་པ་ཤེས་བྱ་བའི་དོན་ཏོ། །དངོས་པོ་འདི་རྣམས་ཞེས
བྱ་བ་ནི་མཛའ་ཡས་པའི་སྔགས་ཀྱི་ལྷ་རྣམས་ཀྱི། མ་སྐྱེས་པ་ཞེས་བྱ་བ་ནི་མཉམ་པར་བཞག་པའི་སེམས་ལ་མཛའ་ཡས་པའི་སྐྱེ་བ་མེད་པས་རྒྱ་ཆེ་བ་དང་བྲལ་ཏེ་བསྡུས་པས་སོ། །དེ་ལྟ་ན་ནི་ཆོས་དང་ཆོས་ཉིད་དུ་གྱུར་ཏེ་སེམས།
འཛིན་པས་ན་ཆོས་ཏེ་ཞི་གནས་སོ། །ཆོས་ཉིད་ཀྱི་རྣམ་པ་དང་ལྡན་པས་ན་ཆོས་ཉིད་དེ་ལྷག་མཐོང་ངོ། །དེ་དག་ཀྱང་བཟློག་པར་བྱ་སྟེ་དེ་ལ་ཆོས་གསུམ་པོ་བསམ་གཏན་དང་པོ་དང། །ཆོས་བཞི་པ་བསམ་གཏན་གཉིས་པ་དང་ཆོས་ཉིད་བཞི་པ
སྟེ་བསམ་གཏན་གསུམ་པོ་དག་གོ་། དེ་བས་ན་ཆོས་ཉིད་མེད་པ་ཞེས་བཟློག་པར་སྦྱོར་རོ། །ཆོས་ཉིད་ནི་དེ་དག་བསྡུས་པའི་སྔགས་ཀྱི་ཐིག་ལེ་བསམ་གཏན་བཞི་པའོ། །ཆོས་དང་ཆོས་ཉིད་དེ་དག་མེད་པ་ནི་དེ་བསྡུས་པའི་སོགས་ཀྱི་ཐིག་ལེ་དང
སྔགས་ཀྱི་ཐིག་ལེ་གཅིག་ཏུ་གྱུར་པའི་བསམ་གཏན་ལྔ་པའོ། །ནམ་མཁའ་ལྟ་བུར་བདག་མེད་པ་ནི་སེམས་ཟད་པས་ནམ་མཁའ་ལྟ་བུའོ། །བྱང་ཆུབ་ཚུལ་གྱི་ཞེས་བྱ་བ་ནི་བྱང་ཆུབ་ལ་རྣམ་པར་དཔྱད་པའོ། །བརྟན་པ་ནི་མི་ཕྱེད་པའོ། །འདིར་ཚིགས
སུ་བཅད་པ་ནི། ཆོས་དང་བློ་ནི་འདོར་བསྡུས་པ། །མཁའ་དང་ནམ་མཁའ་གཉིས་སུ་མེད། །འདི་ནི་གསང་ཟད་ཟབ་མོ་སྟེ། །མི་བསྐྱོད་ཚིགས་སུ་བཅད་པས་ཤེས། །རིན་ཆེན་འབྱུང་ལྡན་གྱིས་གསུངས་པ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདི་དང
པོར་ཡང་རིན་ཆེན་དཔལ་གྱི་སྒྲའི་མཐར་རྡོ་རྗེའི་སྒྲ་ལྟ་བུའོ། །ཇི་སྟེ་རྡོ་རྗེའི་སྒྲ་མེད་ན་ཡང་རིན་ཆེན་གྱི་སྒྲས་རིན་ཆེན་འབྱུང་ལྡན་བསྟན་ལ། དཔལ་གྱི་སྒྲས་མཚན་མ་བསྟན་ཏེ་སྙིང་གའི་ཉི་མ་ལ་ནོར་བུ་རིན་པོ་ཆེ་ལྗང་གུ་ཟུར་དགུ་པ་དེའི་དབུས་སུ
ཡི་གེ་སཱའི་སྔགས་ཏེ། ཐམས་ཅད་ཅེས་བྱ་བ་སྐུ་ཕྲ་མོ་དང་རྡོ་རྗེ་ཞེས་བྱ་བ་ཐུགས་ཕྲ་མོ་དང་དོན་གྱི་རྗེས་སུ་འགྲོ་བའི་གསུང་ཕྲ་མོ་སྟེ། དེ་རྣམས་རོ་གཅིག་པར་སྒྱུར་བའི་བསྡུས་པའི་དོན་ནི་ཡི་གེ་གསུམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
བདག་མེད་པ་ནི་རང་དང་སྤྱིའི་མཚན་ཉིད་མེད་པ་སྟེ་དེ་ལ་རང་གི་མཚན་ཉིད་ཕྲ་མོ་རྣམ་པ་གསུམ་མོ། །སྤྱིའི་མཚན་ཉིད་ནི་དེ་དག་བསྡུས་པའོ། །དེ་དག་མེད་པོ་ནི་རོ་གཅིག་ཏུ་གྱུར་པ་སྟེ་རིན་ཆེན་འབྱུང་ལྡན་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ཐམས
ཅད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་རྣམས་ཐམས་ཅད་ནི་མཛའ་ཡས་པའི་སྔགས་ཀྱི་ལྷ་རྣམས་སོ། །དེ་རྣམས་ནི་དངོས་པོ་མེད་པ་ཉིད་དེ་ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས་པ་སྟེ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང
བྲལ་བའི་ཕྱིར་རོ། །ཆོས་བདག་མེད་པ་ནི་ཕྲ་མོ་རྣམ་པ་གསུམ་མོ། །ཀུན་ཏུ་འབྱུང་བ་གཅིག་ཏུ་གྱུར་པའོ། །འདིར་ཚིགས་སུ་བཅད་པ་ནི། །སྔགས་ཀྱི་ལ་རྣམས་རང་དང་ནི། །སྤྱི་ཡི་མཚན་ཉིད་ཡོངས་སུ་ཟད། །རིན་ཆེན་གསང་གསུམ་དམ་ཚིག
ཏེ། རིགས་འཛིན་ཚིགས་སུ་བཅད་པས་ཤེས། །སྣང་བ་མཛའ་ཡས་ཀྱིས་གསུངས་པ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྣང་བ་མཛའ་ཡས་ཀྱི་མཚན་མ་དམར་པོ་འདབ་བརྒྱད་ཀྱི་དབུས་སུ་སྔགས་ཡི་གེ་ཨཱལྟ་བུ་ཉིད་ནི་ཡི་གེ་གཉིས་ཀྱི་དོན་ཡིན་ནོ། །ཡེ་ཤེས་ནི་སྔགས་ཐམས་ཅད་དོ། །དེའི་འབར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རིན་པོ་ཆེའོ། །སྒྲོན་མ་ནི་དེ་ལ་སོ་སོར་རྟོག་པ་སྟེ་སྣང་བ་མཛའ་ཡས་ཞེས་བྱ་བའི་དོན་ཏོ། །མ་སྐྱེས་པ
ཞེས་བྱ་བ་ལ་སོགས་པ་ལ་ཆོས་རྣམས་ནི་སྔགས་ཐམས་ཅད་ཀྱི་གསང་བ་རྣམས་ཏེ་ནམ་མཁའ་དང་འདྲ་བ་མ་སྐྱེས་པའོ། །ངོ་བོ་མེད་དེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ་མཚོན་པར་བྱ་བའོ། །བསྒོམ་པ་མེད་ཅེས་བྱ་བ་ནི་དེའི་བསྒོམ་པའང
མེད་དེ། །མཚོན་པར་བྱ་བའི་ཕྱིར་རོ། །ནམ་མཁའ་ཨི་གནས་སུ་སྦྱར་བ་ཡིས་ཞེས་བྱ་བ་ལ་གསུམ་པོ་བསྡུས་པ་ནི་ནམ་མཁའ་ཡིན་ལ་བཞི་པོ་ཉེ་བར་བསྡུས་པ་ནི་གནས་དེ་དག་གི་སྦྱོར་བའོ། །དེ་ལྟར་ཞེས་པ་ནི་དེའི་ཕྱིར་ཞེས་པ་སྟེ་དངོས་པོ་ཞེས
བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །རབ་ཏུ་བསྒྲགས་ཞེས་བྱ་བ་ནི་སོ་སོར་རྟོག་པའོ། །འདིར་ཚིགས་སུ་བཅད་པ་ནི། །སྔགས་རྣམས་གསང་བ་མཁའ་ཡིན་པས། །མཚོན་བྱ་མཚན་ཉིད་ག་ལ་ཡོད། །དེ་ལྟར་ཐ་སྙད་མཁར་བསྡུས་པས། །དག
དག་ཚིགས་སུ་བཅད་པས་ཤེས། །དོན་ཡོད་གྲུབ་པ་ཡི་གསུངས་པ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདིའི་འབྲས་བུ་དང་བཅས་པས་ན་དོན་ཡོད་པར་གྲུབ་པའོ། །དེའི་སྙིང་གར་ཉི་མ་ལ་མཚན་མ་རལ་གྲིའི་དབུས་སུ་གནས་པ་སྔགས་ཀྱི་ཡི
གེ་ཧཱ་བཀོད་པ་སྟེ་མགྱོགས་པར་འགྲོ་བ་དང་མི་གཡོ་བ་ནི་ཡི་གེ་གཉིས་ཀྱི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟིལ་གྱིས་མནན་པ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་སྟེ། །དོན་ཡོད་གྲུབ་པ་ཞེས་བྱ་བའི་དོན་ཏོ། །ཆོས
རྣམས་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་འོད་གསལ་བ་ནི་ཆོས་རྣམས་རང་བཞིན་གྱིས་དེ་བཞིན་ཉིད་དེ་དེ་དྲི་མ་མེད་ཅིང་འོད་གསལ་བ་ཞེས་བྱ་བའི་དོན་ཏོ། །གདོད་ནས་ཞེས་བྱ་བ་ནི་དེ་ཉིད་གདོད་ནས་དག་པ་ཡིན་གྱི་གཉེན་པོའི་མཐུས
ཕྱིས་དག་པ་ནི་མ་ཡིན་ནོ། །ནམ་མཁའ་བཞིན་ཞེས་བྱ་བ་ནི་འཁྲུལ་པའི་དྲི་མ་རྣམས་དེའི་རང་བཞིན་མ་ཡིན་ཏེ་གློ་བུར་པ་ཡིན་པའི་ཕྱིར་རང་བཞིན་རྣམ་པར་དག་པ་སྟེ་ཇི་ལྟར་ནམ་མཁའ་དུད་པ་དང་ཁུག་རྣ་དང་རྡུལ་དང་སྤྲིན་ལ་སོགས་པའི་རང་བཞིན
མ་ཡིན་པ་བཞིན་ནོ། །དེ་ཉིད་ཀྱི་ན་བྱང་ཆུབ་མེད་པ་སྟེ་དོན་དམ་པར་དེ་རྣམས་སྦྱངས་པས་དག་པ་མ་ཡིན་པའི་ཕྱིར་རོ། །མངོན་རྟོགས་མེད་པ་ནི་དག་པར་བྱེད་པའི་ལམ་གྱི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ་ནི། འཇིག
རྟེན་རང་བཞིན་འདོད་གསལ་བས། །ཐམས་ཅད་དུ་ནི་སངས་རྒྱས་དངོས། །བྱང་ཆུབ་མེད་ཅིང་ལམ་ཡང་མེད། །ཐོགས་མེད་ཚིགས་སུ་བཅད་པས་ཤེས། །འདིར་བསྡུ་བའི་ཚིགས་སུ་བཅད་པར་གྱུར་པ་ནི། །དང་པོའི་སྙིང་སྔགས་ལྷག་མོས
གནས། །དམིགས་པ་རྣམས་ཀྱི་སྔོན་དུ་བྱ། །ལུས་ཀྱི་ཕྱག་རྒྱ་དེ་ཉིད་གང། །ཚིགས་བཅད་རྣམས་ཀྱིས་དེ་དཔྱད་བྱ། །ཕྱག་རྒྱ་ཆེ་དང་ཚིགས་བཅད་རྣམས། །བྱང་ཆུབ་རིགས་པའི་རྣམས་དཔྱད་ཡིན། །ཕྲ་མོ་གནས་དང་ས་བོན་ནི། །བྱང་ཆུབ
ཕྲ་མོའི་རྣམ་དཔྱད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་ཡི་གེ་རྣམས་ཐོས་ནས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་འཁོར་ལོས
སྒྱུར་པ་དྲུག་གོ་། དེ་རྣམས་ཀྱི་སྐུ་ལ་སོགས་པའི་གསང་བ་སྟེ་དེ་ལ་དམིགས་པ་གསུམ་གྱིས་བསྒྲུབས་པའི་སྐུ་ནི་སྐུའི་གསང་བའོ། །སྔགས་ནི་གསུང་གི་གསང་བའོ། །སྔགས་ཀྱི་རྣམ་པ་ལ་དམིགས་པའི་སེམས་ནི་ཐུགས་ཀྱི་གསང་པའོ། །
དེ་གསལ་བར་བྱེད་པའི་སྐུར་སྟོན་པ་ནི་དེའི་ཆོས་སོ། །དེའི་དེ་ཁོ་ན་ཉིད་ཀྱི་ཡི་གེ་ནི་དེ་དག་སྟོན་པར་བྱེད་པའི་ཚིགས་སུ་བཅད་པ་ནི་ཡི་གེ་སྟེ། ཐོས་པ་ནི་ངེས་པར་བཟུང་བའོ། །ངོ་མཚར་དུ་གྱུར་པ་ནི་མངོན་པར་རྟོག་པ་ལའོ། །རྨད་དུ་གྱུར་པ་ནི
བྱང་ཆུབ་རྣམ་པར་བཅད་པའི་ཚིགས་སུ་བཅད་པ་ལའོ། །ེ་མའོ་སངས་རྒྱས་ཞེས་བྱ་བ་ནི་སྐུའི་གསང་བའོ། །ེ་མའོ་ཆོས་ཞེས་བྱ་བ་ནི་གསུང་དང་ཐུགས་ཀྱི་གསང་བ་དབྱེ་མེད་པ་བསྟན་པ་སྟེ། གང་གི་ཕྱིར་འདིར་ལམ་གྱི་ཆོས་ཡིན་པས་ནའོ། །
དེ་ཡང་གསུང་དང་ཐུགས་ཀྱི་གསང་བའོ། །ཆོས་བཤད་པ་ནི་ངོ་མཚར་ཆེ་ཞེས་བྱ་བའི་ཆོས་ནི་བྱང་ཆུབ་སྟེ་ཆོས་ཐམས་ཅད་ཀྱི་ཕུལ་དུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་བཤད་པ་ནི་བྱང་ཆུབ་ཀྱི་ཚིགས་སུ་བཅད་པའོ། །དེ་བས་ན་གོ་རིམས་ཇི
ལྟ་བ་བཞིན་དུ་དག་དང་དེ་ཉིད་དོན་དག་དོན་ཏེ། སྐུའི་གསང་བ་ནི་མིང་དང་མཚན་པའི་དྲི་མ་ནུབ་པ་ཡིན་པ་དང་ལམ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡིན་པ་དང་ཚིགས་སུ་བཅད་པ་ནི་ཡང་དག་པར་རྟོགས་པ་བརྗོད་པའི་ཕྱིར་རོ། །སྐུའི་གསང་བ་ལ་བསྟོད
པ་གསུངས་པ། བདག་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་བདག་མེད་པ་ལ་དམིགས་པའི་ལམ་ལ་དེ་སྐད་ཅེས་བྱའོ། །བྱུང་བ་ནི་དེ་ལས་སྐྱེས་པ་སྟེ་རྣམ་པར་རྟོག་པ་དང་བཅས་པའི་མི་དམིགས་པའི་ལམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ
རྫོགས་པ་མ་ཡིན་པས། སངས་རྒྱས་བྱང་ཆུབ་རྫོགས་མཛད་པ། །རྣམ་པར་མི་རྟོགས་པ་མིག་སུ་མེད། །ཅེས་བྱ་བ་གསུངས་སོ། །སྐུའི་གསང་བ་ནི་རྣམ་པར་རྟོག་པ་དང་མི་དམིགས་པས་རྫོགས་པ་ཡིན་པའི་ཕྱིར་རོ། །གསུང་གི་གསང་བ་ལ་བསྟོད
པ་གསུངས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ་འདི་ཉིད་ནི་ཀུན་ཏུ་བཟང་པོ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཏེ་དེ་ཉིད་ཀྱི་དོན་འདིའི་དོན་ཡིན་པས་ན་ཐམས་ཅད་དོན་ནོ།།
ཟླ་བ་རྡོ་རྗེའི་སྦྱོར་བས་ས་བོན་བསྐྱེད་པ་ནི་བྱང་ཆུབ་སེམས་ཀྱི་འཇུག་པའོ། །དེ་ལས་ནི་བྱང་ཆུབ་སྤྱོད་པའོ། །དེ་ལས་སྒྲིབ་པ་ཐམས་ཅད་འཇོམས་པ་ནི་བྱང་ཆུབ་རྟོགས་པ་སྟེ་དེ་ཉིད་ཀྱི་ཕྱིར་གསུངས་པ། བྱང་ཆུབ་སེམས་ནི་རབ་བསྐོར་བ། །
བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ་ཞེས་སོ། །ཐུགས་ཀྱི་གསང་བ་ལ་བསྟོད་པ་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ནི་དེ་བཞིན་ཉིད་རྟོགས་པས་གསལ་བ་ཙམ་སྟེ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞེས་བྱ་བ་དང་འབྲེལ་ཏོ།།
དག་ནི་རང་བཞིན་ཏེ་དྲི་མ་རྣམས་གློ་བུར་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བའི་ས་བོན་དང་བཅས་པའོ། །གཟུང་བ་རྣམས་ཐིམ་པས་ན་སྐུ་འཛིན་པའོ། །འཛིན་པ་རྣམས་ཐིམ་པས་ན་ཐུགས་འཛིན་པའོ།
གསུང་ཐིམ་པས་ན་གསུང་འཛིན་པའོ། །རྡོ་རྗེ་ཅན་དུ་གྱུར་པས་ནི་རྡོ་རྗེ་འཛིན་པའོ། །དེ་ལྟ་བུའི་མངོན་པར་རྟོགས་པའི་བྱང་ཆུབ་ཚིགས་སུ་བཅད་པས་སྟོན་པར་མཛད་པས་ན་སངས་རྒྱས་བྱང་ཆུབ་རབ་སྟོན་པའོ། །དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས
ཀྱི་གནས་སྐབས་ཡིན་པས་དེ་ནས་ཚིགས་སུ་བཅད་པ་བཞི་ཆར་ལ་ཡང་བྱང་ཆུབ་སེམས་ཀྱི་སྒྲ་སྦྱར་བ་ཡིན་ནོ། །ཇི་སྟེ་གང་ཡང་ཐེག་པ་ཆེན་པོ་དག་ལས་དེ་བཞིན་ཉིད་དང་ཡང་དག་པའི་མཛའ་དང་མཚན་མ་མེད་པ་དང་དོན་དམ་པ་དང་ཆོས
ཀྱི་དབྱིངས་དང་ཆོས་ཉིད་ལ་སོགས་པའི་སྒྲ་འདི་དག་གིས་བརྗོད་པའི་དོན་གང་ཡིན་ཞེ་ན། སྟོང་པ་ཉིད་ཡིན་ནོ། །དེ་ནི་འགྱུར་བ་མེད་པས་དེ་བཞིན་ཉིད་དུ་བརྗོད་དེ། ཟས་སུ་ཆུ་ཟའོ་ཞེས་བྱ་བ་བཞིན་དུ་བཞིན་གྱི་སྒྲས་ངེས་པར
གཟུང་བ་སྟོན་པས་རྟག་ཏུ་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པ་ནི་དེ་ཁོ་ན་ཡིན་ཏེ་དེ་བཞིན་ཉིད་དོ། །མཛའ་ནི་མཆོག་སྟེ་དེ་ལས་ལྷག་པར་གྱུར་པའི་དེ་ཁོ་ན་གཞན་མེད་པས་འདི་ལ་ཡང་དག་པའི་མཛའ་ཞེས་བརྗོད་དོ། །མི་བདེན
པར་སྣང་བའི་འཁྲུལ་པ་ཡིན་ལ་དེ་ལ་གང་སྣང་བ་དེ་ནི་དེའི་མཚན་མ་ཡིན་ཏེ་དེས་ཡུལ་དུ་བྱས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་མཚན་མ་མེད་པ་སྟེ་འཁྲུལ་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ནི་མཚན་མ་མེད་པ་ཞེས་བརྗོད་དོ། །དམ་པ
ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། འདི་དེའི་ཡུལ་ཡིན་པའི་ཕྱིར་འདི་ལ་དོན་དམ་པ་ཞེས་བརྗོད་དོ། །ཆོས་ནི་འཕགས་པ་རྣམས་ཀྱི་ཆོས་ཏེ། ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་ཉིད་ལ་དམིགས་པས་དེ་རྣམས་སྐྱེ་བས་ཆོས
རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་འདི་ནི་ཆོས་ཀྱི་དབྱིངས་སུ་བརྗོད་དོ། །དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་ཉིད་ཅེས་ཀྱང་བརྗོད་དོ། །དེ་ལྟར་ན་ནི་གང་དུ་རྟག་པའི་ཕྱིར་སེམས་ཀྱི་སྐྱེ་བ་ནི་གསལ་བར་སྣང་བ་ཙམ་ཡིན་ཏེ།
དཔེར་ན་རྩིག་པ་ཞིག་པས་ནམ་མཁའ་ལ་སོགས་པའི་སྐྱེ་བ་བཞིན་ནོ་ཞེས་བྱ་བ་དེ་གང་ཞིག་ཅེ་ན་དེར་ཡང་སེམས་ཞེས་པའི་སྒྲ་ནི་སྟོང་པ་ཉིད་ལ་བྱ་སྟེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཅི་སྟེ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ
སོགས་པ་མདོར་བསྡུས་ཏེ་རྣམ་པར་བཞག་པ་གང་ཡིན་ཞེ་ན། བརྗོད་པར་བྱ་སྟེ། སྟོང་ཉིད་ཆོས་རྣམས་ཐམས་ཅད་ཀྱི། །གཉིས་ཀྱི་སྟོང་པ་གང་ཡིན་དེའོ། །གཉིས་པོ་མེད་པའི་མཚན་ཉིད་པས། །དེ་ནི་ཐམས་ཅད་རོ་གཅིག
ཉིད། སྟོང་པ་ཉིད་ཕྱིར་དངོས་པོ་འང་མིན། །དེ་རྣམས་དངོས་ཕྱིར་དངོས་མེད་མིན། །ལུས་དངོས་ཡིན་ཕྱིར་གཞན་མ་ཡིན། །མཚན་ཉིད་ཀྱིས་ནི་གཞན་མིན་མིན། །སེམས་ཀྱི་ཆོས་ཉིད་རྟག་པའི་ཕྱིར། །ནམ་མཁའ་ཨི་འབྱུང་བ་བཞིན་དེ
བརྗོད། །དེའི་བརྗོད་བཅས་བསྒོམས་པ་ལས། །ཉེ་བར་བརྗོད་པ་ཀུན་རྫོབ་ཡིན། །སྤྲོས་པ་མེད་པའི་ཡེ་ཤེས་ཀྱིས། །དྲི་མ་རྩ་ནས་གཏོན་གྱུར་པས། །གློ་བུར་དྲི་མ་ཟད་པ་ན། །རང་བཞིན་དག་ཅེས་དག་པ་ཡིན། །གལ་ཏེ་ཕྱི་རོལ་དོན་
མེད་ན། །སྔོན་པོ་ལ་སོགས་པ་འདི་དག་།ཇི་ལྟར་སྣང་བར་འགྱུར་ཞེ་ན། །བག་ཆགས་ཀྱི་སྟོབས་ལས་སྐྱེས་པའི་མི་བདེན་པའི་དོན་གྱིས་དོན་དུ་སྣང་སྟེ་རྨི་ལམ་གྱི་ཤེས་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང། ཇི་ལྟར་བྱིས་པས
རྣམ་བརྟགས་པའི། །དོན་ཕྱིར་དེ་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་འགྱུར་མ་ཡིན། །ཞེས་གསུངས་ཏེ། བག་ཆགས་ཀྱིས་དཀྲུགས་པ་ནི་ཉམས་པར་བྱས་པའོ། །ཇི་སྟེ་འདི་དག་ཤེས
པ་ཉིད་ཡིན་གྱི་ཕྱི་རོལ་གྱི་དོན་མ་ཡིན་པར་ག་ལ་ཤེས་ཏེ། རྨི་ལམ་གྱི་ཤེས་པ་ཉིད་དོན་དང་དེར་སྣང་བ་བཞིན་དུ་སང་པ་ཉིད་ན་ཡང་མ་ཡིན་ཏེ། སྔོན་པོ་ལ་སོགས་པའི་དོན་ཉིད་སྣང་བ་ཡིན་ལ་དཔེ་ཙམ་གྱི་དོན་གྲུབ་པ་མེད་དོ་ཞེ་ན། འདིར
བརྗོད་པར་བྱ་སྟེ་འདི་ལ་གསལ་བ་དང་སྣང་བ་དང་མྱོང་བ་དང། བེམས་པོ་མ་ཡིན་པ་དང་ལྐོག་ཏུ་གྱུར་པ་མ་ཡིན་པ་རྣམས་ནི་རྟོག་པའི་མཚན་ཉིད་ཡིན་ལ། སྔོན་པོ་ལ་སོགས་པ་རྣམས་ཀྱང་ཉམས་སུ་མྱོང་བ་ནི་མྱོང་བ་དེ་མ་རྟོག་པ་མེད་དེ་དེ་བས
ན་སྔོན་པོ་ལ་སོགས་པ་ཡང་རྟོགས་པའི་རི་བོར་གྲུབ་ལ་དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་ངོ་བོ་མ་ཡིན་པར་གྲུབ་སྟེ། བེམས་པོ་དང་སྣང་བ་དག་གཅིག་ལ་འགལ་བའི་ཕྱིར་རོ། །འདིར་དཔྱོད་པ་ཅན་དག་ན་རེ་དོན་གྱི་ཆོས་གསལ་བ་ཡིན་ཞེས་བྱ་བ་ནི་བདག་
ཉིད་ཀྱིས་མྱོང་བས་བདེན་ན་དེ་ཡང་ཤེས་པས་བྱ་བ་ཡིན་གྱི་ཤེས་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་བས་ན་དེ་ནི་དོན་གྱི་ཆོས་ཡིན་ལ་དེ་གསལ་བར་བྱེད་པའི་རྒྱུ་ཤེས་པ་ནི་སྐྱེས་བུའི་ཆོས་ཡིན་ནོ་ཞེས་ཟེར་ན། དེ་ཡང
མི་རིགས་ཏེ་དོན་གྱི་རང་བཞིན་ནི་སྐྱེས་བུ་རྣམས་ཀྱི་ཐུན་མོང་མ་ཡིན་ཏེ། འདི་ལྟར་རྣམ་བུ་དམར་པོ་ཆོས་མཁན་ཉིད་ལ་དམར་པོར་སྣང་གྱི་གཞན་དག་ལ་དཀར་པོར་སྣང་བ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྐྱེས་བུ་ཐམས་ཅད་ཀྱི་དམར་པོ
ཡིན་པས་འདི་ལྟར་གང་ཞིག་གིས་དོན་གྱི་ཆོས་གསལ་བར་བྱས་པ་དེ་ཐམས་ཅད་ཀྱིས་མཐོང་བར་འགྱུར་ཏེ་ཐམས་ཅད་ཀྱི་སྣང་བའི་ཆོས་ཡིན་པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་ཀྱིས་མཐོང་བ་མེད་པ་མ་གཏོགས་པ་འགའ་ཞིག་གིས
དོན་འགའ་ཞིག་མཐོང་བ་དེ་ཐམས་ཅད་དུ་མཐོང་བར་འགྱུར་རོ། །གཞན་དག་ན་རེ་བེམས་པོ་མ་ཡིན་པ་དང་གསལ་བ་ནི་རིག་པའི་མཚན་ཉིད་དེ། དེ་ཉིད་ནི་རྟོགས་པ་ཡིན་ལ། དེ་ཡང་སྐྱེས་བུའི་ཆོས་ཡིན་གྱི་དོན་གྱི་ཆོས་མ་ཡིན་ཏེ་སྐྱེས
བུའི་ཤེས་པ་དེས་དོན་གྱི་ཕྱི་རོལ་ཏུ་རིག་ཅིང་གཟུང་བས་རྟོགས་པ་ཡིན་ན། དེ་བས་ན་དོན་གསལ་བ་ཡིན་ཏེ། གསལ་བ་ནི་ཤེས་པས་གསལ་བར་བྱས་པའོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ་འདི་ལྟར་གསལ་བའི་མཚན་ཉིད་སྔར་བཤད
པ་བཞིན་ཉམས་སུ་མྱོང་བ་ཡིན་ལ། དེ་ཡང་སྔོན་པོ་ལ་སོགས་པའི་ཆོས་མ་ཡིན་ན། དེ་རང་གསལ་བ་མ་ཡིན་པས་གཞན་གྱིས་ཀྱང་ནུས་པ་མ་ཡིན་ཏེ། རང་གི་ངང་གིས་གསལ་བ་མ་ཡིན་པ་ནི་གཞན་གྱིན་གསལ་བར་བྱ་བར་ནུས་པ་མ
ཡིན་ཏེ། གསལ་བར་བྱས་པས་གསལ་བར་གྱུར་པ་དང། གསལ་བ་མ་ཡིན་པ་ཡང་འགལ་བའི་ཕྱིར་རོ། །ཇི་སྟེ་བདག་ཉིད་ཀྱིས་མི་གསལ་བ་ཡང་གསལ་བ་པོས་གསལ་བར་བྱས་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ལྟ་ན་ཡང་གསལ་བར་གྱུར་པ་དོན
གྱི་ཆོས་ཉིད་དུ་འགྱུར་ཏེ། དེས་ན་དཔྱོད་པ་པོའི་ལུགས་ཁས་བླངས་པ་ཡིན་ལ་དེའི་སྐྱོན་ཡང་སྔར་བཤད་ཟིན་ཏོ། །དེ་ལྟར་ན་སྔོན་པོ་ལ་སོགས་པ་ནི་སྣང་བའི་བདག་ཉིད་ལ་སྣང་བ་ཡིན་པས་ན་གཟུང་བ་དང་འཛིན་པས་སྟོང་པའི་རྣམ་ལ
ཤེས་པ་ཙམ་མོ་ཞེས་བྱ་བ་འདིས་གནས་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ་ནི། །སྣང་བ་མིན་པ་སྣང་མི་འགྱུར། །བཞན་གྱིས་ཀྱང་ནི་སྣང་མི་ནུས། །སྔོན་པོ་ལ་སོགས་སྣང་བ་སྟེ། །དེ་ཕྱིར་གཉིས་མེད་ཤེས་པ་ཡིན། །གཞན་ཡང་སྣམ
བུ་དང་རེ་ལྡེ་དང་རྩིག་པ་ལ་སོགས་པ་སྣང་བ་འདི་དག་གཅིག་གམ་དུ་མ་ཞིག་ཇི་སྟེ་གཅིག་ཡིན་ན་ཐོག་མ་དང་ཐ་མ་དད་དབུས་ཀྱི་ཆའི་བྱེ་བྲག་དམིགས་པར་མི་འགྱུར་ཏེ་བྱེ་བྲག་དང་བྱེ་བྲག་མེད་པ་ལ་འགལ་བའི་ཕྱིར་རོ། །དེ་ལྟར་ཆ་ཤས་རྣམས་ཀྱང
སོ་སོར་གཅིག་ཏུ་མི་རུང་བས་ཆ་ཤས་མེད་པའི་རྡུལ་ཕྲ་རབ་འབའ་ཞིག་གནས་འགྲང། དེ་ཡང་ཡོངས་སུ་བསྐོར་བའི་རྡུལ་རྣམས་ཀྱིས་ཕྱོགས་གཅིག་ནས་སྦྱོར་དུ་མི་རུང་སྟེ། ཆ་ཤས་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཀྱང་མི་རུང་སྟེ་རྡུལ་ཕྲ
མོ་རྣམས་གཅིག་ལ་གཅིག་ཞུགས་པས་རི་ལ་སོགས་པ་ཡང་རྡུལ་ཕྲ་མོའི་ཚད?་ཙམ་དུ་ཐལ་བར་འགྱུར་རོ། །དེས་ན་སྣམ་བུ་ལ་སོགས་པ་འདི་དག་གཅིག་ཀྱང་མ་ཡིན་ལ་དུ་མ་ཡང་མ་ཡིན་ཏེ། དེའི་ཕྱིར་སྔོན་པོ་ལ་སོགས་པ
འདི་དག་རྡུལ་ཕྲ་མོར་བཤིག་ན། ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ཏེ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། དྲུག་གིས་ཆར་སྦྱར་བས་ན། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག
ན། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །ཇི་ལྟར་སྔོན་པོ་ལ་སོགས་པ་ཕྱི་རོལ་ཏུ་ཁས་བླངས་པ་ལ་སྐྱོན་བརྗོད་པ་འདི་དག་ནི་རྣམ་པར་ཤེས་པའི་བདག་ཉིད་ཀྱི་སྔོན་པོ་ལ་སོགས་པ་ལ་ཡང་མཚུངས་ཏེ། ཐལ་བར་གྱུར་བ་ལ
བྱེ་བྲག་མེད་པའི་ཕྱིར་རོ། །དོན་དང་རྣམ་པ་ཤེས་པ་བྱེ་བྲག་ཙམ་གྱིས་ནི་ཅིར་ཡང་མི་འགྱུར་རོ། །ཇི་སྟེ་དོན་གྱི་རྡུལ་ཕྲ་རབ་ནི་ཕྱོགས་དྲུག་ནས་བསྐོར་བ་ཡིན་ལ་རྣམ་པར་ཤེས་པའི་རྡུལ་ཕྲ་མོ་ནི་ཕྱོགས་བཞི་པའོ་ཞེ་ན། ཆ
ཤས་དང་བཅས་པར་མཚུངས་པའི་ཕྱིར་དེས་ཀྱང་ཅིར་ཡང་མི་འགྱུར་རོ། །གཅིག་དང་དུ་མ་ལས་མ་གཏོགས་པའི་དངོས་པོར་ཕུང་པོ་གསུམ་པ་གཞན་དག་ཀྱང་མེད་པས་སྔོན་པོ་ལ་སོགས་པ་འདི་དག་ནི་ཕྱི་རོལ་གྱིས་དངོས་པོ་དང་ནང
གི་དངོས་པོར་མ་གྲུབ་པ་བརྫུན་པ་ཉིད་དོ། །གཞན་ཡང་འདི་ནི་སྔོན་པོ་ལ་སོགས་པ་འདི་དག་ཅིག་ཆར་ཉམས་སུ་མྱོང་བ་ཡིན་ལ། ཉམས་སུ་མྱོང་བ་དེ་ཡང་རིག་པ་དང་གསལ་བ་དང་སྣང་བ་ཞེས་བྱ་སྟེ། གསལ་བ་དེ་ནི་མྱོང་བ་དང་བདག་ཉིད
གཅིག་པ་ཉིད་ཡིན་ལ། གསལ་བ་དང་གསལ་བ་མ་ཡིན་པར་འགལ་བའི་ཕྱིར་དང་གསལ་བ་ནི་གསལ་བ་ཁོ་ནའི་མཚན་ཉིད་ཡིན་པའི་ཕྱིར། མྱོང་བའི་ངོ་བོ་ཉིད་ཡིན་ལ། དེ་ལྟར་གསལ་བ་ཙམ་ཡིན་ཡང་བག་ཆགས་ཀྱིས་དཀྲུགས
པའི་དབང་གིས་མེད་དུ་ཟིན་ཀྱང་གང་ཞིག་གིས་བདག་ཉིད་དུ་སྣང་སྟེ། བདག་ཉིད་དེ་དག་ནི་གོ་རིམ་བཞིན་དུ་གཞན་གྱིས་མ་བཞག་པ་དང། བཞག་པ་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ཡང་ཡིན་ཏེ། གསལ་བ་ནི་གཞན་གྱིས་བཞག
པ་མ་ཡིན་པའི་ཕྱིར་བརྫུན་པར་མི་རུང་ངོ། །གསལ་བ་དེ་ཡང་གསལ་བ་གཞན་གྱི་བཞག་པས་གསལ་བ་མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་གསལ་བ་འདི་ནི་རང་གི་བདག་ཉིད་ཀྱི་མངོན་སུམ་གྱི་ཚད
མ་ཡིན་ཏེ་གཞན་གྱིས་བཞག་པ་ནི་ནམ་མཁའ་ལ་སྒྲའི་ཚིགས་སྣང་བ་བཞིན་འཁྲུལ་པས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསལ་བ་ལ་གནོད་པར་བྱེད་པ་མེད་པ་དང་དེ་ལས་ལྷག་པའི་ཚད་མ་འཇིག་རྟེན་ན་མེད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་བ
ལ་ནི་གནོད་པ་ཡོད་པ་ཁོ་ན་སྟེ། འདི་ལྟར་སྔོན་པོ་དང་སེར་པོ་དང་དཀར་པོ་དང་ལྗང་གུ་ལ་སོགས་པའི་མཚན་ཉིད་ཕན་ཚུན་སྤངས་ཏེ་སྣང་བས་ན་གཅིག་མ་ཡིན་ལ་དེའི་བདག་ཉིད་སྣང་བ་གཅིག་དང་འགལ་བའི་ཕྱིར་དུ་མ་ཉིད་ཀྱང་མ
ཡིན་ནོ་ཇི་སྟེ་དེའི་བདག་ཉིད་ཡིན་པའི་ཕྱིར་དེ་དང་འདྲ་བར་གསལ་བ་ཡང་ཐ་དད་དོ་ཞེ་ན། དེ་དག་བདག་ཉིད་སོ་སོར་མྱོང་བའི་ཕྱིར་ལྷན་ཅིག་མྱོང་བ་མེད་པས་ཐམས་ཅད་ལ་གཅིག་ཏུ་མྱོང་བ་མེད་པ་ཐར་བར་འགྱུར་རོ། །དེ་བས་ན་སྔོན་པོ་ལ
སོགས་པ་ནི་གཅིག་དང་དུ་མ་བྲལ་བས་བརྫུན་པ་ཡིན་ཏེ་ནམ་མཁའ་ཨི་ངོས་ལ་སྣང་བའི་སྒྲའི་ཚོགས་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་འདི། །ཇི་ལྟར་མེ་ལོང་ལ་ནི་གཟུགས། །གཅིག་དང་གཞན་པ་རྣམས་སྤངས་པ། །སྣང
ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་གསུངས་སོ། །འདིར་གཞན་པ་ཞེས་བྱ་བ་ནི་གཅིག་ལ་བལྟོས་པ་ཏེ་དུ་མའོ། །དངོས་རྣམས་ཞེས་བྱ་བ་ནི་རྣམ་པར་རིག་ཙམ་གྱི་བདག་ཉིད་ཀྱི་ཆོས་ཐམས་ཅད་དོ། །ངོ་བོ་ཉིད
ཅེས་བྱ་བ་ནི་དངོས་པོའི་མཚན་ཉིད་དེ་སྔོན་པོའི་ལམ་ལ་སོགས་པའོ། །གཞན་ཡང་སྔོན་པོ་ལ་སོགས་པ་གསལ་བ་ལས་ཐ་དད་དམ་འོན་ཏེ་ཐ་དད་པ་མ་ཡིན་པ་ཞིག་ཡིན་ཇི་སྟེ་ཐ་དད་པ་ཡིན་ན་ནི་དེ་མི་སྣང་བར་འགྱུར་རོ། །གལ་ཏེ་ཐ་དད་པ་མ
ཡིན་ན་ནི། དེ་རྣམས་གསལ་བའི་བདག་ཉིད་ཡིན་པས་གཅིག་ཏུ་གྱུར་པ་འམ་དེ་ཡང་དེ་རྣམས་དང་ཐ་མི་དད་པས་དུ་མར་གྱུར་པ་དེས་ན་ལྷན་ཅིག་མྱོང་བ་མེད་པར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པ་གསལ་བ་ལས་ཐ་དད་པ་དང།
ཅིག་ཤོས་ཀྱི་རང་བཞིན་དང་བྲལ་བས་མེ་ལོང་གི་ནང་དུ་བྱུང་བའི་གཟུགས་བརྙན་བཞིན་དུ་བརྫུན་པ་ཡིན་པའི་ཕྱིར་ཡང་ཇི་ལྟར་མེ་ལོང་ལ་ནི་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་འདི་ལ་ནི་གཅིག་དང་གཞན་པ་ཞེས་བྱ་བ
ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པའོ། །ཇི་སྟེ་སྔོན་པོ་ལ་སོགས་པ་འདི་དག་ལྷན་ཅིག་མྱོང་བའི་ཕྱིར་གཅིག་ཡིན་ན་ཞེ་ན། མ་ཡིན་ཏེ་ཐ་དད་པར་ཉམས་སུ་མྱོང་བའི་ཕྱིར་དང་ཐ་མི་དད་པར་ཉམས་སུ་མྱོང་བར་མི་ནུས་པས་སོ། །
ཇི་སྟེ་ཡང་སྔོན་པོ་ལ་སོགས་པ་འདི་དག་ལྷན་ཅིག་ཉམས་སུ་མྱོང་བས་ཇི་ལྟར་ཉམས་སུ་མྱོང་བ་དེ་ལྟར་གཅིག་ཡིན་ནོ་ཞེ་ན། ཐ་དད་པ་ཉིད་ཐ་དད་པ་མ་ཡིན་ནོ་ཞེས་ལེགས་པར་སྨྲས་པར་འགྱུར་རོ། །ཇི་སྟེ་བློའི་རྣམ་པའི་ཡང་སྔོན་པོ་ལ་སོགས་པ་ནི་རང
ཉིད་ལ་འཁྲུལ་པ་མི་རིགས་པས་བརྫུན་པ་མ་ཡིན་ལ། །རང་གི་སྣང་བ་ཕྱི་རོལ་གྱི་དོན་མ་ཡིན་པ་ལ་སྔོན་དུ་མངོན་པར་ཞེན་པས་བཞག་པའི་སྔོན་པོ་ལ་སོགས་པ་ནི་བརྫུན་པ་ཡིན་ནོ་ཞེ་ན། འོ་ན་ནི་རང་གི་སྣང་བ་ལ་མངོན་པར་ཞེན་བ་ཡིན་པས
དེ་རྣམ་པ་ཐམས་ཅད་དུ་ཤེས་པ་ཉིད་དུ་ཞེན་པར་འགྱུར་གྱི་དོན་དུ་ནི་མ་ཡིན་ཏེ་དེ་དོན་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཁྲུལ་པ་ཡིན་ནོ་ཞེ་ན། འཁྲུལ་པ་དེ་ཉིད་དཔྱད་པར་བྱ་བ་ཡིན་ནོ། །ཇི་སྟེ་དོན་ལ་མངོན་པར་ཞེན་པ་ཡིན་ན་ནི་དེའི་དོན་རྣམ་པ་ཐམས
ཅད་དུ་ཡོད་པར་འགྱུར་བས་དོན་མེད་བཞིན་དུ་ཞེན་པར་མི་འགྱུར་རོ། །དེ་བས་ན་དོན་ལ་ཡང་ཞེན་པ་མ་ཡིན་ལ་ཤེས་པ་ལ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་རྟོག་པའི་བློའི་སྣང་བ་ལྡོག་པའི་ལུས་གཙོ་བོར་གྱུར་པ་ཙམ་ནི་བརྫུན་པ་ཡིན་ནོ
དེ་ཡང་ཉམས་སུ་མྱོང་བའི་ཕྱིར་དང་བློ་མེད་ན་མི་འབྱུང་བའི་ཕྱིར་དང་སོ་སོའི་བདག་ཉིད་དུ་མྱོང་བའི་ཕྱིར། བློའི་བདག་ཉིད་ཡིན་ལ་དོན་དུ་མངོན་པར་ཞེན་པས་དོན་དུ་གྱུར་པ་ཡིན་གྱི་དོན་ཡོད་པས་ནི་མ་ཡིན་ཏེ། དོན་མེད་ཀྱང་འབྱུང་བའི་ཕྱིར་རོ།།
དེ་ལས་ཁ་ཅིག་ནི་དོན་རྣམ་པར་འཇོག་པ་ཡིན་ཏེ་དོན་དང་འབྲེལ་པའི་ཕྱིར་རོ། །དེ་བས་ན་གང་ཡང་སྒྲ་རྣམས་ནི་དངོས་སུ་དངོས་པོའི་དོན་ཅན་དུ་མི་རིགས་ཏེ་འགལ་བའི་ཕྱིར་རོ། །བརྫུན་པའི་དོན་ཅན་དེ་ནི་ཇི་ལྟར་གྲགས་པ་བཞིན་རྣམ་པར་བཞག
པ་ཡིན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །དེ་ཡང་གསུངས་པ། དེ་ལ་ངོ་བོ་ཕྱི་རོལ་དང། གཅིག་ལས་གཞན་ལས་ལོག་ལྟ་བུར། །སྣང་བ་གང་ཡིན་བརྟག་པ་ཡི། །ཡན་ལག་མེད་ཕྱིར་དེ་ཉིད་མིན། །ཡང་གསུངས་པ། སྒྲ་དོན་འདི
ནི་ཡོད་མིན་ཀྱང། །ཇི་ལྟར་གྲགས་པ་བཞིན་དུ་བརྗོད། །ཡང་ཅིའི་ཕྱིར་བརྫུན་པར་སྣང་ཞེ་ན། དེ་ཡི་བདག་ཉིད་ཀྱི་ཕྱིར་རོ། །འོ་ན་ཇི་ལྟར་བདེན་པ་དང་བརྫུན་པ་འགལ་བར་གྱུར་པ་དག་།དེའི་བདག་ཉིད་དུ་རུང། གསལ་བ་ལས་ཐ་མི་དད་པའི་ཕྱིར་རྣམ་པར
བརྫུན་པ་ཡང་དངོས་པོར་འགྱུར་བ་འམ། རྣམ་པར་བརྫུན་པ་ལས་ཐ་མི་དད་པའི་ཕྱིར། །གསལ་བ་ཡང་བརྫུན་དུ་འགྱུར་རོ་ཞེ་ན། གང་ཡང་ཇི་ལྟར་བདེན་པ་དང་བརྫུན་པ་འགལ་བར་གྱུར་པ་དག་།དེའི་བདག་ཉིད་དུ་རུང་ཞེས་བྱ་བ་ཡང་མི་རིགས་ཏེ།
བདག་ཉིད་ཀྱི་འབྲེལ་པ་དངོས་པོར་གྱུར་ན་འགལ་བར་འགྱུར་གྱི་བརྫུན་པ་ལ་ནི་མ་ཡིན་ནོ། །དེ་བས་ན་བརྫུན་པའི་དབང་གིས་སྣང་བ་ཡང་བརྫུན་ཡིན་ལ། བརྫུན་པ་དེས་དེའི་བདག་ཉིད་ཀྱང་ཡིན་པ་ལ་འགལ་བ་ཅི་ཡོང་བརྫུན་པ་ཡང་ཇི་ལྟར་གྲགས
པ་བཞིན་དུ་རྣམ་པར་མི་བཞག་པ་ནི་མ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ་གཞན་དུ་ན་འཁྲུལ་པ་རྒྱུན་ཆད་པར་འགྱུར་རོ། །དེས་ན་ངེས་པ་དང་འཇུག་པ་དང་ཕན་ཚུན་རྩོད་པ་དང་བཅིངས་པ་དང་གྲོལ་བ་ལ་སོགས་པ་མེད་པ་ཐལ་བར
འགྱུར་རོ། །དེ་བས་ན་གང་ཡང་གསལ་བ་ལས་ཐ་མི་དད་པའི་ཕྱིར་སྣང་བ་བརྫུན་པ་ཡང་དངོས་པོར་འགྱུར་རོ་ཞེས་བྱ་བའི་གཏན་ཚིགས་འདི་ལ། གལ་ཏེ་དངོས་པོའི་རང་བཞིན་དུ་ཐ་མི་དད་དོ་ཞེ་ན། གཏན་ཚིགས་མ་གྲུབ་པར་འགྱུར་རོ། །འོན་ཏེ
ཐ་མི་དད་པ་ཙམ་གཏན་ཚིགས་ཡིན་ན་ནི་མ་ངེས་པར་འགྱུར་ཏེ། གཟུང་བ་དང་འཛིན་པ་ཉིད་ལ་སོགས་པ་ལ་དེ་མེད་པར་གཏན་ཚིགས་ཡོད་པས་སོ། །དེ་ཉིད་ཀྱིས་གསལ་བ་ཡང་རྣམ་པར་བརྫུན་པ་དེ་ལ་ཐ་མི་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས
པ་ཡང་བཤད་ཟིན་ཏོ། །ཡང་དབུ་མ་པས་སྨྲས་པ། །ཁོ་བོའི་ལྟར་ན་ཐམས་ཅད་བརྫུན་ཡིན་པའི་ཕྱིར་དངོས་པོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་གཏན་ཚིགས་འདི་བསྒྲུབ་བྱ་མེད་པར་ཡོད་པ་མ་ཡིན་ནོ་ཞེ་ན། དེ་དག་གི་ལྟར་ན་ཡང་བཟློག
པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པས་ལྡོག་པ་ན་ཐེ་ཚོམ་ཟ་བའི་མ་ངེས་པར་འགྱུར་རོ། །གཞན་ཡང་ཐམས་ཅད་བརྫུན་པ་ཉིད་ཡིན་ན། དེའི་ཚེ་གང་གིས་ཀྱང་ཅི་ལ་ཡང་སྒྲོ་བཏགས་པ་མེད་པར་འགྱུར་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དེའི་ཕྱིར་
འཁྲུལ་པ་རྒྱུན་ཆད་པར་འགྱུར་ལ། སྒྲོ་མ་བཏགས་པ་ལ་གནོད་པ་བྱེད་པ་མེད་པས་གང་གིས་ཀྱང་ཅི་ཡང་བརྫུན་པར་མ་གྲུབ་པོ། །གཞན་ཡང་གལ་ཏེ་ཐམས་ཅད་སྟོང་པ་ཉིད་ཀྱང་བརྫུན་པ་ཡིན་ན་དོན་དམ་པར་བྱ་བ་གང་ལ་ཡོད་ཅི་སྟེ་དེ་ནི
ཚད་མས་གྲུབ་པས་བརྫུན་པ་མ་ཡིན་ནོ་ཞེ་ན། འོ་ན་མི་གསལ་བ་ཡང་བརྫུན་དུ་མི་འགྱུར་ཏེ། ཚད་མས་གྲུབ་པའི་ཕྱིར་རོ། །འདི་ལྟར་སྔོན་པོ་ལ་སོགས་པའི་གསལ་བ་ནི་ཐམས་ཅད་ཀྱི་ཉམས་སུ་མྱོང་བས་གྲུབ་སྟེ། དེ་ཡང་རང་རིག་པ་ལ
འཁྲུལ་པ་མི་དམིགས་པས་མངོན་སུམ་ཉིད་ཡིན་ནོ། །སྔོན་པོ་ལ་སོགས་པ་མྱོང་བ་ནི་འཁྲུལ་པ་ཡིན་ལ་དེ་དག་དེ་ལས་ངོ་བོ་གཞན་དུ་འགྱུར་ཏེ་ཇི་ལྟར་བསྟན་པའི་གནོད་པ་ཡོད་པའི་ཕྱིར་རོ། །སྔོན་པོ་དང་གསལ་བ་དག་ནི་ཤིན་ཏུ་དབྱེར་མེད་དེ་བྱེ་བྲག
མི་དམིགས་པའི་ཕྱིར་རོ། །ཞེ་ན་དེའི་ཚེ་ཐ་དད་པ་མེད་པ་ཙམ་དུ་སྒྲུབ་ན་ནི་འགྲུབ་པར་སྒྲུབ་པ་ཡིན་ནོ། །འོན་ཏེ་དངོས་པོ་ཉིད་ཀྱི་ཐ་དད་པ་མེད་པ་སྒྲུབ་ན་ནི་མ་ངེས་པར་འགྱུར་རོ། །དེ་བས་ན་གསལ་བའི་བདག་ཉིད་ཡང་དག་པ་ཡང་གཞན་ཡིན་ལ་སྔོན་པོ་ལ
སོགས་པ་བརྫུན་པ་ཡང་གཞན་ཡིན་ནོ། །གཞན་ཡང་ཐམས་ཅད་བརྫུན་པ་ཉིད་ཡིན་ན། འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམས་ཡང་སྐྱེ་བར་མི་འགྱུར་ཏེ། རྟག་ཏུ་བརྫུན་པ་ཉམས་སུ་མྱོང་བའི་ཕྱིར་དང་བདེན་པ་ལས
སོ་སོར་རྟོག་པ་དང་བཅད་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་སེམས་དང་སེམས་ལས་བྱུང་བ་འགགས་པ་ནི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཡེ་ཤེས་སོ། །ཞེས་ཟེར་ན་དེ་ཡང་མི་བདེན་ཏེ། འདི་ལྟར་ཤེས་རབ་ལ་སོགས་པ་འགོག་པ་ན་ཡེ་ཤེས
ཉིད་ཀྱང་འགགས་ན་ཡང་དག་པའི་ཡེ་ཤེས་ལྟ་སྨོས་ཀྱང་ཅི་དགོས། །ཁོ་བོའི་ལྟར་ན་བརྫུན་བར་སྣང་ལ་འགགས་ནས་གཉིས་སུ་མེད་པར་གསལ་བར་མྱོང་བའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་བའི་ཕྱིར་ཉེས་པ་ཅི་ཡང་མེད་དོ། །དེའི་ཕྱིར་ཐམས
ཅད་བརྫུན་པར་སྨྲ་བ་ནི་རྩོད་པ་ལ་མཁས་པ་མ་ཡིན་ནོ། །འདིར་བརྫུན་པ་ནི་ངོ་བོ་མེད་པའི་ཕྱིར་བཏགས་པའི་ཡོད་པའོ། །གསལ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རྫས་སུ་ཡོད་པའོ། །དེ་གཉིས་ཀྱིས་སྟོང་པ་ནི་དོན་དམ་པར་ཡོད་པ་སྟེ
ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །དེ་གཉིས་ཀྱིས་ན་སྔོན་པོ་ལ་སོགས་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར་སྐྱེ་བར་ཡང་མི་འགྱུར་ལ་འགག་པར་ཡང་མི་འགྱུར་ཏེ་འཁྲུལ་པའི་དུས་ན་ནི་སྣང་ལ་འཁྲུལ་པ་ལོག་ན་ནི་མི་སྣང་པར
ཟད་དོ། །དེ་སྐད་དུ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དངོས་རྣམས་སྐྱེ་བ་ཡོད་མེད་ཅིང། །འགག་བ་གང་ན་ཡོད་མ་ཡིན། །རྐྱེན་ཉིད་འདི་རྣམས་ཁོ་ན་ནི། །རྐྱེ་ཞིང་འགག་པར་འགྱུར་བ་ཡིན། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ
པར་ཤེས་སུ་ཡང་དག་འདུ། །ཡེ་ཤེས་ཀྱིས་ནི་དེ་བྲལ་ན། །ལོག་པར་རྣམ་བརྟགས་ཅིས་མ་ཡིན། །གལ་ཏེ་དེ་ལྟ་ན་རྣལ་འབྱོར་སྤྱོད་པ་པོ་དང་དེ་དག་ཏུ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། དབུ་མ་པ་ཁ་ཅིག་དག་ནི་གསལ་བའི་བདག་ཉིད་དེ་ཡང་དབྱང་མི
བཟོད་པས་མེད་པར་ཁས་ལེན་ན། དེ་ནི་རིགས་པ་མ་ཡིན་ཏེ། སྒྲོ་མ་བཏགས་པར་མངོན་སུམ་གྱིས་གྲུབ་བར་གྱུར་པ། སྤྲོས་པ་ཐམས་ཅད་ལོག་པར་གྱུར་ཡང་རྗེས་སུ་འབྲང་བའི་གསལ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི
དཔྱོད་པའི་རྒྱ་མཚོ་ལས་བརྒལ་བ་ཅིག་ཏུ་དཔྱད་བཟོད་པའི་བདག་ཉིད་ཅན་ཡིན་ཏེ། གནོད་པ་ཐམས་ཅད་ནི་སྒྲོ་བཏགས་པའི་ཡིན་པའི་ཕྱིར་རོ། །གང་གིས་དེ་ལ་གནོད་པ་བྱས་པར་གྱུར་ན་དེའི་རྩ་བ་ཅན་ཡིན་པའི་ཕྱིར
ཉམས་ཆུང་བར་གྱུར་པ་འམ་དེས་གནོད་པར་འགྱུར་རོ། །ཡང་ཁོ་བོ་ནི་དངོས་པོ་ཐམས་ཅད་གསལ་བའི་བདག་ཉིད་ཀྱིས་བདེན་ལ། སྔོན་པོ་ལ་སོགས་པའི་བདག་ཉིད་ཀྱིས་མི་བདེན་པ་ནི་དབུ་མ་ཉིད་ཀྱི་ལམ་ཡིན་པར་སྨྲས་ཏེ། རྣལ
འབྱོར་སྤྱོད་པ་འདི་ལྟར་འདོད་པ་ཇི་ལྟ་བ་བཞིན་དུ། ནཱ་གཱ་རྫུ་ནའི་ཞལ་སྔ་ནས་ཀྱང་བཞེད་དེ། གྲུབ་པའི་མཛའ་འདི་ནི་གཅིག་པ་ཡིན་ལ། ཐ་དད་པར་འདོད་པ་གཞན་དག་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཤིན་ཏུ་སྤྲོས་པས་ཆོག་གོ་།
འདི་ནི་ཐམས་ཅད་དུ་གནས་པར་གྱུར་པ་ཏེ། འདི་ལྟར་ཆོས་ཐམས་ཅད་སྣང་བར་སེམས་བསྐྱེད་པ་གཟུང་བ་དང་འཛིན་པ་དག་དང་བྲལ་བས་ལུས་དང་ངག་བཞིན་དུ་སེམས་ཅན་ཉིད་དུ་མོས་པར་བྱས་ལ་རྣམ་པ་དེ་དག་བརྫུན་པར་རིག་ནས་སྣང་བས
མེད་པར་རྟོགས་པའི་སྦྱོར་བས་སྤངས་ཏེ་སྣང་བ་མེད་པའི་ཞི་གནས་འདི་བསྐྱེད་ལ། དེ་ཉིད་གསལ་བར་མཐོང་བའི་ལྷག་མཐོང་དང་ཟུང་དུ་མཇུག་པའི་བསྒོམ་པ་རྫོགས་པ་ན། ཞི་གནས་དང་ལྷག་མཐོང་གི་བདག་ཉིད་ཅན་འཇིག་རྟེན་ལས
འདས་པའི་ཡེ་ཤེས་སྣང་བ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་སྐྱེ་བར་འགྱུར་རོ། །འདིར་ཚིགས་སུ་བཅད་པ་གསུམ་ཡིན་ཏེ། བདེན་མིན་གཉིས་སུ་རྟོགས་པ་ཡིས། །འཇིག་རྟེན་ཤེས་པ་རྣམ་པར་བཅས། །རྣམ་པ་དག་ནི་བརྫུན་པའི་ཕྱིར། །དེ
ནི་རྣམ་པ་མེད་པར་བརྗོད། །འཕགས་པ་བདེན་མིན་མི་རྟོག་པས། །ཡེ་ཤེས་གཉིས་མེད་རྣམ་པ་ཅན། །བདེན་མིན་རྣམ་པ་སྤངས་ནས་སུ། །མཉམ་ཉིད་ཏིང་འཛིན་ལྷག་མཐོང་བཅས། །འཇིག་རྟེན་ལས་འདས་ཡེ་ཤེས་ནི། །རྣམ་པ་དག་ནི་ནུབ
གྱུར་ནས། །སྤྲོས་པ་མེད་པར་གཉིས་མེད་པས། །གཙོ་བོ་སྣང་བ་མེད་པ་སྐྱེ། །བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་བའི་ལེའུ་ནི་བྱང་ཆུབ་སེམས་ཀྱི་ལེའུ་སྟེ། གསང་བ་འདུས་པའི་བཤད་སྦྱར་ལས་ལེའུ་གཉིས་པའོ།། །།མཆོག
གི་བསྙེན་པ་ནི་ལེའུ་གསུམ་པ་དང་བདུན་པ་དང་བཅུ་གཅིག་པ་དང་བཅོ་ལྔ་པ་སྟེ་ལེའུ་བཞི་རྣམས་སུ་གཏོར་ཏེ་གནས་པ་ལས་དེའི་མངོན་པར་རྟོགས་པ་ནི་ལེའུ་གསུམ་པའི་དོན་ཡིན་ལ། དེ་བས་ན་འདིའི་དང་པོར་དེ་ཉིད་རེ་ཞིག་མདོར་བསྡུས་ཏེ
བརྗོད་པར་བྱའོ། །འདི་སྒྲུབ་ཐབས་ཀྱི་དབང་དུ་བྱས་པའི་སྔགས་པ་ཚོགས་བསགས་པའི་མཚན་མ་ཐོབ་པས་མེ་ཏོག་དང་འབྲས་བུ་དྲི་ཞིམ་པོ་ཕུན་སུམ་ཚོགས་པ་གཙང་ཞིང་ཉེ་བར་འཚོ་བ་མེད་པའི་རི་སུལ་ལ་སོགས་པར་གནས
བཅས་ཏེ་སྒྲུབ་པའི་གྲོགས་བཟང་པོ་དང་ལྷན་ཅིག་ཏུ་མཆོག་གི་བསྙེན་པ་རྩོམ་པར་འདོད་པས་ཐོ་རངས་ཀྱི་དུས་སུ་ལངས་ལ། ལམ་ལ་བརྟེན་པའི་བར་གྱི་ཆོ་ག་ནས་ཉམས་སུ་བླངས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མངོན་དུ་བྱས
ནས་སྣང་བ་མེད་པའི་བྱང་ཆུབ་ཀྱི་སེམས་ལྷག་པར་མོས་པར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷ་བ་ཨཱཏྨ་ཀོཉཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །དེའི་རྗེས་ལ་ཆོས་འབྱུང་བའི་ཕྱག་རྒྱའི་ནང་དུ་ཚུད་པའི
ཁང་བུ་བརྩེགས་པ་བསྒོམས་ལ། གལ་ཏེ་རྣམ་པར་སྣང་མཛད་དམ། དེའི་རིགས་ཀྱི་རྣལ་འབྱོར་པ་ཡི་ན་ན། དེའི་དབུས་སུ་གདན་ཟླ་བའི་དཀྱིལ་འཁོར་ལ་རབ་སྔགས་ཀྱི་ཡི་གེ་ཟླ་བ་ལྟར་དཀར་བ་བསམས་ལ་དེའི་འོད་ཟེར་གྱི་ནམ་མཁའ་
ཁྱབ་པའི་སྔགས་ཀྱི་ལྷ་རྣམས་བསྡུས་ཏེ་དེ་ཉིད་དུ་བསྟིམས་པ་ལས་བྱུང་བའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམ་པར་བྱ་སྟེ། མདོག་དཀར་པོ་ནག་པོ་དམར་པོའི་ཞལ་ཅན། རྩ་བའི་ཕྱག་གཉིས་ཀྱི་རང་གི་འོད་ཀྱི་རིག་མ་ལ
འཁྱུད་ཅིང་མ་མཆུ་འཛིན་པ། ཕྱག་གཡས་གཉིས་ཀྱིས་འཁོར་ལོ་དང་རལ་གྲི་འཛིན་ཅིང་གཡོན་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་བསྣམས་ཟླ་བའི་གདན་དང། ཟླ་བའི་འོད་ཅན་།རྡོ་རྗེའི་སྐྱིལ་ཀྲུང་དང། ཞི
བའི་ཉམས་དང་ལྡན་པ་རལ་པའི་ཅོད་པན་ལ་མི་བསྐྱོད་པས་བརྒྱན་པ། མགོ་བོ་དང། མགྲིན་པ་སྙིང་ག་རྣམས་སུ་ཟླ་བ་རབ་བསྔགས་དང། ཨཱགཤེགས་པའི་ཚོགས་སྤྲོས་པས་ནམ་མཁའ་ཨི་ངོས་ལ་གཡོག་པར་བསམ་མོ། །དེའི་རྗེས་ལ་སྦྱོར་བའི་ཡན་ལག་དྲུག་པོ་བྱས་ཏེ། ཇི་སྐད་དུ་ལེའུ་བཅོ་བརྒྱད་པ་ལས། བསྙེན་པའི་ཡན་ལག་དྲུག་ཚུལ་དུ། །བྱས་པ
མཆོག་ནི་བསྒྲུབ་པར་བྱ། །གཞན་དག་ཏུ་ནི་བསྒྲུབས་གྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །སོ་སོར་སྡུད་དང་བསམ་གཏན་དང། །སྲོག་རྩོལ་དེ་བཞིན་འཛིན་པ་དང། །རྗེས་སུ་དང་དྲང་ཏིང་འཛིན་དང། །སྦྱོར་བས་ཡན་ལག
དྲུག་ཅེས་བྱ། །ཞེས་གསུངས་ཏེ། དེ་ལས་འབྱུང་བ་ཆེན་པོ་ལྔ་བསྡུས་པ་ནི་ནམ་མཁའ་བསམས་ནས་དེའི་དབུས་སུ་འབྱུང་བ་ལས་གྱུར་པའི་དབང་པོ་ལྔ་བསྡུས་པའི་རྡོ་རྗེ་བསམ་མོ། །དེའི་ལྟེ་བར་ཆོས་ཀྱི་དབྱིངས་ཀྱི་ཟླ
བའི་གདན་ལ་གནས་པའི་སྣ་ཚོགས་པ་བསམས་ལ་ཤེས་དང་ཤེས་བྱ་དེ་དག་ཐ་དད་ཐ་དད་ཀྱི་སྦྱོར་བ་དང་བྲལ་བས་གདན་སྣ་ཚོགས་པ་དག་དབྱེར་མེད་པའི་ངེས་པར་བྱའོ། །དེའི་རྗེས་ལ་སྣ་ཚོགས་པའི་གདན་ཟླ་བ་ལས
ཟླ་བ་དང་ཉི་མའི་རྣམ་པ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་རིམ་བཞིན་དུ་རྡོ་རྗེ་ནོར་བུའི་སྒོ་ནས་བྱུང་བས་པདྨའི་ནང་དུ་དབུས་དང། ཤར་དང་ལྷོ་དང་ནུབ་དང་བྱང་གི་ཆ་རྣམས་སུ་བཀོད་ལ། སྣ་ཚོགས་པ་ཉིད་ལས
ས་ཨངས་རྒྱས་ལྔའི་སྔགས་ཀྱི་རྣམ་པ་ཨོཾ་ཧཱུཾ་སྭཱ་ཨཱགང་གི་རིགས་མཛའ་ཡས་པ་དང་ལྷན་ཅིག་ཏུ་འོངས་ཏེ་བསྟིམ་མོ། །དེ་ལྟར་དཀྱིལ་འཁོར་ལྔའི་བདག་ཉིད་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་མོ། །དེའི་རྗེས་ལ་སྣ་ཚོགས་པའི་རང་གི་གདན་ལ་སངས་རྒྱས་ལྔའི་ནི་གདན་ལྔ་བསྡུ། བདག་ཉིད་ལ
ནི་སངས་རྒྱས་ལྔ་པོ་བསྡུ་བ་འདི་ནི་སོ་སོར་སྡུད་པ་ཞེས་བྱ་བའི་ཡན་ལག་དང་པོའོ། །དེའི་རྗེས་ལ་སྣ་ཚོགས་པ་ལས་པདམོའི་ལྟེ་བའི་གྲཝ་གསུམ་དུ་འཁོར་ལོ་དང་པདྨ་དང་རྡོ་རྗེ་རྣམས་སྤྲོས་པ་ནི་བསམ་གཏན་དང་པོ་རྟོག་པ་ཞེས་བྱའོ། །
དེ་རྣམས་ཀྱི་དབུས་སུ་རལ་གྲི་སྤྲོ་བ་ནི་བསམ་གཏན་གཉིས་པ་དཔྱོད་པ་ཞེས་བྱའོ། །མཚན་མ་བཞིའི་ལྟེ་བ་རྣམས་སུ། ཨོཾ་ཨཱགྲིའི་སྙིང་པོའི་ལྟེ་བར་དགའ་མ་རྣམས་བསྡུས་པ་ལས་བྱུང་བའི་ཐིག་ལེ་ཕྲ་མོ་མུ་ཏིག་གི་རྡོག་མ་ལྟ་བུར་བསམ་པ་ནི་བསམ་གཏན་བཞི་པ་བདེ་བ་ཞེས་བྱ་བའོ། །དེའི་རྗེས་ལ་མཚན་མ་བསྡུས་པ་ལས་བྱུང་བའི་བདེ་བའི་ཐིག་ལེ་ནང་དུ
ཆུད་པའི་སེམས་ཀྱི་ཐིག་ལེ་བསམ་པ་ནི་བསམ་གཏན་ལྔ་པ་སེམས་རྩེ་གཅིག་པ་ཞེས་བྱ་བ་སྟེ། འདི་ནི་བསམ་གཏན་ལྔ་པ་ཞེས་བྱ་བ་ཡན་ལག་གཉིས་པའོ། །དེའི་རྗེས་ལ་སྣ་ཚོགས་པ་གདན་དང་བཅས་པ་བྱུང་སྟེ་བདེ་བའི་ཐིག
ལེ་དང་སེམས་ཀྱི་ཐིག་ལེ་ནང་དུ་ཆུད་པའི་རིན་ཆེན་ཆེན་པོར་བསྡུས་པའི་སྦྱོར་བ་ཡུངས་ཀར་ལྟར་ཕྲ་བ་བསྐྱེད་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་གྱེན་དུ་དྲངས་ཏེ་སྣའི་རྩེ་མོར
བཞག་ལ་བསྒོམ་པ་འདི་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་ཡན་ལག་གསུམ་པའོ། །དེ་ནས་སྙིང་གར་ཟླ་བ་ལ་རང་གི་སྔགས་བསམས་ལ་དེའི་ཐིག་ལེར་རིན་ཆེན་ཕྲ་མོ་ཕབ་སྟེ། དེ་ཉིད་དུ་ངེས་པ་བསྒོམས་པ་དེ་ནས
རང་གི་སྔགས་ལ་རབ་སྔགས་བསྟིམས་ཏེ་སྐུ་ཕྲ་མོའི་རིན་ཆེན་ཕྲ་མོ་ལ་བརྟག་པར་བྱའོ། །དེ་བཞིན་དུ་ཨཱཀྱིས་གསང་བ་གསུམ་པོ་བསྡུས་པའི་རིན་ཆེན་ཕྲ་མོ་ལ་བཟུང་བར་བྱ་སྟེ། ཇི་སྲིད་དུ་དེ་ཉིད་དུ་སེམས་བརྟན་པར་གྱུར་གྱི་བར་དུ་གཟུང་བ་འདི་ནི་འཛིན་པ་ཞེས་བྱའོ་ཡན་ལག་བཞི་པ་སྟེ། ཇི་སྲིད་དུ་ཙ་ན་ཀའི་འབྲུ་ཙམ་ལ་བརྟན་པར་མ
གྱུར་གྱི་བར་དུ་ནི་ཡན་ལག་བཞི་པ་དེ་ཉིད་ཀྱི་སྦྱོར་བ་བྱ་ལ། བརྟན་པའི་མཚན་མ་ཉེ་བར་ཐོབ་ནས་ནི་ཡན་ལག་དྲུག་པ་རྫོགས་པར་བྱའོ། །ཅི་སྟེ་བརྟན་པར་གྱུར་ན་སེམས་ཀྱི་རིན་པོ་ཆེ་རྡོ་རྗེ་ནོར་བུར་ཕབ་ལ་དེ་ལས་བྱུང་བའི་འོད་ཀྱི་ཐིག་ལེ
པདྨའི་ནང་དུ་ཕྱུང་བ་ལས་འཁོར་ལོ་ཕྲ་མོར་སྤྲུལ་ཏེ་སྐུ་གཉིས་དང་ནམ་མཁའ་ཨི་ངོས་ལ་ཁྱབ་པའི་འཁོར་ལོ་ཕྲ་མོ་སྤྲོས་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །དེ་བཞིན་དུ་པདྨ་སྤྲོས་པ་ནི་ཆོས་རྗེས་སུ་དྲན་པའོ། རྡོ་རྗེ་སྤྲོས་པ་ནི་རྡོ་རྗེ་རྗེས་སུ་དྲན་པའོ། །རལ
གྲི་སྤྲོས་པ་ནི་རིགས་རྗེས་སུ་དྲན་པའོ། །དེ་ནས་གཙུག་གཏོར་འཁོར་ལོ་སྒྱུར་བ་ཡིད་ཀྱིས་བཀུག་སྟེ་བདག་ཉིད་ལ་བཅུག་ནས་རིན་པོ་ཆེར་བསྡུས་ཏེ། རིན་པོ་ཆེ་དེ་ཉིད་ལས་དེའི་འཁོར་ལོ་སྤྲོས་པ་ནི། ཁྲོ་བོ་རྗེས་སུ་དྲན་པའོ། །དེ་ཉིད་ལས་འོད
ཀྱི་ཐིག་ལེ་རྣམས་ལས་དེ་ཉིད་དུ་མཚན་མ་ལྔ་སྤྲོས་ཏེ། དབུས་སུ་ནི་འཁོར་ལོ་སེར་པོའོ། །ལྷག་མ་རྣམས་ནི་ངོས་བཞི་རུ་སྤྲུལ་ལ་དེ་རྣམས་སྤྲོས་པ་ནི་དམ་ཚིག་རྗེས་སུ་དྲན་པ་དྲུག་ཅེས་བྱ་བ་ཡན་ལག་ལྔ་པའོ། །དེ་ནས་སེམས་ཀྱི་རིན
པོ་ཆེ་སྙིང་གའི་སྔགས་ཀྱི་ཐིག་ལེར་དྲངས་ཏེ་བཞག་ལ་ནམ་མཁའ་སྤྲོས་པའི་མཚན་མ་རྣམས་འོད་ཀྱི་དཀྱིལ་འཁོར་གཅིག་ཏུ་བསྡུས་ཏེ། རིན་པོ་ཆེ་ཕྲ་མོའི་ནང་དུ་འཁོར་ལོ་བསྒྱུར་བའི་གདན་གྱི་རྣམ་པ་ལྟར་ཡུན་རིང་དུ་བསྒོམས་པ་འདི་ནི་ཏིང་ངེ
འཛིན་ཞེས་བྱ་བའི་ཡན་ལག་དྲུག་པའོ། །ལྡང་བའི་དུས་སུ་ནི་ཚིགས་སུ་བཅད་པ་འདི་ལྔས་སྨོན་ལམ་གདབ་པར་བྱ་སྟེ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་ཏུ་གང། །སངས་རྒྱས་སྐུ་ཡི་རང་བཞིན་པས། །བདག་ཀྱང་དེ
དང་འདྲ་བར་ཤོག་། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །གསུང་དེ་དེས་ཚིག་ཕུན་སུམ་ཚོགས། །བདག་གི་ངག་ཀྱང་དེ་འདྲ་བས། །ཆོས་འཛིན་པ་དང་མཚུངས་པར་ཤོག་།ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་དབང་པོའི་བློ
ལྡན་པ། །བདག་གི་སེམས་ཀྱང་དེ་འདྲ་བས་རྡོ་རྗེ་འཛིན་དང་མཚུངས་པར་ཤོག་།སེམས་ཅན་ཀུན་གྱི་སེམས་གང་ཡིན། །སྐུ་དང་གསུང་དང་ཐུགས་ཀྱིས་མཚན། །བདག་གི་སེམས་ཀྱང་དེ་འདྲ་བས། །མཁའ་མཚུངས་སྙིང་པོ་ཅན་གྱུར
ཅིག་། རྡོ་རྗེ་སྔགས་ཀྱི་སྐུ་གང་ཡིན། །གསུང་གི་སྐུ་ནི་རྣམ་བསྒོམས་ཏེ། །བདག་ཀྱང་བརྟག་ཏུ་དེ་འདྲ་བར་སྔགས་འཛིན་པ་དང་མཚུངས་པར་ཤོག་།དེ་ལྟར་དངོས་གྲུབ་མཆོག་གི་སྦྱོར་བའི་ཡན་ལག་དྲུག་གི་བསྙེན་པ་དམ་ཚིག་ལས
མི་འདའ་བར་བྱའི། །འདིར་བསྡུས་པའི་ཚིགས་སུ་བཅད་པ་ནི། །འཁོར་ལོ་བསྒྱུར་བའི་རིག་པར་བཅས། །ཁང་བརྩེགས་ནང་དུ་བལྟས་ནས་སུ། །མཁའ་དང་རྡོ་རྗེ་གནས་ན་ཚོགས། །སྦྱོར་བའི་ཡན་ལག་དྲུག་རྫོགས་བྱེད། །སེམས་དཔའ་དེ་ཡི
ལོངས་སྤྱོད་དང། །བ་སྤུས་གཉིས་ཕྲ་གསུམ་རིན་པོ་ཆེ། །རིན་ཆེན་བསྟན་ནས་ཁྱབ་པར་སྤྲོ། །དེ་ནས་རིན་པོ་ཆེར་བསྡུ་བྱ་ཞེས་བྱ་བ་སྟེ། བསྙེན་པར་མངོན་པར་རྟོགས་པའོ།། །།འདི་ནི་འཁོར་ལོ་སྒྱུར་བའི་རྣལ་འབྱོར་པས
སྦྱོར་བའི་ཡན་ལག་དྲུག་གི་རྣལ་འབྱོར་ལ་གནས་ཏེ། བསྙེན་པའི་མངོན་པར་རྟོགས་པ་བསྟན་པ་དེ་ལས་ཡན་ལག་དྲུག་པ་ནི་འབྲས་བུ་ཡིན་པའི་ཕྱིར་གཙོ་བོ་ཡིན་ལ། དེ་ནི་རྡོ་རྗེ་བཀོད་པ་ཞེས་བྱ་སྟེ། དེས་ན
རེའི་ལེའུའི་དོན་གྱི་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་གསང་བ་ཡིན་ལ། དེ་རྣམས་ཀྱི་རྡོ་རྗེ་ནི་འདུས་པ་ཡིན་ཏེ་གསང་བ་འདུས་པ་ཞེས
བྱ་བའི་དོན་ཏོ། །གསང་བ་དེ་དག་ཇི་ལྟ་བ་དེ་བཞིན་དུ་གསུངས་པས་ན་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་ཡང་དག་པར་རྟོགས་པ་སྟེ། འཁོར་ལོ་དང་པདྨ་དང་རྡོ་རྗེ་ལ་སོགས་པའོ། །དེ་རྣམས
ཀྱི་སྤྲིན་འཕྲོ་བ་ནི་དེ་རྣམས་ཀྱི་སྤྲིན་གྱིས་ནམ་མཁའ་ཁྱབ་པར་གཡོགས་པའོ། །དེའི་བཀོད་པ་ནི་རྡོ་རྗེར་བསྡུས་པའོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས
པ་ནི་དེ་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའི་དོན་ཏོ། །རྡོ་རྗེ་བཀོད་པ་ནི་ཏིང་ངེ་འཛིན་དེ་ཉིད་དོ། །དེ་སྟོན་པར་བྱེད་པ་ནི་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ། འདིར་སོ་སོར་སྡུད་པས་གྲུབ་པའི་སྐུ་ནི་གསང་བ་དང་བསམ
གཏན་གྱི་ཡན་ལག་གིས་གྲུབ་པའི་གསུང་དང། ཐུགས་ཀྱི་ཕྲ་མོ་རྣམས་གོང་བུར་བྱས་པས་བསྐྱེད་པའི་ཡུངས་ཀར་ཕྲ་མོའི་སེམས་ཀྱི་རིན་པོ་ཆེ་ནི་སྲོག་དང་རྩོལ་བ་སྟེ། དེ་ཉིད་འཛིན་པའི་ཡན་ལག་གིས་བརྟན་པར་བྱས་པ་ནི
རྡོ་རྗེ་ཞེས་བརྗོད་དེ། བྱེ་བྲག་ཏུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་བྱེ་བྲག་ཏུ་འགྱུར་ཞེ་ན། དེར་རྡོ་རྗེ་སེམས་དཔའ་ཞུགས་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ་འཛིན་པས་རྟག་ཏུ་སྟོབས་ལྡན་ཏེ། རྡོ་རྗེ་སེམས་དཔའ་ཡང་དག་འཇུག་ཅེས་གསུངས་སོ། །
དེ་ཉིད་ལས་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་སྤྲིན་སྤྲོས་པ་ནི་རྗེས་སུ་དྲན་པའི་ཡན་ལག་གོ་། དེ་དག་ནི་རྡོ་རྗེ་དེ་ཉིད་དུ་བསྡུས་པ་ནི་བཀོད་པ་སྟེ་དེ་ཉིད་ཏིང་ངེ་འཛིན་གྱི་ཡན་ལག་གོ་།དེ་བས་ན་རྡོ་རྗེ་བཀོད་པའི་ཚིག་གིས་ཡན་ལག་དྲུག་པོ་རྫོགས་པར
བསྟན་པ་ཡིན་ལ། དེས་ཐམས་ཅད་ཀྱི་སྔོན་དུ་བྱ་བ་རྣམས་ཀྱང་འཕགས་པ་ཡིན་ཏེ། དེ་བས་ནང་བར་ལངས་ནས་ལམ་ལ་བསྟེན་པའི་བར་གྱི་ཆོ་ག་ཉམས་སུ་བླངས་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མངོན་དུ་བྱས་ཏེ། སྣང་བ་མེད་པའི
བྱང་ཆུབ་ཀྱི་སེམས་སུ་ལྷག་པར་མོས་པ་བྱས་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྔགས་དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་ཤེས་པ་ཙམ་དུ་ཤེས
པ་ནི་སྔགས་རྣམས་ཀྱི་རྒྱུ་ཡིན་ལ། དེ་ཉིད་ནི་རབ་སྔགས་ཀྱི་དོན་ཡིན་ནོ། །དེ་བས་ན་རབ་སྔགས་ནི་སྔགས་རྣམས་ཀྱི་དང་པོར་གྱུར་པ་ཡིན་ནོ། །གཉིས་སུ་འཁྲུལ་པའི་མཚན་མ་ནུབ་པས། ཆོས་ཐམས་ཅད་གཉིས་ཀྱིས་སྟོང་ལ། གཅིག་ཏུ་མཛའ་
ཡས་ཤིང་ནམ་མཁའ་དྲི་མ་མེད་པ་ལྟ་བུར་སྣང་བ་མེད་པ་ནི་སངས་རྒྱས་རྣམས་ཀྱི་ཤཱུ་ནྱ་ཏཱ་ཛྙཱ་ནའོ། །དེ་ཉིད་ནི་བཛྲ་ཏེ་སྒྲིབ་པ་ཐམས་ཅད་འབིགས་པའི་ཕྱིར་རོ། །དེ་ཉིད་ནི་སྭ་བྷཱ་བ་སྟེ་སེམས་བསྐྱེད་པའོ། །དེའི་ཨཱཏྨ་ཀོཉཧཾ་ཧཾ་ཏེ་རང་བཞིན་འདི
ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །དེ་ནས་ཅི་ཞིག་བསྒོམ་པར་བྱ་ཞེ་ན། ནམ་མཁའ་ཨི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ནམ་མཁའ་ཨི་དབྱིངས་ནི་ཆོས་འབྱུང་བའི་ཕྱག་རྒྱ་ཆེན་པོའོ། །དེའི་དབུས་ནི་དེའི་ནང་ཁོང་སྟོང་གི་འོག་ལོགས་ན་སྣ་ཚོགས
པདྨ་རྒྱ་ཆེ་བ་གྱེན་དུ་འཕགས་པའི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་གང་ཡིན་པ་དེ་ལ་གནས་པར་བསྒོམ་པར་ནིའོ། །སངས་རྒྱས་དཀྱིལ་འཁོར་ལ་སངས་རྒྱས་ནི་ཡི་གེ་བྷྲུཾ་དེ་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་ནི་དཀྱིལ་འཁོར་རོ།།
གང་ལས་འོད་ཟེར་སྦྱིན་གྱི་ཚོགས་ཆེན་པོ་འཕོ་བ་ཆེན་པོ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཉིད་འབར་བ་སྟེ། རྣམ་པར་འཕོ་བ་ཆེན་པོ་གང་ཡིན་པ་དང། འོད་དེ་དང་མཉམ་པ་མེད་པ་སྟེ། དཔེ་མེད་པ་གང་ལ
ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འོད་ཟེར་སྣ་ལྔས་ཀུན་ཏུ་ཁྱབ་པ་ནི་གང་གི་ཀུན་ཏུ་ཏེ། ཐམས་ཅད་ཁྱབ་ཅིང་དཀྲིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ་ཞེས་བྱ་བ་ནི་ནང་གི་རིམ་པ་ཟླུམ་པོར་གནས་པ་སྟེ།
ཕྱི་རིམ་ནི་ཟུར་བཞི་པ་ཡིན་ནོ། །འདོད་པར་བྱ་བ་ཡིན་པས་ན་འདོད་པ་སྟེ། གཟུགས་དང་སྒྲ་ལ་སོགས་པའོ། །དེ་ཉིད་ནི་ལྔའོ། །ཡོན་ཏན་དང་ལྡན་པས་ན་ཡོན་ཏན་ཏེ། ལོངས་སྤྱོད་གཅིག་ཏུ་དགེ་བ་དང། གཅིག་ཏུ་བདེ་བ་དང་།
གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་དང། གཅིག་ཏུ་དབང་བསྒྱུར་བ་གང་ཡིན་པ་དེ་དག་གིས་ཁྱབ་པའོ། །མཆོད་པ་ལྔ་ཡང་དེ་དང་འདྲ་བ་ཉིད་དོ། །མེ་ཏོག་དང། སྤོས་དང། མར་མེ་དང། དྲི་དང། ལྷ་བཤོས་ཀྱི་ཁྱད་པར་ཏེ་དེ་རྣམས་ཀྱིས
བརྒྱན་པའོ། །དྲ་བ་དང། རྟ་བབས་ཀྱིས་ཕུན་སུམ་ཚོགས་པ་ནི་གཞན་ལ་བལྟ་བར་བྱའོ། །དབུས་སུ་ཞེས་བྱ་བ་ནི་དབུས་མའི་གདན་ལའོ། །བསྒོམ་པར་བྱ་བ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་སྔགས་བསྒོམ་པའོ། །མདོར་བསྡུ
ན་ཞེས་བྱ་བ་ནི་སྔགས་ཀྱིས་ནམ་མཁའ་ཁྱབ་པའི་སྔགས་ཀྱི་ལྷའི་བཀོད་པ་རྣམས་སྔགས་ལ་བསྡུ་བའོ། །གཟུགས་ཞེས་བྱ་བ་ནི་འཁོར་ལོ་སྒྱུར་བའི་གཟུགས་སུ་བསྒོམ་པའོ། །དེ་ཉིད་ཀྱི་ཁྱད་པར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ
སོགས་པ་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་དེའི་ཡིད་ཀྱི་རང་བཞིན་ཅན་གྱི་སྐུ་གང་ཡིན་པ་དེ་ནི་ཕྱག་རྒྱ་ཆེན་པོའོ། །དེ་སྐད་དུ་ཡང་ཡིད་ཀྱིས་གཟུགས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཡིན་པར་བཤད་ཅེས
གསུངས་པ་ཡིན་ཏེ། ངེས་པའི་ཚིག་གི་ཚུལ་གྱིས་སོ། །དེ་ཡང་སངས་རྒྱས་རྣམས་ཀྱིས་ཀྱང་འདའ་བར་མི་མཛད་པ་དང། དེ་ཁོ་ནའི་དོན་གྱི་རྗེས་སུ་མཐུན་པའི་བརྡར་གྱུར་པ་དང། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱི་གཟུགས་བརྙན་འཕྲོ་བའོ
དེ་ལ་འདའ་བར་མི་བྱ་བ་འདི་ཡང་ཕྱག་རྒྱ་སྟེ། རྒྱལ་པོའི་ཕྱག་རྒྱ་བཞིན་ནོ། །བརྡེའི་དོན་གྱིས་ཀྱང་ཡིན་ཏེ། ཉེ་ཚོང་ལ་ལག་པའི་བརྡ་སྟོན་པ་ལྟ་བུའོ། །གཟུགས་བརྙན་འཕོ་བའི་དོན་གྱིས་ཀྱང་ཡིན་ཏེ། སྐྱེས་བུའི་ཡིད་དུ་འོད་པའི་གདུ་བུའི
རྒྱན་གྱིས་རྫས་བཞིན་ནོ། །ཕྱག་རྒྱ་ཆེ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་ན་ཆེ་བ་ཡིན་ཞེ་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་དན་པའི་ཕྱིར་དང། རྒྱ་ཆེ་བའི་ཕྱིར་དང། དགའ་བ་ཆེན་པོར་གྱུར་པའི་ཕྱིར་དང། དེ་ལས་གཞན་པའི་ཕྱག་རྒྱའི་རྟེན
ཡིན་པ་ཉིད་ཀྱི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱིས་མཚན་པའོ། །ཞེས་བྱ་བ་ནི་སྙིང་གའི་དང། ལྐོག་མ་དང། སྤྱི་བོར་ཡི་གེ་ཧཱུཾ་དང། ཨཱཡས་ཁང་བསྒོམ་པའི་རྗེས་ཐོགས་ལ་བསྒོམ་པར་བྱའོ། །ཚིག་གསུམ་པོ་འདི་དག་ནི་དྲུག་ཆར་ལ་ཡང་སྦྱར་བར་བྱའོ། །སྐུ་གསུང་ཐུགས་ནི་རྡོ་རྗེའི་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་རྡོ་རྗེ་འཆང་བ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཞེས་བྱ་བ་ནི
ཕྱག་རྒྱ་ཆེན་པོའོ། །ལམ་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པའི་དོན་ཏེ་དྲུག་ཆར་ལ་ཡང་སྦྱར་བར་བྱའོ། །ཚོགས་གཉིས་ནི་ཤེས་རབ་དང་ཐབས་ཀྱི་སྐུ་གཉིས་ཏེ། དེ་དང་ལྡན་པ་ནི་ཞལ་བལྟས་ཏེ་བརྟན་པར་ཀུན་ཏུ་སྦྱོར་བ་དེ་དང་དེ་ཡིས་སོ། །
དྲུག་ཆར་ལ་ཡང་འདི་སྦྱར་བར་བྱའོ། །མི་བསྐྱོད་པའི་རྒྱལ་མཆོག་དང་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །དཀོན་མཆོག་དཔལ་གྱི་རྒྱ་ཆེན་དང་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་ཆེན་པོའོ། །ཚེ་དཔག་མེད་ཅེས་བྱ་བ་ནི་འོད་དཔག་ཏུ
མེད་པའི་ཕྱག་རྒྱ་ཆེན་པོའོ། །འོད་བྱེད་པ་ནི་ནམ་མཁའ་ཁྱབ་པ་ཅན་གྱི་འོད་སྤྲོ་བར་མཛད་པའི་ཕྱིར་ཏེ་འདི་ནི་དྲུག་ཆར་ལ་ཡང་སྦྱར་བར་བྱའོ། །འོ་ན་ད་དག་གང་དུ་བསྒོམ་པར་བྱ་ཞེ་ན། སངས་རྒྱས་དཀྱིལ་འཁོར་ལ་བསྒོམ
བྱ་ཞེས་གསུངས་ཏེ། སངས་རྒྱས་གང་གི་གདན་གྱི་དཀྱིལ་འཁོར་གང་ཡིན་པ་དེ་ལ་བསྒོམ་པར་བྱ་སྟེ། དང་པོའི་གཉིས་ཀྱིས་ནི་ཟླ་བའི་དཀྱིལ་འཁོར་ཡིན་ལ་ལྷག་མ་རྣམས་ཀྱི་ནི་ཉི་མའི་དཀྱིལ་འཁོར་ཡིན་ནོ་ཞེས་བྱ་བའི་དོན
ཏོ། འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་དང་གསུང་དང་ཐུགས་སྣང་བ་མེད་པར་བྱེད་པ་སྟེ། མི
བསྐྱོད་པའོ། །འདི་ལ་ཨཻནྡྲ་ནཱི་ལའི་ཁ་དོག་སྟེ་མདངས་དེ་དང་འདྲ་བའི་ཁ་དོག་དང་རྣམ་པ་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་སྔར་སྐུ་མདོག་ནག་པོ་ཅན་དུ་བཤད་པ་ཉིད་ཀྱི་ཕྱིར་རོ། །འདི་ཁྱབ་པ་ཉིད་ཀྱི་ཕྱིར་རབ་དང
འབར་བ་སྟེ། །འོད་འཕྲོ་བ་ཡོད་པ་ཉིད་ཀྱི་ཕྱིར་རབ་འབར་ཆེའོ། །འདིའི་ཕྱག་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་བས་ན་རྡོ་རྗེ་བ་རྣམས་པའོ། །རྣམ་པར་གཙིགས་ལ་འཇིགས་འཇིགས་ལྟ་བ་ནི་མཆེ་བ་ཅུང་ཟད་གཙིགས་པའི་ཕྱིར་དང།
ཁྲོ་བའི་ཉམས་དང་ལྡན་པ་ཉིད་ཀྱི་ཕྱིར་དང། སྐྱེ་བོ་གདུག་པ་རྣམས་སྐྲག་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་དང་བའི་ཕྱིར་ཤེལ་དང་འདྲ་བ་དང། དཀར་པོར་སྣང་བ་ཉིད་ཀྱི་ཕྱིར་ཟླ་བའི་འོད་དང་འདྲ་བའི་སྐུ་མདོག་མངའ་བའི
ཕྱིར་དེ་སྐད་ཅེས་བྱ་སྟེ། རྣམ་པར་སྣང་མཛད་དེ་དེ་ཉིད་ནི་སྔར་དཀར་པོར་བཤད་པ་ཉིད་ཀྱི་ཕྱིར་རོ། །ཐོར་ཚུགས་ཅོད་པན་གྱི་བརྒྱན་པ་ནི་རལ་པས་སྤྲས་པའི་ཅོད་པན་དེས་བརྒྱན་པའོ། །འཁོར་ལོ་ནི་རྩིབས་བརྒྱད་པའོ། །སྣ་ཚོགས
རྒྱན་ནི་ལྷའི་རྒྱན་དང་གོས་རྣམ་པ་སྣ་ཚོགས་པ་སྟེ་དེ་དག་གིས་མཛེས་པར་བརྒྱན་པའོ། །འཛམ་བུ་ཆུ་བོའི་གསེར་འོད་འདྲ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་ཉིད་ནི་སྔར་སེར་པོར་བཤད་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་རིགས་ཀྱི
སྤྲིན་གྱིས་ཏེ། སྤྲིན་སྤྲོ་བའི་ཚོགས་ཀྱིས་སོ། །ཀུན་ཏུ་དཀྲིས་ཞེས་བྱ་བ་ནི་སྣ་ཚོགས་ཁྱབ་པ་ཡིན་པ་དེ་ལྟར་ན་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་རྩེ་དགུ་པ་སྟེ། ཆ་དགུ་པ་ཅན་གྱི་ཕྱག་མཚན་ཆེན་པོའོ། །དེ་ཉིད་ནི་འདིའི་ཕྱག
མཚན་ཡིན་ནོ། །ཁྱད་པར་ཡང་མར་གད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ནོར་བུ་རིན་པོ་ཆེ་ལྗང་གུ་འོད་རྒྱུན་མི་འཆད་པས་བརྒྱན་པ་དེའི་ཕྱག་ཏུ་རྣམ་པར་བསྒོམས་ལ། སངས་རྒྱས་ཀྱི་རིགས་ཀྱི་སྤྲིན་གྱི་འོད་ཟེར་རྣམས
པར་འཁྲུག་པར་ཐམས་ཅད་དུ་བསྒོམ་པར་བྱའོ། །འདོད་ཆགས་འབར་ཞེས་བྱ་བ་ལ། འདོད་ཆགས་ནི་ཤེས་རབ་ལའོ། །ཁ་དོག་ལྔའི་འོད་ཟེར་འདི་ལ་མངའ་བས་ན་འོད་ཟེར་སྣ་ལྔ་པའོ། །འོད་བྱེད་པས་ན་འོད་དེ་གཟི་བརྗིད
འབར་བའོ། །དེ་ཡང་སྐུ་མདོག་ལྗང་གུ་སྟེ་སྔར་དེ་སྐད་དུ་བཤད་པ་ཉིད་ཀྱི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་ཞི་བ་དང། སྒེགས་པའི་ཉམས་དང་ལྡན་པའོ། །ཕྱག་གི་རལ་གྲི་བསྣམས་པ་ནི་ཕྱག་ན་རལ་གྲི་བསྣམས་པའོ། །དེ་ལ་ཐོར
ཚུགས་ཅོད་པན་གྱིས་བརྒྱན་པ། སྣ་ཚོགས་བརྒྱན་གྱིས་མཛེས་པར་བརྒྱན། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་དཀྲིགས། །རྣམ་པར་བསྒོམ་ཞེས་བྱ་བ་དང། །དེ་བཞིན་དུ་འོད་ཟེར་སྣ་ལྔ་ཞེས་བྱ་བའི་སྒྲ་ལྔ་ཆར་ལ་ཡང་སྦྱར
བར་བྱའོ། །དེ་ལ་ཞི་བ་སྨོས་པ་ནི་ཞི་བ་ལ་ཡང་སྟེ་མི་བསྐྱོད་པ་ནི་དྲག་པོའི་ཉམས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་འཛིན་པ་ནི་རལ་པའི་ཐོར་ཚུགས་ཀྱིས་སྐབས་སུ་རིན་པོ་ཆེའི་ཅོད་པན་ཏེ་འདིར་བྱེ་བྲག་མ་སྨོས་པའི་ཕྱིར་རོ། །འདིར་ལྔ་པོའི
ཕྱག་མཚན་གསུངས་པ་ཡིན་གྱི་རྡོ་རྗེ་འཆང་བའི་ནི་མིང་ཉིད་ཀྱིས་བསྟན་པ་ཡིན་ནོ། །འདིའི་སྐུ་མདོག་ནི་ལེའུ་བཅོ་ལྔ་པ་ལས། དེ་མ་ཐག་ཏུ་ཡང། རྣམ་པར་སྣང་མཛད་འོད་འདྲ་ཞིང། །རྡོ་རྗེ་སེམས་དཔའ་
རྒྱལ་པོ་ཆེ། །སངས་རྒྱས་སྐུ་གསུམ་རྡོ་རྗེ་འཛིན། །ཞེས་འཆད་པར་འགྱུར་རོ། །དེ་བས་ན་རྩ་བའི་ཕྱག་མཚན་ཡིན་ཏེ། དེ་དག་ནི་དེ་དག་གི་ཕྱག་གཡས་པའི་གཉིས་པ་ལ་བལྟ་བར་བྱའོ། །ཐམས་ཅད་ཀྱང་ཕྱག་དྲུག་དང་ཕྱག་མཚན
ལྔ་དང་ལྡན་པ་ཡིན་ནོ། །དེ་ལ་སྐུ་མདོག་དང་ཕྱག་མཚན་གྱི་རིགས་པ་ནི་བདག་གི་ལེའུ་དང་པོར་བཤད་པ་ཉིད་ཡིན་ནོ། །འདིར་ཡང་ཨཻནྡྲ་ནཱི་ལ་ལ་སོགས་པའི་ཚིག་དང་འོད་ཀྱི་ཚིག་ནི་སངས་རྒྱས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡེ
ཤེས་ཀྱི་སྣང་བའོ། །རྡུལ་ཕྲ་རབ་ཀྱིས་བསྒྲུབ་པ་ཉིད་ཀྱི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ་ནི་མཆོག་ཏུ་གསལ་བའི་ཕྲ་རབ་རང་བཞིན་དེའི། །རྒྱལ་བ་རྣམས་ཀྱི་སྐུ་མཆོག་འབར་བ་གང། །པདྨ་རཱ་ག་དང་ནི་མརྒད་གསེར་དང་ནི། །ཟླ་ཟེར་ཨཻནྡྲ
ནཱི་ལ་འོད་འགྱུར་གང། །དེ་ཕྱིར་ནོར་བུའི་འོད་ཀྱི་དཔེ་བཅས་ཉིད། །མདོག་སོགས་རིགས་པ་དང་པོར་འདུས་བྱས་ནས། །འདིར་ནི་ལྷ་རྣམས་ཀྱི་ནི་ཕོ་བྲང་དང། །སྐུ་དང་བརྒྱན་དང་ཕྱག་མཚན་དག་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ
འཛིན་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ནི། སྐུ་ལ་སོགས་པའི་ཚོགས་གཅིག་ཏུ་འཁྲེགས་པར་གྱུར་པའོ། །དེ་མཛད་པ་དང་ལྡན་པའོ། །དེའི་ཚེ་བཅོམ་ལྡན་འདས་ཉིད་རིག་པའི་སྐྱེས་བུའི་སྦྱོར་བས་བཞུགས་ཏེ། ནམ་མཁར
ཆུད་པའི་རྡོ་རྗེ་ནང་དུ་འདོད་པའི་ཡོན་ཏན་དྲུག་པོའི་གདན་ལ་སྣ་ཚོགས་པ་བསམས་ནས། དེ་ལས་པདྨའི་ནང་དུ་འདོད་པ་ལྔའི་གདན་དང། དེ་རྣམས་སྔགས་ལྔ་པོ་སྤྲོས་ཏེ་སྔགས་ཀྱི་འོད་ཟེར་གྱིས་ནམ་མཁའ་ཁྱབ་པའི་རིགས་ལྔའི་སྤྲིན་སྔགས
ལ་བསྡུས་པ་ནི་སོ་སོར་བསྡུད་པ་དང་པོའོ། །དེ་ནས་གདན་ལ་ནི་གདན་རྣམ་པ་སྣ་ཚོགས་པ་ལ་སྔགས་རྣམས་བསྡུས་པ་ནི་གཉིས་པ་སྟེ། འདིར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་དེ་ལ་བསྡུས་པས་ན་སྐུ་རྡོ་རྗེའོ། །དེའི་རྗེས་ལ་སྣ་ཚོགས་པ
ལས་པདྨའི་ལྟེ་བའི་གྲཝ་གསུམ་དུ་འཁོར་ལོ་དང་པདྨ་དང་རྡོ་རྗེ་རྣམས་ཕྱུང་བ་ནི་བསམ་གཏན་དང་པོའོ། །དེ་རྣམས་ཀྱི་དབུས་རལ་གྲི་ཕྱུང་བ་ནི་བསམ་གཏན་གཉིས་པོའོ། །མཚན་མ་བཞིའི་ལྟེ་བར་ཡི་གེ་བཞི་ཕྱུང་སྟེ། དགོད་པ་ནི་བསམ་གཏན
གསུམ་པའོ། །རལ་གྲིའི་ལྟེ་བའི་སྙིང་པོར་ཡི་གེ་བཞི་བསྡུས་པའོ། །བྱུང་བའི་བདེ་བའི་ཐིག་ལེ་ནི་བསམ་གཏན་བཞི་པ་སྟེ། དེ་ནི་འདིར་གསུང་རྡོ་རྗེའོ། །དེའི་དབུས་སུ་མཚན་མ་བཞི་བསྡུས་པ་ལས་བྱུང་བའི་སེམས་ཀྱི་ཐིག་ལེ་ནི་བསམ
གཏན་ལྔ་པ་སྟེ་དེ་ནི་འདིར་ཐུགས་རྡོ་རྗེའོ། །དེ་དག་ཏུ་མཛད་པ་དང་ལྡན་པས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དེ་བཞིན་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་དེ་ཉིད་དོ། །གཤེགས་པ་ཞེས་བྱ་བ་ནི་འཁོར་རྣམས་ཀྱི་དེ་ལྟར་མཁྱེན
པའོ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བ་ལ་ཆོས་ནི་ཡི་གེ་ལྔའི་བདག་ཉིད་ཀྱི་བདེ་བའི་ཐིག་ལེ་གསུང་ཕྲ་མོའོ། །དེའི་དབྱིངས་ནི་ཡེ་ཤེས་ལྔའི་རང་བཞིན་སེམས་ཀྱི་ཐིག་ལེ་ཐུགས་ཀྱི་ཕྲ་མོ་སྟེ། དེ་འཛིན་པའི་ཕྱིར་རོ། །ངོ་བོ་ནི་བདག
ཉིད་དེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུར་སྣ་ཚོགས་པ་འདོད་པ་ཐམས་ཅད་ཀྱི་གདན་ལ་གནས་པ་གང་ཡིན་པ་སྟེ། དེ་ཉིད་རང་གི་གདན་དང་བཅས་ནས་སྐུའི་ནོར་བུའི་ཐིག་ལེར་བྱུང་བ་སྐུ་ཕྲ་མོ་སྟེ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན
ཡིན་པས་སོ། །ཉིད་ཅེས་བྱ་བ་ནི་དེ་དག་གི་ངོ་བོ་ཉིད་དུ་གྱུར་པ་སྟེ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་ནི་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྙོམས་པར་ཞུགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཞེས
བྱ་བར་སྦྱར་སྟེ། སྙོམས་པར་ཞུགས་པར་གྱུར་པ་དེ་ལྟ་བུར་གྱུར་པ་དེ་བཞིན་དུ་མཁྱེན་པར་གྱུར་པའོ། །སྐུ་དང་གསུང་དང་ཐུགས་ནི་ཕྲ་མོ་རྣམ་པ་གསུམ་མོ། །བྱིན་གྱིས་རློབ་པ་ནི་དེའི་དོན་གྱི་སྔགས་སོ། །སྔགས
ཀྱི་དོན་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་བདག་ཉིད་ཡིན་ནོ་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་སྔགས་ཀྱི་སྔོན་རོལ་ཏུ་གསུངས་མོད་ཀྱི་དེ་ནི་སྔགས་ཀྱི་འོག་རོལ་དུ་བལྟ་བར་བྱ་སྟེ། དེ་ནས་འདི་ཡང་གསུངས་སོ
ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སྔགས་གསུངས་སོ་ཞེས་བྱ་བ་ན། ཨོཾ་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་འདི་ཡང་སྟེ་རིན་ཆེན་ཞེས་བྱ་བ་ལ་སོགས་པའོ། །ཁ་དོག་སྣ་ལྔ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་གང
དུ་ཐིམ་པ་དེ་ནི་ཁ་དོག་སྣ་ལྔ་སྟེ། གདན་དྲུག་དང་བཅས་པའི་སྣ་ཚོགས་པའོ། །དེས་བྱས་པའི་རིན་པོ་ཆེ་གོང་དུ་ཡང་ཁ་དོག་སྣ་ལྔ་པ་སྟེ་བར་ན་ནི་སྔགས་ཀྱི་ཡི་གེའོ། །དེ་བཞིན་དུ་ཡང་ཁ་དོག་སྣ་ལྔ་པ་སྟེ་དགའ་མ་རྣམས་དང
བདེ་བ་དག་གང་དུ་གནས་པ་ནི་ཁ་དོག་སྣ་ལྔ་སྟེ་བདེ་བའི་ཐིག་ལེའི་ནང་དུ་ཆུད་པའི་སེམས་ཀྱི་ཐིག་ལེའོ། །དེ་དག་དང་ལྷན་ཅིག་ཏུ་གྱུར་པས་ན་ཁ་དོག་སྣ་ལྔའོ། །འདིར་བདེ་བའི་ཐིག་ལེ་ཇི་ལྟར་སྔགས་ཡིན་ཞེ་ན། སྔགས་རྣམས་བསྡུས
པས་ན་སྔགས་སོ། །དེ་བཞིན་དུ་རིམ་པ་བཞིན་དུ་ཡང་ཡང་འཁོར་ལོ་སྒྱུར་བའི་རྣལ་འབྱོར་གྱི་ཁ་དོག་དང་བཅས་པས་ཀྱང་ཁ་དོག་སྣ་ལྔ་པ་སྟེ་རིན་ཆེན་པོའོ། །ཡུངས་དཀར་སྒོམ་པོའི་ཚད་ཙམ་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱ་སྟེ།
སྣའི་རྩེ་མོ་ཞེས་བྱ་བ་ནི་བསྒོམ་ཞེས་བྱ་བ་དང་འབྲེལ་ཏོ། །ནན་ཏན་དུ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ཏེ། དེ་ནས་བསླངས་ལ་སྣའི་རྩེ་མོར་བཞག་པའོ། །འདི་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་ཡན་ལག
གསུམ་པའོ། །སྦྱོར་བ་པ་ཡིས་རྟག་ཏུ་བསྒོམ་ཞེས་བྱ་བ་ལ་སྦྱོར་བ་རྣམས་ནི་རིགས་པ་རྣམས་དང་སྦྱོར་བ་སྟེ། སྙིང་གའི་གདན་ལ་རང་གི་སྔགས་བསམས་ཏེ་དེའི་ཐིག་ལེར་རིན་པོ་ཆེ་ཕབ་ལ་དེར་རིག་པ་རྣམས་དང་སྦྱར་ནས་ངེས་པར
བསྒོམ་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་དུ་བསྟན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱ་བ་སྟེ། འདི་ནི་འཛིན་པའི་ཡན་ལག་བཞི་པའོ། །རྗེས་སུ་དྲན་པ་ནི་སྤྲོས་པའོ། །རེ་ཞིག་དེའི་དུས་གསུངས་པ་རིན་ཆེན་ཞེས་བྱ་བ་ལ་སོགས
པ་སྟེ། ཕྲ་མོའི་བརྟན་པའི་མཚན་མ་ནི་ཀུན་ཏུ་སྣང་བའི་བྱེ་བྲག་དེ་དག་ཡིན་ན་སྣང་བའི་བྱེ་བྲག་དེ་དག་འདིར་ཅི་འདྲ་བ་ཞིག་སྣང་ན་མཚན་མ་སྤྲོ་བར་བྱ་བ་སྟེ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སངས་རྒྱས་ནི་སྟོང་པ་ཉིད་ཀྱི
ནམ་མཁའ་གསལ་བར་བྱེད་པ་ཡིན་ལ། སྲིན་བུ་མེ་ཁྱེར་ཡང་དེ་དང་འདྲ་བར་ནམ་མཁའ་གསལ་བར་བྱེད་པས་དེ་སྐད་ཅེས་བྱའོ། །འབར་བ་འདྲ་བའི་འོད་ཅེས་བྱ་བ་ལ་མེ་མར་གྱི་རྩེ་མོ་ལྟ་བུ་སྟེ། ཀུན་ཏུ་འོད་འབར་བའི་ཕྱིར་རོ། །རབ་མཆོག་ཅེས་བྱ
བ་ནི་སྨིག་རྒྱུ་ལྟ་བུ་སྟེ་རབ་མཆོག་ཅེས་བྱ་བ་ནི་ཆོས་ཅན་གྱི་ནོར་བུ་ལས་བྱུང་བའི་ཕྱིར་རོ། །སྤྲིན་ཞེས་བྱ་བ་ནི་སྤྲིན་དང་འདྲ་བ་སྟེ་དུ་བ་ལྟ་བུའོ། །འོད་ཅེས་བྱ་བ་ནི་འོད་གསལ་བ་སྟེ། སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བ་དང་བཅས་པ་ཞེས་བྱ་བའི
དོན་ཏོ། །འཁོར་ལོ་ཞེས་བྱ་བ་ནི་དེ་ནས་རིན་པོ་ཆེ་རྡོ་རྗེ་ནོར་བུར་ཕབ་སྟེ་བཞག་ལ་དེ་ལས་པདྨའི་ནང་དུ་འོད་ཀྱི་ཐིག་ལེ་ཕྱུང་བས་སྐུ་གཉིས་ཀྱི་ནང་དུ་ཁྱབ་པར་བྱས་ཏེ། བ་སྤུའི་བུ་ག་རྣམས་ནས་འཁོར་ལོ་ལ་སོགས་པར་སྤྲུལ་ཏེ་སྤྲོ་བར་བྱའོ།
དེ་ཉིད་ཀྱི་ཕྱིར་གསུངས་པ་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་ཤུགས་ཅན་ཞེས་བྱ་བ་རལ་གྲི་དང། མཚོན་མཆོག་སྟེ་གཙུག་ཏོར་འཁོར་ལོ་སྒྱུར་བའི་འཁོར་ལོ་རྣམས་ཀྱི་སྤྲིན་དེ་དང་དེ་དག་ནི་སངས་རྒྱས
དང་རྡོ་རྗེ་དང། ཆོས་དང་རིགས་དང་ཁྲོ་བོ་རྗེས་སུ་དྲན་པ་སྟེ་ལྔའོ། །དྲུག་པ་ནི་དམ་ཚིག་རྗེས་སུ་དྲན་པའོ། །དེ་ཉིད་གསུངས་པ། བྱང་ཆུབ་སེམས་དཔའ་ཨི་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ནི་གཙུག་ཏོར་གྱི་མཚན་མ་དབུས་ན
གནས་པའོ། །སེམས་དཔའ་ནི་བྱང་ཆུབ་དེའི་ངོས་བཞིན་གནས་པའི་མཚན་མ་རྣམས་སོ། །དེ་རྣམས་ཀྱི་ཆོ་གས་ནི་སྤྲིན་ནོ། །སྤྲོ་བའི་བདག་ཉིད་ཅན་ཞེས་བྱ་བ་ནི་རིན་པོ་ཆེ་དང་དེ་ལས་སྤྲོས་པ་རྣམས་ཀྱང་རྣལ་འབྱོར་པའི་རང་གི་སེམས་ཀྱི་ངོ
བོ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསུངས་པ། ནམ་མཁའ་ཨི་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ཨི་དབྱིངས་ནི་ནམ་མཁའ་ཇི་སྙེད་པའོ། །དེའི་དབུས་ན་གནས་པའི་ནམ་མཁའ་ལས
འཆད་པ་འམ་ལྷག་པ་མེད་པར་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའི་སྟེ་མི་བསྐྱོད་པའི་རྣལ་འབྱོར་པས་འོད་ཀྱི་དཀྱིལ་འཁོར་བསྒོམ་པའོ། །བྲི་བར་བྱ་ཞེས་བྱ་བ་ནི་བསམ་པར་བྱ་བའོ། །བཟླས་དང་བསྒོམ་པར
བྱ་ཞེས་བྱ་བ་ནི་སྤྲོ་བ་དང་བསྒོམ་པའོ། །རིན་ཆེན་བརྩོན་པ་ཞེས་བྱ་བ་ནི་རིན་ཆེན་ཕྲ་མོའི་དྲན་པ་མ་ཉམས་པས་སོ། །དེ་བཞིན་དུ་གསལ་བ་ནི་རྡོ་རྗེ་འཛིན་པའོ། །དེའི་དཀྱིལ་འཁོར་ནི་གསལ་བའི་དཀྱིལ་འཁོར་ཏེ་དབུས་གནས་ཞེས་བྱ་བ་ནི
ནམ་མཁའ་ཨི་དབུས་ཏེ། དེའི་རྣལ་འབྱོར་པས་སོ། །དེ་བཞིན་དུ་འཁོར་ལོ་ནི་རྣམ་པར་སྣང་མཛད་དོ། །དེའི་དཀྱིལ་འཁོར་ནི་དེའི་རྣལ་འབྱོར་པས་ནམ་མཁའ་ཁྱབ་པར་སྤྲོས་ཏེ་བསྒོམ་པའོ། །པདྨ་ནི་སྣང་བ་མཛའ་ཡས་སོ། །དཀྱིལ་འཁོར་འདྲ་བ་ནི་ཀུན
ཏུ་སྣང་བ་སྟེ་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རིན་པོ་ཆེའི་དཀྱིལ་འཁོར་ནི་རིན་པོ་ཆེའོ། །སྦྱོར་བ་ནི་དོན་ཡོད་པར་གྲུབ་པ་སྟེ་འབྲས་བུ་ལ་ངེས་པར་སྦྱར་བས་སོ། །དཀྱིལ་འཁོར་འབྱུང་བ་བྲི་བ་ཅེས་བྱ་བ་ནི་དཀྱིལ་འཁོར་བསྐྱེད་པ
བསམ་པའོ། །ནམ་མཁའ་འདྲ་བའི་གཏེར་ཞེས་བྱ་བ་ནི་མ་ལུས་པའི་གཏེར་དུ་གྱུར་པས་སོ། །འདིར་རྡོ་རྗེ་འཛིན་པ་དང་རྣམ་པར་སྣང་མཛད་དག་གི་འོད་ཀྱི་དཀྱིལ་འཁོར་ནི་ཟླ་བ་ལྟར་དཀར་བའོ། །གཞན་དག་གི་ནི་ཉི་མ་གཞོན་ནུ་ལྟར་དམར་བའོ། །དེ་ལྟར
རྗེས་སུ་དྲན་པའི་ཡན་ལག་བརྟན་ནས་ཏིང་ངེ་འཛིན་གྱི་ཡན་ལག་གསུངས་པ། འདི་དག་ཅེས་བྱ་བ་ནི་བཤད་མ་ཐག་པའི་དཀྱིལ་འཁོར་དྲུག་གོ་།སངས་རྒྱས་རབ་ཀྱི་མཆོག་ཅེས་བྱ་བ་ལ་ཁྱབ་པས་ན་རབ་མཆོག་སྟེ་རྟོགས་པའོ། །ཅིའི་ཕྱིར
ཞེ་ན། སྐུ་གསུང་ཐུགས་ནི་བསྒོམས་པ་ཡིས་ཞེས་བྱ་བ་སྟེ། གསང་བ་གསུམ་པོ་རྒྱུད་ཐམས་ཅད་ཁྱབ་པར་བལྟས་པ་འམ་བསྐྱེད་པའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ལས་བྱུང་སྟེ་སེམས་ཀྱི་རིན་པོ་ཆེ་བསྟན་པར་གྱུར་ནས་ནང་དུ་ཆུད་པར
གྱུར་པའོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་འབད་པ་མེད་པར་ཐམས་ཅད་རྟོགས་ཤིང་རིགས་པས་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་གཟུང་བའོ། །དེའི་ཚུལ་གང་ལ་ཡོད་པ་དེ་ནི་རྙེད་པ་སྟེ་དེ་འདི་རྣམས་ལ་ཡོད་པས་ན་ཐམས
ཅད་མཁྱེན་པའི་ཚུལ་རྙེད་པའོ། །ཚུལ་དེ་ཡང་ཉི་མ་འམ་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་ཕྲ་བའི་དཀྱིལ་འཁོར་གྱི་རྣམ་པ་སྟེ་འདི་ནི་ཏིང་ངེ་འཛིན་གྱི་ཡན་ལག་གོ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས
པ་ཐམས་ཅད་ནི་ཡང་དག་པར་རྟོགས་པ་སྟེ། འཁོར་ལོ་དང་རྡོ་རྗེ་དང་པདྨ་ལ་སོགས་པའོ། །དེ་རྣམས་ཀྱི་ནམ་མཁའ་ཨི་ཁམས་ཀུན་ཏུ་ཁྱབ་པར་སྤྲོས་པའི་དཀྱིལ་འཁོར་གྱི་སྣང་བ་རྣམས་བསྡུས་པ་ནི་རྡོ་རྗེ་བཀོད་པའོ། །དེ་ཉིད་ནི་ཏིང་ངེ་འཛིན་ཏེ། དེ
གསལ་བར་བྱེད་པའི་ལེའུ་ལ་སྟེ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་གསུམ་པའོ།། །།དངོས་གྲུབ་མཆོག་གི་ཐབས་གསུམ་པ་ནི་སྒྲུབ་པ་ཡིན་དེའི་མཚན་ཉིད་ནི་སློབ་དཔོན་སྤྱིའི་ལས་དང་དངོས་གྲུབ
དང་བརྟུལ་ཞུགས་དང་སྡོམ་པ་རྣམས་སོ། །མཚན་ཉིད་དེ་བསྟན་པ་ཡང་སྒྲུབ་པའི་སྡོམ་པའོ་ཞེས་བསྙེན་པའི་ཚིགས་སུ་བཅད་པའི་མཐར་གསུངས་པ་ཡིན་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པའི་གཞལ་ཡས་ཁང?་གི
དབུས་ཀྱི་སྟན་ལ་རང་ཉིད་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྡོ་རྗེ་འཛིན་པར་བསྒྱུར་ཏེ། འདོད་ཆགས་ཆེན་པོའི་ཚུལ་ལ་སོགས་པའི་རིམ་གྱིས་པདྨའི་ནང་དུ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་སྤྲུལ་ཏེ་དེའི་དབུས་སུ་འཁོར་ལོ་དང་བཅས་
པའི་རང་གི་ལྷའི་ཡེ་ཤེས་སེམས་དཔའ་བཀོད་ལ། དེ་ལ་བྱང་ཆུབ་སེམས་རྣམ་པ་ལྔས་དབང་བསྐུར་བ་རྣམ་པ་གསུམ་སྦྱིན་པ་ནི་སློབ་དཔོན་སྤྱིའི་ལས་སོ། །དེ་ནས་རང་གི་ལྷའི་ལུས་གཉིས་སུ་བསྐྱེད་པ་ལ་སོགས་པ་ནས་རིགས་ཀྱི
བདག་པོའི་དབང་བསྐུར་བའི་བར་དུ་ནི་དངོས་གྲུབ་པོ། །བརྟུལ་ཞུགས་ནི་རིགས་པའི་བརྟུལ་ཞུགས་སོ། །མཆོད་པ་དང་བསྟོད་པ་ལ་སོགས་པའི་ལས་ནི་སྡོམ་པའོ། །དེ་དག་ནི་སྒྲུབ་པའི་སྡོམ་པ་ཅེས་བྱ་སྟེ། མངོན་པར་རྟོགས་པའི་སྒྲུབ་པ
གཏན་ལ་ཕབ་པའོ། །སློབ་དཔོན་གྱི་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་དང། རིག་པའི་བརྟུལ་ཞུགས་བཟུང་བ་དང། བཟའ་བ་དང་བསྲུང་བ་ལ་སོགས་པ་འདི་ཡང་སྒྲུབ་པའི་སྡོམ་པ་སྟེ། དམ་ཚིག་གི
སྒྲུབ་པའོ། །དེ་ལ་མངོན་པར་རྟོག་པ་ནི་ལེའུ་དང་པོར་བསྟན་ལ་དམ་ཚིག་ནི་བཞི་པ་དང་བཅུ་དྲུག་དང་བརྒྱད་པ་དང་བཅུ་གཉིས་པ་རྣམས་སུ་སྟོན་ཏོ། །དེ་གཉིས་ཀ་ལེའུ་གཞན་དག་ལས་ཀྱང་ཞར་ལ་བྱུང་བས་སྟོན་པར་རྗེས་སུ་དཔག་པར་བྱའོ།
དེ་ལ་དཀྱིལ་འཁོར་བྲི་བ་ནི་སློབ་དཔོན་གྱི་ལས་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དཀྱིལ་འཁོར་དག་དང་མི་ལྡན་ཞིང། །དམ་ཚིག་རྣམས་ནི་སྤངས་པ་དང། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ
ཞེས་གསུངས་པ་དང། གཞན་ཡང་དཀྱིལ་འཁོར་དག་ཏུ་མ་བཞུགས་ཤིང། །དབང་བསྐུར་བ་ཡང་མ་ཐོབ་ལ། །བྱང་ཆུབ་སེམས་དཔའ་ཨི་བརྟུལ་ཞུགས་དང། །མཚན་མ་རྣམ་པ་སྣ་ཚོགས་པ། །སྦྱིན་མི་བྱ་བར་གང་གསུངས་པ། །དེ
ཕྱིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་སྒྲུབ་པའི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་ལེའུ་བཞི་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གི་སྒྲ་ནི་ལེའུ་དང་པོར
གསུངས་པའི་འདུས་པ་ལས་ལྟོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་གྱི་དབང་ཕྱུག་གོ་།དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་རྣམས་ཀྱི་བདག་པོ་ནི་དེ་སྟོན་པར་བྱེད་པ་ཉིད
ཡིན་པའི་ཕྱིར་རོ། །ཡང་དག་པའི་ཡོན་ཏན་བརྗོད་པའི་ཕྱིར་བསྟོད་པའོ། །སྙིང་པོ་བསྡུ་བའི་དོན་ནི་དཀྱིལ་འཁོར་གྱི་དོན་ཏོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་སྐུ་དང་གསུང་བསྡུས་པའི
དོན་གྱི་དཀྱིལ་འཁོར་ལ་བསྟོད་པ་ཡིན་ནོ། །ཚིགས་སུ་བཅད་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པས་སྙིང་པོའི་དོན་དང། ཕུན་སུམ་ཚོགས་པ་དེ་དག་ཉིད་ཀྱིས
ཀུན་ཏུ་བཟང་པོའི་སྒྲ་རེ་རེས་བཅོམ་ལྡན་འདས་ལ་ཡང་བསྟོད་པ་ཡིན་ནོ། །བཤད་དུ་གསོལ་ཞེས་བྱ་བ་ནི་གསོལ་བ་གདབ་པའི་ཚིག་ཡིན་ཏེ་བསྟན་དུ་གསོལ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་གསང་བ་འདུས
པའི་དཀྱིལ་འཁོར་གང་ཡིན་བ་དེ་ནི་དེ་བཞིན་གཤེགས་པ་ཀུན་ཞི་བའི་རང་བཞིན་ཡིན་ཏེ། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ཡིན་པས་ན་ཤིན་ཏུ་རྣམ་པར་དག་པ་རྟག་པའི་སྐུ་ཡིན་ནོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ནི་ཆགས་པའི་གནས
ཏེ་ལྷ་མོ་བཞིའི་རང་བཞིན་ཡིན་པས་ན་ཆོས་ཀྱི་ལོངས་སྤྱོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་ཆོས་ཀུན་ནོ། །དེ་རྣམས་ཀྱི་བདག་མེད་པ་མཆོག་ནི་ཁྲོ་བོ་བཞིའི
རང་བཞིན་ཡིན་པས་ན་ཤིན་ཏུ་སེམས་ཙམ་ཉིད་དེ་གཉིས་སུ་སྣང་བ་ཡོངས་སུ་ཟད་པའོ། །མཆོག་ནི་མཆོད་པའི་ལྷ་མོ་དྲུག་གི་རང་བཞིན་གྱི་མཆོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་མཆོག་ཏེ་དེ་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །མཚན
རྣམས་ནི་སྐུའི་ཡོན་ཏན་ཡང་དག་པར་རྫོགས་པའོ། །མཚན་མིན་ཐམས་ཅད་དེའི་སྐུའི་ཉེས་པ་རྣམས་ཡང་དག་སྤངས་པའོ། །སྐུ་ཡི་ཡོན་ཏན་དེ་དག་ཉིད་ཀྱིས་ཐམས་ཅད་དུ་བཟང་བ་ཉིད་ཀྱི་ཕྱིར་ཀུན་ཏུ་བཟང་པོའོ། །སྐུའི
མཆོག་ནི་སྐུའི་སྙིང་པོར་གྱུར་པ་སྟེ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པས་ན་ཞེས་བྱ་བའི་དོན་ཏོ། །ཞི་བའི་ཆོས་ནི་མཆོག་སྟེ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དེ་ལས་བྱུང་བ་ནི་དེའི་རྒྱུ
མཐུན་པའོ། །ཡེ་ཤེས་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པའོ། །དེ་རྣམ་པར་སྦྱོར་བ་ནི་དེ་རྣམ་པར་དག་པའི་ཕྱིར་དམིགས་པའོ། །གསུང་གི་ཡོན་ཏན་དེ་དག་ཉིད་ཀྱིས་ཀུན་ཏུ་བཟང་པོའོ། །གསུང་གི་མཆོག
འདི་གསུང་གི་སྙིང་པོ་སྟེ། ལྷ་མོ་བཞིའི་རང་བཞིན་ཡིན་པས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་དེ་བཞིན་དུ་རོ་གཅིག་པ་ཅན་སྣང་བ་མེད་པའི་སེམས་སོ། །གློ་བུར་བའི་སྒྲིབ་པ
ཐམས་ཅད་རྣམ་པར་དག་པས་ན་དག་པའོ། །རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་ན་རང་བཞིན་དྲི་མ་མེད་པའོ། །ཐུགས་ཀྱི་ཡོན་ཏན་དེ་དག་ཉིད་ཀྱིས་ནི་ཀུན་ཏུ་བཟང་པོའོ། །གདུལ་བར་འོས་པའི་སྐྱེས་བུ་རྣམས་ཡང་དག་པར་གདུལ
པར་མཛད་པས་ན་ཁ་ལོ་སྒྱུར་བའོ། །ཐུགས་ཀྱི་མཆོག་ནི་ཐུགས་ཀྱི་སྙིང་པོ་སྟེ་ཁྲོ་བོར་བཞིའི་རང་བཞིན་ཡིན་པས་ན་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་བྱ་བ་ནི་དཀྱིལ་འཁོར་གསུངས་ཤིག་ཅེས་བྱ་བའི་དོན་ཏོ། །འདི
དག་གིས་ནི་འདི་སྐད་དུ་ཡང་སྟོན་ཏོ། །དབུས་ཀྱི་བདག་པོའི་རྣལ་འབྱོར་པ་སློབ་དཔོན་ལ་ཕྱོགས་ཀྱི་སངས་རྒྱས་ཀྱི་རྣལ་འབྱོར་པ་སློབ་མ་བཞིས་དཀྱིལ་འཁོར་བྲི་བའི་ཕྱིར་བསྟོད་པ་འདིས་གསོལ་བ་གདབ་པོ་ཞེས་སློབ་དཔོན་ཐམས་ཅད་བཞེད་དོ། །ལ་ལ
དག་ནི་བསམ་གཏན་གྱི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར། ཡང་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ལ་ཕྱོགས་བཅུ་ནས་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་འདུས་པ
གསང་བ་ལས་བྱུང་བ། དེ་བཞིན་གཤེགས་པ་ཀུན་གྱི་གསང། །རྡོ་རྗེ་སྙིང་པོ་བསྡུས་པ་ཉིད། །དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་གསོལ་བ་གདབ་པར་བྱ་ཞིང་དེ་ནས་འདི་ལྟར་དང་པོ་དང་བཅས
པའི་ཚིགས་སུ་བཅད་པ་གསུམ་པོ་འདི་དག་གིས་རེ་རེ་ནས་འདུས་པ་པའི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་དུ་བསྟོད་དོ་ཞེས་སྨྲའོ། །གཞན་དག་ན་རེ་དཀྱིལ་འཁོར་གསུམ་དང་པོ་དང་བཅས་པའི་ཚིགས་སུ་བཅད་པ་འདི་གསུམ་གྱིས་རེ་རེ་ནས་བསྟོད
པར་བྱའོ། །ཞེས་སྨྲས་སྟེ། དེ་ནི་བདེན་པ་མ་ཡིན་ནོ། །དེ་ལྟར་ན་ཚིགས་སུ་བཅད་པ་བཞིས་གསོལ་བ་གདབ་པས་དཀྱིལ་འཁོར་སུམ་ཆར་ཡང་བྲི་བ་དང། སྟོན་པ་ཐོབ་པར་འགྱུར་ཏེ། གསུམ་ཆར་ཡང་གསོལ་བ་འདེབས་པའི་ཚིག་དང་འབྲེལ་བའི
ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདི་ལས་འཇིག་རྟེན་གསུམ་པའི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་འབྱུང་བས་ན་འཇིག་རྟེན་གསུམ་སྟེ། དེ་ཉིད་ཀྱི་ཚེ་རང་གི་སེམས་ལས་དཀྱིལ་འཁོར་ཆེན་པོ་སྤྲོས་པའི་ཕྱིར་རོ། །འདི་ལས་ཁམས
གསུམ་པོ་སྟེ། དེ་རྣམས་ཉིད་ཀྱི་ཁམས་འབྱུང་བས་ན་ཁམས་གསུམ་པ་སྟེ། དེ་ལས་དང་པོ་ཁོ་ནར་བྲི་བ་དང་འདྲ་བའི་རྟེན་གྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར་རོ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ་བོ་ཞེས་བྱ་བ
ནི་འཇིག་རྟེན་གསུམ་པོ་དེ་དག་ཉིད་ནི་རྡོ་རྗེ་མཆོག་སྟེ་མཆོག་གི་ནང་ནས་མཆོག་རེ་རེ་ལ་བསྡུས་པའི་དེའི་རང་བཞིན་ཅན་གྱི་མཚན་མ་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་ནི་མཆོག་སྟེ་བདག་ཉིད་དབུས་མའི་གདན་ལ་མི་བསྐྱོད་པའི་མཚན
མའི་རྣམ་པར་བསྡུས་ནས་དེ་དག་གི་ཕྱག་མཚན་བསྡུས་པ་གནས་ཇི་ལྟ་བ་བཞིན་དུ་འཇོག་པའི་ཕྱིར་རོ། །དེ་ལྟར་མངོན་སུམ་དུ་བསྟན་པའི་འཇིག་རྟེན་གསུམ་གྱི་རྗེ་ལ་ལུས་ཐོབ་ནས་གསུང་གིས་སྟོན་པ་ནི་འཇིག་རྟེན་གསུམ་མཆོག
སྟོན་པས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཐུགས་གང་ཡིན་པའི་ངོ་བོ་སྟེ་དེ་ཡང་མི་བསྐྱོད་པའོ། །མི་བསྐྱོད་པ་དེ་ཡང་བསམ་གཏན་གྱི་གནས་ལ་གནས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས
པ་དེ་བཞིན་གཤེགས་པ་ཀུན་གྱི་གནས་ཤེས་པའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་གསང་བ་འདུས་པའོ། །དཀྱིལ་འཁོར་འདྲ་བ་ཅེས་པ་ནི་བྲིས་པའི་དཀྱིལ་འཁོར་འདྲ་བའོ། །དཀྱིལ་འཁོར་རབ་ཏུ་ཉམས་དགའ་བ་ཞེས་བྱ་བ་ལ་ཞི
གནས་ཀྱི་ཆ་ཡི་སྙིང་པོ་བསྡུས་པས་ན་དཀྱིལ་འཁོར་རོ། །ལྷག་མཐོང་གི་ཆ་ཡི་དགའ་མ་བསྡུས་པས་ན་ཉམས་དགའ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་འཆང་བས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག
ཉིད་དུའོ། །རབ་ཏུ་བཤད་པར་བྱ་བ་སྟེ་ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ། །དེ་ལས་ཞེས་བྱ་བ་ནི་གང་གི་ཕྱིར་སློབ་དཔོན་གྱིས་དཀྱིལ་འཁོར་བྲིས་ལ། དངོས་གྲུབ་བསྒྲུབ་པར་བྱ་བ་དང། གཞན་རྗེས་སུ་གཟུང་པར་བྱ་བ་ཡིན
པ་དེའི་ཕྱིར་རོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་མི་བསྐྱོད་པ་གཙོ་བོར་བྱས་པའི་དཀྱིལ་འཁོར་རོ། །འོ་ན་ཅིའི་ཕྱིར་དཀྱིལ་འཁོར་གཅིག་ཁོ་ན་འཆད་ཅེ་ན། དཀྱིལ་འཁོར་གཅིག་བྲི་བ་ལ་ཡང་ཚིགས་སུ་བཅད་པ་བཞི་གསོལ་བ་གདབ་པར
བསྟན་པའི་དོན་ཉིད་ཡིན་ནོ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་དཀྱིལ་འཁོར་ཞེས་པ་ནི་དཀྱིལ་འཁོར་ཞེས་པ་ནི་དཀྱིལ་འཁོར་གསུམ་གྱི་ངོ་བོ་ཉིད་དོ། །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ་ཅེས་བྱ་བ་ནི་ཐུགས་ལས་བྱུང་བའི་རྡོ་རྗེ་གང་ཡིན་པ་དེ་བསྟན་པའི་ཕྱག་མཚན་གྱི
དཀྱིལ་འཁོར་ཏེ་དེ་དང་འདྲ་བ་ནི་མཐུ་མཚུངས་པའི་ཕྱིར་རོ། །ཇི་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ལས། །རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱིས། །འཁོར་ལོ་མངོན་སུམ་མཐོང་བ་ལས། །བསོད་ནམས་རྟག
བ་ཅི་འདྲ་བ། །ཕྱིས་བྲིས་པ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ལྟ་བུའོ། །ལུས་ངག་སེམས་ནི་བསྒོམས་པ་ཡིས། །ཞེས་བྱ་བ་ནི། ལུས་དང་ངག་དང་སེམས་མི་བསྐྱོད་པར་བདག་ཉིད་བསྒོམས་པའོ། །ཤེས་རབ་ཅན་གྱི་ཞེས་བྱ་བ
ནི་ཆོ་ག་མཐོང་ཞིང་ལས་རྣམས་ལས་མ་རྨོངས་པ་སྟེ་གཞན་དག་ལ་ཡང་འདི་སྦྱར་བར་བྱའོ། །ཐིག་སྐུད་སར་པ་ཞེས་བྱ་བ་ནི་གཞན་དུ་ལོངས་མ་སྤྱོད་པའོ། །ལེགས་བཀལ་པ་ཅེས་བྱ་བ་ནི་ཡང་དག་པར་སྒྲིལ་བའོ། །ཚད་མ་ཞེས་བྱ་བ་ནི་ཆུར
ནི་དཀྱིལ་འཁོར་གྱི་ཉིས་འགྱུར་ལ། སྦོམས་ནི་སྒོའི་ཉི་ཤུ་ཆའོ། །རབ་ཏུ་མཛེས་པ་ཡིས་ཞེས་བྱ་བ་ནི་མདུད་པ་ལ་སོགས་པའི་ཉེས་པ་དང་བྲལ་བས་སོ། །ཁྲུ་ནི་བཅུ་གཉིས་ཞེས་བྱ་བ་ནི་ངོས་བཞི་འམ་ངོས་རེ་རེའི་འོ། །སྒྲུབ་པའི་དཀྱིལ་འཁོར
ངེས་པ་ཡིན་གྱི་དམ་ཚིག་གི་དཀྱིལ་འཁོར་ལ་ནི་འབྱོར་པ་ཇི་ལྟ་བ་བཞིན་དུ་ཁྲུ་གང་ནས་བརྩམས་ཏེ་ཁྲུ་སྟོང་གི་བར་དུའོ། །ངོས་བཞི་ཞེས་བྱ་བ་ནི་ཕྱོགས་བཞིའི་རེ་ཁཱ་བཞིའོ། །གྲཝ་བཞིར་ལྡན་ཞེས་བྱ་བ་ནི་དེ་རྣམས་ཀྱི་གཉི་གའི་མཛའ་
ཕན་ཚུན་འབྲེལ་པའི་ཕྱིར་རོ། །སྒོ་བཞི་པ་ནི་ལོགས་སོ་སོའི་དབུས་སུ་སྒོ་དང་ལྡན་པའི་ཕྱིར་རོ། །རབ་ཏུ་བརྟག་ཅེས་བྱ་བ་ནི་བྲི་བར་བྱ་བའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་བྲིས་ནས་དེའི་དབུས་སུ་འཁོར་ལོ་ནི་དཀྱིལ་འཁོར་ཏེ
བྲི་བར་བྱའོ། །རབ་ཏུ་ཟླུམ་པོ་ནི་ཀུན་ནས་ཟླུམ་པའོ། །འདིས་ནི་འདི་སྐད་དུ། ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲཝ་ཡི་མཚམས
ནི་ཐམས་ཅད་དང། །སྒོ་ཁྱུད་ཀྱི་ནི་མཚམས་སུ་ཡང། །རྡོ་རྗེ་རིན་ཆེན་སྤྲོས་པར་ནི། །ཕྱིའི་དཀྱིལ་འཁོར་ཐིག་གདབ་པོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་འདྲ་བ་ལ། །ཕྱི་ཡི་དཀྱིལ་འཁོར་ཕྱེད་ཀྱི་ཚད། །ཀུན
ནས་ཡོངས་སུ་བཟླུམ་པར་བྱ། །ཀ་བའི་རྩེ་མོར་རྡོ་རྗེས་སྤྲས། །རྡོ་རྗེའི་ཕྲེང་བ་བཟང་པོར་བསྐོར། །དེ་ནས་ཧྲི་དང་ཁྲོ་བོ་ཡི། །བལྟ་བས་སྒོ་ནི་རྣམ་པར་དབྱེ། །སྒོ་ནི་ཁ་ཁྱེར་མ་གཏོགས་པའི། །འཁོར་ལོའི་བརྒྱད་ཆར་བཤད་པ་ཡིན།།
སྒོ་འཁྱུད་སྒོ་ཡི་ཚད་ཡིན་ཏེ། །དེ་བཞིན་ལྷ་ཡི་སྣམ་བུ་དང། །ཀུན་ནས་ཁ་ཁྱེར་སྒོ་ཡི་ཕྱེད། །ལོགས་དང་འགྲམ་དང་དེ་བཞིན་ནོ། །རྩ་བའི་ཐིག་སའི་ཕྱི་རོལ་ཏུ། །ཚོན་གྱི་ས་ནི་དེ་ཡི་ཕྱེད། །ཁ་ཁྱེར་རེ་ཁཱ་ལ་བརྟེན་ནས། །རྟ་བབས
ཀ་བས་ཕྱིན་ཚད་དུའོ། །དྲ་བ་དྲ་ཕྱེད་ཉི་ཟླ་དང། །དར་སོགས་སྣམ་བུ་འང་དེ་བཞིན་ནོ། །རྡོ་རྗེ་ལ་སོགས་ཀ་བའི་ཐིག་།ས་ནི་མཚོན་གྱི་ཆ་དང་མཉམ། །བ་དན་གཡེར་ཁ་དང་ལྡན་པ། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །གཡེར་བཅས་རླུང
གིས་བསྐྱོད་པ་ཡི། །བ་དན་ཕྱི་ཡི་མཚམས་སུ་བྱ། །གཞན་དག་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རྣམ་པར་བརྟག་ཅེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་བཞིའི་དཀྱིལ་འཁོར་བྲིས་པའི
འོག་ཏུའོ། །ལས་ཀྱི་ཆོ་ག་མཐོང་བ་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་བསྡུས་པ་དང་རྡོ་རྗེ་རྩེ་མོ་དང་དཔལ་མཆོག་དང་པོ་ལ་སོགས་པ་དང། རྒྱུད་འདིའི་སྤྱི་དང་ཁྱད་པར་ལ་སོགས་པའི་ཚུལ་ནི་ཆོ་ག་ཡིན་ལ་ཆོ་ག་དེས་ངེས་པར་བྱས་པ་ནི་ལས་ཀྱི་ཆོ་ག
མཐོང་བའོ། །དོན་ནི་རྒྱུད་འདིར་ལས་ཀྱི་ཇི་སྐད་གསུངས་པ་གང་ཡིན་པ་དེ་ནི་དེ་བཞིན་དུ་གཟུང་བར་བྱའོ། །མ་གསུངས་པ་གང་ཡིན་པ་དེ་ནི་རིགས་པ་ཇི་ལྟ་པ་བཞིན་དུ་རྒྱུད་གཞན་དག་ལས་གཟུང་བར་བྱའོ། །དེ་ལས་ཅུང་ཞིག་བླངས
པ་ཡང་གསང་བ་འདུས་པའི་དཀྱིལ་འཁོར་དང་རྗེས་སུ་མཐུན་པར་ཡོངས་སུ་བསྒྱུར་བར་བྱའོ། །ཞེས་བྱ་བ་ཡིན་ནོ། །འདི་དག་ཀྱང་ཐམས་ཅད་ལ་སྦྱར་བར་བྱའོ། །ལས་ཀྱི་ཆོ་ག་མཐོང་བ་དེ་ཡང་དཀྱིལ་འཁོར་གྱི་ཆོ་ག་ཤིན་ཏུ་རྒྱས་པར་བྱའོ། །
ཕྱག་རྒྱ་དགོད་པར་བྱ་ཞེས་བྱ་བ་ནི་ཡིད་ཀྱི་གཟུགས་བརྟན་པ་ཏིང་ངེ་འཛིན་ལས་བྱུང་བའི་སེམས་ཀྱི་རྣམ་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དབྱེ་བས་ཕྱག་རྒྱ་སྣ་ཚོགས་ཡོད་མོད་ཀྱི་འདིར་ནི་ཕྱག་མཚན་གྱི་ཕྱག་རྒྱ་ཉིད་གཟུང་བར་བྱའོ། །
དེའི་དགོད་པ་ནི་རང་གི་གནས་རྣམས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་བྲི་བའོ། །དེའི་ཞེས་བྱ་བ་ནི་དཀྱིལ་འཁོར་གྱིའོ། །དབུས་ཞེས་བྱ་བ་ནི་ནང་གི་དཀྱིལ་འཁོར་དབུས་མའི་རེའུ་ཆའོ། །རྡོ་རྗེ
ནི་མི་བསྐྱོད་པའི་ཕྱག་མཚན་ནོ། །ཻནྡྲ་ནཱི་ལ་ནི་སྔོ་བའོ། །རྩེ་ལྔ་པ་ནི་ཅུང་ཟད་ཁ་གྱེས་པ་རྩེ་མོ་ཤར་དུ་བལྟས་པའོ། །འཇིགས་པ་ནི་འཇིགས་པར་བྱེད་པའོ། །འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། །དེའི་ཤར་དང་ལྷོ་དང་ནུབ་དང་བྱང
གི་རེའུ་ཆ་རྣམས་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་དང་དོན་ཡོད་བར་གྲུབ་པའི་མཚན་མ་རྩེ་མོ་ཤར་ལ་སོགས་པར་བལྟ་བར་བྱ་སྟེ། གོ་རིམ་བཞིན་དུ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང། རིན་པོ་ཆེ
དཀར་པོ་དང། རིན་པོ་ཆེ་ཆ་དགུ་པ་ལྗང་གུ་དང་པདྨ་འདབ་མ་བརྒྱད་པ་དམར་པོ་དང་རལ་གྲི་ནམ་མཁའ་ལྟར་སྔོ་བསངས་བྲི་བར་བྱའོ། །འདིར་ཚིགས་སུ་བཅད་པ་ནི། །ཕྱོགས་གང་གི་ནི་མཚན་མ་གང། །དེ་བལྟས་ཏེ་ནི་བྲི
བར་བྱ། །དཀྱིལ་འཁོར་བདག་པོའི་མཚན་མ་ནི། །ཤར་དུ་བལྟ་པར་བྲི་བར་བྱ། །འདིར་ཡང་རྡོ་རྗེ་འབར་བ་ལ་སོགས་པའི་སྒྲས་ནི་འབར་བ་ཆེན་པོ་ཉིད་སྟོན་ཏོ། །དབུས་ན་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་བཞིའི་ཕྱག་མཚན
བསྟན་པའི་ཕྱིར། ཤར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཤར་ལ་སོགས་པའི་མཚམས་ལ་ཤར་ལ་སོགས་པ་ཐ་སྙད་དུ་བྱས་པ་ཡིན་ཏེ་ཤར་གྱི་མཚམས་ཡིན་པས་ཤར་གྱི་ཕྱོགས་སོ། །དེ་བཞིན་ལྷོ་དང་ནུབ་དང་བྱང་གི་ཕྱོགས
ཏེ་མེ་ལ་སོགས་པའི་མཚམས་ཞེས་བྱ་བའི་དོན་ཏོ། །སྤྱན་ཞེས་བྱ་བ་ནི་མིག་དཀར་པོ་ལ་མིག་འབྲས་ནག་པོ་ཡོད་པ་སྟེ། འདི་ལྟར་དབུས་ན་སྤྲིན་དང་འདྲ་བའི་འོད་ཅེས་གསུངས་པ་ཡིན་ཏེ་འདི་ལ་དབུས་ན་སྤྲིན་དང་འདྲ་བའི་འོད་དང་ལྡན
པས་ན་ཞེས་བྱ་བ་ནི་འབྲུ་མང་པོ་པའོ། །ལྷོ་ཕྱོགས་ཀྱི་མཚམས་གང་ཡིན་པ་དེར་ནི་རྡོ་རྗེ་མཱ་མ་ཀཱིའི་རིགས་ཞེ་སྡང་ཡིན་ཏེ། དེ་ལས་བྱུང་བ་ནི་དེའི་རང་བཞིན་ཅན་ཡིན་ཏེ། རྩེ་ལྔ་པ་ནག་པོ་ཞེས་བྱ་བའི་དོན་ཏོ། །ཁ་བྱེ་བ་ཅེས་བྱ
བ་ནི་པདྨ་དམར་པོ་ཁ་རྒྱས་པའོ། །སྡོང་བུར་བཅས་ཞེས་བྱ་བ་ནི་ཡུ་བ་དང་བཅས་པའོ། །མཐིང་གའི་སྤྲིན་དང་འདྲ་བར་བྲི་ཞེས་བྱ་བ་ནི་སྒྲོལ་མའི་ཕྱག་མཚན་བྲི་བའི་དཀྱིལ་འཁོར་དུ་ནི་ཨཽཏཔ་ལ་སྔོན་པོ་ཉིད་ཡིན་ལ་ཏིང་ངེ
འཛིན་གྱི་དཀྱིལ་འཁོར་དུ་ནི་ཨཽཏཔ་ལ་སེར་པོ་འཆད་པར་འགྱུར་རོ། །སྒོ་སྲུང་རྣམས་ཀྱི་ཕྱག་མཚན་ནི་ཐོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོ་བ་ཅེས་བྱ་བ་ནི་རྡོ་རྗེ་མཚན་མའི་ཐོ་བ་སྔོན་པོའོ། །འབར་བ་རྣམས་ཀྱི་འོད
གསལ་བ་ནི་འབར་བའི་འོད་གསལ་བའོ། །ལྷོ་ཕྱོགས་ཀྱི་སྒོ་གང་ཡིན་པ་དེར་ནི་བེ་ཅོན་དཀར་པོ་རྡོ་རྗེས་མཚན་པ་སྟེ། ཉོན་མོངས་པ་ལ་སོགས་པ་འཇིག་པར་བྱེད་པའི་འབར་བ་ནི་རྡོ་རྗེ་འབར་བའོ། །སོགས་པའི་སྒྲ་ནི་རྡོ་རྗེས་མཚན་པ་སྟེ་དེས
འོད་བཟང་བའོ། །མ་དག་པ་གཅོད་པར་བྱེད་པའི་འབར་བ་ནི་རལ་གྲི་ལྟར་འབར་བ་སྟེ། དེས་འོད་བྱེད་པ་ནི་སྣང་བར་བྱེད་པའོ། །རྡོ་རྗེ་འཁྱིལ་པ་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པའོ། །དེ་ཉིད་ནི་རྡོ་རྗེ་ཅན་ཏེ་སྒྲིབ་པ་ཐམས་ཅད་འཇིག་པར་བྱེད་པའི་ཡེ་ཤེས
དང་ལྡན་པའི་ཕྱིར་རོ། །དེའི་རྡོ་རྗེ་ནི་སྔོན་པོ་སྟེ་རྩེ་ལྔ་པ་ཁ་གྱེས་པའོ། །མཆོད་པའི་ལྷ་མོ་རྣམས་ཀྱི་མཚན་མ་ནི་ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་བཞི་དང་རྩ་བའི་སྒོ་ལོགས་གཉིས་ལ་གོ་རིམ་བཞིན་དུ་མེ་ལོང་དང་པི
བང་དང་དྲིའི་སྣོད་གྱི་དུང་དང་རོལ་མོའི་སྣོད་དང་གོས་སྣ་ཚོགས་དང་ཆོས་འབྱུང་བ་བྲི་བར་བྱ་སྟེ། ལེའུ་བཅོ་བརྒྱད་པ་ལས། མེ་ལོང་པི་བང་དུང་ཆོས་དང། །དེ་བཞིན་སྣོད་དང་སྣ་ཚོགས་རས། །ཆོས་འབྱུང་བ་ཡི་ཕྱག་རྒྱ་དྲུག་།རྡོ་རྗེའི
བདག་པོ་རྡོ་རྗེ་ཅན། །ཞེས་གསུངས་པའི་ཕྱིར་རོ། །ཡོངས་སུ་གསལ་བར་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པ་དང་གསལ་བའོ། །ལུས་དང་ངག་སེམས་མཆོད་པ་ཡིས། །ཞེས་བྱ་བ་ནི་ལུས་ཀྱི་དང་ངག་གི་དང་སེམས་ཀྱི་མཆོད་པ་རྣམས་ཀྱིས་སོ། །
བུད་མེད་ཅེས་བྱ་བ་ནི་འདོད་ཅན་མའོ། །འདི་ལ་མདངས་དང་ལྡན་པའི་ཁ་དོག་མཛེས་པ་ཡོད་པས་ན་རབ་ཏུ་མདངས་བཟང་པོའོ། །ལོ་གྲངས་བཅུ་དྲུག་ལོན་ཞེས་བྱ་བ་ནི་ལོ་བཅུ་དྲུག་ལོན་པའོ། །དྲི་དང་མེ་ཏོག་ཕྲེང་བརྒྱན་ཏེ་ཞེས་པ་ནི་དྲི་དང
ཕྲེང་བ་མང་པོ་ནི་དགའ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡོན་ཏན་སྐེ་རགས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ལ་ནོར་བུའི་འོག་བག་བྱས་པར་མོས་པར་བྱའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི་ཆོས་ཀྱི་དབྱིངས་རྣམ་པར
དག་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དང་རིན་པོ་ཆེར་གྱུར་པ་ཉིད་ཀྱི་ཕྱིར་རོ། །མཱ་མ་ཀཱིར་བྱིན་གྱིས་བརླབས་ལ་ཞེས་བྱ་བ་ནི་སྙིང་གར་ཟླ་བ་དང། ཕྱག་མཚན་ལ་སོགས་པའི་རིམ་གྱིས་མཱ་མ་ཀཱིའི་གཟུགས་སུ་བསྐྱེད་པ་ལ་མིག་ལ
སོགས་པ་དང། སྐུ་ལ་སོགས་པ་དང། རིགས་ཀྱི་བདག་པོས་བྱིན་གྱིས་བརླབས་པ་དང། རིགས་ལྔའི་ཚོགས་ཅན་དུ་ཡང་བྱས་ལའོ། །ཤེས་རབ་ཅན་གྱིས་ཞེས་བྱ་བ་ནི་བུད་མེད་ཀྱི་འདུ་ཤེས་སམ་བདག་གི་འདུ་ཤས་སྐད་ཅིག་ཙམ་ཡང
མི་བྱེད་ཀྱི། །འོན་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་བརྩོན་པ་དེས། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་ཆུད་པའི་བྱ་བ་བསྡུས་པ་དང་ལྷའི་སྐུ་དང་ཆོས་ཀྱི་ལོངས་སྤྱོད་ལ་གནས་པ་ཤེས་པས་སོ།
དེའི་དབུས་སུ་མཉེས་པར་བྱ་བ་ནི་འཁོར་ལོའི་བདག་པོའི་རྣལ་འབྱོར་པ་འཁོར་ལོའི་དབུས་སུ་གནས་པའི་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པར་མོས་པར་བྱས་ནས་དེ་ཡང་དག་པར་མཉེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར
ན་སྐུ་ལ་སོགས་པའི་གསང་བའི་མཆོད་པ་ཡིན་ནོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་སྒྲུབ་པའི་གསང་བ་གསུངས་པ་ཡིན་ཏེ། ཞི་བ་ཅེས་བྱ་བ་ནི་ཟླ་བ་ཞུ་བ་བསྐྱེད་པ་བསྡུས་པ་ལས་བྱུང་བའི་མི་བསྐྱོད་པའི་ས
བོན་ཏེ་བྱེད་པ་པོའོ། །ནམ་མཁའ་ཨི་དབྱིངས་ནི་རབ་ཏུ་བརྒྱན་ཞེས་བྱ་བ་ནི་རིགས་ཀྱི་མཆོག་རེ་རེ་སྤྲོས་པས་ནམ་མཁའ་ཐམས་ཅད་བརྒྱན་པ་ཅན་ནོ། །དེས་ཅི་ཞིག་བྱེད་ཅེ་ན། སངས་རྒྱས་གནས་སྤྲོས་པ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། རིགས་ཀྱི
ཚོགས་སྤྲོ་བ་བསྡུས་པ་ལས་བདག་ཉིད་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་རང་རང་གི་ཕྱག་མཚན་གྱི་ལྟེ་བ་ལ་བསྐྱེད་པའི་ཕྱིར་རོ། །དེ་ཡང་གསལ་བས་ན་མ་གསུངས་སོ། །དེ་ནས་དེ་དག་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པ་དང
གཞུག་པ་དང་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དང། དབང་བསྐུར་བ་དང་རིག་པའི་བརྟུལ་ཞུགས་དང་སྡོམ་པ་རྣམས་ཇི་ལྟར་རིག་པར་བསམ་པར་བྱ་སྟེ། མ་གསུངས་ན་ཡང་གྲུབ་པ་ཡིན་ནོ། །གསང་བའི་ལྷ་བཤོས་ནི་བཤད་པ
ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རིག་མ་ལྔ་པོ་འབར་བ་དང་བསྲེད་པ་དང་གསལ་བའི་གཟུགས་སུ་བསམ་པ་དང་བདུད་རྩི་ཡང་དག་པར་བསྟིམ་པ་དང། ཡེ་ཤེས་ལྟའི་བདུད་རྩིར་བྱས་ནས་དབུལ་བར་བྱའོ། །དེ་ཞེས་བྱ་བ་ནི་གང
ཅི་ཡང་རུང་བ་སྟེ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །དེ་ལ་སངས་རྒྱས་ནི་ལྔ་པོ་འདི་དག་གིས་བསྡུས་པའོ། །བྱང་ཆུབ་སེམས་དཔའ་ནི་ལྷག་མ་རྣམས་སོ། །དེ་ལྟར་བྱས་ན་མཉེས་ཤེས་བྱ་བ་ནི་གསང་བའི་མཆོད་པ་དེ་དག་གིས་དགྱེས་པར་གྱུར
པའོ། ཅིའི་ཕྱིར་ཞེ་ན། དེ་དག་གི་བཀའ་ལས་མི་འདའ་བའ་ཨི་ཕྱིར་དང། ཟབ་མོའི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ་ནི། ཆོས་ཀྱི་ལོངས་སྤྱོད་དམ་པ་ནི། །གསང་བའི་མཆོད་པས་དབུལ་བར་བྱ། །བྱང་ཆུབ་སེམས་འབྱུང
འཁོར་ལོ་དེ། །དེ་ལྟར་དེས་ནི་སྒྲུབ་པར་བྱེད། །དེའི་སྐུ་གནས་ཕྱིར་རྟག་ཏུ་ནི། །བདུད་རྩི་ལྔ་ཕུལ་དེ་ཡི་ཕྱིར། །གུས་པ་དང་ནི་དེ་ཉིད་ཤེས། །བསམ་པ་མཁྱེན་པས་རྒྱལ་བ་མཉེས། །ལུད་པ་ལ་སོགས་བདག་ཅག་གིས། །གཙང་དང
མི་གཙང་བརྟགས་པ་གང། །རྣལ་འབྱོར་ཞེན་པས་དེ་རྣམས་ཉིད། །ཚངས་ལ་སོགས་པས་བསྒོམ་པར་བྱ། །ཐམས་ཅད་ཆོས་ཉིད་དུ་བསྒོམ་ཞིང། །དེ་ཡང་རང་བཞིན་དྲི་མ་མེད། །དེ་ཕྱིར་དེ་ཉིད་ཀུན་དག་སྟེ། །དེ་བཞིན་ཉིད་ཙམ
མཐོང་ཕྱིར་རོ། །དམ་ཚིག་གིས་ནི་སྔགས་འགྲུབ་ཅིང། །སྐྱོབ་པའི་དམ་ཚིག་འདི་ཡིན་ལ། །སངས་རྒྱས་དངོས་པོ་འང་དག་པ་ཡིན། །ཐམས་ཅད་ཇི་བཞིན་སྒྲར་མི་གཟུང། །གཞན་ཡང་སྔོན་དུ་བསྙེན་པ་བྱས་ཤིང་སེམས་བརྟན་པར
བྱས་པ་ཅན་གྱིས་སྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱ་སྟེ། དེའི་ཚེ་དེ་ལ་ཡང་བུད་མེད་ཀྱི་འདུ་ཤེས་མི་འབྱུང་བདག་གི་འདུ་ཤེས་མི་འབྱུང་འཁྲིག་པའི་འདུ་ཤེས་མི་འབྱུང་གི་།འོན་ཀྱང་དེ་བཞིན་ཉིད་དང་དེ་བཞིན
ཉིན་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་དང་གཉིས་སུ་མེད་པའི་འདུ་ཤེས་དང། ཆོས་ཀྱི་ལོངས་སྤྱོད་ཀྱི་འདུ་ཤེས་སུ་འགྱུར་བ་དེ་བས་ན་ཅིའི་ཕྱིར་དེ་སྡིག་པ་ཡིན། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་ཡང་མེད་དེ་སྦས་པའི་ཕྱིར། མ་བརྟགས་པའི་མཆོད
པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་དང་ཡོངས་སུ་སྦྱོར་བར་བྱེད་པ་ཉིད་པའི་ཕྱིར་ཏེ་དྲི་དང་ཕྲེང་བ་ལ་སོགས་པའི་མཆོད་པ་ལྟ་བུའོ། །བུད་མེད་ལས་བྱུང་བའི་ཕུང་ཁྲོལ་ཡང་ཡོད་པ་མ་ཡིན་ཏེ།
ཡིད་བརྟན་དུ་རུང་བའི་ལྷ་དང་མི་དང་ཀླུ་ལ་སོགས་པའི་བུ་མོ་འགུགས་པ་ཡིན་པའི་ཕྱིར་རོ། །བདུད་རྩི་ལ་སོགས་པ་ཡང་རིགས་པ་འདི་ཉིད་ཡིན་ནོ། །དེ་ལ་དམ་ཚིག་པ་སྡང་བ་དང་ཆོ་ག་ཉམས་པ་ནི་དངོས་གྲུབ་ལ་ཉམས་པར་འདྲ
བ་ཡིན་ཏེ། དེ་སྐད་དུ། བཅོམ་ལྡན་འདས་ཀྱིས། །སངས་རྒྱས་སྐུ་ཡི་ཆོ་ག་ཤེས། །མངོན་སུམ་བཞིན་དུ་དེ་མཐོང་དང། །རང་གི་གཟུགས་ནི་མི་ཤེས་ཤིང། །སྒྲ་ཡང་ཐོས་པ་མེད་པའོ། །ཇི་ལྟར་རྟོགས་པར་མི་འགྱུར
བར། །ཐམས་ཅད་གསང་སྟེ་བྱ་བ་ཡིན། །གལ་ཏེ་རྟོགས་པར་གྱུར་ན་ནི། །སངས་རྒྱས་ཀྱིས་ཀྱང་མི་འགྲུབ་པོ། །སེམས་ཅན་ཀུན་གྱི་སེམས་གང་ནི། །དག་ཅིང་ཞི་ལ་འོད་གསལ་བས། །དངོས་པོ་ཀུན་གྱིས་མི་གོས་པ། །སེམས
ཞེས་བྱ་བ་དེ་ཉིད་དངོས། །དེ་བཞིན་འདོད་པའི་ཆོ་ག་ཤེས། །དེ་ཉིད་ཀྱིས་ན་ཉེ་བར་སྤྱོད། །གཞན་དུ་དགེ་བ་འབྱུང་བ་ཡི། །སྔགས་རྣམས་ཐམས་ཅད་འགྲུབ་མི་འགྱུར། །དེ་བས་སྔགས་པའི་ཁྱད་པར་གྱིས། །བུད་མེད་མཆོག་ནི
དགུག་པར་བྱ། །གཞན་དུ་རྡོ་རྗེ་སེམས་དཔའ་དང། །དེ་ནས་བྱུང་བ་མཉེས་མི་འགྱུར། །དེ་བས་སྤྱད་བྱ་ཐམས་ཅད་ཀྱི། །ལོངས་སྤྱོད་ཉམས་སུ་བླང་བར་བྱ། །གཞན་དུ་ན་ནི་རྨོངས་པའི་བདག་།མནར་མེད་ངེས་པར་འཚེད་པར་འགྱུར
ཞེས་གསུངས་པ་ལྟ་བུའོ། །འོན་ཏེ་གང་གི་ཚེ་འདི་དག་ཐམས་ཅད་རྐྱེན་འགའ་ཞིག་གིས་བྱ་བ་མ་ལྕོགས་པ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེ་བདག་ཉིད་ཀྱིས་བསམ་ལ་བྱའོ་ཞེས་སྔོན་གྱི་སློབ་དཔོན་དག་འདོད་དོ། །ལེའུ་བཅུ་གཉིས་པ་ལས་ཀྱང།
ཤ་རྣམས་ཐམས་ཅད་མེད་ན་ཡང། །ཐམས་ཅད་བསམས་པས་རྣམ་པར་བརྟག་ཅེས་འཆད་པར་འགྱུར་རོ། །ལེའུ་བཅུ་དྲུག་པ་ལས་ཀྱང། །བསམ་གཏན་ཡིག་གསུམ་རྡོ་རྗེ་ཅན། །རང་གི་ཕྱག་རྒྱ་འམ་སེམས་ཀྱིས་བསམ། །དེ་ལྟར་སངས
རྒྱས་ཀུན་མཁྱེན་པ། །མཉེས་པར་འགྱུར་བ་གདོན་མི་ཟ། །ཞེས་འཆད་པར་འགྱུར་རོ། །གསང་བ་ཅེས་བྱ་བ་ནི་སྦ་བར་བྱ་བ་སྟེ། །ཇི་ལྟར་གྱིས་ཤེས་པར་མི་འགྱུར་བར་བྱའོ། །རྟོགས་པར་མི་འགྱུར་བ་ནི། གསང་མི་ཐུབ་པ་ལ་མི་བསྟན་པའོ།
ཡིད་ཀྱི་རང་བཞིན་ལ་ནི་ཚངས་པར་སྤྱོད་པ་མ་ཡིན་པའི་དོགས་པ་ཡང་ཡོད་པ་མ་ཡིན་ཏེ། ལུས་ཀྱིས་ལས་མེད་པའི་ཕྱིར་དང་རྣམ་པར་རིག་པ་ཙམ་ལ་མོས་པའི་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་པའི་ཁ་ན་མ་ཐོ་བའི་དོགས་པ་ཡང
ཡོད་པ་མ་ཡིན་ཏེ། གང་གིས་སྟོན་པའི་བསྟན་པ་སུན་ཕྱུང་བར་གྱུར་ན། །གཞན་གྱི་སེམས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པས་ཀྱང་དེའི་ཐབས་ལ་མཁས་པ་མཐོང་བའི་ཕྱིར་མངོན་པར་དད་པ་ཉིད་དུ་འགྱུར་གྱི
སྨོད་པར་ནི་མི་བྱེད་དོ། །འདིར་ལ་ལ་དག་རྒོལ་ཏེ་འདིའི་ལེའུ་བདུན་པ་ལས་ནི་སྐུའི་རིགས་ལ་ལོ་བཅུ་དྲུག་པ་དང། ཐུགས་ཀྱི་རིགས་ལ་ལོ་བཅུ་གཉིས་པའི་བུ་མོ་གསུངས་ལ་ལེའུ་བཅོ་བརྒྱད་པ་ལས་ཀྱང་ལོ་གྲངས་ཉི་ཤུ་པ་གསུངས་ཏེ་དེ་ཡང
ལུས་པོའི་འབྲེལ་པས་གསུང་གི་རིགས་སུ་འགྱུར་རོ། །དེ་བས་ན་ཅིའི་ཕྱིར་ལེའུ་འདིར་ཐུགས་ཀྱི་རིགས་ཉིད་ལ་ལོ་གྲངས་བཅུ་དྲུག་པ་གསུངས་ཞེ་ན། ཉེས་པ་དེ་ཡང་ཡོད་པ་མ་ཡིན་ཏེ། རིགས་གསུམ་ཆར་ལ
ཡང་ལོ་གྲངས་བཅུ་དྲུག་པ་ཉིད་ཅན་བཞེད་པའི་ཕྱིར་རོ། །དེ་སྐད་དུ་ལེའུ་བརྒྱད་པ་ལས། ན་ཆུང་གཞོན་ནུ་མིག་ཡངས་མ། །གཟུགས་བཟང་གཞོན་པས་བརྒྱན་པ་ནི། །ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད། །བྱོལ་སོང་ལས་ཀྱང་རབ
ཏུ་བརྟག་ཅེས་འབྱུང་བ་གང་ཡིན་པ་དེ་ལ་དོན་ནི་འདི་ཡིན་ཏེ། བུ་མོ་ལོ་གྲངས་ཉི་ཤུ་པ་རྙེད་ནས་གསུང་གི་རིགས་ལ་མཆོད་པ་རབ་ཏུ་བརྟག་པར་བྱའོ། །རིགས་ལྷག་མ་རྣམས་ལ་ནི་ལོ་གྲངས་བཅུ་དྲུག་པ་དང་བཅུ་གཉིས་པ
ཡིན་གྱི་རིགས་རེ་རེ་ཞིང་བུ་མོ་གཅིག་ཉིད་ནི་གདོན་མི་ཟ་བར་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན་ལྔ་ཡིན་ནོ། །ཇི་ལྟར་བྱས་ནས་ཤེ་ན། བྱོལ་སོང་ལས་ཀྱང་སྟེ། ལོགས་ལས་ཀྱང་ཞེས་བྱ་བའི་དོན་ཏོ། །དེ་ཡང་ལང་ཙོ་གཙོ་བོར་བྱས་ནས
གསུང་གི་རིགས་ལ་ནི་གཡོན་ལོགས་ནས་ཞེའོ། །ལོ་གྲངས་བཅུ་གཉིས་པ་ལས་བཅུ་གསུམ་པ་དང་བཅུ་གཅིག་པ་དང་བཅོ་ལྔ་པ་དང་བཅུ་དྲུག་པ་དང་ལྔའོ། །སྐུའི་རིགས་ལྔ་ལྔ་སྟེ་ལོ་གྲངས་བཅུ་གཅིག་པ་དང་བཅོ
ལྔ་པ་དང་བཅུ་དྲུག་པ་དང་གཡོན་ལོགས་ནས་བཞིའོ། །ཐུགས་ཀྱི་རིགས་ལ་ནི་གཡས་ལོགས་ནས་སོ། །སྐུའི་རིགས་ལ་ནི་ལོགས་གཉི་ག་གནས་སོ། །དེ་བས་ན་གསུང་གི་རིགས་ལ་ནི་ལོ་གྲངས་ཉི་ཤུ་པ་དང། བཅུ་དགུ
པ་དང་བཅོ་བརྒྱད་པ་དང། བཅུ་བདུན་པ་དང་བཅུ་དྲུག་དག་སྟེ་བུ་མོ་ལྔའོ། །ཐུགས་ཀྱི་རིགས་ལ་ནི་ལོ་གྲངས་བཅུ་གཉིས་པ་དང་བཅུ་གསུམ་པ་དང་བཅུ་བཞི་པ་དང་བཅོ་ལྔ་པ་དང་བཅུ་དྲུག་པ་སྟེ་ལྔའོ། །སྐུའི་རིགས་ལ་ནི་ལོ
གྲངས་བཅུ་བཞི་པ་དང་བཅོ་ལྔ་པ་དང་བཅུ་དྲུག་པ་དང་བཅུ་བདུན་པ་དང་བཅོ་བརྒྱད་པ་སྟེ་བུ་མོ་ལྔ་ལྔར་འགྱུར་ཞེས་བྱ་བ་འདི་ཡིན་ནོ། །ཐུགས་ཀྱི་དཀྱིལ་འཁོར་སྟོན་བར་བྱེད་པའི་ལེའུ་ལ་དེ་སླད?་ཅེས་བྱའོ། །གསང་བ་འདུས་པའི
བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བཞི་པའོ། ། །།དངོས་གྲུབ་མཆོག་གི་ཐབས་བཞི་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེའི་མཚན་ཉིད་ནི་སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །བསྟན་པ་དག་ནི་སྒྲུབ་པ་ཆེན་པོ་ཞེས
བྱ་བ་སྟེ། དཀྱིལ་འཁོར་གྱི་བདག་པོས་དཀྱིལ་འཁོར་པ་རྣམས་བསྟན་ཅིང་ཕྱུག་པའི་མངོན་པར་རྟོགས་པ་ནི་སྒྲུབ་པ་ཆེན་པོའོ། །དེ་ཡང་ལེའུ་དང་པོ་ལ་སོགས་པ་རྣམས་སུ་གསུངས་སོ། །འདིར་གཉིས་སུ་མེད་པའི་ཡེ་ཤེས་ནི
འདིར་བྱང་ཆུབ་བོ། །དེ་རྙེད་པ་ནི་སངས་རྒྱས་སོ། །དེ་ལ་མོས་པ་བསྟན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་བསྟན་པ་ནི་མཛད་པ་གང་ཡིན་པ་ནི་ཤིན་ཏུ་གསང་བའི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དམ་ཚིག་གི་སྒྲུབ
པ་ཆེན་པོ་སྟེ་ཐབས་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ཡང་ལྔ་པ་དང་དགུ་པ་མཛའ་དག་དང། བཅུ་བདུན་པ་ལ་སོགས་པའི་ཕྱོགས་ཀྱིས་སྟོན་ཏོ། །དེ་ལས་ལེའུ་འདིའི་དོན་ནི་ཀུན་ཏུ་སྦྱོད་པ་ཡིན་ཏེ། དེ་ཡང་ལེའུ་བཅོ་བརྒྱད་པ་ལས
གསུངས་པ། ཤེས་རབ་ཐབས་ལས་བྱུང་བ་ཡི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལུས་བྱ་བ་ནས། །ཐམས་ཅད་སེམས་ལ་གང་སྤྱོད་པ། །ཀུན་ཏུ་སྤྱོད་པར་བསྟན་པ་ཡིན་ཞེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས
བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་རྐང་པ་དྲུག་པའི་ཚིགས་སུ་བཅད་པ་འདིས་བཅོམ་ལྡན་འདས་ཀྱིས་ཁྱད་པར་བསྟན་པའི་སྒོ་ནས་ལྷག་པར་མོས་པའི་སྤྱོད་པ་གང་ཡིན་པ་དེ་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད
ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་སངས་རྒྱས་རྣམས་ཀྱི་སྐུ་ནི་རྡོ་རྗེ་འཛིན་པ་སྟེ། དེ་ཡང་ནམ་མཁའ་ཡིན་ནོ། །གསུང་ནི་དེ་ཉིད་རིག་པ་སྟེ་ནམ་མཁའ་ཨི་ཁམས་སོ། །ཐམས་ཅད་དེ་དག
ལས་སྐྱེས་པ་ཉིད་གང་ཡིན་པ་དེར་ལྷག་པར་མོས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐུགས་ནི་ཐོག་མ་མེད་པའི་སེམས་སོ། །སྐུ་ལ་སོགས་པ་ཐུགས་དེ་ལས་བྱུང་བ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། དེ་འཛིན་པ་ནི་དེ་བཞིན་དུ་ལྷག་པར་མོས་པས་ཐུགས
ཀྱི་རྡོ་རྗེ་འཛིན་པའོ། །རྒྱལ་པོ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་གོ་།ཞེས་བྱ་བ་ལ། ཕྱི་རོལ་གྱི་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཀྱི་ལྷ་མོ་བཞིའོ། །གཞལ་ཡས་ཁང་དང་ཡུལ་དྲུག་གོ་།ལྷ་མོ་དྲུག་གི་ཡུལ་དེ་དག་ནི་གནས་ཏེ་དེའི
དབང་ཕྱུག་གི་། དཀྱིལ་འཁོར་པ་གསུངས་པ། ཀུན་མཆོག་ཅེས་བྱ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་འདི་ལ་ཡོད་པ་སྟེ། སངས་རྒྱས་ཐམས་ཅད་ལ་བསྡུས་པའི་སངས་རྒྱས་ལྔ་ནི་འདིའི་ཕུང་པོ་ལྔ་རྣམས་སོ།།
བྱང་ཆུབ་སེམས་དཔའ་ཐམས་ཅད་བསྡུས་པའི་བྱང་ཆུབ་སེམས་དཔའ་དྲུག་དེ་འདིའི་མིག་ལ་སོགས་པ་སྐྱེ་མཆེད་དྲུག་ཡིན་པས་སོ། །སྤྱོད་པ་ཀུན་ནི་ཀུན་ཏུ་སྤྱོད་པ་སྟེ་དེ་ཉིད་མཆོག་གི་ཆོས་ཏེ་ལམ་གྱི་དམ་པ་ཡིན་པས་སོ། །དེ་ཉིད
ཉམས་སུ་བླངས་པར་བྱ་བའི་དོན་ཡིན་པས་དེ་སྐད་ཅེས་བྱའོ། །སྤྱོད་པའི་མཚན་ཉིད་ནི་ཀུན་ཏུ་སྤྱོད་པའི་རང་བཞིན་ཏེ། བཀའ་སྩལ་པ་ན་གསུངས་པར་གྱུར་པའོ། །དེ་ཅི་ཞིག་ཅེ་ན། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ
གསུངས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷའི་རང་བཞིན་ཡིན་པས་ན་རྣམ་པར་མི་རྟོག་པའོ། །དོན་ནི་དངོས་པོ་ཐམས་ཅད་དོ། །དེ་ལས་བྱུང་བ་ནི་གང་དག་རྫོགས་པའི་ངོ་བོ་ཉིད་དུ་ལྷག་པར་མོས་པ
ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ནི་རྫོགས་པའི་རིམ་པའོ། །ཇི་སྟེ་དངོས་པོ་གང་ཞིག་གང་དུ་ལྷག་པར་མོས་པར་བྱ་ཞེ་ན། འདི་ལ་ཕ་དང་མ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུའོ། །དེ་དག་གི་ཁུ་བ་ནི་སྤྲོས་པ་མེད་པའི་བྱང་ཆུབ་ཀྱི་སེམས
སུའོ། བདག་ཉིད་ནི་དེ་ཡོངས་སུ་གྱུར་པའི་དཀྱིལ་འཁོར་གྱི་བདག་པོར་རོ། །རང་གི་ཕུང་པོ་དང་སྐྱེ་མཆེད་རྣམས་ནི་དཀྱིལ་འཁོར་བ་རྣམས་སོ། །དེ་རྣམས་ཀྱི་ཆོས་ཉིད་ནི་དེ་རྣམས་ཀྱི་རིགས་རྣམས་སུའོ། །གཟུགས་ལ་སོགས་པ་དྲུག་ནི་མཆོད་པའི
ལྷ་མོ་དྲུག་གི་རང་བཞིན་དུའོ། །ཕྱི་རོལ་ལ་སོགས་པ་རྣམས་ནི་ལྷ་མོ་བཞིའི་བདག་ཉིད་ཀྱི་གཞལ་ཡས་ཁང་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །འདོད་ཆགས་ཞེ་སྡང་གཏི་མུག་རིག་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས
པ་རྣམས་ཀྱིས་ཁྱབ་པར་ཡང་དང་ཡང་དུ་མངོན་དུ་བྱས་ཏེ། དེ་ལ་བདག་ཉིད་ཀྱི་ཕུང་པོ་དང་སྐྱེ་མཆེད་རྣམས་དང་རང་གི་རིག་མ་ལ་ཀུན་ཏུ་འཁྱུད་པར་མོས་པས་གཟུགས་ལ་སོགས་པ་འཛིན་པ་ནི་གཏི་མུག་གོ་།གཉིས་ཀྱི་རྣམ་པར་རྟོག་པ
རྣམས་ནུབ་པ་ནི་ཞེ་སྡང་ངོ། །གཉིས་སུ་མེད་པའི་བདེ་བའི་རོ་མྱོང་བ་ནི་འདོད་ཆགས་སོ། །དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་ནི་རབ་མཆོག་སྒྲུབ་པར་བྱེད་པ་སྟེ། སངས་རྒྱས་ཉིད་དུ་སྒྲུབ་པའོ། །དེ་ཅི་ཞིག་ཅེ་ན། ཐེག་པའི་མཆོག་ནི་བླ་ན་མེད་པ་སྟེ། སངས་རྒྱས
ཉིད་ཀྱི་བྱང་ཆུབ་ཀྱི་ལམ་དམ་པ་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །མཉམ་པར་མ་བཞག་པའི་སེམས་ལ་ཀུན་ཏུ་སྤྱོད་པ་མ་ཡིན་ནམ། དེ་ཡང་དཀའ་བ་ཡིན་པ་དེ་བས་ན་འདིའི་ཕན་ཡོན་ཅི་ཡིན་ཞེ་ན། རིགས་ངན་ཞེས་བྱ་བ་ལ་སོགས་པ
གསུངས་ཏེ་དེ་སྐྱེ་བ་གཅིག་གམ་སྐྱེ་བ་བརྒྱུད་པ་དེ་ནི་རིགས་ངན་ཡིན་ཏེ་བསད་བྱ་གསོད་པར་བྱེད་པའོ། །སྨིག་མ་མཁན་ནི་སྨིག་མའི་ལས་བྱེད་པས་ན་མདའ་མཁན་དང་མདོས་ལས་བྱེད་པ་སྟེ་རྔོན་པའོ། །སོགས་པའི་སྒྲས་ནི་ཉ་པ་ལ་སོགས་པ
འཚོ་བ་བྱེད་པ་གཞན་དག་ཀྱང་གཟུང་ངོ། །བུད་མེད་རྣམས་ལ་ཆགས་ཤིང་རྒྱལ་བ་ནི་བདག་ཉིད་གསོད་པ་ཡིན་ཏེ། དེ་དག་ལ་གསོད་པའི་དོན་གྱི་བྱ་བ་ཡོད་པས་གསོད་པའི་དོན་ཅན་ཏེ་ཤིན་ཏུ་ཡང་ཆགས་པ་ཅན
ཞེས་བྱ་བའི་དོན་ཏོ། །དོན་ནི་ནོར་དང་བུ་ལ་སོགས་པའོ། །གང་ལ་དོན་ཉིད་ལ་སེམས་པ་ཡོད་པ་དེ་ནི་དོན་གཉེར་སེམས་དཔའ་རྣམས་ཏེ། གཏི་མུག་ཆེན་པོ་རྨོངས་པ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲའི་དོན་ནི་རིམ་པ་གཞན་དུ་སྦྱར་བ
ཡིན་ཏེ། རིགས་ངན་སྨིག་མ་མཁན་ལ་སོགས་ཀྱང་སྟེ། ཞེ་སྡང་དྲག་པ་དང་གསོད་དོན་གཉེར་སེམས་དཔའ་ཡང་སྟེ། འདོད་ཆགས་དང་གཏི་མུག་དྲག་པ་ཡང་གྲུབ་པར་འགྱུར་རོ། །ཐེག་ཆེན་བླ་ན་མེད་པ་སྟེ་སྒྲུབ་པ་ཆེན་པོའོ། །ཐེག
མཆོག་འདི་ལ་ཏེ། དཔལ་གསང་བ་འདུས་པ་ལ་ཀུན་ཏུ་སྤྱོད་པ་ཉིད་ཀྱིས་དེ་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་ཟད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །སེམས་ཅན་མཚམས་མེད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ན་འཕགས་པའི
ཆོས་རྣམས་ལ་སྒྲིབ་པ་ནི་གསུམ་ཏེ་དེ་སྐྱེ་བ་ལ་གགས་བྱེད་པའི་ཕྱིར་རོ། །དེ་ཡང་ཉོན་མོངས་པའི་དབང་ཤིན་ཏུ་དྲག་པའི་ཉོན་མོངས་པའི་སྒྲིབ་པའོ། །མཚམས་མེད་པ་ལ་སོགས་པའི་ལས་ནི་ལས་ཀྱི་སྒྲིབ་པའོ། །དམྱལ་བ་ལ
སོགས་པར་སྐྱེ་བ་ནི་སྐྱེ་བའི་སྒྲིབ་པའོ། །མཚམས་མེད་པ་ནི་བར་དུ་གཅོད་པར་མི་ནུས་པ་ཡིན་ཏེ་འཆི་མ་ཐག་ཉིད་དུ་འབྱུང་བའི་ཕྱིར་རོ། །མཚམས་མེད་པ་དེ་ཡང་རྣམ་པ་ལྔ་སྟེ། ཕག་སོད་པ་དང། མ་གསོད་པ་དང། དགྲ་བཅོམ་པ་གསོད
པ་དགེ་འདུན་གྱི་དབེན་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པའོ། །སོགས་པའི་སྒྲས་ནི་དམ་པའི་ཆོས་སྤོང་བ་ལ་སོགས་པ་དང། མཚམས་མེད་པ་དང་ཉེ་བ་རྣམ་པ་ལྔ་གཟུང་སྟེ་ཇི་སྐད་དུ་མ་དགྲ་བཅོམ་པ
སུན་བྱས་དང། །བྱང་ཆུབ་སེམས་དཔའ་དེས་གནས་དང། །སློབ་དཔོན་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག་།མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིགས་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །དེ་བྱེད་པའི
ཕྱིར་དེ་སྐད་ཐ་སྙད་འདོགས་སོ། །མཚམས་མེད་པ་ལ་སོགས་པའི་སྡིག་པ་ཆེན་པོ་བྱེད་པ་སྟེ། སྡིག་པ་ཆེན་པོ་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གསང་བ་འདུས་པའི་སྒྲུབ་པ་ཆེན་པོ་འདི་ལ་འགྲུབ་པར་འགྱུར་ཏེ་ཀུན་ཏུ་སྤྱོད
པ་ཉིད་ཀྱིས་དེ་རྣམས་ཀྱི་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གང་ཡང་ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྨིན་པར་འགྱུར།།
ཞེས་གང་གསུངས་པ་དེ་ནི་འདི་ལྟ་བུའི་གཉེན་པོའི་ཕྱོགས་བསྒོམ་པ་མེད་པ་ཡིན་ནོ། །ཞེས་བྱ་བར་ཤེས་པར་བྱའོ། །འདིས་ཀྱང་ཟད་པར་མི་འགྱུར་བའི་ལས་ཀྱི་སྒྲིབ་པ་ཤིན་ཏུ་ལྕི་བ་གཅིག་ཉིད་ཡིན་པ་གང་ཡིན་པ་དེ་ནི། །སྙིང་ནས
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འོངས་ནས་སྤྱོད་པའི་ཕྱིར་སློབ་དཔོན་ཏེ། གསང་སྔགས་ཀྱི་ཐེག་པ་འདི་ལ་ཡང་དག་པར་དབང་བསྐུར་བ་དང། རྗེས་སུ་གནང་བ་དང་ཡང་དག་པ་གང་ཡིན་པ་དེ་ནི་སློབ་དཔོན་ནོ། །འདིར་གང་ལ་སྔགས
སམ་ཏིང་ངེ་འཛིན་ཡང་དག་པ་གཅིག་སྟོན་པ་གང་ཡིན་པ་དེ་ཡང་དེའི་སློབ་དཔོན་ཡིན་ནོ། །སློབ་དཔོན་དེ་ལ་ཡང་དང་ཡང་དུ་སྨོད་པར་བྱེད་པ་དང་ངེས་ཀྱང་དགའ་བར་བྱེད་ཀྱི་འགྱོད་པར་ནི་མི་བྱེད་པ་དང། ཆོས་བཞིན་དུ་ཕྱིར་འཆོས་པར
མི་བྱེད་པ་གང་ཡིན་དེ་ནི་སྙིང་ནས་སློབ་དཔོན་སྨོད་པ་སྟེ། དེ་ནི་སྒྲུབ་པ་གསུམ་ཆར་ལ་ཡང་འགྲུབ་པར་མི་འགྱུར་རོ། །འཕགས་པའི་ཆོས་འདི་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཟད་པ་རྣམས་ལ་འཕགས་པའི་ཆོས་སྐྱེ་བར་འགྱུར་གྱི་མ
ཟད་པ་ལ་ནི་མ་ཡིན་པ་མ་ཡིན་ནམ། འཕགས་པ་ཡང་སྒྲུབ་དང། ཉེ་བར་སྒྲུབ་པའི་འབྲས་བུ་ཡིན་ལ་དེ་དག་ཀྱང་རྟོགས་ནས་ཕྱིས་སྒྲུབ་པ་པོ་སྒྲུབ་པ་ཆེན་པོ་ལ་འཇུག་པར་བྱེད་པ་ཡིན་པ་དེའི་ཕྱིར་དེའི་ཉོན་མོངས
པ་དང་ལས་ཀྱི་སྒྲིབ་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་ཅིའི་ཕྱིར་ཀུན་ཏུ་སྤྱོད་པས་དེ་དག་ཟད་པ་ཡིན་ཞེས་སྨ་སྟེ་དེ་ལྟར་ནི་ཡིན་མོད་ཀྱི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་པ་དེ་དག་ཉིད་ནི་སོ་སོའི་སྐྱེ་བོས་ཀྱང་ཚོགས་ཉེ་བར་བསགས
པར་བྱ་བའི་ཕྱིར་ནུས་པ་ཇི་ལྟ་བ་བཞིན་དུ་ཀུན་ཏུ་སྤྱོད་པ་ལ་སྤྱད་པར་བྱའོ། །ཞེས་བྱ་བ་ནི་ཐབས་ཀྱི་ཕན་ཡོན་གསལ་བར་བྱེད་པ་ཡིན་པར་བལྟ་བར་བྱའོ། །འོ་ན་ཇི་ལྟར་ན་ཀུན་ཏུ་སྤྱོད་པ་སྒྲུབ་པ་ཆེན་པོ་ཡིན་ཞེ་ན། ཐབས་ཆེན་པོ
ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཤིན་ཏུ་གསང་བ་ཡིན་ཞེ་ན། བདག་ཉིད་ཀྱི་ནུས་པ་མི་ཤེས་པར་སྒྲ་ཇི་བཞིན་པར་འཛིན་པ་རྣམས་དོན་དམ་པར་བྱེད་པས་སོ། །དེ་ལྟར་ཡིད་ཀྱིས་ཀུན་ཏུ་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིས་མིང་གིས
བསྟན་ནས་ད་ནི་ལུས་དང་ངག་གི་ཉེས་པ་ཀུན་ཏུ་སྤྱོད་པའི་མིག་གིས་བསྟན་པའི་ཕྱིར་སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དམ་ཚིག་རྣམ་པ་བཞི་སྟོན་པ་ཡིན་ནོ། །དེ་ཡང་ཚིགས་སུ་བཅད་པ་གསུངས་པ།
སྟོང་ཉིད་སྟོང་པ་བརྫུན་ཡིན་ཏེ། །གཞན་དག་ཀྱང་ནི་འདི་བརྗོད་པ། །རིག་པ་རྟེན་དང་སེམས་ཞུ་དང། །ཞུ་བ་དེ་ནས་ལེན་བའོ། །ཤིང་དང་བོད་བ་ལ་སོགས་པ་ལྷའི་བདག་ཉིད་དུ་རྣམ་པར་རྟོགས་པས་མོས་པར་བྱས་ཏེ་སྣང་བ་མེད་པར
བྱས་པའི་ཕྱིར་སྲོག་གཅོད་པའོ། །རྣམ་པར་རྟོག་པའི་ངོ་བོ་ཉིད་ཀྱིས་བདེན་པ་མ་ཡིན་པའི་རྣམ་པར་རྟོག་པའི་དོན་ཡང་དག་གི་དོན་ཡིན་ནོ་ཞེས་ཡང་དག་པར་ཤེས་པ་ལ་སྨྲ་བ་ཐམས་ཅད་ནི་བརྫུན་དུ་སྨྲ་བའོ། །དེ་ལ་དགའ་བ་ནི
མངོན་པར་བརྩོན་པའོ། །བདག་ཉིད་ཀྱི་ཕུང་པོ་དང་སྐྱེ་མཆེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔར་མོས་པར་བྱས་ཏེ་དེ་དག་ལ་ཕུལ་ནས་ལོངས་སྤྱོད་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་ཕྱིར་གཞན་གྱི་ནོར་ལ་ཆགས་པའོ། །རིག་པ?
ལ་ཉེ་བར་ལོངས་སྤྱོད་པ་ནི་འདོད་པར་སྤྱོད་པའོ། །བཤང་གཅི་ནི་བཤད་བ་ལ་སོགས་པ་ལྔའོ། །དེ་དག་ལ་དེ་དག་ཉིད་ཟ་བར་བྱེད་པའི་དོན་ཡོད་པས་ན་དེ་སྐད་ཅེས་བྱ་བ་སྟེ། བཟའ་བར་བྱ་བ་ཐམས་ཅད་ལ་ལྔར་པོར་མོས་ལ་ཡེ་ཤེས
ལྔའི་བདུད་རྩི་ཉིད་མོས་པར་བྱས་ནས་ནང་གི་དཀྱིལ་འཁོར་ལ་དེ་དག་སྦྱིན་སྲེག་བྱེད་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ལ། དེ་དག་ཉིད་སྣོད་དུ་འགྱུར་བའི་སྒྲུབ་པའི་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་གྲུབ་པ་ལ་སྐལ་པ་དང་ལྡན་པ་སྟེ།
སྐད་ཅིག་མ་རེ་རེ་ལ་བསོད་ནམས་དང་ཡེ་ཤེས་མཛའ་ཡས་པ་ཉེ་བར་བསགས་པའི་ཕྱིར་དང་དམ་ཚིག་ལ་མ་འདས་པའི་ཕྱིར་རོ། །དེ་ནས་འདོད་བྱ་དེ་གང་ཡིན་ཞེ་ན། མ་དད་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་མཆོག་དང་པོའི་རིག
མ་ནི་མའོ། །ལྷན་ཅིག་སྐྱེས་པའི་རིག་མ་ནི་སྲིང་མོའོ། །དཀྱིལ་འཁོར་དུ་སྤྲོས་པ་ནི་བུ་མོ་སྟེ། དེ་དག་ལ་མཉེས་པར་བྱ་སྟེ། དེའི་དེ་དག་གི་ཐབས་ཀྱི་ལྷ་ཉིད་དུ་ང་རྒྱལ་བྱེད་ཅིང་རང་གི་རིག་མ་ལ་དེ་རྣམས་བཅུག་པའི་ཕྱིར་རོ། །ཐེག་ཆེན
མཆོག་གི་ཆོས་ཉིད་དེ། ལམ་གྱི་མཆོག་སྒྲུབ་པ་པོ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། གསང་བ་འདུས་པའི་སྒྲུབ་པ་ཆེན་པོར་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་རྒྱ་ཆེན་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའོ། །ཐོབ
པ་ནི་རྙེད་པར་གྱུར་པའོ། །དེས་དེ་རྣམས་ཀྱི་ནང་དུ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །དར་གིས་སྒྲས་ནི་བྱང་ཆུབ་སེམས་དཔའ་རྣམས་གཟུང་ངོ། །གཙོ་བོ་ཞེས་བྱ་བ་ནི་མཆོག་གི་བླ་མ་རྣམས་ཏེ་རིག་པའི་བརྟུལ་ཞུགས་
དང་ལྡན་པའི་རིགས་ཀྱི་རིག་པ་ཞེས་བྱ་བའི་དོན་ཏོ། །ཡུལ་དག་ལ་ཞེས་བྱ་བ་ནི་སྐྱེད་པར་མཛད་པ་ལའོ། །རྣམ་པར་མི་རྟོག་བློ་ཅན་གྱིས་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྣམ་པར་རྟོག་པ་ཟད་པའི་ཕྱིར་དང་ཡང་དག་པའི
ཡེ་ཤེས་ཉེ་བར་སྔགས་པའི་ཕྱིར་རོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་ལ་མཉེས་པར་བྱས་པ་ནི་བསྒོམ་པ་ཉིད་ཡིན་པ་དེ་བས་ན་མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་དང་ཡང་དག་པའི་ཡེ་ཤེས་ཀྱི
རྒྱུ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྡིག་པ་རྣམས་ཀྱིས་ཀྱང་མི་གོས་ཏེ་དེ་ཉིད་ཀྱི་སྡིག་པ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་འདི་བསྟན་པའི་རྗེས་ཐོགས་ལའོ། །སྒྲིབ་པ་ནི་འདོད་པ་ལ་འདུན་བ་དང། གནོད་སེམས
དང་གཉིད་དང། རྨུགས་པ་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་སྟེ་ལྔའོ། །དེ་དག་ཐམས་ཅད་རྣམ་པར་སེལ་བར་མཛད་པས་ན། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །རྨད་དུ་གྱུར་པ་ནི་ཤིན་ཏུ་ངོ་མཚར་དུ་གྱུར་པའོ། །འདིར་ངོ
མཚར་དང་རྨད་དུ་སྟོན་པའི་ཚིག་ཉིད་ལ་དེ་སྐད་ཅེས་བྱའོ། །དེར་གྱུར་པ་ནི་དེ་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་ཚིག་དེ་ཉིད་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་སླད་དུའི་སྒྲ་ནི་ཐེ་ཚོམ་མོ། །ཚིག་ངན
པ་ནི་ཆོས་མ་ཡིན་པ་དང་ལྡན་པའོ། །གསུང་ནི་བཀའ་ཨོ། །གང་ལ་དེ་གསུང་ཞིང་བརྗོད་པ་མདའ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཆོས་མ་ཡིན་པ་དེ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཅིའི་སླད་དུ
ཆོས་མ་ཡིན་པ་གསུང་ཞེས་བྱ་བ་ནི་ངོ་མཚར་ཏེ། དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །དེ་ཡང་ཅིའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་གསུངས་ཞེས་བྱ་བ་ནི་རྨད་དུ་གྱུར་པ་སྟེ། དེ་ལྟ་བུ་ཤིན་ཏུ་མི་སྲིད་པའི
ཕྱིར་རོ། །དེ་ལ་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་མང་པོ་ཐེ་ཚོམ་གྱི་རང་བཞིན་ཅན་གྱི་ངོ་མཚར་དང་རྨད་དུ་གྱུར་པ་སྟེ་ཐེ་ཚོམ་སྐྱེ་བར་འགྱུར་རོ། །དེ་རྣམས་ཀྱི་ཐེ་ཚོམ་གསལ་བར་བྱ་བའི་ཕྱིར་དེའི་བསམ་པ་ཉིད་བྱང་ཆུབ་སེམས
དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པས་དེ་སྐད་དུ་གསོལ་བ་ཡིན་གྱི་རང་ཉིད་དེ་དག་ལ་ཐེ་ཚོམ་ཡོད་པ་ཡང་མ་ཡིན་ལ། ངག་གིས་ཉེས་པར་སྤྱོད་པ་ཡང་མ་ཡིན་ཏེ། འཕགས་པ་ཉིད་ཡིན་པའི
ཕྱིར་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་དགོངས་པ་ཅན་གྱི་ཆོས་ཀྱི་དོན་མཁྱེན་པའི་ཕྱིར་རོ། །ཅིའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པས་དེ་སྐད་ཅེས་གསོལ་ཞེ་ན། ཐེ་ཚོམ་རྣམ་པར་སེལ་བ་ལ་ནི་སྒྲིབ་པ
ཐམས་ཅད་རྣམ་པར་སེལ་བ་ཉིད་གཙོ་བོ་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ་རྣམས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེའི་རབ་ཏུ་དབྱེ་བ་ནི་གཏི་མུག་ལ་སོགས་པའོ། །དེ་ལས་སྐྱེས་
པ་ནི་རིགས་ཀྱི་བུའོ། །ཐོང་ཞེས་བྱ་བ་ནི་ཟློག་པའོ། །འདི་ཉིད་ཀྱི་བཤད་པ་ནི་དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་སྟེ། འདི་ནི་ཆོས་མ་ཡིན་ནོ་ཞེས་མ་སྨྲ་ཞིག་ཅེས་བྱ་བའི་དོན་ཏོ། །འོ་ན་འདི་ཅི་ཡིན་ཞེ་ན་སྙིང་པོ་ཞེས་བྱ་བ་ལ་སོགས་པ
གསུངས་ཏེ། ཆོས་ནི་ལམ་ཡིན་ལ་ཆོས་ཁོ་ན་ཉིད་དེ་ཏིང་ངེ་འཛིན་གྱི་རང་བཞིན་ཅན་གྱི་སྒྲུབ་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་དེ་ཁོ་ན་ཉིད་བསྡུས་པ་ལས། །རྡོ་རྗེ་སེམས་དཔའ་ཏིང་འཛིན་ནི། །སངས་རྒྱས་ཆོས་ཉིད་དག་ཏུ
བཤད། །འདི་ལས་སངས་རྒྱས་སངས་རྒྱས་ཉིད། །གཞན་ལས་སངས་རྒྱས་འགྱུར་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །མི་ཟད་པ་ཉིད་ཀྱི་ཕྱིར་སྙིང་པོ་ཡེ་ཤེས་ཅན་རྣམས་ཏེ་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེ་དང
ལྡན་པ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དག་པ་སྟེ་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་པ་འདི་ཉིད་གང་ཡིན་པ་དེ་ནི་འདི་ལྟ་སྟེ་ཀུན་ཏུ་སྤྱོད་པའོ། །ཆོས་ནི་ལེའུ་ལྔ་པའོ། །དེའི་སྙིང་པོའི་དོན་ནི་རྐང་དུ་གྱུར་པ་སྟེ་དགོངས
པ་ཅན་ཅེས་བྱ་བའི་དོན་ཏོ། །དེ་ཡང་བཤད་པ་ཉིད་ཡིན་ནོ། །དེ་ལས་བྱུང་བ་ནི་གནས་པའོ། །དེ་བས་ན་ཆོས་ནི་བྱང་ཆུབ་སྤྱོད་པའི་གནས་འདི་ཡིན་ཏེ། བྱང་ཆུབ་ཀྱི་སྤྱོད་པའི་གནས་ན་གནས་ཀྱི་གཙོ་བོ་ཡིན་ཏེ། སྒྲུབ་པ་ཆེན་པོ་ཉིད་ཡིན
པའི་ཕྱིར་ཀུན་ཏུ་སྤྱོད་པའོ། །ཞེས་བྱ་བར་དགོངས་སོ། །ལེའུ་འདིའི་སྒྲ་ཇི་བཞིན་པའི་དོན་ཡང་ཅི་ཡིན་ན། གང་ཆོས་མ་ཡིན་པ་ཞེས་བརྗོད་ཅེ་ན། སྔགས་པ་བསོད་ནམས་དང་སྡིག་པ་ཐ་མི་དད་པར་ཞེན་པས་རྣམ་པར་མི་རྟོག་པ་ཉོན་མོངས
པས་དཀྲུགས་པའི་མཚམས་མེད་པ་བྱེད་པ་དང། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འཁྲིག་པ་དང། བརྫུན་དུ་སྨྲ་བ་ལ་དགའ་བ་དང། བཟའ་བར་བྱ་བ་མ་ཡིན་པ་ཟ་བ་དང། བགྲོད་པར་བྱ་བ་མ་ཡིན་པ་ལ་འགྲོ་བ
འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདི་ལ་བྱང་ཆུབ་སེམས་དཔའ་གང་གིས་འདི་ཆོས་མ་ཡིན་ནོ་ཞེས་ཐེ་ཚོམ་དུ་གྱུར་པ་འདིའི་སྒྲ་ཇི་བཞིན་པའི་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཚིག་འདི་དང་སངས་རྒྱས་ཀྱི་བཀའ་འདི་དེ་དག་གིས་ཐོས་ནས
ཇི་ལྟར་གྱུར་པ་ན་དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་བྱ་བ་ནི་རང་གི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྨོན་པར་བྱེད་པའི་ཕྱིར་རོ། །འཇིགས
པ་ནི་ཁ་ན་མ་ཐོ་བས་སོ། །སྐྲག་པ་ནི་ངན་འགྲོའི་དོགས་པས་སོ། །རྒྱལ་བ་ནི་ཀུན་ནས་བརྒྱལ་བར་གྱུར་པ་སྟེ་ཀུན་ནས་སྐྲག་པའི་ཕྱིར་རོ། །བརྒྱལ་བ་ནི་སེམས་སྟོར་བའོ། །སྐུ་ལ་སོགས་པའི་བདག་པོ་ནི་དེ་དག་དེ་ལ་རག་ལས་པ་ཉིད
ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ལ་སྨོན་ལམ་བཏབ་པ་ཅན་ནོ། །ནམ་མཁའ་ནི་རིག་པའི་པདྨའོ། །དེ་དང་མཉམ་པ་ནི་གཅིག་ཏུ་གྱུར་པའོ། །དེའི་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བ་ལ། སངས་རྒྱས་ཐམས
ཅད་ཞུ་བ་ནི་རྡོ་རྗེའོ། །གཉིས་མེད་པ་ནི་རྟེན་དང་བརྟོན་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཆེན་པོ་གཉིས་དེ་ཉིད་དུ་ཞུ་བའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །འོད་ཀྱི་རེག་པ་ཙམ་གྱིས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས
ཀ་ཡི་བདུད་རྩི་དེ་ཉིད་དེའི་རང་བཞིན་ཅན་གྱི་འོད་ཟེར་རྡུལ་ཕྲ་རབ་སོ་སོ་ལ་ཞུགས་ཏེ་ཡང་དག་པར་གསོས་ནས་ལུས་དང་སེམས་ཚིམ་པར་བྱས་པ་ནི་རེག་པ་འབའ་ཞིག་ཡིན་གྱིས་བསྒོམ་པ་དང་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཙམ་གྱི་སྒྲའི
དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རིག་པ་ཙམ་གྱི་རྗེས་ཐོགས་ལའོ། །འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་སེམས་ཐོབ་པས་ན་བྱང་ཆུབ་ཆེན་པོར་གྱུར་ཏེ། འཇིགས་པ་རྣམ་པ་ལྔ་ལས་འདས་པས་ན་རང་རང་གི་སྟན་ལ་ཇི་ལྟ་བ་བཞིན་དུ
གནས་པར་གྱུར་ཏོ། །ཚིགས་སུ་བཅད་པ་གསུངས་པའི་ཀུན་ཏུ་སྤྱོད་པའི་ཆེ་བའི་བདག་ཉིད་གང་ཐོས་པས་དེ་དག་རྒྱལ་བ་ནི་ངོ་མཚར་དུ་གྱུར་བའོ། །རྨད་དུ་གྱུར་པ་ནི་གང་ལ་འོད་ཀྱིས་རེག་པ་ཙམ་གྱིས་དེ་རྣམས་ཡང་དག་པར་གསོས་པ་དང།
འཕགས་པའི་ས་ལ་འཇུག་པའི་ཏིང་ངེ་འཛིན་ལའོ། །དགྱེས་པ་ནི་ཡིད་བདེ་བའོ། །ཁྱབ་པ་ནི་ལུས་ཀྱི་བདེ་བ་སྟེ་ལུས་ཡོངས་སུ་གང་བས་བ་སྤུ་ལངས་པའོ། །དེར་གྱུར་པ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཐབས་ཆེན་པོ་མཐོང་བའི་ཕྱིར་རོ།།
འདི་སྐད་ཅེས་བྱ་བ་ནི་འཆད་པར་འགྱུར་བའོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཆོས་འདི་ཉིད་བསྟོད་པའི་དབྱངས་ཏེ་རྡོ་རྗེ་འཆང་བ་ཉིད་དུ་རྣལ་འབྱོར་པའི་ལུས་དང་ངག་དང་སེམས་དེ་བཞིན་དུ་ལྷག་པར་མོས་པས་ཀུན་ཏུ་སྤྱོད་པའི་ཕྱིར་རོ།
དེ་ཡང་དོན་དམ་པར་དེ་ལས་ཐ་དད་པ་མ་ཡིན་ཏེ། བྱ་བ་དང་བྱེད་པ་པོ་ཐ་དད་པ་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི་ཐ་དད་པ་ཡིན་པས་དེ་བས་ན་འདིར་ཚིགས་སུ་བཅད་པ་གསུམ་གྱི་སྐུ་ལ་སོགས་པའི་རང་བཞིན་དང
བཞི་པས་ནི་སྐུ་ལ་སོགས་པའི་ཕྲིན་ལས་ཀྱི་རང་བཞིན་དུ་བསྟོད་པར་བྱའོ། །དེ་ལ་དང་པོར་གསུང་གི་རང་བཞིན་དུ་བསྟོད་པ་ནི། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་ཆོས་ཀྱི་སྒྲས་ནི་གསུང་གི་རང་བཞིན་གྱི་ཆོས
བཤད་པ་ཡིན་ནོ། །གཉིས་པས་ནི་བརྗོད་པར་བྱ་བའི་རང་བཞིན་ལ་ཁྱེད་ལ་ཞེས་བྱ་བ་ཡིན་ལ། གསུམ་པས་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ། །ཆོས་ཀྱི་ལམ་ཇི་ལྟར་བསྟན་པའི་དོན་ཡང་དག་པར་བྱུང་བ་ནི་ཆོས་ཀྱི་དོན་བྱུང་བ
སྟེ། གསུམ་པ་འདི་ཡང་ངོ་མཚར་ཡིན་ནོ། །དེ་བས་ན་ཆོས་ཀྱི་རྒྱལ་པོ་ཞེས་གསུངས་ཏེ་གསུངས་གི་རྒྱལ་པོའོ། །ཕྱག་འཚལ་འདུད་ཅེས་བྱ་བ་ནི་ལྷག་མའོ། །ཆོས་ནི་ཡེ་ཤེས་ཀྱིས་རང་བཞིན་ནོ། །འདི་ལས་དག་པས་ནི་ཆོས་དག
པས་སོ། །འདི་ལ་དོན་ཏེ་ཡུལ་བདག་མེད་པ་ཡོད་པས་ན་དོན་བདག་མེད་པའོ་འདིར་ཆོས་ཀྱི་རྒྱལ་པོའི་སྒྲས་ནི་ཐེག་པ་ཆེན་པོ་མ་ལུས་པ་འམ་རྡོ་རྗེ་ཐེག་པ་དང་གསང་བ་འདུས་པ་བརྗོད་པར་འདོད་དོ། །སྐུའི་རང་བཞིན་དུ་བསྟོད་པ་ནི
སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རབ་ཏུ་དག་པ་ནི་བརྗོད་བྱའི་རང་བཞིན་གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱི་ཕྱིར་སྐུ་དང་གསུང་དང་ཐུགས་རབ་ཏུ་དག་པའོ། །ནམ་མཁའ་དང་མཉམ་པ་ཉིད་ཀྱིས
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡང་དག་པར་སྦྱོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། ནམ་མཁའ་དང་ནི་མཉམ་ཉིད་གནས་སོ། །དེ་ཉིད་ཀྱིས་ན་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་རྣམ་པར་མི་འགྱུར
སྣང་བ་མེད་ཅེས་བྱའོ། །རྡོ་རྗེའི་སྐུ་ནི་སྐུ་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །ཐུགས་ཀྱི་རང་བཞིན་དུ་བསྟོད་པ་ཐུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དེ་བཞིན་གཤེགས་པ་ཡིན་པས་ན་དེ་བཞིན་གཤེགས་པའོ། །གཙོ་བོ་ནི་མཆོག
ཏུ་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཅི་ཙམ་པ་ཅན་ཡིན་ཞེ་ན། དུས་གསུམ་ངག་གི་ལམ་དུ་བྱུང་བ་སྟེ་དུས་གསུམ་ནི་དུས་ཉིད་དོ། །དེ་ཉིད་ནི་ལམ་ཡིན་ཏེ་དེར་བྱུང་བའོ། །དེ་ཉིད་ཀྱིས་ནི་གོ་རིམ་བཞིན་དུ
ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དབྱིངས་སུ་གྱུར་པའོ། །ཐུགས་ཆེན་པོ་ནི་མཆོག་ཏུ་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ། །འདི་ནམ་མཁའ་དང་འདྲ་བའི་ལམ་མདའ་བས་ནམ་མཁའ་ལམ་སྟེ། རྟག་པ་ཞེས་བྱ་བའི་དོན་ཏོ། །
སྐུ་ལ་སོགས་པ་ལས་ཐ་དད་པར་བྱས་ནས་དེའི་ཕྲིན་ལས་ཀྱི་ཆུལ་དུ་བསྟོད་པ་ནི་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་སྐུ་ནི་དེ་བཞིན་ཉིད་དུ་རོ་གཅིག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར
པའི་སྐུའོ། །དེ་ལས་ཡང་དག་བྱུང་བ་ནི་ཡང་དག་པར་སྐྱེས་པའོ། །བདག་མེད་པར་སྟོན་པའི་གསུང་ནི་ནམ་མཁའ་ཨི་གསུང་ངོ། །དེ་རབ་ཏུ་སྟོན་པ་ནི་དེ་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཐུགས
ནི་ནམ་མཁའ་ཨི་ཐུགས་སོ། །དེར་ཆོས་ནི་ཡོངས་སུ་བསྐྱོད་པའོ། །དེ་རྣམས་ཀྱི་མཆོག་སྟེ་དམ་པའོ། །སྤྱོད་པ་ནི་ཀུན་ཏུ་སྤྱོད་པའོ། །དེ་ཉིད་ནི་གཞི་དང་གནས་ཏེ་དེ་ཉིད་ལ་གནས་ནས་སངས་རྒྱས་ཉིད་དང་སྒྲུབ་པ་ཡིན་པའི་ཕྱིར། སེམས
ཀུན་ལ་སྤྱོད་པས་ན་ཀུན་ཏུ་སྤྱོད་པ་སྟེ། ལེའུ་བཅོ་བརྒྱད་པ་ལས། སེམས་ཀུན་ལ་ནི་སྤྱོད་པ་སྟེ། །ཀུན་ཏུ་སྤྱོད་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་དུ་དེ་གཙོ་བོར་གྱུར་པ་ནི་ཀུན་སྤྱོད་པ་མཆོག་གི་ལེའུ
འོ། གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་ལྔ་པའོ།། །།དངོས་གྲུབ་མཆོག་གི་ཉེ་བའི་སྒྲུབ་པ་ནི་ལེའུ་འདིའི་དོན་ཡིན་ཏེ། དེའི་མཚན་ཉིད་ནི་དྲག་ཤུལ་རྗེས་སུ་ཆགས་པ
ནི། ཉེ་བར་སྒྲུབ་པའི་སྡོམ་པའོ། །ཞེས་བྱ་བས་བསྟན་ཏེ་ཉེ་བར་སྒྲུབ་པ་གཏན་ལ་ཕབ་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་མངོན་པར་རྟོགས་པ་ལས་བྱིན་གྱིས་རློབ་པའི་སྔགས་ལྔ་ནི་རྗེས་སུ་ཆགས་པ་སྟེ་སེམས་དགའ་བར་བྱེད་པའི
ཕྱིར་རོ། །དེ་རྣམས་ཀྱི་མངོན་དུ་བྱ་བའི་མངོན་པར་རྟོགས་པ་ནི་དྲག་ཤུལ་དེ། ཟབ་ཅིང་ཕྲ་བའི་དངོས་པོ་ལ་དྲག་ཤུལ་གྱིས་ཡིད་འཇུག་པར་བྱེད་པའི་ཕྱིར་རོ། །དྲག་ཤུལ་གྱི་སྤྱོད་པ་ནི་དམ་ཚིག་གི་དྲག་ཤུལ་ལོ། །ཉེ་བའི་ལོངས
སྤྱོད་དང་བཀའ་སྤྱོད་དག་ནི་དམ་ཚིག་གི་རྗེས་སུ་ཆགས་པ་སྟེ། དེ་དག་གི་ལྷ་རྣམས་ཆགས་པར་བྱེད་པའི་ཕྱིར་རོ། །དེ་དག་ཐམས་ཅད་ལེའུ་བཞི་རྣམས་སུ་སྟོན་ཏོ། །དེ་ལ་མངོན་པར་རྟོགས་པ་ནི་གཙོ་བོ་ཡིན་ཏེ་དེའི་ཡན་ལག
དྲུག་སྟེ། སྔགས་དགོད་པ་དང། ཕྱག་རྒྱ་ཆེན་པོ་དང། དེའི་སྤྱད་པ་དང་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་དང་ཕྲ་མོའི་རྣལ་འབྱོར་རྣམས་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་རྣམས་སོ། །ཡན་ལག
དྲུག་པ་དེ་རྣམས་ལས་དྲུག་པ་ནི་འབྲས་བུ་ཡིན་པའི་ཕྱིར་གཙོ་བོ་ཡིན་ཏེ། དེ་བས་ན་དེའི་སྒོ་ནས་དེའི་དོན་སྟོན་པའི་མཐར་ལེའུའི་མིང་དང། སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་ལེའུ་སྟེ་དྲུག་པའོ་ཞེས་བྱ་བ་བསྟན
སྟེ། རྡོ་རྗེ་བཀོད་པའི་ལེའུ་ཞེས་བྱ་བའི་དོན་ནོ། །སྐུ་ལ་སོགས་པ་བྱིན་གྱིས་རློབ་པ་དེའི་ལེའུ་དོན་གྱི་གཙོ་བོ་ཡིན་པའི་ཕྱིར་དང་པོར་བསྟན་གྱི་མངོན་པར་རྟོགས་པའི་དང་པོ་ཡིན་པའི་ཕྱིར་ནི་མ་ཡིན་ཏེ། སྐུ་གསུང་ཐུགས
ཀྱིས་མཚན་པའི་ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད་ཅེས་བྱ་བས་མངོན་པར་རྟོགས་པའི་མཐར་གསུངས་པའི་ཕྱིར་མི་རིགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ཉིད་མི་བསྐྱོད་པ་ལ་སོགས
པའི་རང་བཞིན་ཅན་གྱི་ཐུགས་རྡོ་རྗེ་ལ་སོགས་པའི་ང་རྒྱལ་སྟོན་པར་མཛད་པ་ལ་མི་བསྐྱོད་པ་ལ་སོགས་པའི་སྔར?་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་རྡོ་རྗེ་གསུམ་མི་ཕྱེད་པ་ནི
བཅོམ་ལྡན་འདས་ཐུགས་རྡོ་རྗེ་སྟེ། དེས་ནི་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མི་ཕྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །ཐུགས་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་རྡོ
རྗེ་དང་གཉིས་སུ་མེད་པར་བྱེད་པ་སྟེ་དེའི་དོན་གྱི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དེ་ཉིད་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱིས་ཕན་ཚུན་དབྱེར་མི་ཕྱེད་པའི་ཕྱིར་རམ་མི་འཕྲོགས་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །ལྷག་མ་ནི
སྔ་མ་བཞིན་ནོ། །དེ་བཞིན་དུ་སྐུའི་བྱིན་གྱིས་བརླབས་པ་ལ་སོགས་པའི་སྔགས་རྣམས་ལ་ཡང་བལྟ་བར་བྱའོ། །རྡུལ་དང་བྲལ་བའི་གནས་རྡོ་རྗེ་ཞེས་བྱ་བ་ལ་རྡུལ་ནི་ཉོན་མོངས་པ་རྣམས་ཏེ་དེ་དང་བྲལ་བའི་ཕྱིར་རྡུལ་དང་བྲལ་བ་ནི་ཟག་པ
མེད་པའི་ཆོས་རྣམས་སོ། །དེ་དག་ཉིད་ཀྱི་གཞིར་གྱུར་པས་ན་གནས་ཏེ། དེའི་ས་བོན་གྱི་གཞིར་གྱུར་པ་ཡིན་པའི་ཕྱིར་རོ། །ཟག་པ་དང་བཅས་པ་རྣམས་ཀྱི་གནས་ནི་མ་ཡིན་ཏེ། དེའི་ས་བོན་དེ་ཟད་པར་བྱེད་པའི་ཕྱིར་རོ། །ད་ལྟར
ན་རྡུལ་དང་བྲལ་བའི་གནས་ནི་ཀུན་གཞི་རྣམ་པར་ཤེས་པར་གྱུར་པ་ལས་གྲུབ་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་སྐུ་རྡོ་རྗེ་སྟེ། དེས
ཀྱང་སྐུ་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་ནོར་བུ་ཕྲ་མོས་རིག་པར་བྱའོ། །དེ་གཉིས་སུ་མེད་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མི་དམིགས་པས་མཚོན
པ་ཉིད་དང་ཚིག་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་མི་དམིགས་པའོ། །དེ་ཡང་བཅོམ་ལྡན་འདས་གསུང་རྡོ་རྗེ་སྟེ། དེས་ཀྱང་གསུང་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ
ལ། དེ་བཞིན་གཤེགས་པའི་གསང་ཞེས་བྱ་བ་ནི་འདི་ལྟ་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཏེ་གོ་འཕངས་དུ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པར་གྱུར་པས་བསྐྱེད་པར་བྱའོ། །གནས་རྣམ་པར་བསྒོམ་ཞེས
པ་ལ། གནས་ནི་སྙིང་ག་དང། མགོ་དང། མགྲིན་བ་རྣམས་ཏེ། དེ་རྣམས་སུ་བསྒོམ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔགས་ཀྱི་མཚན་གྱིས་ཤིན་ཏུ་མཚན་བྱས་པ་ཞེས་བྱས་སོ་སོར་གསུམ་གསུམ་དུ་སྦྱར
སྟེ། ཤིན་ཏུ་མཚན་པ་ནི་ཟླ་བའི་དཀྱིལ་འཁོར་རོ། །མཚན་མ་ནི་དེའི་སྟེང་ན་གནས་པའི་མཚན་མར་གྱུར་པའོ། །སྔགས་ནི་དེའི་ལྟེ་བར་གནས་པའི་ཡི་གེའོ། །དེ་དག་ཀྱང་གོ་རིམ་བཞིན་དུ་རྡོ་རྗེ་དང་འཁོར་ལོ་དང་པདྨའི་མཚན་མ
ར་ནམས་ལ་ཡི་གེ་ཧཱུཾ་དང་རབ་སྔགས་དང་ཨཱདགའ་བའི་མཆོད་པ་རྣམ་པ་གསུམ་ལེའུ་བཅུ་པ་ལས་གསུངས་པ་ནི་ཡེ་ཤེས་སྒྲོལ་མ་རྡོ་རྗེ་ཞེས་བྱ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྔགས་འདི་ཞེས་བྱ་བ་ནི་དགའ་བའི་མཆོད་པ་དེ་དག་བྱིན
གྱིས་རློབ་པའི་སྔགས་སོ། །སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ཞེས་བྱ་བ་ནི་དགའ་བའི་མཆོད་པ་གསུམ་སྟེ། སྭ་བྷ་བ་ཞེས་བྱ་བ་རིན་ཆེན་ཏོག་གི་རང་བཞིན་ནོ། །གྲུབ་པ་རྡོ་རྗེ་གདོན་མི་ཟ་བ་ཅེས་བྱ་བ་ནི་ནམ་མཁའ་ཁྱབ་བར་སྤྲོས་པའོ། །དེ
བཞིན་གཤེགས་པ་རྣམས་ཀྱི་མཆོད་པ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་དེ་ལ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆོད་པ་དེ་ཉིད་ཀྱི་ཁྱད་པར་གསུངས་པ་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་སྙིང་གའི
སྔགས་ཀྱི་འོད་ཟེར་གྱི་སྒོ་ལས་མཆོད་པའི་ལྷ་མོ་དྲུག་ཕྱུང་ལ། ལྷ་མོ་ལྔའི་འོད་ཟེར་ལས་ནི་འདོད་པའི་ཡོན་ཏན་ལྔའི་སྤྲིན་སྤྲོའོ། དྲུག་པའི་འོད་ཟེར་ལས་ནི་མཆོད་པ་རྣམ་པ་ལྔ་སྤྲོས་ཏེ་སངས་རྒྱས་ཐམས་ཅད་ལ་ཐམས་ཅད་ཀྱི་མཆོད་པར
བྱའོ། ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཕན་ཡོན་བསྟན་པའི་ཕྱིར་གསུངས་པ་མཆོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་སངས་རྒྱས་རྣམས་མཆོད་ནས་སངས་རྒྱས་ཉིད་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས
པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་དང་རྡོ་རྗེ་སྟེ་ནོར་བུ་དང་སྣ་ཚོགས་པ་ཡིན་ལ་དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་འཛིན་པ་སྟེ། དེའི་བཀའ་ཨི་སྐུ་ལ་སོགས་པའི་བདག་ཉིད་དུ་བྱིན་གྱིས་བརླབ་པར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ
སོགས་པ་ལ་བདག་པོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་ཚུལ་གྱིས་བྱེད་པ་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འཁོར་ལོས་སྒྱུར་བ་དྲུག་གོ་།དེ་རྣམས་ཀྱི་སྔགས་ནི་ས་བོན་གྱི་ཡི་གེའོ། །དེའི་གསང་བའི་ཟླ་བ་དང་རྡོ
རྗེའི་སྦྱོར་བས་དེ་རྣམས་ཇི་ལྟ་བ་བཞིན་དུ་བསྐྱེད་པ་དང། དམིགས་པ་གསུམ་གྱིས་དེ་རྣམས་ཀྱི་སྐུར་ཇི་ལྟ་བ་བཞིན་དུ་བསྐྱེད་པའོ། །སྔགས་ལ་དམིགས་པ་ཞེས་བྱ་བ་ནི་མཚན་ཞི་བསྟན་པའོ། །ལྷག་མས་ནི་མཚན་ཉིད་བསྟན་པའོ། །
ལུས་དང་ངག་གིས་ཡིད་ནི་བསྐུལ་ནས་སུ་ཞེས་བྱ་བ་ལ། ཡིད་ནི་ཞེས་བྱ་བ་ནི་གསུམ་པའི་དོན་གྱི་བདུན་པའོ། །ངག་དང་ལུས་ནི་ཤེས་རབ་ཐབས་ཀྱི་བདག་ཉིད་དེ། དེ་དག་རྒྱུའི་རང་བཞིན་ཡིན་ནོ། །ཡིད་ནི
འབྲས་བུའི་རང་བཞིན་གྱིས་བསྐྱེད་ཅིང་རྫོགས་པའོ། །དེ་ལ་སྙིང་གའི་ཟླ་བ་ནི་ཤེས་རབ་པོ། །དེ་དབུས་སུ་གནས་པའི་མཚན་མ་ནི་ཐབས་སོ། །མཚན་མའི་དབུས་སུ་བཀོད་པའི་སྔགས་ཀྱི་རྣམ་པའི་སེམས་ནི། རྣམ་པ་གསུམ་པོ
དེ་དག་ལས་བྱུང་བ་ནི་སེམས་བསྐྱེད་པའོ། །བསྒྲུབ་པར་བྱ་བ་ནི་ཞེས་བྱ་བ་ལ། ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། དངོས་གྲུབ་མཆོག་སྟེ་བྱང་ཆུབ་དམ་པའོ། །ནམ་མཁའ་ཨི་ཁོངས་སུ་ཁྱབ་པར་དཀྱིལ་འཁོར་པའི་ལྷའི་བཀོད་པ་མ་ལུས
པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞིག་གིས་ཞེ་ན། ཡིད་ནི་དགའ་ཞིང་མགུ་བ་ཡིས་ཞེས་པ་སྟེ། སེམས་ཀྱི་འོད་ཟེར་རྣམས་ཀྱིས་ལྷའི་བཀོད་པ་དེ་དག་སྣང་བར་བྱས་ཏེ་བཀུག་ལ་སྔགས་ལ་བཅུག་སྟེ། འདི་དག་ཐམས་ཅད་ནི་སེམས
ཙམ་ཡིན་ནོ་ཞེས་བྱ་བའི་དོན་འདི་གང་ཡིན་པ་དེ་དགའ་ཞིང་མགུ་ལ་རངས་པར་བྱེད་པ་ཡིན་ཏེ། སྔགས་ཀྱི་ལྷ་ཐམས་ཅད་རང་གི་སེམས་ཙམ་དུ་བསྟན་པའི་རྣམ་པར་མཐོང་བ་གང་ཡིན་པ་དེ་ནི་སྔགས་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ།
སེམས་ལ་དམིགས་པ་ཞེས་བྱ་བ་ནི་མཚན་གཞིའོ། །བདག་མེད་པ་ཞེས་བྱ་བ་མཚན་ཉིད་དོ། །གཟུང་བ་མེད་ན་འཛིན་པ་ཡང་མེད་པ་དེ་ལྟ་བས་ན་སེམས་ནི་སེམས་མ་ཡིན་པ་ཉིད་དུ་མཐོང་བ་ནི་བདག་མེད་པ་མཐོང་བ་སྟེ། དེ་ནི་སེམས་ལ
དམིགས་པ་ཞེས་བྱ་བའི་དོན་ཏོ། །ངག་དང་ལུས་ཀྱང་རྣམ་པར་བསྒོམ་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བར་སྦྱར་ཏེ། སེམས་ལ་དམིགས་པ་ཡང་སྟེ། ངག་དང་འབྲེལ་པའི་ཕྱིར་ཡང་དག་པར་ངེས་པ་ཡིན་གྱི། སྔགས་ཐམས་ཅད་ཀྱི
ཡང་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལུས་སུ་བདག་ལ་མཐོང་བར་མ་ཡིན་ནོ། །དེ་ཡང་གང་གི་ཚེ་སྔགས་ཀྱིས་གཟུགས་ཀྱི་ངག་ཡོངས་སུ་གྱུར་ནས་འཁོར་ལོས་སྒྱུར་བའི་ལུས་བདག་ཉིད་མཐོང་བར་འགྱུར་ཏེ། སྔགས་ཡོངས་སུ་གྱུར་པ
ལས་ལྷའི་ལུས་བསྒོམས་པ་གང་ཡིན་པ་འདི་ནི་ངག་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །སྐུ་དེ་ཉིད་ནི་བྱང་ཆུབ་སྟེ་དེའི་རྣམ་པར་སྤྱད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཕྱིར་གསུངས་པ་ནམ་མཁའ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྦྱོར་བ་རྣམ
པ་གསུམ་ནི་ལུས་དང་ངག་དང་སེམས་རྣམས་སྦྱོར་བས་འཁོར་ལོས་སྒྱུར་བའི་སྐུར་བྱ་བ་སྟེ། དེ་ཉིད་ནི་བྱང་ཆུབ་པོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཚིགས་སུ་བཅད་པས་ངེས་པར་བྱ་བའོ། །ཇི་ལྟར་ངེས་པར་བྱ་ཞེ་ན། ནམ་མཁའ་
བཞིན་དུ་མཉམ་པའི་གནས་ཞེས་བྱ་བ་ལ། ནམ་མཁའ་ནི་སྟོང་པ་ཉིད་དོ། །དེའི་མཉམ་པ་ནི་གསུམ་པའོ། །དེས་ན་དེ་རྣམས་ཀྱི་གནས་ཏེ་གཅིག་ཏུ་གྱུར་ཞིང་སྦྱར་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ལུས
དང་ངག་དང་སེམས་དམིགས་པ་ནི་སྟོང་པ་ཉིད་དོ། །དེ་དག་གི་ངོ་བོ་ནི་རང་གི་མངོན་ཉིད་དེ་སྟོང་པ་ཉིད་ཡིན་པའི་ཕྱིར་དམིགས་སུ་མེད་པའོ། །དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་ལུས་སུ་སྦྱོར་བ་ལ་བྱང་ཆུབ་མེད་པ་སྟེ། ནམ་མཁའ་ལྟ་བུ་ཡིན་པའི་ཕྱིར་རོ། །
དམིགས་པ་ཉིད་ཀྱིས་བྱང་ཆུབ་ཏུ་བསྒོམ་པ་གང་ཡིན་པ་དེ་ཡང་མེད་པ་སྟེ། གཉི་ག་དམིགས་སུ་མེད་པའི་ཕྱིར་རོ། །སྐུ་གསུང་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་དང་སྐུ་གསུང་ཐུགས་རྣམས་ཏེ། སྐུ་གསུང་ཐུགས་དང
ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་དག་གི་མཚན་ཉིད་རྣམ་པར་དཔྱད་ཞེ་ན། དེ་དག་མདོར་བསྡུས་ཏེ་སྐུ་ལ་སོགས་པ་དེ་དག་སོ་སོར་གདན་དང་མཚན་མ་དང་སྔགས་རྣམས་སུ་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །དེའི་རྗེས་ལ་ཕྲ
མོའི་རྣལ་འབྱོར་ཡིན་ཏེ། དེའི་མཚན་ཉིད་ནི་ཚིགས་སུ་བཅད་པ་ཕྱེད་ལྷག་མ་ཤོས་ཀྱིས་བསྟན་ཏོ། །ཏིང་ངེ་འཛིན་ནི་མཚན་མ་ཕྲ་མོ་སྟེ་དེ་བསྒོམ་པའོ། །བྱང་ཆུབ་ནི་ཟླ་བ་འམ་ཉི་མའི་དཀྱིལ་འཁོར་རོ། །དེའི་ནང་དུ
ཆུད་པའི་སྦྱོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔགས་ནི་བྱང་ཆུབ་ལ་གནས་པའི་ས་བོན་ནོ། །བརྟགས་པ་ནི་སྦྱོར་བའོ། །དེ་ལྟར་མཚན་ཉིད་བསྟན་ནས། དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ
ལ་སོགས་པ་ལ། འདིར་དཔལ་ནི་ཡེ་ཤེས་ཀྱི་གདན་ནོ། །དེ་དང་ལྡན་པ་ནི་དེ་དང་སྦྱོར་བའི་མཚན་མ་སྟེ་དཔལ་ལྡན་ནོ། །དེ་བཞིན་གཤེགས་པ་ནི་སྔགས་སོ། །ཀུན་ནི་ཡེ་ཤེས་རྡོ་རྗེའོ། །དེས་མཆོད་པ་ནི་སྔགས་ཏེ། མཚན་མའི་དབུས
སུ་བཀོད་པའོ། །དེ་ཉིད་ནི་སངས་རྒྱས་ཀུན་ཏེ་དེའི་མཆོག་ནི་ཐིག་ལེའོ། །དེ་ལ་ཐམས་ཅད་མཁྱེན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ཐམས་ཅད་མཁྱེན་པ་དེ་ཅི་ཞིག་ཅེ་ན། མཚན་མ་ཕྲ་མོའི་ནང་གི་གདན་ལ་གནས་པའི་སྔགས
སོ། དེ་ལྟར་ཕྲ་མོ་ལ་སྙོམས་པར་ཞུས་ནས་བཀའ་བསྩལ་ཞེས་བྱ་བ་ནི་རབ་ཏུ་ཕྱེ་སྟེ་གསུངས་པའོ། །བསྒོམ་པའི་མཆོག་ཅེས་བྱ་བ་ལ་སོགས་པ་ལ་བསྒོམ་པའི་མཆོག་ནི་ཕྲ་མོའི་རྣལ་འབྱོར་རོ། །ནམ་མཁའ་ཞེས་བྱ་བ་ལ་སོགས
པ་ལ་ནམ་མཁའ་ཨི་དབྱིངས་ནི་ཡེ་ཤེས་ཏེ། རྡོ་རྗེའི་སྔགས་ཀྱི་ཐིག་ལེའོ། །དེའི་དབུས་སུ་གནས་པ་ནི་སངས་རྒྱས་ཀྱི་གཟུགས་ཏེ། རྡོ་རྗེ་འཛིན་པའི་སྐུ་མཚན་མ་ཕྲ་མོའོ། །བསྒོམས་ནས་ཞེས་བྱ་བ་ནི་བསྒོམ་པ་བྱས་ནས་སོ། །
ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ནི་མཚན་མ་དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་བསམས་ལ། ཕྲ་མོའི་སྦྱོར་པ་སྟེ། རྡོ་རྗེ་འཛིན་པའི་ས་བོན་བསམ་པར་བྱ་སྟེ། བཀོད་ལ་ཡུན་རིང་དུ་བསམ་པར་བྱའོ། །དེ་ཡང་དམིགས་པ
གསུམ་གྱི་བསྒྲུབས་པའི་བྱང་ཆུབ་ཚིགས་སུ་བཅད་པས་རྣམ་པར་སྤྱད་པའི་རྡོ་རྗེ་འཛིན་རྣལ་འབྱོར་ལ་གནས་ཏེ་བསྒོམ་པར་བྱའོ་ཞེས་བྱ་བར་སྐབས་ཀྱིས་ཞེས་པར་བྱའོ། །གསལ་བར་བྱ་བའི་ཕྱིར་སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ
གསུངས་ཏེ། སྣ་ལས་བྱུང་པས་ན་སྣ་སྟེ་རྗེས་སུ་འགྲོ་བའི་དབྱངས་ཞེས་བྱ་བའི་དོན་ཏོ། །སྣ་ཡང་ཡིན་ལ་རྩེ་མོ་ཡང་ཡིན་པས་ན་སྣ་རྩེ་སྟེ། ཡེ་ཤེས་རྡོ་རྗེའི་སྔགས་ཀྱི་སྟེང་གི་ཆར་གྱུར་པས་སོ། །ཡུངས་ཀར་ཞེས་བྱ་བ་ནི་ཡུངས་ཀར
ཕྲ་བའི་ཡེ་ཤེས་ཀྱི་ཐིག་ལེ་ཟླ་བ་ལྟར་དཀར་བའོ། །ཇི་སྐད་དུ་ནམ་མཁའ་ཨི་དབུས་སུ་དེ་ཉིད་མཆོག་།བདུད་རྩི་ཐིག་ལེའི་རང་བཞིན་ཅན། །ཟླ་བ་ལྟར་དཀར་སྟོང་དེ་ཉིད། །མ་ཟད་མི་ཉམས་ཤིན་ཏུ་ཕྲ། །རྡོ་རྗེ་སེམས་དཔའ་མི་ཤིགས
པར། །བཤད་པ་རྣམ་པར་བསྒོམ་པར་བྱ། །ཞེ་སྡང་རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས་པ་ལྟ་བུའོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཡེ་ཤེས་གནས་བསམ་ཞེས་བྱ་བ་ནི་ཡུངས་ཀར་ལས་མཚན་མ་སྤྲོས་ཏེ། རྒྱུ་བ་དང་མི་རྒྱུ་བ
སྣ་ཚོགས་མཚན་མའི་རང་བཞིན་དུ་བྱས་ནས་ཡུངས་ཀར་གྱི་ནང་དུ་བསྡུས་པ་དེ་ཉིད་ནི་ཡེ་ཤེས་ཀྱི་གནས་ཏེ། དེ་བསྒོམ་པའོ། །ཡེ་ཤེས་ནི་འདིར་མཆོག་ཏུ་ཕྲ་བའི་དཔལ་མཆོག་དང་པོའི་ས་བོན་ནོ། །དེའི་གནས་ན་རྟེན་ཏེ་ཟླ
བའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །ཉམས་དགའ་བ་ནི་དགའ་མའི་རང་བཞིན་ཡིན་པའི་ཕྱིར་རོ། །གསང་བ་ནི་བྲ་བའི་ཕྱིར་རོ། །ཡེ་ཤེས་ཀྱིས་བརྟགས་ཞེས་བྱ་བ་ནི་དཔལ་མཆོག་དང་པོའི་ཡི་གེ་དེ་ཉིད་ཀྱིས་མནན་བའི་ཕྱིར་རོ། །སངས
རྒྱས་སྐུ་ཡི་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་སྔོན་པོ་རྩེ་མོ་ཅུང་ཟད་གྱེས་པ་མི་བསྐྱོད་པའི་རྣལ་འབྱོར་པས་སྣའི་རྩེ་མོར་བསམས་ལ་དེའི་དབུས་སུ་མཚན་མ་སྤྲོ་བ་དང། བསྡུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་གནས་པའི
སྟེ་མི་བསྐྱོད་པའི་ས་བོན་དགོད་པར་བྱའོ། །དེ་ཉིད་ནི་ཧཱུཾ་ཞེས་བྱ་བས་གསུངས་སོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི་འཁོར་ལོའི་རྩིབས་བརྒྱད་པ་ཕྲ་མོའོ། །སྤྱན
གྱི་ཚུལ་དུ་སྦྱོར་བ་ཞེས་བྱ་བ་ལ་མཚན་མ་སྤྲོ་བ་དང་བསྡུས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ནི་སྤྱན་ཏེ་དབུས་ན་གནས་པ་དེའི་ཚུལ་དུ་སྟེ། མཚན་མ་ཕྲ་མོ་དེ་གཉིས་སྦྱོར་བ་རྣམ་པར་བསྒོམ་ཞེས་བྱ་བར་སྦྱར་རོ། །པདྨ་ཞེས
བྱ་བ་ནི་ཟླ་བ་དེ་ཉིད་ལའོ། །རྡོ་རྗེ་ཞེས་བྱ་བ་ནི་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ཀྱི་ས་བོན་ཞེས་བྱ་བའི་དོན་ཏོ། །རིན་ཆེན་དཀྱིལ་འཁོར་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་རིན་པོ་ཆེ་ཕྲ་མོའོ། །དང་པོའི་སྦྱོར
བ་ཅེས་བྱ་བ་ལ་དང་པོ་ནི་ས་བོན་ཏེ་དེ་དང་སྦྱར་བའོ། །དེའི་སྟེང་དུ་ཞེས་བྱ་བ་ལ། དེའི་སྒྲ་ནི་བར་དུ་གཅོད་པ་ཡིན་དུ་ཟིན་ཀྱང། ཉི་མའི་དཀྱིལ་འཁོར་ལ་སྙེགས་ཀྱི་སྤྱན་ནི་མ་ཡིན་ནོ། །པདྨའི་དཀྱིལ་འཁོར་ཞེས་བྱ་བ་ནི་འོད་དཔག
ཏུ་མེད་པའི་རྣལ་འབྱོར་པས་པདྨ་ཕྲ་མོའོ། །འདོད་ཆགས་རྡོ་རྗེ་ཅན་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ས་བོན་ནོ། །དེའི་སྟེང་དུ་ཞེས་བྱ་བ་ནི་སྔ་མ་དང་འབྲེལ་པའི་ཕྱིར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུའོ། །འོད་ཀྱི་དཀྱིལ་འཁོར
ཞེས་བྱ་བ་ལ། འོད་ནི་དོན་ཡོད་པར་གྲུབ་པའོ། །དེའི་དཀྱིལ་འཁོར་ནི་མཚན་མ་ཏེ། དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པས་རལ་གྲི་ཕྲ་མོའོ། །སངས་རྒྱས་ཚུལ་ནི་ཞི་བ་སྤྲོ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་ས་བོན་ནོ། །འཁོར་ཞེས
བྱ་བ་ནི་ས་བོན་དེ་ཉིད་ཀྱི་བཞི་ནི་ཉི་མའི་དཀྱིལ་འཁོར་རོ། །ཁྱད་པར་དག་ཏུ་ཞེས་བྱ་བ་ནི་མཚན་མ་སྤྲོ་བ་དང་བསྡུ་བ་ལས་སོ། །མཚན་མ་ཕྲ་མོའི་ཚད་བསྟན་པར་བྱ་བའི་ཕྱིར་ཨཽཏཔ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདྲ་བ
ཅེས་བྱ་བ་ནི་ཁ་དོག་གོ་། ནས་ཀྱི་འབྲུ་ཙམ་ཞེས་བྱ་བ་ནི་ཆུར་ནས་འབྲུ་ཙམ་མོ། །ཁྱད་པར་དུ་ཞེས་བྱ་བ་ནི་དབྱེ་བ་དེ་ཉིད་ཀྱིས་ཏེ། མི་བསྐྱོད་པའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །འདབ་མ་བརྒྱད་པ་ཞེས་བྱ་བ་ནི་པདྨའོ། །ཤིས་ཞེས་བྱ་བ་ནི་སྔགས་པའོ
བྱང་ཆུབ་གཞོལ་བར་འགྱུར་ཞེས་བྱ་བ་ནི་འདི་ཕ་རོལ་ཏུ་སོན་པ་ཡོད་པས་ན་དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་དོན་དུ་གཉེར་བ་ཞེས་བྱ་བའི་དོན་ཏོ། །འདི་དང་ཉིད་བསྒྲེ་བར་བྱ་བའི་ཕྱིར་འཁོར་ལོ་ལ་སོགས་པ་གསུངས་པ་ལ། ཁྱད་པར་དུ
ཞེས་བྱ་བ་ནི་དབྱིབས་ཀྱི་བྱེ་བྲག་གིས་སོ། །བརྟག་པར་བྱ་ཞེས་བྱ་བ་ནི་པདྨ་དང་རྡོ་རྗེ་དང་ཡུངས་ཀར་གྱི་རྗེས་སུ་འབྲང་ནས་དཔག་པར་བྱ་སྟེ། དེ་ལ་འཁོར་ལོ་ནི་ཀུན་ནས་ཟླུམ་པ་ཉིད་ཀྱིས་ཚད་པདྨ་དང་འདྲའོ། །རལ་གྲི་ནི་ཆུར་གནས
པ་ཉིད་ཀྱིས་རྡོ་རྗེ་འདྲའོ། །རིན་པོ་ཆེ་ནི་ཟླུམ་པ་ཉིད་ཀྱིས་ཡུངས་དཀར་གྱི་ཚད་ལ་ཟུར་དགུ་པ་སྟེ། གཅིག་ནི་སྟེང་ཡིན་ལ་བརྒྱད་ནི་ངོས་ཡིན་ནོ། །བསྒོམ་པའི་ཕན་ཡོན་ནི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས
གྲུབ་ཐམས་ཅད་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །ཡོན་ཏན་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་སོ། །དེ་རྣམས་ཀྱི་གནས་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱ་སྟེ། ཉམས་དགའ་བ་ནི་བླ་ན་མེད་པའི་བདེ་བ་ཉིད་ཡིན་པའི་ཕྱིར
བྱང་ཆུབ་ཉིད་གནས་ཡིན་པས་ན་བྱང་ཆུབ་གནས་སོ། འགྲུབ་འགྱུར་ནི་འགྲུབ་པར་བྱེད་པར་འགྱུར་བའོ། །སངས་རྒྱས་བྱང་ཆུབ་གནས་རྣམས་ནི་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་ལ་གནས་པའི་སངས་རྒྱས་རྣམས་ཀྱི་ས་བོན་ནོ། །དེ་རུ
མདོར་ན་སྤྲོ་བར་བྱ་ཞེས་བྱ་བ་ནི་མཚན་མ་ཕྲ་མོ་དེ་རྣམས་ལའོ། །འདི་དག་ནི་ཕྲ་མོའི་བྱང་ཆུབ་ཀྱི་སེམས་ཏེ། འདིས་བྱང་ཆུབ་ལ་རྣམ་པར་སྤྱོད་པས་སོ། །དེའི་འོག་ཏུ་སྔགས་ལྔས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་བ་ཡིན་པས། དེ་བསྟན
པའི་ཕྱིར་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་མཚན་པ་ནི་སྐུ་ལ་སོགས་པ་ཉེ་བར་མཚོན་པའོ། །ཆོས་ཀྱི་ཚིག་རྣམས་ནི་སྔགས་ཀྱི་ཚིག་གོ་།རབ་ཏུ་བརྗོད་ཅེས་བྱ་བ་ནི་བརྗོད་པར
བྱའོ། ང་རྒྱལ་ལྔའི་མཚན་ཉིད་ནི་ཇི་སྐད་དུ། ལེའུ་དང་པོར་བཤད་པ་ལྟ་བུའོ། །ཉེ་བར་སྒྲུབ་པ་འདི་ནི་བཅོ་བརྒྱད་པ་ལས། སེམས་དེའི་སྙིང་གར་མཚོན་པར་བྱ་ཞེས་བྱ་བ་ལ་སོགས་པར་བཤད་པར་བྱ་ཞིང་དེ་ལ་སྤྱོད་པ་ཡང་བཅོ་བརྒྱད
པ་ལས་ཇི་སྲིད་མཐོང་བ་དེ་སྲིད་དུ་ཟླ་བ་དྲུག་དུ་གཉིས་སུ་བསྒོམ་མོ། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །ཐམས་ཅད་དུ་ནི་རྟག་ཏུ་བྱ། །གལ་ཏེ་ཟླ་བ་དྲུག་གིས་ནི། །ཇི་སྐད་གསུངས་པ་མ་མཐོང་ནི། །ཇི་སྐད་བཤད་པའི་ས་བོན་དང། །
སྡོམ་པས་ལན་གསུམ་བརྩམ་པར་བྱ། །ཞེས་བཤད་པར་བྱའོ། །སྦྱོད་པ་དེ་ཉིད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པས་ན་དཔལ་ལྡན་ནོ། །མཚན་མ་ཕྲ་མོ་འཛིན་པར་མཛད་པས་ན་རྡོ་རྗེ
འཛིན་ནོ། །དེ་ཉིད་ནི་རྡོ་རྗེ་འཛིན་པ་དེར་གྱུར་པའི་དོན་གང་ཡིན་པ་ཐམས་ཅད་སྟོན་པ་ནི། དེ་ཉིད་དོན་ཀུན་སྟོན་པའོ། །སྤྱོད་པ་ཀུན་མཆོག་ནི་དཀའ་སྤྱོད་དང། བདེ་བའི་སྤྱོད་པའོ། །དེས་ལེགས་དག་པ་ནི་ལས་ཀྱི་སྒྲིབ་པ་ལ་སོགས་པ
ཟད་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྤྱོད་པ་འདི་སྤྱད་པ་སྟེ། འདིས་ནི་སྤྱོད་པ་ལ་གུས་པ་བསྐྱེད་པར་བསྟན་ཏོ། །གསང་བ་ཞེས་བྱ་བ་ནི་སྤྱོད་པའི་མཆོག་སྦ་བར་བྱའོ། །དམ་པ་ཞེས་བྱ་བ་ནི་དོན་ཡོད་པ་ཉིད་ཀྱི་ཕྱིར་རོ། །གཟུགས་ལ
སོགས་པ་དང་ལྡན་པ་ནི་ཁ་ན་མ་ཐོ་བ་མེད་པའི་ཡུལ་ལ་ལོངས་སྤྱོད་པའོ། །གསང་བའི་དེ་ཉིད་ནི་ཤེས་རབ་ཀྱི་ཡེ་ཤེས་སྟེ། དེ་ཉིད་མཆོད་པ་ཆེན་པོའོ། །དེ་ཡིས་ལེགས་པར་མཆོད་ནས་བསྒོམ་པར་བྱའོ། །མ་འོངས་པའི་དུས
ན་ཀ་ཏ་རྐྱེན་དུ་སྦྱར་ཏེ། ཁ་གདངས་ནས་གཉིད་ལོགས་ཅེས་བྱ་བ་ལྟ་བུ་སྟེ། དེ་བསྒོམས་ནས་ཀྱང་མཆོད་པར་བྱ་བ་ཡིན་གྱི། །ངེས་པར་ཕྱིའི་ལུས་གཉིས་ཀྱིས་བྱས་ནས་ནི་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པར་རིག་པ་ཙམ་གྱི
ཚུལ་ལ་ཕྱིའི་ལུས་གང་ཡིན་ཞེ་ན། ཐུན་མོང་གི་ལུས་ཀྱིས་རྣམ་པར་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་ལུས་ཡིན་ནོ། །ལགས་པར་མཆོད་ནས་ཞེས་བྱ་བ་ནི་རང་གི་ལུས་དང་ངག་དང་སེམས་ཡང་དག་པར་བསྡུས་པའི
སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་སྤྱོད་པ་འདིས་བསྒྲུབ་པ་ལན་གསུམ་དུ་ཞུས་སུ་ཟིན་ཀྱང་མ་གྲུབ་པ་དེའི་ཚེ་འདིའི་སྤྱོད་པ་གཞན་བསྟན་པའི་ཕྱིར་དངོས་གྲུབ་ཅེས་བྱ་བ་ལ་གསུངས་ཏེ། དངོས་གྲུབ་ནི
བྱང་ཆུབ་པོ། །དེ་ཉིད་ནི་འབྲས་བུ་སྟེ་དེ་ཉིད་འདོད་པས་སོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པས་ཟས་ཀྱིས་བྱ་བ་བྱེད་པ་དེ་ཉིད་ཀྱི་ཕྱིར་དེ་བྱ་བ་ཡིན་ནོ། །ཅི་དེར་འཆི?་སངས་རྒྱས་འགྲུབ་པར་འགྱུར་རམ་མི་འགྱུར་ཞེ་ན། སངས་རྒྱས་བྱང་ཆུབ་ཅེས
བྱ་བ་ལ་སོགས་གསུངས་ཏེ། བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །གཉིས་སུ་སྣང་བའི་དྲི་མ་ཟད་པས་ན་སྐྱོན་མེད་པའོ། །དོན་དམ་པ་ཉིད་ཡིན་པས་ན་ཡང་དག་པའོ། །འདི་ལས་གོང་ན་གཞན་མེད་པས་ན་བླ
ན་མེད་པའོ། །གསང་བ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་ནི་འཁོར་ལོས་སྒྱུར་བ་དྲུག་གི་བྱང་ཆུབ་རྣམས་སོ། །དམ་པ་ཞེས་བྱ་བ་ནི་མཆོག་གོ་།དེ་བཟའ་བར་བྱའི་གཞན་ནི་མི་བཟའ་ཨོ། །ཟས་ནི་ཁ་ཟས་གཞན་ཏེ།
གལ་ཏེ་མ་རྙེད་ན་ཟས་གཞན་ཡང་བཟའ་ཨོ། །རྣམ་པའི་སྒྲ་ནི་སྨད་པ་ཡིན་ཏེ། བཤད་བལ་སོགས་པའི་ཚུལ་དུ་མོས་པ་མེད་པ་དང་མ་སྦྱངས་པ་ནི་འདིར་སྨད་པ་ཡིན་ནོ། །སྦྱོད་པ་འདི་ནི་འཇིག་རྟེན་པ་རྣམས་ལ་དཀའ་བ་ཡིན་གྱི། སྒྲུབ་པ་པོ་རྣམས
ལ་ནི་བསླ་བ་ཉིད་དེ། ཡན་ལག་དྲུག་གི་བསྙེན་པས་ཏིང་ངེ་འཛིན་ལ་དབང་ཐོབ་པ་དེ་ཉིད་ཀྱིས་ནི་བདེ་བླག་དུ་འབར་བ་དང་བསྲེགས་པ་ལ་སོགས་པ་བྱེད་པའི་ཕྱིར་དང་གཅི་བ་ལ་སོགས་པ་འགུགས་པར་བྱེད་པའི་ཕྱིར་རོ། །བཤང
གཅི་ལ་སོགས་པ་ཅི་དགར་གཟུང་བར་ནི་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤང་གཅི་ལ་སོགས་དྲངས་ནས་ནི། ཟས་ཀྱི་དོན་དུ་རབ་ཏུ་སྦྱར་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་སྤྱོད་པ་འདིས་འདི་ལ། བྱང་ཆུབ་སེམས་དཔའ་
བློ་ལྡན་དང། །སངས་རྒྱས་རྣམས་ནི་མཉེས་པར་འགྱུར་ཏེ། དེའི་བཀས་བཀའ་བ་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་ནས་ཅིར་འགྱུར་ཞེ་ན་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདོད་ཁམས་དབང་ཕྱུག་ནི་ཕན་འདོགས་པ་དང་ཚར་གཅོད་པར
ནུས་པའོ། །གོ་འཕང་ནི་ངག་སྟེ་ངེས་ཀྱང་ལས་བྱེད་པར་འགྱུར་རོ། །གང་དུ་ཞེ་ན་ལས་དེ་ཡང་འཇིག་རྟེན་ཏེ། འདོད་པའི་ཁམས་སུའོ། །ལུས་ཀྱི་ཇི་ལྟར་ལས་བྱེད་པ་དེ་ནི་གཙོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟི་ཆེན་ནི
ལུས་ཀྱི་གཟི་དང་ལྡན་པའོ། །སྟོབས་དང་ལྡན་ཞེས་བྱ་བ་ནི་ལུས་ཀྱི་སྟོབས་དང་ངོ། །མཐོང་ན་ཡིད་དུ་འོང་ཞེས་བྱ་བ་ནི་མཚན་ཕུན་སུམ་ཚོགས་པའོ། །བསྐུལ་བ་ཡིས་ཞེས་བྱ་བ་ནི་བཏང་བ་ཡིས་སོ། །ཉེ་བར་སྒྲུབ་པའི་དོན་མདོར་བསྡུས་པ་ནི།
འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་རྟོགས་ཤིང་མངོན་སུམ་དུ་བྱེད་པས་སངས་རྒྱས་ཐམས་ཅད་སྟེ། དམིགས་པ་གསུམ་ལས་གྲུབ་པའི་འཁོར་ལོས་སྒྱུར་བ
རྣམས་སོ། །དེ་རྣམས་ཀྱི་གསང་བ་འདི་ནི་མཚན་མ་ཕྲ་མོའི་རྣམ་པས་ཕྲ་མོའི་ཡེ་ཤེས་སོ། །བྱང་ཆུབ་དམ་པ་ནི་ཤིན་ཏུ་ཕྲ་བའི་གདན་གྱི་རྣམ་པས་བྱང་ཆུབ་ཀྱི་མཆོག་གོ་།སྔགས་ཀྱི་གསང་བ་ནི་མཆོག་ཏུ་ཕྲ་བའི་ས་བོན་གྱི་རྣམ་པས་སོ། །
དེ་ཉིད་འདི་ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་སོ། །སྐུ་དང་གསུང་དང་ཐུགས་ནི་ལུས་དང་ངག་དང་སེམས་སུ་སྣང་བ་རྣམས་དེ་ལས་འདའ་བ་སྟེ། རྡོ་རྗེར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཉེ་བར་སྒྲུབ་པའི་འབྲས་བུའོ། །དེའི་དོན་གྱི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་དྲུག་པའོ།། །།ལེའུ་འདིའི་དོན་ནི་མཆོག་གི་བསྙེན་པ་ཡིན་ཏེ། དེའི་མཚན་ཉིད་ནི་དངོས
གྲུབ་དང་ཞིང་དང་མཚན་མའི་བསྙེན་པོའི་ཞེས་བྱ་བས་བསྟན་ཏེ། དངོས་གྲུབ་ནི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་རོ། །ཞིང་ནི་སྦྱོར་བའི་ཡན་ལག་དྲུག་སྟེ། དེ་རྣམས་ཀྱི་བདག་ཉིད་དངོས་གྲུབ་མཆོག་གི་ཞིང་དུ་བྱེད་པའི་ཕྱིར་རོ། །མཚན་མ་ནི
དམ་ཚིག་དང་རྨི་ལྟས་ཀྱི་ཁྱད་པར་ཏེ། དངོས་གྲུབ་ཀྱི་རྒྱུར་གྱུར་པ་དང་དངོས་གྲུབ་སྟོན་པར་བྱེད་པའི་ཕྱིར་རོ། །དེ་དག་ཉིད་ནི་བསྙེན་པ་སྟེ། དེ་ཐམས་ཅད་ལེའུ་བཞི་རྣམས་སུ་སྟོན་པ་དེ་བས་ན་སྐབས་ཏེ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས
པ་ལ། སྐུ་ལ་སོགས་པའི་བདག་པོ་ནི་རྣམ་པ་ཐམས་ཅད་དུ་དེ་རྣམས་བསྐྱེད་པ་དང། བསྲུང་བ་དང་སྟོན་པར་བྱེད་པས་སོ། །སྔགས་ཞེས་བྱ་བ་ནི་སྦྱོར་བའི་ཡན་ལག་དྲུག་སྟེ། ཤེས་ནི་སྐྱོབ་པ་ཡིན་པའི་ཕྱིར་རོ། །ཡན་ལག་དྲུག་དང
རྗེས་སུ་མཐུན་པའི་དམ་ཚིག་ནི་སྤྱོད་པ་སྟེ། སྔགས་དང་ལྷན་ཅིག་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །འདི་ལས་བྱང་ཆུབ་འོངས་པ་ན་དམ་ཚིག་སྟེ་རིགས་ལྔའོ། །དེ་རྣམས་ཀྱི་ཐུན་མོངས་གི་མཚན་ཉིད་རྡོ་རྗེ་འཛིན་པ་ནི་དམ་ཚིག་ཆེན་པོའོ། །
དྲུག་པོ་འདི་དག་ཉིད་ནི་ཁོ་ན་ཉིད་དོ། དེ་བས་ན་དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཀྱང་ཡིན་ལ། སྔགས་སྤྱོད་པ་ཡང་ཡིན་པས་ན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་སྔགས་སྤྱོད་པའོ། །དེ་རྣམས་ཀྱི་མཆོག་ནི་ཐབས་ཀྱི་དང་པོ་སྟེ་བསྙེན་པ་ཞེས་བྱ་བའི
དོན་ཏོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་དག་མ་ལུས་པར་ཡང་དག་པར་ཤེས་པ་སྟེ། དེའི་དོན་གྱི་ལེའུ་ལ་དེ་སྐད་ཅེས་བྱའོ། །དེ་ལ་དང་པོའི་ཚིགས་སུ་བཅད་པ་གསུམ་གྱིས་ནི་བྱང་ཆུབ་མྱུར་དུ་སྒྲུབ་པའི་རྒྱུ་གསུམ
གྱི་སྤྱོད་པ་གསུངས་ཏེ། སངས་རྒྱས་ཀྱི་རྗེས་སུ་གནང་བའི་ཕྱིར་དང། སངས་རྒྱས་མཆོད་པའི་ཐབས་ཡིན་པའི་ཕྱིར་དང། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ཏེ་རིམ་བཞིན་ནོ། །ལ་ཞེས་བྱ་བ་དང། ནི་ཞེས་བྱ་བ་དང། ཡང་ནི
ཞེས་བྱ་བ་ནིར་གོ་རིམ་བཞིན་དུ་བསྡུ་བ་དང། ངེས་པར་བཟུང་བ་དང། བྱེ་བྲག་ཏུ་སྟོན་པ་ཡིན་ནོ། །འདི་ལྟ་བུ་ཞེས་བྱ་བ་ནི། ནི་ཞེས་བྱ་བས་བསྡུས་པའི་ཡན་ལག་དྲུག་གོ་།མྱུར་དུ་ཞེས་བྱ་བ་ནི་འགྱོགས་པར་རོ། །འདོད་པ་ཐམས་ཅད་ཅེས
བྱ་བ་ནི་འདོད་པ་དྲུག་སྟེ། དེ་རྣམས་ཀྱི་ལོངས་སྤྱོད་ལ་ཉེ་བར་སྤྱོད་པ་ཉིད་ཀྱིས་སོ། །ཇི་ལྟར་འདོད་པ་ཞེས་བྱ་བ་ལ། འདོད་པ་ནི་སྟོན་པའི་བཀས་གནང་བ་དེ་ལས་མི་འདའ་བ་སྟེ། ཇི་ལྟར་ན་སྡུག་བསྔལ་དང་ཡིད་མི་བདེ་བ་འཕེལ་བར
འགྱུར་བའི་དཀའ་བས་སྒྲུབ་པ་ལ་སོགས་པ་མ་ཡིན་པས་ཞེས་བྱ་བའི་དོན་ཏོ། །རང་གི་ལྷ་ནི་རང་གི་རིགས་ཀྱི་འཁོར་ལོས་སྒྱུར་བའོ། །དེའི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །རང་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་དེ་ཉིད་དོ། །གཞན
ཞེས་བྱ་བ་ནི་དེ་ཉིད་དུས་གསུམ་གྱིས་སངས་རྒྱས་རྣམས་བསྡུས་པའོ། །བཀའ་ཐུབ་སྡོམ་པ་ཞེས་བྱ་བའི་རྒྱུད་ལས་གསུངས་པའོ། །སྔོ་ཆོས་དང། སྲེ་དང། བསོད་སྙོམས་གཅིག་པ་དང། བསོད་སྙོམས་ཀྱི་ཁ་ཟས་ལ་སོགས
པ་དང། ཁྲུས་དང་མི་སྨྲ་བ་ལ་སོགས་པའི་ངེས་པ་སྟེ། ཤིན་ཏུ་སྡུག་བསྔལ་བའི་རྒྱུ་ཡིན་པའི་ཕྱིར་མི་བཟོད་པའོ། །བསྟེན་ཀྱང་གྲུབ་པར་མི་འགྱུར་ཞེས་བྱ་བ་ནི་དེ་དག་གོམས་པར་བྱ་བས་ཏིང་ངེ་འཛིན་སྐྱེ་བར་མི་འགྱུར་བའོ། །དེ་སྐད་དུ
བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། བཀའ་ཐུབ་སྡོམ་པ་མི་ཟད་པས། །ལུས་ནི་སྐམས་ཤིང་སྡུག་བསྔལ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཏེ། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར་རོ། །བསྒོམས་ན་ཞེས
བྱ་བ་ནི་རྣལ་འབྱོར་པའོ། །ནི་ཞེས་བྱ་བའི་སྒྲ་ནི་འདི་ཉིད་ཀྱིས་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ཞེས་བྱེ་བྲག་ཏུ་ངེས་པར་གཟུང་བར་བྱ་སྟེ། སེམས་བདེ་བ་ནི་ཏིང་ངེ་འཛིན་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ལེའུ་འདིའི་དོན་སྔགས་དང་སྤྱོད
པ་ལས་སྤྱོད་པ་ཅུང་ཟད་ཅིག་བསྟན་ཏེ། ཅུང་ཟད་ཅིག་ནི་འོག་ནས་སྟོན་ཏོ། །བར་དུ་སྔགས་གསུངས་པ་སློང་མོ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ནི་རྩ་བའི་སྔགས་ཏེ། སྣ་ཚོགས་པའོ། །དེའི་བཟླས་པ་ནི་རྣལ་འབྱོར་པས་སྤྲོ་བ་དང་བསྡུ་བར
བྱའོ། ཡན་ལག་མ་ཉམས་པ་ཞེས་བྱ་བ་ནི་ཡན་ལག་དབང་པོ་བཅུ་པ་དབྱེར་མེད་པ་འདི་ལ་ཡོད་པས་ན་ཡན་ལག་མ་ཉམས་པ་ཏེ་འབྱུང་བའི་དབང་པོ་ལྔ་ནི་པདྨས་བསྡུས་པ་འབྱུང་བ་ལས་གྱུར་པའི་དབང་པོ་རྣམས་ནི་རྡོ་རྗེ་སྟེ། །དེ་དག
གིས་ཡང་དག་པས་སྦྱར་བས་སོ། །སློང་མོ་ཟ་ཞིང་མི་བཟླ་སྟེ་ཞེས་བྱ་བ་ལ་སློང་མོ་ནི་གང་གི་ཚེ་ཕྱི་རོལ་གྱི་ཡུལ་ལྔ་ལ་ཉེ་བར་སྤྱོད་པ་ནི་སྲིད་པའི་དབང་གིས་དེ་དང་དེ་དག་ཏུ་ཀུན་ཏུ་ཚོལ་ཞིང་རྒྱུག་པ་ཡིན་ལ་སློང་མོའི་ལོངས་སྤྱོད་དེ་དག
འདིར་མི་བྱའོ། །དེ་བས་ན་རྡོ་རྗེའི་ནང་དུ་ཆུད་པའི་ཆོས་ཀྱི་དབྱིངས་ལ་དེ་དོན་བསྡུས་ཏེ་སྤྱོད་དོ། །སློང་ལ་དགའ་བར་མི་བྱའོ་ཞེས་བྱ་བ་ལ་བསླང་བར་བྱ་བ་རྣམས་བསྡུས་པ་ན་སློང་བ་སྟེ། ཆོས་ཀྱི་དབྱིངས་སོ། །དགའ་བ་ནི་མཚན་མ་སྣ་ཚོགས་སུ་འཛིན
པ་སྟེ་དེ་མི་བྱའོ། །འོ་ན་ཇི་ལྟར་བྱ་ཞེན། དེར་རིག་བྱ་རྣམས་ཏེ་རིག་པ་རྣམས་བསྡུས་པའི་ཡིད་ཀྱིས་སྐྱེ་མཆེད་སྣ་ཚོགས་པའི་གཟུགས་སུ་བཞག་ནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུ་དགོད་པར་བྱས་ནས་སྔགས་ཇི་ལྟར་བཟླ་ཞེ་ན། འདོད་པ་ཀུན་ལ
ལོངས་སྤྱོད་ཅིང་ཞེས་བྱ་བ་ལ། ཀུན་ནི་སྣ་ཚོགས་པའོ། །དེས་ཉེ་བར་སྤྱོད་པས་སོ་སོ་བ་མ་ལུས་པ་དང་བསྡུས་པ་ལོངས་སྤྱོད་པ་སྟེ། ཉམས་སུ་མྱོང་བར་བྱེད་པའོ། །སྣ་ཚོགས་པ་ཉིད་ཀྱིས་དེ་རྣམས་སྤྲོ་བ་དང།
སྡུད་པར་བྱེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་འདི་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་བར་དུ་ཆོས་པའི་ལྷག་མ་རྣམས་ཀྱིས་ཉེ་བར་བསྟན་པར་འགྱུར་ཏེ། སོ་སོར་སྡུད་པ་ཞེས་བྱ་བའི་ཡན་ལག་དང་པོའོ། །བསམ
གཏན་གྱི་ཡན་ལག་ཚིགས་སུ་བཅད་པ་གཅིག་གིས་གསུངས་པ། ལུས་དང་ཞེས་ཞེས་བྱ་བ་ལ་སོགས་པ་ལ་ལུས་དང་ངག་དང་སེམས་རྣམས་པདྨའི་ཟེ་འབྲུ་གསུམ་ལ་འཁོར་ལོ་དང་པདྨ་དང་རྡོ་རྗེ་ཕྱུང་བ་སྟེ་བསམ་གཏན་དང་པོའོ། །ཡང
ལུས་དང་ངག་དང་སེམས་ཏེ་དེ་རྣམས་ཀྱི་དབུས་སུ་རལ་གྲི་ཕྱུང་བ་ནི་བསམ་གཏན་གཉིས་པའོ། །དེ་ལྟར་ན་ལུས་དང་ངག་དང་སེམས་དང་ལུས་དང་ངག་དང་སེམས་རྣམས་ཏེ། གཅིག་ལུས་པའི་སྦྱོར་བ་བྱའོ། །ལུས་དང་ངག་དང་སེམས
ཀྱི་མཚན་མ་བཞིའི་ནང་དུ་བདེ་བར་གནས་པ་སྟེ། དགའ་མ་རྣམས་བཀོད་པ་ནི་བསམ་གཏན་གསུམ་པའོ། །ལུས་དང་ངག་དང་སེམས་དང་བདེ་བར་གནས་པ་དག་ནི་ལུས་དང་ངག་དང་སེམས་བདེ་བར་གནས་པ་སྟེ་བཟླས་དབྱེ་བའི་བསྡུ་བའོ།
བྱང་ཆུབ་ཡང་དག་ཐོབ་ཅེས་བྱ་བ་ལ་དེ་ལྟར་བསམ་གཏན་གསུམ་ཐོབ་ནས་རལ་གྲིའི་ལྟེ་བར་དགའ་མ་རྣམས་བསྡུས་པ་ལས་བྱུང་བའི་བདེ་བའི་ཐིག་ལེ་ནི་ཐེག་པ་ཆེན་པོའི་དོན་ཡང་དག་པར་རྟོགས་པས་ན་བསམ་གཏན་བཞི་པའོ། །དེའི
ཡང་དག་པར་ཐོབ་པར་ནི་ཡང་དག་པར་ཐོབ་སྟེ། མཚན་མ་བཞི་བསྡུས་པ་ལས་བྱུང་བའི་དགའ་བའི་ཐིག་ལེ་ནང་དུ་ཆུད་པའི་སེམས་ཀྱི་ཐིག་ལེ་སྟེ་འདི་ནི་བསམ་གཏན་ལྔ་པའོ། །དེ་ལྟར་ན་རལ་གྲིའི་ལྟེ་བར་བྱུང་བ་ཐིག་ལེ་དང་པོ་ནི་བྱང་ཆུབ་ཐོབ་པ
ཡིན་ལ། མཚན་མ་གསུམ་པར་རལ་གྲི་ལ་བསྡུས་ཏེ། དེ་ཡང་ཕྲ་མོར་གྱུར་པའི་ཐིག་ལེ་ནི་ཡང་དག་ཐོབ་པའོ། །དེ་བླ་ན་མེད་པའི་བྱང་ཆུབ་ཀྱང་ངེས་པར་རྙེད་པས་འགྱུར་ཏེ། བསམ་གཏན་ལྔ་པ་ཐོབ་པ་ནི་དངོས་ཀྱི་འབྲས་བུ་ཡིན་ལ། བརྒྱུད
པས་ཐོབ་པའི་བྱང་ཆུབ་ནི་བརྒྱུད་པའི་འབྲས་བུའོ། །འདིའི་ཕན་ཡོན་ཚིགས་སུ་བཅད་པ་ཕྱེད་ཕྱི་མས་གསུངས་པ་གཞན་དུ་ཞེས་བྱ་བ་ལ་སོགས་པ་ལ། དམྱལ་བ་ཅེས་བྱ་བ་ནི་དམྱལ་བ་ལ་སོགས་པའོ། ངེས་པར་ཞེས་བྱ་བ་ནི་གདོན་མི་ཟབ་སྟེ་བསམ
གཏན་ལྔ་པ་མ་ཐོབ་ན་དུས་མ་ཡིན་པའི་འཆི་བ་དང། ངན་འགྲོར་ལྟུང་བར་འགྱུར་ལ་ཐོབ་ན་ནི་དེར་ངེས་པར་འགྲོ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་ཞེས་བྱ་བའི་ཡན་ལག་གཉིས་པའོ། ཡན་ལག་གཉིས་ཀྱི་དབང་དུ་བྱས་པའི
ཚིགས་སུ་བཅད་པ་གསུངས་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ནི་སྣ་ཚོགས་པར་བསྡུས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་སྣ་ཚོགས་ཡིན་པའི་གདན་ལའོ། །སྔགས་ཀྱི་སྤྱད་པ་ནི་སྐབས་ཀྱི་སྟོབས་ཀྱི་ན་བདེ
བའི་ཐིག་ལེ་ནང་དུ་ཆུད་པའི་སེམས་ཀྱི་ཐིག་ལེའོ། །དེའི་སྤྱོད་པ་ནི་དེ་དང་ལྷན་ཅིག་ཏུ་རྒྱུ་བ་སྟེ། གོང་བུའི་སྦྱོར་བས་ཕྲ་མོར་གྱུར་ནས་སྔ་མའི་ཐིག་ལེར་འགྲོ་བའོ། །དེའི་མཆོག་ནི་རྩེ་མོ་སྟེ། སྣའི་རྩེ་མོར་རྒྱུ་ཞིང་གནས་པ་སྟེ། སྲོག་དང་རྩོལ་བ་ཅེས་བྱ་བ
ནི་ཡན་ལག་གསུམ་པའོ། །དེ་ལྟ་བུར་གྱུར་པ་དེ་ནི་ཆོས་མི་གཡོ་བ་བརྙེད་པ་སྟེ། ཆོས་ཀྱི་སྔགས་སུ་བཤད་པ་ཡིན་ཞེས་གསུངས་པས་ན་ཆོས་ཉིད་ཡི་གེ་སྟེ་ཉེ་བའི་སྟོབས་ཀྱིས་ན་རང་གི་སྙིང་གར་སེམས་པའི་སྔགས་ཀྱི་ཡི་གེ་ཞེས་བྱ་བའི
དོན་ཏོ། །དེའི་བརྙེས་པ་ནི་དེའི་ཐིག་ལེར་བཞག་པའི་རིན་པོ་ཆེ་ཉིད་ལ་ངེས་པར་གནས་པའོ། །མཆོག་ཅེས་བྱ་བ་ནི་དམ་པ་སྟེ། རང་གི་སྔགས་དེ་ལ་རིན་པོ་ཆེ་གནས་པ་དེ་བཞིན་དུ་སྔགས་ཀྱི་ཡི་གེ་རབ་སྔགས་དང། ཨཱམེད་པར་བྱས་པ་སྟེ། འཛིན་པ་ཞེས་བྱ་བ་ནི་ཡན་ལག་བཞི་པའོ། །ཇི་སྟེ་ཕུན་སུམ་ཚོགས་པ་དེ་ལྟ་བུར་གྱུར་པའི་གཞི་གང་ཡིན་ཞེ་ན། འདོད་པ་ཐམས་ཅད་བསྟེན་པས་སོ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནི་སྣ་ཚོགས
པའོ། འདོད་པ་བསྟེན་པ་ནི་དེས་སོ་སོ་པ་དང་མ་ལུས་པའི་འདོད་པ་ཉེ་བར་སྤྱོད་པ་སྟེ་དེའོ། །དེའི་བསྟན་པ་སློང་མོ་ཞེས་བྱ་བའི་ཚིག་བཤད་པ་ཡིན་ལ་དེའི་ཉེ་བར་བསྟན་པ་ནི་འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་བརྒྱད་ཡིན་ཏེ་དེ་ལས་གཅིག་གིས
ནི་ཚོགས་གཉིས་ཀྱི་རྒྱུ་བསྟན་ཏོ། །དེའི་འོག་མ་ལྔས་ནི་སོ་སོའི་ཉེ་བར་སྤྱོད་པ་ལྔ་བསྟན་ཏོ། །བདུན་པས་ནི་དེ་ཉིད་གསལ་བར་བྱེད་དོ། །བརྒྱད་པས་ནི་ཉེ་བའི་ལོངས་སྤྱོད་ཐམས་ཅད་སྟོན་ཏོ། །ཆགས་ཅན་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཡེ
ཤེས་འདོད་པ་ཞེས་བྱ་བ་ནི་བསམ་གཏན་ལྔ་པོ་དོན་དུ་གཉེར་བ་གང་ཡིན་པའོ། །རྟག་ཏུ་འདོད་པ་ལྔ་རྣམས་བསྟན་ཞེས་བྱ་བ་ལ་འདོད་པ་ཡང་ཡིན་ལ་རྣམ་པར་དག་པར་བྱེད་པས་ཡོན་ཏན་ཡང་སྟེ་དེ་སྟོན་པ་ནི་བསྒོམ་པར་བྱའོ། །རྟག་ཏུ་ཞེས
བྱ་བ་ནི་གནས་པ་སྟེ་དེ་རྣམས་དེ་ལ་དགོད་པའི་ལས་ཀྱིས་སོ། །མཉེས་པར་བྱ་བ་དང་ཆགས་པར་བྱ་བ་ནི་དོན་ཅིག་གོ་།དེས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་བསྟན་ནོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་གསལ་བའི་ལས
བྱེད་པས་ན་ཉི་མ་ཏེ། ཕྱོགས་དང་ཕྱོགས་རྣམས་ཡེ་ཤེས་ཀྱི་སྣང་བ་མཛད་པས་དེ་དང་ཆོས་མཐུན་པའི་ཕྱིར་རོ། །དེར་སྦྱོར་བས་རྟོགས་པའི་སྔགས་རྣམས་ནི་བྱང་ཆུབ་ཉི་མ་སྟེ། སངས་རྒྱས་ཞེས་བྱ་བའི་དོན་ཏོ། །དེ་ནི་བསོད་ནམས་ཀྱི
ཚོགས་ཀྱི་རྒྱུ་བསྟན་ཏོ། །གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ལ། འདིས་མཆོད་པས་ན་མཆོད་པ་སྟེ། གཟུགས་ལ་སོགས་པའི་གདན་ནོ། །བདག་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཏེ་ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན་ཏོ། །མཆོད
པ་རྣམས་ཀྱི་བདག་ཉིད་གང་ལ་ཡོད་པ་ཆོས་དབྱིངས་ཏེ། དེ་ཉིད་ལས་མཆོད་པ་རྣམས་སྤྲོས་པའི་ཕྱིར་རོ། །མཆོད་པའི་བདག་ཉིད་ཀྱི་རྣལ་འབྱོར་པས་སྤྲོས་ཏེ། མཆོད་པར་བྱ་ཞེས་པ་ནི་བྱང་ཆུབ་ཉི་མ་ཞེས་བྱ་བ་དང་འབྲེལ་ཏོ། །དེས་ནི་རིགས
རྣམས་དང་རིགས་ཅན་གྱི་སངས་རྒྱས་རྣམས་ལ་མཆོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ནི་འཁོར་ལོས་སྒྱུར་བ་མངའ་བའི་སངས་རྒྱས་རྣམས་ནི་རིགས་སོ། །ཇི་ལྟར་མཆོད་ཅེ་ན་གཟུགས་ལ་རྣམ་པ་གསུམ
ཞེས་བྱས་ཞེས་བྱ་བ་ལ། གཟུགས་ནི་གཟུགས་ཀྱི་གདན་ནོ། །ཤེས་པར་བྱ་བ་ནི་ཉམས་སུ་མྱོང་བའི་བྱ་བ་སྟེ། ཇི་ལྟར་ཉམས་སུ་མྱོང་བར་བྱ་ཞེ་ན། སེམས་ཙམ་ཉིད་དང་ཆོས་ཀྱི་དབྱིངས་ལས་འབྱུང་བ་ཉིད་དང་རྡོ་རྗེ་བུ་ག་ལས་བྱུང་བ་ཉིད་དང
པདྨའི་ནང་ན་གནས་པ་ཉིད་དུ་ཤེས་པར་བྱའོ། །རྣམ་པ་གསུམ་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་རྣལ་འབྱོར་པ་དང། འདོད་ཆགས་ཀྱི་རྣལ་འབྱོར་པ་གསུམ་པོ་དག་གིས་ནི་སིམ་པའི་རྒྱུར་ཇི་ལྟར་རིག་པ་བཞིན་དུ་བསིལ་བ་དང་དམར
པོ་དག་ཏུའོ། །ཞེ་སྡང་གི་རྣལ་འབྱོར་པས་ནི་གདུང་བའི་རྒྱུར་དམར་པོ་དང་དྲོ་བར་འགྱུར་རོ། །གཏི་མུག་གི་རྣལ་འབྱོར་པས་ནི་བསིལ་བ་དང་དཀར་པོར་རོ། །ཆོས་ཀྱི་དབྱིངས་ལས་དེ་དག་བསྐྱེད་ནས་ཇི་ལྟར་བྱ་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ
སྨོས་ཏེ། བསྟེན་པར་བྱ་ཞིང་བསྙེན་པར་བྱ་བས་ན་བཅོམ་པ་སྟེ་ལྔའོ། །དེ་དེའི་ལ་ཡོད་པས་ནི་བཅོམ་ལྡན་དེ་ཆོས་ཀྱི་དབྱིངས་སོ། །དེའི་ཕྱིར་དེ་ཉིད་དུ་བསྡུ་བར་བྱའོ། །འོ་ན་སྣ་ཚོགས་པ་ཞེས་བྱ་བ་གསུངས་ཏེ། སྣ་ཚོགས་པ་ཞེས་བྱ་བ་དེ
ཉིད་ཅེས་བྱ་བ་དང་འབྲེལ་ཏོ། །ཆོས་ཀྱི་དབྱིངས་ཉིད་སྣ་ཚོགས་པ་ཡིན་ཏེ་རིག་པ་དང་རིག་བྱ་དབྱེར་མེད་པའི་སྦྱོར་བས་སོ། །འོ་ན་གང་ལ་མཆོད་ཅེ་ན། སངས་རྒྱས་ཞེས་བྱ་བ་སྨོས་ཏེ། སྣ་ཚོགས་པ་དེ་ཉིད་སངས་རྒྱས་ཏེ་དེ་ཉིད་ལས་སྔགས
སྤྲོས་པས་ན་སྔགས་སོ། །སྔགས་གང་ཞིག་ཅེ་ན་རྣམ་པར་སྣང་མཛད་ཅེས་བྱ་བ་སྨོས་ཏེ་རབ་སྔགས་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། གཙོ་བོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ཀྱི་རིགས་མཛའ་ཡས་པའི
ཕྱོགས་སུ་ཁྱབ་པ་རྣམས་བཀུག་སྟེ། རབ་སྔགས་ལ་བསྟིམ་པས་ན་རིགས་ཀྱི་དབང་པོ་ཡིན་པས་སོ། །རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ནི་དྲི་དང་རོ་དང་རེག་བྱ་དང་སྒྲ་རྣམས་དང་སྦྱར་ཏེ། གདོན་པར་བྱའོ། །དབུལ
བར་བྱ་ཞེས་བྱ་བ་ནི་མཆོད་པར་བྱ་བའོ། །ལྷ་རྣམས་ཞེས་བྱ་བ་ནི་རིགས་དང་རིགས་ཅན་རྣམས་ལའོ། །ཤེས་པར་བྱ་བ་ནི་རྟོགས་པར་བྱ་བའོ། །འདིར་ཚིགས་སུ་བཅད་པ་ནི། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ལ་གནས་པ
རྟག་དང་མི་བསྐྱོད་རིན་ཆེན་དབང། །ངག་གི་བདག་པོ་ཐོགས་མེད་རྣམས། །དེ་བཞིན་གཤེགས་པ་ལྔ་དབུས་སུ། །རང་རང་སྦྱོར་བས་གནས་པར་བྱ། །རྡོ་རྗེ་འཛིན་པའི་རྣལ་འབྱོར་བས། །དབུས་སུ་མི་བསྐྱོད་དགོས་པར་བྱ། །རྡོར་འཛིན
རྟག་པའི་རྣལ་འབྱོར་པས། །འདོད་པ་ལྔ་པོ་བཟླ་བར་བྱ། །འཁོར་ལོས་སྒྱུར་བ་ལྷག་མ་ཡིས། །ཉི་མའི་གཟུགས་དང་སྦྱར་བར་བྱ། །རིན་ཆེན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེའི་འབྱུང་གནས་ན་དེའི་རིགས་ཀྱི་འབྱུང་གནས་སུ་གྱུར་པ
རིན་ཆེན་འབྱུང་ལྡན་གྱི་སྔགས་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཆོས་ནི་ཤེས་རབ་ཀྱི་ཆོས་ཏེ་རིག་པའི་རྒྱལ་མོ་རྣམས་སོ། །དེས་ནི་རིགས་རྣམས་བསྟན་ལ་དེའི་འབྱུང་གནས་ནི་སྣང་བ་མཛའ་ཡས་ཀྱི་སྔགས་ཞེས་བྱ་བའི་དོན་ཏོ། །
ཐོག་མེད་ཅེས་བྱ་བ་ནི་དོན་ཡོད་གྲུབ་པའི་སྔགས་སོ། །ཐོགས་མེད་རྡོ་རྗེ་འཛིན་ཞེས་བྱ་བ་ལ་འདོད་པར་བྱ་བས་ན་རབ་ཏེ་འདོད་པ་རྣམས་སོ། །རྡོ་རྗེ་ནི་དེའི་རིགས་མཛའ་ཡས་པའི་ཕྱོགས་སུ་ཁྱབ་པ་རྣམས་སོ། །དེ་བཀུག་སྟེ་གཟུང་བས་ན
ཐོགས་མེད་རྡོ་རྗེ་འཛིན་ནི་ཐོགས་མེད་དོ། །བཅོམ་ལྡན་ཞེས་བྱ་བ་ནི་སྣ་ཚོགས་པའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་མི་བསྐྱོད་པའི་སྔགས་སོ། །མི་བསྐྱོད་བ་ཞེས་བྱ་བ་ནི་ཁྲོ་བོའི་ཚུལ་ལོ། །བདག་ཉིད་མི་བསྐྱོད་པ་ཡིན་ན་གཞན་དག་ཀྱང་ཁྲོ་བོའི་ཚུལ
དུ་བྱ་བའི་དོན་ཏོ། །དེ་མཉེས་པ་ནི་ཕྱོགས་བཅུར་ཁྱབ་པ་རྣམས་བཀུག་སྟེ་བསྟིམ་པའི་སྦྱོར་བས་མི་བསྐྱོད་པའི་སྦྱོར་བར་མཉེས་པའོ། །གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པ་ལ། རྟོག་ཏུ་ཞེས་བྱ་བ་ནི་བསྟན་པ་སྟེ། ཟླ་བ་དང་ཉི་མའི་གདན
རྣམས་ལ་གནས་པས་སྦྱོར་བར་གྱུར་པའོ། །སེམས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་སྔགས་སོ། །གསང་བ་ཞེས་བྱ་བ་ནི་སེམས་དེ་ཉིད་རྫས་ཆེན་པོར་གྱུར་པའི་གསང་བའོ། །སྙིང་པོ་ཞེས་བྱ་བ་ཡང་གསང་བ་དེ་ཉིད་སྟོན་པ་སྟེ། དབང་པོ
དང་བཅས་པའི་དཔག་ཏུ་མེད་པའི་རིགས་ཀྱི་སྙིང་པོར་གྱུར་པ་ཕུན་སུམ་ཚོགས་པའོ། །བསྡུས་པ་ནི་བསགས་པ་སྟེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གིས་ཅི་ཞིག་བསྟན་པར་འགྱུར་ཞེ་ན། གཟུགས་ལ་སོགས་པའི་རང
བཞིན་ཟླ་བ་ལ་སོགས་པའི་གདན་ལ། སངས་རྒྱས་ཞེས་བྱ་བ་སངས་རྒྱས་རྣམས་ཀྱི་སྔགས་ཀྱི་རིགས་མཛའ་ཡས་པའོ། །སྣོད་དུ་གྱུར་པའི་གཙོ་བོར་གྱུར་པ་རྣམས་སྦྱོར་བ་ཞེས་པ་དེ་དག་ལ་བཀོད་པས་མཆོད་པ་བྱའོ། །གཟུགས
སྒྲ་དྲི་ལ་སོགས་ཞེས་བྱ་བ་ལ་ལྷ་ཉིད་ཅེས་བྱ་བ་ནི་སྣ་ཚོགས་པའོ། །བསྒོམ་ཞེས་བྱ་བ་ནི་མཉེས་པར་བྱའོ། །རྟག་ཏུ་ཞེས་བྱ་བ་ནི་དེ་ལ་དགོད་པའི་ལས་ཀྱི་སྟེ། སངས་རྒྱས་རྣམས་དང་གདན་རྣམས་དང་སྣ་ཚོགས་པ་དང་གདན་ལ་བསྡུའོ།
ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་ལ་བསྒོམ་པ་ནི་ཞེས་བྱ་བ་ནི་མཉེས་པར་བྱ་བའི་མཐར་རིགས་ཀྱིས་ཕྱེ་བའི་སྔགས་རྣམས་རྣམ་པར་བསྒོམ་པ་སྟེ། །དེ་ལ་ཞེས་བྱ་བ་ནི་དེ་ཉིད་དུ་མངོན་དུ་བསྡུས་པའོ། །འདོད་པ་ལ་ཉེ་བར་སྤྱོད་པའི་ཉེ་བར་བསྟན་པ་རྣམས
ཀྱི་མཐར་བརྗོད་པར་རིགས་ན་ཅིའི་ཕྱིར་འཛིན་པའི་མཐར་བསྟན་ཅེ་ན། སྦྱོར་བའི་ཡན་ལག་བཞི་པ་རྫོགས་པར་བྱ་བའི་ཕྱིར། སེམས་ཀྱི་རིན་པོ་ཆེ་ལ་བསྟན་པར་མ་གྱུར་གྱི་བར་དུ་དེ་ཉིད་ལ་གནས་པར་བྱ་བ་བསྟན་པར་བྱ
བའི་ཕྱིར་རོ། །བརྟན་ནས་ནི་སྦྱོར་བའི་ཡན་ལག་དྲུག་ཏུ་བྱས་ཏེ་དེ་ལ་ཡན་ལག་ལྔ་པ་རྗེས་སུ་དྲན་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་སུ་དྲན་པར་བྱེད
པས་ན་རྗེས་སུ་དྲན་པ་སྟེ་གསལ་བར་ཤེས་པའོ། །རྒྱུ་དང་ཡུལ་དང་དུས་ཀྱི་རྗེས་སུ་འགྲོ་བའི་དྲན་པ་ནི་རྗེས་སུ་དྲན་པའོ། །རྒྱུ་ནི་རིན་པོ་ཆེ་བསྟན་པར་གྱུར་པ་སྟེ། དེའི་རྗེས་སུ་འགྲོ་པ་ནི་དེ་ལས་སྐྱེས་ཤིང་དེ་དང་འདྲ་བར་ཕྲ་བའོ། །ཡུལ་གྱི
རྗེས་སུ་འགྲོ་བ་ནི་སྤྲོ་བའི་སྦྱོར་བས་སྣ་ཚོགས་པར་ཁྱབ་པའོ། །དུས་ཀྱི་རྗེས་སུ་འགྲོ་བ་ནི་བསྟན་པར་གྱུར་པས་སོ། །དེ་ཉིད་ནི་སྦྱོར་བ་སྟེ་རྒྱུན་ཏུ་སྦྱོར་བའོ། །བསྒོམས་པས་ནི་ཡང་དང་ཡང་གོམས་པར་བྱེད་པ་སྟེ། མང་པོ་རྣམས་ཀྱང
རིགས་ཀྱིས་ན་གཅིག་གི་ཚིག་ཡིན་ནོ། །སྦྱོར་བས་ཞེས་བྱ་བ་ནི་བྱང་ཆུབ་ཐོབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །བསྒོམས་པས་ཞེས་བྱ་བ་ནི་བསྒོམས་པར་བྱས་པས་སོ། །ཅི་སྟེ་རྗེས་སུ་དྲན་པས་བྱང་ཆུབ་གང་ཐོབ་ཅེ་ན། སྐུ་དང་གསུང་དང
ཐུགས་རྣམས་ཞེས་བྱ་བ་སྨོས་ཏེ་གང་གི་སྐུ་ལ་སོགས་པའི་རྡོ་རྗེ་གསུམ་མི་ཕྱེད་པའི་རྡོ་རྗེ་ཅན་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དྲན་པའི་སྔོན་དུ་ལྷག་པར་བྱ་བའི་རིག་མ་སྦྱར་བ་དང་དབང་པོ་གཉིས་སྦྱང་བ་དང་འོད་ཀྱིས་བརྒྱན་བ་རྣམས་བསྟན་པར
བྱ་བའི་ཕྱིར་བུད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལྡན་ཞེས་བྱ་བ་ནི་འོད་བཟང་པོ་དང་བཅས་པའི་དབྱིབས་ཕུན་སུམ་ཚོགས་པའོ། །མདངས་བཟངས་ཞེས་བྱ་བ་ནི་ཁ་དོག་ཕུན་སུམ་ཚོགས་པ་སྟེ་དབྱིབས་དང་ཁ་དོག་ཏུ་ལྡན
པ་དེ་ལ་དེ་སྐད་ཅེས་བྱའོ། །བྱིན་གྱིས་བརླབ་པ་ནི་བསྐྱེད་པའོ། །དའི་གནས་ནི་རྒྱུ་སྟེ་དེ་ཡང་འདིར་སྤྱན་མའི་ཚུལ་གྱི་རྣལ་འབྱོར་དང་རིགས་ལྔས་དགང་བ་དང་པདྨ་དང་ནོར་བུ་སྦྱང་བའོ། །ཕྱོགས་གཞན་གསུངས་པ། དེ་བཞིན་གཤེགས་པའི་ཞེས
བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་བཙུན་མོའི་མཆོག་སྟེ་རིག་པ་ཆེན་མོ་སེམས་བསྟན་པར་གྱུར་པས་བསྒོམས་པའི་རིག་པ་དང་སྙོམས་པར་འཇུག་པ་སྟེ། དེ་ཡང་དེ་ལས་གཞན་དང་སྙོམས་པར་འཇུག་པ་དང། ཡོན་ཏན་མཚུངས
པའི་སྟེང་དུ་ཤིན་ཏུ་སྐྱོན་མེད་པའོ། །ཡི་གེ་ཧཱུཾ་དང་ཞེས་བྱ་བ་ལ། རང་གི་སྒྲས་ནི་ཨཱནོར་བུ་དང་མཚམས་པའི་བུ་ག་ཅན་ནོ། །ཡང་ཧཱུཾ་དེ་ཉིད་ཀྱིས་རྡོ་རྗེ་དམར་པོ་ཐམས་ཅད་རྩེ་མོ་ཤིན་ཏུ་འབྱར་བའོ། །དེའི་རྩེ་མོའི་ནི་ནོར་བུ་མུ་ཏིག་གི་རྡོག་མ་ལྟར་དཀར་པ་ཨོཾ་གྱིས་བསྒོམ་པར་བྱའོ། །ཕཊ་ནི་མདོག་སེར་པོ་སྟེ་གཉི
གའི་བུ་གར་ཁུ་བ་དག་པའི་དོན་དུའོ། །འཁོར་ལོ་ལ་སོགས་པ་སྤྲོ་བའི་ཕྱིར་ནི་ཡེ་ཤེས་ཀྱི་ཁུ་བའོ། །འབར་བཅས་ཟླ་འོད་བཞིན་དུ་དཀར་ཞེས་བྱ་བ་ནི་དཀར་ཞིང་བསིལ་བའི་འོད་དང་ལྡན་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། སངས
རྒྱས་རྗེས་སུ་དྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་དཀར་བའི་བདུན་པ་སྟེ་རྗེས་སུ་དྲན་པ་དེ་ལས་སོ། །ཇི་ལྟར་ཞེས་བྱ་བ་ནི་བདག་ཉིད་ཀྱིས་དྲིས་ནས་བདག་ཉིད་ཀྱིས་ལན་སྟོན་པར་མཛད་པའོ། །འདིར་སངས
རྒྱས་ལ་སོགས་པའི་ལྷ་རྣམས་ཀྱི་སྒྲ་ནི་མཚམ་མ་ལ་གཟུང་བར་བྱའོ། །ཁ་ཅིག་ཏུ་ནི་ལྷ་ཉིད་དོ། །ཆོས་ཞེས་བྱ་བ་ནི་པདྨའོ། །རྡོ་རྗེ་ནི་རྡོ་རྗེ་ཉིད་དང། །བདག་ནི་རྡོ་རྗེ་པདྨར་ལྡན་ཞེས་འོག་ནས་འབྱུང་བ་དེ་འདི་དག་ཀུན་ལ་སྦྱར་བར་བྱ་སྟེ་པདྨ་དང
ལྡན་པའི་རྡོ་རྗེ་སྟེ་བདུན་པའི་དོན་གྱིས་གཉིས་པ་ཡིན་ནོ། །བྷ་ག་ནི་པདྨའི་ལྟེ་བའོ། །ལིང་ག་ནི་སེམས་ཀྱི་རིན་པོ་ཆེའོ། །བཞག་པ་ནི་དེ་ལ་བསྟན་པར་གྱུར་པའོ། །སངས་རྒྱས་གཟུགས་ནི་གཏི་མུག་གི་མཚན་མ་འཁོར
ལོ་ཕྲ་མོ་སྟེ། རིན་པོ་ཆེ་ལས་འཛག་པའི་འོད་ཏུ་བསྒོམ་པར་བྱའོ། །དེ་ལས་སངས་རྒྱས་ཀྱི་སྤྲིན་ཏེ་སྤྲོ་བའི་རིམ་གྱིས་ལུས་གཉིས་འོད་ཀྱིས་ཁྱབ་པར་བཀང་ལ་བ་སྤུ་རྩེ་མོའི་ཚོགས་ཀྱི་བུ་ག་ལས་འཁོར་ལོའི་ཚོགས་ནམ་མཁའ་ཁྱབ་པར་སྤྲོ
བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་ནི་འདོད་ཆགས་རྡོ་རྗེའོ། །དེ་ཉིད་རྡོ་རྗེ་ཆོས་ནི་དེའི་མཚན་མ་པདྨ་ཕྲ་མོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ནི་ཞེ་སྡང་རྡོ་རྗེ་སྟེ། རྡོ་རྗེ་ཕྲ་མོ་ཞེས་བྱ་བའི་དོན་ཏོ། །རིགས་ནི་ཡེ་ཤེས་རྡོ་རྗེ་སྟེ། རིགས
གསུམ་པོ་བསྡུས་པའི་ཕྱིར་དེ་ཉིད་ནི་སངས་རྒྱས་ཏེ་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེའི་གཟུགས་ནི་རལ་གྲི་ཕྲ་མོའོ། །ཁྲོ་བོ་ནི་གཙུག་ཏོར་ཆེན་པོའོ། །ཁྲོ་བོ་དབང་པོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་གཙུག་ཏོར་ཆེན་པོ་ཡིད་ལས་བཀུག་ལ
བདག་ལ་བསྟིམས་ཏེ་སེམས་ཀྱི་རིན་པོ་ཆེར་བསྡུས་ལ་སེམས་ཀྱི་རིན་པོ་ཆེ་ལས་འཛག་པའི་འོད་ཟེར་སེར་པོ་ལས་འཁོར་ལོ་ཕྲ་མོ་རྣམ་པར་བསྒོམ་པའོ། །དམ་ཚིག་ནི་མཚན་མ་དེ་རྣམས་ཚོགས་པ་སྟེ་དེའི་རྗེས་སུ་དྲན་པ་ནི་སངས
རྒྱས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སངས་རྒྱས་ནི་དབུས་ན་གནས་པ་གཙུག་ཏོར་གྱི་འཁོར་ལོའོ། །རྡོ་རྗེ་སེམས་དཔའ་ནི་ངོས་རྣམས་ན་གནས་པའི་འཁོར་ལོ་དང་པདྨ་དང་རལ་གྲིའི་མཚན་མ་རྣམས་སོ། །བསྒོམ་ཞེས་བྱ་བ་འདི་ནི་སྤྲོ
བར་བྱའོ། །རྗེས་སུ་དྲན་པ་དྲུག་པོ་དེ་དག་ནི་རྗེས་སུ་དྲན་པའི་ཡན་ལག་གོ་།དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་འདི་ནས་གཟུང་སྟེ་དེ་ལ་ཞེས་བྱ་བ་རྣམས་ནི་ཉེ་བའི་དབང་དུ་བྱས་པའོ་བདུན་པ་སྟེ། དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །དཀྱིལ
འཁོར་རྗེས་སུ་དྲན་པ་ཅེས་བྱ་བ་ལ་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་དང་དབང་དུ་གྱུར་པའི་རྗེས་སུ་འགྲོ་བའི་དྲན་པ་ནི་རྗེས་སུ་དྲན་པ་སྟེ་གསལ་བར་ཤེས་པའོ། །དེའི་བསྒོམ་པ་ནི་མཚན་མ་ཕྲ་མོའི་ལྟེ་བར་གདན་ཕྲ་མོའི་དཀྱིལ་འཁོར་ལ་རྒྱུན་གྱིས་འཇུག་པའི
བསྒོམ་པའོ། །དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ཁུ་བ་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་ཁུ་བའོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །འབྱུང་ཞེས་བྱ་བ་ནི་བསྐྱེད་པ་སྟེ། རྒྱུ་དང་སྐྱེ་བ་ནི་དོན་གཅིག་གོ་ཞེས་འབྱུང་བའི་ཕྱིར་རོ། །ཚུལ་ཞེས
བྱ་བ་ནི་བཟློག་ཅིང་བསྡུའོ་ཞེས་བྱ་བའོ། །རྣལ་འབྱོར་པ་ཡིས་རྟག་ཏུ་ཞེས་བྱ་བ་ལ་རྟོག་ཏུ་འཛིན་པ་མཉམ་པར་བཞག་པའི་སྟོབས་ཀྱིས་སོ། །མཁས་པ་ཞེས་བྱ་བ་འབད་དང་བཅས་པས་རྗེས་སུ་དྲན་པ་ཐམས་ཅད་ཅེས་པའི་སྟོབས་ཅན་དེ་ལྟ་བུར་གྱུར་པའི་སྔགས
པས་སོ། །དབང་པོ་གཉིས་མཉམ་པར་སྦྱར་ཏེ། ཞེས་བྱ་བ་ནི་སྙིང་གའི་སྔགས་ཀྱི་ཐིག་ལེ་ལ་ནོར་བུ་ཕྲ་མོ་ཡར་དྲངས་ཏེ་བཞག་ལ་ཡེ་ཤེས་ཀྱི་ཁུ་བ་དེ་ཉིད་ལས་དཀྱིལ་འཁོར་ཏེ། ནམ་མཁའ་ཁྱབ་པར་སྤྲོས་ནས་དེ་རྣམས་ཚུལ་ཞེས་བྱ་བ་ནོར་བུ་ཕྲ
མོར་བསྡུས་ཏེ་འབྱུང་ཅེས་བྱ་བ་ཟླ་བ་ཕྲ་མོ་འམ་ཉི་མའི་དཀྱིལ་འཁོར་ཕྲ་མོར་བསྐྱེད་པར་བྱ་བ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་ཡན་ལག་གོ་།དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོན་ལམ་གྱི་རྗེས་སུ་དྲན་པ་ལྔ་པོ་འདི་དག་ནི་ཐབ་པའི་རྗེས་སུ་མཐུན་པའི་སྨོན་ལམ་ནི་རྗེས་སུ་དྲན
པའོ། སྐུ་གང་ཡིན་པ་ཞེས་བྱ་བ་ལ་སྐུ་ཞེས་བྱ་བ་ནི་སྣ་ཚོགས་པའོ། །ཕུང་པོ་ནི་སོ་སོའི་རིགས་ཀྱི་ཚོགས་ཀྱི་སྔགས་ལྔའོ། །དེས་རབ་ཏུ་རྒྱས་པ་ནི་བྱེ་བྲག་ཏུ་ཡོངས་སུ་གང་བའོ། །ཇི་ལྟར་བྱེ་བྲག་ཡིན་ཞེ་ན། དེ་དག་གི་གདན་རྣམས་སྣ་ཚོགས་པའི་གདན
གྱི་བསྡུས་པའོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་སྐུ་རྡོ་རྗེའོ། །དེ་དང་ཞེས་བྱ་བ་ནི་དེ་ཇི་ལྟ་བ་བཞིན་དུའོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་གསུང་རྡོ་རྗེའོ། །ངེས་ཚིག་ཅེས་བྱ་བ་ལ་ཚིག་ནི་མིང་དང་རྣམ་པར་རྟོག་པའོ། །ཕུན་སུམ་ཚོགས་པ་ནི་ནོར་བུ་ཕྲ་མོ་གསུམ་མོ།
ངེས་པ་ནི་དེ་དག་ལ་རྣམ་པར་གྲོལ་བ་སྟེ་དེ་དག་མི་དམིགས་པ་དེ་ནི་དེས་ཚིག་ཕུན་སུམ་ཚོགས་པའོ། །ཆོས་འཛིན་པ་དང་མཚུངས་པ་ཞེས་བྱ་བ་ནི་རྡོ་རྗེ་དང་མཚུངས་པའོ། །ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི་ཐུགས་རྡོ་རྗེའོ། །
གསང་བ་པ་ཞེས་བྱ་བ་ནི་རིག་བྱ་བའོ། །བློ་ཞེས་བྱ་བ་ནི་རིག་པའོ། །རྡོ་རྗེ་འཛིན་དང་མཚུངས་པ་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ལྟ་བུར་རོ། །སེམས་ཅན་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་སེམས་ཏེ་དེའི་རྗེས་སུ་དྲན་པའོ། །སེམས་ཅན་ཀུན
ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་དེ་ཉིད་ནི་གསང་བ་རྣམས་མཉམ་པར་སྦྱོར་བའི་སྲོག་དང་རྩོལ་བའོ། །མཚན་ཞེས་བྱ་བ་ནི་འཛིན་པ་སྟེ་དེ་དག
འདིའི་ཡིན་པས་དེ་སྐད་ཅེས་བྱའོ། །མཁའ་དང་མཚུངས་པ་ཞེས་བྱ་བ་ནི་རྗེས་སུ་དྲན་པ་སྟེ། དེས་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །སྤྱོད་གྱུར་ཅིག་ཅེས་བྱ་བ་ནི་སྙིང་པོ་བསྡུས་པ་སྟེ་ཏིང་ངེ་འཛིན་ལ་དེ་སྐད་བྱའོ། །གྱུར་ཅིག་ཅེས་བྱ་བ་ནི་དེ་དང
འདྲ་བར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །སྔགས་ཐམས་ཅད་ཅེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་སྔགས་རྣམས་སོ། །གཟུགས་ཞེས་བྱ་བ་ནི་བསགས་པ་སྟེ་ས་བོན་གྱིས་དེ་རྣམས་བསྡུས་པ་དེ་ནི་སྔགས་ཐམས་ཅད་ཀྱི་གཟུགས་སོ། །དེ་ཉིད་ནི་སྐུ
དང་གསུང་དང་ཐུགས་ཀྱང་ཡིན་ཏེ་སྔགས་ཀྱི་རྣམ་པའི་སེམས་ནི་གསུང་དང་ཐུགས་ཡིན་ལ་དེ་ཡོངས་སུ་གྱུར་པའི་སྐུ་གང་ཡིན་པ་དེ་ནི་སྐུའོ། །དེ་ལྟ་བུའི་སྐུ་དང་གསུང་དང་ཐུགས་འདི་ལ་ཡོད་པའོ། །དེའི་རྗེས་སུ་དྲན་པའོ། །སྔགས
འཛིན་པ་དང་ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་བདག་ཉིད་འཛིན་པ་གང་ཡིན་པ་སྟེ། དེ་དང་འདྲ་བ་ནི་དེ་ལྟ་བུར་གྱུར་ཅིག་པའོ། །དེ་ལྟར་རྗེས་སུ་དྲན་པ་བཅུ་གཉིས་ཀྱིས་ཡན་ལག་དང་བཅས་པའི་མངོན་པར་རྟོགས་པ་བསྟན་ནས་གཞན་བཞིས་ནི་དེའི
དམ་ཚིག་སྟོན་པར་བྱེད་དེ་དམ་ཚིག་བཞི་ལས་བརྫུན་དུ་སྨྲ་བ་མ་གཏོགས་པའི་དམ་ཚིག་གོ་། དེའི་རྗེས་སུ་དྲན་པ་ནི་ཡིད་ལ་བྱེད་པའོ། །དེ་བས་ན་འདི་ནི་ཡིད་ཀྱི་དམ་ཚིག་གོ་།དམ་ཚིག་གིས་ཞེས་བྱ་བ་ནི་རིགས་ཀྱི་རིག་མ་དང་ཡང་དག་པར་སྦྱར
བས་སོ། །ཁུ་བ་ཅེས་བྱ་བ་ནི་ལྷ་དག་གི་བདུད་རྩིའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་ལྕེ་སྦྱང་བའི་རྩེ་མོར་རོལ་པས་སོ། །འབྲས་འདོད་པས་ཞེས་བྱ་བ་ནི་བྱང་ཆུབ་འདོད་པ་དང་ལྡན་པས་སོ། །བསད་ན་ཞེས་བྱ་བ་ནི་བཞུགས་ནའོ། །འདིར་ཡང་དང་པོར་འཁྲིག
དགའ་ཨི་བར་དུ་ནི། །བསད་དང་དེ་རྗེ་རྐུ་བ་སྟེ། །གསུམ་པོ་འང་ཡང་དག་མ་ཡིན་པར། །དེ་འདྲ་བརྗོད་ཕྱིར་དེ་སྐད་བརྗོད། །བརྫུན་དུ་སྨྲ་བ་ནི་དམ་ཚིག་བཞི་པ་སྟེ་དེ་ཡང་དེ་དང་འདྲ་བར་བརྗོད་པའི་ཕྱིར་དེ་སྐད་ཅེས་བྱའོ། །སྨྲ་བ་དེ་ཡང་ཡིད་དང་བརྗོད
པའི་དེ་ཡང་འཆད་པར་འགྱུར་བའི་རྗེས་སུ་དྲན་པ་གཉིས་ཡིན་པ་དེ་བས་ན་དེ་གཉི་ག་བརྗོད་པའི་དམ་ཚིག་ཡིན་ནོ། །རྣམ་པར་རྟོག་པའི་ཕ་རོལ་དང་རྣམ་པར་དག་པའི་ཕ་རོལ་ཏུ་བྱོན་པའི་ཤེས་རབ་གང་ཡིན་པ་དེ་ཉིད་ནི་འདིར་ཤེས་རབ་ཀྱི་ཕ་རོལ
ཏུ་ཕྱིན་པར་གཟུང་ངོ། །དེའི་དམ་ཚིག་ནི་ཐམས་ཅད་ཁྱབ་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་གོ་།དེའི་རྗེས་སུ་དྲན་པ་ནི་སོ་སོར་རྟོག་པ་དང་དམ་ཚིག་གོ་།ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །རང
བཞིན་གྱིས་ནི་འོད་གསལ་བ་ཉིད་ནི་རང་བཞིན་གྱིས་གཉིས་ཀྱིས་སྟོང་པའི་མཚན་ཉིད་ཅན་ཏེ་དྲི་མ་རྣམས་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། གང་གི་ཕྱིར་མ་སྐྱེས་པ་དང་ཟག་པ་མེད་པ་སྟེ་དེ་རྣམས་ཀྱི་རང་བཞིན་ནི་དེ་བཞིན
ཉིད་དེ་རྟག་ཏུ་དེ་བཞིན་དུ་གནས་པའི་ཕྱིར་རོ། །དེ་བས་ན་དེས་དེ་རྣམས་མ་སྐྱེད་པ་ཡིན་ཏེ་གཉིས་ཀྱི་རྒྱུ་མཚན་དུ་སྣང་པའི་རྣམ་པར་རྟོག་པའི་མཚན་ཉིད་དུ་མ་སྐྱེས་པའོ། །དེ་བས་ན་དེ་རྣམས་ཀྱི་རྒྱུ་མཚན་དྲི་མ་མེད་པ་ཡིན་ནོ། །ཟག་པ་རྣམས
ཀྱི་དྲི་མ་ཡང་ཡོད་པ་མ་ཡིན་ཏེ། ཟག་པ་རྣམས་ཀྱི་རྣམ་པར་རྟོག་པའི་ཁྱད་པར་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཐོག་མ་མེད་པ་ནས་གྲུབ་པའི་རང་བཞིན་ནི་ཇི་སྐད་དུ་བཤད
པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བས་ན་རང་བཞིན་འདི་ལ་བྱང་ཆུབ་མེད་ཅིང་ཐོབ་པར་བྱ་བའི་ཁྱད་པར་མེད་པའི་ཕྱིར་བྱང་ཆུབ་མེད་ན་ཡང་མངོན་རྟོགས་ཀྱང་མེད་ཁམས་ཀྱང་མེད་ཅིང་འབྱུང་བ་ཡང་མེད་པ་སྟེ་བྱང་ཆུབ་ཀྱི་ལས
མེད་ཅིང་བྱང་ཆུབ་ཀྱི་རིགས་མེད་ལ། བྱང་ཆུབ་ཏུ་སེམས་སྐྱེད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དྲན་པ་འདིས་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པ་ཡང་ལམ་དུ་བྱེད་དོ་སྐྱེས་པ་ནི་འཁོར་བའོ། །མ་སྐྱེས་པ་ནི་མྱ་ངན་ལས་འདས
པའོ། དེ་རྗེས་སུ་དྲན་པ་ནི་དུས་ཐམས་ཅད་དུ་རྗེས་སུ་འབྲང་བ་ཉིད་ཀྱིས་སོ་སོར་རྟོག་པ་དང་དམ་ཚིག་གོ་།ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །འོད་གསལ་བ་ཉིད་རང་བཞིན་ཡིན་ཏེ་སྟོང་པ་ཉིད་ཀྱི་མཚན་ཉིད
ཅན་གྱི་རང་བཞིན་ལ་ནི་ཀུན་ནས་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་དག་ཐམས་ཅད་ནི་མཚན་མེད་མི་འགྱུར་སྟེ། སྟོང་པ་ཉིད་ལ་ནི་གཉིས་ཀྱི་རྒྱུ་མཚན་ནས་བརྗོད་པར་སྣང་བ་མེད་དེ།
མཚན་ཉིད་ཇི་ལྟ་བ་བཞིན་དུ་ནི་བེམས་པོའི་ཕྱིར་དང་སྟོང་པ་ཉིད་ནི་དེར་སྣང་བའི་རྣམ་པར་རྟོག་པའི་མཚན་ཉིད་དུ་མ་སྐྱེས་པའི་ཕྱིར་རང་གི་མཚན་ཉིད་ཀྱིས་རྟག་པའོ། །དེ་ལས་ཅིར་འགྱུར་ཞེ་ན། གཉིས་མེད་གཉིས་སུ་མེད་མིན་ཞེས
བྱ་བ་ནི་གང་ལས་རྣམ་པར་རྟོག་པའི་མཚན་ཉིད་ཅན་གྱི་ཀུན་ནས་ཉོན་མོངས་པ་འདིར་འགྱུར་བའི་གཉིས་སུ་སྣང་བ་ཐམས་ཅད་མེད་དོ། །གཉིས་སུ་སྣང་བའི་གཉེན་པོའི་ལམ་ཐམས་ཅད་མེད་དེ་གནོད་བྱ་མེད་ན་གནོད་པ་ཅན་ཡང་མི་རུང
བའི་ཕྱིར་རོ། །འོ་ན་འདི་ཅི་ཡིན་ཞེ་ན། ཞི་ཞེས་བྱ་བ་གསུངས། ཀུན་ནས་ཉོན་མོངས་པ་རྣམས་ཐོག་མ་ནས་མ་སྐྱེས་པའི་ཕྱིར་ཞི་བ་སྟེ་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འོན་ཀྱང་ཇི་སྲིད་ཞི་བ་མེད་པ་དེ་སྲིད་དུ་ཀུན
ནས་ཉོན་མོངས་པ་ལས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བའི་ངེས་པར་མི་འགྲུབ་པོ་ཞེ་ན། ཤིན་ཏུ་དྲི་མེད་ཅེས་བྱ་བ་གསུངས་ཏེ། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ནི་ནམ་ཡང་མ་སྐྱེས་པ་དེ་ལྟར་ན་རྟག་ཏུ་ཀུན་ནས་ཉོན་མོངས
པ་མེད་པའི་ཕྱིར་ཤིན་ཏུ་དྲི་མ་མེད་པ་སྟེ་གཅིག་ཏུ་རྣམ་པར་བྱང་བ་ཡིན་ནོ། །དེ་བས་ན་ནམ་མཁའ་བཞིན་ཏེ་ཇི་ལྟར་ནམ་མཁའ་ཨི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་གྱི་སྔར་ཀུན་ནས་ཉོན་མོངས་པ་ཡིན་པ་ལས་ཕྱིས་རྣམ་པར་དག་པ་ནི་མ་ཡིན
པ་དེ་བཞིན་དུ་ཐམས་ཅད་རང་བཞིན་གྱིས་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དྲན་པ་འདིས་ནི་འཁོར་བ་ཡང་མྱ་ངན་ལས་འདས་པར་བྱེད་དོ། །གལ་ཏེ་འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་དང། མྱ་ངན་ལས་འདས་པ་རྟག་པ་ཡིན་ན་ཇི་ལྟར
སྔར་རྣམ་པར་རྟོག་པ་དང། ཀུན་ནས་ཉོན་མོངས་པ་རྣམ་པར་བཞག་ཅེ་ན། ཆོས་རྣམས་ཀྱི་རང་གི་མཚན་ཉིད་ལ་བརྟེན་པ་ཡིན་གྱི་ཆོས་ཉིད་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཆོས་ཉིད་ལ་མ་ཡིན་ཞེ་ན། དྲི་མ་རྣམས་ནི་དེའི་རང་བཞིན་མ་ཡིན་པ
ཉིད་ཀྱིས་དེ་ལ་གློ་བུར་བ་ཉིད་ཡིན་པའི་ཕྱིར་ཏེ་ནམ་མཁའ་ལ་མུན་པ་དང་ཁུག་རྣ་ལ་སོགས་པ་ལྟ་བུའོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་དང་མཆོད་པ་རྗེས་སུ་དྲན་པ་ཡང་སྐུལ་བའི་དམ་ཚིག་གོ། །ལོ་གྲངས་བཅུ་གཉིས་ཞེས་བྱ་བ་ནི་ཞེ་སྡང་གི
རིགས་ལ་ནི་དེ་ཉིད་ཐོས་པ་ཉིད་ཀྱི་ཕྱིར་རོ། །གཏི་མུག་གི་རིགས་ལ་ནི་ལོ་གྲངས་བཅུ་དྲུག་པར་སྔར་བཤད་པ་ཉིད་ཡིན་ནོ། །འདོད་ཆགས་ཀྱི་རིགས་ལ་ནི་ཉི་ཤུ་པ་ཡིན་པར་བརྒྱད་པ་ལས་འཆད་པར་འགྱུར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སེམས་ནི
རབ་བརྟན་པ་ཞེས་བྱ་བ་ནི་མཉམ་པར་བཞག་པའོ། །རིགས་རྣམས་ལ་སྦྱོར་བས་དེ་རྣམས་ཀྱི་དབྱེ་བ་སྟེ་ཞེ་སྡང་དགའ་མ་ལ་སོགས་པའི་སྦྱོར་བས་བསམས་ལ་ཞེས་བྱ་བའི་དོན་ཏོ། །རྙེད་ཅེས་བྱ་བ་ནི་འདིར་བསམ
གཏན་གྱིས་བྱས་པ་ཡང་རྙེད་པར་བཞེད་དེ་ཕྱིའི་རྙེད་པ་ཁོ་ནར་ངེས་པ་ནི་མ་ཡིན་ནོ། །ཕྱིའི་རྙེད་པས་ཉེས་པ་མེད་པ་ལ་ནི་ངེས་པ་མེད་པའི་ཕྱིར་དང་དམ་ཚིག་ལས་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཇི་སྟེ་མཆོག་གི་བསྙེན་པ
འབའ་ཞིག་གིས་ཅི་ཐོབ་ཅེ་ན། འདིས་ནི་ཞེས་བྱ་བ་སྟེ། བསྙེན་པ་ཉམས་སུ་བླངས་པས་སོ། །དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་བ་ནི་སྐུ་རྡོ་རྗེའོ། །ཇི་སྟེ་བསྙེན་པའི་མཐར་ཐུག་པས་དམན་པའི་དངོས་གྲུབ་ཇི་ལྟར་འགྲུབ་ཅེ་ན། སྐུ
དང་གསུང་དང་ཐུགས་ཀྱང་འགྲུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གཞན་ཞེས་བྱ་བ་ནི་སྐུ་ལ་སོགས་པ་བསྟན་མ་ཐག་པ་ལས་གཞན་གང་ཡིན་པ་རྣལ་འབྱོར་དམན་པ་ལས་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ན་དམན་པ
ལ་འབྱུང་སྟེ་མི་སྣང་བའི་དངོས་གྲུབ་ལ་སོགས་པའོ། །བཤད་པའི་རྣམས་ནི་གསུངས་པ་རྣམས་སོ། །འགྲུབ་པར་འགྱུར་ཞེས་བྱ་བ་ནི་དེ་རྣམས་འགྲུབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་བསྙེན་པ་ནན་ཏན
དུ་བྱེད་པ་ཅན་ནོ། །ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། བཟླས་པ་ལེའུ་གསུམ་པ་ལས་འཆད་པར་འགྱུར་པ་གང་ཡིན་པ་དེས་འགྲུབ་པར་འགྱུར་རོ། །སྔགས་ཀྱི་སྤྱོད་པ་ཉིད་མཆོག་སྟེ་ཐབས
དང་པོ་ཡིན་ལ། དེ་གསལ་བར་བྱེད་པའི་ལེའུ་ནི་སྔགས་ཀྱི་སྤྱོད་པའི་མཆོག་གི་ལེའུའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བདུན་པའོ།། །།ཐབས་གསུམ་པོ་ནི་སྒྲུབ་པ་པོའོ། །དེ་ལ་མཆོད
པའི་ཆོག་རྒྱས་པ་ཡང་དམ་ཚིག་ཡིན་ལ་དེ་ནི་ལེའུ་འདིའི་དོན་ཡིན་ནོ། །དེ་བརྩམས་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་སངས་རྒྱས་ལས་ལ་མཆོད་པ་ནི་སྦྱིན་པའི་མཆོག་ཡིན་ཏེ་དེ་ཡང་དབང་ཕྱུག་ལས
ཡིན་ནོ། །དེ་ལ་དབང་ཕྱུག་ནི་དཀོན་མཆོག་དཔལ་ལོ། །རྡོ་རྗེ་འཆང་བ་ནི་དབང་ཕྱུག་དམ་པའོ། །དེ་བས་ན་དེ་ཉིད་ནི་འདི་ལ་འདིར་གསོལ་བ་འདེབས་པ་ཡིན་ནོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི
བདག་པོ་ཡིན་པ་དེ་ཉིད་ཀྱི་ཕྱིར་དབང་ཕྱུག་དམ་པའོ། །དེ་ལ་འདིར་བསྟོད་པ་དང་པོ་ནི་རྒྱུ་ཉིད་ཡིན་ལ་གཉིས་པ་དང་གསུམ་པ་ནི་མ་ཡིན་ཏེ་འབྲས་བུ་ཉིད་ཀྱིས་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཚུལ་ཐ་དད་པའི་ཕྱིར་རོ།།
བཞི་པ་ནི་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཀྱིས་སོ། །དེ་ལ་སངས་རྒྱས་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔ་སྟེ། སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་དང་འཇིག་རྟེན་ལས་འདས་པ་དང་ཀུན་ཏུ་བཟང་པོ་དང
མཆོད་པའི་མཆོག་གོ་། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་རྡོ་རྗེ་ནི་བྱང་ཆུབ་སྟེ། དབྱེར་མི་ཕྱེད་པ་དང་རིན་ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་སེམས་དཔའ་ནི་དགོངས་པའོ། །ཐེག་པ་ཆེ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས
འཇུག་པ་ཆེན་པོའོ། །ནམ་མཁའ་ཨི་སྤྱོད་པ་རྣམ་པར་སྦྱོང་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་སེམས་ཀྱི་སྤྱོད་པ་ནམ་མཁའ་ཨི་མཐར་ཐུགས་པ་རྣམ་པར་སྦྱོང་བའོ། །འདི་ལ་ཀུན་ཏུ་བཟང་པོ་མངའ་བས་ན་ཀུན་ཏུ་བཟང་པོ་སྟེ། འདིའི་སྐུ
ཐམས་ཅད་སེམས་ཅན་གྱི་དོན་གྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཆོད་པའི་མཆོག་ཅེས་བྱ་བ་ནི་འདི་ལས་སངས་རྒྱས་ཀྱི་མཆོད་པའི་མཆོག་ཡིན་པ་དེ་ལྟར་ན་མཆོད་པའི་མཆོག་གོ་།རྒྱལ་བ་རྣམས་ཀྱི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རྒྱལ་མཆོག་གོ་།བཤད
པ་དང་གསུང་བ་དང་བསྟན་པ་ཞེས་བྱ་བ་ནི་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ཏེ། དེ་ཡང་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ཡང་སྐུ་དང་གསུང་དང་ཐུགས་ཀྱི
མཆོག་ཏུ་རྒྱ་ཆེ་བ་དང་ཟབ་པ་ཡོངས་སུ་དག་པ་ཡིན་ནོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ་ཞེས་བྱ་བ་ལ་ཆེ་ཞེས་བྱ་བའི་སྒྲ་ནི་ལྷན་ཅིག་སྤྱོད་པ་ཡིན་པའི་ཕྱིར་གསུམ་ཆར་ཡང་སྦྱར་བར་བྱའོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བག
ཆགས་ཟད་པའི་ཕྱིར་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་རྒྱས་པ་ཉིད་ཀྱི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པས་འབད་རྩོལ་མེད་པར་སྐུ་མཛའ་ཡས་པར་སྤྲུལ་པ་ནི་གཏི་མུག་ཆེན་པོ། །རང་བཞིན་གྱིས་འོད་གསལ
བ་ཆོས་ཉིད་ཀྱི་ཐུགས་ལ་བློ་བུར་བའི་སྒྲིབ་པ་ཐམས་ཅད་ཟད་པ་ནི་ཞེ་སྡང་ཆེན་པོའོ། །ཆོས་ཐམས་ཅད་རོ་གཅིག་རྗེས་སུ་བསྟར་བ་དང། དེའི་རྒྱུ་མཐུན་པ་རྣམ་པ་ཐམས་ཅད་ཡོངས་སུ་གཅོད་པ་དང་གསུང་དང་གཡོ་འགུལ་ནི་འདོད་ཆགས་ཆེན་བོ་སྟེ
འདི་ནི་རྒྱ་ཆེ་བའོ། །ཟབ་མོའི་ནམ་མཁའ་ཨི་དབྱིངས་དང་མཚུངས་པའི་མཆོག་ཅེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ནམ་མཁའ་ཨི་དབྱིངས་དང་མཚུངས་པའི་མཆོག་སྟེ། དམ་པར་གྱུར་པའི་སྐུ་དེ་འདི་ལ་མངའ་པས
ན་དེ་སྐད་ཅེས་བྱའོ། །དེ་ནིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ནི་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཐེག་པ་ནི་ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་རབ་ཏུ་སྟེར་བ་སྟེ། དེའི
འབྲས་བུ་རབ་ཏུ་རྩོལ་པར་མཛད་པ་འདི་ལ་མངའ་བ་ཉིད་ཀྱི་ཕྱིར་རྡོ་རྗེ་ཐེག་པ་རབ་ཏུ་སྟེར་བའོ། །གཞུང་ལ་ལ་ལས་ནི་རབ་ཏུ་འཇུག་པ་ཞེས་འབྱུང་སྟེ། དེ་ལ་ནི་རྡོ་རྗེ་ཐེག་པ་ལ་འཇུག་པར་མཛད་པ་མངའ་བས་ན་ཞེས་པར་ཚིག་རྣམ་པར་སྦྱར་རོ།
སངས་རྒྱས་ཀྱི་གནས་ཉིད་ཡིན་པས་ན་རྒྱལ་གཞིའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པས་བསྟོད་པའི་ཕྱིར་ཐར་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐར་པའི་ལམ་ནི་ཐེག་པ་གསུམ་གྱི་ལམ་ཡིན་ཏེ་བྱང་ཆུབ་རྣམ་པ་གསུམ་ནི
ཐེག་པ་གསུམ་ཡིན་ལ་དེ་ནི་ཐར་པའོ། །དེའི་ལམ་ནི་ལམ་དུ་གྱུར་པའོ། །དེ་ཐོབ་པར་བྱེད་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་ནི་ལམ་དངོས་ཡིན་ལ་འདིར་ནི་ལམ་གསལ་བར་བྱེད་པའི་ཚིག་ལ་ལམ་ཞེས་བྱའོ། །དེ་རབ་ཏུ་སྟོན་པ་ནི
འབྱིན་པར་མཛད་པའོ། །ཐེག་པ་གསུམ་གྱི་ལམ་ལ་གནས་ཞེས་བྱ་བ་ནི་ལམ་དངོས་ལ་འཇིག་རྟེན་པ་འཇུག་པར་མཛད་པ་སྟེ་དེ་སྟོན་པར་མཛད་པས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཚུལ་དེ་སྐྱེ་བའི་ཕྱིར་རོ། །དེ་བས་ན་གདུལ་བྱ་རྣམས་ལ
སངས་རྒྱས་རྣམས་ཀྱི་སྐལ་བ་བཟང་པོ་སྟོན་པ་ལ་དགའ་བ་གང་ཡིན་པ་དེ་བྱེད་པ་ཉིད་ཀྱི་ཕྱིར་སངས་རྒྱས་སྐལ་མཆོག་གོ་། དུལ་བ་དང་མ་དུལ་བ་རྣམས་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་མངའ་བས་ན་དག་པའི་བདག་གོ་།དེ་ལྟར་ན་སྐྱེས
བུ་དམ་པའི་བླ་ན་མེད་པའི་ཆོས་དང་ལྡན་པས་ན་མི་མཆོག་གོ་། བྱང་ཆུབ་སེམས་ཞེས་བྱ་བ་འདི་ནི་བརྡོར་བརྟགས་པའི་བྱང་ཆུབ་ཀྱི་སེམས་སོ། །རྒྱས་པའི་སྤྱན་ཞེས་བྱ་བ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེས་ཆོས་ཐམས་ཅད་དོན་དམ
པའི་ཚུལ་དུ་གཟིགས་པར་མཛད་པའི་ཕྱིར་རོ། །འདི་ཙམ་གྱིས་ནི་རྒྱུ་ཉིད་གསུངས་པ་ཡིན་ནོ། །ཆོས་ནི་ལམ་ཡིན་ལ་དེ་ཉིད་ནི་ཆོས་ཨིཀྱི་འཁོར་ལོ་རབ་བསྐོར་བ་ཅེས་བྱ་བ་ཡིན་ཏེ། གདུལ་བྱ་རྣམས་ཀྱི་རྒྱུད་ལ་འཕོ་བར་བྱེད་པའི་དོན་གྱིས་ན་དེ
ཉིད་ནི་འཁོར་ལོ་ཏེ་འཇིག་རྟེན་དུ་རབ་ཏུ་བསྐོར་བའོ། །འདི་ཙམ་གྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །འདི་ལ་སྐུ་དང་གསུང་དང་ཐུགས་རྣམ་པ་ཐམས་ཅད་དུ་དགེ་བ་མངའ་བས་ན་དེ་ཉིད་ནི་འཁོར་ལོ་ཏེ། འདི་ཙམ་གྱིས་ནི་རང
གི་དོན་ཕུན་སུམ་ཚོགས་པའོ། །དེ་ལྟར་ན་སངས་རྒྱས་རྣམས་གང་གིས་གཤེགས་པ་དང་གང་དུ་གཤེགས་པའི་ལམ་དང་འབྲས་བུ་དེ་དག་ནི་ཐེག་པ་སྟེ་མི་ཟད་པའི་རིན་པོ་ཆེ་ཉིད་ཡིན་པས་ན་རྡོ་རྗེ་ཡང་དེ་ཡིན་ལ་ཐེག་པ
ཡང་ཡིན་པ་དེ་ལྟར་ན་རྡོ་རྗེ་ཐེག་པ་ལའོ། །དེ་ནས་ཞེས་བྱ་བ་ནི་གཉི་ག་ལ་སྟེ་དེ་ནས་མཆོད་པ་བཤད་དོ་ཞེས་བྱ་བར་སྦྱར་རོ། །སུས་བཤད་ཅེ་ན། རྡོ་རྗེ་རིན་ཆེན་འཛིན་ཏེ་མཆོག་དང་པོའོ། །དེ་ཡང་འདིའི་རྡོ་རྗེ་ནི་དགའ་བ་སྒྲུབ་པར་བྱེད
པ་ཉིད་ཀྱི་ཕྱིར་རིན་ཆེའོ། །རྒྱལ་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་དྲུག་ནི་འདི་ཉིད་ཀྱི་ཁྱད་པར་ཡིན་ནོ། །མཛེས་པས་ན་རྒྱལ་པོ་སྟེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །མི་བསྐྱོད་པའི་རང་བཞིན་ཉིད་ཡིན་པས་ན་རྡོ
རྗེ་འཛིན་པའོ། །ནམ་མཁའ་ཐམས་ཅད་འདི་ལ་མངའ་བས་ན་ཐམས་ཅད་ནམ་མཁའ་སྟེ། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཤིན་ཏུ་མི་ཟད་པས་ན་མི་འགྱུར་ཆེ་སྟེ་ཚེ་དཔག་ཏུ་མེད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །
འདི་ལས་ཐམས་ཅད་དབང་བསྐུར་བའི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤྲིན་རྣམས་ཐམས་ཅད་ཀྱི་དོན་འབྱུང་བ་དེ་ལྟར་ན་དབང་བསྐུར་གྱི་དོན་ཏོ། །དོན་ཡོད་གྲུབ་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འདི་དག་ཐམས་ཅད་ཀྱི་བདག་ཉིད་འབའ་
ཞིག་ཡིན་པར་མ་ཟད་ཀྱི། འོན་ཀྱང་རྒྱུར་གྱུར་པ་ཉིད་ཀྱི་དབང་ཕྱུག་ཀྱང་ཡིན་པས་ན་ཀུན་དབང་ངོ། །འདིར་མཆོད་པའི་ཁྱད་པར་རྣམ་པ་ལྔ་གསུངས་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཞིང་གི་ཁྱད་པར་སྟེ་དེ་རྣམས་ལ་འདིར་མཆོད་པ
ཉིད་ཡིན་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་འདིར་རྒྱ་ཆེ་བའི་ཁྱད་པར་ཡིན་ཏེ། ཐམས་ཅད་ལས་དམ་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་གནས་པ་ཞེས་བྱ་བ་ནི་ཟབ་པའི་ཁྱད་པར་ཡིན་ཏེ། འདིར་ནི་མཆོད་པའི་རྫས
ཐམས་ཅད་ནི་རྡོ་རྗེ་གསུམ་མི་ཕྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་བསྡུས་པར་གྱུར་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རོ་གཅིག་པའི་དེ་ཁོ་ན་ཉིད་དེ་བཞིན་བརྡར་བྱས་པའི་ཕྱིར་རོ། །དེ་ལ་གནས་པ་ནི་དེ་ལ་དམིགས་པའི་བདེ་བ
དང་ཡིད་བདེ་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་སྐལ་མཆོག་ཅེས་བྱ་བའི་ལས་ཀྱི་ཁྱད་པར་ཏེ་འདི་ལས་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྐལ་བ་མཆོག་ཡོད་ཅིང་དེ་ཚིམ་པར་མཛད་པས་ན་དེ་སྐད་ཅེས་བྱའོ། །
རྒྱལ་བ་འབྱུང་བར་འགྱུར་ཞེས་བྱ་བའི་རྒྱུའི་ཁྱད་པར་སྟེ་རྒྱལ་བ་རྣམས་ལས་འདི་འབྱུང་བ་ཡིན་ཞིང་དེ་རྣམས་ཉིད་ཀྱིས་དེ་ལྟར་མཛད་པའི་དམ་ཚིག་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་ན་འབྲས་བུའི་ཁྱད་པར་སྟེ། འདི་ལས་རྒྱལ་བ་རྣམས
འབྱུང་བ་ཡིན་པའི་ཕྱིར་རོ། །ན་ཆུང་ཞེས་བྱ་བ་ལ་སོགས་པ་མཆོད་པའི་གཙོ་བོའི་བསྐབས་འབྱེད་པ་ཡིན་ཏེ། རབ་ཏུ་རྟག་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། མཆོད་པ་ཞེས་བྱ་པའི་སྐབས་དང་སྦྱར་རོ། །ན་ཆུང་གཞོན་ནུ་ཞེས་བྱ་བ་ནི་བུད
མེད་དོ། །ལོ་གྲངས་ཉི་ཤུ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རིགས་ལ་ནི་ལོ་ཉི་ཤུ་པའོ། །གཏི་མུག་གི་རིགས་ལ་ནི་ལོ་གྲངས་བཅུ་དྲུག་པ་དང་ཞེ་སྡང་གི་རིགས་ལ་ལོ་གྲངས་བཅུ་གཉིས་པ་སྟེ། ལེའུ་བདུན་པ་ལས་དེ་སྐད་དུ་གསུངས་པ་ཉིད
ཀྱི་ཕྱིར་རོ། །གཞོན་ནུ་སྨོས་པ་ནི་ན་ཚོད་གཙོ་བོར་བསྟན་པའི་དོན་ཏོ། །རིགས་རེ་རེ་ལ་རེ་རེ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ལྔ་ཞེས་བྱ་བ་གསུངས་ཏེ་དེའི་ཕྱིར་བྱོལ་སོང་ལས་ཀྱང་སྔ་བཟུང་བར་བྱ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་རིགས
རེ་རེ་ལ་བུ་མོ་ལྔ་བློངས་ནས་བརྟག་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །ན་ཆུང་གཞོན་ནུ་རྣམས་ཞེས་བྱ་བ་ནི་ཇི་ལྟར་ཡིན་ཞེ་ན། དོན་གྱི་ཚིག་རྣམ་པར་བསྒྱུར་བའི་ཕྱིར་རོ། །རིགས་རེ་རེ་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན། དུད་འགྲོ་ལས་ཀྱང་ཞེས་བྱ་བ་མང་པོ
པའི་ཚིག་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་ན་ཚོད་གཙོ་བོར་གྱུར་པའི་འདོད་ཆགས་ཀྱི་རིགས་ལ་བུ་མོ་ལོ་ཉི་ཤུ་པ་དང་དེའི་ཡང་གཡོན་གྱི་ལོག་ལ་བཞི་སྟེ་ལོ་བཅུ་དྲུག་པའི་བར་དུའོ། །ཞེ་སྡང་གི་རིགས་ལ་ལོ་གྲངས་བཅུ
གཉིས་པ་དང་དེའི་ཡང་གཡས་ཀྱི་ལོགས་ལ་བཞི་སྟེ་ལོ་བཅུ་དྲུག་པའི་བར་དུའོ། །གཏི་མུག་གི་རིགས་ལ་བུ་མོ་ལོ་བཅུ་དྲུག་པ་དང་དེའི་ལོགས་གཉིས་ལ་བཅུ་བཞི་པ་དང་བཅོ་ལྔ་པ་གཉིས་དང་བཅུ་བདུན་པ་དང་བཅོ་བརྒྱད་པ་གཉིས་སོ། །
དེ་ལྟར་བྱས་ན་རིགས་གསུམ་ལ་ལོ་གྲངས་བཅུ་དྲུག་པ་མཆོག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་རུ་བཅུ་དྲུག་པ་གསུངས་པ་ཡིན་ནོ། དང་པོར་གནས་དང་བདག་དང་རིག་པའི་སྦྱང་བ་གསུངས་པས་ཕྱོགས་ཞེས་བྱ་བ
ནི་བསམ་གཏན་གྱི་གནས་སོ། །གཙང་ཞིང་ཞེས་བྱ་བ་ནི་སྦྱངས་པའོ། །རྣམ་པར་དབེན་པ་ཞེས་བྱ་བ་ནི་སྐྱེ་བ་མེད་པའོ། །རྒྱལ་བ་ཉིད་སྐྱེས་ཞེས་བྱ་བ་ལ་རྒྱལ་བ་རྣམས་ཀྱིས་བདག་ཉིད་དེ་བཞིན་ཉིད་དེ་ལས་སྐྱེས་པ་སྟེ་བྱང་ཆུབ་ཀྱི
སེམས་ཀྱི་བདག་ཉིད་ཐབས་ཀྱི་ལུས་ཞེས་བྱ་བའི་དོན་ཏོ། །ཞི་བ་དགེ་བའི་གནས་རྣམས་སུ་ཞེས་བྱ་བ་ལ་རྣམ་པར་རྟོག་པ་དེ་རབ་ཏུ་ཞི་བའི་ཕྱིར་དང། ཀུན་ཏུ་བཟང་པོ་ཉིད་ཡིན་པའི་ཕྱིར་ཞི་དགེ་སྟེ་བྱང་ཆུབ་ཀྱི་སེམས་སོ། །དེའི་གནས་ནི
དམིགས་པར་བྱ་བ་སྟེ། དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ལུས་ཞེས་བྱ་བའི་དོན་ཏོ། །གསུམ་པོ་དེ་དག་ལ་བྱུང་བར་བྱའོ། །འམ་གྱི་སྒྲ་ནི་བྱུག་པ་འམ་སྨོས་པ་ཅི་རིགས་པར་རོ། །གང་གིས་ཤེ་ན། བཤང་གཅི་ལ
སོགས་པ་བསྲེས་པ་དག་གིས་སོ། །སོགས་པའི་སྒྲས་ནི་གཉི་ག་ལ་ཡང་སྦྱར་བར་བྱ་སྟེ། སྦྱངས་པའི་བཤང་གཅི་ལ་སོགས་པ་ཉུང་དུ་ནི་དམ་ཚིག་གི་དོན་ཡིན་ལ་ཆུ་དང་ཙན་དན་ལ་སོགས་པ་ཤིན་ཏུ་མང་བ་ནི་དྲི་ཞིམ་པའི་དོན་ཏོ། །
རྟག་པར་ཞེས་བྱ་བ་ནི་ཉིན་རེ་རེའོ། །སྤྱན་ལ་སོགས་པར་བསྒོམས་ལས་རིག་པ་བསྐྱེད་དེ་སྦྱང་བ་གང་ཡིན་པ་དེ་ནུ་མའི་དབུས་ཞེས་བྱ་བ་ལ་སོགས་གསུངས་པ་ལ་རིགས་ལྔ་རྣམས་ནི་ཞེས་བྱ་བ་ནི་རིགས་ལྔ་པོ་རྣམས་ནིའོ། །ཅི་སྐུའི་རང
བཞིན་ཡིན་ནམ་མ་ཡིན་ཞེ་ན། རྒྱལ་བའི་སྲས་ཞེས་བྱ་བ་གསུངས་ཏེ། རྒྱལ་བའི་བདག་ཉིད་སྐྱེ་བ་འདི་རྣམས་ལ་ཡོད་པས་ན་རྒྱལ་བའི་སྲས་ཏེ་རྒྱལ་བའི་ས་བོན་ལས་ཞེས་བྱ་བའི་དོན་ཏོ། །ཆོ་ག་ཅེས་པ་ནི་རིགས་པ་ཤེས་པའོ། །དེ་ལ
རིགས་པ་ནི་འདི་ཡིན་ཏེ་སྤྱི་གཙུག་གི་མཛའ་ནི་སྤྱི་བོའི་རྩེ་མོ་ཏེ་དེའི་དབུས་ནས་ནུ་མའི་དབུས་ཀྱི་བར་དུ་ཡི་གེ་ཨོཾ་སྤྲོ་བའི་ཚུལ་གྱིས་དགོད་པར་བྱའོ། །ནུ་མའི་དབུས་ནི་སྙིང་ག་སྟེ་དེའི་ཚུ་རོལ་ཐམས་ཅད་དུ་ཞེས་བྱ་བའི་དོན་ཏོ། །ནུ་མའི་དབུས
ནས་ལྟེ་བའི་བར་ལ་ཡི་གེ་ཧཱུཾ་དགོད་པར་བྱའོ། །ལྟེ་བ་ནས་རྐེད་པ་དང། གསང་བའི་བར་ལ་ཡི་གེ་སྭཱ་དགོད་པར་བྱའོ། །རྐང་པ་དང་གསང་བ་ནས་རྐང་པའི་བར་ཚུན་ཆད་དུ་ཡི་གེ་ཨཱདགོད་པར་བྱའོ། །འདིར་རྐང་པའི་སྒྲས་ནི་རྐང་པའི་མཐིལ་ནས་བླ་རྩའི་གང་གྱི་ལུས་ཀྱི་ཡན་ལག་རྣམས་བཟུང་སྟེ་དཔེར་ན་རྐང་པ་གཡས་པ་བསྐུམ་པ་ཞེས་བྱ་བ་ལ་སོགས་པའི་རྐང་པའི་སྒྲ་ལྟ་བུའོ། །རྐང་པའི་ཉིད་ལས་བརྩམས་པའི་བར
ནི་མཐར་ཐུག་པ་སྟེ་རྐང་པའི་བར་རོ། །པདྨ་དང་ནོར་བུ་སྦྱང་བ་ནི་ལེའུ་གཞན་དག་ལ་ཤེས་པར་བྱའོ། །བྱུག་པའི་རྗེས་ཐོགས་ཉིད་ལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་མོས་པར་བྱས་ལ་ད་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བྱ་བ་གང་ཡིན
པ་དེ་ནི་ནམ་མཁའ་ཨི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ནམ་མཁའ་ཨི་དབྱིངས་ནི་ཆོས་འབྱུང་བའི་རྣམ་པའི་རྡོ་རྗེ་འཆང་ངོ། །དེའི་དབུས་སུ་གནས་པ་ནི་ཁོང་སྟོང་ཐམས་ཅད་ཁྱབ་པའོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་དང
རྡོ་རྗེ་སྟེ་མཚན་མ་བཞིའི་རྣམ་པའི་ཡེ་ཤེས་ཀྱི་ས་འོད་ཟེར་དཀོད་པའོ། །དེ་ནས་ཡེ་ཤེས་ཀྱི་རྒྱ་མཚོ་སྤྲོ་བར་བྱ་བའི་ཕྱིར་ཅི་ཞིག་བསྒོམ་པར་བྱ་ཞེ་ན། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་སྙིང་གར་ཞེས
བྱ་བ་ནི་ཆོས་འབྱུང་བར་ཏེ་ཆོས་འབྱུང་པའི་ནང་དུ་ཆུད་པའི་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཅེས་བྱ་བ་ནི་ཡི་གེ་བྷྲུཾ་གྱི་རྣམ་པའི་ཡིད་དེ། ཡི་གེ་བྷྲུཾ་གྱི་དེ་ཉིད་ལས་ཡེ་ཤེས
ཀྱི་རྒྱ་མཚོ་སྤྲོ་བར་བྱའོ། །ཞེས་བྱ་བར་དགོངས་སོ། །འདི་དག་ཐམས་ཅད་ནི་སེམས་ཙམ་ཡིན་ནོ་ཞེས་རྟོགས་པས་ནམ་མཁས་པའོ། །བསྡུ་བ་དག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རྒྱ་མཚོའི་བསྡུ་བའོ། །བསྡུ་བ་ཅི་འདྲ་བ་ཞིག་ཅེ་ན་ཞི་བ
རྡོ་རྗེ་འཛིན་འདོད་ན་ཞེས་བྱ་བ་སྟེ་ནམ་མཁའ་ཨི་དབྱིངས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་འཛིན་པའི་འདོད་པ་གང་ཡིན་པ་ནི་ས་ལ་སོགས་པའི་ཁམས་བཞིའི་ལྷ་མོའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །མཚན་མ་དེ་རྣམས་ལྷ་མོ་བཞིའི་དངོས་པོར
ཡོངས་སུ་བསྒྱུར་ནས། བསྡུ་བར་བྱ་སྟེ་གཞལ་ཡས་ཁང་གི་འབྱུང་བ་ཆེན་པོ་བཞིར་གྱུར་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་དེ་ལྟར་བསྡུས་པའི་ཡེ་ཤེས་ཀྱི་རྒྱ་མཚོའོ། །གནས་ཏེ་བཞུགས་གནས་སུ་རྣམ
བར་བསམ་མོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྟེ་དེའི་དོན་གྱི་བཞི་པའོ། །མཆོད་རྟེན་ལ་ཞེས་བྱ་བ་ནི་གཞལ་ཡས་ཁང་ལའོ། །རིན་ཆེན་སྣ་བཞི་ཞེས་བྱ་བ་ནི་ལྷ་མོ་བཞིའི་རང་བཞིན་ནོ། །འོད་ཟེར་ཕྲེང་བ་ནི་ཁ་དོག་ལྔ་བ
སྟེ་ནོར་བུ་ཁ་དོག་སྣ་ལྔའི་གཟུགས་སུ་ཡོངས་སུ་གྱུར་པ་འབྱུང་བ་བསྡུས་པའི་གཞལ་ཡས་ཁང་གི་རྣམ་པར་འཇོག་པའི་ཕྱིར་རོ། །བདག་གི་ནི་དཀྱིལ་འཁོར་གྱི་བདག་པོར་གྱུར་པའི་སྒྲུབ་པོ་རང་ཉིད་ཀྱི་སྟེ་དེའི་བ་སྤུའི་འོ། །དེ་རྣམས་ཀྱི
ཚོགས་ནི་ཕུང་པོ་སྟེ་དེའི་བུ་ག་ནས་ཞེས་བྱ་བའི་དོན་ཏོ། །མཁས་པས་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །མེ་ཏོག་གི་མཆོད་པ་ནི་མཁས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མེ་ཏོག་ཅེས་བྱ་བའི་མིང་གིས་ནི་ལྷ་མོ་དགུའི
ནམ་མཁའ་ཨི་དབྱིངས་སྟོན་པ་ཡིན་ཏེ། དེ་ནི་མེ་ཏོག་དང་འདྲ་བར་ཁ་བྱེ་བ་དང་ཟུམ་པ་དང་སྦྲང་རྩི་དང་རྡུལ་དང་དྲི་ཞིམ་པ་དང་ཤིན་ཏུ་མཉེན་པ་དང་ལྡན་པའི་ཕྱིར་ཏེ་དེ་ལ་ལྷ་མོ་དགུའི་ནམ་མཁའ་ཨི་དབྱིངས་མེ་ཏོག་ཅེས་ནི་བྱ་བར་བཤད་ཅེས་གསུངས
པའི་ཕྱིར་རོ། །ཽཏཔ་ལ་དག་དང་ཞེས་བྱ་བ་ནི་དགའ་མ་བཞི་པོ་གང་ཡིན་པའོ། །དེ་ཇི་ལྟར་ན་ཨཽཏཔ་ལ་ཡིན་ཞེ་ན། སྐྱེས་པ་དེ་ཉིད་ཀྱིས་མཚོན་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །པདྨ་རྣམ་པ་ལྔར་ཞེས་བྱ་བ་ནི་འདོད་པའི་ལྷ་མོ་གང་ཡིན་པའོ། །
དེ་ཇི་ལྟར་ན་པདྨ་ཡིན་ཞེ་ན། གཏི་མུག་ལ་སོགས་པ་སྐྱེ་བའི་གནས་ཉིད་ཡིན་པའི་ཕྱིར་རོ། །གཟུགས་སྒྲ་ལ་སོགས་འདོད་པ་རྣམས། །བདེ་སྡུབ། །ཉིས་ཀྱི་བདག་ཉིད་ཅན། །རྟག་ཏུ་སྙིང་ལས་སྐྱེ་བར་འགྱུར། །འདོད་ཆགས་ཞེ་སྡང་མུན་པ་འབྱུང།།
ཞེས་བྱ་བ་ལེའུ་བཅོ་བརྒྱད་པ་ལས་གསུངས་སོ། །ཤེས་བྱ་ཞེས་བྱ་བ་ནི་སྤྲུལ་ནས་སོ། །དེ་གཉི་ག་ལྷ་རྣམས་ལ་ནི་དབུལ་བར་བྱ་སྟེ། རིགས་ཀྱི་དབྱེ་བས་དབུལ་བར་བྱའོ། །མཁས་པས་ཞེས་བྱ་བ་ནི་མེ་ཏོག་རང་ལྷན་པ་རྣམས་ཡང་དག་པར་སྦྱར
བས་ཡང་དག་པར་མེ་ཏོག་དབུལ་བའི་ཕྱིར་རོ། །ཛཱ་ཏི་ཞེས་བྱ་བ་ནི་པདྨ་ལྔ་པ་སྟེ་འདི་ལས་གཏི་མུག་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །རྣམ་གསུམ་བྱས་ན་ནི་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་བ་དང་གཉི་ག་བསྐྱེད་པ་ཉིད་ཀྱིས་འདོད་ཆགས་དང་ཞེ
སྡང་དང་གཏི་མུག་གི་རིགས་ལ་གོ་རིམ་བཞིན་དུ་དབུལ་བར་བྱའོ། །ཽཏཔ་ལའི་གྲངས་མ་གསུངས་པ་དེ་ནི་མེ་ཏོག་ཀར་ནི་ཀ་དང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་ང་ལ་བཞུ་བ་བས་ནམ་ལི་ཀ་ནི་མཱ་མ་ཀཱི་སྟེ་དེ་ནི་མེ་ཏོག་ཡིན་ནོ་ཞེས་བྱ་བའི
དོན་ཏོ། །མེ་ཏོག་ལྷག་མ་རྣམས་ནི་དགའ་མ་ལྷག་མ་རྣམས་ཀྱི་ཡིན་ཏེ་ཁ་དོག་མཐུན་པའི་ཕྱིར་རོ། །མཆོད་པའི་དཀྱིལ་འཁོར་འདི་ལ་མདོར་བསྡུས་པ་ལ་དགའ་བ་རྣམས་ཀྱི་ཕྱིད་ཚད་མདོར་བསྡུས་པ་དང་ལྷ་རྣམས
ཀྱི་དགོད་པ་བསྟན་པའི་ཕྱིར་དཔག་ཚད་རྒྱའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །རིགས་རྣམས་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་ལྷག་མ་རྣམས
ཀྱིའོ། རྟག་པར་ཞེས་བྱ་བ་ནི་འཁོར་གྱི་དངོས་པོར་རོ། །ནའི་སྒྲ་ནི་ངེས་པར་བཟུང་བ་སྟེ་རིགས་ཉིད་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལ་ཡང་འདི་ལྟར་དགའ་མ་ཉིད་དགོད་པར་མི་བྱ་བ་སྟེ་དེ་རྣམས་མཆོད
པའི་ཁྱད་པར་ཡིན་པའི་ཕྱིར་རོ། །རྣམ་པར་མཁས་པས་ཞེས་བྱ་བ་ནི་ཐམས་ཅད་དགོད་པའི་གནས་ལ་མཁས་པའོ། །པདྨ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ཞེས་བྱ་བ་ནི་འཁོར་ལོའི་དཀྱིལ་འཁོར་དང་འདྲ་བར་ཚད་དང་ལྷ་རྣམས་དགོད་
པའོ། འདིར་པདྨ་ནི་འོད་དཔག་ཏུ་མེད་པའོ་དཀྱིལ་འཁོར་རོ། །རྡོ་རྗེ་ནི་མི་བསྐྱོད་པ་འམ་རྡོ་རྗེ་འཆང་གིའོ། །རལ་གྲི་ནི་དོན་ཡོད་གྲུབ་པའི་འོ། །ཽཏཔ་ལ་ནི་རིན་ཆེན་དཔལ་གྱིའོ། །རྡོ་རྗེའི་མཆོག་ནི་ཨཽཏཔ་ལ་ཡིན་པའི་ཕྱིར་རོ། །རྒྱ་ཆེན་པོ་འདོད
པ་རྣམས་ཀྱི་ཆེད་དུ་ཚད་གཞན་བསྟན་པའི་ཕྱིར་རོ། །དཔག་ཚད་བྱེ་བའི་ཁྱོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཆོད་རྟེན་ཞེས་བྱ་བ་ནི་གཞལ་ཡས་ཁང་ངོ། །མཆོད་པའི་ཕྱིར་ཞེས་བྱ་བ་ནི་མཆོད་པའི་དོན་དུའོ། །ལྷའི་དགོད་པ་དང་མཆོད་པ
ནི་སྔ་མ་དང་འདྲ་ཞིང་དཀྱིལ་འཁོར་གཉི་ག་ལ་འང་དཀྱིལ་འཁོར་པ་དགོད་པ་ནི་འདྲ་བ་ཡིན་ཏེ་དེ་ཉིད་ཀྱིས་ཐམས་ཅད་བསྡུས་པའི་ཕྱིར་རོ། །གནས་ཡངས་པ་ཉིད་ནི་མཆོད་པ་རྒྱ་ཆེན་པའི་གོ་སྐབས་བྱེད་པའི་དོན་ཏོ། །དེའི་རྣམ་པ་ནི་གྲཝ་བཞི་ཞེས
བྱ་བའི་དབྱིངས་སོ། །རིན་ཆེན་སྣ་བཞི་ཞེས་བྱ་བ་ནི་ལྷ་མོ་བཞིའི་རང་བཞིན་ནོ། །གསལ་ཞིང་དྲི་མ་མེད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །རིགས་རྣམས་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་ལ་བླ་ན་ཡོད་པ་དང་བཅས
པའི་མཆོད་པ་བྱ་བའི་ཕྱིར་གནས་བསྒོམ་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་རྣམས་ཀྱི་མཆོད་པའི་རྒྱ་མཚོ་བརྩམ་པར་བྱའོ། །རིན་ཆེན་ནི་རིན་པོ་ཆེ་ལ་སོགས་པའོ། །སོགས་པའི་སྒྲས་ནི
གདུགས་དང་རྒྱལ་མཚན་ལ་སོགས་པ་ནམ་མཁའ་ཁྱབ་པས་མཆོད་པས་སོ། །བླ་ན་མེད་པའི་མཆོད་པ་བསྟན་པ་ནི་མཆོད་པ་ལྔ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ན་ཆུང་ཞེས་བྱ་བ་ནི་ཕྱིའི་སྟེ་རིག་པའི་རྒྱལ་མོར་བྱས་པའོ། །རིན
ཆེན་འབྱུང་གནས་ཞེས་བྱ་བ་ནི་རིགས་ཀྱི་ཚོགས་ཅན་ཡིན་ནོ། །མཆོག་ཅེས་བྱ་བ་ནི་གཟུགས་ལ་སོགས་པས་སོ། །སྒྲུབ་ཚེ་ཞེས་བྱ་བ་ནི་སྒྲུབ་པའི་ཐབས་སོ། །རབ་ཏུ་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་དངོས་གྲུབ་མཆོག་གི་ཕྱིར་རོ། །རིན་པོ་ཆེ་ཐམས་ཅད
ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིའོ། །ཞིང་འདིར་ཞེས་བྱ་བ་ནི་གཞལ་ཡས་ཁང་ངོ། །རིན་ཆེན་སྣ་བདུན་ནི་གསེར་དང་དངུལ་དང་བཻ་ཌཱུརྱ་དང་མུ་ས་ལ་གརྦྷ་དང་རྡོའི་སྙིང་པོ་དང་མུ་ཏིག་དམར་པོ་དང་བདུན་པ་ནི་ཀརྐོ་ཏའོ། །མཁས་པ་དག་གིས་ནི་ཞེས
བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་ཚོགས་ཉིད་དུ་ཤེས་པ་དག་གིས་སོ། །ཤེས་རབ་ཅན་ནི་ཐབས་ལ་མཁས་པའི་ཕྱིར་རོ། །རྣལ་འབྱོར་གང་ལ་གནས་ནས་མཆོད་པ་དེ་ནི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདག་པོའི་ཕྱག་རྒྱ་ཞེས་བྱ
བ་ནི་དཀྱིལ་འཁོར་གྱི་བདག་པོ་སྟེ་རང་གིས་འཁོར་ལོས་སྒྱུར་བའི་ཕྱག་རྒྱ་ཆེན་པོའོ། །མཉམ་བཞག་ལ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སེམས་བརྟན་པོར་བྱས་པའོ། །རེག་པའི་སྦྱོར་བ་ཅེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མཆོད་པ་རྣམས་ཀྱིས་བདེ་བ་དང་ལྡན
པར་རོ། །སངས་རྒྱས་ལ་ཞེས་བྱ་བ་ནི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྡུས་བར་གྱུར་པའི་དཀྱིལ་འཁོར་བ་རྣམས་ལའོ། །སངས་རྒྱས་རྣམས་མི་བདེ་བ་མི་མངའ་ཞིང་ཡིད་མི་བདེ་བ་ཡང་མི་མི་མངའ་
ལ། དེ་ལ་འདོད་ཆགས་མི་མངའ་བ་ཡང་མ་ཡིན་ནམ་དེ་བས་ན་དེ་དག་ལ་མཆོད་པ་མེད་ཅིང་དེ་ལེན་པར་མཛད་པ་ཡང་མི་མངའ་ཨོ་ཞེ་ན། དེའི་ཕྱིར་འདོད་ཆགས་བློ་ཅན་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་དང་ཆོས་མཐུན་པའི་ཕྱིར་འདོད
ཆགས་ནི་སྙིང་རྗེ་ཡིན་ལ་བློ་ནི་ཡེ་ཤེས་ཡིན་ཏེ་དེ་དག་ཕུལ་དུ་བྱུང་བ་མངའ་བའི་ཕྱིར་འདོད་ཆགས་བློ་ཅན་ནོ། །དེ་ལ་རྣམ་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བའི་དགོངས་པ་རབ་ཀྱི་མཐར་ཕྱིན་པ་ནི་ཐུགས་རྗེ་ཕུལ་དུ
བྱུང་བའོ། །ཞེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ་ཤིན་ཏུ་རྣམ་པར་དག་པ་ཆགས་པ་མེད་པ་ཐོགས་པ་མེད་པ་འཇིག་རྟེན་ལས་འདས་པ་དང་དག་པ་འཇིག་རྟེན་པའི་ཡེ་ཤེས་ནི་བློ་བུལ་དུ་བྱུང་བའོ། །དེ་བས་ན་དེ་དག་གི་ཡེ་ཤེས
པ་ཧུལ་དུ་བྱུང་བས་མཆོད་པར་བྱེད་པ་དང་མཆོད་པའི་དངོས་པོ་རྣམས་གཟིགས་ཤིང་ཐུགས་རྗེ་ཕུལ་དུ་བྱུང་བས་ནི་འཇིག་རྟེན་ལས་འདས་པའི་བདེ་བ་དང་དུ་ལེན་པར་མཛད་ཅིང་སྟོབས་ཀྱིས་ཡིད་བདེ་བ་ཉམས་སུ་བསྟན་པར་འགྱུར་བ་དེ་ལྟར་ན་མཆོད
པ་ལེན་པར་མཛད་པ་གྲུབ་པ་ཡིན་ནོ། །བདག་པོའི་སྦྱོར་བ་འབའ་ཞིག་གིས་ཀྱང་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ་ཞེས་བྱ་བ་དེ་ནམ་མཁའ་ཨི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དཀྱིལ་འཁོར་བཀོད་བ་ཞེས་བྱ་བ་ནི་གཞལ་ཡས
ཁང་ངོ། །དེ་བཞིན་གཤེགས་པའི་བདག་ཅེས་བྱ་བ་ནི་རང་རང་གི་རིགས་ཀྱི་སྔགས་ཀྱི་མཆོག་བསྡུས་པ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་དང་གཉིས་སུ་མེད་པར་འགྱུར་བའོ། །བདག་གི་ལུས་ཞེས་བྱ་བ་ནི་དེའི་དབུས་མའི་གདན་ལ་གནས
པའི་རང་གི་ལུས་སོ། །བླ་མ་ཞེས་བྱ་བ་ནི་རང་གི་འཁོར་ལོས་སྒྱུར་བའི་གཟུགས་སོ། །བཤང་དང་གཅི་རྣམས་ཀྱིས་ཞེས་བྱ་བ་ནི་མང་པོའི་མིག་གིས་སོགས་པ་བསྡུས་ཏེ་བྱུག་པ་ལ་སོགས་པ་སྔར་བཤད་པའི་བྱུག་པ་ལ་སོགས་པའི་མཆོད་པ་རྣམས་ཞེས
བྱ་བའི་དོན་ཏོ། །ན་ཆུང་ཞེས་བྱ་བ་ནི་སྔར་བཤད་པའི་བུ་མོའོ། །དེ་ཉིད་མཆོད་པ་ནི་དགའ་བའི་མཆོད་པའོ། །བརྟན་པའི་བློ་ལྡན་པས་ཞེས་བྱ་བ་ནི་བསྙེན་པ་དང་ཉེ་བར་བསྒྲུབ་པ་དག་ལ་ཤེས་བརྟན་པར་བྱས་པས་སོ། །བཟའ་བར་བྱ་ཞེས་བྱ་བ་ནི་ཆོ་ག་བཞིན
དུའོ། སྔགས་རྣམས་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་སོ། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་གསང་བའི་རྫས་སོ། །འདི་དག་གིས་ནི་སྣོད་མ་ཡིན་པ་རྣམས་ལ་དེ་གསང་བར་བྱའོ་ཞེས་སྟོན་ཏོ། །བཤང་བ་ནི
འཇུག་པ་ཡིན་ལ་གཅི་བ་ནི་འཆིང་བ་སྟེ་སྒྲུབ་པའོ། །འདི་ལྟར་སྒྲུབ་པ་ལ་འཇུག་པ་ན་དངོས་གྲུབ་ལ་སྒྲིབ་པ་དེ་ལས་སྐྱོབ་པར་བྱེད་ན་བཤང་གཅིའོ། །དེ་ཡང་ཡིན་ལ་འདའ་བར་མི་བྱ་བ་ཉིད་ཀྱི་ཕྱིར་དམ་ཚིག་ཀྱང་ཡིན་པ་དེ་ལྟར་ན་ཇི་སྐད་བཤད་པའི
མཆོད་པའི་རྒྱུན་ནི་བཤང་གཅིའི་དམ་ཚིག་ཡིན་ནོ། །དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བརྒྱད་པའོ།། །།སྒྲུབ་པ་ཆེན་པོ་ལ་མཉམ་པར་བཞག་པའི་རྣལ་འབྱོར
གྱི་བདག་ཉིད་ཅན་གྱི་དམ་ཚིག་བསྟན་པའི་ཕྱིར་ལེའུ་དགུ་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་ཏེ་བཀའ་ཨོ། །རྒྱལ་པོ་ཉིད་ཀྱི་བཀའ་ལས་ཀྱང་འདའ་བར་དཀའ་བ་ཡིན་པ་དེ་ལྟར་ན་རྒྱལ་པོ་ཞེས་གསུངས
སོ། ཁྱད་པར་དུ་ཚར་གཅོད་པར་མཛད་པ་ཡིན་པ་དེའི་ཕྱིར་རྡོ་རྗེ་འཛིན་པ་ཞེས་གསུངས་སོ། །དེའི་དམ་ཚིག་ལ་གནས་པ་ལ་ཡང་རང་གི་བྱང་ཆུབ་ལ་དེ་རྣམས་དབང་ཕྱུག་ཉིད་དུ་རང་དབང་དུ་གྱུར་པ་ཉིད་ཀྱི་སངས་རྒྱས་རྣམས་ཀྱི་དངོས་གྲུབ་གདོན་མི་ཟ་བར་རྩོལ་བ
མ་ཡིན་ནམ་ཞེ་ན། དེའི་ཕྱིར་དབང་ཕྱུག་དམ་པ་ཞེས་བྱ་བ་གསུངས་ཏེ་སངས་རྒྱས་རྣམས་དབང་ཕྱུག་ཡིན་པ་དེ་བདེན་ཏེ་དེ་ནི་དེ་རྣམས་ཀྱི་ཡང་དབང་ཕྱུག་ཡིན་པས་ནི་དབང་ཕྱུག་དམ་པ་སྟེ་དེ་བས་ན་དེའི་བཀའ་ནི་རྒྱལ་བ
རྣམས་ཀྱིས་ཀྱང་འདའ་བར་བྱ་བ་མ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །ཅིའི་ཕྱིར་དབང་ཕྱུག་དམ་པ་ཡིན་ཞེ་ན། འདི་ལྟར་ཀུན་དོན་ཏེ་འདི་ལས་དོན་ཐམས་ཅད་འབྱུང་བས་ན་ཀུན་ཏེ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་དེ་ལ་རག?་ལས་པ
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དང་སྤྱོད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་བས་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་བརྗོད་པར་བྱ་བ་མ་ཡིན་ལ། བཅོམ་ལྡན་འདས་ཀྱི་སྤྱོད་པའི་འབྲས་བུ་རབ་ཏུ་སྒྲུབ་པར་བྱེད་པ་ཉིད་དང་སྤྱོད་པ་ལ་རབ
ཏུ་འཇུག་པར་བྱེད་པ་ཉིད་ནི་ཚིགས་སུ་བཅད་པའི་རྐང་པ་གཉིས་ཀྱིས་གསུངས་ཏེ། གསལ་བ་ཉིད་ནི་ཐམས་ཅད་ནམ་མཁའ་ཨི་སྟེ། ཤེས་བྱ་ཡོངས་སུ་ཟད་པའི་ཕྱིར་རོ། །ཤེས་པ་ཡོངས་སུ་ཟད་པའི་མི་འགྱུར་ཆེ་སྟེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ
པར་དག་པའི་ཡེ་ཤེས་ཡིན་པའི་དོན་ཏོ། །འདི་ནི་ཞེ་སྡང་གི་རིགས་ཀྱི་འབྲས་བུ་སྟེ་དེ་རབ་ཏུ་སྒྲུབ་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་དེ་སྐད་ཅེས་བྱའོ། །ལུས་ལ་སོགས་པའི་རྒྱུ་མཚན་གྱི་དྲི་མ་ཐམས་ཅད་འཁྱུད་པར་མཛད་ཅིང
མི་སྣང་བར་མཛད་པ་ནི་ཐམས་ཅད་དབང་བསྐུར་རོ། །དེ་ཉིད་ནི་སྤྱོད་པ་ཡིན་ལ་དེའི་མཆོག་ནི་དང་པོ་ཡིན་ཏེ་དེ་ལ་འཇུག་པར་བྱེད་པ་ནི་ཐམས་ཅད་དབང་བསྐུར་སྤྱོད་པའི་མཆོག་གོ་།སྤྱོད་པ་དེ་ཉིད་བསྟན་པའི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ
གསུངས་ཏེ། སྐུ་དང་གསུང་དང་ཐུགས་ལ་ལོངས་སྤྱོད་པ་ནི་དམིགས་སུ་མེད་པར་རབ་ཏུ་བཤད་ཅེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་མི་ཕྱེད་པ་གསུམ་དཀྱིལ་འཁོར་ཏེ་སྐུ་ལ་སོགས་པའི་རྡོ་རྗེ་གསུམ་པོ་མི་ཕྱེད་ཅིང་རོ་གཅིག་པའི་དཀྱིལ
འཁོར་ནི་སྙིང་པོ་བསྡུས་པ་སྟེ་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །གསང་བ་ནི་གཞན་གྱིས་རིག་པར་བྱ་བ་མ་ཡིན་པའོ། །ཉམས་དགའ་བ་ནི་བླ་ན་མེད་པའི་བདེ་བ་དང་ཡང་དག་པར་ལྡན་པའི་ཕྱིར། །མཆོག་ནི་འཇིག་རྟེན
ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཞེ་ན་སངས་རྒྱས་ཡེ་ཤེས་ཅན་གྱི་སྟེ་མི་བསྐྱོད་པའི་ཡེ་ཤེས་དང་ལྡན་པའོ། །ཇི་ལྟར་ཞེ་ན། ནམ་མཁའ་ཨི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པའི་གཞལ་ཡས་ཁང་ནི་འདིར
ནམ་མཁའ་ཨི་དབྱིངས་ཏེ་དེའི་དབུས་སུ་བདག་ཉིད་རྡོ་རྗེ་མི་བསྐྱོད་པ་ཁྲོ་བ་དང་བཅས་པ་རབ་བསྒོམས་ནས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་བ་རྣམས་སོ། །ལག་ཏུ་ཞེས་བྱ་བ་ནི་ཐམས
ཅད་ཀྱིའོ། །རྡོ་རྗེ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་འཇིགས་པར་བྱེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་དྲག་པའི་རྡོ་རྗེའོ། །འོད་འཕྲོ་ཞེས་བྱ་བ་ནི་འབར་བའོ། །བསྒོམས་ནས་ཞེས་བྱ་བ་ནི་ནམ་མཁའ་ཨི་ངོས་ལའོ། །ལོངས་སྤྱོད་ནི་ཚོགས་སོ། །
བརླགས་པ་ནི་མཐོང་བ་མེད་པ་སྟེ། སྣང་བ་མེད་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །བསྒོམས་པ་ཡིས་ཞེས་བྱ་བ་ནི་མི་བསྐྱོད་པའི་རྣལ་འབྱོར་པས་སོ། །འབྲས་བུ་ནི་བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་མཆོག
འདིའོ། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཏེ། མི་བསྐྱོད་པའི་ཡེ་ཤེས་སྒྲུབ་པའོ། །འདི་ནི་རྣལ་འབྱོར་འདིའི་མཆོག་གོ་།འཕྲལ་གྱི་འབྲས་བུ་བསྟན་པའི་ཕྱིར་རྡོ་རྗེ་གསང་བ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་གསང་བའི་རྡོ་རྗེ་ཞེས་བྱ
བ་ནི་གསང་བའི་ཏིང་ངེ་འཛིན་ཏོ། །སེམས་ཅན་ཐམས་ཅད་བསད་ན་ནི་ཞེས་བྱ་བ་ནི་འདོད་པ་ཙམ་གྱིས་གསོད་པར་ནུས་པར་འགྱུར་རོ། །དེ་དག་བསད་པས་ཅིར་འགྱུར་ཞེ་ན། མི་བསྐྱོད་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།
རྒྱལ་བ་རྣམས་ཀྱི་ཐུགས་ནི་ཐུགས་ཀ་སྟེ་ཆོས་ཀྱི་དབྱིངས་སོ། །དེ་ལ་དམིགས་པ་ན་ཡེ་ཤེས་ཀྱི་ལུས་སུ་སྐྱེས་པ་ནི་རྒྱལ་བའི་ཐུགས་སྲས་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེ་སྡང་གི་རིགས
ཀྱི་དམ་ཚིག་ཅེས་བྱ་བ་ནི་ཉེ་བར་བསྡུས་པའོ། །འདིའི་རིགས་ཐམས་ཅད་ཀྱི་བྱ་བ་ནི་རིགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རིགས་ཐམས་ཅད་ཀྱི་རྒྱ་མཚོ་ནི་རྒྱ་མཚོ་ཆེན་པོ་སྟེ་ཆུའི་ཐིགས་པ་དང་འདྲ་བར་སྐྱེས་བུ་གྲངས་མེད་པ
ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཤེས་པར་བྱ་ཞེ་ན། རིགས་ཐམས་ཅད་ལ་ཡང་རིགས་ཀྱི་བདག་པོའི་དཀྱིལ་འཁོར་གྱི་དབང་ཕྱུག་ཁྲོ་བོའི་རྣལ་འབྱོར་ལ་གནས་ནས་ཕྱག་གིས་ཁྲོ་བོའི་དཀྱིལ་འཁོར་དྲག་པོའི་རྡོ་རྗེ་འཕན་པས་སྔ་མ་བཞིན་དུ
སངས་རྒྱས་ཐམས་ཅད་ཡང་དག་པར་ཕྱེ་མར་མཛད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ནི་རང་གི་ལྷའི་རྣམ་པས་རྒྱས་བཏབ་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་ཐར་པ་ནི་སྒྲིབ་པ་ཐམས་ཅད་ལས་རྣམ
པར་གྲོལ་བའོ། །ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་བག་ཆགས་ཟད་པ་འདི་ནི་གཏི་མུག་གི་རིགས་ཀྱི་སྤྱོད་པའི་འབྲས་བུ་ཡིན་ནོ། །དེ་རབ་སྒྲུབ་པ་ནི་ཐོབ་པར་བྱེད་པའོ། །ངོ་བོ་ཉིད་ཀྱིས་དག་པ་དང་མི་མཐུན་པའི་ཕྱོགས་ཐམས
ཅད་ཟད་པར་བྱེད་པ་ཉིད་ཀྱི་ཕྱིར་གོས་པ་མེད་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་གྱི་ཕྱག་རྒྱལ་ལོ། །དེ་རྣམས་ཀྱི་བྱང་ཆུབ་ནི་ཐུགས་སུ་ཆུད་པ་སྟེ་དེ་ནི་སྤྱོད་པ་ཡིན་ལ། དེ་རབ་ཏུ་སྟོན་པ་སྟེ་འཇུག
པར་བྱེད་པས་སོ། །སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ལམ་མོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བ་རྣམས་སོ། །སངས་རྒྱས
ཐམས་ཅད་རྣམ་པར་བསྒོམ་ཞེས་བྱ་བ་ནམ་མཁའ་ཨི་ངོས་ལའོ། །རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །རབ་ཏུ་རྟོག་ཅེས་བྱ་བ་ནི་རིང་པོ་ཐམས་ཅད་ཀྱི་རྒྱན་དང་ལྡན་པར་བསྒོམ་པར་བྱའོ། །རྡོ་རྗེའི་གཟུགས་ནི་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི
སྐུའོ། ནོར་རྣམས་ཐམས་ཅད་ཅེས་བྱ་བ་ནི་རྒྱན་ཐམས་ཅད་དོ། །རྡོ་རྗེ་གསུམ་དུ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱིས་སོ། །འཕྲལ་གྱི་འབྲས་བུ་ནི་ནོར་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་འཕྲོག་པར
འདོད་པ་དེ་ནི་ནོར་གྱི་རྒྱ་མཚོ་གང་བར་འགྱུར་རོ། །འཕྲོག་པར་གྱུར་པ་གང་ཡིན་པ་དེ་དག་ཤ་ནི་ཅིར་འགྱུར་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔར
འགྱུར་ཞེས་བྱ་བའི་དོན་ཏོ། །འབྲས་བུའི་མཆོག་ནི་ཐུབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུབ་པའི་སྐྱེས་བུའི་མཆོག་ནི་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཅན་ནོ། །ལྷག་མ་ནི་སྔ་མའི་རྗེས་སུ་འབྲང་བར་བྱའོ། །དེ་བཞིན་དུ་དམ་ཚིག་འོག
མ་རྣམས་ལ་ཡང་འབྲས་བུ་རྣམ་པ་གཉིས་དང། གཞན་གྱི་དོན་ཐམས་ཅད་ལ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་ཐར་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་གྲོལ་བའོ།
འདི་ནི་འདོད་ཆགས་ཀྱི་རིགས་ཀྱི་སྤྱོད་པའི་འབྲས་བུ་སྟེ་དེའི་རབ་སྒྲུབ་པར་བྱེད་པའོ། །སྦ་བར་བྱ་བ་ཉིད་ཀྱི་ཕྱིར་གསང་བ་ཡང་དེ་ཡིན་ལ་ཉེས་པ་མེད་པ་ཉིད་ཀྱིས་ན་དག་པ་ཡང་ཡིན་ལ་དེ་བཞིན་ཉིད་ལ་དམིགས་པ་ཉིད་ཀྱིས་ན་དམིགས་པ་ཡང་ཡིན་ཏེ།
ལྷ་མོ་ཐམས་ཅད་འཕྲོག་པར་བྱེད་པའི་མཚན་ཉིད་ཅན་གྱི་ལམ་མོ། །དེ་ལ་རབ་ཏུ་འཇུག་པ་བྱེད་པ་ཉིད་ཀྱི་ཕྱིར་གསང་བ་དག་པ་དམིགས་མེད་པས་སོ། །དཀྱིལ་འཁོར་ཞེས་བྱ་བ་ནི་སྙིང་པོ་བསྡུས་པའོ། །བུད་མེད་ལྟ་བུ་ནི་བུད་མེད་ཀྱི་རྣམ་པར་རོ། །དམ་ཚིག
བཞིའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་དམ་ཚིག་བཞི་ནི་དགའ་མ་བཞི་སྟེ། ཐམས་ཅད་ཀྱང་ལྷ་མོ་བཞིའི་སྤྱོད་བྱས་བྱའི་བུད་མེད་གཞན་གྱི་སྦྱོར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་མེད་པ་རྣམས་ཉོན་མོངས་བ་མེད
པ་རྣམས་སུ་ཅིའི་ཕྱིར་ཡང་དག་པར་སྦྱོར་བ་འམ། དེ་ཡང་དག་པར་སྦྱོར་བར་བསྒོམས་ན་ཡང་ཅིའི་ཕྱིར་སྡིག་པ་མ་ཡིན་ཞེ་ན། དེའི་ཕྱིར་འདི་ནི་རྡོ་རྗེ་ཚུལ་མཆོག་གོ་ཞེས་བྱ་བ་གསུངས་ཏེ། འདི་ནི་རྡོ་རྗེ་ཐེག་པ་མཆོག་ཡིན་གྱི་གྲོད?་པའི་ཆོས
ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལེའུ་བཅོ་བརྒྱད་པ་ལས། གཏི་མུག་ཞེ་སྡང་འདོད་ཆགས་དང། །རྡོ་རྗེ་ལ་དགའ་རྟག་པར་གནས། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེའི་ཐེག་པ་ཞེས་བཤད་དོ། །ཞེས་གསུངས་པའི
ཕྱིར་རོ། །ཉེ་བར་སྤྱོད་ཅེས་བྱ་བ་ནི་ཡིད་ཀྱིས་བཀུག་ནས་སོ། །ཉེ་བར་ལོངས་སྤྱོད་པ་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་རྡོ་རྗེ་ཐེག་པ་ཡིན་ནོ། །བསྒོམས་པའི་འབྲས་བུ་ནི་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ
རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིའོ། །མི་ཕྱེད་སྐུ་གསུམ་ནི་སྐུ་དང་གསུང་དང་ཐུགས་རོ་གཅིག་པར་རྣམ་པར་མི་རྟོག་པའི་བདེ་བ་བླ་ན་མེད་པའོ། །དེ་བསྒོམས་པ་ནི་དེ་ཐོབ་པར་བྱེད་པའི་ལམ་གྱི་བདེན་པ་ཞེས་བྱ་བའི
དོན་ཏོ། །སྔགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་དོན་ཡོད་པ་སྟེ། འབྲས་བུ་ལ་སྒྲིབ་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །དེའི་སྔགས་ནི་ཆོས་ཐམས
ཅད་རང་བཞིན་གྱིས་འོད་གསལ་བའོ། །དེའི་དོན་ནི་འབྲས་བུ་སྟེ་བྱ་བ་ནན་ཏན་གྱི་ཡེ་ཤེས་བྱ་བའི་དོན་ཏོ། །འདི་ནི་ལས་ཀྱི་རིགས་ཀྱི་སྤྱོད་པའི་འབྲས་བུ་སྟེ་འདིའི་སྒྲུབ་པར་བྱེད་པའོ། །ཡེ་ཤེས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ
དེ་འབྱུང་བ་ནི་ཐམས་ཅད་དུ་ཡང་དག་པར་འབྱུང་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཕོ་བར་བྱེད་པའོ། །དེའི་བདག་མེད་པ་ནི་མེད་པ་སྟེ་དེ་སྟོན་པ་དེ་ཉིད་ནི་སྔགས་སོ། །བརྫུན་དུ་སྨྲ་བ་དང་འདྲ་བས་རྫུན་དུ་སྨྲ་བ་སྟེ་འདི་ནི་སངས་རྒྱས་ཀྱི་རིགས་ཀྱི?་སྤྱོད?
པའོ། །དེ་ལ་འཇུག་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་བ་རྣམས་སོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་ནམ་མཁའ་ཨི་ངོས་ན་གནས་པའི་སངས་རྒྱས་དང་བྱང
ཆུབ་སེམས་དཔའ་རྣམས་སོ། །སྔགས་དེ་ཉིད་རྫུན་སྨྲ་བ་དང་ཆོས་མཐུན་པས་ན་བརྫུན་ནོ། །དོན་དམ་པ་གསལ་བར་བྱེད་པས་ན་རྡོ་རྗེའི་ཚིག་གོ་།ཡང་དང་ཡང་དུ་བཟློས་པས་ན་མང་པོའི་ཚིག་སྟེ་ཐམས་ཅད་ཀྱིས་དེ་བཟློས་པར་མཚོན་པའོ། །གཟུགས
རྣམས་ཀུན་ཞེས་བྱ་བ་ནི་དཀྱིལ་འཁོར་པ་ཐམས་ཅད་དོ། །རྒྱལ་བའི་གནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །ཀུན་ཞེས་བྱ་བ་ནི་ནམ་མཁའ་ཨི་ངོས་ལ་བསམས་པ་རྣམས་སོ། །བསླུ་བར་བྱ་ཞེས་བྱ་བ་ནི་བཟླས་པ་དེས་བསྒྱུར་བའོ། །འབྲས་བུ་ནི་འདི
ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ནམ་མཁའ་ཨི་གསུང་སྟེ། ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་གྱི་གསུང་སྟེ། དྲི་མ་མེད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་བློ་ཅན་ནི་དག་པའི་ཡེ་ཤེས་ཀྱི་ཚུལ་དུ་ཆོས
ཐམས་ཅད་རྟོགས་པ་སྟེ་དེ་དང་ལྡན་པའོ། །གསང་བ་ནི་གསང་བའི་རྫས་སོ། །དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཅི་རིགས་པར་རོ། །སྤྲོ་བར་བྱའོ་ཞེས་བྱ་བ་ནི་རིགས་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་དུས་གསུམ་གྱི
སངས་རྒྱས་རྣམས་ཀྱི་གསང་བ་གསུམ་སྡུད་པར་བྱེད་པས་ན་རྡོ་རྗེ་མི་ཕྱེད་པ་གསུམ་མོ། །འདིར་ཐིམ་པས་ན་གནས་ཏེ་བདེ་བའོ། །རྒྱལ་བའི་གནས་ཏེ་འདི་ལ་ཡོད་པས་ན་རྒྱལ་གནས་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདི་ནི་ནོར་བུའི་རིགས་
ཀྱི་སྤྱོད་པའི་འབྲས་བུའོ། །དེ་སྒྲུབ་པར་མཛད་པ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །དངོས་གྲུབ་ནི་ཡེ་ཤེས་དེ་ཉིད་དོ། །དེའི་རྡོ་རྗེ་ནི་རྡོ་རྗེ་གསུམ་གྱི་བཟླས་པའོ། །འདི་ནི་ནོར་བུའི་རིགས་ཀྱི་སྤྱོད
པའོ། འདི་ནི་རབ་སྟོན་པ་ནི་རབ་ཏུ་འཇུག་པར་བྱེད་པའོ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ་ནི་རིན་ཆེན་རྟོག་གི་དཀྱིལ་འཁོར་པ་རྣམས་སོ། །གཟུགས་རྣམས་ཀུན་གྱིས་འདི་དག་དགང་ཞེས་བྱ་བ་ནི་ནམ་མཁའ་ཨི་དངོས་སུ་སངས་རྒྱས་ཐམས་ཅད
ཀྱི་ཁྱད་པར་དགང་བའོ། །རྟེན་ན་ཞེས་བྱ་བ་ནི་སངས་རྒྱས་དེ་དག་ཉིད་ཧཱུཾ་ཨོཾ་ཨཱདང་ཆགས་པ་ལས་སྐྱེས་པའི་ཕྱིར་རོ། །དེ་ལ་ཧཱུཾ་ཞེས་བྱ་བ་ནི་ཁྱེད་ཀྱི་ཐབས་ཀྱི་ཡིད་གསད་པའོ། །ོཾ་ཞེས་བྱ་བ་ནི་འབྱུང་བ་རྣམས་ངའི་གན་དུ་བྱོན་ཅིག་པའོ། །ཱཚིག་རྩུག་ལ་སོགས་པ་བསྟེན་ན་ཡེ་ཤེས་ཐོབ་པར་འགྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་གསང་བ་རྣམས་སོ། །དེ་རྣམས་ཀྱི་བཀོད་པ་ནི་རང་གི་གསང་བ་སྡུད་པའོ།།
དེ་སྟོན་པ་པོ་ལ་ཡང་དེ་སྐད་ཅེས་བྱའོ། །འདི་ནི་ལྔ་པོ་འདི་དག་ཀྱང་བཟླས་པའི་རང་བཞིན་ཡིན་ཏེ། དེ་ལ་དང་པོ་གསུམ་ནི་སྤྲོ་བ་དང་བསྡུས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །ཕྱི་མ་ནི་ངག་ཏུ་བཟླས་པ་ཡིན
པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་ནི་སྒྲིབ་པ་ཐམས་ཅད་འཇིག་པར་བྱེད་པ་ནི་དམ་ཚིག་གོ་།དེ་ཉིད་ནི་དཔལ་ཏེ་མཚན་མའོ། །དེའི་རྩེ་མོ་ཐོབ་པ་ཡང་ཡིན་པ་དེ་ལ་དེ
སྐད་ཅེས་བྱའོ། །དེ་ཡང་བཅོམ་ལྡན་འདས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ངོ་མཚར་དུ་གྱུར་པ་ནི་སྨད་པར་བྱ་བ་མ་ཡིན་པ་ནི་ཤར་དུ་ངོ་མཚར་ཏེ་དམན་པ་མ་ཡིན་པ་ཉིད་ཀྱིས་དེ་ཐོབ་པའོ། །དེ་རྣམས་ཀྱི་བདག་ཉིད་ངོ་མཚར་དང
རྨད་དུ་གྱུར་པའི་རྒྱུ་མཚན་བཅོས་མ་ཡང་དག་པར་སྟོན་པ་ཉིད་ཡིན་པའི་ཕྱིར་སྨྲས་པ་ཡིན་ཏེ། ཡུན་རིང་པོར་ཆོས་རྣམས་མངོན་སུམ་དུ་བྱས་པ་དེ་དག་ནི་ངོ་མཚར་དང་རྨད་དུ་གྱུར་པ་དག་མི་རུང་བའི་ཕྱིར་རོ། །ཚིག་གི་ལམ་ནི་ཚིག་གི
རྒྱུན་ནོ། །དེ་རྡོ་རྗེའི་ཚིག་ནི་སྒྲ་གཅིག་ཉིད་ཡིན་པའི་དབྱེར་མི་ཕྱེད་པའི་སྒྲ་མང་པོ་སྟེ་སྨྲས་སོ། །ཅིའི་ཕྱིར་ཞེ་ན་དེ་ཉིད་བྱང་ཆུབ་སེམས་དཔའ་བྱིས་པ་ཤིན་ཏུ་མང་པོ་རྣམས་ཀྱི་ཐེ་ཚོམ་དེ་བཞིན་གཤེགས་པས་བཅད་པའི་ཕྱིར་རོ། །ཅིའི་སླད་དུ
ཞེས་བྱ་བ་ནི་འདྲི་བ་ཡིན་ཏེ་རང་ཉིད་ལ་ཐེ་ཚོམ་མེད་མོད་ཀྱི་ཐེ་ཚོམ་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ལ་བརྟེན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་ཞུས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་གསང
པ་དང་རྐུ་བ་དང་བསླུ་བ་དང་རྩུབ་མོ་ལ་སོགས་པའི་ཆོས་མ་ཡིན་པ་དེ་ཉིད་ཆོས་ཉིད་དུ་སྟོན་པར་མཛད་པ་མི་སྲིད་པ་ཉིད་ཀྱི་ཕྱིར་རྨད་དུ་གྱུར་པའོ། །རྨད་དུ་གྱུར་པ་ཡང་དེ་ཡིན་ལ་རྣམ་པར་རྟོག་པ་ཙམ་ཉིད་ཡིན་པའི་ཕྱིར་ཚིག་གི་ལམ་ཡིན་པས
ན་དེ་སྐད་ཅེས་བྱའོ། །རྣམ་པར་རྟོག་པ་ཙམ་ནི་གཟུང་བ་དང་འཛིན་པ་དང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པར་སྣང་བ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་གསོད་པ་ལ་སོགས་པ་ཤིན་ཏུ་མི་སྲིད་པའི་ཕྱིར་རོ། །བྱང་ཆུབ་ལ་སྒྲིབ་པ་འཇིག་པར
བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡང་ཡིན་ལ་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཚིག་སྟེ་དེས་ན་རྡོ་རྗེའི་ཚིག་གོ་། རྨད་དུ་གྱུར་བའི་ཚིག་གི་ལཾ་དེ་ཡིན་ལ་རྡོ་རྗེའི་ཚིག་ཀྱང་ཡིན་ཏེ། རྡོ་རྗེའི་ཚིག་ཉིད་ཀྱིས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ།
ཀ་ཧམས་གསུམ་པོ་འདི་དག་འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་ན་དར་པ་དང་ལྡན་པ་རྣམས་ཀྱིས་ཉམས་སུ་བླང་བར་མི་ནུས་པ་ཉིད་ཀྱི་ཕྱིར་ཁམས་གསུམ་ལས་འདས་ཤིང་འཇིག་རྟེན་ཐམས་ཅད་ལས་འདས་པའོ
གཞུང་ལ་ལས་ནི་འདས་ཤིང་འདས་པ་རྣམས་ཤེས་འབྱུང་སྟེ། དེར་ནི་མི་སྐབས་ཀྱིས་དམ་ཚིག་ལྔ་རྣམས་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཡང་ཚིག་གི་སྒྲས་གཞི་མཐུན་པ་དང་རྟགས་དང་གྲངས་ཀྱི་དབྱེ་བ་ལ་ཡང་སྐྱོན་ཡོད་པ་མ
ཡིན་ཏེ། དཔེར་ན་གང་རྣམས་སྨད་པའི་གནས་མི་འགྱུར་ཞེས་བྱ་བ་ལྟ་བུའོ། །དེ་དག་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་དེའི་སྒོ་ནས་ཐེ་ཚོམ་དུ་གྱུར་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དམན་པའི་འདུ་ཤེས་དང་ཞེས
བྱ་བ་ནི་རྣམ་པར་རྟོག་པ་ཙམ་གྱི་འདུ་ཤེས་ཏེ། རྣམ་པར་རྟོག་པ་ཙམ་ནི་སངས་རྒྱས་ཀྱི་ཐེག་པ་མ་ཡིན་པའི་ཕྱིར་རོ། །སྨད་པའི་འདུ་ཤེས་ཞེས་བྱ་བ་ནི་ཆོས་མ་ཡིན་པའི་འདུ་ཤེས་སོ། །འདུ་ཤེས་གཉིས་པོའི་གཉེན་པོར་གོ་རིམ་བཞིན་དུ་སྤྱོད
པའི་མཆོག་དང་དེ་བཞིན་གཤེགས་པའི་སྤྱོད་པའོ་ཞེས་གསུངས་སོ། །སྔགས་ཀྱི་སྤྱོད་པ་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་རྣམ་པ་སྟེ། རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ཐམས་ཅད་ནི་སྔགས་ཏེ་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པར་བྱ
བའི་ཕྱིར་དང་འགྲོ་བ་སྐྱོབས་པའི་ཕྱིར་རོ། །སྔགས་ཀྱི་སྤྱོད་པ་ནི་སྔགས་སྤྱོད་པའོ། །དེ་ལ་ཤེས་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ཞིང་སྐྱོབ་པ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། ཚོགས་གཉིས་ཀྱི་སྤྱོད་པ་ཉིད་ནི་བྱང་ཆུབ་ཀྱི་སྤྱོད་པ་ཉིད
ཀྱང་མཆོག་ཡིན་བས་ན་དམན་པའི་འདུ་ཤེས་ནི་རིག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པ་ནི་མཛད་སྤྱོད་དོ། །འཕགས་པ་གཞན་དག་ཀྱང་ཆོས་མ་ཡིན་པ་ལ་མི་སྤྱོད་ན་དེ་བཞིན་གཤེགས་པ་རྣམས་ལ
ལྟ་སྨོས་ཀྱང་ཅི་དགོས་དེ་རྣམས་འདི་ལ་སྤྱོད་པར་མཛད་པའི་ཕྱིར་སྨད་པའི་འདུ་ཤེས་རིག་པ་མ་ཡིན་ནོ། །གལ་ཏེ་འདིར་བསད་པར་བྱ་བ་དང་གསོད་པར་བྱེད་པ་དང་གསོད་པ་ལ་སོགས་རྣམ་པར་རྟོག་པ་འབའ་ཞིག་ཙམ་སྐྱེ་བར་འགྱུར་ན་ཤེས
པར་བྱེད་པ་ཡང་མ་ཡིན་ཞིང་སྐྱོབ་པར་བྱེད་པ་ཡང་མ་ཡིན་ནོ། །འདིར་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་སུ་སོང་བ་ཅེས་བྱ་བ་ནི་ཁྱད་པར་གནས་པའོ། །ཆོས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་གཟུགས་ཅན་གྱི
རྫས་ཐམས་ཅད་དེ་ནམ་མཁའ་ཉིད་ལ་དེ་དག་གི་གོ་སྐབས་ཡོད་པའི་ཕྱིར་ནམ་མཁའ་ཨི་ཁོངས་སུ་རྟོགས་པ་ནི་ཁྱབ་པའོ། །ཆོས་དེ་དག་ཅེས་བྱ་བ་ལ་སོགས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་དང་འབྱུང་བ་ཆེན་པོ་ས་དང་ཆུ་དང
མེ་དང་རླུང་སྟེ། རེ་རེས་གཟུགས་ཅན་དེ་དག་ཐམས་ཅད་དུ་མི་གནས་ཏེ། འདི་དག་རེ་རེ་ལ་མ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་ནམ་མཁའ་ཉིད་ནི་ཐམས་ཅད་དུ་གནས་སོ། །དེ་ལྟར་ཞེས་བྱ་བ་ནི་གཟུགས་ཅན་ཐམས་ཅད་ནམ་མཁའ་ཨི་ཁོངས་སུ་གཏོགས་པ
དང་ཆོས་མཐུན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་སྔགས་ཐམས་ཅད་དོ། །རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་དཔག་པར་བྱ་སྟེ། འདི་ལྟར་དེ་རྣམས་ཀྱང་ནམ་མཁའ་ལྟ་བུ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དེ་བཞིན་ཉིད་ཡེ་ཤེས་ཀྱི་བདག་ཉིད།
ཀྱི་རྗེས་སུ་འགྲོ་བ་ཡིན་ཏེ། གསལ་བ་ནི་གསལ་བའི་བདག་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་དང་རང་རིག་པ་གཉིས་ཀྱིས་སྟོང་པ་དེ་ཡང་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་ཡེ་ཤེས་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་གནས་པའི་མཐར་ཕྱིན་པ་སྟེ། དེ་ཉིད་ལ་དེ་རྣམས
སངས་རྒྱས་ཐམས་ཅད་ཀྱིས་བརྡར་མཛད་པ་ཉིད་ཀྱི་ཕྱིར་དང། བརྡ་ཤེས་པའི་རྣལ་འབྱོར་པ་རྣམས་ལ་དེ་རྣམས་དེ་ཁོ་ན་ཉིད་བཞིན་དུ་སྣང་བའི་ཕྱིར་རོ། །རྣམ་པ་རྣམས་ནི་བརྫུན་པ་ཉིད་དུ་སྣང་བའི་ཕྱིར་སངས་རྒྱས་རྣམས་གྱིས་སྐུ་དང་གསུང་དང
ཐུགས་སམ་དེའི་གཞིར་གྱུར་པས་ས་དང་ཆུ་དང་མེ་དང་རླུང་གི་རྫས་རྣམས་ཀྱིས་དེ་དག་གནས་པ་ཡང་མ་ཡིན་ཏེ་དེ་རྣམས་ལ་དེ་དག་བརྡར་མ་མཛད་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་ནི་སྔགས་ཏེ་དེ་ཁོ་ན་ཉིད་དུ་མི
འགྱུར་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ཡོངས་སུ་མི་ཤེས་པའི་ཕྱིར་དང་འགྲོ་བ་སྐྱོབ་པའི་ནུས་པ་དང་བྲལ་བའི་ཕྱིར་རོ། །གལ་ཏེ་སྔགས་མ་ཡིན་པ་དག་ཀྱང་སྔགས་ཀྱི་ཐེག་པ་རྣམ་པ་མང་དུ་སྟོན་པར་མཛད་ན་དེ་ཇི་ལྟར་དེ་བཞིན་ཉིད་ཀྱི་ཡེ
ཤེས་ཡིན་ཞེ་ན། འདི་ལ་ཡང་དེ་བཞིན་གཤེགས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དོན་གྱི་དབང་ཞེས་བྱ་བ་ནི་སྟོབས་དང་དོན་གྱི་དེ་ཁོ་ན་ཉིད་དོ། །འདི་ལྟ་བུ་ཞེས་བྱ་བ་ནི་བསྟན་མ་ཐག་པའོ་མཁྱེན་ཅིང་ཞེས་བྱ་ནི
དགོངས་པའོ། །གང་དང་གང་གི་ཞེས་བྱ་བ་ནི་ཟློས་པ་སྟེ། བསམ་པར་བྱ་བ་དང་བཟླ་བར་བྱ་བ་ལ་སོགས་པའི་ཆོས་གང་དང་འཆད་པར་མཛད་པ་དེ་དང་དེ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཉིད་ལ་དེ་ལྟ་བུར་དགོངས་ནས་ཞེས་བྱ
བའི་དོན་ཏོ། །གལ་ཏེ་དོན་གྱི་དེ་ཁོ་ན་ཉིད་གཅིག་པ་ཡིན་ན། ཅིའི་ཕྱིར་སྣ་ཚོགས་པའི་ཆོས་སྟོན་པར་མཛད་ཅེ་ན་དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་ནས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ནི་གདུལ་བྱ་རྣམས
ཏེ། དེ་ཡང་བསམ་པ་སྣ་ཚོགས་པར་རོ། །དེ་བས་ན་དམ་ཚིག་ཇི་ལྟ་བུ་བཞིན་དུ་ཆོས་སྟོན་པར་མཛད་དོ། །གལ་ཏེ་འགྱུར་བ་ནི་བླ་སྟེ། དེ་ལྟ་ན་ཡང་དམ་ཚིག་ལྔ་པོ་དེ་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་མ་ཡིན་ནོ
ཞེ་ན། འདིར་རིགས་ཀྱི་བུ་ཞེས་བྱ་བ་གསུངས་ཏེ། འདི་ལ་ནམ་མཁའ་ལ་གནས་པ་ཡོད་པས་ན་ནམ་མཁའ་ཨི་ཚིག་སྟེ། སྟོང་པ་ཉིད་ལ་གནས་པ་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔའོ། །དེའི་ངེས་པ་བརྗོད་པ་ནི་རྡོ་རྗེ་དམ་ཚིག་སྟོན་པའི
ཚུལ་དུ་བརྗོད་པའོ། །དེས་ན་དེ་དག་སྟེ་རྡོ་རྗེའི་དམ་ཚིག་ལྔ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དངོས་སུ་རྡོ་རྗེ་གསུམ་རོ་གཅིག་པའི་སེམས་ཉིད་ནི་ཞེ་སྡང་གི་དམ་ཚིག་གོ་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡེ་ཤེས
ཙམ་ཉིད་དུ་རྟོགས་པ་ནི་གཏི་མུག་གི་དམ་ཚིག་གོ་། སངས་རྒྱས་ཐམས་ཅད་ཀྱི་ཤེས་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི་འདོད་ཆགས་ཀྱི་དམ་ཚིག་གོ་།རང་བཞིན་གྱིས་འོད་གསལ་བ་ཉིད་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས
དང་ཡང་དག་པར་སྦྱོར་བ་ནི་ལས་ཀྱི་དམ་ཚིག་གོ་། སངས་རྒྱས་ཐམས་ཅད་དང་བདག་ཉིད་མཉམ་པ་ཉིད་དུ་གཏོགས་པ་ནི་རིན་པོ་ཆེའི་དམ་ཚིག་གོ་།འདིར་སངས་རྒྱས་རྣམས་ཀྱི་བྱོན་པ་དང་བཞུད་པ་དང་གསོད་པ་དང་རྐུ་བ་ལ་སོགས་པ
ཡོད་པ་མ་ཡིན་ནམ་དེ་དག་མེད་ན་ནི་དེར་སྣང་བར་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་དམན་པའི་འདུ་ཤེས་ནི་རིག་པ་ཉིད་ཡིན་ལ་གལ་ཏེ་རྡོ་རྗེའི་དམ་ཚིག་བརྫུན་པར་སྣང་བ་དེའི་ཚེ་དེ་དག་གི་ལོག་པར་རྣམ་པར་རྟོག་པ་ཡིན་པ་དེ་ལྟར་ནི་།དེ
དག་ལས་མེ་ལོང་ལྟ་བུ་ལ་སོགས་པའི་ཡང་དག་པའི་ཡེ་ཤེས་སྐྱེ་བར་མི་འགྱུར་བ་དེ་ལྟ་ན་ཡང་དམན་པའི་འདུ་ཤེས་རིགས་པ་ཉིད་ཡིན་ནོ་ཞེས་ན། འདིར་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གཙུག་ཤིང་ནི་སྟེང་ནས
བསྲུབས་པའོ། །བཅུ་པ་སྟན་ནི་འོག་གཞིའོ། །བསྐྱོད་པ་ནི་བྱ་བའོ། །རྐྱེན་གྱིས་ཞེས་བྱ་བ་ནི་ཚོགས་གནས་སོ། །དུ་བ་འབྱུང་ཞིང་མེ་འབྱུང་བར་འགྱུར་མོད་ཀྱི་ཞེས་བྱ་བ་ནི་མེ་ཉེ་བར་འབྱུང་བར་སྟོན་པ་ལ་མེ་འབྱུང་བ་ཞེས་བྱ་སྟེ། དཔེར་ན་ཁ་བ
བསད་པ་སྟོན་པ་ལ་ཁ་བ་འཇོམས་པ་ཞེས་བྱ་བ་ལྟ་བུའོ། །སྟོན་པ་ནི་འདིར་བཤད་པ་ཡིན་ཏེ། དགོས་བྱེད་མེད་པས་ནང་ནི་བཤད་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ཡང་ཞེས་བྱ་བ་ལ་ཡང་གི་སྒྲ་ནི་བསྡུ་བ་ཡིན་ཏེ་དུ་བ་དེ་དང་མེ་ཞེས
བྱ་བའི་དོན་ཏོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཚུལ་འདི་ཉིད་ཀྱིས་སོ། །འགྲོ་བ་དང་འོང་བ་ལ་སོགས་པས་ཞེས་བྱ་བ་ནི་རང་གི་རྒྱུ་རྣམས་ལ་འགྲོ་བ་དང་འོང་བ་ལ་སོགས་པ་མེད་པའི་རྣམ་པ་དུ་བའི་གནས་ལྟ་བུ་དང་མེ
ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་འབྲས་བུ་མེའི་གནས་ལྟ་བུའི་ཉེ་བར་སྐྱེ་བ་རྣམས་ཀྱི་རྗེས་སུ་རིག་པར་བྱའོ། །དེ་དག་ཅེས་བྱ་བ་ནི་སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་པའོ། །ཚིག་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་དེ་བཞིན
གཤེགས་པས་གསུངས་པའི་དོན་ཉིད་བྱིས་པ་རྣམས་ལ་གསལ་བར་བྱ་བའི་ཕྱིར་རོ། །རྨད་འབྱུང་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ནི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ་མདོར་བསྡུ་ན་མེ་ལོང་ལྟ་བུ
དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པ་དང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྣམས་ནིའོ། །རྨད་འབྱུང་ཆེན་པོའི་ཞེས་བྱ་བ་ནི་མཆོག་ཏུ་རྒྱ་ཆེ་བ་བསྟན་པའོ། །ནམ་མཁའ་དང་ནི་མཚུངས་པ་དང
ཞེས་བྱ་བ་ནི་མཆོག་ཏུ་ཟབ་པ་ཡིན་ཏེ། སྤྲོས་པའི་རྒྱུ་མཚན་ཐམས་ཅད་དང་བྲལ་བས་འདི་དག་ནི་ནམ་མཁའ་དང་མཉམ་པ་ཉིད་ཡིན་པའི་ཕྱིར་རོ། །རྒྱ་ཆེ་བ་དང་ཟབ་པ་དག་གིས་ནི་བྱང་ཆུབ་ཀྱི་སེམས་མ་ལུས་པའི་མཚན་ཉིད
བསྟན་པ་ཡིན་ནོ། །དག་པ་ལ་ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་བ་ཏེ། གསལ་བར་ཕྱེ་བ་ཞེས་པའི་དོན་ཏོ། །ཀུན་རྫོབ་ཏུ་ཡང་བཤད་པ་མཚར་ཞེས་བྱ་ལ། དང་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ནིའི་སྒྲ་ཡང་ངེས་པར་གཟུང
བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་དང་རྒྱ་ཆེན་པོ་ཉིད་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་ཡུལ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་བོ། །རྡོ་རྗེ་དམ་ཚིག་དེ་སྟོན་པ་འདིས་བཤད་པ་ནི་བསྟན་པའོ། །གང་ཉན་ཐོས་ལ་སོགས་པའི་ཆོས
རྣམས་ཀྱང་མ་ཡིན་ན། གང་ཉེས་པར་སྤྱོད་པའི་རྒྱུ་མཚན་ལ་ལྟ་ཅི་ཞིག་སྨོས་སངས་རྒྱས་ཀྱི་ཆོས་རྣམས་ཀུན་རྫོབ་ཉིད་དུ་སྟོན་གྱི་དེ་དག་གི་རང་གི་ངོ་བོ་ཉིད་ཀྱི་ཚུལ་གྱི་ནི་མ་ཡིན་ནོ་ཡང་ཅིའི་ཕྱིར་མ་ཡིན་ཞེ་ན་།དེའི་ཕྱིར་རྣམ་པར་མེ་རྟག་ཅེས་བྱ་བ
སྨོས་ཏེ། དེ་དག་ནི་རྣམ་པར་རྟོག་པའི་ཡུལ་ཡང་མ་ཡིན་ན་ཚིག་གིས་ལྟ་སྨོས་ཀྱང་ཅི་དགོས་དེ་བས་ན་དེ་དག་ནི་ཀུན་རྫོབ་ཉིད་དུ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ལ་རྒྱ་ཆེ་བའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། བྱིས་པའི་སྤྱོད་ཡུལ་ཉིད
ཡིན་པའི་ཕྱིར་རོ། །དོན་དམ་པའི་དེ་ཁོ་ན་ཉིད་ནི་ཕྲ་མོའི་དེ་ཁོ་ན་ཉིད་དེ་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །འདི་ལྟར་ཀུན་རྫོབ་ཀྱང་རྣམ་པ་གསུམ་སྟེ། བརྟག་པའི་ཀུན་རྫོབ་ནི་ཆོས་ཐམས་ཅད་བརྟགས་པའི་རང་བཞིན་ནོ། །ཤེས་པའི
ཀུན་རྫོབ་ནི་ལོག་པའི་ཤེས་པ་ཐམས་ཅད་དོ། །བརྗོད་པའི་ཀུན་རྫོབ་ནི་སྒྲ་དང་རྟོག་པས་དོན་དམ་པར་སྟོན་པར་བྱེད་པའོ། །དོན་དམ་པ་ཡང་རྣམ་པ་གསུམ་སྟེ། དེ་བཞིན་ཉིད་ནི་དོན་དམ་པའོ། །སྒྲུབ་པ་དོན་དམ་པ་ནི་ཡང་དག་པའི་ཡེ་ཤེས་སོ། །ཐོབ་པར་བྱ
བ་དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། ཇི་སྐད་དུ་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་བརྟགས་པ་དང་ནི་ཤེས་པ་དང། དེ་བཞིན་བརྗོད་པ་རགས་པ་ཡིན་ཞེས་བྱ་བ་དང། དོན་དང་ཐོབ་དང་སྒྲུབ་པ་དང། དོན་དམ་རྣམ་པ་གསུམ་དུ་འདོད
ཅེས་བཤད་པ་ལྟ་བུའོ། །དེ་ལ་རྡོ་རྗེའི་དམ་ཚིག་འདི་དང་དེ་ལས་གཞན་པའི་སྔགས་ཐམས་ཅད་ནི་བརྗོད་པའི་ཀུན་རྫོབ་ཡིན་ཏེ། །ཡང་དག་པ་ལ་སོ་སོར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡང་དག་པ་ལ་སོ་སོར་རྟོག་པ་ཡང་རྣམ་པར
རྟོག་པ་མ་ཡིན་ཞིང་རྣམ་པར་མི་རྟོག་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་རྣམ་བར་རྟག་པ་མ་ཡིན་ཞེ་ན་རྣམ་པར་མི་རྟོག་པ་སྐྱེ་བ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་མི་རྟོག་པ་མ་ཡིན་ཞེས་ན་ཡང་དག་པའི་དོན་ལ་རྣམ་པར་རྟོག་པའི་ཕྱིར་རོ།
རྣམ་པར་མི་རྟོག་པ་ཉིད་ལས་ཀྱང་རྣམ་པར་མེ་རྟོག་པ་སྐྱེ་བ་མ་ཡིན་ཏེ། བྱིས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །ཐ་མལ་པའི་རྣམ་པར་རྟོག་པ་ལས་སྐྱེ་བ་མ་ཡིན་ཏེ། དེ་ནི་དེའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ།།
འོན་ཀྱང་ཡང་དག་པའི་དོན་ཉིད་ལ་རྣམ་པར་འཇོག་པའི་ཡིད་ཀྱིས་སོ་སོར་རྟོག་པ་རྣམས་དེ་བསྒོམ་པའི་རྗེས་སུ་འགྲོ་བས་འབད་རྩོལ་མེད་པར་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ལ་སེམས་མཉམ་པར་གཞག་པར་འགྱུར་རོ། །སྤྲོས་པ་མེད
པ་དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱའོ། །དེ་སྐད་དུ་ཡང་རྣམ་པར་མི་རྟོག་པའི་འཇུག་པའི་གཟུངས་ལས་དེ་ཡང་ཡང་དག་པར་སྦྱོར་བ་ཡིས་ཀུན་ཏུ་བསྟེན་པས་རྗེས་སུ་འགྲོ་བར་བྱེད་ན་བསྒོམས་པས་རྗེས་སུ་འགྲོ་བར་བྱེད། མང་དུ
བྱས་པས་རྗེས་སུ་འགྲོ་བར་བྱེད། ཡང་དག་པར་ཡིད་ལ་བྱེད་པས་རྗེས་སུ་འགྲོ་བར་བྱས་ན། མངོན་པར་འདུ་བྱེད་བ་མེད་ཅིང་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་སྟེ་ཞེས་གསུངས་པ་དང། ཚད་མ་རྣམ་པར
ངེས་པ་ལས་ཀྱང་བསམ་པའི་རང་བཞིན་ཅན་ཉིད་ཀྱི་ཤེས་རབ་ལ་གོམས་པར་བྱས་ན་དོན་དམ་པའི་ཡེ་ཤེས་འཁྲུལ་པས་དབེན་པ་དྲི་མ་མེད་པ་འཇིག་པ་མེད་པ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བཤད་དོ། །དེ་བས་བཅོམ་ལྡན
འདས་ཀྱིས་གསུངས་པའི་ཡང་དག་པ་ལ་སོ་སོར་རྟོག་པ་ཉིད་ཀྱིས་རྣམ་པར་མི་རྟོག་པ་བྱང་ཆུབ་རྟོགས་པར་འདོད་པ་རྣམས་ཀྱིས་བསྟེན་པར་བྱའོ། །ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་ནོ། །འདི་ལ་དོན་དམ་པའི་འབྲས་བུ
ཡོད་པས་ན་དོན་དམ་པ་སྟེ། བྱང་ཆུབ་ཀྱི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་ལྔའི་དག་པའི་དོན་གྱི་ཡུལ་འདི་ལ་ཡོད་པས་ན་དག་པའི་ཁོ་ན་ཉིད་ཀྱི་དོན་ཏོ། །ཡང་དག་པའི་རྟོགས་པར་བྱ
བ་ཡིན་པའི་ཕྱིར་དང་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་ཏེ། རྡོ་རྗེ་དམ་ཚིག་རྣམ་པ་ལྔའོ། །དོན་དམ་པ་ཡང་དེ་ཡིན་ལ་དག་པ་དེ་ཁོ་ན་ཉིད་ཀྱི་དོན་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་དག་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན
པས་ན་ཞེས་བྱ་བ་ནི་བསྡུ་པའོ། །དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་རིག་པའོ།། །།ཉེ་བར་སྒྲུབ་པའི་མངོན་པར་རྟོགས་པ་ནི་གཉིས་པ་དང་དྲུག་པ
དག་ཏུ་གསུངས་པ་ཡིན་ལ་འདི་ལས་ཀྱང་མདོང་བསྡུས་ཏེ་སྟོན་ཏོ། །དེ་ལ་སྤྱོད་པ་གསུམ་དང་རྗེས་སུ་མཉེས་པར་བྱ་བ་ནི་དམ་ཚིག་ཡིན་ཏེ། ལེའུ་བཅོ་བརྒྱད་པ་ལས་ཇི་སྲིད་མཐོང་བ་དེ་སྲིད་དུ། རྣམ་ཉིད་ཟླ་བ་དྲུག་དུ་བསྒོམ། །འདོད་པ
ཀུན་ལ་ལོངས་སྤྱོད་པས། །ཐམས་ཅད་དུ་ནི་རྟག་ཏུ་བྱ། །གལ་ཏེ་ཟླ་བ་དྲུག་གིས་ནི། །ཇི་སྐད་གསུངས་པ་མ་མཐོང་ན། །ཇི་སྐད་གསུངས་པའི་ཆོ་ག་དང། །སྡོམ་པར་ལ?་གསུམ་པ་རྣམ་པར་བྱ། དེ་ལྟར་བྱས་ཀྱང་སྒྲུབ་པ་པོས། །མཐོང་བ་
འབྱུང་བར་མ་གྱུར་ཅིང། །གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ། །དེ་ཚེ་དེ་ཡི་ཡེ་ཤེས་ནི། །སྒྲུབ་པར་ངེས་པར་ཉེ་བར་འབྱུང། །རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །དེ་ནས་དབང
དུ་བྱ་བ་དང། །བསྲུང་བའི་སྦྱོར་བ་དག་ཀྱང་བྱ། །ཞེས་འཆད་པར་འགྱུར་རོ། །དེ་ལ་དྲུག་པ་ལས་གསུངས་པའི་སྤྱོད་པ་དང་པོ་གཉིས་ནི་འདི་ལྟ་སྟེ། ཉེ་བར་ལོངས་སྤྱོད་པའི་སྤྱོད་པ་དང་དཀའ་བའི་སྤྱོད་པའོ། །གསུམ་པ་ནི་དྲག་ཤུལ་གྱི
སྤྱོད་པ་སྟེ། དེ་དང་རྗེས་སུ་མཉེས་པར་བྱས་པ་བསྟན་པའི་ཕྱིར་ལེའུ་བཅུ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཆེན་པོ་ནི་རྡོ་རྗེ་ཅན་ནོ། །དེའི་རྡོ་རྗེ་ནི་སྐུ་དང་གསུང་དང་ཐུགས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི
ནམ་མཁའ་དང་མཉམ་པ་ཉིད་དོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐུགས་སུ་ཆུད་པའོ། །དེའི་དོན་གྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་སྐུ་ལ་སོགས་པའི་གསང་བ་སྟེ། གསང་བའི་སྒྲས་ནི
འདིར་སྦ་བར་བྱ་བ་ཡིན་པས་ན་ཕུར་བུས་བསྣུན་པ་གསུངས་པ་ཡིན་ནོ། །དེའི་བདག་ཉིད་ཡིན་པའི་ཕྱིར་དང། དེ་སྟོན་པར་མཛད་པ་ཉིད་ཡིན་པའི་ཕྱིར་རོ། བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །སྔགས་ནི་ལྷ་ཐམས་ཅད
དོ། དེ་རྣམས་ཀྱི་སྙིང་པོ་ནི་བདག་ཉིད་ཐམས་ཅད་དོ། །དེའི་བདག་ཉིད་ཐམས་ཅད་ཀུན་བསྡུས་པ་ནི་འདིས་ཡང་དག་པར་བསྡུས་པའི་ཕྱིར་རོ། །དེ་ཉིད་ནི་དམིགས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་གསང
བར་སྒྲགས་ཞེས་བྱ་བ་ནི་ཕུར་བུས་འདེབས་པ་ཞེས་བྱ་བའི་དོན་ཏོ། །ཕུར་བུས་འདེབས་པ་ཇི་ལྟ་བུ་ཞེ་ན། དངོས་གྲུབ་ཆེན་པོའི་ཚུལ་གྱི་མཆོག་སྟེ། ཉེ་བར་སྒྲུབ་པའི་འབྲས་བུའི་ཐབས་ཕྱི་མར་གྱུར་པའོ། །དེ་ནས་ཞེས་བྱ་བ
ནི་གསོལ་བ་བཏབ་པའི་དེ་མ་ཐག་ཏུའོ། །གསུང་ནི་འདི་སྐད་ཅེས་བྱ་བ་ནི་ཕུར་བུས་འདེབས་པའི་མདོའི་ཚིགས་སུ་བཅད་པའོ། །འབར་བ་ནི་མི་བསྐྱོད་པ་ལ་སོགས་པ་ལ་རབ་ཏུ་ཁྲོ་བའོ། །ཁྲོ་བ་སྟོན་པའི་སྐུ་དང་གསུང་གི་རྣམ་པར་འགྱུར
བས་དྲག་པོའོ། །ཁྲོ་བོ་ཉིད་ཀྱི་སྤྱན་ཡངས་པ་སྟེ་སྤྱན་རྒྱ་ཆེ་བའོ། །གལ་ཏེ་ཉོན་མོངས་པ་སྤངས་པ་རྣམས་ལ་ཁྲོ་བ་ཅིའི་ཕྱིར་ཡོད་ཅེ་ན། གསུངས་པ་ཉོན་མོངས་ཀུན་ཉིད་རྒྱ་མཚོ་ཡིན་ཏེ་རེ་རེ་ཞིང་དབྱེ་བ་མཛའ་ཡས་པ
ཉིད་ཀྱི་ཕྱིར་རོ། །དེའི་གཙོ་བོ་ནི་དབང་བསྒྱུར་བ་སྟེ། སེམས་ཅན་གདུལ་བར་བྱ་བའི་ཕྱིར་འདི་དག་ཇི་ལྟར་འདོད་པ་བཞིན་དུ་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་རོ། །རྒྱལ་པོ་ནི་སྔགས་ཐམས་ཅད་ཀྱིའོ། །དེ་ཉིད་ཀྱི་ཕྱིར་དེ་དག
ལ་ཡང་ཁྲོ་བ་ཡིན་ཏེ་ཁྲོ་བོའི་གར་མཛད་པ་ཡིན་ནོ། །ལུས་དང་ངག་ཅེས་བྱ་བ་ལ་སོགས་པ་ལ། ལུས་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་ཏེ་དཀྱིལ་འཁོར་བ་རྣམས་སོ། །རྡོ་རྗེ་ནི་དཀྱིལ་འཁོར་བ་ཐམས་ཅད་ཀྱི་བདག་པོའི། །དེ་ནི་དེ་རྣམས་ཀྱི་སྐུ་ཡང
ཡིན་ལ་དག་ཀྱང་ཡིན་ཞིང་ཐུགས་ཀྱང་ཡིན་ཏེ། འཁོར་ལོ་སྒྱུར་བའི་རང་གི་ལུས་སོ། །དེ་བསྒོམ་པ་ནི་ཡིད་དང་ངག་གི་ཏེ། གོ་རིམ་བཞིན་དུ་དམིགས་པ་གསུམ་དང། བྱང་ཆུབ་ཀྱི་ཚིགས་སུ་??་པས་སོ། །དེ་མི་དམིགས་པ་ནི་མཚན་མ་ཕྲ་མོ་སྟེ།
ཡེ་ཤེས་ཙམ་དུ་མི་དམིགས་པས་སོ། །དེ་མི་དམིགས་པ་དེ་རྣམ་པར་མི་རྟོག་པ་ནི་གདན་ཕྲ་མོས་ཏེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ཀྱི་ཕྱིར་ཏེ་གཉིས་སུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་གང་ནའང་མི་གནས་པ་ནི་མཆོག་ཏུ་ཕྲ་བའི་ས་བོན་གྱི་སྔགས
ཀྱིས་སྟེ། དོན་ལ་ཡང་མ་ཡིན་ཞེས་པ་ལ་ཡང་མ་ཡིན་མཉམ་པ་ཉིད་དུ་གནས་པ་ནི་ཡིད་ལམ་ཡིན་ནོ། །ཏིང་ངེ་འཛིན་དེ་ལྟ་བུ་ལ་རང་ཉིད་སྙོམས་པར་ཞུགས་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱི་དག་པ
ཞེས་བྱ་བ་ནི་སྟོང་པ་སྟེ། དམིགས་པ་གསུམ་གྱི་བསྒྲུབ་པའི་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཚིགས་སུ་བཅད་པ་སྟེ། དེ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་སྔགས་ཀྱི་ཚུལ་རྡོ་རྗེ་ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན
པ་བཞི་ནི་རིགས་པའི་རྒྱལ་མོ་བཞི་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྡོ་རྗེའི་ཕ་རོལ་ཏུ་ཕྱིར་བ་དང། ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་རྣམས་ཀྱང་རང་གི་གནས་ཇི་ལྟ་བུ་བཞིན་དུ་ཤིན་ཏུ་ཕྲ་བའི་མཚན་མའི་ནང
དུ་ཚུད་པ་ནི་ཤིན་ཏུ་ཕྲ་བའི་གདམས་ངག་ཡིན་ནོ། །དེ་ལ་རྡོ་རྗེ་འཛིན་པའི་མཚན་མ་ཕྲ་མོ་ནི་དྲུག་པར་བཤད་དོ། །དེའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་གཉིས་པ་ལ་མཆོག་ཏུ་ཕྲ་བའི་སྔགས་ཀྱི་སྙིང་པོའོ། །དེ་ཉིད་ནི་ཚུལ་ཏེ་ཡང་དག་པར་རྫོགས་པའི་བྱང་ཆུབ
ཀྱི་ལམ་མོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མི་ཕྱེད་པ་ཉིད་ཀྱིས་ནི་རྡོ་རྗེའོ། །སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་པའོ། །གལ་ཏེ་ཅིའི་ཕྱིར་ཏིང་ངེ་འཛིན་འདི་ལ
སྙོམས་པར་ཞུགས་པར་མཛད་ཅེ་ན། འདི་ལྟ་བུའི་སྙོམས་པར་ཞུགས་ཤིང་དེ་བཞིན་གཤེགས་པའི་འདུས་པ་བསྒོམས་ནས། དང་པོར་ཉེས་པ་བསྒྲག་པར་བྱས་པ་དེའི་འོག་ཏུ་དྲག་ཤུལ་སྒྲུབ་པར་བྱེད་ཅེས་སྟོན་པའི་ཕྱིར་རོ། །དེ་དག
ཅེས་བྱ་བ་ནི་འདུས་པ་ལ་ཞུགས་པའོ། །འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་འཆད་པར་འགྱུར་པའི་ཉེས་པ་བསྒྲག་པའོ། །ཡོད་ཅེས་བྱ་བ་ནི་འདི་ཞེས་བྱ་བའི་དོན་ཏེ། །སེམས་ཅན་ཐམས་ཅད་ཀྱི་དོན་ནི་ཕན་པའོ། །དེའི་བྱ་བ་ནི
བྱེད་པའོ། །དེའི་དོན་དུ་རོལ་པ་ནི་བཅོས་པའི་སྐྱེས་པ་དང་བུད་མེད་ཀྱི་རྣམ་པ་དང་དེའི་བྱ་བ་ལ་སོགས་པའོ། །དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྟོན་པར་མཛད་དོ། །ཅི་སྟོང་གཉིས་པ་འམ་སྟོང་གསུམ་པ་གཅིག་གི་འཇིག
རྟེན་གྱི་ཁམས་ཐམས་ཅད་དུ་ཞེ་ན། མ་ཡིན་ཏེ་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སྟོང་གསུམ་གྱི་མཐར་ཐུག་པ་གང་ཡིན་པ་དེ་དག་ནི་ཐམས་ཅད་དུ་ཞེས་བྱ་བའི
དོན་ཏོ། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་ཞེས་བྱ་བ་ནི་རོལ་མོར་གྱུར་པ་རྣམས་ཀྱིས་ཏེ། དེ་ལྟ་བུའི་སྐབས་ཡིན་པའི་ཕྱིར་རོ། །རོལ་ཅིང་ཞེས་བྱ་བ་ནི་བསྟན་པ་སྟེ། བདེ་བའི་སྐུས་ཉམས་སུ་བསྟར་ཅེས་བྱ་བའི་དོན་ཏོ། །དགྱེས་ལ
ཡོངས་སུ་སྤྱོད་པ་ཞེས་བྱ་བ་ནི་བཤད་པ་སྟེ། ཡིད་དང་དབང་པོ་ལྔས་བདེ་བར་སྤྱོད་ཅེས་བྱ་བའི་དོན་ཏོ། །སྔགས་ལ་སྦྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ་ཞེས་བྱ་བ་ནི་བསྙེན་པ་དང་ཉེ་བར་སྒྲུབ་པ་དག་གི་ཞེས་སྐྱོབ་དང་དམ་ཚིག་གོ་།དེ་ལ་མངོན
པར་བརྩོན་པ་ནི་རྣམ་པ་ཐམས་ཅད་དུ་བྱ་བ་དང་ལྡན་པ་སྟེ། སྒྲུབ་པ་པོ་འགའ་ཞིག་གོ་།སྤྱན་རས་ཀྱི་མི་འཚོ་སྟེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་བའི་ཕྱིར་མི་གཟིགས་པ་འམ་གཉིས་སུ་མེད་པའི་ཆོས་ཉིད་བལྟ་བར་མི་མཛད་ཅེས
བྱ་བའི་དོན་ཏོ། །འདིར་ཡང་མི་བསྐྱོད་པ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རོལ་པ་སྟོན་པར་མཛད་པས་དབང་དུ་གྱུར་པ་ཉིད་དང་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་དུ་གསུངས་པ་ལ། སྔགས་ཀྱི་སྤྱོད་པ་ལ་མངོན་པར
བརྩོན་པ་ཉིད་ཀྱིས་སྒྲུབ་པ་པོ་ཐུགས་རྗེ་ཆེན་པོའི་སྣོད་ཉིད་དུ་གསུངས་པ་དེ་ལྟ་ན་ཡང་དེ་རྣམས་འདི་ལ་སྤྱན་རས་ཀྱིས་མི་འཚོ་ཞེས་བྱ་བ་ནི་ཉེས་པ་སྤྲག་པའོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཉེས་པ་བསྒྲག་པ་དེའོ། །
བྱ་བ་གང་གིས་ཤེས་ན་བྱ་བ་ནི་རྫོགས་པར་གྱུར་ན་ཞེས་བྱ་བ་གསུངས་ཏེ། མཐར་ཐུག་པར་གྱུར་པའོ། །གང་གི་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པའི་ཚུལ་གྱི་ཆོས་ཏེ། འདུལ་བའི་ལམ་གང་ཡིན་པ
དེ་ལའོ། །ལམ་གང་ཡིན་ཞེ་ན། ཡན་ལག་དྲུག་གི་བསྙེན་པའི་མཐར་ཕྱིར་པ་ཉེ་བར་སྒྲུབ་པའི་སྦྱོར་བ་ལ་གནས་པས་འདོད་པའི་ལོངས་སྤྱོད་ཀྱི་སྤྱོད་པ་ལ་ཟླ་བ་དྲུག་པ་ཅན་གྱི་སྒྲུབ་པ་གསུམ་ཡིན་ལ། དེ་ནས་དཀའ་བའི་སྤྱོད་པ་ཡང
ཟླ་བ་དྲུག་པ་ཅན་གྱི་སྒྲུབ་པ་གཅིག་ཡིན་ནོ། །དེ་བས་ན་འདི་ནི་རྗེས་སུ་བརྩེ་བར་བྱ་བ་ཡིན་པ་དེ་ལྟར་རྗེས་སུ་བརྩེ་བ་ལ་ཀྱེ་མའི་སྒྲ་ཡིན་ནོ། །འདི་ནི་ཉེས་པ་བསྒྲག་པར་བྱ་བ་དྲག་ཤུལ་གྱི་སྤྱོད་པ་རིགས་སོ། །ཞེས་སྟོན་པར་བྱེད་དོ། །བཅོམ
ལྡན་འདས་ཀྱི་འདྲ་བ་ནི་ཡིན་དུ་ཆུག་ན་སྒྲུབ་པ་པོས་ཇི་ལྟར་ཉེས་པ་བསྒྲག་པར་བྱེད་ཅེ་ན། དེས་ཀྱང་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཡོད་ཀྱང་ཞེས་བྱ་བའི་བར་གྱི་ངག་གི་སྒྲོག་པར་བྱེད་དོ། །དེ་ལ་ཁྱད་པར་ནི་འདི་ཙམ་ཡོད་དོ། །
སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་ཞེས་བྱ་བ་དེའི་འོག་ཏུ་བདག་ལ་ཞེས་བྱ་བ་གཞུགས་པ་དང། ??་མིའོ་འདི་དག་ཅེས་བྱ་བ་བྱུང་བ་ཀྱེ་མ་བདག་ཅེས་བྱ་བ་བརྗོད་བར་བྱའོ། །དེ་སྐད་གསུངས་ནས་ཅི་བཀའ་སྩལ་ཅེ་ན། དེའི་ཕྱིར
དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ན་ནི་དེའི་དེ་མ་ཐག་ཏུའོ། །སྔགས་པ་འདི་ལྟ་བུ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །སྔགས་འདི་མི་བསྐྱོད་པ་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་སྒྲའོ། །དེ་རྣམས་ཀྱིས་བསྡུས་པ་ནི
ཚོགས་པའོ། །ཇི་ལྟར་སྟོན་པར་བྱེད་ཅེ་ན། ཚིག་གི་ལམ་ངེས་པར་བརྗོད་པས་ཏེ་རྗོད་པར་བྱེད་པའི་སྒྲ་ནི་ཚིག་ཡིན་ལ་དེའི་ལམ་ནི་དོན་ཏོ། །དེ་རྣམས་འདྲེན་པར་བྱེད་པའི་ཡི་གེ་རྣམས་ཀྱིས་བརྗོད་པ་ཡིན་ཏེ་དེས་སོ། །དེ་ནི་ལེའུ་གཉིས
པར་བཤད་ཟིན་ཏོ། །ཅིའི་ཕྱིར་གསུངས་ཤེ་ན་སྐྱེས་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པའི་སྐྱེས་བུ་དམ་པ་དེ་རྣམས་ཀྱིས་སྒྲུབ་པ་པོ་ལ་སྤྱན་རས་བཅའ་བའི་ཕྱིར་རོ། །སྔགས་བསྡུས་པ་ཇི་ལྟ་བུ་ཞེས་ན།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དཀྱིལ་འཁོར་པ་ཐམས་ཅད་དེ། །དེའི་རང་བཞིན་ཅན་ནི་སྔགས་སོ། །སྔགས་ལ་དམིགས་པ་ཡིན་པས་ན། སྔགས་ཀྱང་ཡིན་ལ་སེམས་ལ་དམིགས་པས
རྡོ་རྗེ་ཡང་དེ་ཡིན་ཞིང་དག་ལ་དམིགས་པས་གསང་བ་ཡང་དེ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་འཁོར་ལོས་སྒྱུར་བའི་སྐུ་ཉིད་དུ་གྱུར་ནས་ཡང་དེ་ཉིད་སྙིང་གར་གནས་པའི་གདན་ལ་མཚན་མ་ཕྲ་མོའི་དབུས་སུ་གདན་ཕྲ་མོ་ལ་མཆོག
ཏུ་ཕྲ་བའི་རང་གི་ངོ་བོར་གནས་པས་ན་རབ་ཏུ་གསང་བའོ། །སྔགས་ཐམས་ཅད་ནི་འཁོར་ལོས་སྒྱུར་བ་དྲུག་གོ་།དེ་རྣམས་ཀྱི་སྙིང་པོ་སྒྲུབ་པ་པོ་ལ་སྤྱན་རས་ཀྱི་མི་འཚོ་བ་ཀུན་ཏུ་སྐུལ་བར་བྱེད་པ་ནི་ཡང་དག་པར་སད་པར་བྱེད་པའོ། །ཇི
ལྟར་ན་དེ་དེའི་སད་པར་བྱེད་པ་ཡིན་ཞེ་ན། རིམ་པ་བཞིན་གསུམ་པོ་དག་ལས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྤྲོས་ལ་ཅིག་ཤོས་འཁྱིལ་པའི་ས་བོན་དུ་སྒྱུར་ཏེ། ཕུར་བུ་བསྐྱེད་དོ་ཞེས་བྱ་བ་ཞེས་པ་ནི་དེ་སྐད་ཅེས་བྱ་བར་གྲགས་པའོ། །དེ་བཞིན་ནི་གཤེགས
པ་ཐམས་ཅད་དང་རྡོ་རྗེ་འཛིན་པ་ཐམས་ཅད་དང་ཆོས་འཛིན་པ་ཐམས་ཅད་ཀྱི་སྒྲས་ནི་སྔགས་ཐམས་ཅད་རིགས་གསུམ་གྱི་དབྱེ་བར་བསྟན་པ་ཡིན་ནོ། །དེ་རྣམས་ཀྱིས་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ནི་དེ་རྣམས་ཀྱི་སྟེ། གནས་ཇི་ལྟ་བ་བཞིན་དུ
གཞག་པའོ། །དེ་ལ་དམིགས་པ་ནི་སྐྱེ་བའི་གནས་སོ། །རབ་ཏུ་འདར་ཞིང་ཞེས་པ་ནི་སྐྱེད་པ་སྟེ། རང་གི་ཏིང་ངེ་འཛིན་ལས་བཞེངས་པ་ཞེས་བྱ་བའི་དོན་ཏོ། །རྒྱལ་བར་གྱུར་ཞེས་བྱ་བ་ནི་ཕུར་བུས་འདེབས་པའི་འཇིགས་པ་སྟོན་པའོ། །རྡོ་རྗེ་སེམས་དཔའ་
རྗེས་སུ་དྲན་ཞེས་བྱ་བ་ནི་བཞེངས་ནས་ཡོངས་སུ་སྐྱོབ་པར་གར་མཛད་པ་སྟོན་པའོ། །དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་གསུམ་དང་ལྡན་པའོ། །ནམ་མཁའ་དབྱིངས་ཀྱི་དབུས་ན་གནས་པར་ཞེས་བྱ་བ་ནི་ཆོས་འབྱུང་བའི་ནང་དུ་ཆུད་པའོ། །བཀོད་པའི་དཀྱིལ་འཁོར་ཞེས་བྱ་བ་ནི
གཞལ་ཡས་ཁང་ངོ། །དེའི་ཞེས་བྱ་བ་ནི་བཀོད་པའི་དཀྱིལ་འཁོར་གྱིའོ། །དབུས་གནས་ཞེས་བྱ་བ་ནི་རང་གི་སྙིང་གར་ཆུད་པའོ། །ཡི་གེ་ཧཱུཾ་ནི་ཤིན་ཏུ་དཀར་པའོ། །རང་གི་གཟུགས་སུ་ཞེས་བྱ་བ་ནི་རང་གི་མཚན་མ་སྟེ། དང་པོའི་རྡོ་རྗེ་དང་ལྡན་པ་དེའི་དབུས་ན
གནས་པ་ཞེས་བྱ་བའི་དོན་ཏོ། །རང་གི་སྟན་ལ་གནས་ཞེས་བྱ་བ་ནི་མ་སྨྲས་ཀྱང་གྲུབ་པ་ཡིན་ནོ། །རབ་ཏུ་བརྟག་ཅེས་བྱ་བ་ནི་ཤེས་པར་བྱ་བའོ། །རྡོ་རྗེའི་འོད་ཟེར་ཞེས་བྱ་བ་ནི་རྡོ་རྗེའི་འོད་དང་ལྡན་པའོ། །ཆེར་འབར་བ་ཅེས་བྱ་བ་ནི་ཤིན་ཏུ་འབར་བའོ། །རྣམ་པར
འཕྲོ་བར་ཞེས་བྱ་བ་ནི་ཕྱོགས་བཅུར་ཁྱབ་པར་གྱུར་པའོ། །སངས་རྒྱས་ཀྱི་ནི་སྐུ་གསུང་ཐུགས་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ཀྱི་སྐུའི་ཕྱོགས་སུ་མཐོང་བའོ། །དྲངས་པ་ཞེས་བྱ་བ་ནི་འོད་ཟེར་དེ་ཉིད་ཀྱིས་དྲངས་ལ་ཡི་གེ་ཧཱུཾ་དུ་བཅུག་པའོ། །དེ་ལྟར
ན་གཟུང་བར་བྱ་བ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་སྔགས་ལ་དམིགས་པའོ། །དེ་ནས་འཛིན་པ་ཡང་མེད་དོ་ཞེས་སེམས་ལ་སེམས་མེད་པ་ཉིད་དུ་ཤེས་པ་ནི་སེམས་ལ་དམིགས་པའོ། དེ་ནས་ཚིགས་སུ་བཅད་པ་ནི་དག་ལ
དམིགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ཅེས་བྱ་བ་ནི་རྡོ་རྗེ་གསུམ་དང་ལྡན་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱིས་སེམས་པ་ཡིན་ལ་ཆེན་པོ་ནི་དབུས་མའི་གདན་ལ་བཞུགས་པའི་ཕྱིར་རོ།
ཀུན་གྱི་གཙོ་བོ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་རོ། །དབང་ཕྱུག་མཆོག་ནི་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །རང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་འཛིན་པར་བཤད
པའི་ཆོ་ག་ཐུན་མོང་ཉིད་ཡིན་པར་གསུངས་པ་ཡིན་ནོ། །རང་གི་དཀྱིལ་འཁོར་ནི་རྡོ་རྗེ་དང་འཁོར་ལོ་ལ་སོགས་རང་སྔགས་ཀྱི་ཞེས་བྱ་བ་ནི་ཧཱུཾ་དང་ཨོཾ་ལ་སོགས་པ་དང་ལྡན་པའོ། །སྐབས་འདིས་ནི་རྡོ་རྗེ་སེམས་དཔའ་ལ་ངེས་པར་བསྟན་པའི
དམིགས་པ་གསུམ་གྱི་མཚན་ཉིད་ཅན་འདི་ནི་སྐྱེད་བར་བྱེད་པའི་ཚུལ་དུ་འཁོར་ལོ་སྒྱུར་བ་དྲུག་ཆར་འགྱུར་རོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། །སྔགས་ཐམས་ཅད་ནི་སྔགས་ཀྱི་ལྷ་ཐམས་ཅད་དོ། །སྙིང་པོ་ཞེས
བྱ་བ་ནི་ནམ་མཁའ་དང་མཉམ་པ་སྟེ། རང་གི་བྱང་ཆུབ་ཀྱི་ཚིགས་སུ་བཅད་པ་དེ་ལྟར་སྒྲུབ་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་བསྡུས་པ་ཡི་ཞེས་བྱ་བ་ནི་རྡོ་རྗེ་གསུམ་བསྡུས་པར་གྱུར་པའོ། །དེ་ལྟར་རྡོ་རྗེའི་དམ་ཚིག་ཚིགས་སུ་བཅད་པ་བཞི་གསུངས་པ
ནམ་མཁའ་རྡོ་རྗེའི་དམ་ཚིག་ཚིགས་སུ་བཅད་བ་གཅིག་གིས་བསྟན་པའི་ཕྱིར་རང་སྔགས་ཤེས་པ་ལ་སོགས་པ་གསུངས་ཏེ། །རང་སྔགས་སྐྱེས་བུ་ནི་བསྟེན་པར་བྱ་བ་འམ། ཕུར་བུས་གདབ་པར་བྱ་བའི་རང་གི་འཁོར་ལོས་སྒྱུར་བ་འམ་འདེབས་པའི
བུར་བུ་སྟེ། གསུམ་པོ་གང་ཡང་རུང་བའོ། །དེ་བསྒོམས་ན་དེ་དམིགས་པ་གསུམ་དང་བྱང་ཆུབ་ཀྱི་ཚིགས་སུ་བཅད་པས་སྐྱེད་ནས་སོ། །རབ་ཏུ་བསྒོམ་པ་ནི་རྣམ་པ་དགང་བར་བྱའོ། །གང་དུ་གང་གི་ཞེས་ན་གནས་སུ་ཏེ། མགོ་དང་མགྲན་པ
དང་སེམས་དང་ཡེ་ཤེས་ཀྱི་གནས་རྣམས་སུ་ཤེས་རབ་ཀྱི་རང་བཞིན་དུ་བརྟག་པར་བྱ་བས་ན་གཟུགས་ཀྱི་ཚུལ་ཏེ་གདན་རྣམས་སོ། །གཟུགས་དེ་དག་ལ་ཞལ་གསུམ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་ཡིན་པའི་ཕྱིར་སྐུ་དང་གསུང་ཐུགས་སོ། །དེ
རྣམས་ཀྱི་ལྟ་བུ་ནི་སོ་སོ་དང་བསྡུས་པ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའ་ཨི་མཚན་མ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་དེ་ཡང་དག་པའི་སྦྱོར་བ་སྟེ། མཚན་མ་བཞིའི་ནང་དུ་ཁ་དོག་གསུམ་པོ་གང་ཡིན་པ་སྟེ། ཡི་གེ
གསུམ་པོ་གང་ཡིན་པ་སོ་སོ་པ་དང། བསྡུས་པ་དང་བཅས་པ་དགོད་པ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའ་རྣམས་ཀྱི་ས་བོན་ཞེས་བྱ་བའི་ནི་དོན་དེ་དག་གིས་དགའ་བའོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ལ
ནམ་མཁའ་ནི་ནང་ངོ། །དམ་ཚིག་ནི་དེར་རྡོ་རྗེ་རྣམས་འདུས་པའོ། །དེ་སྟོན་པར་མཛད་པས་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེའི་མཆོག་གི་གསང་བ་ཅེས་བྱ་བ་ལ་མཆོག་ནི་མཆོག་ཏུ་ཕྲ་བའི་ས་བོན་ནོ། །རྡོ་རྗེ་ནི་ཤིན་ཏུ་ཕྲ་བའི་མཚན
མའོ། གསང་བ་ཅེས་བྱ་བ་ནི་སྔགས་ཀྱི་གདན་ཕྲ་མོ་སྟེ། ཟླས་དབྱེ་བའི་བསྡུ་བའོ། །སྙིང་ག་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ས་བོན་ཏེ། དེའི་ཕྱོགས་གཅིག་ཡིན་པས་དེའི་ཐིག་ལེ་ཡང་སྙིང་གའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་མཚན་མའོ། །ཡི
གེ་མཆོག་ཏུ་གྱུར་པ་ཞེས་བྱ་བ་ནི་མཆོག་ཏུ་ཕྲེ་བའོ། །གནས་ཞེས་བྱ་བ་སྔགས་ཀྱི་གདན་ཞེས་བྱ་བའི་དོན་ཏོ། །དེའི་ཞེ་བྱ་བ་ནི་མཚན་མ་ཕྲ་མོའི་དབུས་སུའོ། །དེ་ལྟར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱི་གནས་ནས་དེ་བཞིན་གཤེགས་པ
ཐམས་ཅད་ཕྱོགས་སུ་བལྟས་ལ་དེ་རྣམས་ལ་དེའི་ཉེས་པར་སྒྲགས་ལ་ཕུར་བུའི་ལྷའི་རྣལ་འབྱོར་ཡང་བྱས་ནས་གང་ཞིག་བྱ་བ་དེ་གསུངས་པ། རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཀྱི་བདུད་རྩི་འཁྱིལ་པ་ཆོ
ག་བཞིན་དུ་བཀུག་ཏེ་བདག་ལ་བསྟིམས་ཏེ། རོ་གཅིག་པར་སྦྱོར་བས་དེའི་འོག་ཏུ་རྡོ་རྗེ་དང་པདྨ་མི་ཕྱེད་པར་མོས་པས་ཁྲོས་བཞིན་དུ་པདྨའི་ནང་དུ་བསྒྲུབ་བྱ་དེ་བསམས་ཏེ། དེའི་རིགས་ཀྱི་རྡོ་རྗེ་ལྕགས་ཀྱུ་དམ་ཚིག་གི་སྟོབས་ཀྱིས་སོང་ནས་
ཡེ་ཤེས་ཀྱི་བསྒྲུབ་པར་བྱ་བའི་སྙིང་ག་ཕུག་ལ་དགུག་པ་དང་གཞུག་པ་དང་བཅིང་བའི་སྦྱོར་བ་བསམས་ཏེ། ནམ་མཁར་སེན་བའི་རྡོ་རྗེའི་ནང་དུ་འཁྱིལ་པའི་ས་བོན་ལས་རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་ཕྲ་མོའི་ཕུར་བུ་སྟེ། ཕུར
བུའི་འོག་རྩེ་གཅིག་པའོ། །རྩེ་ལྔ་པ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཡུན་རིང་དུ་སྟེ། འདི་ནི་རེ་ཞི་རྡོ་རྗེ་རིགས་ཀྱི་ཕུར་བུ་ཡིན་ནོ། །འཁོར་ལོ་དང་པདྨའི་རིགས་དག་གི་ཡང་རྣམ་པར་བསྒོམ་པོ་བྱ་ཞེས་གསུངས་སོ
། རྡོ་རྗེ་ནི་ཕུར་བུའི་རིགས་ཀྱི་དབྱེ་བ་ལས་རྡོ་རྗེ་ལྕགས་ཀྱུ་དང་འདྲ་བར་ཁྱད་པར་གྱིས་ཏེ། རྡོ་རྗེ་དང་འཁོར་ལོ་དང་པདྨའི་རིགས་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ་མགོ་བོར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་ཞེས་བྱ་བ་ནི་རང་གི
རིགས་ཀྱི་ཕུར་བུས་སོ། །སྙིང་གར་ཞེས་བྱ་བ་ནི་སྒྲུབ་པ་བྱ་བའི་འོ། །ལྷ་རྣམས་རབ་ཏུ་བསྐུལ་བ་འམ་ཞེས་བྱ་བ་ལ་འམ་གྱི་སྒྲ་ནི་དེ་སྲིད་ཀྱི་དོན་ཏེ་བཅུ་བཞི་པ་ལས་འཆད་པར་འགྱུར་བའི་དེའི་སྔགས་དང་ཕྱག་རྒྱ་དག་གིས་ཕུར་བུའི་ལྷ་དེ
སྲིད་ཀྱི་བར་དུ་བསྐུལ་བར་བྱ་ཞིང་དེ་ནས་སྔགས་ཀྱི་མཐར་གདབ་པར་བྱའོ་ཞེས་བྱ་བར་དགོངས་སོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕུར་བུ་གདབ་པོ། །དེ་ཞེས་བྱ་བ་ནི་སྤས་པ་གང་ཡིན་པའོ། །རྡོ་རྗེ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ལྷ
ཐམས་ཅད་ཀྱིའོ། །སངས་རྒྱས་བྱང་ཆུབ་ནི་སྒྲུབ་པའི་འབྲས་བུའོ། །དེའི་རབ་སྒྲུབ་པ་ནི་ཁྱད་པར་ཅན་གྱི་སྒྲུབ་བའོ། །འཁོར་ལོ་པདྨའི་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོའི་རིགས་ལ་སོགས་པའི་རྒྱུར་གྱུར་པས་ཅི་རིགས་པར་རྡོ་རྗེ་ལྕགས
ཀྱུ་ལ་སོགས་པ་གསུངས་ནས་འཁོར་ལོ་དང་རྡོ་རྗེ་དང་པདྨའི་རིགས་རྣམས་ཀྱིས་ལྷ་རྣམས་དགུག་པར་བྱ་བའི་ཕྱིར་གོར་མི་བཞིན་དུ་འཁོར་ལོ་དང་རྡོ་རྗེ་དང་པདྨས་མཚན་པའི་ལྕགས་ཀྱུ་སྤོ་བོ་དང། ལྐོག་མ་དང་སྙིང་གར་གནས་པའི་འཁོར་ལོ་ལ་སོགས
པ་ལས་སྤྲོས་ལ་བསྒོམ་པར་བྱ་བ་ངས་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྙིང་ག་རུ་ནི་བསྐུལ་བར་བྱ་ཞེས་བྱ་བ་ནི་སྙིང་ཁ་ཕུག་ནས་དགུག་པའོ། །དྲག་ཤུལ་གྱི་སྒྲུབ་པ་འདི་ལ་ཉེས་བྱས་སུ་འགྱུར་བར་དོགས་པ་གསལ་བར་བྱ་བའི
ཕྱིར་འདི་ནི་རོལ་མོའི་འབྱུང་བདེ་ཞེས་བྱ་བ་གསུངས་ཏེ། རོལ་མོ་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །འདིར་སངས་རྒྱས་བྱོན་པ་འམ་ཐུགས་གར་གདབ་པ་ཡང་མ་ཡིན་གྱི། འོན་ཀྱང་དོན་མེད་པ་ལ་དོན་དུ་སྣང་བའི་རྣལ་འབྱོར་པའི
སེམས་ཅན་ནི་ད་ལྟར་རྟན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་དེ་བས་ན་རོལ་མོ་འབྱུང་བ་ཡིན་པ་དེ་བས་ན་རོལ་མོ་འབྱུང་བ་འདི་ནི་བཅོམ་ལྡན་འདས་དེ་རྣམས་ཉིད་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བའི་ཕྱིར་གསུངས་པ་ཡིན་ཏེ། འདི་ལྟ་བུའི་ཉེ་བར་དམིགས་པ
དཀའ་བ་བསྒོམ་པ་ནི་ཉེ་བར་དམིགས་པ་ཟད་པར་བྱ་བའི་ཕྱིར་དེའི་བཀའ་བཞིན་བྱེད་པའི་དང་པ་དང་ཤེས་རབ་འཕེལ་བའི་ཕྱིར་དངོས་གྲུབ་ཀྱི་དོན་གྱི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་ཚུལ་མཆོག་ཏེ། འདི་ལྟ་བུའི་ཉེ་བར་དམིགས་པ་
དགའ་བ་བསྒོམ་པ་ནི་ཉེ་བར་དམིགས་པ་ཟད་པར་བྱ་བའི་ཕྱིར་དེའི་བཀའ་བཞིན་བྱེད་པའི་དང་པ་དང་ཤེས་རབ་འཕེལ་བའི་ཕྱིར་བའི་ཕྱིར་དངོས་གྲུབ་ཀྱི་དོན་གྱི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་ཚུལ་མཆོག་གོ་། ཡེ་ཤེས་རྡོ་རྗེ་ཅན་ནི་སེམས་བརྟན
པ་རྣམས་ཀྱིའོ། །གསལ་བ་ཅེས་བྱ་བ་ནི་ངོ་གཅིག་པའོ། །གྲུབ་པར་འགྱུར་ཞེས་བྱ་བ་ནི་ཞག་བདུམ་ཙས་གྱིས་འགྲུབ་པར་འགྱུར། །རིམ་པ་གང་གིས་འགྲུབ་པར་འགྱུར་ཞེས་ན། མཆོག་སྩོལ་བ་དག་ཅེས་བྱ་བ་ལ་སོགས་པ
གསུངས་སོ། །ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས་ཞེས་བྱ་བ་ལ་འདིར་བཅོམ་ལྡན་འདས་སྒྲུབ་པ་པོ་གཏང་སྙོམས་སུ་བཞག་པས་བདག་ཉིད་བརྩེ་བ་མེད་པའི་རྟོག་པ་ནི་འཇིགས་པའོ། །དམ་ཚིག་ལས་འདས་པས
བརྫུན་དུ་སྨྲ་བའི་རྟོག་པ་ནི་སྐྲག་པའོ། །ཡིད་ལ་ཞེས་བྱ་བ་ལ་སོགས་པ་ལ་སེམས་དགའ་བར་ཕྱེད་པའི་ཕྱིར་མགུ་བ་ཅེས་བྱ་བའི་དོན་ཏོ། །དངོས་གྲུབ་རྒྱ་ཆེན་པོ་ནི་སྐུ་གསུམ་ནམ་མཁའ་ཨི་མཚན་ཉིད་ཅན་གྱི་རྡོ་རྗེ་གསུམ་མོ། །སྔགས
ཀྱི་སྤྱོད་པའི་མཆོག་སྒྲུབ་པས་ཞེས་བྱ་བ་ནི་སྔགས་ཀྱི་སྤྱོད་པའི་མཆོག་འདི་རབ་ཏུ་མཛད་པས་བས་སོ། །དེ་ཉིད་ཀྱིས་ན་དེ་དག་གིས་བཀའ་འདི་དག་གལ་ཏེ་སྒྲུབ་པ་པོ་འགའ་ཞིག་གིས་འདའ་བར་བྱས་ན་ཏེ། ཁ་ནམ་ཐོ་བའི་དོགས་པས
ཉམས་སུ་ལེན་པར་མི་བྱེད་ན་ནིའོ། །རྨོངས་པ་དག་ཅེས་བྱ་བ་ནི་མ་རིག་པའི་རང་བཞིན་ཅན་ནོ། །གང་གི་ཕྱིར་དེ་ནི་ཐུགས་རྗེ་ཆེན་པོས་བསྟན་པ་དམིགས་པའི་གཉེན་པོའི་རྣལ་འབྱོར་པས་ཀྱང་གང་ཁ་ན་མ་ཐོབ་དགོས་པར་འགྱུར་
བའི་ཕྱིར་རིགས་པའི་རྗེས་སུ་འབྲང་བར་བྱའི་རྒྱུ་མེད་པར་བསྒྲགས་པར་ནི་མི་བྱའོ། །དེའི་ཞེས་བྱ་བ་ནི་འདའ་བར་བྱེད་པའི་འོ། །སྲོག་ཅེས་བྱ་བ་ནི་དངོས་གྲུབ་ཀྱི་གནོད་ཉིད་འདི་ལྟར་དགེ་སློང་ཚུལ་ཁྲིམས་འཆལ་པ་ནི་བསྟན་པ་འདི་ལ
ཤི་པ་ཅེས་བརྗོད་དོ། །ཉན་ཐོས་ཀྱི་འབྲས་བུའི་སྐལ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ང་ཡང་དངོས་གྲུབ་འདི་ལ་ཤི་བར་འགྱུར་བ་ཡིན་ཏེ། སྐལ་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དང་པོའི་སྤྱོད་པ་དག་གིས་ནི་མ་གྲུབ་པ
ཉིད་ཀྱི་ཕྱིར་དང་སྤྱོད་པ་འདི་ལ་ནི་རྒྱ་བ་ཀྱིས་ཕྱོགས་པའི་ཕྱིར་རོ། །གང་ཡང་དུས་མ་ཡིན་པ་འམ་ཆོ་ག་མ་ཡིན་པས་དག་ཤུལ་གྱི་སྦྱོར་བ་བྱེད་པ་འམ་གཞན་དམ་ཚིག་མེད་པ་ལ་གསང་བ་འདི་སྟོན་པར་བྱེད་ན་དེའི་ཉེས་པ་ནི་དུས་མ་ཡིན
པར་འཆི་བ་དང་དམྱལ་བར་ལྟུང་བ་ལ་སོགས་པ་འདི་ཡིན་ནོ། །དྲག་ཤུལ་སྒྲུབ་པའི་ཐ་མ་དང་སྔར་གྱི་སྦྱོད་པ་ལ་ཆོ་ག་བཞིན་དུ་སངས་རྒྱས་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ཡིན་པ་ན་དེ་ནས་ཞེས་བྱ་བ་ལ་སོགས་པས་ཆོ་ག་དེ་དག་ཉིད
ག་སུངས་ཏེ་རིགས་གསུམ་བསྡུས་པའོ་ལྷ་རྣམས་ནི་འཇིག་རྟེན་གསུམ་ཡིན་ལ་དེ་རྣམས་ཀྱི་མཆོག་ནི་རྗེས་སུ་མཐུན་པ་ཡིན་ཞིང་སྔར་བཤད་པའི་དྲག་ཤུལ་གྱི་སྦྱོར་བས་སྟོན་པར་མཛད་པས་ན་འཇིག་རྟེན་གསུམ་མཆོག་སྟོན་པ
པོའོ། འཇིག་རྟེན་གསུམ་མཆོག་ཉིད་ཀྱི་མཆོག་གི་རྡོ་རྗེ་མཉེས་པའི་ཆོ་ག་འཆང་པར་འགྱུར་བས་ལོངས་སྤྱོད་དམ་པ་དང་མཆོག་ཏུ་དགྱེས་པར་འགྱུར་བ་དེ་ནི་འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ་བོས་སོ། །གསུང་ནི་ཞེས་བྱ་བ་ནི་
རྗེས་སུ་མཉེས་པར་བྱ་བ་སྟོན་པ་ནའོ། །ཅི་སྙེད་པ་ཞེས་བྱ་བ་ནི་སྔར་བསྟེན་ནས་གང་དུ་ཕུར་བུས་གདབ་པ་རང་གི་རྡོ་རྗེའི་སྐམ་པས་བྱུང་ནས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་ནས་ཡང་སྔ་མ་བཞིན་དུ་བསྐྱེད་པའི་བར་དུའོ། །རྡོ་རྗེ་གསུམ
གྱི་ཡེ་ཤེས་རྫོགས་ཞེས་བྱ་བ་ནི་སྤྱི་བོ་དང། ལྐོག་མ་ལ་སོགས་པར་སྐུ་དང་གསུངས་དང་ཐུགས་དང་ཡེ་ཤེས་ཀྱི་མཚན་མ་སྔགས་དང་བཅས་པ་བྱིན་གྱིས་རློབ་པའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ
ཡང་དག་པར་སྦྱར་བས་སོ། །དངོས་པོ་ཐམས་ཅད་བརྟག་པར་བྱ་ཞེས་བྱ་བ་ནི་དེ་རྣམས་ལ་བྱའོ་ཞེས་བྱ་བ་ལྷག་མའོ། །དངོས་པོ་ཐམས་ཅད་ནི་ལོངས་སྤྱོད་བཞི་སྟེ་གཏི་མུག་དང་ཞེ་སྡང་འདོད་ཆགས་དང་རྡོ་རྗེའོ། །དེ་རྣམས་རྟག་པར
བྱ་བ་ནི་སྣ་ཚོགས་སུ་བརྟག་པ་སྟེ། ཡེ་ཤེས་ཀྱི་མཚན་མ་ལས་ནམ་མཁའ་ཁྱབ་པར་བྱེད་པ་སྤྲོ་བའོ། །འདི་དག་གང་ཡིན་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་དེ་ཉིད་ནི་ལོངས་སྤྱོད་ཡིན་ལ་དེ་རྣམས་ཀྱི་དམ་ཚིག
ནི་ཀུན་ཏུ་འགྲོ་བའོ། །རིག་མའི་དབང་ཕྱུག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་མཚན་མའི?་ནང་དུ་ཆུད་པའི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཅན་གཙོ་མོའོ། །ཞུགས་པ་ལ་ཞེས་བྱ་བ་ནི་དེ་དག་ཉིད་ལ་དངོས་པོ་ཐམས
ཅད་བསྡུ་བའི་སྦྱོར་བས་རོ་གཅིག་པར་གྱུར་པ་དག་ལའོ། །རྡོ་རྗེའི་སྦྱོར་བ་རབ་བསྒོམ་ཞིང་ཞེས་བྱ་བ་ནི་དེ་ལ་གནས་པའི་སྔགས་ཀྱི་ཡི་གེས་ལྷན་ཅིག་སྦྱོར་ཅིད་ཕན་ཚུན་ཆགས་པར་བསྒོམ་པའོ། །ཇི་ལྟར་ཞེ་ན་ཆགས་པ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཆགས་པ་ནི་རིག་པའི་རྒྱལ་མེ་དེ་ལ་ཚོགས་པའོ། །བལྟ་བ་ནི་ཡེ་ཤེས་ཏེ་སྔགས་སོ། །འདི་ལ་ཆགས་པས་བལྟ་བ་ཡོད་པས་ན་དེ་སྐད་ཅེས་བྱ་བ་སྟེ། གཉི་ག་ཆགས་པས་བལྟ་བར་བྱའོ་ཞེས་བ་བའི་དོན་ཏོ། །
དེ་གང་ཞེ་ན་འདི་ནི་དམ་ཚིག་དཀྱིལ་འཁོར་ར་ཞེས་གསུངས་ཏེ། སྔགས་ཀྱི་དམ་ཚིག་དེ་ཉིད་བསྡུ་བའི་སྦྱོར་བས་སྙིང་པོར་བསྡུ་བའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཀུན་བདག་སྲས་ནི་བྱང
ཆུབ་སེམས་རྣམས་སོ། །འདི་ལས་བཤད་མ་ཐག་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་སྤྲོས་པ་དང་བསྡུས་པ་ལ་དེ་བཞིན་གཤེགས་པ་ཀུན་སྲས་སུ་གྱུར་པས་ན་དེ་སྐད་ཅེས་བྱའོ། །འདི་ལས་འཆད་པར་འགྱུར་བའི་རིག་མའི་ཚོགས་སྤྲོས
པ་དང་བསྡུས་པས་ཐམས་ཅད་དབང་བསྐུར་བ་དེ་ལྟར་ན་ཐམས་ཅད་དབང་བསྐུར་རོ། །དེ་ལྟ་བུ་ཡང་དེ་ཡིན་ལ་སངས་རྒྱས་གཙོ་བོ་ཡང་ཡིན་ཏེ། འདི་ལས་འཆད་པར་འགྱུར་བའི་སངས་རྒྱས་ཀྱི་ཚོགས་སྤྲོ་བ་དང་བསྡུས་པའི་སངས་རྒྱས
རྣམས་མཆོག་ཡིན་པའི་ཕྱིར་རོ། །དེ་བྱེད་པའི་ཕྱིར་རྣལ་འབྱོར་པ་ལ་ཡང་དེ་སྐད་ཅེས་བྱའི་དེ་སྟོན་པར་མཛད་བ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །ཇི་སྙེད་ཡོད་ཅེས་བྱ་བ་ནི་བུད་མེད་དེ་རིག་མ་ཇི་སྙེད་ཡོད་པའོ། །
བཤད་པ་ནི་བསམས་པ་སྟེ། མཆོག་ཏུ་དགའ་བའི་རིག་མ་ཐམས་ཅད་སྤྲོ་བའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་ས་དང་པོ་ནི་ས་བོན་ནོ། །དེ་ལ་སྦྱོར་བ་ནི་དེའི་སྟན་ལ་རྗེས་སུ་ཞུགས་པའོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་དེ་དག་ཐམས་ཅད་ལའོ། །བྱེ་བ
གྲངས་མེད་རྡོ་རྗེ་ཅན་ཞེས་བྱ་བ་ནི་སངས་རྒྱས་བྱེད་གྲངས་མེད་པའོ། །མཐར་བསྡུ་བ་ནི་མ་བཤད་ཀྱང་གྲུབ་པ་ཡིན་ནོ། །སངས་རྒྱས་གནས་ནི་དེར་ཞེས་བྱ་བ་ནི་དེར་གནས་པའི་ཡེ་ཤེས་ཀྱི་ས་བོན་ནོ། །སྤྲོ་བྱ་ཞེས་བྱ་བ་ནི་མཆོག་ཏུ་བདེ་བས་སོ།།
བྱང་ཆུབ་ཀྱི་དམ་ཚིག་ཅེས་བྱ་བ་ནི་བྱང་ཆུབ་ཏུ་ཡང་དག་པར་སྦྱོར་པ་འདི་ཉིད་སྟོན་པར་མཛད་པ་དེ་ལ་སྐད་ཅེས་བྱའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་གསུངས་པ་ཡིན་ཏེ་གང་ལ་རྡོ་རྗེ་གསུམ་པོ་མཁའ་འདྲ་བ་ཡོད་པ་དེ་ལ་དེ
སྐད་ཅེས་བྱའོ། །བྱང་ཆུབ་ནི་དོན་དམ་པ་མཐོང་བའོ། །འདི་ལ་བྱང་ཆུབ་ལ་གནས་པའི་སེམས་ཡོད་པས་ནི་བྱང་ཆུབ་སེམས་དཔའ་ཨོ། །དེས་བདག་ཉིད་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རྒྱལ་བ་རྒྱ་མཚོའོ། །རྡོ་རྗེ་སེམས
དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱི་མཆོག་ནི་དོན་དམ་པ་མཐོང་བའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ནི་ཡང་དག་པར་སད་པ་སྟེ། དྲག་ཤུལ་གྱི་སྦྱོར་བའི
ཕྱིར་དང་རྗེས་སུ་མཉེས་པའི་ཕྱིར་རོ། །དེ་གསལ་པར་བྱེད་པ་ཉིད་ཀྱི་ཕྱིར་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ་ལས་ལེའུ་བཅུ་པའོ།། །།དངོས་གྲུབ་མཆོག་ནི་བསྙེན་པ་ནི་ལེའུ
འདིའི་དོན་ཡིན་ཏེ། ལེའུ་གསུམ་པ་དང་བདུན་པར་སྦས་པའི་དོན་གསལ་བར་བྱ་བའི་ཕྱིར་དང་ཞར་ལས་འོངས་པའི་དམན་པའི་དངོས་གྲུབ་ཀྱང་བརྒྱད་བརྗོད་པར་བྱའོ། །ཇི་ལྟར་ན་ཞར་ལས་འོངས་པ་ཡིན་ཞེ་ན་སྦྱོར་བའི་ཡན་ལག་དྲུག་ནི་དངོས་སུ་བདག
ཉིད་ཞིང་དུ་བྱེད་པ་ཡིན་ལ་དེ་རྣམས་ཀྱིས་ཀྱང་ཅུང་ཟད་ཙམ་ཞིང་དུ་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་སེམས་བརྟན་པ་ལས་ཡིན་ལ་སེམས་བརྟན་པ་དེ་ཡང་ཡན་ལག་བཞིའི་སྦྱོར་བ་ལས་ཡིན་པས་དེ་ཉིད་དང་པོར་བྱའོ།།
དེ་བས་ན་དེའི་དོན་གྱི་ལེའུ་བསྟན་པར་འདོད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་འཁོར་ལོ་སྒྱུར་བ་དྲུག་པ་རྣམས་ཏེ། །དེ་རྣམས་ཀྱི་རྡོ་རྗེ་སྐྱེས་བུའི་མཆོག་ཅེས་བྱ་བ་ལ་རྡོ་རྗེ་ནི་བྱང་ཆུབ
ཀྱི་སེམས་སོ། །དེ་ཉིད་ནི་སྐྱེས་བུ་སྟེ་སེམས་ཉིད་སྐྱེས་བུའི་བྱ་བ་བྱེད་པས་སྐྱེས་བུ་ཡིན་ཏེ་དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་སྐྱེས་བུ་མཆོག་གོ་།ཇི་ལྟར་ན་མཆོག་ཡིན་ཞེ་ན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གསང་བའི་དམ་ཚིག་ཡིན་པ་དང།
དེ་བཞིན་དུ་སྔགས་ཀྱི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཏེ་ཏིང་ངེ་འཛིན་དེ་ལ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། དེ་ལ་སྙོམས་པར་ཞུགས་པ་ནི་དེ་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས
ཅད་ཀྱི་སྔགས་རྡོ་རྗེ་ཞེས་བྱ་བ་ནི་སྔགས་ས་ལ་གནས་པའི་རྡོ་རྗེ་སྟེ། སྔགས་དང་རིག་པ་དག་གི་དོན་གཅིག་པ་ཡིན་པའི་ཕྱིར་དེ་ཉིད་ནི་རིག་པའི་སྐྱེས་དུའོ། །དེ་རྣམས་ཀྱི་མཆོག་ནི་སྔར་བཤད་པ་བཞིན་ནོ། །དེ་གསལ་བར་བྱེད་པའི་ལེའུ་དེའི།
ལེའུའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་ཚིགས་སུ་བཅད་པ་འདིས་ནི་ཡན་ལག་བཞི་མདོར་བསྟན་ཏོ། །ཆེན་པོར་གྱུར་པའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ། ཕྲ་མོ་གསུམ་གྱི་རིན་ཆེན་ཆེན་པོའོ། དེའི་བསྒོམ་པ་ནི་རྣམ་པར
དཔྱད་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་རྡོ་རྗེ་སྙིང་པོ་སྟེ་ངེས་བྱ་བའོ། །བྱང་ཆུབ་ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་སྟེ། དེའི་ཐོབ་པར་བྱེད་པ་ནི་རྒྱུར་གྱུར་པའོ། །ཅི་སྟེ་སྔགས་གང་གིས་དེ་བསྒོམ་པ་པར་བྱ་ཞེ་མ
རྡོ་རྗེ་གསུམ་ཡིག་སྔགས་མཆོག་གིས་ཏེ། རྡོ་རྗེ་གསུམ་གྱི་ཡི་གེ་ནི་རབ་སྔགས་དང། ཨཱབསྡུས་པའོ། །བསམ་གཏན་གྱི་ཡན་ལག་ནི་གསུང་དང་ཐུགས་བསྡུས་པའོ། །སྲོག་དང་རྩོལ་བ་ནི་སྐུ་དང་གསུང་དང་ཐུགས་རྣམས་བསྡུས་པའི་སེམས་ཀྱི་རིན་པོ་ཆེ་ཕྲ་མོའོ། །དེ་ཡང་སྔགས་ཀྱི་རྩེ་མོའི་ཐིག་ལེ་ལ་དེ་རྣམ་པར་བཀོད་ནས
ད་ཨེ་ཉིད་ལ་བསྟན་པར་གནས་ཏེ་སྔགས་ཀྱི་མཆོག་དེ་ཉིད་དུ་རིམ་པ་བཞིན་རང་སྔགས་དང་ཨཱའདི་ལ་གོམས་པས་སེམས་ཀྱི་རིན་པོ་ཆེ་བསྟན་པར་གྱུར་ནས་རྗེས་སུ་དྲན་པ་དང་བ་ཏིང་ངེ་འཛིན་ཡང་བསྒོམ་པ་ནི་ཡན་ལག་དྲུག་བོ། །དེ་གཉི་ག་ཡང་འཁོར་ལོ་རྒྱུར་བའི་ཕྱག་རྒྱ་ཆེན་པོ་སྐུ་དང་གསུང་དང་ཐུགས་ཀྱིས་མཚན་པ་བསྒོམ་བྱས་ནས་ཕྱིས
བསྒོམ་པར་བྱའོ། །དེ་ལ་སྐུ་ལ་སོགས་པ་རྣམས་ཀྱི་རང་བཞིན་དོན་དང་འབྲས་བུ་རྣམས་བསྟན་ལ་དེ་དག་བསྟན་པར་བཞེད་ནས་ཚིག་ཀང་དྲུག་པའི་ཚིགས་སུ་བཅད་པ་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྔགས་རྣམས་ཀྱི་རང
བཞིན་གྱི་སྐུ་ལ་སོགས་པའོ། །དེ་རྣམས་ཀྱི་དོན་ནི་ཡེ་ཤེས་ལ་སོགས་པའོ། །འབྲས་བུ་ནི་རྡོ་རྗེའི་སྐུ་ལ་སོགས་པའོ། །གདོང་མ་ནས་སྐྱེ་བ་མེད་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཡིད་ནི་ཨོཾ་ཞེས་བྱའོ། །དེ་བས་ན་འདི་ནི་ཡེ་ཤེས་ཀྱི་སྙིང་པོ
སྟེ་དེས་ཡེ་ཤེས་ཙམ་དུ་དམིགས་པའོ། །སངས་རྒྱས་རྣམས་ཀྱི་སྐུ་དང་མཚུངས་པར་གྱུར་པ་ནི་རྡོ་རྗེའི་སྐུ་སྟེ། དེ་ཐོབ་པར་བྱེད་པ་ནི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་གཟུགས་བརྙན་ལྟ་བུ་དང་མཉམ་པར་བྱེད་པ་ཡིན་ཏེ། ཐོབ་པར་བྱེད་པ་ནི་སྐྱེས་པར
བྱེད་པའོ། །ཐ་སྙད་རྣམས་ནམ་མཁའ་ལྟ་བུ་ནི་ཨཱམ་བཞིན་ནོ། །གཟུང་བ་དང་འཛིན་པས་སྟོང་པའི་ཡིད་ནི་ཧཱུཾ་ཞེས་བྱའོ། །དེ་བས་ན་འདི་ནི་སྐུ་གསུང་ཐུགས་ཡིན་ཏེ། སྐུ་ལ་སོགས་པ་འདིས་པའོ། །གང་གི་ཕྱིར་ལུས་ལ་སོགས་པ་སངས་རྒྱས་རྣམས་ཀྱི་སྐུ་ལ་སོགས་སྣང་བའི་སྐུ་ལ
སོགས་པ་དམིགས་སུ་མེད་དེ། དེ་རྣམས་ཇི་ལྟར་སྣང་བ་བཞིན་དུ་མི་བདེན་པའི་ཕྱིར་རོ། །དེ་ལྟར་ན་སྐུ་དང་གསུང་གི་གཟུང་བ་མེད་པས་ཐུགས་ཀྱང་འཛིན་པར་ཡོད་པ་མ་ཡིན་ཏེ། གཉིས་པོ་མི་དམིགས་པ་འདི་ནི་སྐུ་དང་གསུང་དང
ཐུགས་ཏེ། སྐུ་ལ་སོགས་པ་དམིགས་སུ་མེད་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསུམ་མི་ཕྱེད་པ་དེའི་ཕྱིར་ཐུགས་ནི་རྡོ་རྗེའོ། །སྔགས་ཡོངས་སུ་གྱུར་པའི་སྐྱེས་བུ་ནི་སྔགས་ཀྱི་སྐྱེས་བུ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ
སོགས་པ་རྣམས་ཀྱི་ཚད་མའི་སྔགས་ཀྱི་སྐྱེས་བུ་དེ་ནི་སྐུ་ལ་སོགས་པའི་སྔགས་ཀྱི་སྐྱེས་བུའོ། །དེ་སྟོན་པར་མཛོད་པ་ལ་དེ་སྐད་ཅེས་བྱའོ། །སོ་སོར་བསྡུད་པའི་དབང་དུ་བྱས་ནས་ནམ་མཁའ་རྡོ་རྗེ་ཞེས་བྱས་པ་ལ་སོགས་པ་ཚིགས་སུ
བཅད་པས་གསུངས་ཏེ། འབྱུང་བ་དང་འབྱུང་བ་བསྡུས་པ་ལས་གྱུར་པའི་རྣམ་པ་མ་བསྟེན་པ་དེ་ནམ་མཁའ་རྡོ་རྗེ་ཞེས་བྱ་བས་བསྟན་ཏེ། པདྨ་དང་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །ཀུན་ཞེས་བྱ་བ་ནི་སྣ་ཚོགས་པའོ། །རྡོ་རྗེ་ནི་སྟོང་པ་ཉིད
དེ་ཆོས་ཀྱི་དབྱིངས་ཤེས་བྱ་བའི་དོན་ཏོ། །རྡོ་རྗེ་སྐུ་ལས་སྐྱེས་པའི་དཀྱིལ་འཁོར་ནི་འདོད་པ་ལྔའི་ལོངས་སྤྱོད་པར་བྱ་བ་དང་ཉེ་བར་སྤྱོད་པའི་སངས་རྒྱས་རྣམ་པ་ལྔ་སྟེ། ནམ་མཁའ་རྡོ་རྗེ་དབུས་སུ་བསམ་ཞེས་བྱ་བར་སྦྱར་རོ། །དེ་དག་གི
རྣམ་པ་ནི་བདུན་པར་བཤད་ཟིན་ཏོ། །སྡུད་པ་ནི་ཉེ་བར་སྤྱོད་པའོ། །སོ་སོའི་སྒྲ་ནི་རྣམ་པ་གཉིས་ཏེ་སོ་སོར་རྣམ་པར་ཕྱེ་སྟེ། སྤྱོད་པ་དང་སོ་སོར་བསྡུས་པའོ། །གང་གི་ཚེ་སོ་སོར་རྣམ་པར་ཕྱེ་བ་ཡིན་པ་དེའི་ཚེ་རྡོ་རྗེ་ཀུན་ལས་སྐྱེས་པའི་དཀྱིལ
འཁོར་ནི་ནམ་མཁའ་ཨི་དབུས་སུ་བསམ་ལ་གང་གི་ཚེ་སོ་སོར་བསྡུས་པ་དེའི་ཚེ་རྡོ་རྗེ་ཀུན་ལས་སྐྱེས་པར་གྱུར་པ་རྡོ་རྗེའི་ནང་དུ་བསྡུ་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་དེའི་རྒྱུ་དགོད་པར་བྱ་བ་ནི་དེ་རུ?་ཞེས་བྱ་བ་ལ་སོགས་པ་རྐང
པ་གསུམ་པ་གསུངས་པ་ཡིན་ཏེ། ཡི་གེ་བྷྲུཾ་སྣ་ཚོགས་པའི་གཟུགས་ཅན་བསྒོམ་པར་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་སྐབས་ཀྱི་ནམ་མཁའ་རྡོ་རྗེ་དབུས་ཞེས་བྱ་བ་དང་འབྲེལ་ཏོ། །རྣམ་པར་བསྒྱུར་བ་ཟློག་པའི་དབང་གིས
དོན་གཞན་གྱི་སྐབས་སུ་དོན་གཞན་དུ་འགྱུར་ཏེ་ནམ་མཁའ་དང་ལྡན་པའི་རྡོ་རྗེ་ཆོས་ཀྱི་དབྱིངས་ཀྱི་གདན་ལ་ཡི་གེ་བྷྲུཾ་དང་པོར་ལྟ་བར་བྱ་བའི་དོན་ཏོ། །བྷྲུཾ་ཅི་ལྟ་བུ་ཞིག་ཅེ་ན་རྡོ་རྗེ་སྤྲིན་ནི་འཕྲོས་པ་གནས་པ་ཞེས་བྱ་བ་སྨོས་ཏེ། འདིའི་སོ་སོར
བསྡུས་པ་གཉིས་གསལ་བར་བྱེད་དེ། རྡོ་རྗེ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཏེ། རྟག་པའི་སྐུ་ཡིན་པའི་ཕྱིར་རོ། །སྤྲིན་ཞེས་བྱ་བ་ནི་འདོད་མ་རྣམས་ཏེ། དགའ་བས་དབང་བསྐུར་བར་བྱེད་པའི་ཕྱིར་རོ། །དེ་རྣམས་ཀྱི་སྤྲོར་གནས་པ་ནི
སྤྲོ་བ་དང་སྡུད་པ་སྟེ། སྤྲོ་བ་ནི་རྣམ་པར་ཕྱེ་སྟེ་སྤྲོ་བའོ། །གནས་པ་ནི་དེ་ཉིད་ཉེ་བར་བསྡུ་བ་སྟེ། སྤྲོ་བ་ཡང་ཡིན་ལ་བསྡུ་བ་ཡང་ཡིན་ནོ། །གང་གི་ཕྱིར་ཆོས་ཀྱི་དབྱིངས་ལ་གནས་པའི་སྣ་ཚོགས་པ་ལ་རིམ་བཞིན་དུ་རྡོ་རྗེ་ནོར་བུའོ།
ལམ་ནས་འདོད་པ་རྣམ་པ་ལྔ་པོ་ཕྱུང་ལ་པདྨའི་དབུས་སུ་བཞག་སྟེ། དེའི་རྗེས་ལ་རང་ཉིད་ལས་སངས་རྒྱས་ལྔ་པོ་རིམས་བཞིན་དུ་ཕྱུང་སྟེ། དེ་རྣམས་སུ་བཀོད་པ་ནི་དེ་རྣམས་ཀྱི་སྤྲོ་བར་འགྱུར་རོ། །དེའི་རྗེས་ལ་པདྨའི་དབུས
ནས་འདོད་པ་ལྔ་པོ་བསླངས་ཏེ། རྡོ་རྗེའི་ལམ་ནས་ཆོས་ཀྱི་དབྱིངས་ལ་བསྡུས་ལ། དེ་ནས་སངས་རྒྱས་ལྔ་པོ་ཡང་དེ་བཞིན་དུ་བླངས་ཏེ། བདག་ཉིད་ལ་བསྡུ་བ་ནི་དེ་རྣམས་ཀྱི་གནས་པ་སྟེ། བསྡུ་བར་འགྱུར་རོ། །དེ
ལ་ཞེས་བྱ་བ་ནི་ཡན་ལག་བཞི་པོ་བསྟན་མ་ཐག་པའོ། །ཡེ་ཤེས་རྡོ་རྗེ་སྙིང་པོ་ནི་བྷྲུཾ་ཞེས་བྱ་བ་འདིའོ། །བསམ་གཏན་རྣམས་ཀྱི་རང་གི་ངོ་བོ་མ་བསྟན་པ་དེ་བསྟན་པར་འདོད་ནས་རྡོ་རྗེ་དཀྱིལ་འཁོར་བྱ་བ་ལ་སོགས་པ་ཚིག་རྐང
དྲུག་པའི་ཚིགས་སུ་བཅད་པ་གསུངས་ཏེ། དཀྱིལ་འཁོར་ཞེས་བྱ་བའི་སྒྲ་འོག་མ་གཉིས་ནི་མཚན་མའི་ཚིག་སྟེ། མཚན་མ་དེ་ཡང་གསལ་བ་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་ཡིན་ལ། དེའི་མཚན་མ་ནི་འཁོར་ལོ་ཆོས་ཞེས་བྱ
བ་ནི་འོད་དཔག་ཏུ་མེད་པ་སྟེ། དེའི་མཚན་མ་ནི་པདྨའོ། །རྡོ་རྗེ་ནི་རྡོ་རྗེ་ཉིད་དོ། །པདྨའི་ལྟེ་བའི་གྲཝ་གསུམ་དུ་དེ་རྣམས་བྱུང་བ་ནི་བསམ་གཏན་དང་པོའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་དཀྱིལ་འཁོར་གྱི་ཚིག་ནི་རལ་གྲི་ཡིན་ཏེ།
རལ་གྲི་ལ་དཀྱིལ་འཁོར་མཆོག་ཅེས་ཟེར་བ་ལས་ཚིག་ཕྱི་མ་མི་མངོན་པར་བྱས་པའོ། །དེ་བས་ན་པདྨའི་ལྟེ་བའི་དབུས་སུ་རལ་གྲི་ཕྱུང་བ་ནི་བསམ་གཏན་གཉིས་པའོ། །ོཾ་ཞེས་བྱ་བ་ནི་འཁོར་ལོའི་དབུས་སུ་བསྒོམ་པར་བྱ
བ་ཡིན་ལ། ཨཱཏེ་རྡོ་རྗེ་དང་རལ་གྲི་དང་དབུས་སུ་རིམ་བཞིན་དུ་ས་བོན་ཧཱུཾ་དང་ཧཾ་གི་ས་བོན་དགོད་པའོ། །ཧཱུཾ་ཞེས་བྱ་བ་དབུས་གནས་བྱ་བ་དང་འབྲེལ་ཏེ་དང་ཞེས་བྱ་བའི་དོན་ཀྱང་བལྟ་བར་བྱའོ། །དོན་གཞན་གྱི་སྐབས་སུ་དོན་གཞན་དུ་ཡང་འགྱུར
བས་ཧཱུཾ་དབུས་གནས་བྱ་བར་ཡང་འགྱུར་ཏེ། ས་བོན་ཧཱུཾ་གི་དབུས་སུ་ཡི་གེ་གསུམ་དུ་ཕྲལ་བས་ཨཽའི་གནས་སུ་ཨམེད་པའི་ཡིད་དེ་སྣང་བ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་ཧཾ་ཞེས་བྱའོ། །ས་བོན་བཞི་པོ་འདི་དག་མཚན་མ་བཞིའི་ལྟེ་བར་དབྱུང་བ་ནི་བསམ་གཏན་གསུམ་པའོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་བསྒོམ་པ་སྟེ། གང་ཡང་ཕྲ?
མོར་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཞེ་ན། ཀ་ར་ས་ཞེས་བྱ་བ་ལ་ཀ་ནི་བདེ་བ་དང་ཆུའོ། ། རན་ནི་སེམས་ཏེ་མྱུར་དུ་འགྲོ་བའི་ཕྱིར་རོ། །ག་དང་ཨ་རན་ནི་ཀ་རན་ཏེ་ཟླས་དབྱེ་བའི་བསྡུ་བའོ། །དགའ་མ་བསྡུས་པ་ལས་བྱུང་བ
བདེ་བར་ཞུ་བའི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་ནི་བསམ་གཏན་བཞི་པ་ཡིན་ལ་མཚན་མ་རྣམས་བསྡུས་པ་ལས་བྱུང་བའི་སེམས་ཀྱི་ཐིག་ལེའི་ནང་དུ་ཆུད་པ་རང་གི་འཁོར་ལ་སྒྱུར་བའི་ཁ་དོག་ལྟ་བུ་ནི་བསམ་གཏན་ལྔ་བའོ། །སྲོག
དང་རྩོལ་བ་ལ་བསྐྱེད་པའི་རིན་པོ་ཆེ་གསལ་བར་བྱ་བའི་ཕྱིར་ཡི་གེ་བྷྲུཾ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲ་མོ་རྣམས་བསྡུས་པའི་སེམས་ཀྱི་རིན་པོ་ཆེ་ནི་རྡོ་རྗེ་གསུམ་མོ།
དེའི་འབྱུང་བ་ནི་དེ་བསྐྱེད་པ་སྟེ། དེ་བསྒོམ་པར་བྱ་བའོ། །ཇི་ལྟ་ཞེ་ན། ཡི་གེ་བྷྲུཾ་གྱི་གནས་བསྒོམས་ཏེ། ཞེས་བྱ་བ་ལ་བསམ་གཏན་པར་གྲུབ་པའི་ཕྲ་མོ་གཉིས་ལ་ཁྱབ་པ་འདི་ལ་ཡོད་པས་ན་གནས་ཏེ། སོ་སོར་སྡུད་པར
གྲུབ་པའི་ཡི་གེ་བྷྲུཾ་གདན་དང་བཅས་པ་གོང་བུར་གྱུར་པའི་སྦྱོར་བ་སྐུའི་ཕྲ་མོ་ཐིག་ལེ་གཉིས་ནང་དུ་ཆུད་པ་འོད་གསལ་བར་བྱས་པ་ནི་གནས་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གསང་བ་ཅེས་བྱ་བ་ནི་སེམས་ཀྱི་རིན་པོ་ཆེ་བསྡུས་པའོ། །དེ་སྟོན
པས་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །འཛིན་པའི་དབང་དུ་བྱས་ནས་ཚིག་རྐང་དྲུག་པའི་ཚིགས་སུ་བཅད་པའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲུག་པའི་དོན་གྱི་ལྔ་པའོ། །དུས་གསུམ་སངས
རྒྱས་ཀྱི་སྐུ་གསུང་ཐུགས་ཞེས་བྱ་བ་ནི་དམ་ཚིག་གསང་བ་སྟེ། སེམས་ཀྱི་རིན་པོ་ཆེ་ཞེས་བྱ་བའི་དོན་ཏོ། །དེའི་གཉིས་བྱེད་དེ་འདི་ལ་ཡོད་པའོ། །དེ་ཅི་ཞིག་ཅེ་ན་སྙིང་པོ་སྟེ། རང་གི་སྙིང་གར་བསྒོམས་པའི་འཁོར་ལོ་སྒྱུར་བའི་ས
བོན་ནོ། །དེས་དེ་དག་ཇི་ལྟར་མཉེས་པར་བྱེད་ཅེ་ན། དེའི་ཐིག་ལེ་ལ་དེ་དག་གི་མཚན་ཉིད་དམིགས་པའི་ཕྱིར་རོ། །དེ་ཇི་ལྟར་སྙིང་པོ་ཡིན་ཞེ་ན། དམ་པར་གྱུར་པས་ཏེ། དེ་རྣམས་ཀྱི་སྔགས་སོ། །ཅིའི་ཕྱིར་ཞེ་ན། མདོར་བསྡུས་པའི་ཕྱིར་རོ། ཇི
སྐད་དུ་བཅོ་བརྒྱད་པ་ལས་དྲགས་པའི་ས་ནི་ཁ་དོག་དབྱེ། །དེ་བཞིན་རོའི་སྙིང་པོའོ། །ཞེས་གསུངས་ཏེ། རོ་དང་སྙིང་པོ་དམ་པར་གྱུར་པ་ནི་རྣམ་གྲངས་ཡིན་ནོ། །དེ་བས་རོས་སྙིང་པོ་དབྱེ་བ་སྟེ། སྙིང་པོའི་དོན་གསལ་བར་བྱས་པ
ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་དང་རྡོ་རྗེ་འཛིན་པ་དང། ཆོས་ཀྱི་དབྱིངས་ཀྱང་ཡིན་ནོ། །ཁྱད་པར་དུ་སྒྲིབ་པ་མེད་པ་རྣམ་པར་དག་པས་ནམ་མཁའ་ཨི
དབྱིངས་སོ། །དེས་ན་སྔགས་ཀྱི་མཆོག་གི་ཐིག་ལེར་ཡང་དག་པར་སྦྱོར་བས་གྲུབ་པའི་རིག་པའི་མཆོག་སྟེ། མཆོག་ཅེས་བྱ་བ་ནི་རྡོ་རྗེ་གསུམ་པོ་མི་ཕྱེད་པའི་ཡང་དག་པར་མཚོན་པའི་ཕྱིར་རོ། །དེ་ཉིད་བསྟན་པའི
ཕྱིར། ཨོཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཨོཾ་རྩ་བའི་སྔགས་ལ་ཐིམ་པས་སངས་རྒྱས་རྣམས་ཀྱི་སྐུ་བསྡུས་པ་སྐུ་ཕྲ་མོའི་ནོར་བུ་སྟེ། མཚོན་པ་བྱ་ཞེས་བྱ་བ་ནི་ལྷག་མའོ། །གང་ཞེ་ན། ཨོཾ་ཞེས་བྱ་བའོ། །:
ཐིམ་པས་ནི་སངས་རྒྱས་གསུང་གི་ལམ་ཏེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བསྟེན་པའི་དོན་གསུམ་ཕྲ་མོ་སྟེ། །ཱསེམས་ཀྱི་ཕྲ་མོ་སྟེ་ཧཱུཾ་ངོ། །དེ་དག་ཅི་ཞིག་ཡིན་ཞེ་ན། བྱང་ཆུབ་ཚུལ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་རིན་པོ་ཆེའི་མཚན་ཉིད་དེའི་ཚུལ་མཆོག་སྟེ། མཆོག་ཏུ་འདྲེན་པའོ། །འདི་དག་ཅེས་བྱ་བ་ལ་སོགས
པས་ནི་ཉེ་བར་བསྡུ་བསྟན་ཏོ། །འདི་ཞེས་བྱ་བ་ནི་བསྟན་མ་ཐག་པའི་ཡན་ལག་བཞི་པོ་ཐམས་ཅད་དོ། །བསྟན་པ་དེ་དག་སངས་རྒྱས་ཀྱི་བྱང་ཆུབ་བསྐྱེད་པ་པོར་བསྟན་པའི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ། སོགས་པ་སྨོས་ཏེ། སངས་རྒྱས་ཐམས
ཅད་ནི་འཁོར་ལོ་སྒྱུར་བ་རྣམས་སོ་། དེ་རྣམས་ཀྱི་སངས་རྒྱས་བྱང་ཆུབ་ནི་བྱང་ཆུབ་དམ་པ་སྟེ། དེ་རབ་ཏུ་སྒྲུབ་པར་བྱེད་པའོ། །ཇི་ལྟར་ཡན་ལག་བཞིའི་སྦྱོར་བ་དེས་བྱང་ཆུབ་ཏུ་འགྱུར་ཞེ་ན། སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་ཞེས་བྱ
བ་སྨོས་ཏེ། སངས་རྒྱས་རྣམས་ཀྱི་རྒྱུ་ནི་མཚན་མ་སྟེ། བྱང་ཆུབ་སེམས་ཀྱི་ཁྱད་པར་ཡིན་པའི་ཕྱིར་རོ། །འབྲས་བུ་ནི་གདན་ཏེ། བྱང་ཆུབ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མཚན་མ་སྤྲོས་པ་ནི་རྗེས་སུ་དྲན་པའི་ཡན་ལག
ཡིན་ལ་དེ་བསྡུས་པ་ལས་བྱུང་བའི་གདན་ནི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། རྗེས་སུ་དྲན་པས་བར་དུ་ཆོད་པའི་བྱང་ཆུབ་ཡན་ལག་བཞིའི་སྦྱོར་བས། སྒྱུ་པ་བོ་ཅེས་བྱ་བར་འགྱུར་རོ། །མཚན་མ་དང་གདན་དག་ཇི་ལྟར་ན་རྒྱུ་དང་འབྲས་བུར
ཞེ་ན། བཅོ་བརྒྱད་པ་ལས་རང་གི་རྒྱུ་ཡིས་དབང་བསྐུར་བ། འབྲས་བུ་བཞི་ཡིས་ཕྱེ་བ་ཉིད་ཅེས་གསུངས་སོ། །ཇི་ལྟར་མཚན་ཨམས་དབང་བསྐུར་ཡིན་ཞེ་ན། དམ་ཚིག་རྗེས་སུ་དྲན་པ་ལས་མཚན་མ་ཉིད་སྤྲོ་བ་བསྟན་པ་དང། ཡང་རྡོ་རྗེའི
དབང་བསྐུར་བ་ཡིན་པའི་ཕྱིར་རོ། །གང་ཡང་སྨྲ་བ་ཡེ་ཤེས་སུ་ཞུ་བའི་དབང་བསྐུར་བའོ། །ཞེས་བྱ་དེ་ལྟར་ན་ནི་རྒྱུ་ལ་འབྲས་བུས་རྒྱས་བཏབ?་ཅིང། །འབྲས་བུ་འང་རྒྱུ་ཡིས་རྒྱས་བཏབ་བསྒོམ་ཞེས་བྱ་བ་མི་འཐད་པས
མི་རུང་ངོ། །རིག་པའི་སྐྱེས་བུ་ཉིད་སྦྱར་བའི་ཕྱིར་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འཛིན་པས་གྲུབ་པ་གང་ཡིན་པ་དེ་ནི་སྐྱེས་བུའོ། །དེ་ཉིད་ནི་སངས་རྒྱས་སྐྱེས་བུ་ཡིན་ལ་སྔགས་ཀྱི་སྐྱེས་བུ་དང་རིག་པའི་སྐྱེས་བུ་ཞེས
བྱ་སྟེ། །སངས་རྒྱས་དང་སྔགས་དང་རིག་པའི་སྒྲ་རྣམས་ནི་དོན་གཅིག་པའི་ཕྱིར་རོ། །སྐྱེས་བུ་ཞེས་བྱ་བའི་སྒྲ་ནི་གསུམ་ག་ལ་ཡང་སྦྱར་རོ་ཞེས་ཀྱང་བསྒྲགས་ཞེས་བྱ་བ་ནི་སྒྲ་དེ་ལས་བྱུང་བར་བསྒྲགས་པའོ། །ཇི་ལྟར་ཞེ་ན། རིག
པའི་སྐྱེས་བུར་བསྐྱེད་པ་སྟེ། དེའི་དམ་ཚིག་གི་རིན་པོ་ཆེ་བསྐྱེད་དེ་དང་པོའི་རང་གི་ས་བོན་དང་སྦྱར་བའོ། །ཇི་ལྟར་བསྒྲགས་ཤེ་ན། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །རིན་པོ་ཆེ་དེ་ཉིད་དུ་ཡི་གེ་གསུམ་གྱིས་མཚན་པའི་རྡོ་རྗེ་གསུམ་མི
ཕྱེད་པས་སོ། །ཡན་ལག་བཞི་ཏིང་ངེ་འཛིན་གྱི་མིང་གཞན་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དམ་ཚིག་ནི་སེམས་ཀྱི
རིན་པོ་ཆེ་ཕྲ་མོར་བསྡུ་བའོ། །དེའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ནི་སྔགས་བཞི་པའོ། །དེ་ཉིད་ནི་རྡོ་རྗེ་བྱིན་གྱིས་རློབ་པ་སྟེ། རྡོ་རྗེ་སེམས་དཔའ་འཇུག་པའི་རྒྱུའོ། །བཅོ་བརྒྱད་པ་ལས། འཛིན་པ་ཡིས་ནི་སྟོབས་ལྡན་ཏེ། རྡོ་རྗེ་སེམས་དཔའ་
ཡང་འཇུག་ཅེས་གསུངས་པའི་ཕྱིར་རོ། །འདི་ནས་བཟུང་སྟེ་ལེའུའི་མཐར་ཐུགས་པས་ནི་དམན་པའི་དངོས་གྲུབ་བརྗོད་པར་བྱ་བ་ཡིན་ན། དེ་རྣམས་ཀྱི་ཞིང་དང་དུས་ཚིགས་སུ་བཅད་པ་གཅིག་གིས་གསུངས་པ། དབེན་ནས་ཞིང་ཞེས་ཕྱ་བ་ལ
སོགས་པ་ལ་ཉམས་དགའ་བ་ཞེས་བྱ་བ་ནི་མི་ཏོག་དང་འབྲས་བུ་དང་ཆུ་ལ་སོགས་པ་ཕུན་སུམ་ཚོགས་ཤིང་ཉེ་བར་འཚེ་བ་མིད་པའོ། །འདི་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བ་རྣམས་སོ། །ཟླ་ཕྱེད་ནི་ཟླ་བ་ཕྱེད་དོ། །འདིར་ཡང་བསྙེན་པའི་དུས་སུ་རྡོ་རྗེ་བཞི
ཡིན་པ་ཇི་ལྟ་བ་དེ་བཞིན་དུ་སྒྲུབ་པའི་དུས་སུ་ཡང་ཡིན་ཏེ། བཅོ་བརྒྱད་ལས་དང་པོ་སྟོང་པའི་བྱང་ཆུབ་སྟེ། གཉིས་པས་ས་བོན་བསྡུའོ། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། བཞི་པ་ལ་ནི་ཡི་གེ་དགོད་ཅེས་གང་གསུངས་པ་ཡིན། །
གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེའི་དབུས་གྱུར་ཅེས་བྱ་བ་ནི་སྣང་བ་མེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་དེ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མཐུས་ཆོས་འབྱུང་བར་གྱུར་པའི་ན་དུ་དེ་སྣ་ཚོགས
པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་བལྟ་བ་ནི་འདིར་ནམ་མཁའ་ཨི་རྡོ་རྗེ་ཞེས་བྱ་སྟེ། སྟོང་པ་ཉིད་ཀྱི་བྱང་ཆུབ་པོ་།དེ་ནམ་མཁའ་རྡོ་རྗེ་དེའི་དབུས་སུ་གྱུར་པར་གསལ་བ་སྟེ། སྐུ་རྡོ་རྗེའོ། །དེའི་དཀྱིལ་འཁོར་ནི་སྣ་ཚོགས་པདྨ་ལ་གནས་པའི་སྟོན
ཀའི་ཟླ་བ་ལྟ་བུ་གཟུགས་སོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདན་ཡང་ཟླ་བའི་དཀྱིལ་འཁོར་ཉིད་ཡིན་ཏེ་དེ་རྣམས་རིགས་ཀྱི་དབྱེ་བས་ཕྱེ་བ་ཡིན་གྱི་རང་གི་ནི་ངོ་བོ་མ་ཡིན་ནོ། །རང་སྔགས་ནི་སྐུའི་རྡོ་རྗེའོ། །དེའི་དམ་ཚིག་ནི
ཕྱག་རྒྱ་ཆེན་པོ་བསྐྱེད་པའོ། །ཇི་ལྟར་ཞེ་ན་ཟླ་བའི་དཀྱིལ་འཁོར་དེ་ཉིད་དུ་རང་སྔགས་བལྟས་ཏེ། སངས་རྒྱས་རྣམས་སྤྲོས་ལ་དེ་ཉིད་དུ་བསྡུ་བ་འདི་ནི་གཉིས་པ་ས་བོན་ཉེ་བར་བསྡུ་བའོ། །རབ་སྔགས་དེ་ཉིད་ལས་ཕྱག་རྒྱ་ཆེན་པོར་བསྐྱེད་པ
འདི་ནི་གཟུགས་རྫོགས་པའོ། །ོཾ་ནི་སྙིང་གར་བཞག་ཅེས་བྱ་བ་ནི་སྙིང་གའི་ཟླ་བ་ལ་བཞག་པ་སྟེ། ཡི་གེ་དགོད་པའོ། །འོད་ཟེར་ལྔའི་སྤྲིན་ཆེན་པོ་ཞེས་བྱ་བ་ནི་ཁ་དོག་ལྔའི་འོད་ཟེར་གྱི་ཚོགས་སྟེ། རབ་སྔགས་དེ་ཉིད་ལས་སྤྲོ་བར་བྱ
བ་ལྷག་མ་ཡིན་ནོ། །རྣམ་པར་སྣང་མཛད་མཆོག་ཏུ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་གཙོ་བོར་རྣམ་པར་སྣང་མཛད་གྱུར་པའོ། །བསྒོམ་ཞེས་བྱ་བ་ནི་སྤྲོ་བའོ། །འདི་ཞེས་བྱ་བ་སོགས་པས་ནི་འབྲས་བུ་གསུངས་ཏེ་སངས
རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་སྐུ་རྡོ་རྗེའོ། །སྐུ་ནི་སྐུ་ཉིད་དོ། །རྡོ་རྗེ་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་རྣམ་པར་བརྣང་མཛད་ནི་མཛའ་ཡས་པའི་སྐུའོ། །དེ་རྣམས་ཀྱི་རྒྱ་མཚོ་ནི་ཚོགས་སོ། །སངས་རྒྱས་སྐུ་ནི་འདྲ་བའི
འོད་ཅེས་བྱ་བ་ལ། འོད་ནི་མཚན་དང་འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པའོ། །དེ་ཙམ་གྱིས་མཚུངས་པ་ཡིན་གྱི་ཚ་ཚེད་ཀྱིས་ནི་མ་ཡིན་པར་བསྟན་པའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་བསྟེན
བཞིན་པས་བསྐལ་པ་གསུམ་དུ་གནས་ནས། ཕྱིས་ཚིགས་ཆུ་དུས་བྱང་ཆུབ་སྒྲུབ་པར་འགྲོའོ་ཞེས་བྱ་བའི་དོན་ཏོ། །སྐུ་རྡོ་རྗེའི་གསང་བ་ཅེས་བྱ་བ་ནི་སྒྲུབ་ཐབས་དེ་ཉིད་དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །འོད་ཟེར་གྱི
བཀོད་པ་འོད་ཟེར་འཕྲོ་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ཆོས་ཞེས་བྱ་བ་ནི་གསུང་རྡོ་རྗེའོ། །ངག?་གི་ལམ་ཞེས་བྱ་བ་ནི་ཆོས་ཀྱི་ཡེ་ཤེས་ཀྱི་གནས་ཏེ། སྙིང་གར་པདྨ་ཆེན་པོས་ཁྱབ་པའི་ཡེ་ཤེས་ལས
འོད་ཟེར་འཕྲོ་བའི་དོན་ཏོ། །འཇིག་རྟེན་དབང་དུ་གཅེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་འབྲས་བུ་བསྟན་ཏེ། །དམ་ཚིག་ཡེ་ཤེས་ནི་གསུང་རབ་རྣམས་ཀྱི་ཡེ་ཤེས་སོ། །ཅི་ལྟ་ཞེ་ན། ཚིག་གི་དམ
ཚིག་སྤྲོས་པ་ཞེས་བྱ་བ་ལ་ཚིག་བསྟན་པར་བྱའོ། །དམ་ཚིག་ནི་དོན་རྟོགས་པ་སྟེ། སོ་སོར་ཡང་དག་པར་རིག་པ་བཞིའོ། །དེའི་སྤྲོས་པ་ནི་ཁྱད་པར་དུ་བསྐྱེད་པར་བྱེད་པ་སྟེ། དེར་བསྐྱེད་ན་རྡོ་རྗེ་ཆོས་ཏེ་གསུང་རྡོ་རྗེ་དང་མཚུངས་པར
འགྱུར་རོ། །ཆོས་ནི་དམ་ཚིག་ཡེ་ཤེས་།དེ་ཉིད་ཡིན་ལ་ཚིག་གི་ལམ་དེ་ཉིད་ནི་ཚིག་གི་དམ་ཚིག་གོ་།དེ་དག་ལ་གནས་པ་ནི་རབ་ཏུ་གནས་པ་སྟེ། དམ་ཚིག་ནི་འབྱུང་བའི་འོད་ཟེར་འཕྲོ་བའོ། །རྡོ་རྗེ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། རྡོ་རྗེ་ཐུགས་དང་རྡོ་རྗེ་དང
སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་རྣམ་གྲངས་སོ། །སེམས་བྱ་བ་ནི་ཐུགས་ཀར་ཁྱབ་པའི་ཡེ་ཤེས་ཏེ། དམ་ཚིག་ཆེན་པོའོ། །དེའི་དེ་ཁོ་ན་ཉིད་ནི་འོད་ཟེར་འཕྲོ་བའི་ཕྱག་རྒྱའོ། །ཡེ་ཤེས་རྡོ་རྗེ་ནི་ཐུགས་ཀའི་ས་བོན་ནོ། །རྡོ་རྗེ་ཀུན་དང
རྒྱལ་བ་ནི། །སངས་རྒྱས་ཀྱི་འོད་ཟེར་རྣམས་སོ། །གནས་ནི་དེ་ཉིད་དེ་ཉིད་ལ་སྤྲོ་བ་དང་བསྡུས་པའི་ཕྱིར་རོ། །སྟོན་པ་ནི་སྡང་བ་རྣམས་བདུལ་བས་སོ། །ཡེ་ཤེས་ནི་ཏིང་ངེ་འཛིན་ཏོ། །ཡོན་ཏན་ནི་མངོན་པར་ཤེས་པ་ལ་སོགས་པའོ།།
དེ་རྣམས་ཀྱི་རྒྱ་མཚོ་ནི་ཚོགས་སོ། །དམ་ཚིག་རྡོ་རྗེ་ཞེས་བྱ་བ་ནི་ཀུན་ཏུ་འགྲོ་བའི་འོད་ཟེར་ཅན་ནོ། །དེ་དག་ནི་སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་སྟེ། སའི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། ཕྱག་ན་རྡོ་རྗེ་རྣམས་ཀྱང་དེ་བཞིན་ནོ།།
ཡེ་ཤེས་དང་རྡོ་རྗེ་ཆེན་པོ་དང། ནམ་མཁའ་རྡོ་རྗེ་དང། རྡོ་རྗེ་ཡེ་ཤེས་ནམ་མཁའ་དང། སྐུ་དང་གསུང་དང་ཐུགས་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ་རྣམས་ནི་རྣམ་གྲངས་སོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་བསམ་པར་བྱ་བའོ། །ལུས་རྣམས་ཀུན
ལ་ཞེས་བྱ་བ་ནི་བསྒོམ་པར་བྱ་ཞེས་པ་དང་འབྲེལ་ཏེ། སྙིང་གར་བསམ་པ་དེ་ལས་བ་སྤུའི་བུ་ག་ཐམས་ཅད་དུ་སྤྲོ་བའོ། །མཆོད་པ་ནི་རབ་ཏུ་བསྔགས་པའོ། །བསྲལ་བའི་དུས་ནི་བསྐལ་པ་ཆེན་པོའི་དུས་སོ། །མི་གཟིགས་ཞེས་བྱ་བས
ནི་མི་སྣང་བའི་དངོས་གྲུབ་ཏུ་སྟོན་ཏོ། །ནམ་མཁའ་ཨི་རྡོ་རྗེ་དམ་ཚིག་ནི་སྤྲོ་བ་སྟེ། །དེ་སྟོན་པར་མཛད་པ་ལ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །མི་སྣང་བ་ཞེས་བྱ་བ་ནི་ཁཾ་ངོ། །དེ་ལས་བྱུང་བ་ནི་ལུས་ཐམས་ཅད་དུ་བྱུང་པའོ། །དེ་ཉིད་ཀྱི་ཕྱིར་བཀོད་པའི
ཕྲེང་བ་སྟེ། འོད་ཟེར་སོ་སོའི་སྤྲིན་དེས་གསལ་བའི་ཕྲེང་བའོ། །རྡོ་རྗེ་དང་དམ་ཚིག་རྡོ་རྗེ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །དེ་རྗོད་པར་བྱེད་པ་ནི་རྡོ་རྗེ་ཧཾ་ཞེས་བྱ་བ་སྟེ། ཧཾ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་ནོ། །རྣམ་པར་བསྒོམ
པ་ནི་སྤྲོ་བ་སྟེ་ཞེས་བྱ་བ་ལྷག་མ་ཡིན་ནོ། །འཇམ་དཔལ་ཞེས་བྱ་བ་ལ་སོགས་པས་ནི་འདྲ་བའི་འབྲས་བུ་བསྟན་པ་ཡིན་ཏེ། ཡིད་དུ་འོང་བས་ནི་འཇམ་པའོ། །དགའ་མ་རྣམས་བསྡུས་པས་ན་དཔལ་དམ་ཚིག་སྟེ། དེའི་ལོངས
སྤྱོད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་གསུམ་པོ་རོ་གཅིག་ཏུ་གྱུར་པས་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནོ། །ས་བཅུ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་འདོད་པའོ། །ཡེ་ཤེས་ནི་སྙིང་གའི་སྔགས་སོ། །དེའི་དམ་ཚིག
ནི་འོད་ཟེར་སྤྲོ་བའོ། །དེའི་ཟླ་བ་ནི་ཚིམ་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་ནི་མི་ཕྱེད་པར་བྱེད་པའི་ཕྱིར་རོ། །འབྱུང་བ་ལྔའི་རང་བཞིན་ཡིན་པའི་ཕྱིར་ནམ་མཁའ་ཨི་དབྱིངས་ནི་ཀུན་ཏུ་བཟང་པོའོ། །དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན
པའི་ཕྱིར་ནམ་མཁའ་ཨི་རྡོ་རྗེ་དང་རྡོ་རྗེའི་སྐུའོ། །ཚོགས་ཀྱི་སྒྲ་ནི་སྐུའི་དོན་ཏོ། །དེ་ཉིད་མཆོག་གི་ཐབས་ཡིན་པས་ན་མཆོག་གི་མཚོན་པའོ། །འདིར་མཚོན་ཆ་མཆོག་གི་རྣལ་འབྱོར་པ་ལ་ཡང་མཚོན་མཆོག་ཅེས་བྱ་སྟེ། དེ་ནམ་མཁའ་ཨི
རྡོ་རྗེའི་སྐུ་དང་མཚུངས་པར་འགྱུར་རོ། །ཅི་ཞིག་བྱས་ནས་ཞེ་ན། ཐཱིཾ་བསྒོམས་ནས་སོ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་གྱུར་ནི། སྙིང་གའི་དབུས་སུ་གྱུར་པར་རོ། །འོད་ཟེར་འབར་བ་ནི་འོད་ཟེར་འཕྲོ་བའོ། །སངས་རྒྱས་སྐུ་ཞེས་བྱ་བ
ནི་འོད་ཟེར་སྤྲོས་པ་ལས་སངས་རྒྱས་ཀྱི་སྐུའི་སྤྲིན་འཕྲོ་བའོ། །ས་དང་ཆུ་དང་འབར་བ་དང་དྲིའི་གཞོན་པ་རྣམས་ཀྱི་དབང་ཕྱུག་གི་ཡིད་ནི་ཐལཱིཾ་ཞེས་བྱའོ། །ནམ་མཁའ་ཨི་རྡོ་རྗེ་དམ་ཚིག་གི་དཀོད་པ་ཞེས་བྱ་བ་ནི་འོད་ཟེར་འཕྲོ་བའོ། །དེ་ཉིད་ཀྱི
གནས་ལ་དམིགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་དང་འདྲ་བའི་དངོས་གྲུབ་པོ། །སངས་རྒྱས་མངོན་ཤེས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་མངོན་ཤེས་ནི་རྡོ་རྗེ་གསུམ་གྱི་དངོས་གྲུབ་པོ། །མཆོག
ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་མངོན་པར་རྟོགས་པ་སྟེ། སྔར་བསྟན་པ་དང་འོག་ནས་འབྱུང་བ་རྣམས་སོ། །དེས་མངོན་ཤེས་ལྔ་སྟེ་མངོན་ཤེས་ལྔ་གྲུབ་པ་དག་དང། མངོན་ཤེས་ལྔ་པོ་རྙེད་པས་ཀྱང་?
མཚུངས་པར་འགྱུར་བའོ། །སངས་རྒྱས་ཀྱི་མངོན་ཤེས་ཀྱི་སྐབས་གསུངས་པ་འདི་དེ་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཐམས་ཅད་ནི་དམན་པའི་དངོས་གྲུབ་ཐམས་ཅད་ཀྱི་ནང་ནའོ། །སངས་རྒྱས་མངོན་ཤེས་ནི་སངས་རྒྱས་ཀྱི
རྟོག་པའོ། །མཆོག་ནི་རྡོ་རྗེ་གསུམ་མོ། །སྒྲུབ་པ་ནི་སྒྲུབ་ཐབས་སོ། །ནམ་མཁའ་ཨི་དབྱིངས་ནི་ནམ་མཁའ་ཨི་རྡོ་རྗེ་སྟེ། དབྱིངས་ཞེས་བྱ་བ་ནི་འཛིན་པ་སྟེ། སྣ་ཚོགས་རྡོ་རྗེའོ། །དེར་དང་པོར་སངས་རྒྱས་མི་བསྐྱོད་པ་རིན་ཆེན་ཏོག་དང་ཚེ་དཔག
མེད་དང་ཐོགས་མེད་རྣམས་ཏེ། དེ་དག་ཉིད་རྡོ་རྗེ་སེམས་དཔའ་དང་ནམ་མཁའ་དང་འཇིག་རྟེན་དབང་ཕྱུག་དང། རྡོ་རྗེ་ཨཽཏཔལ་དང། རྡོ་རྗེ་དང་རིན་ཆེན་དང་ཆོས་དང་དམ་ཚིག་ཅེས་བྱ་སྟེ། དེ་འདི་རྣམས་ཀྱི་དཀྱིལ་འཁོར་ནི་ཉི་མའོ། །དེ་རྣམས
ཀྱི་ཏིང་ངེ་འཛིན་སྟོན་པའི་རྡོ་རྗེ་འཛིན་པ་ཡང་མི་བསྐྱོད་པ་ལ་སོགས་པར་བསྟན་ཏོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པ་རྣམས་སོ། །དམ་ཚིག་ནི་བསམ་པ་སྟེ། རབ་སྔགས་བསམས་པ་དེས་རྡོ་རྗེ་གསུམ་པོ་མི་བསྐྱོད་པ་ལ་སོགས་པ་དང
མཚུངས་པར་འགྱུར་རོ། །དེ་ཉིད་ཀྱི་ཉེ་བར་བསྟན་པ་ནི་མི་བསྐྱོད་པ་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་ཡིན་ཏེ། གསུང་དང་ཐུགས་མཆོག་ནི་གསུང་དང་ཐུགས་ཀྱི་མཆོག་གོ་།མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའི་སྐུ་རྡོ་རྗེ
ལ་སོགས་པ་སྟེ། དེ་དང་ལྡན་པའོ། །མི་བསྐྱོད་པའི་དམ་ཚིག་ནི་ཡང་དག་པའི་ཡེ་ཤེས་སོ། །སྐུ་ནི་སྐུ་གསུམ་མོ། །དེ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ནི་དེ་ཐོབ་པར་བྱེད་པའི་རྒྱུ་སྟེ། དེ་ལ་དེ་སྐད་ཅེས་བྱའོ། །དཔལ་ནི་རིན
ཆེན་ཏོག་སྟེ། འོད་ནི་མཛེས་པའོ། །བྱང་ཆུབ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་དོ། །དེའི་བདག་མེད་པ་ནི་རང་དང་སྤྱིའི་མཚན་ཉིད་སྟོང་པ་ཉིད་དོ། །ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེའི་གསང་བའི
གནས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་བསྡུས་པའོ། །རིན་པོ་ཆེའི་དམ་ཚིག་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ལོངས་སྤྱོད་ནི་སྐུ་གསུམ་སྟེ། དེ་དག་ཐོབ་པར་བྱེད་པའི་རྒྱུ་དེ་ལ་དེ་སྐད་ཅེས་བྱའོ། །ཐེག་ཆེན་ནི་བླ་ན
མེད་པའི་བྱང་ཆུབ་པོ། །ལམ་ནི་དེར་བགྲོད་པའི་ལམ་ཏེ། གང་ལས་དེ་འབྱུང་བའོ། །གང་ལས་ཞེ་ན་ཡང་དག་པའི་ཆོས་བསྟན་པ་ལས་སོ། །འོད་དཔག་ཏུ་མེད་པའི་ཡོན་ཏན་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པའོ། །རྡོ་རྗེ་ནི་སྐུ་གསུམ
སྟེ། དེའི་འོད་ཀྱི་དཔལ་ནི་ནུས་པ་ཕུན་སུམ་ཚོགས་པ་སྟེ། དེ་ཐོབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཽཏཔ་ལ་ཞེས་བྱ་བ་ལ་ཉེ་བར་སོད་ནས་གནས་ལ་དམིགས་པས་ཨཽཏཔ་ལ་ལོ། །དཔལ་ལྡན་ཞེས་བྱ་བ་ནི་དེ་རྣམས་ཉིད་སྤྲེ་བའི
ཕྱིར་རོ། །ཡེ་ཤེས་མཚོ་ཞེས་བྱ་བ་ནི་མཛའ་ཡས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སེམས་ཅན་ཀུན་དོན་འབྱུང་བར་འགྱུར་ཞེས་བྱ་བ་ནི་སྤྲོས་པ་དེ་རྣམས་ཀྱི་དོན་བྱེད་པའོ། །གདོན་མི་ཟ་བའི་དམ་ཚིག་ནི་ཐམས་ཅད
ཤེས་པའོ། །དེ་རྣམས་ཀྱི་འབྱུང་བ་ནི་འོད་ཟེར་དེ་ལས་ཡེ་ཤེས་ཀྱི་མཆོག་འབྱུང་བ་དེས་སེམས་ཅན་གྱི་ཚོགས་ཀྱི་དོན་གང་ལས་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་སྣང་མཛད་དཀྱིལ་འཁོར་ནི་ཟླ་བའི་གཟུགས་སོ། །སྐུ་གསུཾ
ོཾ་ནི་སྐུ་གསུམ་གྱི་འབྱུང་གནས་སོ། །ཡེ་ཤེས་རྫོགས་བྱང་ཆུབ་ནི་ཡེ་ཤེས་རྩམ་དུ་ཐམས་ཅད་ཐུགས་སུ་ཆུང་པ་ནིའོ། །སྐུ་གསུམ་མི་ཕྱེད་སྒྲུབ་ཕྱེད་པ་ནི་སྐུ་དང་གསུང་དག་ཀྱང་ཡེ་ཤེས་ཉིད་ཀྱི་སྣང་བ་ཡིན་པས་སོ། །ལུས་དང་ངག་ཉིད
དམིགས་པ་སྟེ། ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དེའི་མངོན་པར་བྱང་ཆུབ་པ་ནི་ཡོངས་སུ་ཤེས་པ་སྟེ། དེའི་རྒྱུ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་རྣམས་དང་མཉམ་པའི་དངོས་གྲུབ་པོ། །མངོན་པར་ཤེས་པའི་དངོས་གྲུབ་ཀྱི་དབང་དུ་བྱས
སྟེ། གསུངས་པ་རྣམ་པར་དབེན་པ་ཞེས་བྱ་བ་ལ་སོགས་པ་ཀླུང་གི་ཆུ་རྣམས་སྐྱེ་ཞིང་རབ་ཏུ་འབབ་པའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །སོགས་པའི་སྒྲས་ནི་རིན་ཆེན་དང། ཚེ་དཔག་མེད་དང། དོན་ཡོད་གྲུབ་པ་རྣམས་ཀྱི
མངོན་པར་ཤེས་པ་རྣམས་ཀྱང་བསྡུས་ཏེ། བརྩམ་པ་ནི་མངོན་ཤེས་ལྔའི་སྦྱོར་བ་ཡིས་བརྩམ་པར་བྱའོ། །གནས་རྣམས་སུ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང། མགོ་རྣམས་སུ་སངས་རྒྱས་མཆོག་གི་ཞེས་བྱ་བ་ལ་མཆོག་ནི་དང
པོ་སྟེ། སངས་རྒྱས་རྣམས་ཀྱི་དང་པོ་ས་བོན་ལས་བྱུང་བའི་མཚན་མ་དེ་ནང་དུ་ཆུད་པ་བསྒོམ་པར་བྱ་བའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་མའོ། །དེའི་དམ་ཚིག་ནི་སྔགས་དང་འབྲེལ་བ་སྟེ། སྔགས
ལས་སྐྱེས་ནས་སྔགས་ཀྱི་ནང་དུ་མཚན་པའོ། །དེར་རྡོ་རྗེ་ནི་ཏིང་ངེ་འཛིན་བརྟན་པ་སྟེ། མངོན་པར་ཤེས་པ་མཁྱེན་པ་དེ་ལ་དེ་སྐད་ཅེས་བྱའོ། །མངོན་ཤེས་ལྔ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །རྡོ་རྗེ་མངོན་ཤེས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །
དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཡང་ངོ། །མངོན་པར་ཤེས་པའི་དངོས་གྲུབ་པོ། །འཁོར་ལོ་ཞེས་བྱ་བ་ནི་བདག་ཉིད་བྷུཾ་ལས་སྐྱེས་པའི་གཞལ་ཡས་ཁང་དུ་བྱའོ། །གཞན་དག་ལ་ནི་ཨོཾ་ལས་སྐྱེས་པའི་འཁོར་ལོ་དཀར་པོ་རྩིབས
བརྒྱད་པ་ཡིན་ནོ་ཞེས་ཟེར་རོ། །སངས་རྒྱས་འཇུག་པ་ཞེས་བྱ་བ་ནི་སྤྲོ་པ་དང་བསྡུ་བས་སོ། །སངས་རྒྱས་ཀྱི་གནས་དང་མཉམ་པའི་དངོས་གྲུབ་པོ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པ་ཞེས་བྱ་བ་ནི་ཆོས
འབྱུང་བའི་ནང་དུ་ཆུད་པའི་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེ་གནས་པའི་སྣ་ཚོགས་པདྨ་ལས་སངས་རྒྱས་དཀྱིལ་འཁོར་ཏོ། ཟླ་བའི་གཟུགས་ལ་དབུས་གནས་པ་ཞེས་བྱ་བ་ཇི་ལྟར་འབྱུང་བ་བཞིན་དུ་བཀོད་པ་སྟེ། བདག་གི་ལུས་ལ་སྣང
མཛད་བཞག་ཅེས་བྱ་བ་ཡི་གེ་ཨོཾ་ལས་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམ་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །སྔགས་ལ་རྣམ་པར་ཤེས་པ་བསྒོམ་ཞེས་བྱ་བ་ནི་སྙིང་གར་ཟླ་བའི་རབ་སྔགས་ཀྱི་སྟེང་དུ་ཐིག་ལེ་བརྟན་པར་བྱས་ལ
རྣམ་པར་ཤེས་པ་སྟེ། སེམས་ཀྱི་རིན་པོ་ཆེ་ཕྲ་མོའི་ཐིག་ལེ་ལ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་དུ་ཐིག་ལེ་ལ་བརྟན་པར་གྱུར་པ་དེ་སྲིད་དུ་དེ་ཉིད་དུ་དེ་བརྟན་པ་ནི་འགོག་པའོ། །བརྟན་པར་གྱུར་པ་དེ་ཉིད་ནི་རྡོ་རྗེ་སྟེ་གྱུར་པ་ནི
རྣལ་འབྱོར་བའི་སེམས་དེར་གྱུར་པ་ཐོབ་པ་སྟེ། རྣལ་འབྱོར་པ་དེ་ནི་ཡིད་བཞིན་གྱི་ནོར་བུར་འགྱུར་བ་སྟེ། དེ་ཉིད་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་སངས་རྒྱས་རྣམས་སྤྲོ་བ་དང་བསྡུ་བར་བྱེད་པའི་ཕྱིར་རོ། །དཔལ་ལྡན་པ་སྟེ་ཏིང་ངེ་འཛིན་གྱི་སྟོབས་ཀྱི
སྐུ་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་མཆོག་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་འཛིན་པ་ནི་དེར་འཇུག་པའོ། །དེ་ལྟར་གཞན་དག་ལ་ཡང་སྦྱར་བར་བྱའོ། །མི་བསྐྱོད་པ་དང་སྣང་བ་མཛའ་ཡས
ཀྱི་དཀྱིལ་འཁོར་ནི་ཉིད་མའོ། །སེམས་ནི་ཐིག་ལེར་གྱུར་པ་ཞེས་བྱ་བ་ནི་ཐིག་ལེའི་བྱེ་བྲག་སྟེ། གྱུར་པ་དང་བྱེ་བྲག་རྣམས་ནི་རབ་ཏུ་དབྱེ་བའི་ཕྱིར་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །གང་དུ་བཞག་ཅེས་སྔགས་ཀྱི་ཐིག་ལེ་ལ་སྟེ་སྔར
བཞིན་ནོ། །དམ་ཚིག་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །དེ་རྣམས་ཀྱི་མཆོག་གི་མཆོག་ནི་བླ་མའི་བླ་མའོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ་ཞེས་བྱ་བ་ནི་དེ་ཉིད་དུ་སེམས་བརྟན་པར་གྱུར་བ་ན་ལུས་དང་ངག་ཀྱང་མི་དམིགས་པའི་ཕྱིར་རོ། །འགོག་པའི་དམ
ཚིག་ཡེ་ཤེས་ཏེ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གིས་འགོག་པ་ལ་དམིགས་པའོ། །སངས་རྒྱས་ནི་རྡོ་རྗེ་འཛིན་པའོ། །དངོས་གྲུབ་ནི་དེ་དང་འཕྲ་བའོ། །འགོག་པའི་རྡོ་རྗེའི་དངོས་གྲུབ་པོ། །གསལ་བ་ནི་རྣམ་པར་སྣང་མཛད་དོ། །དེའི
དཀྱིལ་འཁོར་ནི་གདན་ནོ། །བསམས་ན་དེ་ནི་རྟོག་པར་གནས་ཞེས་བྱ་བ་ལ་རྟོག་པ་ནི་རྣལ་འབྱོར་ཏེ། རྡོ་རྗེ་གསུམ་པོ་མཉམ་པའི་ཡེ་ཤེས་ཀྱི་ཐིག་ལེ་ཞེས་བྱ་བའི་དོན་ཏོ། །དེ་གང་དུ་བསམ་ཞེ་ན། སྙིང་གའི་སྔགས་ནི་ཐིག་ལེའོ། །གནས་ཞེས་བྱ
བ་ནི་རྣལ་འབྱོར་པ་དེའི་སེམས་བརྟན་པར་གནས་པ་སྟེ། རྡོ་རྗེ་གསུམ་གྱི་རྟོག་པ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་དང་བཅས་པའོ། །དེའི་དམ་ཚིག་ནི་ཡེ་ཤེས་ཏེ་ཞི་གནས་དང་ལྷག་མཐོང་ངོ། །འབྲས་བུ་གསུངས་པ་སྐུ་དང་ཞེས་བྱ་བ་ནི་སོགས
བ་ལ་ཀློག་པ་ཞེས་བྱ་བ་ཐོས་པའི་ཤེས་རབ་ཀྱི་བདག་ཉིད་ཀྱི་དོན་དུ་དད་པ་བསྐྱེད་པའོ། །སེམས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ཀྱི་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ངེས་པའོ། །དེ་ཡང་རྡོ་རྗེ་འདྲ་བར་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་སེམས
དཔའ་དང་འདྲ་བར་འགྱུར་ཏེ། ལྷ་རྣམས་ཀྱི་མཆོད་པ་དང་བསྲུང་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །ཀྱང་གི་སྒྲས་ནི་བསྒོམས་པས་སེམས་བརྟན་པར་བྱས་བ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དེ་ལ་མཉམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།།
རྡོ་རྗེ་རྟོག་པའི་དངོས་གྲུབ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ནི་འཁོར་ལོ་སྒྱུར་བ་དྲུག་གོ་། དེ་རྣམས་ཀྱི་སྔགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ནི་སྔགས་ལ་གནས་པའི་གསང་བའི་ཕྲ་མོ་གསུམ་གྱི་སེམས་ཀྱི་རིན་པོ་ཆེའོ། །དེ་ཉིད་ནི་རིག་པའི
སྐྱེས་བུ་མཆོག་སྟེ། རིག་པ་ནི་རིག་མ་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྱེས་བུ་ནི་གསང་བ་གསུམ་པོ་འདུས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་རིག
པའི་སྐྱེས་བུའི་མཆོག་གོ་། དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བཅུ་གཅིག་པའོ།། །།དངོས་གྲུབ་མཆོག་གི་ཐབས་གསུམ་པ་སྒྲུབ་པ་ཞེས་བྱ་བ
ནི་ལེའུ་འདིའི་བརྗོད་པར་བྱ་བ་ཡིན་ཏེ། དམན་པའི་དངོས་གྲུབ་ཡན་ལག་དང་བཅས་པ་ནི་དེའི་ཡང་དམ་པའི་ཚིག་ཡིན་ལ་ལྷག་མ་ནི་མངོན་པར་རྟོགས་པ་ཡིན་ནོ། །དམན་པའི་དངོས་གྲུབ་རྣམས་ཀྱི་སྒྲུབ་པ་ལྷ་རྣམས་ཀྱི་ཕྱག་རྒྱ
སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པ་ཅན་ཡིན་ཏེ། དེ་དག་སྒྲུབ་པ་པོས་གང་དེ་ཁོ་ན་ཉིད་དུ་མཐོང་ན་འགྲུབ་པར་འགྱུར་བས་ན་དེ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་དང་པོའི་སྐབས་སུ་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས
ཏེ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །སྟོན་པ་ནི་ཕྱག་རྒྱ་དེ་རྣམས་ཉིད་གསུང་གིས་སྟོན་པར་མཛད་པའི་ཕྱིར་རོ། །རྡོ་རྗེ་འཛིན་པ་ནི་དོན་དང་ལྡན་པའི་མཚན་ནོ། །བསྐྱེད་པ་དེ་དག་ཉིད་སྒྲུབ་པ་པོའི་རྒྱུ་ལས་བསྐྱེད་པར་མཛད
པའི་ཕྱིར་རོ། །ཡེ་ཤེས་མཆོག་གི་བསྐྱེད་པ་དེ་རྣམས་ཀྱི་དེ་ཁོ་ན་ཉིད་མཁྱེན་པའོ། །དེ་སྒྲུབ་པ་ནི་རྫོགས་པར་མཛད་པ་སྟེ། ཚིགས་སུ་བཅད་པ་དང་པོ་ཉིད་ཀྱིས་སོ། །རྡོ་རྗེ་གསུམ་དམ་ཚིག་དེ་ཉིད་ཅེས་བྱ་བ་ལ་རྡོ་རྗེ་གསུམ་ནི
ཕྱག་རྒྱ་དེ་རྣམས་ཉིད་དོ། །དེའི་དམ་ཚིག་ནི་རོ་གཅིག་པའི་ཐུགས་སུ་ཆུབ་པ་སྟེ། དེ་ཉིད་ནི་ཡང་དག་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་རོ། །དེ་གསལ་བར་མཛད་པ་ནི་རྡོ་རྗེ་གསུང་ལ་དེ་སྐད་ཅེས་བྱའོ། །གསུང་ཞེས་བྱ་བ་ནི་འཆད་པར
འགྱུར་བའི་ཚིགས་སུ་བཅད་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ། ཡང་དག་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ་དང་འདྲ་བར་དབྱེར་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །བཀའ་སྩལ་ཞེས་བྱ་བ་ནི་གསུངས་པའོ། །རྡོ་རྗེ་གང་ཞེ་ནམ་མཁའ་དང་མཚུངས་པར་ཞེས་བྱ་བ་ལ
འདི་དག་ཅེས་བྱ་བ་འཆད་པར་འགྱུར་བའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་མོ། །དཔེར་ན་རོལ་མོ་དགའ་བྱེད་དང་ལགས་མི་ལ་སོགས་པར་སྣང་བ་ཉིད་ཀྱང། ཇི་ལྟར་སྣང་བ་ལྟར་མེད་པ་ཉིད་སྣང་བ་དེ་བཞིན་དུ་སྐུ་ལ་སོགས
པ་སྣང་བ་ཉིད་ཀྱི་ལམ་འདི་ཡང་སྣང་བ་དེ་ལྟར་ན་སྒྲུབ་པ་པོ་ལ་རོལ་མོ་དང་ཆོས་མཐུན་པའི་ཕྱིར་རོལ་མོའོ། །འདི་དག་ཀྱང་ཆོས་རྣམས་རང་བཞིན་དག་པར་རབ་ཏུ་བསྒོམ་པ་སྟེ། རང་གི་ལྷན་ཅིག་འབྱུང་བའི་ཚུལ་ཉིད་ཀྱིས། སྟོང་པ་ཉིད
སྟོན་པར་བྱེད་མཚོན་པར་བྱེད་པ་དེ་ལྟར་ན་རང་བཞིན་དེ་ཡང་དག་ཡིན་ལ་གཉིས་སུ་རྟོག་པ་མེད་པའི་ཕྱིར་དག་པ་ཡང་ཡིན་པ་དེ་ལྟར་ན་རང་བཞིན་གྱིས་དག་པའོ། །དེ་ལྟ་བུ་ཡང་དེ་དག་ཡིན་ལ་ལམ་ཉིད་ཡིན་པའི་ཕྱིར་ཆོས་རྣམས་ཆོས
ཀྱང་ཡིན་པ་དེ་ལྟར་རང་བཞིན་གྱིས་དག་པ་སྟེ། དག་བ་འཇིག་རྟེན་པའི་ལམ་ཞེས་བྱ་བའི་དོན་ཏོ། །དག་པ་དང་འཇིག་རྟེན་པའི་རིག་པའི་ཚིག་རྐང་གཉིས་པོས་རིམ་བཞིན་དུ་གསུངས་པ། རྣམ་པར་མི་རྟོག་ངོ་བོ་ཉིད་དེ་བདག་ནི་སྐུ་ལས་སོ
པའི་རྟོག་པ་མེད་པའི་ཕྱིར་རྣམ་པར་མི་རྟོག་པ་ཡང་དེ་ཡིན་ལ་སྐུ་ལ་སོགས་པའི་རང་གིས་ངོ་བོ་ཉིད་དང་ཐ་མི་དད་པར་སྣང་བ་ཙམ་དང་ལྡན་པའི་ངོ་བོ་ཉིད་ཀྱང་ཡིན་པས་སོ། །སྐུ་ལ་སོགས་པའི་སྣང་བ་བརྫུན་པ་ཉིད་ཀྱིས་ཇི་ལྟར་སྣང་བ་བཞིན་དུ
མེད་པ་ཉིད་དུ་བསྣང་བའི་ཕྱིར་ནམ་མཁའ་དང་མཚུངས་པ་ཡང་དེ་ཡིན་ལ་ཡང་དག་པར་རྟོགས་པ་ཉིད་ཀྱི་ཕྱིར་དམ་ཚིག་ཀྱང་ཡིན་པ་དེ་ལྟར་ན་ནམ་མཁའ་དང་མཚུངས་པའི་དམ་ཚིག་གོ་། དེ་ཉིད་ཀྱི་དངོས་པོ་ན་དེའི་རང་བཞིན་ཡིན་པ་དེ་ཡང་དག་པར
དང་མཚུངས་པ་དམ་ཚིག་དངོས་ཏེ་དེ་ལྟ་བུའི་རྣམ་པ་ཅན་གྱི་དངོས་པོ་དེ་དག་རབ་ཏུ་བསྒོམ་པར་བྱ་ཞིང་རྣམ་པར་བཞག་པར་བྱའོ། །དག་པ་འཇིག་རྟེན་པའི་ལམ་འདི་ཡང་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཅན་དང་ནམ་མཁའ་དངོས
མཚུངས་པའི་དམ་ཚིག་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་པོས་རང་གི་ལྷའི་སྐུ་ལ་སོགས་པ་བསྐྱེད་ཅིང་དེར་སྣང་བ་རང་གི་སེམས་ཙམ་ཇི་ལྟར་སྣང་བ་བཞིན་དུ་མེད་པ་ནམ་མཁའ་དང་མཚུངས་པར་སྣང་བ་དོན་དམ་པར་ན་དེ་ལ་མོས་པས
བྱས་ནས་དེ་བཞིན་དུ་ཡུན་རིང་དུ་བསྒོམས་ན་འགྲུབ་པར་འགྱུར་གྱི་དོན་དམ་པ་ལ་ཀུན་ཏུ་རྨོངས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ལེའུ་འདིར་ཡང་དངོས་གྲུབ་ལ་ལ་ནི་སྔ་ན་མེད་པ་ཉིད་དུ་གསུངས་པ་ཡིན་ལ་ལ་ནི་བཅུ་གཅིག་པ་ལས
གསུངས་པ་ཁ་སྐོངས་པ་ཡིན་ནོ། །དེ་ལ་དངོས་གྲུབ་ཀྱི་ཞིང་ནི་དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྒྱན་པ་ཉིད་དེ་དབེན་པ་ནི་ཚིག་གཅིག་པ་ཡིན་ཏེ། རི་བོ་དང་འབྲེལ་པའི་ཕྱིར་རོ། །ས་ཕྱོགས་དང་འབྲེལ་པ་ལ་ནི
མང་པོའི་ཚིག་བྱའོ། །མང་ཞེས་བྱ་བ་ལ་སོགས་པ་ལ་ནི་འཇམ་པའི་རྡོ་རྗེའི་རིལ་བུ་བསྒྲུབ་པ་གསུངས་པ་ཡིན་ཏེ། ཤེས་བྱ་བསྡུས་པའི་བདེ་བ་ལ་ཆགས་པའི་ཕྱིར་འཇམ་པ་ཡང་དེ་ཡིན་ལ། ཤེས་པ་བསྡུས་པའི་ཕྱིར་རྡོ་རྗེ
ཡང་ཡིན་པ་ཉིད་ཀྱི་ཕྱིར་མཱཾ་ངོ། །ལུས་དང་ངག་དང་སེམས་རྡོ་རྗེ་ལ་ཞེས་བྱ་བ་ལ་བདག་ཉིད་ཀྱི་ལུས་ལ་སོགས་པ་ལ་རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ་པ་སྟེ། སྟོང་པ་ཉིད་ཀྱི་བྱང་ཆུབ་དང་ས་བོན་བསྡུས་པ་དང་གཟུགས་རྫོགས་པ་དང།
ཡི་གེ་དགོད་པས་སྐུ་ལ་སོགས་པ་བསྒོམ་པའོ། །དེ་ལ་ས་བོན་ཡི་གེ་ནི་ཡི་གེ་མཱཾ་ངོ། །ལུས་དང་ངག་དང་སེམས་ལས་ཞེས་བྱ་བ་ནི་ཡི་གེ་མཱཾ་དེ་ཉིད་ལས་སོ། །སྤྲོས་པ་ནི་འོད་ཟེར་ཡང་དག་གོ་།གྲུབ་པའི་བདག་ཉིད་ཅེས་བྱ་བ་རྣལ་འབྱོར
འདིས་རིལ་བུ་བསྒྲུབ་པ་ལས་གྲུབ་པར་འགྱུར་ནའོ། །རྡོ་རྗེ་འཇམ་པའི་དམ་ཚིག་མི་སྣང་བར་བྱེད་པ་ཞེས་བྱ་བ་རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་ནི་མཆོག་གི་ཏིང་ངེ་འཛིན་ཏོ། །དེས་མི་སྣང་བ་དེ་བྱེད་པའོ། །མཚང་བ་བསྐང་བར་བྱ་བའི་ཕྱིར་རྡོ་རྗེ
ཟ་ཧེས་བྱ་བ་ལ་སོགས་པ་གསུངས་ཏེ་ཡི་གེ་ཨཱལྕགས་གསུམ་ལས་བྱུང་ལྡན་བྱས་ཏེ་དཀྲིས་ལ་དེ་བཅུག་ནས་ནའོ། །གང་དུ་ཞེ་ན། ཁར་ཏེ་རང་གི་ཁ་འམ་རིག་མའི་པདྨ་རོ། །སངས་རྒྱས་ཀུན་གྱི་ཐུགས་ནི་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལྕགས་གསུམ་གྱི་ཚད
ནི་ར་ཏི་བརྒྱ་ཉི་ཤུ་རྩ་ལྔའོ། །དེ་དག་གི་ཆབ་བགོ་ལ་ནི་མན་ངག་རྣམ་པ་གཉིས་ཡོད་དེ་ལ་ལ་དག་ན་རིལ་བུ་དཀྲིལ་མདོག་བཟང་དང། ཟླ་བ་ཉི་མ་མ་ཤ་ནི་གསུམ་བཞི་རིག་བྱེད་ཚད་ལ་སྟེ། དྲང་སྲོང་གསུམ་པ་རིམ་པ་བཞིན་སྐྱེད། ཅེས་ཟེར་རོ།།
གཞན་དག་ན་རེ་རེ་ལུ་བཀྲི་ལ་གསེར་དང་དངུལ་ཉི་མ། །མ་ཤ་མེ་དང་དུས་དང་མདའ་དག་ལ། །ར་ཏི་ཆ་བཅུ་ཆ་ཕྱེད་བཅས་པ་དང། །ཕྱེད་དང་བཞི་དང་བདུན་གྱི་རིམ་བཞིན་བསྐྱེད་ཅེས་ཟེར་རོ། །མན་ངག་ནི་བརྗོད་པར་བྱ་སྟེ། དམ་ཚིག་སྡོམ
པ་ལ་གནས་ཤིང། རྣམ་སྦྱངས་རྟ་ཤ་ལོངས་སྤྱད་པའི་རང་རིག་ལས་བྱུང་བ་དེ་བཞི་དང། །ཤ་བཟང་ཞེས་བྱ་བ་དམ་ཚིག་ལྔ། །དེ་དག་བླངས་ནས་རྣམ་སྦྱངས་ལ། །ཙ་ན་ཀའི་རུས་པ་ཙམ་མམ། ཀུ་ལ་ཐའི་རུས་པ་ཙམ་གྱི་རིལ་བུར་བྱས
ཏེ། ཇི་སྐད་དུ་བཤད་པའི་ཚད་ཀྱི་གསེར་དང་དངུལ་དང་ཟངས་མ་དང་འདབ་མར་བྱས་ནས་གོ་རིམ་བཞིན་དུ་དཀྲི་བར་བྱའོ། །དམ་ཚིག་ལྔ་ལ་ཡེ་ཤེས་ལྔར་ངེས་པར་བྱས་ཏེ། ཡར་ངོའི་ཚེས་གཅིག་ནས་བརྩམས་ལ། ཐུན་བཞིར་སངས
རྒྱས་ཐམས་ཅད་ལ་ཕྱི་དང་ནང་གི་མཆོད་པ་བྱས་ལ་རིལ་བུ་དེ་རང་གི་ཁ་འམ་རིག་མའི་པདྨར་བཅུག་ལ་ལག་པ་གཡོན་པ་འམ་རྡོ་རྗེས་བཀབ་ལ། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ཡང་དག་པར་བྲིས་པའི
ད་བུས་སུ་ཡིད་ཀྱིས་འཇམ་པའི་རྡོ་རྗེའི་རྣལ་འབྱོར་གྱིས་འདུས་ལ་དེ་བཞིན་དུ་བཅོམ་ལྡན་འདས་དེའི་ཡི་གེ་མཾ་ལས་བསྐྱེད་པའི་རིལ་བུའི་དབུས་སུ་བསྒོམས་ནས་ཡི་གེ་མཾ་བཟླ་བར་བྱ་ཞིང་རིལ་བུ་ལས་ཀྱང་དུ་བ་འཐུལ་བར་མོས
པར་བྱས་ན་དེ་དང་པོར་དྲོ་བར་འགྱུར་རོ། །དེ་ནས་དུ་བ་འཐུལ་བར་འགྱུར་རོ། །དེ་ནས་ཇི་སྐད་དུ་བཤད་པའི་སྐུ་མདོག་དང་རྣམ་པ་དང་མཐུ་དང་ལྡན་པའི་མི་སྣང་བའི་བདག་པོ་འགྲུབ་པར་འགྱུར་རོ། །དངོས་གྲུབ་དེ་ཡང་ཞག་བདུན་ནས་ཟླ
ཕྱེད་དམ་ཟླ་བ་གཅིག་གམ་ཟླ་བ་ཕྱེད་དང་གཉིས་སམ་གཞན་དག་ན་རེ་ཟླ་བ་ཕྱེད་ཀྱི་ནང་དུའོ། །ཞེས་ཟེར་ཏེ། ཕྱོགས་གཉི་ག་ལ་ཐུན་བཞིའི་རྣལ་འབྱོར་ཉིད་ཀྱིས་འགྲུབ་པར་འགྱུར་ཏེ་ལེའུ་བཅོ་བརྒྱད་པ་ལས་གང་ཞིག་ཐུན་བཞིའི་རྡོ
རྗེ་དག་ནི་སྒྲུབ་བྱེད་པ། མི་སྣང་ལ་སོགས་སྣ་ཚོགས་དམན་པའི་དངོས་གྲུབ་སྒྲུབ་བྱེད་ཅིང་ཞེས་གསུངས་པའི་ཕྱིར་རོ། །ལ་ལ་ཟླ་བ་ཉ་ལ་ཉིན་ཞག་ཐམས་ཅད་དུ་ཉི་མ་ནུབ་པ་ནས་བརྩམས་ཏེ་ཅི་སྲིད་སྐྱ་རངས་འཆར་གྱི་བར་དུ་སྦྱོར
བས་བྱ་བ་ཡིན་པར་འདོད་དོ། །དེ་ཞིན་སྒྲུབ་པ་འོག་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་ཀྱི་རྣམ་པ་གཞན་ནི་འཁོར་ལོ་ཞེས་བྱ་བ་སོགས་པ་གསུངས་ཏེ། འཁོར་ལོ་ཞེས་བྱ་བ
ནི་སྔགས་ཀྱི་སྙིང་པོ་ཅན་ནོ། །རང་གི་སྔགས་ནི་ཡི་གེ་ཨོཾ་མོ། །སངས་རྒྱས་ཐམས་ཅད་བཞུགས་པའི་མནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་སྤྲོ་བ་དང། བསྡུས་པའི་ཕྱིར་དང་དེ་དང་རོ་གཅིག་པར་གྱུར་པའི་སྔགས
དེས་བདག་ཉིད་འཁོར་ལོའི་ལྟེ་བ་ལ་རྣམ་པར་སྣང་མཛད་ཀྱི་སྐུར་བསྒོམས་པའི་ཕྱིར་རོ། །འཁོར་ལོའི་དམ་ཚིག་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཉམ་པ་ཉིད་དེ་ལ་དམིགས་པའི་ཏིང་ངེ་འཛིན་ཏོ། །དེ་བཞིན་དུ་རྡོ་རྗེ་དང་པདྨ་དྲི?་བ་རིགས་དག་ལ་ཡང་ལྟ་བར
བྱའོ། རྡོ་རྗེ་ཆེན་པོ་ནི་མི་བསྐྱོད་པའོ། །ཆོས་རྣམས་ཀུན་ནི་དཔག་ཏུ་མེད་པའོ། །འཇིག་པར་བྱེད་ཅེས་བྱ་བ་ནི་སེམས་ཅན་དེ་སྙད་དོ། །གང་དུ་ཞེ་ན། སངས་རྒྱས་རྡོ་རྗེ་མཆོག་དཀྱིལ་འཁོར་ཏེ། སྐུ་དང་ཐུགས་དང་གསུང་གི་དཀྱིལ་འཁོར་རྣམས་ལ་ཏེ།
ཐེག་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །དག་པའི་བདག་ཉིད་ཅེས་བྱ་བ་ནི་དངོས་གྲུབ་འདི་ཉིད་ཀྱིས་ཡོངས་སུ་དག་པའི་ཡེ་ཤེས་ཅན་ནོ། །སྒྲུབ་པ་གསུམ་པོ་འདི་དག་ཉིད་ཀྱི་ཐུན་མོང་གི་འབྲས་བུ་ནི་ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དོན་ནི་སྔ་མ་བཞིན་ནོ། །གསང་བ་གསུམ་ལ་བསྙེན་བཀུར་བྱེད་ཅེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་པའོ། །འཁོར་ལོ་ལ་སོགས་པ་བསྡུངས་པ་རྣམས་ཨ་ཤྭདཐའི་ལོ་མ་ལ་སོགས་པ་སྒྲུབ་པ་ལས་རིག་པ་འཛིན་པའི་བདག
པོའི་དངོས་གྲུབ་ནི་འོད་ཟེར་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་འོད་ཟེར་ཞེས་བྱ་བ་ནི་རེ་རེ་ཞིང་རང་གི་རིགས་སྤྲོ་བའི་ཕྱིར་རོ། །མདོག་འདྲ་བ་ཅེས་བྱ་བ་ནི་རིགས་སོ་བསྡུས་ནས་རོ་གཅིག་པའི་སྔགས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པར
བསྐྱེད་པའི་ཕྱིར་རོ། །རང་གི་སྔགས་ཀྱིས་ཞེས་བྱ་བ་ནི་བདག་པོའི་སྔགས་ཀྱིས་ཏེ་དེ་བསྐྱེད་ཅིང་དེའི་སྙིང་པོ་ཅན་ཞེས་བྱ་བའི་དོན་ཏོ། །རལ་གྲི་ཞེས་བྱ་བ་ནི་རིགས་ཀྱི་བདག་པོའི་མཚན་མ་འོ། །ལག་ན་ནི་ཞེས་བྱ་བ་ནི་མཚན་མ་གྲུབ་པ་དེ་ལག་ན་ཐོགས
པ་ནའོ། རྡོ་རྗེ་གསུམ་ཡང་དེ་ཡིན་ལ་རེག་པ་འཛིན་པ་ཡིན་པས་ན་རྡོ་རྗེ་གསུམ་རིག་འཛིན་པར་འགྱུར་རོ། མི་གནས་གཟུང་བ་ཚངས་པའི་བར་དེ་རྣམས་ཀྱི་མཆོག་གོ་།གང་རྣམས་ཞེས་བྱ་བ་ནི་དངོས་གྲུབ་ཇི་ལྟ་བ་རྣམས་དེ་རང་གི་དོན་དང་གཞིན་གྱི་
དོན་ཏོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ཅེས་བྱ་བ་ནི་རྡོ་རྗེ་འཆང་བའོ། །དེ་ལྟ་བུའི་དངོས་གྲུབ་སྟེར་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ལྷག་མའོ། །རྡོ་རྗེའི་ཐུགས་ལས་ཏེ་དེའི་སྐད་ཅེས་མ་ཅན་གྱི་མཉམ་པར་བཞག་པ་ལས་སོ།
མཚན་མ་ཐམས་ཅད་ཀྱི་མཆོག་ནི་རལ་གྲི་ཐམས་ཅད་ཀྱི་མཆོག་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ཏོ། །འདིར་མན་ངག་ནི་སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་ལྕགས་རྣོན་པོ་འམ་གསེར་གྱི་འམ། དངུལ་གྱི་འཁོར་ལོ་ཨ་ཤྭཛཐའི
འདབ་མར་བཞག་ལ་ཡི་གེ་ཨོཾ་ལས་འབར་བ་དང་བཅས་བར་བསྐྱེད་ནས་འབར་བ་དང་བཅས་པའི་རང་ཉིད་ཀྱི་སྙིང་པོ་ཅན་ཞག་བདུན་ནམ་ཟླ་བ་ཕྱེད་དང་ཟླ་བ་གཅིག་གམ། ཟླ་བ་བྱེད་དང་གཉིས་སམ་ཅིག་སྲིད་འབར་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས
བར་བྱའོ། །དེ་ནས་རང་གི་རིགས་ཀྱི་རིག་མའི་སྔགས་ཟློས་ཤིང་བླང་བར་བྱའོ། །གང་གི་ཚེ་དེ་ཤིན་ཏུ་འབར་བར་གྱུར་པ་དེའི་ཚེ་དབང་ཆེན་གྱི་དཀྱིལ་འཁོར་གྱི་ཚོགས་མནན་ལ་ཟློག་པར་བྱའོ། །དེ་བཞིན་དུ་ཡི་གེ་ཧཱུཾ་ལས་ལྕགས་གསུམ་གྱི
རང་བཞིན་ཅན་གྱི་རྡོ་རྗེའོ། །ཡི་གེ་སྭཱ་ལས་ནོར་བུ་མརྒ་ད་དམ། གསེར་གྱི་རང་བཞིན་གྱི་རིན་པོ་ཆེའོ། ཡི་གེ་ཨ་ལས་ཙན་དན་དཀར་པོ་འམ་དམར་པོའི་རང་བཞིན་ཅན་ནམ་ཟངས་མའི་རང་བཞིན་ཅན་གྱི་པདྨ་འདབ་མ་བརྒྱད་པའོ། །ཡི་གེ
ཧཱ་ལས་ལྕགས་རྣོན་པོ་འམ་ལྕགས་གཞན་གྱི་རང་བཞིན་གྱི་རལ་གྲི་སྟེ། སྔ་མ་བཞིན་ནོ། །རིན་པོ་ཆེ་དང་པདྨ་ནི་གོས་དཀར་མོའི་རིག་པས་བླང་བར་བྱ་བའོ། །འཇམ་པའི་རྡོ་རྗེའི་རིལ་བུའི་དངོས་གྲུབ་གསུངས་པ་དེ་བཞིན་དུ་སྐུ་རྡོ་རྗེ་ལ
སོགས་པའི་ཡང་ངོ། །དེ་ལ་ཁྱད་པར་གང་ཡིན་པ་དེ་ནི་ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་པའི་སྐུ་རྡོ་རྗེའོ། །དེ་དང་འོད་འདྲ་བར་འགྱུར་ཞེས་བྱ་བ་ནི་གཟུགས་དང་འཐུ་མཚུངས་པ་ཅན་དུ
འགྱུར་བའོ། །ཉི་མ་ཤར་བའི་འོད་འདྲ་ཞིང་ཞེས་བྱ་བ་ནི་གསེར་གྱི་ཁ་དོག་དང་འདྲ་བའི་མདོག་ཅན་ནོ། །བྱང་ཆུབ་ཡེ་ཤེས་ནི་གསུང་གི་རྡོ་རྗེའོ། །རྡོ་རྗེའི་རང་བཞིན་ཅན་གྱི་སྐུ་ན་ཐུགས་རྡོ་རྗེའོ། །ལག་པར་མཚན་མ་སྒྲུབ་པའི་ཕྱིར་རིན་བ
འཛིན་པའི་དངོས་གྲུབ་ནི་ནམ་མཁའ་ཨི་དབྱིངས་གསལ་བ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཁའ་དབྱིངས་ནི་ཆོས་འབྱུང་བའི་སྣ་ཚོགས་རྡོ་རྗེ་དང་པདྨའོ། །དེ་ལ་གནས་པའི་གསལ་བ་ལ་སོགས་པ་ནི་རིགས་པར་ཟླ་བ་དང་ཉི་མའི
དཀྱིལ་འཁོར་རོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི་རྡོ་རྗེ་བཞི་པོས་སོ། །ལག་ཏུ་འཁོར་ལོ་ཞེས་བྱ་བ་ནི་བརྡུངས་པའམ་མ་བརྡུངས་པ་སྟེ་བའི། ཨོཾ་ལས་བསྐྱེད་པའི་ཡི་གེ་ཨོཾ་གྱི་སྙིང་པོ་ཅན་གྱི་འཁོར་ལོའོ། །ཡེ་ཤེས་མཆོག་འདི་རབ་བསྒྲུབ་བྱ་ཞེས་བྱ་བ་ནི
འཁོར་ལོ་བསྒྲུབ་པའོ། །འཁོར་ལོ་ཆེན་པོའི་རིགས་བསྒོམས་ཏེ། དེ་བཞིན་གཤེགས་པའི་རིགས་ལ་གང་གི་རང་གི་ལྷ་གང་ཡིན་པ་དེའི་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་རྡོ་རྗེ་དག་གིས་ནི། །སངས་རྒྱས་སྐུ་མཆོག་རབ་སྦྱོར་ཞིང་ཞེས
བྱ་བ་ནི་རང་གི་རིགས་སྤྲོ་བ་དང་བསྡུ་བ་དང། གཅིག་ཏུ་གྱུར་པའི་སྔགས་དེ་ཉིད་ནི་ཡེ་ཤེས་རྡོ་རྗེ་ཡིན་ལ་དེས་བསྐྱེད་པའི་སངས་རྒྱས་ཀྱི་སྐུ་འཁོར་ལོའི་ལྟེ་བར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྡོ་རྗེ་ལ་སོགས་པའི
སྒྲུབ་པ་ལ་ཡང་བལྟ་བར་བྱའོ། །རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་རྩེ་གསུམ་ནི་སྟོབས་པོ་ཆེའི་འོ། །ཡེ་ཤེས་ལྕགས་ཀྱུ་ནི་འདོད་པའི་རྒྱལ་པོའོ། །སོགས་པའི་སྒྲས་ནི་ཞགས་པ་ལ་སོགས་པ་བསྡུའོ། །རྡོ་རྗེ་ཁྱད་པར་གྱིས་ཞེས་བྱ
བ་ནི་རིགས་ཀྱི་ཁྱད་པར་ཏེ་རང་གི་ལྷའི་རྣལ་འབྱོར་གྱི་རིགས་ཀྱི་བདག་པོ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་རྩེ་གསུམ་ལ་སོགས་པ་སྒྲུབ་པའི་ཕྱིར་ཏེ་སྔ་མ་བཞིན་ནོ། །སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ཡིས་ཞེས་བྱ་བ་ལ་ཐུགས་ནི་མཚན་མའོ། །
གསུང་གི་སྔགས་སོ། །སྐུ་ནི་དེ་ལ་བྱུང་བའི་སངས་རྒྱས་ཀྱི་སྐུའོ། །དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེ་ཞེས་བྱ་བ་ལ་དམ་ཚིག་ཆེན་པོ་མི་མཚད་མ་རྣམས་ཡིན་ནོ་དེ་རྣམས་ཀྱི་དངོས་གྲུབ་ནི་དེ་དོན་ཅན་གྱི་རྡོ་རྗེ་སྟེ་ཉིད
འཛིན་ཏོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེ་དགུག་པ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ལྕགས་ཀྱུ་ཡིན་ནོ། །དེའི་སྒྲུབ་པ་སངས་རྒྱས་ལ་སོགས་པའི་འགུགས་པར་བྱེད་པའི་དེ་ནི་ལམ་གྱི་གཞི་མདོར་ཞེས་བྱ་བ
ལ་སོགས་པ་གསུངས་སོ། །ཁྱད་པར་གྱིས་ཞེས་བྱ་བ་ནི་རྡོ་རྗེའི་ཁྱད་པར་རམ་རབ་ཀྱི་མཐར་ཐུག་པས་སོ། །སྦྱོར་གསུམ་རྡོ་རྗེ་ཅན་རྣམས་ཀྱིས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། །སྐུ་དང་གསུང་ཐུགས་ཀྱི་གནས་གསུམ
པོ་དག་ལ་སྔགས་དང་ལྡན་པའི་ཕྱིར་དང་སྔགས་ལས་བྱུང་བའི་སྐྱེས་བུའི་གཟུགས་ཅན་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་སྟེ་འདི་ལྟ་བུར་བརྩམ་པའོ། །ཀྱོ་བ་ཅེས་བྱ་བ་ནི་བརྡུངས་པ་འམ་མ་བརྡུང་པའི་རྡོ་རྗེས
མཚན་མའི་ལྕགས་ཀྱུ་ཡི་གེ་ཧཱུཾ་ལས་བྱུང་བ་དང་ཡི་གེ་ཧཱུཾ་གི་སྙིང་པོ་ཅན་ལག་པར་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧཱུཾ་དེ་ཉིད་ལས་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ
སྐུ་གསུམ་ཡེ་ཤེས་ཙམ་ཡིན་ནོ། །ཞེས་ངེས་པར་བྱས་ནས་དེ་དག་ཡི་གེ་ཧཱུཾ་ལ་བསྡུས་པའི་ཕྱིར་རོ། །འདི་དག་ལ་ཡེ་ཤེས་ཙམ་ཉིད་ཀྱི་བློ་མངའ་བ་དེ་ལྟར་ན། སངས་རྒྱས་ཡེ་ཤེས་བློ་ཅན་གྱི་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས
གང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །རླུང་གི་ཞེས་བྱ་བ་ལ་སོགས་པ་ལ་ལྕགས་ཀྱུ་གྲུབ་པས་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་རླུང་གི་དཀྱིལ་འཁོར་ལ་གནས་བ་བཀུག་སྟེ། རང་གི་བཀའ་སྒོ་བ་ལ་སྦྱར་བར་བྱའོ། །འདི
ནི་དགག་པའི་དམ་པའོ། །དེ་བཞིན་དུ་གོང་བུ་དགུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གཞན་དག་ལ་ཡང་ངོ། །དམ་ཚིག་འབྱུང་བ་ཅེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ནི་བུད་མེད་རྣམ་སོ། །འབྱུང་བ་ཕྱོགས་བཅུ་ན་ཡོད་པར་འགྱུར་རོ།།
རྡོ་རྗེ་ནི་རྡོ་རྗེ་ལྕགས་ཀྱུའི་མ་ཡེ་གེ་ཧཱུཾ་ནམ་མཁའ་ཨི་དབྱིངས་ནི་རྡོ་རྗེ་འཆང་བའོ། །དེས་དམ་ཚིག་རྣམས་དང་རྡོ་རྗེ་རྣམས་དགུག་པ་ནི་དེ་ཉིད་དོ། །རྣམ་པར་སྣང་མཛད་འཁོར་ལོ་ཆེ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོས་མཚན་པའི་ལྕགས་ཀྱུའོ།
རྒྱལ་གནས་ཤེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་སྤྲོ་བ་དང་བསྡུད་པའི་ཕྱིར་རྒྱལ་གནས་སོ། །ལྕགས་ཀྱུ་སྟེ་དམ་ཚིག་དགུག་པར་བྱའོ་ཞེས་སྦྱར་རོ། །རྡོ་རྗེ་པདྨ་ལ་སོགས་པས་ཤེས་དང་གི་དོན་དུ་རྟོགས་པར་བྱ་སྟེ། མི་བསྐྱོད་པའི་ནི
རྡོ་རྗེས་མཚན་པའི་ལྕགས་ཀྱུའོ། །འོད་དཔག་ཏུ་མེད་པའི་ནི་པདྨས་མཚན་པའོ། །རིན་ཆེན་འབྱུང་ལྡན་ལ་སོགས་པའི་ནི་རིན་པོ་ཆེ་ལ་སོགས་པས་མཚན་པ་སྟེ། སོགས་པ་སྨོས་པའི་ཕྱིར་རོ། །ཁམས་གསུམ་ནི་གཏི་མུག་དང་ཞེ་སྡང
དང་འདོད་ཆགས་ཡིན་ལ་དེ་རྣམས་ཀྱི་དམ་ཚིག་སྟེ། སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་དགུག་པ་ཡིན་ནོ། །འཁོར་ལོའི་ལྕགས་ཀྱུ་ལ་སོགས་པ་ལྷའི་རྣལ་འབྱོར་མ་བསྟན་པས་དེ་ནི་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ
སོགས་པ་གསུངས་ཏེ། སངས་རྒྱས་ནི་རྣམ་པ་སྣང་མཛད་ལ་སོགས་པའོ། །ཀྱོ་བ་ལ་སོགས་ཞེས་བྱ་བ་ནི་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པའོ། །འདི་དག་ལྟ་བུ་ཞེས་བྱ་བ་ནི་འཆད་པར་འགྱུར་པའོ། །དེ་ནི་ཞེས་བྱ་བ་ནི་རྣལ་འབྱོར
པའོ། ཚིག་ནི་ངག་ཙམ་སྟེ། དེ་ཉིད་ཀྱིས་དགུག་པ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ། །རྡོ་རྗེའི་སྐུ་ཞེས་བྱ་བ་ནི་རང་གི་ལྷའི་སྐུའོ། །རྡོ་རྗེ་ལྕེའི་སྦྱོར་བ་ནི་ལྕེའི་ནང་དུ་ཆུད་པའི་ཟླ་བ་ལ་གསུང་གི་རྡོ་རྗེ་བསྒོམ་པའོ། །བསྒོམས་ནས་ཞེས
བྱ་བ་ནི་རྣལ་འབྱོར་རྫོགས་པར་བྱས་པ་ན་ཏེ། རྫོགས་པ་མངོན་སུམ་བཞིན་དུ་མཐོང་བའི་ཕྱིར་རམ་འོད་ཟེར་མཐོང་བའི་ཕྱིར་རོ། །རྡོ་རྗེ་གསུང་གི་དོན་ཡོད་པའི་གསུང་ཅན་ཏེ་ལྕེ་དེས་ཇི་སྐད་སྨས་བ་དེ་བཞིན་དུ
འགྱུར་བའོ། །དངོས་གྲུབ་རྣམས་བཤད་ཟིན་པ་དེ་རྣམས་ཀྱི་སྒྲུབ་པ་ནི་གསང་བའི་མཆོད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དེ་ནི་གསངས་གསུམ་ཞེ་བྱ་བ་ལ་སོགས་པ་གསུངས་ཏེ། གསང་གསུམ་ནི་རྡོ་རྗེ་འཛིན་པའོ། །དེའི
དམ་ཚིག་ནི་ཡང་དག་པའི་རིག་པའོ། །དེས་མཆོད་པ་གང་ཡིན་པ་དེ་ནི་མཆོག་སྟེ། དེ་གཙོ་བོར་གྱུར་པ་ཅན་ཡིན་ནོ། །མཆོད་པས་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མཆོད་པས་སོ། །མཆོད་ནས་ཞེས་བྱ་བ་ནི་རྗེད་པར
བྱེད་ནས་སོ། །དེས་སངས་རྒྱས་རྣམས་མཉེས་པར་བྱས་བ་ཉིད་དེ་ནི་དེ་ནི་དེའི་རྗེད་པ་ཡིན་ནོ། །རབ་སྒྲུབ་ཅེས་བྱ་བ་ནི་དངོས་གྲུབ་པའོ། །དངོས་གྲུབ་ཅེས་བྱ་བ་ནི་སྒྲུབ་པའི་ཡན་ལག་རྣམས་སོ། །སྙིང་པོ་ནི་གཙོ་བོའོ། །གསང
བ་བསྡུས་པ་ཡིན་ཞེས་བྱ་བ་ནི་མཆོད་པའི་གསང་བ་མདོར་བསྡུས་པའོ། །གསང་བ་ཆེན་པོ་ནི་མཆོད་པ་ཐམས་ཅད་ཀྱི་གསང་བའོ། །དེ་རྣམས་ཀྱི་དམ་ཚིག་ནི་མདོར་བསྡུས་པའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ།
སྒྲུབ་པ་ལ་ཞུགས་པ་རྣམས་ཀྱིས་དངོས་གྲུབ་ཀྱི་དབྱེ་བས་དམ་ཚིག་ཐ་དད་པ་བསྟེན་པ་དེ་ནི་ཤ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་ཆེན་པོ་ལ་སོགས་པ་ཉིད་དམ་ཚིག་གི་མཆོག་ཡིན་ནོ། །ཞེས་བྱ་བའི་དམ་ཚིག་བསྡུ་བའོ། །དེ
བཞིན་དུ་རྟའི་ཤ་ཡང་དེ་ཡིན་ལ་དམ་ཚིག་ཀྱང་དེ་ཡིན་པས་ན་ཞེས་བྱ་བར་ཚིག་བསྡུ་བ་བའོ། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཞེས་གང་དུ་བཤད་པ་དེར་ནི་ཚིག་གི་དངོས་གྲུབ་ཀྱི་ཡང་དེ་ཉིད་དམ་ཚིག་ཡིན་པ་འམ། །གང་རྡོ་རྗེ
གསུམ་གྱི་དངོས་གྲུབ་ཀྱི་ཡང་ངོ། །ཤ་རྣམས་ཐམས་ཅད་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ་མ་རྙེད་པ་དང་ཆོས་མ་ཡིན་པར་རྙེད་པ་དང་བསྟན་པ་ལ་ཁོ་ན་མ་ཐོ་བར་ཐལ་བར་འགྱུར་བ་ཅེས་བྱ་བ་རྣམ་པ་གསུམ་ནི་མ་རྙེད་པ་ཡིན་ནོ། །
དེའི་ཚེ་ཐམས་ཅད་བས་མས་པས་རྣམ་པར་བརྟག་པར་བྱ་བའི་དངོས་གྲུབ་ནི་མི་ཡིན་ནོ། །འདི་ཐ་མལ་པའི་ང་རྒྱལ་གྱིས་ཀྱང་མི་བྱ་སྟེ། འབྲས་བུ་མེད་པ་ཉིད་ཀྱི་ཕྱིར་རམ་ངན་སོང་གི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་རྣལ
འབྱོར་གྱི་ཁྱད་པར་ནི་རྡོ་རྗེའི་སྦྱོར་བཅས་བྱ་བ་ལ་སོགས་བ་གསུངས་ཏེ། རྡོ་རྗེའི་སྦྱོར་བ་ནི་ཡེ་ཤེས་ལྔས་བྱིན་གྱིས་བརླབས་པའི་རྣལ་འབྱོར་ཏེ། །འདི་བྱས་ན་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དེ་ལ་རྣམ་པའི་མཆོག་རྣམས་ཀུན
ལྡན་པ་ཅེས་བྱ་བ་ནི་རང་གི་ལྷའི་རྩ་བའི་རྣལ་འབྱོར་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་བྱ་བ་ནི་སྐུ་ལ་སོགས་པ་གསུམ་གྱིས་བྱིན་གྱིས་བརླབས་པའོ། །སྙིང་གར་ཡེ་ཤེས་དམ་ཚིག་དང་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དང།
ཡང་དག་པར་ལྡན་པ་སྟེ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །འདི་ནི་བྱིན་གྱིས་བརླབས་པ་བཞི་པའོ། །རྡོ་རྗེ་མཆོག་ནི་རང་གི་རིགས་ཀྱི་བདག་པོ་སྟེ་དེ་འཛིན་པའོ། །འདི་ནི་བྱིན་གྱིས་བརླབས་པ་ལྔ་པའོ། །ཚིགས་སུ་བཅད་པའི་མཐར་བསྒོམ
མོ་ཞེས་བྱ་བ་ནི་ལྷག་མའོ། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ་ཅེས་གསུངས་པ་དེ་ལས་ཅིར་འགྱུར་ཞེ་ན། སངས་རྒྱས་ཐམས་ཅད་མཉེས་འགྱུར་ཞེས་བྱ་བ་གསུངས་སོ། །དམ་ཚིག་ཚུལ་མཆོག་སྟེ་ཞེས་བྱ་བ་ནི་དམ་ཚིག
ཐམས་ཅད་པའི་དོན་ཅན་ཏེ་ཏིང་ངེ་འཛིན་ཏོ། །དམ་ཚིག་མཆོག་གིས་ཞེས་བྱ་བ་ནི་དེའི་ལོངས་སྤྱོད་ཀྱི་དང་པོ་ཉིད་དུའོ། །ཡང་ན་འདི་ལ་དམ་ཚིག་གི་མཆོག་ཡོད་པས་ན་དམ་ཚིག་མཆོག་སྟེ། དེས་དམ་ཚིག་ལ་གུས་པར་གྱུར་ཞེས་བྱ
བའི་དོན་ཏོ། །དམ་ཚིག་ཐམས་ཅད་ཡེ་ཤེས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུས་པས་ལོངས་སྤྱོད་པར་མཛད་པ་སྟེ། དེའི་དོན་ཅན་གྱི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ལ་ལྕེ་སྦྱང་བར་བྱ་བའི
ཕྱིར་ལྕེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕེའི་དམ་ཚིག་ནི་རོ་གཅིག་པར་གྱུར་པའོ། །རྡོ་རྗེ་མཆོག་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཕྲ་མོ་དཀར་པོ་སྤྲོས་པའི་རྡོ་རྗེའི་རབ་སྟེ། དེར་རྡོ་རྗེ་ཅན་གྱི་རང་བཞིན་གྱི་ཡི་གེ་ཧཱུཾ་དེ་ཉིད་ལྟེ་བར
ཆུད་པ་བསྒོམ་ཏེ་ཞེས་བྱ་བའི་དོན་ཏོ། །རྫས་སྤྱད་པ་ལ་སོགས་པ་ནི་བདུད་རྩི་ལྔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་རྩི་ལྔའི་སྦྱོར་བ་དེ་ཉིད་ཀྱིས་སྟོབས་ལྔའི་ཡང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཨཱ:
དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཨཱསྦྱང་བའི་ཐབས་དམ་པའོ། །འདི་ནི་ཞེས་བྱ་བ་ནི་འབར་བ་དང། སྲེག་པ་དང། གསལ་བར་བྱ་བ་དང། གཟུགས་སུ་ལྟ་བ་དང། བདུད་རྩི་བསྟིམ་པ་དང། ཡེ་ཤེས་ལྔ་དང། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པའོ། །དམ་ཚིག་རྣམས
ལ་ཡེ་ཤེས་ཀྱི་འོད་ཟེར་གྱི་རྡོ་རྗེ་རྣམས་ཀྱི་བདུད་རྩི་བསྟིམ་པའི་ཕྲེང་བ་ནི་རྡོ་རྗེ་དམ་ཚིགས་བདུད་རྩི་ཕྲེང་བ་སྟེ། དེ་ལ་དམིགས་པའི་ཕྱིར་དེ་དང་ལྡན་པའི་ཏིང་ངེ་འཛིན་ཏོ། །དངོས་གྲུབ་ཕྲ་མོའི་མཐུའི་དབྱེ་བ་དང། རྡོ་རྗེ་གསུམ་དང།
རྡོ་རྗེ་གཅིག་གི་དངོས་གྲུབ་ཀྱི་དབྱེ་བ་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། རྡོ་རྗེའི་དམ་ཚིག་གསུམ་ནི་ལེའུ་བཅུ་གཅིག་པ་ལས། སངས་རྒྱས་དང་མཉམ་པ་ཉིད་པ་བསྟན་པ་ཡིན་ནོ། །དེ་ཉིད་གྲུབ
མཆོག་སྟེ། དངོས་གྲུབ་ཕྲ་མོ་རྣམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར་ཏེ། རྡོ་རྗེ་གསུམ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་ནོར་བུ་ཡིད་བཞིན་རྒྱ་མཚོར་འགྱུར
ཞེས་བྱ་བར་ནི་ཇི་ལྟར་འདོད་པ་བཞིན་དུ་སངས་རྒྱས་འདི་དག་ཐམས་ཅད་སྤྲོས་པའི་ཕྱིར། །ཡིད་བཞིན་གྱི་ནོར་བུ་ཡང་དེ་ཡིན་ལ། ཇི་ལྟར་འདོད་པ་བཞིན་དུ་དེ་རྣམས་བདུད་པའི་ཕྱིར་རྒྱ་མཚོ་ཡང་ཡིན་པས་སོ་ཐམས་ཅད་དུ
ཞེས་བྱ་བ་ནི་ཀུན་དུའོ། །རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ནོ། །སྣང་བར་བྱེད་ཅེས་བྱ་བ་ནི་འོད་ཟེར་རྣམས་དང། སེམས་ཅན་རྣམས་ཀྱི་དོན་མཛད་པ་རྣམས་ཀྱིས་སྣང་བར་མཛད་པར་ཕྱིར་རོ། །འཁོར
ལོའི་དམ་ཚིག་གྲུབ་པའི་མཆོག་གི་སྒྲ་ནི་སོགས་པའི་དོན་ཡིན་པས་ན། འཁོར་ལོའི་དམ་ཚིག་གྲུབ་པ་ཞེས་བྱ་བའི་སོགས་པའི་དོན་ཏོ། །འཁོར་ལོ་དང། རྡོ་རྗེ་དང། པདྨའི་མཉམ་པ་ཉིད་གྲུབ་ན་ཞེས་བྱ་བའི་དོན་ཏོ། །སངས་རྒྱས
སྐུ་དང་འདྲ་བ་ནི་གོ་རིམ་བཞིན་དུ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང། མཉམ་པ་ཉིད་ཐོབ་པའི་ཕྱིར་རོ། །ཕྱོགས་བཅུ་གཾ། གཱ་གླུང་གི་བྱེ་མ་སྙེད་ཐམས་ཅད་དུ་སྟེ། ཐམས་ཅད་དང་སྣ་ཚོགས་དང། འཇིག་རྟེན་གྱི་ཁམས་ཞེས
བྱ་བ་ནི་རྣམ་གྲངས་སོ། །ཀུན་ཏུ་ཞེས་བྱ་བ་ནི་ཕྱོགས་བཅུའོ། །དམ་ཚིག་མཆོག་ཉིད་ཀྱི་ཞེས་བྱ་བ་ནི་ངལ་བྲི་མཆོག་རྣམས་ཀྱིའོ། །རིག་པ་འཛིན་པའི་གཙོ་བོར་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་གསུམ་གྱི་རིག་པ་འཛིན་པའོ། །མཚན་མའི
དངོས་གྲུབ་གཞན་དང་མཉམ་པ་ཉིད་ཀྱི་དངོས་གྲུབ་ནི་དམ་ཚིག་ཡིན་ལ། དེ་རྣམས་ཀྱི་མཆོག་ནི་ཚོགས་ཏེ། དེ་ཐམས་ཅད་ཡོད་ན་སྐུ་རྡོ་རྗེའི་མཐུ་ཡིས་ནའོ། །གང་ཡིན་ཞེ་ན། ཇི་སྐད་དུ་འབྲས་བུ་སྟོང་ཁམས་གཅིག་ནི་སྣང་བར་བྱེད
ཅེས་བཤད་པ་དང། སྐུ་ཡིས་རྡོ་རྗེ་མཐུ་ཡིས་ནི་ཞེས་བྱ་བ་ཉིད་ཀྱིས་འཕྲོག་པ་དང། ལྷ་མཆོག་ལས་སྐྱེས་བུ་སྤྱོད་ཅེས་བྱ་བ་ལ་ལྷ་མཆོག་ནི་ལྷའི་གཙོ་བོའོ། །དེ་ལས་སྐྱེས་བུའི་བུ་མོ་ཉིད་དོ། །མངོན་པར་ཤེས་པ་གྲུབ
པ་ཡོད་ན་དེ་རྣམས་ཀྱི་མཐུས་ཚིགས་སུ་བཅད་པ་རེ་རེས་གསུངས་པ་ནི་གསང་བ་གསུམ་ཉིད་ནི་གནས་ཡིན་ལ། དེ་རྣམས་ལ་བཞུགས་པ་སྟེ། དེའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གཟུགས་ལྡན་ཞེས་བྱ་བ་ལ་སོགས་པ་ལ་རང་གི
ལག་པར་སྐྱུ་རུ་ར་བཞག་པ་བཞིན་དུ་གསལ་བའོ། །ཞིང་རྣམས་ན་ཞེས་བྱ་བ་ནི་ཞིང་རྣམས་ལའོ། །སྒྲ་བསྒྲགས་པ་ཞེས་བྱ་བ་ནི་སྒྲར་བརྗོད་པའོ། །ཐོས་པ་ནི་ཞེས་བྱ་བ་ནི་མངོན་པར་ཤེས་པ་སྟེ། ལྷའི་རྣ་བའི་མངོན་པར་ཤེས་པ
མཆོག་གིས་རྩ་བའི་དྲུང་ན་སྒྲ་གཅིག་འཁོད་པ་བཞིན་དུ་ཐོས་པའོ། །གཾ་གཱའི་ཞེས་བྱ་བ་ལ་སོགས་པའོ་གམ་གཱའི་བྱེ་མ་སྙེད་ཀྱི་ཞིང་རྣམས་ན། སེམས་ཅན་ཀུན་གྱི་གང་ཡིན་པ་རྣམས་ཀྱི་ལུས་དང་ངག་དང་སེམས་ཀྱི་མཚན་ཉིད
དེ་རིགས་པའོ། །སེམས་ཞེས་བྱ་བ་ནི་རྡོ་རྗེའི་སེམས་སོ། །བསྒོམ་པའི་མཆོག་ནི་མངོན་པར་ཤེས་པའི་མཆོག་གོ་།བསྐལ་པ་ཞེས་བྱ་བ་ནི་གསལ་བ་རྣམས་སུའོ། །འཁོར་བ་ན་གནས་པ་འབྱུང་བ་རྣམས་ཏེ། འཇིག་པ་དང
གནས་པ་དང། ཆགས་པ་གང་ཡིན་བ་དེ་རྣམས་ཞག་གསུམ་པ་དེ་བཞིན་དུ་དྲན་པར་འགྱུར་རོ། །འདི་ནི་སྔོན་གྱི་གནས་ཀྱི་དམ་ཚིག་ཡིན་ཏེ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའོ། །སངས་རྒྱས་སྤྲིན་ནི་སྤྲོས་པ
འམ་བ་སྤུའི་ཁུང་བུ་རེ་རེ་ལ་གནས་པའོ། །སོགས་པའི་སྒྲས་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྤྲིན་ནོ། །རྫུ་འཕྲུལ་རྡོ་རྗེ་མཆོག་ཅན་ནི་རྡོ་རྗེའི་རྫུ་འཕྲུལ་ཏེ་དེ་དང་ལྡན་པའོ། །འགེངས་ཞེས་བྱ་བ་ནི་ནམ་མཁའ་ཁྱབ་པའོ། །དམ
ཚིག་མངོན་པར་མཁྱེན་པ་ནི་རྡོ་རྗེ་མངོན་པར་ཤེས་པའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་ན་དེ་སྐད་ཅེས་བྱའོ། །མངོན་པར་ཤེས་པའི་དངོས་གྲུབ་ཡོད་ན་རྡོ་རྗེ་གཅིག་ཀྱང་ཐོབ་པ་ཡོད་དོ་ཞེས་བྱ་བསྟན་པའི་ཕྱིར། སངས་རྒྱས་མངོན་ཤེས་ཞེས་བྱ་བ་ལ
སོགས་པ་ལ། སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པ་རྣམས་ཀྱི་དོན་དེ་ཐབས་དེ་ཡང་དག་པར་འགྲུབ་ནའོ། །དངོས་གྲུབ་དམན་པའི་ལས་དང་དམ་ཚིག་དང་མཐུ་རྣམས་བསྟན་ཟིན་ནས་བསྙེན་པའི་ཞེས་བྱ་བ་ལ་སོགས་པས་ནི་དུས་དེར?་བྱའོ
སྟོན་ཏེ་བསྙེན་པའི་དུས་སུའོ། །སྦྱོར་བ་ནི་རྡོ་རྗེ་བཞིའི་སྦྱོར་བ་སྟེ། དེ་ཤེས་པས་ཉམས་སུ་བླང་ཞིང་སྒྲུབ་པའི་དུས་སུ་ཡང་སྦྱོར་བ་དེ་ཉིད་ལ་གནས་ཏེ་སྐུ་རྡོ་རྗེ་ལ་སོགས་པ་བྱིན་གྱི་བརླབ་པའི་མཚན་ཉིད་ཉེ་བར་སྒྲུབ་པ་ལ་སོགས་པ་ལ་རྒྱུ་རྣམ
ལ་རང་རང་གི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་གདབ་པ་ཉམས་སུ་བླང་བར་བྱའོ། །དེ་ནས་སངས་རྒྱས་རྣམས་ཀྱི་འོད་ཟེར་སྤྲོ་བ་ལ་སོགས་པས་ཇི་སྐད་དུ་བསྟན་པའི་ལས་རྣམས་ཉམས་སུ་བླང་བ་གང་ཡིན་པ་ཉིན་རེ་ཐུན་མཚམས་སུ་བྱས་ན
ཟླ་བ་ཕྱེད་ཀྱི་ནང་རོལ་དུ་འགྲུབ་པར་འགྱུར་རོ། །འདིས་དེ་དང་མཉམ་པར་བྱེད་པས་ན་དམ་ཚིག་གོ་།འདིས་ལས་འབྱུང་བར་འགྱུར་བས་ན་འབྱུང་བའོ། །སྒྲུབ་པ་ཆེན་པོ་ཞེས་བྱ་བ་ཡང་དམ་ཚིག་ཅེས་བྱ་བ་དང་འབྲེལ་ཏོ། །དངོས་གྲུབ་མཆོག་གི་ཐབས
བཞིའི་མཚན་ཉིད་བསྟན་པའི་ཕྱིར་བསྙེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པའི་ཏིང་ངེ་འཛིན་གྱི་མཐར་ཐུགས་པ་མ་ལུས་པའི་སྦྱོར་བ་སྟེ། སྦྱོར་བའི་ཡན་ལག་དྲུག་ཅེས་བྱ་བའི་དོན་ཏོ། །དེ་ནི་བསྙེན་པའོ། །དེ་ཇི་ལྟར་བྱ་ཞེ་ན། བྱང
ཆུབ་མཆོག་ནི་བསྒོམ་པར་བྱ་ཞེས་གསུངས་ཏེ། སོ་སོར་བསྡུད་པ་ལ་སོགས་པའི་རིམ་གྱིས་སྣ་ཚོགས་སྣང་བའི་རྣམས་ཡེ་ཤེས་སུ་བསྡུ་པ་ལས་བྱུང་བའི་རིན་པོ་ཆེ་ཕྲ་མོའི་ནང་དུ་ཟླ་བ་འམ་ཉི་མའི་བྱང་ཆུབ་དམ་པ་དེ་བསྒོམ་པར་བྱའོ། །ཉེ
བར་སྒྲུབ་པའི་མཆོག་སྟེ་གྲུབ་པའི་ཐབས་སོ། །དེ་ལ་རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད་པར་བྱ་སྟེ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་སྐྱེ་མཆེད་ནི་དེ་ལ་དམིགས་པ་རྣམ་པར་དཔྱད་པ་སྟེ། འདིར་དམིགས་པ་གསུམ་གྱིས
བསྒྲུབ་པའི་འཁོར་ལོ་སྒྱུར་བའི་སྐུ་ནི་བྱང་ཆུབ་རགས་པའོ། །བྱང་ཆུབ་རགས་པ་དེ་ནི་རྣམ་པར་དཔྱད་པ་ནི་ཚིགས་སུ་བཅད་པའོ། །སྤྲོ་བ་དང་བསྡུས་པ་ལས་བྱུང་བ་མཚན་མ་ཕྲ་མོའི་ནང་དུ་ཉི་མ་དང་ཟླ་བའི་གཟུགས་ནི་བྱང་ཆུབ་ཕྲ་མོའོ། །དེའི
རྣམ་པར་དཔྱད་པ་ནི་དེ་ལ་གནས་པའི་མཆོག་ཏུ་ཕྲ་བའི་སྔགས་སོ། །དེ་ལྟར་ན་བྱང་ཆུབ་རྣམ་པར་དཔྱད་པ་རྣམ་པ་གཉིས་ཏེ་དེའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །སྒྲུབ་པ་ལ་ནི་བསྐུལ་བར་གསུངས་ཞེས་བྱ་བ་ལ་བསྐུལ་བ་ནི་རང་གི་ལྷ
བསྐྱེད་པར་བྱའོ། །གསུངས་པ་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུད་ནས་ཕྱིའི་དཀྱིལ་འཁོར་ཆེན་པོར་མངོན་པར་བྱང་ཆུབ་པར་བྱ་བ་བསྟན་པ་སྟེ། དེ་བྱས་པ་ནི་སྒྲུབ་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །
བསྐུལ་བ་རྣམ་པར་བཤད་པའི་ཕྱིར་སྔགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཏེ། སྔགས་ཀྱི་བདག་པོ་ནི་རང་གི་ལྷ་ཉིད་དེ་དཀྱིལ་འཁོར་གྱི་དབུས་ཆོས་ཀྱི་སྐུའི་རང་བཞིན་དུ་བསྐྱེད་པའི་ཕྱིར་རོ། །དེའི་སྒོམ་པ་ནི་འདོད་ཆགས་ཆེན་པོའི་ཚུལ་ལ
སོགས་པའི་རིམ་གྱི་བསྐྱེད་ལ། མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ནས་སྤྱི་བོར་དབང་བསྐུར་ཏེ་བརྟུལ་ཞུགས་དང་སྡོམ་པ་བསམ་པར་བྱའོ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་གསང་བ་གསུམ་སྟེ
དཀྱིལ་འཁོར་པ་ཞེས་བྱ་བའི་དོན་ཏོ། །དེ་དང་སྦྱོར་བས་ནི་རྡོ་རྗེ་ཅན་ཏེ་རང་སྔགས་ཉིད་རྡོ་རྗེ་ཅན་ནོ། །རང་སྔགས་རྡོ་རྗེ་ཅན་གྱིས་གཟུགས་བསམས་ལ་ཡེ་ཤེས་རྡོ་རྗེ་ཅན་གྱི་གཟུགས་བསམ་པར་བྱའོ། །ཡེ་ཤེས་ཉིད་རྡོ་རྗེ་ཅན་དེ་དམ་ཚིག་དང་ཡེ
ཤེས་ཀྱི་དཀྱིལ་འཁོར་དང་དེའི་བདག་པོ་དག་གཉིས་སུ་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཉིད་གཉིས་སུ་མེད་པར་བྱས་པའི་དབུ་རྒྱན་གྱི་བདག་པོ་བསྒོམ་པར་བྱ་སྟེ། ཆོ་ག་ཇི་ལྟ་བ་བཞིན་དུ་དབུ་རྒྱན་དུ་རང་རང་གི་བདག་པོ་བསམས་ནས་གྲུབ
པ་ཆེན་པོ་བྱེད་པའི་ཚེ་རྣལ་འབྱོར་པ་འགྲུབ་པར་འགྱུར་ཏེ། དེ་ལྟ་བུའི་མཚན་ཉིད་ཀྱི་རྣལ་འབྱོར་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འདིར་ཚིགས་སུ་བཅད་པ་ནི་རྒྱལ་བ་ལས་སྤྲོས་རྒྱལ་བ་ལྔ་པོ་རྣམས་སྤྲུལ་བྱེད་དེ་ལ་ཐིམ་པར་རིགས་པ་ཡིན། སངས
རྒྱས་རིགས་ལས་སྤྲོས་ལ་རྒྱལ་ཡིན་པར། ལེའུ་དང་པོ་ཉིད་དུ་གྲུབ་པ་ཡིན། རྒྱལ་བ་ལྟ་གནས་ཇི་ལྟར་སྤྱིར་བསྟན་པ། །ལེའུ་དང་པོ་ཉིད་དུ་གྲུབ་པ་ཡིན་ནོ། །གང་ཞིག་དབུས་སུ་གནས་པར་གྱུར་པ་ན། །དེའི་གནས་སུ་སེམས་ཀྱི་དབང་ཕྱུག་གོ་།
བསྙེན་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་མཆོག་གི་བསྙེན་པ་རྣམ་པར་བཤད་པ་ཡིན་ཏེ། ཐམས་ཅད་ཅེས་བྱ་བ་ནི་སྣ་ཚོགས་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཡན་ལག་དྲུག་ཅུར་ལ་ཡང་རྟག་ཏུའོ། །ཡེ་ཤེས་བདུད་རྩི་ནི་སྣ་ཚོགས་པ་ལས་བྱུང་བ
སྟེ། དེ་ཉིད་ཀྱིས་བསྙེན་པར་བྱའོ། །དེ་ལ་སོ་སོར་སྡུད་པའི་དུས་སུ་ནི་ཡེ་ཤེས་ནི་སངས་རྒྱས་རྣམས་ཡིན་ལ་བདུད་རྩི་ནི་ཟླ་བ་རྣམས་སོ། །བསམ་གཏན་གྱི་དུས་སུ་ནི་ཡེ་ཤེས་ནི་རྡོ་རྗེ་རྣམས་ཡིན་ལ་བདུད་རྩི་ནི་དགའ་མ་རྣམས་ཀྱི་བདེ་བ་སྟེ། དེ
རྣམས་རོ་གཅིག་ཏུ་གྱུར་པའོ། །སྲོག་དང་རྩོལ་བའི་དུས་སུ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སེམས་དཔའ་ཨི་རིན་པོ་ཆེ་ནི་ཡེ་ཤེས་བདུད་རྩིའོ། །འཛིན་པའི་དུས་སུ་ནི་སེམས་ཀྱི་རིན་པོ་ཆེ་དེ་ཉིད་བསྟན་པར་བྱེད་པའོ།།
རྗེས་སུ་དྲན་པའི་དུས་སུ་ནི་སྤྲོ་བའི་སྦྱོར་བར་སྣ་ཚོགས་དེའི་རང་བཞིན་དུ་བྱས་པའོ། །ཏིང་ངེ་འཛིན་གྱི་དུས་སུ་ནི་དེ་ཉིད་རིན་པོ་ཆེ་ཕྲ་མོའི་ནང་དུ་བསྡུས་པའོ། །འདི་ནི་ཞེས་བྱ་བ་ནི་སྣ་ཚོགས་པའོ། །སྔགས་རྣམས་ཐམས་ཅད་ཅེས་བྱ་བའི་སྔགས
ཀྱི་ལྷ་ཐམས་ཅད་ཀྱིའོ། །སྔགས་ནི་རིགས་ཀྱི་སྔགས་རྣམས་ཏེ་རབ་སྔགས་ལ་སོགས་པ་དང་ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་དོན་ནི་སོ་སོར་བསྡུད་པ་ལ་སོགས་པའི་ཡན་ལག་དྲུག་གོ་།སྒྲུབ་པ
ནི་དེ་དག་གི་བསྐྱེད་པའོ། །དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་དམན་པའི་དངོས་གྲུབ་ཀྱི་གནས་ནི་སྔར་བཤད་ཟིན་ཏོ། །མཆོག་གི་དངོས་གྲུབ་ཀྱི་གནས་ནི་རྣམ་པ་བཞི་སྟེ། དགོན་པ་ཆེན་པོ་དང། དབེན་པ་ཆེན་པོ་དང་མཚོ
འགྲམ་ཆེན་པོ་དང། རི་སུ་ལ་དང་ཆུ་ངོགས་རྣམས་སོ། །གནས་དེ་རྣམས་སུ་མཆོག་གི་དངོས་གྲུབ་རྟག་པར་ཐོབ་པར་འགྱུར་ཏེ། འདིར་སྒྲུབ་པར་བྱ་བས་ན་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི་མཆོག་གི་དངོས་གྲུབ་ཀྱི་སྒྲུབ་པའོ། །དེ་ཉིད་གཞན་དུ་མི
འགྱུར་བས་ན་རྡོ་རྗེ་སྟེ། དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །དམན་པའི་དངོས་གྲུབ་ཀྱི་རྟེན་པ་གསུངས་པ་ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་བརྟུལ་ཞུགས་བརྟན་པ་ནི་དམ་ཚིག་མ་ཉམས་པའོ། །དང་པོ་སྟོང་ཉིད་བྱང་ཆུབ
སྟེ་གཉིས་པས་བསྡུས་པ་ཡིན། །གསུམ་པ་ལ་ནི་གཟུགས་རྫོགས་སྟེ། བཞི་པ་ལ་ནི་ཡིག་འབྲུ་དགོད་ཅེས་བྱ་བ་ནི་རྡོ་རྗེ་བཞིའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི་སོགས་པས་ནི་དོན་དེ་ཉིད་བསྟན་ཏེ་གཟུགས་རྫོགས་པའི་མཐར་ཐུག་པ་ནི་རྡོ་རྗེ
གསུམ་མོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྔགས་ཀྱི་ཡི་གེ་དགོད་པ་སྟེ་སྙིང་ག་དང་མགོ་བོ་དང་མགྲིན་པ་རྣམས་དང་སྙིང་ག་རུ་ཞེས་ཟླས་དབྱེ་བར་བསྡུའོ། །བསྙེན་པའི་དུས་སུ་ཆོ་ག་འདིས་རང་གི་ལྷ་བསྒོམ་པར
བྱས་ན་སྒྲུབ་པའི་དུས་སུ་དངོས་གྲུབ་ཐོབ་པར་འགྱུར་རོ། །དངོས་གྲུབ་མཆོག་གི་སྒྲུབ་པ་ནི་ལེའུ་བཅོ་ལྔ་པའི་དང་པོར་རྒྱས་པར་སྟོན་པར་འགྱུར་རོ། །དེ་ལས་འདིར་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ་དུས་བཞི་དག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་རབ་ཏུ
སྦྱོར་བ་ནི་ངེས་པའོ། །བློ་དང་ལྡན་པ་ཅེས་བྱ་བ་ནི་རིགས་ཀྱི་ཚོགས་དགང་བ་ལ་བལྟ་བས་མཐོང་བས་སོ། །གནས་ལྔ་ཞེས་བྱ་བ་ནི་རིགས་ཀྱི་རིག་མའི་མགོ་དང་སྙིང་ག་དང་ལྟེ་བ་དང་པདྨ་དང་རྐང་པ་རྣམས་སུའོ། །ཡེ་ཤེས་རྡོ་རྗེའི་ཡི་གེ་ཨོཾ་ཞེས
བྱ་བ་ལ་ཡེ་ཤེས་རྡོ་རྗེ་ནི་ཧཱུཾ་གིས་སྦྱངས་པའི་རྡོ་རྗེའོ། །ོཾ་ནི་རབ་སྔགས་ཏེ་དེས་སྦྱངས་པའོ། །བསྒོམས་ནས་ཞེས་བྱ་བ་ནི་པདྨར་གཞུག་པའོ། །སྡོམ་པ་གཞུག་པར་བྱ་བ་ལ་སྡོམ་པ་ནི་བདེ་བའི་མཆོག་སྟེ། བདེ་བ་ཆེན་པོ་སྤྲོ་བར་བསྒོམ་པའོ།
དེའི་གཞུག་པའི་རབ་ཏུ་གཞུག་པ་སྟེ་དེ་ལས་གཞན་མི་དམིགས་པའོ། །དེར་ཅིར་འགྱུར་ཞེ་ན། ཞག་བདུན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་བདེ་བ་ཆེན་པོའོ། །དེའི་དམ་ཚིག་ནི་སྤྲོ་བའོ། །དངོས་གྲུབ་ནི་དེ་ལས་སྐྱེས་པའི་མཆོག་གི
དངོས་གྲུབ་པོ། །མྱུར་བ་ནི་མགྱོགས་པར་ཐོབ་པར་འགྱུར་བའོ། །ཞག་དྲངས་བྱེ་བྲག་ཞག་བདུན་ནས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུའོ། །རབ་ཏུ་བསྐུལ་བ་ནི་བསྐྱོད་པར་བྱ་བའོ། །རྒྱས་པར་བཤད་ཅེས་བྱ་བ་ནི་མཆོག་གི་དངོས་གྲུབ་ཀྱིའོ། །དམན
པའི་དངོས་གྲུབ་ཀྱི་ཇི་སྙེད་ཅིག་ཅེ་ན། གསང་བ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གསང་བ་མཆོག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་དང་སེམས་སོ། །དེ་ལས་བྱུང་བ་ནི་དམན་པའི་དངོས་གྲུབ་ཅེས་བྱ་བའི
དོན་ཏོ། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་གསུངས་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྣམས་ནི་ཟླ་བ་ཕྱེད་ཀྱིས་གདོན་མི་ཟ་བ་ཅེས་གང་གསུངས་པའོ། །དམན་པའི་དངོས་གྲུབ་ཀྱི་སྒྲུབ་པ་གསུངས་པ་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། དེ
ལ་ཞེས་བྱ་བ་ནི་དམན་པའི་དངོས་གྲུབ་ཀྱིས་རྒྱུ་མཚན་ལའོ། །འདི་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཚིགས་བཅད་གཉིས་སོ། །ཉེ་བར་སྒྲུབ་པ་ཞེས་བྱ་བ་ནི་སྐུ་རྡོ་རྗེར་བྱིན་གྱིས་བརླབ་པའོ། །སྒྲུབ་པ་ནི་གསུང་རྡོ་རྗེར་རོ། །སྒྲུབ་པ་ཆེན་པོ་ཐུགས
རྡོ་རྗེར་རོ། །དེ་དག་གི་སྡོམ་པ་ནི་ཀུན་ཏུ་གསོལ་བ་གསོལ་བ་གདབ་པ་སྟེ་དེའི་ཡུལ་བརྗོད་པར་བྱ་བ་འདི་ལ་ཡོད་པས་དེ་སྐད་ཅེས་བྱའོ། །དེ་དག་གིས་ནི་ཉིན་རེ་ཞིང་དུས་ཚིགས་རྣམས་སུ་རྡོ་རྗེ་རྣམ་པ་བཞིས་རང་གི་སྦྱོར་བ་ལ་གནས
ཏེ། རྡོ་རྗེ་གཅིག་གི་དངོས་གྲུབ་ལ་ནི་ཅི་རིགས་པར་ཚིགས་སུ་བཅད་པ་གཉིས་སྡོམ་པར་བྱ་ལ། རྡོ་རྗེ་གསུམ་གྱི་དངོས་གྲུབ་ལ་ཚིགས་སུ་བཅད་པ་གཉིས་པ་གསུམ་གྱིས་སྡོམ་པ་གསུམ་བྱས་པ་ལས་རྣམས་བྱས་ནས་ཟླ་བ་ཕྱེད་ཀྱི་ནང་རོལ
ཏུ་འགྲུབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྐུ་དེས་འཛིན་པས་ན། སངས་རྒྱས་སྐུ་འཛིན་ཏེ་སྐུ་རྡོ་རྗེའོ། །དཔལ་དང་ལྡན་པ་ནི་རིག་པ་དང་སྦྱོར་བའོ། །རྡོ་རྗེ་གསུམ་པོ་མི་ཕྱེད་དངོས་ཞེས་བྱ་བ་ནི་ཐུན
མོང་ཉིད་དུ་གྲུབ་པ་འདི་ཡིན་པས་དེ་སྐད་ཅེས་བྱའོ། །བྱིན་གྱིས་བརླབ་པ་ཉིད་གནས་ཏེ་ཕུན་སུམ་ཚོགས་པའོ། །སྐུའི་རྡོ་རྗེ་ཞེས་བྱ་བ་ནི་བདག་གིས་སྐུ་རྡོ་རྗེའོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཞེས་བྱ་བ་ནི་གང
རྣམས་ཀྱི་སྐུ་རྡོ་རྗེ་འཛིན་པའི་སྐུ་འཛིན་པ་རྣམས་ཏེ། སྐུ་རྡོ་རྗེ་འཇུག་པ་ན་དེ་རྣམས་ཀྱིས་ཀྱང་འཇུག་པ་རྣམས་སོ། །དེའི་ཞེས་བྱ་བ་ནི་སྒྲུབ་པའོ། །རྡོ་རྗེའི་གསང་བ་དེའི་འོ། །སྐུའི་མཚན་ཞེས་བྱ་བ་ནི་སྐུས་ཉེ་བར་མཚན་པ་སྟེ་ཉིད་ཀྱི
སྐུ་རྡོ་རྗེ་དང་བཅས་པའི་སྐུ་ཡང་ཞུགས་པའོ། །འདིར་ཚིགས་སུ་བཅད་པ་གཉིས་ནི་སྡོམ་པ་ཡིན་ལ། ཚིགས་སུ་བཅད་པ་གསུམ་པ་ནི་དེའི་འབྲས་བུ་ཡིན་པར་བཤད་དོ། །འདིའི་རྗེས་སུ་འབྲངས་ནས་ཚིགས་སུ་བཅད་པ་གསུམ་པོ་གཞན
དག་ཀྱང་སྦྱར་བར་བྱའོ། །ཆོས་ཞེས་བྱ་བ་ནི་གསུང་རྡོ་རྗེའོ། །གསུང་ལམ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་གནས་སོ། །གསུང་ལམ་ལས་བྱུང་བ་ཅེས་བྱ་བ་ནི་རང་གི་གསུང་གི་རྡོ་རྗེ་དང་རང་གི་གསུང་རྣམས་ཀྱིས་འཇུག་པའི
ཕྱིར་རོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་རྡོ་རྗེའི་ཐུགས་ཏེ་དེ་འཛིན་པའི་ཕྱིར་རྡོ་རྗེའི་ཐུགས་འཛིན་པ་ནི་ཐུགས་རྡོ་རྗེའོ། །ལམ་གསུམ་ལས་བྱུང་པ་ནི་རང་གི་ཐུགས་རྡོ་རྗེའི་ལམ་གསུམ་དང་རང་གི་སྐུ་དང་གསུང་དང་ཐུགས་ཀྱི་?
གསུམ་ལས་བྱུང་ཞིང་འཇུག་པ་གང་ལ་མངའ་བ་དེ་དག་ལ་དེ་སྐད་ཅེས་བྱའོ། །ངེས་པར་བྱིན་གྱིས་བརླབ་པར་མཛད་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། རྨོངས་བདག་ཅེས་བྱ་བ་ནི་དགོངས་པའི་མི་འཛིན་པའི
ཕྱིར་རོ། ཚལ་བར་འགས་པ་ཞེས་བྱ་བ་ནི་ཇི་ལྟར་དེ་དག་ལ་ནི་ཚལ་བར་འགས་པ་མི་སྲིད་པ་དེ་བཞིན་དུ་ཤིན་ཏུ་འདའ་བ་ཡང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པ་ཡོད་ན་ཡང། རྡོ་རྗེ་གཅིག་ཉིད་ཀྱི་མཉམ་པ
ཉིད་དུ་འགྲུབ་ཅིང་ཅིག་ཤོས་དག་པ་ནི་ཆ་ཡིས་ཡིན་ཏེ། རྡོ་རྗེ་དམ་ཚིག་རྣམས་ནི་འབྲས་བུ་དང་བཅས་པ་ཉིད་ཕྱིར་གསུམ་པོ་མཉམ་པ་ཉིད་དུ་གྲུབ་པ་ན་རྡོ་རྗེ་གསུམ་གྱིས་དངོས་གྲུབ་ཉིད་དུ་འགྱུར་རོ། །རྡོ་རྗེ་སྦྱོར་བཅས་བྱ་བ་ལ་སོགས
པ་ལ་རྡོ་རྗེ་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་གསོལ་བ་འདེབས་པ་ནི་སྦྱོར་བ་སྟེ་རྡོ་རྗེ་སྦྱོར་བའོ། །དེའི་དམ་ཚིག་རྣམས་ནི་དམན་པའི་དངོས་གྲུབ་ཀྱིས་ལྷག་པར་མོས་པའོ། །དེ་དང་སྒྲུབ་པའི་མཆོག
ནི་དངོས་གྲུབ་མཆོག་གི་སྒྲུབ་པ་སྟེ་རྡོ་རྗེ་སྦྱོར་བའི་དམ་ཚིག་དངོས་གྲུབ་མཆོག་གོ་། དེ་བསྟན་པ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་སོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བཅུ་གཉིས་པའོ།། །།ལེའུ་འདིའི
དོན་ནི་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ལས་མངོན་པར་རྟོགས་པ་ཆེ་གཉིས་སྟེ་རྡོ་རྗེ་བཟླས་པ་དང་རིག་པའི་སྐྱེས་བུ་བསྒོམ་པའོ། །ལྷག་མ་རྣམས་ནི་ཞར་ལས་འོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་གདོན
པར་མི་བྱ་སྟེ། ཚིགས་བཅད་ལས་ལྷག་པ་ཡིན་པས་སོ། །ཡེ་ཤེས་ནི་སྣ་ཚོགས་པའོ། །རྡོ་རྗེ་ནི་སྐུ་ལ་སོགས་པའི་རྡོ་རྗེའོ། །དེ་རྣམས་ཀྱི་མཆོག་ནི་ཚོགས་ཏེ་ཡང་དང་ཡང་དུ་སྤྲོས་པའོ། །དེ་འཛིན་པ་ནི་ཡང
དུ་ཡང་དུ་སྡུད་པའི་ཕྱིར་ཏེ། དེ་ལྟར་ན་ཡེ་ཤེས་རྡོ་རྗེ་མཆོག་འཛིན་པའོ། །བློ་ལྡན་ནི་ཡེ་ཤེས་ཕུལ་དུ་བྱུང་བ་དེ་ཉིད་རྡོ་རྗེ་བཟླས་པ་དང་ལྡན་པའོ། །སེམས་ཅན་ཀུན་དོན་ཕན་པའོ། །དེའི་ཕྱེད་དུ་ཡང་དག་པར་བྱུང་བ་ནི་ཚོགས་པ་སྟེ། འདུས
པ་མཛད་པ་ཞེས་བྱ་བའི་དོན་ཏོ། །སྟོན་པ་ནི་སྟོན་པ་པོ་སྟེ། ཡང་དག་པ་ཐམས་ཅད་སྟོན་པའི་མཐུ་དང་ལྡན་པས་ནི་སྟོན་ཆེན་ནོ། །ཐམས་ཅད་ཡང་དག་པར་ན་ནན་ཏན་དུ་བྱེད་པའི་རྟེན་ཉིད་ཡིན་པའི་ཕྱིར་དང་འབྲས་བུ་ཉིད་ཡིན་པའི་ཕྱིར
ན་ཐུབ་པ་དང་ཀུན་དོན་ནོ། །རྡོ་རྗེ་འཆང་ནི་རྡོ་རྗེ་འཆང་ངོ། །དམ་ཚིག་ནི་ཡེ་ཤེས་རྡོ་རྗེའོ། །དེའི་དེ་ཉིད་ནི་རྡོ་རྗེ་གསུམ་མི་ཕྱེད་པ་ཉིད་དོ། །དེ་མཁྱེན་པར་མཛད་པ་དེ་ལྟར་ན་དམ་ཚིག་དེ་ཉིད་མཁྱེན་པའོ། །དེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི
བཏུད་པས་སོ། །མཆོད་དེ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་སྤྲིན་གྱིས་སོ། །སྒྲ་གཅིག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་དེ་ཡིན་ལ་ཞལ་གྱི་སྒོ་རེ་རེ་ནས་གསུངས་པའི་ཕྱིར་གསུང་ཡང་ཡིན་པ་དེ་ལྟར་ན་རྡོ་རྗེ་དབྱངས་སོ། །དེ་ཡང
འཆད་པར་འགྱུར་བའི་ཚིགས་སུ་བཅད་པ་དྲུག་གོ་། དེ་གསུངས་པ་ནི་བཀའ་སྩལ་པའོ། །དེ་ལ་དང་པོས་བཟླས་པ་ཉིད་ཀྱི་སྟོང་པ་ནི་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མ་ཞེས་བྱ་བ་ནི་ངོ་མཚར་རོ། །ཚུལ་དང་རིགས་པ་དང། ཡོངས་སུ
ཤེས་པ་ནི་རྣམ་གྲངས་ཡིན་ནོ། །སངས་རྒྱས་ཚུལ་རེ་བཟང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེ་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུའོ། །དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིན་ལ། དེ་ཉིད་ནི་བཟང་པོ?
ཡིན་ཏེ་ནམ་མཁའ་དང་མཉམ་པའི་ཕྱིར་རོ། །ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ལ་དེ་ཉིད་ནི་སངས་རྒྱས་ཡིན་ཞིང་དེ་ཉིད་ནི་སྔགས་ཡིན་ཏེ། དེ
རྣམས་བཟང་བ་ཉིད་དེ་ཆོས་ཀྱི་སྐུ་ལས་བྱུང་བ་ཉིད་དུ་ཡོངས་སུ་ཤེས་པ་ནི་སངས་རྒྱས་ཚུལ་རེ་བཟང་སྟེ། དེ་ཡང་ཡེ་ཤེས་རྡོ་རྗེ་ལས་རྩ་བའི་སྔགས་ཀྱིས་དེ་རྣམས་སྤྲོས་པའི་ཕྱིར་རོ། །བྱང་ཆུབ་ཚུལ་གྱིས་མཆོག་ཅེས་བྱ་བ་ནི་ཆོས་ཀྱི་སྐུའི
བདག་ཉིད་ཅན་གྱི་བྱང་ཆུབ་དེ་ཉིད་ནི་མཆོག་སྟེ་སངས་རྒྱས་ཀྱི་ཆོས་ཀྱི་མཆོག་རང་བཞིན་ཉིད་དུ་ཡོངས་ཤེས་པ་ནི་བྱང་ཆུབ་ཀྱི་ཚུལ་གྱི་མཆོག་སྟེ། དེ་ཡང་རྩ་བའི་སྔགས་ཀྱིས་ཡེ་ཤེས་རྡོ་རྗེ་ཉིད་ལས་སྤྲོས་པའི་ཡེ་ཤེས་རྡོ་རྗེ་རྣམས་དང་དེ
རྣམས་རོ་གཅིག་པར་བྱེད་པའི་ཕྱིར་རོ། །ཆོས་ཀྱི་ཚུལ་རེ་ཞི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་དེ་རྣམས་ཉིད་ཞི་བ་ཉིད་དེ་གཟུང་བར་བྱ་བའི་ངོ་བོ་ཉིད་རང་གི་ཤེས་པ་ཙམ་ཉིད་དུ་ཡོངས་སུ་ཤེས་པ་ནི་ཞི་བའི་ཆོས་ཀྱི་ཚུལ་ཏེ། དེ་ཡང་ཡེ་ཤེས
ཀྱི་སྙིང་པོས་དེ་རྣམས་དབྱེ་བ། གསུམ་པོ་བསྡུས་པའི་ཕྱིར་རོ། །སྔགས་ཀྱི་ཚུལ་རེ་བསྟན་ཞེས་བྱ་བ་ནི་སྔགས་དེ་རྣམས་ཉིད་དེ་བསྟན་པ་ནི་སྙིང་པོ་དེ་དེ་དག་གི་ཤེས་པ་ཡང་ཡོད་པ་མ་ཡིན་ཏེ། གཟུང་བ་མེད་ན་འཛིན་པ་ཡང་མེད
པའི་ཕྱིར་གཉིས་ཀྱིས་སྟོང་པའི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་སྔགས་ཀྱི་ཚུལ་དུ་བསྟན་པ་སྟེ། དེ་ཡང་བྱང་ཆུབ་བདག་མེད་པའི་སྔགས་ཀྱིས་དེ་རྣམས་དེ་བཞིན་དུ་ངེས་པའི་ཕྱིར་རོ། །རྡོ་རྗེ་བཟླས་པ་ནི་རྣམ་པ
གཉིས་ཏེ་གཅིག་ལས་སྤྲོས་པ་དང་ཀུན་ལས་སྤྲོས་པའོ། །དེ་ལྟར་དང་པོ་ལ་ཚིགས་སུ་བཅད་པས་བསྟོད་ནས་གཉིས་པ་ལ་བསྟོད་པའི་ཕྱིར། མ་སྐྱེས་པའི་ཆོས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ནམ་མཁའ་ཨི་ཁམས་ཐམས
ཅད་ཁྱབ་པར་མཛད་པའི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དེ་དག་ཉིད་ནི་སངས་རྒྱས་རྣམས་ཀྱི་ཆོས་ཁོ་ན་ཡིན་པས་ན་ཆོས་རྣམས་ནིའོ། །དེ་རྣམས་ལས་ཡེ་ཤེས་འབྱུང་བ་ནི་ངེས་པ་བསྐྱེད
པའོ། །རབ་ཏུ་བཤད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་རབ་ཏུ་སྔགས་པའོ། །ཇི་ལྟ་བུ་ལས་ཤེ་ན། མ་སྐྱེས་པ་ལས་ཏེ་ཆོས་ཀྱི་སྐུའི་དཀྱིལ་འཁོར་ལ་བཞུགས་པའི་སྐུ་གསུམ་པ་ཉིད་འདི་ལྟར་ཁྱབ་པར་བྱེད་པར་སྣང་བ་སྔ་ན?
མེད་པ་བྱུང་བ་ནི་མ་ཡིན་ནོ། །དེ་ཡང་རྩ་བའི་སྔགས་ཀྱིས་དབྱེ་བ་གསུམ་ལས་རང་རང་གི་རིགས་སྤྲོ་བ་ཉིད་དོ། །ཇི་ལྟ་བུ་ལས་ཤེ་ན་ངོ་བོ་ཉིད་ཀྱི་ཁྱད་པར་ཅན་ལས་ཏེ་ཁྱད་པར་ནི་མཆོག་གི་ཚུལ་བདག་མེད་པའོ། །དེ་ཉིད་ཀྱིས
དངོས་པོ་ནི་ངོ་བོ་ཉིད་དེ་རང་བཞིན་འདི་དག་ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །དེ་རྣམས་ལས་ཡེ་ཤེས་འབྱུང་བ་དེ་ཡང་ཞེ་སྡང་གི་སྔགས་ཀྱིས་ཡེ་ཤེས་རྡོ་རྗེ་ཉིད་ལས་སྤྲོས་པའི་ཡེ་ཤེས་རྡོ་རྗེ་རྣམས་དང་དེ་རྣམས་རོ་གཅིག་ཏུ
བྱེད་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ལས་ཤེ་ན། རྣམ་པར་མི་རྟོག་པ་ལས་དེ་རྣམ་པར་བརྟག་པར་བྱ་བ་ཡིན་པས་ན་རྣམ་པར་རྟོག་པ་སྟེ། གཟུང་བའི་ངོ་བོ་ཉིད་དོ། །དེ་མེད་པས་ན་རྣམ་པར་མི་རྟོག་པ་ལས་ཏེ་འདི་ནི་ངའི?
སེམས་ཙམ་ཡིན་ནོ་ཞེས་བྱའོ། །དེ་ཡང་གཏི་མུག་སྔགས་ཀྱིས་ཡེ་ཤེས་རྡོ་རྗེར་དེ་རྣམས་བསྡུས་པའི་ཕྱིར་རོ། །ཡང་ཇི་ལྟ་བ་ལས་ཤེ་ན། ཡང་དག་ལས་ཤེས་བྱ་བའི་གཉིས་ཀྱིས་སྟོང་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཕྱིན་ཅི་མ
ལོག་པའི་རང་བཞིན་ལས་ཏེ་དེ་དག་ནི་ཤེས་པ་ཡང་མ་ཡིན་ཏེ་གཟུང་བ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་རོ། །དེ་ཡང་དེ་བཞིན་དུ་བསྡུས་པ་དེ་རྣམས་འདོད་ཆགས་ཀྱིས་སྔགས་ཀྱིས་དེ་བཞིན་དུ་ངེས་པའི་ཕྱིར་རོ། །དེ་ལྟར་རྡོ་རྗེ
བཟླས་པ་ལ་བསྟོད་ནས་དེ་ཉན་པར་འདོད་པའི་གདུལ་བ་རྣམས་ལ་དེ་བསྟན་པར་བྱ་བའི་ཕྱིར། །བཅོམ་ལྡན་འདས་ལ་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་བཞི་ནི་ཡིད་འོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིས་དགའ་བའི་དོན་ཡང་དག་པར
ཤེས་པ་ན་ཡིད་འོང་ངོ། །གཏི་མུག་དང་འདོད་ཆགས་དང་རྩ་བ་དང་ཞེ་སྡང་གི་སྔགས་ནི་སྔགས་རྣམས་ཀུན་ནོ། །དེ་རྣམས་བསྡུས་པ་ནི་གང་ལས་པར་མཆད་པར་བརྗོད་པ་ཡོད་པའོ། །གང་ལ་ཡེ་ཤེས་ཆེ་ཏེ་ཡོངས་སུ་ཤེས་པ་བཞི་ཡོད་པའོ། །སྐུ
གསུམ་ནི་དབྱེ་བ་གསུམ་སྟེ། ཡེ་ཤེས་རྡོ་རྗེ་མི་ཕྱེད་པའི་དཀྱིལ་འཁོར་གང་ལ་ཡོད་པ་ལ་དེ་སྐད་བྱའོ། །རྡོ་རྗེ་རྣམས་ཀྱིས་སམ་རྡོ་རྗེ་རྣམས་ཀྱི་སྤྲོ་བ་དང་བསྡུ་བ་ནི་རྡོ་རྗེ་བཟླས་པའོ། །རྡོ་རྗེ་བཟླས་པའི་སྐལ་པའི་འབྲས་བུའི་སངས་རྒྱས་ཡེ
ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་པོ་མི་ཕྱེད་པའི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་ནི་རང་གི་ཡེ་ཤེས་རྡོ་རྗེའོ། །དེ་བསྒོམ་པ་ནི། །ཡང་དག་པར་ཤེས་པ་སྟེ། རྡོ་རྗེ
བཟླས་པ་ཞེས་བྱ་བའི་དོན་ཏོ། །ཉེ་བའི་འབྲས་བུ་ནི་རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་རྣམས་གཅིག་ཏུ་སྦྱོར་བ་ནི་རྡོ་རྗེའི་སྦྱོར་བའོ། །གལ་ཏེ་གཅིག་ལ་སྤྲོས་པ་ནི་གསུམ་ལ་སྡུད་པའི་ཕྱིར་ཇི་ལྟར་རྡོ་རྗེ་གཅིག་ལ་སྦྱོར་བ
ཡིན་ཞེ་ན། དེ་ཉིད་ལས་སྤྲོས་པའི་ཕྱིར་དང་དེ་ཉིད་ཀྱི་རོ་གཅིག་པར་བྱེད་པའི་ཕྱིར་དང་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་ལས་སྡུད་པའི་ཕྱིར་རོ། །འདི་ན་རེ་ཞིག་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་སྔགས་བཞིའི་དོན་གྱི་བཟླས་པ་བསྟན་པའི་ཕྱིར་གསོལ
བ་འདེབས་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་སྔགས་ཀྱི་དོན་གྱི་བཟླས་པ་ནི་གསང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རིགས་ནི་དེ་ཁོ་ན་ཉིད་ལྔ་སྟེ། སངས་རྒྱས་རྣམས་སོ། །གསང་སྔགས་ནི་ཁྲོ་བའི་ཉམས་ལ་སོགས་པའོ། །
དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་མཚན་ཉིད་ཅན་ནི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ཡང་དག་པར་ཤེས་པའོ། །གསུངས་ཞེས་བྱ་བ་ནི་སྟོན་ཅིག་པའོ། །ཡེ་ཤེས་རྒྱ་མཚོ་ནི་ཡེ་ཤེས་ཀྱི་ཕུང་པོ་སྟེ་འདིས
ནི་འཁོར་སྣོད་དུ་རུང་བ་གསུངས་པ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པའི་ནི་རྡོ་རྗེ་བཟླས་པའི་འགྲོད་པ་གཅིག་པ་ཉིད་གསུངས་པ་ཡིན་ནོ། །རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས
ཀྱི་སྔགས་དང་སྔགས་རྣམས་ཀྱིས་སོ། །རབ་བསྒོམ་པས་ནི་ཡང་དག་པར་ཤེས་པ་སྟེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཟླས་པ་དེ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ནི་བླ་ན་མེད་པའི་བྱང་ཆུབ་སྟེ་མཉམ་པ་མེད་པ་དེ་ཐོབ
པར་གྱུར་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །ཅིའི་ཕྱིར་སྟོན་པ་ཡིན་ཞེ་ན། འདི་ལྟར་ནམ་མཁའ་ཨི་རྡོ་རྗེའི་ཡེ་ཤེས་འབྱུང་ནམ་མཁའ་དང་ནི་རྡོ་རྗེ་ནི་ནམ་མཁའ་རྡོ་རྗེ་སྟེ། ཡེ་ཤེས་ཀྱི་འཁོར་ལོའོ། །དེའི་ཡེ་ཤེས
ནི་སྔགས་བཞིའི་ཚུལ་དུའོ། །དེ་འབྱུང་བ་ནི་རྩ་བའི་རྒྱུའོ། །དེ་ཉིད་ནི་བྱེད་པ་པོ་ཡིན་ཞིང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྐྱེད་པ་པོ་ཡིན་ཏེ། དེ་ལས་རིགས་ཀྱི་ཚོགས་སྤྲོས་པའི་ཕྱིར་རོ། །དམ་པའི་མཆོག་གི་གཙོ་བོ་མཛད་པའི
ཕྱིར་དམ་པའི་མཆོག་གི་གཙོ་བོའོ། །དམ་པ་མཆོག་ནི་རིགས་ཀྱི་ཚོགས་ཡིན་ལ་དེ་རྣམས་ཀྱི་གཙོ་བོ་ནི་མཆོག་ཏུ་བྱེད་པ་སྟེ། ཡེ་ཤེས་མཆོག་གི་དཀྱིལ་འཁོར་ལ་སྡུད་པར་མཛད་པའི་ཕྱིར་རོ། །དེ་ལ་དང་པོར་ཡེ་ཤེས
ཀྱི་དཀྱིལ་འཁོར་གསུངས་པ་སྔགས་ཀྱི་དོན་ཀུན་ཞེས་བྱ་སྟེ། ཡེ་ཤེས་བཞི་ཡོངས་སུ་ཤེས་པའི་དེ་ཁོ་ན་ཉིད་ཀྱིས་བཟླས་པ་སྟེ། ཡང་དང་ཡང་བཟླས་པར་བྱ་བ་ལ་བཀོད་པ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་སེམས་དཔའ་ཨི་ཐུགས
ཀའི་ཟླ་བ་ལ་རྣམ་པར་བཀོད་པ་ནི་བཀོད་པའོ། །ཇི་ལྟར་བཀོད་ཅེ་ན། རྡོ་རྗེ་དབྱེ་བ་གསུམ་ནི་མཐར་ཇི་ལྟར་འགྱུར་བ་སྟེ། དབྱེ་བ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ་ཡེ་ཤེས་རྡོ་རྗེའི་མཐར་ཐུག་པའི་ལོགས་གསུམ་གང་ཡིན་པར་བཀོད་པ་ལ
དེ་སྐད་ཅེས་བྱའོ། །བཀོད་པ་འདི་ཉིད་ལ་རྡོ་རྗེ་གསུམ་ཞེས་བྱ་བ་སྟེ། གསུམ་དང་རྡོ་རྗེ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་གསུམ་མི་ཕྱེད་མཚན་ཉིད་དེ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ལ
སོ་སོར་རྟོག་པའོ། །ཁ་ཅིག་ན་རེ་སྐུ་རྡོ་རྗེ་ལ་སོགས་པས་སྤྱི་བོ་དང་ལྐོག་མ་ལ་སོགས་པར་བྱིན་གྱིས་རློབ་པ་གང་ཡིན་པ་དེ་ཉིད་རྡོ་རྗེ་གསུམ་འདི་ཡིན་མོད་ཅེས་ཟེར་མོད་ཀྱི་དེ་ནི་བདེན་པ་མ་ཡིན་ཏེ། ཤེས་ཟིན་པ་དེ་ཚིག་འདི་ལ་རྩོལ
བ་མི་རུང་པའི་ཕྱིར་དང། རྡོ་རྗེའི་དབྱེ་བ་གསུམ་གྱི་མཐར་གྱི་སྒྲ་ནི་དེའི་བརྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་དང། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཐུགས་ག་ལས་གཞན་མི་རུང་བའི་ཕྱིར་དང། མཉམ་པར་བཞག་པ་རྣམས་ལ་སྤྲོ་བ་དང
བསྡུ་བ་ཅིག་ཆར་མི་ནུས་པའི་ཕྱིར་དང། དཀྱིལ་འཁོར་ཀུན་གྱི་ལོགས་རྣམས་ལ་ཞེས་ལོགས་སྨོས་པའི་ཕྱིར་དང་ལོངས་སྤྱོད་ཀྱི་དཀྱིལ་འཁོར་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དག་ཀྱང་བཅོ་བརྒྱད་པ་ལས་རྡོ་རྗེ་འཆང་བ་གང
ཡིན་པའི་རིག་པ་ཡོད་པའི་སྦྱོར་བ་དང། བདག་བྱིན་རླབས་སོགས་དེ་བཞིན་ཏེ། དེའི་ལོངས་སྤྱོད་བཞིར་ཞེས་བྱ་ཞེས་ཐ་དད་པར་གསུངས་པའི་ཕྱིར་རོ། །ཤིན་ཏུ་སྤྲོས་པས་མཆོག་གོ་།ཞེས་བྱ་བ་ནི་དེ་སྐད་གསུངས་པའི་དགོས་པའོ
ཀྱང་གསུངས་སོ་ཞེས་བྱ་བ་ནི་རྡོ་རྗེའི་བཟླས་པ་རྒྱས་པར་རོ། །རྣམ་པ་གསུམ་དག་ཅེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཐ་དད་པའི་ཕྱིར་རོ། །སྤྲོ་བ་ནི་ཁྱད་པར་བྱེད་པའི་སྤྲུལ་པའོ། །ངོས་རྣམས་སུ་ཞེས་བྱ་བ་ནི་ཕྱོགས་ཆར་ཏེ་རིགས་མཐུན་པ
ཉིད་ཡིན་པའི་ཕྱིར་དང་དེ་རྣམས་ཉིད་ལ་མཐར་བསྡུ་བའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ཐུགས་དང་མཚུངས་པ་འདི་ལ་ཡོད་པས་ན་རྡོ་རྗེ་གསུམ་གྱི་ཐུགས་འདྲ་སྟེ་དེ་རྣམས་སེམས་ཙམ་ཉིད་དུ
ཡང་དག་པར་མཐོང་བའི་ཕྱིར་རོ། །རྣམ་པ་གསུམ་པོ་ནི་ཇི་ལྟ་བུ་བྱ་བ་གཞན་ཡང་གང་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམས་ནས་ཞེས་བྱ་བ་ནི་ཡང་དག་པར་སྤྲོས་ནས་སོ། །མཆོད་པའི
མཆོག་བརྟག་པ་ན་མཆོད་པའི་མཆོག་བསྐྱེད་པའོ། །དེ་རྣམས་བྱེད་པ་པོ་གང་ཡིན་སྤྲོ་བ་རྣམ་པ་གསུམ་དང་མཆོད་པར་བྱ་བ་ཡིན་ཞེ་ན། ཡེ་ཤེས་རྡོ་རྗེ་བྱས་ན་ནིའོ། །མཆོད་པའི་རྫས་གང་གིས་མཆོད་ཅེ་ན། སངས་རྒྱས
རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་རྡོ་རྗེ་ལས་སྤྲོ་བ་རྣམ་པ་གསུམ་གྱིས་སོ། །བྱང་ཆུབ་མཆོག་ཐོབ་པའི་ཞེས་བྱ་བ་ནི་བདག་མེད་པར་ཡོངས་སུ་ཤེས་པའི་སངས་རྒྱས་ཀྱི་ཆོས
ཐམས་ཅད་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་གཅིག་ལས་སྤྲོས་པའི་རྡོ་རྗེའི་བཟླས་པ་གསུངས་ནས་ཀུན་ནས་སྤྲོས་པའི་རྡོ་རྗེ་བཟླས་པར་གསུངས་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ
གསུངས་ཏེ། དབྱེ་བ་རྣམ་པ་གསུམ་གྱིས་ཤེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བ་རྣམ་པ་གསུམ་གྱི་བྱེད་པ་པོས་སོ། །དེ་དག་ལས་ཇི་ལྟར་སྤྲོ་ཞེ་ན། སོ་སོ་དག་ཏུ་སྟེ་རེ་རེ་ལས་རིགས་མཐུན་པ་སྤྲོ་བའི་ཕྱིར་རོ། །མཆོད
པའི་མཆོག་བརྟག་པ་ནི་ཡེ་ཤེས་རྡོ་རྗེ་ཉིད་ཀྱིས་དེ་བཞིན་དུ་བྱས་ཏེ་གནོད་པ་ཅན་མེད་པའི་ཕྱིར་རོ། །འོ་ན་སྔགས་གང་གིས་ཅི་ཞིག་སྤྲོ་ཞེ་ན། སྐུ་དང་གསུང་དང་ཐུགས་ནི་རྩ་བའི་སྔགས་ཀྱིས་སོ། །དེ་རྣམས་ཀྱི་བདག་མེད་པ་ནི
སྡང་གི་སྔགས་ཀྱིས་ཞེས་བྱ་བའི་དོན་ཏོ། །དང་པོའི་སྔགས་གཉིས་ཀྱིས་བསྡུའོ་ཞེས་བྱ་བ་ནི་ལུས་པ་ལས་ཞེས་པར་བྱ་སྟེ། བཅོ་བརྒྱད་པ་ལས་སངས་རྒྱས་སྣ་ཚོགས་རྡོ་རྗེའི་བདག་།ཡེ་ཤེས་ས་བོན་བདག་གིས་བསྡུ། །བྱང་ཆུབ
བདག་མེད་ས་བོན་གྱིས། །བརྟུལ་ཞུགས་ཅན་གྱི་བདག་མེད་བཟུང། །ཞེས་གསུངས་པའི་ཕྱིར་རོ། །བརྗོད་ནས་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་བདེན་པ་རྣམས་དང་པོར་མཐོང་བ་ནི་མཐོང་བའི་ལམ་ཡིན་པ་དེ་བཞིན་དུ་འདིར་བརྗོད་ནས
ཤེས་བྱ་བ་སྟེ་སྔགས་བཞི་པོ་དང་པོར་བརྗོད་ནས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའོ། །སྤྲོ་བ་ནི་ཞེས་བྱ་བ་ནི་སྤྲོ་བ་ཉིད་ཡིན་གྱི་བསྡུ་བ་ནི་མ་ཡིན་ཏེ། སྤྲོ་བ་མ་བྱས་པ་ལ་བསྡུ་བ་མི་རུང་བའི
ཕྱིར་རོ་ཞེས་བྱ་བར་དགོངས་སོ། །རྫོགས་ནས་ཤེས་བྱ་བ་ནི་སྔགས་བཞི་པོ་རྫོགས་པར་བརྗོད་པ་སྟེ། ཐ་མ་བརྗོད་པ་ན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བསྡུ་བར་བྱ་ཞེས་བྱ་བ་ནི་བསྡུ་བ་ཉིད་བྱའི་སྤྲོ་བ་ནི་མ་ཡིན་ནོ། །གཞན་དུ་ན་ཐ་མ་ཉིད
དུ་མི་འགྱུར་ཏེ་སྤྲོ་བ་རྣམས་ངེས་པར་བསྡུ་བར་བྱ་བ་ཉིད་ཡིན་པའི་ཕྱིར་དང་དེ་བསྡུ་བའི་ཕྱེད་དུ་ཡང་བརྗོད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །བརྗོད་པ་ལྷག་མ་རྣམས་ལ་ནི་བསྡུས་ནས་ཀྱང་སྤྲོ་བར་བྱའོ་ཞེས་དོན་གྱི་རྙེད
པར་འགྱུར་རོ། །འོན་ཏེ་དང་པོར་བརྗོད་པའི་སྔགས་དང་པོ་དག་གིས་དོན་གང་ཡིན་ཞེ་ན། དབྱེ་བ་རྣམས་དང་སྣ་ཚོགས་པའི་ཡེ་ཤེས་ཙམ་དང་བདག་མེད་པས་སོ། །ཕྱིས་བརྗོད་པའི་སྔགས་ཕྱི་མ་དག་དོན་གང་ཡིན་ཞེ་ན། དབྱེ་བ་ཉིད་ཀྱི
རྡོ་རྗེ་དབྱེ་བ་ཉིད་དང་རྡོ་རྗེ་མཉམ་པ་ཉིད་དོ། །འདི་དེ་ཞེས་བྱ་བ་ནི་ཁྱེད་གསན་པར་དགྱེས་པ་རྡོ་རྗེ་བཟླས་པའི་ཡེ་ཤེས་ཆེ་འདི་གང་ཡིན་པ་དེའོ། །ཡེ་ཤེས་ཉིད་ཀྱི་སྤྱན་ཕྱེ་བ་སྟེ་སྒྲིབ་པ་མེད་པ་དེ་རྣམས་ལ་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ
ལྟར་ཐུན་མོང་གི་རྡོ་རྗེ་བཟླས་པའི་གཞུང་རྒྱས་པས་ཕྱིས་བྱ་བ་གསུངས་ནས་ལན་ཅིག་བྱ་བའི་ཐུན་མོང་མ་ཡིན་པའི་རྡོ་རྗེ་བཟླས་པ་བསྟན་པའི་ཕྱིར་སྐུའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྐད་དུ་ཡང
བཅོ་བརྒྱད་པ་ལས། རང་རང་གི་ནི་ངོ་བོ་ཉིད། །སྙིང་ཀར་ཡིད་ཀྱིས་རྣམ་བསམ་སྟེ། །གསང་སྔགས་བཟླས་པའི་དབྱེ་བ་ཡིས། །ཟློས་པ་བྱེད་ཅིང་སྤྲོ་ཞིང་བསྡུ། །ཞེས་གསུངས་པ་ལ། རང་རང་གི་ནི་ངོ་བོ་ཉིད་ཅེས་བྱ་བ་ནི་རང་གི་སྐུ་ལ
སོགས་པ་ཇི་ལྟ་བ་བཞིན་གྱི་དེ་ཁོ་ན་ཉིད་དོ། །རྣམས་བསམས་ཏེ་ཞེས་བྱ་བ་ནི་ངེས་པར་དཔྱད་པའོ། །སྙིང་ལ་ཡིན་གྱི་ཞེས་བྱ་བ་ནི་སྙིང་གར་ཆུད་པའི་ཡིད་ཀྱིས་ཏེ་མཉམ་པར་བཞག་པས་ཞེས་བྱ་བའི་དོན་ཏོ། །དེ་ལ་རིགས་ཀྱི་སྔགས
ལས་སྐྱེས་པའི་ལུས་ནི་སྐུའོ། །ཡེ་ཤེས་སེམས་དཔའ་ཨི་ཐུགས་གར་སོན་པའི་མཚན་མའི་ཐུགས་སོ། །མཚན་མའི་ནང་དུ་སོན་པའི་ས་བོན་ནི་གསུང་ངོ། །ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་ནི་ཁྲོ་བོ་ལ་སོགས་པའི་མཉམ་པ་ཉིད
ནི་ཐུགས་སོ། །དེ་ལས་བྱུང་བའི་སྔགས་དང་ལུས་ཀྱི་འགྱུར་བ་ནི་རིམ་བཞིན་དུ་གསུང་དང་སྐུའོ། །སངས་རྒྱས་རྣམས་ཀྱི་སྐུ་མཉམ་པ་ཉིད་དུ་བསྡུས་པ་ནི་སྐུ་རྡོ་རྗེའོ། །དེའི་མངོན་པར་བྱང་ཆུབ་པ་ནི་མངོན་དུ་བྱས་པ་ནི་སྐུའོ། །དངོས
དང་དངོས་མེད་རྣམ་པར་དཔྱད་པས་མི་དམིགས་པ་ནི་ཐུགས་སོ། །དེ་ཡང་ཅི་ཞིག་ཡིན་ཞེ་ན། སངས་རྒྱས་སྐུ་དེ་ནང་དུ་གྱུར་པ་དང་འཁོར་ལོའི་རྣམ་པ་ཡིན་པའི་ཕྱིར་ཞེས་པའི་ཚོགས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །
དེ་ཇི་ལྟར་ན་དངོས་དང་དངོས་མེད་དཔྱད་ཅེ་ན། ལུས་འདི་རྣམས་ཀྱི་མ་སྐྱེས་པས་ལུས་ཀྱི་ངོ་བོ་ཉིད་མེད་པ་ཡིན་ལ། ཡེ་ཤེས་ལུས་སུ་སྣང་བར་སྐྱེས་པས་དངོས་པོ་མེད་པ་ཡང་མ་ཡིན་ཏེ། འདི་དག་ཡེ་ཤེས་ཀྱི་འཁོར་ལོའི་ཞེས་བྱ
བ་ནི་འཁོར་ལོའི་ནང་དུ་ཞུགས་པའི་རང་གི་ངག་ཨོཾ་ཞེས་བྱ་བས་འཁོར་ལོའི་དོན་ལུས་ཏེ་སྟོན་པར་བྱེད་པ་ཡིན་ཏེ། གདོད་ནས་མ་སྐྱེས་པས་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཡིད་ཉིད་དོ་ཞེས་བྱ་བ་ནི་འདིའི་དོན་ཡིན་ནོ། །དེ་ལྟར་གང་སྐུ་དང་ཐུགས
དང་གསུང་རྣམས་ཡང་དག་པར་མཚོན་པ་ནི་སྐུའི་བཟླས་པར་བཤད་པ་སྟེ། རྣམ་པར་སྣང་མཛད་ཀྱི་བཟླས་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་གསུང་སྡུད་པ་ནི་གསུང་གི་དམ་ཚིག་གོ་།དེའི་མངོན་པར་བྱང་ཆུབ་པ་ནི་སྐུའོ། །
སྒྲ་དང་སྒྲ་མིན་རྣམ་དཔྱད་པ་ནི་ཐུགས་ཏེ། སངས་རྒྱས་རྣམས་ཀྱི་གསུང་ནི་ཆོས་རྣམས་བརྗོད་དུ་མེད་པས་སྒྲ་མ་ཡིན་ནོ། །ཆོས་ཉིད་གསལ་བར་མཛད་པས་སྒྲ་མ་ཡིན་པ་ཡང་མ་ཡིན་ནོ། །ཅི་ཞིག་ཅེ་ན། གསུང་གི་རྡོ་རྗེ་ཞེས་བྱ་སྟེ།
སངས་རྒྱས་ཐམས་ཅད་ཀྱི་གསུང་གི་མཚན་མ་པདྨ་དམར་པོའོ། །དམར་པོ་ནི་མཚོན་པའི་དོན་ཡིན་ཏེ། པདྨ་ནི་དག་པའི་དོན་ཏེ་དེ་བས་པདྨའི་དོན་གྱིས་སྒྲ་མ་ཡིན་ལ་དམར་པོའི་དོན་གྱིས་ནི་སྒྲ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བྱ
བའི་དོན་ཏོ། །ཞེས་ཤེས་བྱ་བ་ནི་མཚན་མའི་དོན་འདིའི་ལུས་ཏེ། ཨ་ཞེས་བྱ་བའི་རང་གི་དག་གི་རབ་ཏུ་སྟོན་ཏོ། །ཐ་སྙད་རྣམས་ནམ་མཁའ་ལྟ་བུ་སྟེ། དོན་དང་མིང་དང་བློ་རྣམས་སུ། །རྣམ་པར་མི་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར
གང་སྐུ་དང་གསུང་དང་ཐུགས་རྣམས་ཡང་དག་པར་མཚོན་པ་དེ་ནི་གསུང་གི་བཟླས་པར་བཤད་དེ། སྣང་བ་མཛའ་ཡས་ཀྱི་བཟླས་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་ཐུགས་མཉམ་པ་ཉིད་ནི་ཐུགས་ཀྱི་དམ་ཚིག་སྟེ། དེའི་མངོན
པར་བྱང་ཆུབ་པ་ནི་སྐུའོ། །གནས་པའི་རྡོ་རྗེ་རྣམ་དཔྱད་པ་ནི་ཐུགས་ཏེ། གནས་པ་ནི་དགའ་མ་རྣམས་སོ། །རྡོ་རྗེ་ནི་རིག་བྱ་རྣམས་སོ། །དེ་དག་གཉིས་སུ་མེད་པ་ནི་རྣམ་དཔྱད་པ་སྟེ། འདི་ལ་གནས་པ་ཡང་མེད་ལ་རྡོ་རྗེ་ཡང་མེད་པའོ། །འོ་ན
ཅི་ཞིག་ཅེ་ན། ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་སྨོས་ཏེ། ཐུགས་ནི་མི་བསྐྱོད་པའོ། །དེའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་སྟེ། དེ་ཡང་ཐུགས་འདྲེན་པས་ན་ནག་པོ་ཡིན་ལ་རིག་བྱ་དང་རིག་པ་རྣམས་བསྡུས་ན་རྩེ་ལྔ་པའོ། །ཞེས་ཤེས་བྱ་བ་ནི་ལུས
ཏེ་རྡོ་རྗེའི་གཟུང་བ་གནས་པ་དང་འཛིན་པ་རྡོ་རྗེ་གཉིས་སུ་མེད་པར་གྱུར་པ་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་ཙམ་ནི་ཧཱུཾ་ཞེས་བྱའོ། །དེ་ལྟར་གང་སྐུ་ལ་སོགས་པ་ཡང་དག་པར་མཚོན་པ་ནི་སེམས་ཀྱི་བཟླས་པར་བཤད་དེ། མི་བསྐྱོད་པའི་བཟླས་པ་ཞེས་བྱ་བའི་དོན་ཏོ། །དགའ་མ་རྣམས་ནི་དོན་ཡིན་ལ། དེའི་རྗེས་སུ་འགྲོ་བ་ནི་བདེ་བའི་རང་བཞིན་དུ་རོ་གཅིག་ཏུ་གྱུར་པའོ། །དེ་ཉིད་ནི་རང་གི་དག་བས་ཞེས་བྱ་བ་ནི་དེས་བརྗོད་པར་བྱ་བ་ཡིན་པས་བཟླས་པའོ། །དེ་ཇི་ལྟ་བུ་ཞེ་ན་ངོ་བོ་ཉིད་མེད་པ་སྟེ། ངོ་བོ་ནི་སྐུ
བསྡུས་པའོ། །མེད་པ་ནི་ཐུགས་སྡུས་པའོ། །དེ་དག་གཉིས་སུ་མེད་པར་གྱུར་པ་ནི་ངོ་བོ་ཉིད་མེད་པ་རིན་པོ་ཆེའི་རྣམ་པ་ཡིན་པས་ན་བཟང་པོའོ། །དུས་གསུམ་སངས་རྒྱས་རྣམ་དཔྱད་པ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད
རིན་ཆེན་བཟླས་པ་སྟེ། རིན་ཆེན་འབྱུང་ལྡན་གྱི་བཟླས་པའོ། །དེ་ལས་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་པོ་མཉམ་པའི་བདེ་བ་མངོན་པར་བྱང་ཆུབ་པ་ནི་སྐུའོ། །སྙིང་གར་ཆུད་པའི་ཡིད་བཞིན་གྱིས་ནོར་བུ་ནི་ཐུགས་སོ། །དེའི་ནང་ན
གནས་པའི་ཡི་གེ་སྭཱ་ནི་གསུང་སྟེ། ཡི་གེ་གསུམ་གྱིས་ནི་ཐམས་ཅད་རྡོ་རྗེའི་དོན་གྱི་རྗེས་སུ་འགྲོ་བར་བསྟན་ཏོ། །སྐུའི་སྤྲིན་རྣམས་སྤྲོ་བ་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་དུ་ཁྱབ་པར་འཁོར་ལོ་ལྟ་བུའི་རྣམ་པར་སྤྲོ་བ
སྟེ་སྐུའོ། །འགྲོ་དང་འགྲོ་མིན་རྡོ་རྗེ་ཞེས་བྱ་བ་ལ་འགྲོ་བ་ཡང་དེ་ཡིན་ལ་འགྲོ་མིན་ཡང་དེ་ཡིན་ཏེ། དེའི་རྡོ་རྗེ་ནི་མཚན་མ་ཏེ། དེས་མཚོན་པའི་ཕྱིར་རོ། །དེ་ཉིད་རང་གི་སྔགས་ཀྱིས་བརྗོད་པར་བྱ་བའི་སྒྲ་དོན་ཡིན་པས་རྡོ་རྗེ་དོན་ནོ། །དེ་བས་ན
འགྲོ་བ་དང་འོང་བ་མ་ཡིན་པའི་སྟོན་པའི་མཚན་ནི་ཐུགས་སོ། །འགྲོ་བ་དང་འོང་བ་མ་ཡིན་པའི་དོན་ནི་སྔགས་ཀྱི་གསུང་ངོ། །འདི་ལྟར་འདིའི་མཚན་མ་ནི་རལ་གྲི་སྟེ། དེ་ཡང་འདེབས་ན་ཐམས་ཅད་འགྲོ་བ་ཡིན་ལ་ལག་པར་གནས་པས་ན་མི་འགྲོ་བ
ཡང་ཡིན་ནོ། །དེ་བཞིན་དུ་ཐོགས་མེད་སྤྲོས་པས་ནི་ཀུན་ཏུ་འགྲོ་བ་ཡིན་ལ་གནས་པས་མི་འགྲོ་བ་ཡིན་པའི་དོན་ཏེ། ཡི་གེ་ཧས་སྟོན་ཏེ་ཀུན་ཏུ་འགྲོ་བར་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གང་སྐུ་དང་ཐུགས་དང་གསུང་རྣམས་ཡང་དག་པར་མཚོན་པ
འདི་ནི་ཐོགས་མེད་ཀྱི་བཟླས་པ་སྟེ། རིགས་རྣམས་ཀྱི་བཟླས་པའོ། །ཡི་གེ་རྣམས་འདུས་པའི་ཚིག་ནི་ཡི་གེའི་ཚིག་སྟེ། དེ་སྒྲུབ་པ་པོ་རང་གིས་གང་ཐོས་པའོ། །རང་ཞེས་བྱ་བ་ནི་བདག་ཉིད་དེ་དམ་ཚིག་སེམས་དཔའ་ཨོ། །རྡོ་རྗེ་ཞེས་བྱ་བ་ནི་སྐུ་དང
གསུང་དང་ཐུགས་རྣམས་དང་ཡེ་ཤེས་ཀྱི་རྡོ་རྗེ་རྣམས་སོ། །དྲག་པོ་ནི་ལྔ་པོ་དེ་ཉིད་ཀྱིས་ལྷན་ཅིག་ཏུ་གསང་མཐོན་པོར་སྒྲོགས་པའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་སྔགས་རྣམས་ཀྱི་སྙིང་པོ་བསྡུས་པ་སྟེ། ཧཱུཾ་ཞེས་བྱ་བ་ལ་སོགས་པ་འབྲུག་གི་སྒྲ་ལྟ་བུ
སྒྲོགས་པ་གང་ལ་ཡོད་པའོ། །ཇི་ལྟར་སྒྲོགས་ཤེ་ན་ཁྲོ་བོའི་དམ་ཚིག་ཡེ་ཤེས་དག་གིས་ཏེ། དམ་ཚིག་ནི་སྨིན་མ་བཅུམ་པ་ལ་སོགས་པའོ། །ཡེ་ཤེས་ནི་ཉམས་སུ་མྱོང་བའོ། །དེ་གང་སེམས་དཔའ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས
ཡང་དག་པར་མཚོན་པ་དེ་ནི་ཁྲོ་བོའི་བཟླས་པའོ། །ཐབས་དང་བཅས་པས་འདོད་པ་རྣམས་དང་གཉིས་སུ་མེད་པར་བསྟེན་པ་ནི་འདོད་པའི་དོན་ཏོ། །མྱོས་པར་གྱུར་པ་ནི་ཤིན་ཏུ་ཆགས་པའོ། །ཀུན་ཏུ་སྐྱོབ་ཅིང་ཕན་པར་དགའ་ཞེས་བྱ་བ་ནི་སེམས་ཅན
རྣམས་ལ་སྐྱོབ་པ་དང་ཕན་པ་དོན་དུ་གཉེར་བའོ། །སེམས་ཅན་ཞེས་བྱ་བ་ནི་དམ་ཚིག་སེམས་དཔའ་ལ་སོགས་པ་ལྔའོ། །གཏི་མུག་གནས་ཞེས་བྱ་བ་ནི་རབ་སྔགས་ཡིན་པ་བཞག་པ་ནི་དེ་དག་གིས་དེ་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་གང་ཡིན
པ་དེ་ནི་གཏི་མུག་གི་བཟླས་པ་སྟེ་དེས་སྐུ་དང་ཐུགས་དང་གསུང་རྣམས་ཡང་དག་པར་མཚོན་པའོ། །ནང་དུ་རེག་པའི་རོ་ནི་འདོད་ཆགས་སོ། །དེ་ལས་བྱུང་བའི་ཚིག་ནི་ཡི་གེ་ཨཱའོ། །ལུས་དང་ངག་དང་སེམས་ནི་ལུས་དང་ངག་དང
སེམས་རྣམས་དང་ལུས་ངག་སེམས་ཏེ། དམ་ཚིག་སེམས་དཔའ་ལ་སོགས་པའོ། །དེ་རྣམས་ཀྱི་མཛད་པ་ནི་དེ་རྣམས་ཀྱི་མཛད་པའོ། །སེམས་ཅན་དེ་རྣམས་ཏེ་འདོད་ཆགས་ཀྱིས་བསླང་བའི་ལས་ཀྱི་ལས་ལ་བཞག་པ་སྟེ། བཟླས
པ་གང་ཡིན་པ་དེ་ནི་འདོད་ཆགས་བཟླས་པའོ། །ཞེ་སྡང་རྡོ་རྗེ་ནི་གཉིས་སུ་མེད་པ་སོ་སོར་རྟོགས་པར་གྱུར་པའི་ལུས་ཀྱི་ལས་སོ། །དེ་ལས་བྱུང་བའི་སེམས་ནི་དགའ་བའོ། །དེའི་ལུས་ལ་སོགས་པ་ལ་གནས་པ་ཞེ་སྡང་གི་གནས་ནི་ཧཱུཾ
སྟེ། དེ་ལ་ཞན་པས་སེམས་པ་ལྔ་པོ་ཟློས་པ་བྱེད་པ་གཞག་པའི་བཟླས་པ་གང་ཡིན་པ་དེ་ནི་ཞེ་སྡང་གི་བཟླས་པའོ། །གཏི་མུག་ལ་སོགས་པ་གསུམ་པོ་དམ་ཚིག་གང་དུ་བསྡུས་པའི་དེ་ཁོ་ན་ཉིད་ནི་དམ་ཚིག་དེ་ཉིད་རྡོ་རྗེ་གསུམ་མོ། །དེ་དུ
མ་ཞེས་བྱ་བ་ནི་གཏི་མུག་ལ་སོགས་པ་རྣམས་བྲི་བ་མེད་པས་འཕེལ་བ་ཡང་མེད་པའོ། །དེ་ཉིད་ཅེས་བྱ་བ་དེ་བཞིན་ཉིད་དོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ནི་དམ་ཚིག་སེམས་དཔའ་ལ་སོགས་པ་ལྔ་པོ་གང་དུ་ཟློས་པ་དེ་མ་ནིང་གི་བཟླས་པ
སྟེ། མ་ནིང་ནི་བུད་མེད་ཀྱང་མ་ཡིན་ལ་སྐྱེས་པ་ཡང་མ་ཡིན་པ་བཞིན་འདིར་ཡང་གཏི་མུག་ལ་སོགས་པ་རྣམས་འཕེལ་བ་དང་འབྲི་བའི་མཚན་ཉིད་ཀྱི་སྐྱེས་པ་དང་བུད་མེད་མ་ཡིན་པས་མ་ནིང་ངོ། །ཁྲོ་བོ་ལ་སོགས་པའི་ཟླས་བདག་ནི
ལས་ཀྱི་དབྱེ་བ་དང་ལྷའི་དབྱེ་བས་རིག་པར་བྱའོ། རྡོ་རྗེ་བདག་པོ་རྣམས་ནི་འདོད་པ་དྲུག་གོ་དེ་ཐམས་ཅད་ནི་འདོད་ཆགས་དེ་ཉིད་དོན་བསྒོམ་པ་སྟེ། འདོད་ཆགས་ཀྱང་ཡིན་ལ་དོན་ཡང་ཡིན་ཏེ། དེ་ལ་སེམས་པ་ནི་འདོད་ཆགས་ཀྱི་དོན་ལ
སེམས་དཔའ་ཨོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་གོ་བླའོ། །འདིས་ནི་དེའི་རྣལ་འབྱོར་པ་འདོད་པ་ལྔའི་ལུས་གཉིས་རང་གི་ལུས་གཉིས་ལ་བཅུག་སྟེ། འདོད་ཆགས་ཀྱི་བཟླས་པ་བྱའོ། །ཞེས་བྱ་བར་འགྱུར་རོ། །འདོད་པ་རྣམས་ཀྱི་དོན་དོར
བརྩོན་ཞིང་བསྡུས་པའི་རྣལ་འབྱོར་པས་འདོད་པ་ལྔ་གཉིས་སུ་མེད་པའི་སྦྱོར་བས་འདོད་ཆགས་ཀྱི་བཟླས་པ་བྱའོ། །འདོད་པའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པས་ནི་སྤྱན་ལ་སོགས་པའི་བཟླས་པའི་དམ་ཚིག་བསྟན་ཏོ། །རིག་པའི
རྒྱལ་པོ་ནི་དམ་ཚིག་རྡོ་རྗེ་ལ་སོག་པ་དྲུག་སྟེ། གཏི་མུག་གི་དམ་ཚིག་ཡུལ་ལས་སྐྱེས་བས་སོ། །དེ་ཉིད་ན་འཁོར་ལོ་ཅན་ནོ། །མ་ནིང་གི་གནས་ནི་གཏི་མུག་གི་བཟླས་པ་སྟེ། སྐྱེས་བ་དང་བུད་མེད་གཉིས་སུ་མེད་པའི་དོན་གྱིས་ཤིན
ཏུ་འཁྱུད་པའི་ཕྱིར་རོ། །དངོས་གྲུབ་ནི་དེར་གནས་པའི་གྲུབ་པ་པོ། །ཞེ་སྡང་གི་གནས་ནི་ཞེས་སྡང་གི་རིགས་སོ། །བསད་པ་ནི་སྣང་བ་མེད་པར་བྱེད་པའོ། །དེ་བས་ན་དེ་ཉིད་ནི་ཞེ་སྡང་འདས་པའོ། །སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག
གསུངས་ཏེ། བསད་པར་བྱ་བ་གདུག་པ་རྣམས་ཀྱིས་ནམ་མཁའ་ཁྱབ་པར་བསམས་ན། ཧཱུཾ་ཞེས་བྱ་བས་སྣང་བ་མེད་པར་བྱས་པས་བསད་པར་བྱ་བའོ། །མཆོག་གི་ཆོས་ནི་དད་པ་དང་ཤེས་རབ་ལ་སོགས་པའོ། །སྐྱེས་བུ་ཆེན་པོ་ཞེས་བྱ་བ
ནི་ཤིན་ཏུ་ཁྲོ་བའི་སྐྱེས་བུའི་ལས་དང་ལྡན་པ་སྟེ། དེ་རྣམས་ཀྱི་དམ་ཚིག་གོ་།དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལྟར་བཟླས་པ་རྒྱས་པར་བཤད་ནས་བྱེ་བྲག་བསྟན་པར་བྱ་བའི་ཕྱིར་སླར་ཡང་གསུངས་པ་ཡིས་ཞེས་བྱ་བ་ལ
སོགས་པ་ལ་རྡོ་རྗེ་གསུམ་པ་བཀོད་པའི་ཚིགས་སུ་བཅད་པ་ལྔར་བསྟན་པ་དེ་འདིར་ཚིགས་སུ་བཅད་པ་ཕྱེད་དང་དྲུག་གི་གསུངས་ལ། དེ་ནས་ཚིག་རྐང་གཉིས་ཀྱིས་ནི་འོད་ཟེར་སྤྲོ་བ་སྔར་མ་བསྟན་པ་སྟོན་ཏོ། །ཚིགས་སུ་བཅད་པ་ལྔའི་ཚིག་གསུམ
གསུམ་གྱིས་ནི་གཅིག་བརྗོད་ལ་བཞི་བས་ནི་གཉིས་པའོ། །ཡེ་ཤེས་ཀྱང་ཡིན་ལ་འཁོར་ལོ་ཡང་ཡིན་པས་ཡེ་ཤེས་འཁོར་ལོ་སྟེ། དེ་དང་ལྡན་པའི་རྣལ་འབྱོར་པའི་སྙིང་གར་བསྒོམ་པར་བྱའོ། །གསང་བའི
དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ་དཱི་དབུས་སུ་གནས་པར་རོ། །དེ་བཞིན་དུ་ཡེ་ཤེས་རྡོ་རྗེ་ཅན་ལ་སོགས་པའི་སྙིང་གར་རྡོ་རྗེ་ལ་སོགས་པ་ཉི་མའི་དཀྱིལ་འཁོར་ལ་གནས་པའོ། །དབུས་སུ་འཁོར་ལོའི་དོན་བསྒོམ་མོ་ཞེས་བྱ་བ
ནི་འཁོར་ལོ་དེའི་དབུས་སུ་འཁོར་ལོའི་དོན་གྱི་སྔགས་ཨོཾ་ཞེས་བྱ་བ་ལ་སོགས་པ་བསྒོམ་པའོ། །རྡོ་རྗེའི་དོན་བསྒོམ་ཞེས་བྱ་བ་ལ་རྡོ་རྗེ་ནི་རྡོ་རྗེའི་དབུས་སོ། །དེའི་དོན་གྱི་སྔགས་ནི་ཡི་གེ་ཧཱུཾ་ཞེས་བྱ་བ་སྟེ། དེ་བསྒོམ་པའོ། །རིན
ཆེན་ཡེ་ཤེས་ཅན་ཞེས་བྱ་བ་ནི་རིན་ཆེན་ཡང་ཡིན་ལ་ཡེ་ཤེས་ཀྱང་དེ་ཡིན་ནོ། །ཀུན་ནི་སྣ་ཚོགས་པ་དེ། ཡེ་ཤེས་སེམས་པའི་ཐུགས་གར་གནས་པའི་ས་བོན་ནོ། །དེའི་དཀྱིལ་འཁོར་ནི་གདན་ནོ། །དེའི་དངོས་རྣམས་ནི་ཤར
དང་ལྷོ་དང་བྱང་དུ་འམ། དབང་ལྡན་དང། མེ་མཚམས་དང། ནུབ་ཕྱོགས་སོ། །སངས་རྒྱས་ཀུན་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་ཡང་རང་གི་སྟན་ལ་དགོས་པར་བྱའོ། །འོད་ཟེར་ལྔ་ཞེས
བྱ་བ་ནི་ཁ་དོག་ལྔའོ། །སྤྲོ་བ་ནི་སྤྲོ་བར་བྱའོ། །བྱེ་བྲག་གིས་ཞེས་བྱ་བ་ནི་སྣ་ཚོགས་པ་ལས་ཁ་དོག་རྣམ་པ་ལྔ་དང་སྐུ་ལ་སོགས་པའི་རྡོ་རྗེ་དག་ལས་རང་གི་ཁ་དོག་གོ་།འོད་ཟེར་སྤྲོས་པའི་མཐར་སེམས་པ་སྤྲོ་བའོ། །དེ་དག
ཀྱང་གཅིག་དང་ཐམས་ཅད་ལས་ཤེས་པ་རྣམ་པ་གཉིས་སུ་སྔར་བཤད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་སྔགས་ཐམས་ཅད་ཅེ་བྱ་བ་ལ་སོགས་པའོ། །གང་དུ་བསྡུ་བ་མ་བསྟན་པ་དེ་བསྟན་པར་བྱ་བའི་ཕྱིར་སྐུ་གསུམ་ཞེས་བྱ
བ་ལ་སོགས་པ་གསུངས་ཏེ་སྐུ་གསུམ་ནི་སྐུ་གསུམ་པོ་དག་གོ་། རྡོ་རྗེ་ནི་སྣ་ཚོགས་པ་སྟེ། དེའི་བྱེ་བྲག་གིས་སྤྲོས་པ་ནམས་བསྡུས་ཏེ། གང་གི་ཚེ་བྱེ་བྲག་རྣམས་ལ་སྤྲོས་ཨའི་ཚེ་རྡོ་རྗེར་བསྡུའོ། །གང་གི་རྡོ་རྗེ་ལས་སྤྲོས་པ་དེའི་ཚེ་བྱེ་བྲག་རྣམས
སུའོ། ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྡོ་རྗེ་གསུམ་པོ་དབྱེར་མེད་པའི་མཚན་ཉིད་ནི་ཤིན་ཏུ་ཁྱད་པར་དུ་འཕགས་པའོ། །བདག་མེད་པ་ལས་སྤྲོས་པ་དེ་གང་དུ་སྤྲོ་བར་བྱ་ཞེ་ན། ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་བོ་ཉིད་ནི་བདག་མེད
པའི་སྟེ། སྣ་ཚོགས་པའོ། །དེ་ཇི་ལྟར་སྐུ་ལ་སོགས་པ་ཡིན་ཞེ་ན་དེ་དག་གང་གི་ཕྱོགས་སུ་སྤྲོས་པས་སོ། །དེས་ནི་མཆོད་པར་འགྱུར་ཏེ། གཉིས་སུ་མེད་པའི་མཆོད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །དེས་སྐུ་ལ་སོགས་པའི་དབྱེ་བ་སྣ་ཚོགས་པ་དང།
གཉིས་སུ་མེད་པར་བྱས་པ་འམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཟླས་པ་རྒྱ་ཆེར་གསུངས་ནས་ང་ནི་ལས་ཀྱི་ཚོགས་སྟོན་ལ། དེ་ལ་རྣལ་འབྱོར་ཇི་ལྟ་བུ་ལ་གནས་ནས་ལས་བྱས་པ་ནི། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དཀྱིལ་འཁོར་ཆེན་པོ་ལྷ་ཉི་ཤུ་ལྔ་འམ་འཁོར་ལོ་ཡིས་ཏེ་དོན་གྱིས་ཤུགས་ཀྱིས་ལྷ་དྲུག་གིས་སོ། །ནང་གི་རྣམ་པར་རྡོ་རྗེ་ལྔ་རྣམས་ཏེ་སངས་རྒྱས་རྣམས་བསྒོམ་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། དབུས་སུ་བདག་པོ་བསམས་ནས་ནིའོ། །
གཟུགས་ཞེས་བྱ་བ་ནི་སྐུའི་རྣམ་པའོ། །གསུམ་ནི་སྐུ་གསུམ་པོ་དག་གོ་།སྐུ་ནི་ཡེ་ཤེས་སེམས་དཔའ་ཨོ། །རྡོ་རྗེ་ནི་ཅོད་པན་ནོ། །ལྔ་པོ་དེ་དག་དང་ལྡན་ཨའི་ཕྱིར། །གསུམ་སྐུ་རྡོ་རྗེ་ཅན་གྱི་གཟུགས། །རང་སྔགས་རྡོ་རྗེ་ཅན་ཞེས་བྱ་བ་ནི་རང་གི་ལྷག་པའི
ལྷའི་འོ། །གཟུགས་ནི་དེ་ཉིད་དོ། །དཀྱིལ་འཁོར་པ་རྣམ་པ་བཞི་དག་ནི་ཞེས་བྱ་བ་ནི་ཆུ་དང་དབང་ཆེན་དང་མེ་དང་རླུང་གི་ལའོ། །ཁ་དོག་རྣམ་བཞིར་ཀུན་བརྟགས་ལ་ཞེས་བྱ་བ་ནི་གོ་རིམ་བཞིན་དུ་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོར་རྣམ་པར
བསྒོམས་ལའོ། །སྙིང་གར་སྔགས་ཀྱི་དོན་བསྒོམས་ན་ཞེས་བྱ་བ་ནི་རང་གི་ལྷའི་གཟུགས་དེ་ཉིད་ཀྱི་ཐུགས་ཀར་སྔགས་ཀྱི་དོན་ཞི་བ་ལ་སོགས་པའི་ལས་ཇི་སྐད་འཆད་པར་འགྱུར་བའོ། །ཆུ་ལ་སོགས་པའི་དཀྱིལ་འཁོར
ཇི་ལྟ་བུ་ཡིན་ཞེ་ན་། ཇི་སྐད་དུ་རྡོ་རྗེ་བདུད་རྩིའི་རྒྱུད་ལས། ཞི་ལ་ཆུ་ཡི་དཀྱིལ་འཁོར་ནི། །ཟླུམ་ཞིང་ཁ་དོག་དཀར་པོ་ཡིན། །རྒྱས་པའི་ལས་ལ་དབང་ཆེན་གྱིས། །དཀྱིལ་འཁོར་གྲུ་བཞི་སེར་པོ་ཡིན། །གདུག་པའི་ལས་དེར་མ་ཡི་ནི།།
དཀྱིལ་འཁོར་གྲུ་གསུམ་ནག་པོར་བསམ། །དབང་ལ་ཤིན་ཏུ་དམར་བར་བསམ། །རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིངས་ཞེས་གསུངས་པ་ལྟ་བུའོ། །དེ་ལས་ཆུ་ནི་བཾ་ལས་བྱུང་བ་སྟེ། ལོགས་ལ་བུམ་པས་མཚན་པའོ། །དབང་ཆེན་ལ་ནི
ལམ་ལས་བྱུང་བ་སྟེ། མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །མེའི་ནི་རཾ་ལས་བྱུང་བ་སྟེ། ཟུར་རྣམས་སུ་ནི་རཾ་གྱིས་མཚན་པའོ། །རླུང་ནི་ཡཾ་ལས་བྱུང་བ་སྟེ། ཟུར་དག་ཏུ་རྡོ་རྗེ་རྒྱལ་མཚན་གྱིས་མཚན་པ་ཡིན་ནོ། །
རྡོ་རྗེ་རྣམ་པ་བཞི་ཞེས་བྱ་བ་ནི་ཁ་དོག་དང་སྟན་ལ་སོགས་པས་ཕྱེ་བ་འདི་ཉིད་ཀྱི་རྣལ་འབྱོར་བཞིའོ། །ལས་ནི་ཞི་བ་ལ་སོགས་པའོ། །བསམ་གཏན་རྡོ་རྗེ་ནི་ཏིང་ངེ་འཛིན་བརྟན་པའོ། །འདི་ནི་ཞེས་བྱ་བ་ནི་ལས་འདི་ནིའོ། །སྔགས་རྣམས་ཐམས
ཅད་ཀྱི་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བཟང་པོ་ཡིན་ཞེས་བྱ་བ་ནི་ཤིན་ཏུ་རྨད་དུ་བྱུང་བ་སྟེ། ཡིད་ཀྱིས་ལས་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་གྱི་ལྷ་བཞི་པོ་ནི་ཞི་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
སྤྱན་གྱི་ཚུལ་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་པདྨ་ཅན་ནི་གོས་དཀར་མོ་སྟེ་དེ་དང་ལྡན་པའི་རིན་ཆེན་དཔལ་དང་འོད་དཔག་ཏུ་མེད་པ་ཞེས་བྱ་བའི་དོན་ཏོ། །སྐུའི་སྤྲིན་གྱི་ཚོགས་ཀྱི་གསལ་བར་མཛད་པའི་ཕྱིར་རྣམ་པར་སྣང་མཛད
དེ། དོན་ཡོད་པར་གྲུབ་པའོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །ཁྲོ་བོ་ནི་དྲུག་པོ་ཉིད་ཀྱི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ལྷ་བཞི་འདི་གང་ཡིན་པའོ། །དེ་ཞེས་བྱ་བ་ནི་ཁྱད་པར་ཅན་ནོ། །ལྷ་ཐམས་ཅད་ཀྱི་སྐུ་གསུམ་ནི་ལྷ་བཞི་པ་དེ་ཉིད་དོ། །བྱ་བ་ནི་ཞི་བ་ལ་སོགས
པའི་ལས་རྣམས་སོ། །དེ་ཉིད་ནི་རོལ་མོ་སྟེ། འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡིན་ཡང་འཇིག་རྟེན་པའི་དོན་དང་འདྲ་བའི་སྣང་བའི་ཕྱིར་རོ། །དེའི་མཚན་ཉིད་ནི་རང་གི་ངོ་བོའོ། །གསང་བ་ནི་སྦ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས
རྡོ་རྗེ་ནི་བྱང་ཆུབ་རྡོ་རྗེའོ། །མངོན་སྤྱོད་ནི་ཐམས་ཅད་ལ་བྱ་བ་མ་ཡིན་པས་གང་དག་ལ་བྱ་བ་དེ་དག་ནི་མ་དད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀོན་མཆོག་གསུམ་དང་སྔགས་ཀྱི་ཚུལ་ལ་སོགས་པ་ལ་མ་དད་པ་ནི་ལེགས་པ་མ་ཡིན་ནོ། །
ཞེས་སེམས་ཅན་རྣམས་འཛིན་པར་བྱེད་པ་གང་ཡིན་པ་དེ་དག་ནི་མ་དད་པར་སྨྲ་བའོ། །སྔགས་ཀྱི་ཚུལ་ལ་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་པ་ཅན་དང་ཡང་དག་པར་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་རྡོ་རྗེ་སློབ་དཔོན་ནོ། །ཁྱད་པར་དུ་ནི་གང་གི་རྡོ་རྗེ
སློབ་དཔོན་ཏེ་དེ་ལ་སྨོད་པ་གཞན་དག་གུས་པ་མ་ཡིན་པ་སྐྱེས་ཅིང་སྨོད་པ་གང་ཡིན་པ་དེ་དག་ནི་རྡོ་རྗེ་སློབ་དཔོན་སྨོད་པའོ། །གཞན་རྣམས་ལ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སོགས་པའོ། །འང་གི་སྒྲ་ནི་སྐབས་ལ་བལྟོས་པ་ཡིན་ཏེ་མ་དད་པར་སྨྲ
བ་རྣམས་ལ་ཡང་ཞེས་བྱ་བའི་དོན་ཏོ། །གདུག་པའི་སེམས་ཅན་ཞེས་བྱ་བ་ནི་གཉི་ག་ཡང་ཁྱད་པར་ཡིན་ཏེ། འཇིག་རྟེན་གྱི་དོན་ཆེན་པོ་ལས་ཉམས་པར་བྱེད་པ་དང་གནོད་པ་ཆེན་པོ་བསྐྱེད་པ་འམ་བདག་ཉིད་ཀྱང་ངན་སོང་རྒྱུད་མར་གཞོལ
བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བསྐུལ་བ་འདི་བྱའོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་བྱ་བའོ། །དེ་ཉིད་ནི་རྡོ་རྗེ་ཡིན་ཏེ་དོན་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་འཆད་པར་རྩོམ་པ་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །ཁམས་གསུམ་གནས
པའི་ཞེས་བྱ་བ་ནི་ཁམས་གསུམ་ཁྱབ་པར་བྱེད་པའི་འོ། །སངས་རྒྱས་སྐུར་ནི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་དུའོ། །ཅིའི་ཕྱིར་ཞེ་ན། དེ་རྣམས་གནོད་པ་ཆེན་པོ་བྱེད་པའི་བསྒྲུབ་བྱ་ལ་བལྟ་བར་བྱ་བའི་ཕྱིར་རོ།
དེ་སྐད་དུ་ཡང། སངས་རྒྱས་ཀུན་ལ་གནོད་བྱེད་པར། །བསམས་ནས་རྣལ་འབྱོར་རབ་ཏུ་སྦྱོར་ཞེས་འཆད་པར་འགྱུར་རོ། །ཁ་སྦྱར་དབྱེ་བར་བསམས་ནས་སུ་ཞེས་བྱ་བ་ནི་བསྲུང་བ་བསལ་བ་སྟེ། འདི་ཡང་གསལ་བར་མ་བཤད་དོ། །དེ་ནས་ཞེས་བྱ
བ་ནི་དེའི་རྗེས་ཐོགས་ལའོ། །ལས་རྣམས་བརྩམས་པར་བྱ་བ་ནི་མངོན་སྤྱོད་ཀྱི་ཆོ་གའོ། །ཇི་ལྟར་བྱ་ཞེ་ན། ནམ་མཁའ་ཨི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཨི་དབྱིངས་ནི་མེའི་དཀྱིལ་འཁོར་ཏེ་གྲུ་གསུམ་ཉིད་ཡིན་པའི
ཕྱིར་རོ། །ཁ་བཞི་པ་ཞེས་བྱ་བ་ནི་ཁ་གྱེན་དུ་བལྟས་པའི་ཕྱོགས་བཞིའི་རྩེ་མོ་བཞིའོ། །རྡོ་རྗེ་དེ་ཉིད་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པ་ནི་མི་བསྐྱོད་པ་ཞེས་བྱ་བའི་དོན་ཏོ། །སྐབས་ཀྱིས་ཁྲོ་ཞིང་བསྔོ་བའི་འཁོར་དང་ལྡན་པའོ། །དུས
གསུམ་ཞེས་བྱ་བ་ལ་སོགས་པ་ལ་དུས་གསུམ་དམ་ཚིག་ནི་ཚོགས་པའོ། །སངས་རྒྱས་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ། ནམ་མཁའ་ཨི་ངོས་ལ་རྣམ་བསྒོམས་ལའོ། །ལག་པ་ཞེས་བྱ་བ་ནི་ལག་པར་གནས་པའི་འབར་བའི་རྡོ་རྗེ་ལའོ། །
བྱ་ཞེས་བྱ་བ་ནི་གཞུགས་པར་བྱའོ། །སངས་རྒྱས་སྐུའི་བྱེ་བྲག་གིས་ཞེས་བྱ་བ་ནི་རྡོ་རྗེའི་འོད་ཟེར་ལས་བྱུང་བའི་དེ་བཞིན་གཤེགས་པའི་ཁྲོས་པ་རྣམས་ཀྱིས་གཅིག་ཏུ་བྱས་ནས་སོ། །བསྡུས་ཏེ་གོང་བུའི་ཚུལ་གྱིས་སུ་ཞེས་བྱ་བ་ནི
གཅིག་ཏུ་བྱས་པའོ། །རང་གི་ལུས་ལ་ཞེས་བྱ་བ་ནི་རང་གི་སྙིང་གའི་ཉི་མ་དང་མཚན་མ་ལ་གནས་པའི་སྔགས་ཀྱི་ཐིག་ལེར་རོ། །སངས་རྒྱས་ཞེ་བྱ་བ་ནི་དེ་རྣམས་ཀྱིའོ། །ཡེ་ཤེས་འཁོར་ལོ་ཅན་ཞེས་བྱ་བ་ནི་ཡེ་ཤེས་སེམས་པའི
ཐུགས་ཀའི་ས་བོན་ལས་བྱུང་བའོ། །ཁྲོ་བས་ཞེས་བྱ་བ་ནི་སངས་རྒྱས་དེ་དག་ཉིད་སྤྲོས་པའོ། །བསད་པའི་དོན་སེམས་དཔའ་ཞེས་བྱ་བ་ལ་བསད་པ་ཉིད་ཀྱི་དོན་ཏེ་ཐབས་ཡིན་ནོ། །དེ་སྒྲུབ་པར་བྱ་བའི་དོན་སེམས་པ་སྟེ། དོན་ཕན་པ་བྱང་ཆུབ་ལ་མངོན
པར་ཕྱོགས་པར་བྱེད་པ་ལ་གཞོལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །བར་འདི་ཡང་བསྒྲུབ་པར་བྱ་བ་མདུན་གྱི་མེའི་དཀྱིལ་འཁོར་ལ་གནས་པ་གཅེར་པུ་གྲོལ་བ་ཡུད་དམར་གྱི་དབྱུག་པ་སྐྱབས་མེད་པར་བསམ་པར་བྱའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་སྦྱོར
བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ཁྲོ་བོ་རྣམས་ལ་བསྒོ་བ་སྦྱིན་པར་བྱའོ། །གདུག་པ་ཆེན་པོ་གསོད་བར་བྱེད་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་གདུག་པ་གསོད་པར་བྱེད་པའི་ཁྲོ་བོ་དེ་རྣམས་བསྒོམ་པར་བྱ་ཞིང་རང་གིས་ཀྱང་རྡོ་རྗེ་བསྣུན
པར་བྱ་བ་ཞེས་བྱ་བ་ནི་ལྷག་མའོ། །རང་ཉིད་དམ་ཞེས་བྱ་བ་ནི་དངོས་སུ་ཏེ། གལ་ཏེ་འདིར་བསྒྲུབ་པར་བྱ་བ་འདི་གང་ཡིན་པ་དེ་རྡོ་རྗེ་སེམས་དཔའ་ཡིན་ན་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་གསུངས་པ་འདི་ནི་སྦྱོར་བའི་མཐུ་བསྟན་པའི་ཕྱིར་རོ།།
སངས་རྒྱས་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའོ། །རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་གནས་ནི་མི་བསྐྱོད་པའི་རིགས་སོ། །དངོས་གྲུབ་ནི་སྒྲུབ་པ་པོ་ལའོ། །རྨོངས་པ་ནི་བསྒྲུབ་པར་བྱ་བའོ། །འགྲུབ་མི་འགྱུར་ནི་བསྒྲུབ་པར་བྱ་བ་ཉིད་དེ་གསོ་བར་མི་ནུས་སོ
ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་ཡེ་ཤེས་ཀྱི་ས་བོན་ནོ། །དེའི་བཀའ་ཨི་འཁོར་ལོ་ནི་དེ་ལས་བྱུང་བའི་ཁྲོ་བོ་རྣམས་ཏེ་དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེ་འབར་བ་ནི་རྡོ་རྗེའི་རྣམ་པ་ལྟ་བུའི་འོད་དོ། །རྡོ་རྗེ་སེམས
དཔའ་ཨི་རྡོ་རྗེ་བསྒོམ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་སེམས་དཔའ་ནི་སངས་རྒྱས་རྣམས་སོ། །རྡོ་རྗེ་ནི་འཁོར་ལོ་འབར་བ་སྟེ། དེ་ལ་དེ་རྣམས་ནང་དུ་འདུས་པའི་ཕྱིར་གཞི་མཐུན་པ་ཡིན་ནོ། །རྡོ་རྗེའི་སྐུའི་ཁྱད་པར་གྱིས་ཞེས་བྱ་བ་ནི་འཁོར་ལོའི་འོད་ཟེར་ལས
བྱུང་བའི་དེ་བཞིན་གཤེགས་པ་ཁྲོས་པ་རྣམས་ཀྱིས་གཅིག་ཏུ་བྱས་ནས་སོ། །རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ཁྲོ་བོ་དེ་རྣམས་ཉིད་ཀྱིའོ། །ཡེ་ཤེས་མཆོག་གི་གཉེན་གྱིས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་
ཉིད་མཆོག་གི་གཉེན་ཏེ། སྤྲོ་བར་མཛད་པ་པོས་སོ། །དེ་ལ་བསྒྲུབ་པར་བྱ་བ་སྔ་མ་བཞིན་དུ་བསམས་ལ་ཚིགས་སུ་བཅད་པ་གཉིས་ཀྱི་ཁྲོ་བོ་རྣམས་ལ་བསྒོ་བ་སྦྱིན་པར་བྱའོ། །སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས
པོ་འདི་ཉིད་ཀྱིས་ཇི་སྐད་གསུངས་པ་བཞིན་དུ་སྦྱོར་བ་སྔ་མ་ལ་བལྟ་བར་བྱའོ། །སྦྱོར་བ་འདི་ལ་ནི་འཁོར་ལོ་འཛིན་པ་དང་འཁོར་ལོ་རབ་ཏུ་འབར་བ་ཡིས་ཤེས་བརྗོད་པར་བྱའོ། །ལྷག་མ་ནི་མཚུངས་པ་ཡིན་ནོ། །དེ་བཞིན་དུ་ལྷ་གཞན་དག་ལ
ཡང་ཅི་རིགས་པར་ཤེས་པར་བྱའོ། །སྦྱོར་བ་ནི་ཡེ་ཤེས་སེམས་དཔའ་ཨོ། །སྐུ་གསུམ་ལས་བྱུང་བ་ནི་ཡེ་ཤེས་སེམས་དཔས་བསྐྱེད་པའོ། །གང་གི་ཚེ་ན་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཅེས་བྱ་བ་ནི་བཀའ་
བསྒོ་བ་སྟེ། དེ་ལས་འདས་ནའོ། །དགས་པར་བགྱིས་ན་ཅིར་འགྱུར་ཞེ་ན། ཞིག་པར་འགྱུར་བ་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་དོ། །དེའི་དམ་ཚིག་ནི་ཡེ་ཤེས་ཀྱི་ས་བོན་ནོ། །དེ་བས་ནི་བཀའ་ཨི
འཁོར་ལོ་སྟེ། བཀའ་བསྒོ་བ་བལྟ་བྱེད་པའི་ཁྲོ་བོའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ལ་གཉིས་གསུངས་ནས་ཁྲོ་བོ་རྣམས་ལ་གཅིག་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ
སོགས་པ་གསུངས་ཏེ་སངས་རྒྱས་ཀྱི་དཀྱིལ་འཁོར་ནི་ཅོད་པན་ལ་རྣམ་པར་སྣང་མཛད་ཀྱི་གཟུགས་སོ། །རྡོ་རྗེ་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའ་སྟེ་གནས་ཇི་ལྟ་བ་བཞིན་དུ་དེ་དང་ལྡན་པའོ། །གཤིན་རྗེ་གཤེད་ཀྱང
དེ་ཡིན་ལ། དཀྱིལ་འཁོར་ཆེན་པོ་དང་ལྡན་པའི་ཕྱིར་འཁོར་ལོ་ཆེན་པོ་ཡང་ཡིན་པས་ན་དེ་བརྟག་པར་བྱའོ། །དེ་ཡང་རང་གི་རྡོ་རྗེ་ཡིན་པར་བརྟག་པར་བྱ་སྟེ། རང་གི་རྡོ་རྗེ་ནི་རང་གི་མཚན་མ་སྟེ་རྡོ་རྗེ་ཐོ་བའོ། །དེའི་ཕྱག་ན་མཛད་པར་གྲགས་ཤིང
སྟོན་པ་འདི་ལ་མངའ་བས་ན་རང་གི་རྡོ་རྗེ་ཡིན་པར་རོ། །སངས་རྒྱས་ཞེས་བྱ་བ་ནི་མཚན་མའི་ནང་དུ་ཆུད་པ་ལ་སོགས་པའི་རིམ་གྱིས་སྔ་མ་བཞིན་ནོ། །སྐུ་གསུམ་དཀྱིལ་འཁོར་ནི་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱི་ཐིག་ལེའོ། །སེམས་ཅན
དང་ཞེས་བྱ་བ་ནི་ཡང་གི་དོན་དུ་རྟོགས་པར་བྱ་བ་སྟེ། སེམས་ཅན་ཡང་དེ་དང་འདྲ་བར་སྤྲོ་བར་བྱའོ་ཞེས་སྔ་མ་དང་སྦྱར་བར་བྱའོ། །དགྲ་བོ་རྣམས་ཞེས་བྱ་བ་ནི་བསད་པར་བྱ་ཞེས་བྱ་བ་འོག་མ་དང་སྦྱར་བར་བྱའོ། །རྡོ་རྗེ་བཀའ་ཨི་འཁོར་ལོ་ནི་ཁྲོ
བོའི་བཀའ་ཨི་འཁོར་ལོའོ། །དམ་ཚིག་ཐམ་ཅད་ནི་སངས་རྒྱས་དང་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་འབྱུང་བ་ནི་འཇུག་པ་སྟེ། གཤིན་རྗེ་གཤེད་ཀྱི་སྐུ་གསུམ་གྱི་ཡེ་ཤེས་ཀྱི་ས་བོན་གང་ཡིན་པ་ལའོ། །དེ་བས་ན་བཀའ་ཨི་འཁོར
ལོ་ནི་བཀའ་ཨི་ཁྲོ་བོ་སྟེ། དེ་ལ་དམིགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །བཀའ་ཨི་འཁོར་ལོ་གསུངས་ནས་བསྲུང་བའི་འཁོར་ནི་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་སྔགས་ནི་རང་གི་ལྷ་ཉིད་དོ། །དོན་ནི་རྡོ་རྗེ་འཆང་སྟེ་འབྲས་བུའི
མཆོག་ཉིད་ཡིན་པའི་ཕྱིར་རོ། །ཡོན་ཏན་ནི་དེ་ཉིད་ཀྱི་སྙིང་པོ་སྟེ། རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བའི་དོན་ཏེ་བཟླས་དབྱེའི་བསྡུ་བ་བྱའོ། །གཙུག་ནི་རྒྱལ་བའི་གཙུག་ཏོར་ལ་སོགས་པ་བརྒྱད་དོ། །དེ་ཉིད་ནི་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར
དམ་ཚིག་གོ་། བཅུ་གཅིག་པོ་དེ་ལས་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པས་འཁོར་ལོའི་ལྟེ་བར་གནས་ནས་བཀའ་ཨི་དཀྱིལ་འཁོར་སྦྱར་བར་བྱ་སྟེ། བཀའ་ལྟར་བྱེད་པའི་འཁོར་ལོ་ནི་བཀའ་ཨི་འཁོར་ལོའོ། །རྩིབས་བཅུར་གནས་པའི་ཁྲོ
བོ་བཅུ་པོར་རབ་ཏུ་སྦྱར་བར་བྱ་བ་དེའི་དགོས་པ་ནི་ཕྱོགས་བཅུར་འོད་ཟེར་གྱི་སྤྲིན་རབ་ཏུ་འགྱེད་པར་བྱེད་པའོ། །སྔགས་ཀུན་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་སྦྱོར་བའོ། །ཡེ་ཤེས་མཆོག་ནི་ནང་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་རོ། །རྡོ
རྗེ་ནི་ཕྱིའི་དཀྱིལ་འཁོར་པ་སྟེ་རྟེན་དང་བཅས་པ་དང་ལྡན་པས་ནའོ། །བསྲུང་བའི་དོན་ནི་བསྲུང་བའི་ཐབས་དེ་བསྲུང་བའི་འཁོར་ལོས་བགེགས་རྣམས་བསལ་ལ་ཆོ་ག་བཞིན་དུ་རྡོ་རྗེ་འཆང་བ་རྣམ་པར་བསྒོམས་ཏེ། འདོད་ཆགས་ཆེན་པོའི་ཚུལ་ལ་སོགས
པའི་རིམ་གྱིས་དང་པོར་སྦྱོར་བ་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཆོ་ག་བརྟན་པར་བྱ་བའི་ཕྱིར་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་ཕྱག་རྒྱ་ཆེན་པོ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་ནམ་མཁའ་སྟེ། ནམ་མཁའ་ལ
གནས་པའི་སྣ་ཚོགས་རྡོ་རྗེ་ནི་ནམ་མཁའ་རྡོ་རྗེའོ། །དེའི་དབུས་གནས་པ་ནི་དབུས་ན་འདུག་པའོ། །ཆོས་ཞེས་བྱ་བ་ནི་ཡི་གེ་བྷྲུཾ་མོ། །ཇི་ལྟ་བུ་ཞེ་ན། རྣམ་པར་སྣང་མཛད་སྐུ་མཆོག་ལས་བྱུང་བ་སྟེ། སྣ་ཚོགས་འདི་ལ་སྣང་བར་མཛད་པའི
ཕྱིར་རྣམ་པར་སྣང་མཛད་ཡེ་ཤེས་ཀྱི་མཚན་མའོ། །དེ་རྣམས་ཀྱི་སྐུའི་མཆོག་ནི་ཚོགས་ཆེན་པོ་སྟེ། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བའི་དོན་ཏོ། །དེ་འབྱུང་བ་ནི་དེ་ལ་སྐྱེས་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །སྐུ་དང་གསུང་དང་ཐུགས་ཀྱི་རོ་སྣ་ཚོགས
པ་དང་གྲོ་གཅིག་པའི་ཕུང་པོ་ནི་སྐུ་གསུམ་སྟེ་དེ་ཉིད་ནི་ཡེ་ཤེས་ཀྱི་རྒྱ་མཚོའོ། །དེ་ཉིད་ནི་ལྷ་མིན་བཞིའི་རྒྱ་མཚོ་ཚུལ་དུ་ཡོངས་སུ་གྱུར་པ་དེའི་དམ་ཚིག་བསྡུས་པ་འདི་ལ་ཡོད་པས་ནི་སྐུ་གསུམ་དམ་ཚིག་གོ་།དེ་ལྟ་བུའི་ཡི་གེ་བྷྲུཾ་བསམས་ནས
གདན་དུ་དེ་རབ་ཏུ་བརྟག་ཏེ། ཡི་གེ་བྷྲུཾ་དེ་ཉིད་གཞལ་ཡས་ཁང་རིམ་པ་གཉིས་པ་རང་གི་གདན་གྱི་མགོན་དང་བཅས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེའི་དབུས་སུ་ཆུད་པའི་མཁའ་དབྱིངས་རྣམ་པར་བསྒོམ་པ་ནི་དོན་གྱིས་ན་དབུས་མའི་གདན་ལ་གནས
པའོ། ནམ་མཁའ་ནི་ནམ་མཁའ་ཡིན་ལ་དབྱིངས་ནི་འཇིག་རྟེན་གྱི་ཡིན་པས་ནམ་མཁའ་ཨི་དབྱིངས་ཏེ་ཟླ་བའི་དཀྱིལ་འཁོར་རོ། །ཡོངས་སུ་གང་བ་ནི་ཆ་མེད་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་ས་བོན
གྱི་རང་བཞིན་ཅན་དབྱངས་ཀྱི་ཡི་གེ་ཤིན་ཏུ་དཀར་མ་བཅུ་དྲུག་ལ་སྟེ། འདི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་དབུས་ནི་གནས་པའི་རང་སྔགས་ཡི་གེའི་གནས་བསྒོམ་པར་བྱ་ཞེས་བྱ་བར་སྦྱར་རོ། །རང་སྔགས་ནི་མཆོག་དང་པོའི་སྙིང
པོའོ། །དེ་ཡང་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་ནོ། །དེ་ལས་བྱུང་བ་ནི་གནས་ཏེ། མཚན་མ་དང་པོའི་རྡོ་རྗེའོ། །འདི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི
དབུས་སུ་ཆུད་པའི་ཡེ་ཤེས་ཐུགས་ཀྱི་རྣམ་པར་ཏེ་དང་པོའི་སྙིང་པ་རྣམ་པར་བསྒོམ་པར་བྱ་སྟེ། འདི་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཡང་ཞེས་བྱ་བ་ནི་ཕྱིས་སོ། །ཐུགས་ཀྱི་རྡོ་རྗེ་དེས་བསྒོམས་ནས་ཏེ་ཀུན་ནས་བསྐྱེད་ནས་སངས་རྒྱས
ཐམས་ཅད་དེ་ཉིད་དུ་རབ་ཏུ་བསྡུ་བར་བྱ་སྟེ། འདི་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཐུགས་ཀྱི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དེ་ཉིད་དོ། །རྡོ་རྗེར་བྱས་པའི་ཕྱིར་ཞེས་བྱ་བ་ནི་རིག་མ་དང་བཅས་པའི་མཆོག་དང་པོའི་སྐུར་བྱས་པའི་ཕྱིར་རོ། །འདི་ནི་ཆོས
ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །སྐུ་གསུམ་ཞེས་བྱ་བ་ནི་གསུམ་ཆར་གྱི་གནས་ཏེ་རྡོ་རྗེ་འཆང་བའི་ཐུགས་ཀར་ཞེས་བྱ་བའི་དོན་ཏོ། །དེ་དག་ཅེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་དང་སྔགས་ཏེ་གསུམ་མོ། །འཛུད་ཅེས་བྱ་བ
ནི་དགོད་པའོ། །ནམ་མཁའ་ཞེས་བྱ་བ་ནི་ཆོས་འབྱུང་བར་རོ། །རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཛིན་པ་རྣམ་པ་ལྔས་མཚོན་པར་བྱང་ཆུབ་བོ། །དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །འདི་ནི་ཡེ་ཤེས་ལྔའི་གོ་རིམ་མོ། །རྡོ་རྗེ་ཉིད་ཀྱི་རྡོ་རྗེ
འཆང་བའོ། །དེའི་སྔགས་རིན་པོ་ཆེ་ནི་རབ་སྔགས་ཀྱི་མཆོག་གོ་།དེའི་རབ་ཏུ་སྣད་བར་བྱེད་པ་ནི་གསལ་བར་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་སྤྲོ་བ་དང། རྡོ་རྗེ་འཆང་བར་བསྐྱེད་པ་དང་དེའི་ཐུགས་ཀར་མར་མེ་འབར་བའོ། །དེ་བྱེད
པ་ཡིན་པས་ན་དེ་བྱེད་པའོ། །ཆུ་ལ་འཆག་པའི་ཆོ་ག་ནི་རྣམ་པའི་མཆོག་རྣམས་ཤེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་རིམ་པར་དཀོར་ནས་ནི་ཞེས་བྱ་བ་ནི་སྙིང་ཀའི་ས་བོན་ལས་སངས་རྒྱས་ཕྲ་མོའི་སྤྲོ་བའི་སྦྱོར་བས་རང་གི་ལུས་ཀྱི
རྡུལ་ཕྲ་རབ་སངས་རྒྱས་ཀྱི་རང་བཞིན་དུ་བྱ་བ་དང། ཆུའི་ཕྲ་རབ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ཏེ། རི་རབ་ལྟར་སྲ་ཞིང་མཁྲེགས་པར་བསྒོམ་པའི་སྦྱོར་བས་བརྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་རང་བཞིན་དུ
བྱས་པ་ཉིད་ཀྱི་ཕྱིར་ཆུ་ལ་རྐང་པ་མཉམ་པར་གཞག་པ་ཡིན་པས་ན། རྐང་པ་མཉམ་གཞག་སྦྱོར་བ་ཡིས་སོ། །གཞུང་ལ་ལ་ལས་ནི་རྐང་པ་མཉམ་ཉིད་སྦྱོར་བ་ཡིས་ཞེས་འབྱུང་སྟེ། དེར་ནི་སྤྱི་བོ་དང་རྐང་པ་ནི་སངས་རྒྱས་ཀྱི་རང་བཞིན་དུ
མཉམ་པས་ན་རྐང་པ་དེའི་སྟེ། དེ་ལ་དམིགས་པའི་སྦྱོར་བ་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་དགོད་པ་རང་བཞིན་དག་པར་བསྟན་པས་ན་ངོ་བོ་ཉིད་དག་པའོ། །རྡོ་རྗེའི་བདག་ཉིད་ཅན་གྱི་རྒྱ་མཚོ་རྐང་པས་གནོན་པ་འདི་ལ་ཡོད
པས་ན་དེ་སྐད་ཅེས་བྱའོ། །ཚིག་གནོན་པ་ནི་དབང་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩོད་པ་སྨྲ་བའི་དུས་སུ་རང་གི་ལྷ་ཉིད་ཀྱི་སྦྱོར་བ་སེར་པོར་བྱས་ནས་སོ། །དབུས་སུ་ཞེས་བྱ་བརྒོལ་བའི་ཁའི་དབུས་སུ་དབང་ཆེན་གྱི་དཀྱིལ་འཁོར
ལམ་ལས་བྱུང་བ་ཟུར་བཞི་པ་སེར་པོ་གྲཝ་བཞིར་རྡོ་རྗེ་གསུམ་པས་མཚན་པ་ཅན་གྲཝའི་རྡོ་རྗེ་དེ་དག་ཉིད་ཀྱིས་བསྒྲུབ་པར་བྱ་བའི་རྣ་བ་དང་ལྕེ་རྩ་དང་རྐན་དང་སྤྱི་བོ་ཕུག་སྟེ་བྱུང་ནས་ལེགས་པར་གནས་པར་བསྒོམས་ནས་ནིའོ། །ཁྲོ་བོའི་རིགས་བཞག
ལ་ཞེས་བྱ་བ་ནི་རི་བོ་སེར་པོ་ལྟ་བུའི་ཁྲོ་བོ་ནམ་མཁའ་བསམ་ནས་ཁྲོ་བོ་གཅིག་གི་རྣམ་པར་སྦྱར་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྦྱར་བར་བྱ་ཞེ་ན། དེའི་སྤྱི་བོར་བསྒོམ་ཞེས་བྱ་བ་གསུངས་ཏེ། བསྒྲུབ་པར་བྱ་བ་ཁ་བུབ་དུ་འགྱེལ་བ་སོགས་པ་མེད་པ་དེའི
མགྲོ?་བའི་ལྷག་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་འདྲ་བ་ཞིག་ཅེ་ན། ལས་ཀྱི་རྡོ་རྗེའི་རྐང་པ་ཡིས་གནོན་པར་ཏེ་བསྒྲུབ་པར་བྱ་བའི་རྟག་པར་དབྱངས་ཀྱི་ཡི་གེ་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གང་ཡིན་པར་དེའི་རྐང་པ་གཡོན་པ་རྐྱང
པས་གནོད་པ་དེ་ལྟར་ན་དེ་སྐད་ཅེས་བྱའོ། །དཔུང་གནོན་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་ནི་དཀྱིལ་འཁོར་བའི་ཚོགས་སྤྲོས་ཏེ། རང་གི་དཀྱིལ་འཁོར་བའི་ཚོགས་རྣམ་པར་སྣང་མཛད་ལ་སོགས་པ་སྤྲོས
པའོ། སྐུ་མཆོག་ནི་སེར་པོ་ཡིན་ཏེ། གེ་སར་མདོག་འདྲ་བ་ནི་འབར་བ་རྣམས་ཀྱིས་སོ། །སྤྱི་བོར་ཞེས་བྱ་བ་ནི་དཔུང་གི་ཚོགས་རྣམས་སོ་སོར་སྤྱི་བོར་རོ། །ཁྱད་པར་དུ་ནི་དཔའ་བ་རྣམས་ལ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་རྡོ་རྗེ་སྟེང?་རྐང་པས
གནོན་པ་ཞེས་བྱ་བ་འདིར་ཡང་སྦྱར་བར་བྱའོ། །འདིར་མན་ངག་ནི་གང་གི་ཚེ་དཔུང་ཚོགས་ཕར་ཁ་བལྟས། མགོ་ལ་གནས་པའི་ཁྲོ་བོ་གནག་།ཕར་ཕྱོགས་བལྟས་པ་ཅན་བསྒོམས་ན། །དེ་ཚེ་ངེས་པར་འབྲོས་པར་འགྱུར། །སེར་པོ་ཁ་ནི་ཕར་བལྟས
ལ། མངོན་དུ་ཁ་བལྟས་ངེས་དབང་འགྱུར། །དཀར་པོ་ཕན་ཚུན་བལྟས་པ་རུ། །བསྒོམས་པ་ཡིས་ནི་རྒྱལ་བར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་གྱི་བདག་པོའོ། །དེའི་སྐུ་དང་གསུང་དང་ཐུགས་ནི་དཀྱིལ་འཁོར་བ་རྣམས་སོ།།
དེ་རྣམས་འབྱུང་བ་ནི་དཔུང་ཐམས་ཅད་ཀྱི་སྤྱི་བོར་འབྱུང་བའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །དགྲ་བོ་རྣམས་སྐྲག་པ་དེའི་དམ་ཚིག་ནི་དུས་ཏེ། བདུན་པའི་དོན་ནི་དྲུག་པའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །སངས་རྒྱས་དག་གིས
ཞེས་བྱ་བ་ནི་སངས་རྒྱས་དག་གིས་ཀྱང་ངོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསུམ་ནི་ཞེ་སྡང་ངོ། །དེའི་དམ་ཚིག་ནི་བསམ་གཏན་གྱི་ཕུར་བུས་བསྣུན་པའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་དེ་སྐད་ཅེས་བྱའོ། །རྩེ་ལྔ་པ་ཞེས་བྱ་བ་ནི་སྟེང་གི་སྟེ་འོག
གི་རྩེ་གཅིག་པའོ། །ཆེད་དུ་སྟེ་ཞེས་བྱ་བ་ནི་སོར་བརྒྱད་པའི་ཚད་དུའོ། །རྡོ་རྗེ་ཕུར་བུའི་བྱ་བ་ནི་ལས་ཏེ་ཕུར་བུས་འདེབས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡིས་ཞེས་བྱ་བ་ནི་ཕུར་བུ་ཡིས་སོ། །སྙིང་གར་ཞེས་བྱ་བ་ནི་རང་གི་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པའི་བསྒྲུབ
པར་བྱ་བའི་སྙིང་གར་རོ། །འདི་ནི་ཞེས་བྱ་བ་ནི་ཆེ་གེ་མོ་རྨོངས་པར་གྱིས་ཤིག་།སོང་ཞིག་ཅེས་གསོལ་བ་བཏབ་ནས་རྒྱལ་བ་ཉིད་དུ་དམ་འཆི་བ་ཉིད་དུ་གང་བསྒོམ་པའོ། །རབ་བསྒོམས་ན་ཞེས་བྱ་བ་ནི་ཁྲོས་པས་ཤེས་སྣརེལ་གཞིར་སྦྱར་ཏེ་ཁྲོས
པའི་ལྷའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །རྨོངས་པ་དང་གནོད་པ་ནི་འཇིག་པར་འགྱུར་བ་སྟེ། རྒྱལ་བ་དང་བསད་བ་ཞེས་བྱ་བའི་དོན་ཏོ། །གྲོང་ཁྱེར་ལ་སོགས་པར་ནད་ལ་སོགས་པ་ཉེ་བར་ཞི་བའི་གྲོང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།
ལྗོངས་དག་དུ་ཞེས་བྱ་བ་ནི་ཡུལ་འཁོར་དག་ཏུའོ། །རབ་སྦྱར་བྱ་ཅེས་བྱ་བ་ནི་འཆད་པར་འགྱུར་བའི་ཆོ་ག་གསུམ་གྱིས་སོ། །འདིས་ནི་ཞེས་བྱ་བ་ནི་བསྐལ་བ་སྲེག་པའི་སྦྱོར་བས་སོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི་བདག་ཉིད་དཀར་ཞིང་ཞི་བའི་ལྷ
ཉིད་ཀྱི་རྣལ་འབྱོར་པའོ། །རྡོ་རྗེ་རྩེ་ལྔ་པ་ནི་བར་སྣང་དག་ལ་ཞེས་བྱ་བ་ནི་གྲོང་ཁྱེར་ལ་སོགས་པའི་སྟེང་དུ་གྲོང་ཁྱེར་ལ་སོགས་པ་ཁེབས་པར་བྱེད་བའི་ཚད་ལྡན་པ་རྩེ་མོ་གྱེན་དུ་བལྟས་པའི་རྡོ་རྗེ་དཀར་པོའི་ཡི་གེ་ཧཱུཾ་གིས་མཚན་པའོ། །བསྐལ་པ
བསྲེག་པ་ལྟར་བསམས་ནས་ཞེས་བྱ་བ་ནི་རྡོ་རྗེ་ཉིད་ལས་འོད་ཟེར་འབར་བའི་སྤྲིན་སྤྲོས་པས་གྲོང་ཁྱེར་ལ་སོགས་པ་ན་ཡོད་པའི་ནད་ལ་སོགས་པ་ཙམ་ཤིན་ཏུ་སྲེག་པར་བྱེད་པ་དག་གིས། མེ་ཡིས་དག་པའི་གོས་ཀྱི་ཚུལ་དུ་གྲོང་དང་གྲོང་ཁྱེར་ལ་སོགས་པ་ལ་གནོད་པ་མེད
པར་འབར་བར་བསྒོམས་ནས་ཞེས་བྱ་བའི་དོན་ཏོ། །སླར་ཡང་རབ་ཏུ་བསྡུ་བར་བྱ་ཞེས་བྱ་བ་ནི་ཕྱིས་རྡོ་རྗེ་དེ་ཉིད་དུ་འོད་ཟེར་འབར་བ་དེ་རྣམས་བསྡུ་བར་བྱའོ། །སྤྲོ་བ་དག་ཅེས་བྱ་བ་ནི་རྡོ་རྗེ་དེ་ཉིད་ལས་བྱུང་སྟེ་གྲོང་ལ་སོགས་པ་ཁྱབ་པར་བྱེད་པ་དག་གོ་།རིན་ཆེན
ཡིད་བཞིན་ནོར་བུའི་འོད་ཅེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཉིད་ཡིད་བཞིན་གྱི་ནོར་བུ་སྟེ། འདི་ནི་རྣམ་པ་ཅན་གྱི་འོད་དོ། །ཆོས་ཀྱི་སྤྲིན་ནི་བསྒོམས་ནས་ཀྱང་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རང
བཞིན་ཅན་ནོ། །འོད་ཟེར་སེར་པོ་འབར་བའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་བ་ནི་ཞེས་བྱ་བའི་འོད་ཟེར་གྱི་སྤྲིན་དེ་དག་ཉིད་གྲོང་ཁྱེར་དང་གྲོང་ཁྱེར་པ་ལ་སོགས་པ་དེ་རྣམས་ལ་བཞུགས་པའི་ཕྱིར་རོ། །དབང་བསྐུར་བའི
འབྲས་བུ་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དགང་དཀའ་བ་ཡང་ཞེས་བྱ་བའི་ནད་ལ་སོགས་པ་སྔར་ཤིན་ཏུ་རིང་པ་ཡང་ངོ། །རབ་ཏུ་འགེངས་ཞེས་བྱ་བ་ནི་ལུས་རྒྱས་ཤིང་ཡང་དག་པར་འགེངས་པའོ། །སྦྱིན་པའི་རྡོ་རྗེ་སྒོམ་བྱེད་པ་ནི
བྱེད་པ་པོའོ། །ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་ནོར་རྒྱས་པའོ། །ཆོས་རྒྱས་པ་ནི་སངས་རྒྱས་སྤྲིན་དང་ཞེས་བྱ་བ་ལ་སོགས་པས་སྟེ་ཕྱིས་རྡོ་རྗེ་དེ་ཉིད་ལས་བྱུང་བའི་རྣམ་པར་སྣང་མཛད་དང། འོད་དཔག་ཏུ་མེད་པ་དང། མི་བསྐྱོད་པའི་སྤྲིན་གསུམ་གྱིས
གྲོང་ཁྱེར་ལ་སོགས་པ་ཁྱད་པར་བྱ་ཞེས་བྱ་བའི་དོན་ཏོ། །སྦྱོར་བའི་འབྲས་བུ་ནི་བསྐལ་པ་ཞེས་བྱ་བ་ལ་སོགས་པ་ལ་གསུངས་པ་ལ་བྱིན་གྱིས་རློབ་ཅེས་བྱ་བ་ནི་བྱིན་གྱིས་བརླབས་གང་གི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་ནད་ལ་སོགས
པ་འཚེ་བ་དེར་མེད་པར་འགྱུར་རོ། །འདི་དེ་ཞེས་བྱ་བ་ནི་གང་འདི་ལྟར་བསྒོམས་པའི་བར་སྣང་ལ་གནས་པའི་རྡོ་རྗེའོ། །གསལ་བའི་སྐུ་ནི་ཆོས་ཀྱི་སྐུའོ། །སྐྱོན་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ནད་སེལ་བ་ཡང་དེ་ཡིན་ལ་རྡོ་རྗེ་ཡང་ཡིན་པས་སོ།
དེ་ལས་བྱུང་བ་ནི་སྦྱོར་བ་གསུམ་མོ་དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །བགེགས་ཐམས་ཅད་བཟློག་པ་ནི་བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཡིས་ནི་ཞེས་བྱ་བ་ནི་གང་བློ་ལ་གནས་པའི་རྡོ་རྗེ་ཕུར་བུ
བསམ་གཏན་གྱི་རྡོ་རྗེ་ཡིན་གྱི་ཤིང་ལ་སོགས་པ་ལས་བྱུང་བ་ནི་མ་ཡིན་ནོ། །དམ་བཅས་ལས་ཞེས་བྱ་བ་ནི་རྟག་པར་རབ་ཏུ་སྦྱོར་བ་སྟེ་ཉིན་རེ་འམ་ཐུན་རེའོ། །བསམ་གཏན་སྦྱོར་བ་ཅེས་བྱ་བ་ནི་སྲུང་བའི་འཁོར་ལོའི་ཏིང་ངེ་འཛིན་ཏོ། །མནས་ན
ཞེས་བྱ་བ་ནི་གནས་དེ་ལ་གནས་པའི་སྒྲུབ་པ་པོའོ། །སངས་རྒྱས་བྱིན་གྱིས་རློབ་ཅེས་བྱ་བ་ནི་བྱིན་གྱིས་བརླབས་པ་གང་གིས་བགེགས་མེད་པར་འདོད་པའི་དོན་གྱི་དངོས་གྲུབ་ཐོབ་པར་འགྱུར་བའོ། །རྡོ་རྗེ་བདུད་རྩི་ནི་བདུད་རྩི་ཐབས་སྦྱོར་རོ། །རྡོ་རྗེ
ཕུར་བུ་ཞེས་བྱ་བ་ནི་ལྟ་བ་ཡན་ཆད་བའི་སྐུའི་རྣམ་པ་ཅན་དང་འོག་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་ནོ། །ཕྱོགས་བཅུའི་འཁོར་ལོའི་བགེགས་འཁོར་དང་བཅས་པ་ལའོ། །ཀྱང་གསུངས་སོ་ཞེས་བྱ་བ་ནི་བློ་ལ་གནས་པའི་ཕུར་བུ་གང་ཡིན་དེ་ཡང
གསུངས་པའོ། །ཕྱོགས་བཅུའི་བགེགས་གང་ཡིན་པ་དེ་ནི་འགྲོ་བ་ཡིན་ལ། དེ་འདུལ་བ་འདུལ་བ་མཛད་པའོ། །དེ་བས་ན་ཞི་བའི་རྡོ་རྗེ་སྟེ་འཚེ་བ་ཐམས་ཅད་ཞི་བ་དབྱེར་མི་ཕྱེད་པའོ། །དེའི་དོན་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞི་བ་ལ་ནི་སྤྱན
གྱི་ཚུལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟན་པའི་སྦྱོར་བ་བཞི་པ་རིམ་བཞིན་དུ་ཚིགས་སུ་བཅད་པ་ཕྱེད་དང་བཞི་དང་ཕྱེད་དང་ལྔ་དང་བཞི་དང་བཞི་དག་གིས་བཤད་པའི་ཕྱིར་ཞི་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་དཀྱིལ
འཁོར་ནི་ཇི་སྐད་གསུངས་པའི་ཚུལ་གྱི་དཀྱིལ་འཁོར་རོ། །རྣམ་པར་སྣང་མཛད་ཅེས་བྱ་བ་དེ་ཡང་ཐམས་ཅད་དཀར་ཞིང་ཐུགས་ཞི་བའོ། །གཟུགས་ནི་རང་གི་སྐུའོ། །བསམས་ནས་ཞེས་བྱ་བ་ནི་ཞི་བའི་དཀྱིལ་འཁོར་དེ་ཉིད་ཀྱི་ཟླ་བ་ལ་གནས་པའོ། །རང
གི་ཐུགས་ཀར་ཞེས་བྱ་བ་ནི་རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཟླ་བ་ལའོ། །འདོད་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་སྟེ། གང་ལ་ཞི་བའི་ལས་བྱའོ། །གཞག་ཅེས་བྱ་བ་ནི། ཨོཾ་ཛི་ནི་ཛི་ཀ་ཆེ་གེ་མོ་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི
སྔགས་བརྗོད་ལ། རང་གི་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པར་བྱའོ། །སྤྱན་ལ་སོགས་པའི་མཆོག་རྣམས་ཀྱིས་ཤེས་བྱ་བ་ནི་དེ་ལྟར་བསྐྱེད་པའི་བསྒྲུབ་པར་བྱ་བའི་སྙིང་གའི་ཟླ་བ་ལ་བཞག་པར་རོ། །ོཾ་རུ་རུ་སྤུ་རུ་ཞེས་བྱ་བ་ལ་སོགས་པའི
སྔགས་ཀྱི་ཡི་གེའི་ཕྲེང་བ་ལས་སྤྲོས་པའི་སྤྱན་གྱི་ཚོགས་རྣམས་ཀྱིས་སོ། །བསྡུས་ནས་ཞེས་བྱ་བ་ནི་དེ་དག་ཉིད་དོ། །འོད་ཀྱི་གོང་བུ་ཡིས་ཞེས་བྱ་བ་ནི་དཀར་ཞིང་བསིལ་བའི་འོད་ཀྱིས་གོང་བུའི་གཟུགས་ཀྱིས་སོ། །ནང་པ་ལ་ནི་དབབ་པར་བྱ
ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་ལ་དབང་བསྐུར་བའི་ཚུལ་དུ་བཞུགས་པར་བྱའོ། །སངས་རྒྱས་སྤྲིན་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཚོགས་སོ། །སྤྲོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་དེ་ཉིད་ལས་སོ།།
དབང་བསྐུར་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་འོད་ཟེར་གྱི་གོང་བུར་གྱུར་པ་ཞུགས་པའི་ཕྱིར་རོ། །ནད་པ་ནི་བསྒྲུབ་པར་བྱ་བ་དེ་ཉིད་དོ། །ལུས་དབྱེར་མི་ཕྱེད་རྡོ་རྗེ་ལྟ་བུ་དང་དཔལ་ལྡན་པར་འགྱུར་རོ། །སྐད་ཅིག་གིས་ཞེས་བྱ་བ་ནི་རིང་པོར་མི་ཐོགས
པར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ཡིན་ལ་དེའི་དམ་ཚིག་གི་སྤྲིན་ནི་ཐབས་དང་ཤེས་རབ་ཀྱི་སྐུ་སྤྲོས་པའི་སྤྲིན་ནོ། །སེམས་རྣམས་ཀྱི་བཀོད་པ་ནི་ནད་པ་ལ་བསྡུས་པའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །ཟླ
བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། འདིར་རིན་ཆེན་འབྱུང་ལྡན་ནམ་འོད་དཔག་ཏུ་མེད་པ་ཆོས་འཛིན་པ་དང་རིན་པོ་ཆེ་དང་ཆོས་ཀྱི་སྤྲས་གསུངས་ཏེ་ཀུན་ཏུ་འགྲོ་བའི་ཆོས་ཀྱི་དབྱིངས་འཛིན་པའི་ཕྱིར་རོ། །དེ་ཡང་ཐམས་ཅད
སེར་ཞིང་སྐུ་རྒྱས་པ་ཡིད་དགྱེས་པ་དང་ལྡན་པའོ། །དཀར་མོ་ཞེས་བྱ་བ་ལ་ཚོགས་ཞེས་བྱ་བ་ནི་ལྷག་མ་སྟེ། ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀའི་ཉི་མ་སེར་པོ་ལ་གནས་པའི་བསྒྲུབ་པར་བྱ་བའི་སྙིང་གར་ཟླ་བ་སེར་པོ་ལ
ོཾ་ཀ་ཏེ་བི་ཀ་ཊེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཡི་གེའི་ཕྲེང་བ་བཀོད་པ་ལས་སྤྲོས་པའི་གོས་དཀར་མོ་སེར་པོ་རྒྱས་པའི་ཚོགས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན་ཞེས་བྱ་བ་ནི་གོས་དཀར་མོ་ཞེས་བྱ་བ་དེ་ཉིད་དོ། །དེ་ཞེས
བྱ་བ་ནི་འོད་ཀྱི་གོང་བུའོ། །རིན་ཆེན་སྤྲིན་ནི་ཆོས་པའི་སྤྲིན་རྣམས་སོ། །ཆོས་ཀྱི་སྤྲིན་ནི་ཞེས་བྱ་བ་ནི་ཆོས་འཛིན་པའི་སྤྲིན་ཏེ། འོད་ཟེར་སེར་པོ་བསྒོམ་པ་ཁས་བླངས་པའི་ཕྱིར་རོ། །དབང་བསྐུར་ནི་ཞེས་བྱ་བ་ནི་འོད་ཟེར་གྱི་གོང་བུ་དེ་ཉིད་ཀྱིས་སྔ
མ་བཞིན་ནོ། །སྦྱིན་པ་ཉིད་རྡོ་རྗེ་ཡིན་ཏེ་མི་ཟད་པ་ཉིད་ཀྱི་ཕྱིར་རོ། །དེས་དོན་བསྒྲུབ་པ་ནི་སེམས་ཅན་རྣམས་ལ་ཕན་པ་བྱེད་པའོ། །ཆོས་ནི་ཆོས་འཛིན་པའོ། །དེའི་སྤྲིན་གྱི་དམ་ཚིག་ནི་ཐབས་དང་ཤེས་རབ་ཀྱི་སྐུའི་སྤྲིད་སྤྲོས་པ་རྣམས་སོ། །དེ་དག་གི
བཀོད་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་རྒྱལ་མཚན་གྱིས་མཚོན་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡང་ཡིན་ལ། གཞུའི་དབྱིབས་ཅན་ཉིད་ཡིན་པའི་ཕྱིར་ཟླ་བ་ཕྱེད་པ་ཡང་ཡིན་པས་ན་རྡོ་རྗེ་ཟླ་གམ་མོ། །དེ་བཞིན་དུ་དེའི་དཀྱིལ་འཁོར་ཡང
ཡིན་པས་ན་རྡོ་རྗེ་ཟླ་གམ་དཀྱིལ་འཁོར་ཏེ་རླུང་གི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནམ་མཁའ་ཨི་ཆོས་མཆོག་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པའོ། །དེ་ལྟར་ནམ་མཁའ་ཁྱབ་པའི་ཡེ་ཤེས་ཅན་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ནམ་མཁའ་ཡང་དེ་ཡིན
ལ་ཡེ་ཤེས་མཆོག་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་མཆོག་ཉིད་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་ཐམས་ཅད་དམར་ཞིང་ཆགས་ཐུགས་ཅན་ནོ། །འདོད་པ་ཞེས་བྱ་བ་ནི་འགྲོ་བ་དབང་དུ་བྱེད་པར་འདོད་པ་སྟེ་བསྒྲུབ་བར་བྱ་བའོ། །སངས
རྒྱས་བྱང་ཆུབ་སེམས་དཔའ་ཡིས་ཤེས་བྱ་བ་ནི་སྔོན་དུ་བྱང་ཆུབ་སེམས་དཔའ་ཨོ། །བསྒྲུབ་པར་བྱ་བ་སྙིང་གར་ཟླ་བ་དམར་པོ་ལ་བཞག་སྟེ། སྒྲོལ་མའི་རིག་པའི་ཡི་གེ་ཕྲེང་བ་གཞག་པ་ལས་སྤྲོས་པས་ཀུན་ཏུ་ཆགས་ཤིང་དམར་བའི་སྦྱིན?་ལ་སོགས་པའི
ལྷ་མོ་བཞི་པོའམ་སྒྲོལ་མའི་སྤྲིན་གྱིས་ཞེས་བྱ་བའི་དོན་ཏོ། །འོད་ཟེར་ལྔའི་སྦྱོར་བ་ཡིས་ཞེས་བྱ་བ་ལྷ་མོ་དེ་རྣམས་འོད་ཟེར་ལྔ་པོ་ཉིད་དུ་གྱུར་པའི་ཕྱིར་རོ། །གཟི་བརྗིད་ཅེས་བྱ་བ་ནི་འོད་ཟེར་དེ་ཉིད་དོ། །དེར་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས
ལའོ། ཕྱིས་ནི་སངས་རྒྱས་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ལུས་དེ་ཉིད་ལས་སྤྲོས་པའི་དེ་བཞིན་གཤེགས་པ་ལྔའི་སྤྲིན་ནམ་དོན་ཡོད་པའི་སྤྲིན་གྱིས་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་རྣམས་ཀྱི་ཡང་འོད་ཟེར་ལྔའི་སྦྱོར་བ་ཡིས་དེ་ནི་གཟིགས
བརྗིད་དབབ་པར་བྱ་ཞེས་བྱ་བར་སྦྱོར་རོ། །དེ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་འོ། །སངས་རྒྱས་ཀུན་དགེས་ཤིང་འཇམ་དཔལ་འདྲ་བར་འགྱུར་རོ། །སངས་རྒྱས་དེ་རྣམས་ཀྱིས་ཀྱང་དེ་ལ་དབང་བསྐུར་བ་སྩོལ་བར་འགྱུར། །གོ་འཕང་ལས་བྱེད
པར་འགྱུར་ཞེས་བྱ་ནི་མིང་གི་ལས་བྱེད་པ་སྟེ། དབང་དུ་བྱ་བའི་ཕྱིར་གང་གི་མིང་ནས་སྨོས་པ་དེ་དབང་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བལྟས་ཤེས་བྱ་བ་ནི་དབང་དུ་བྱ་བའི་ཕྱིར་གང་ལ་བལྟས་པ་སྟེ་དེ་རྣམས་ཀྱང་དབང་དུ་འགྱུར་རོ་ཞེས་བྱ་བའི
དོན་ཏོ། །རིན་པོ་ཆེའི་སྤྲིན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྲིན་ནོ། །ལྷག་མ་རྣམས་ནི་ལྔ་མ་བཞིན་ནོ། །བཀའ་འཁོར་ལོའི་སྦྱོར་བས་སྔར་གསུངས་པ་ཉིད་ཀྱི་མངོན་སྤྱོད་དེ་ཉིད་ཀྱང་ཁ་བསྐང་པའི་ཕྱིར། ནམ་མཁའ་ཞེས་བྱ་བ་ལ་སོགས
པ་གསུངས་པ་ལ། ནམ་མཁའ་རྡོ་རྗེ་ནི་ནམ་མཁའ་ཐམས་ཅད་དོ། །སྲིན་པོ་ལ་སོགས་པ་ནི་རང་གི་ཁྲོ་བོའི་ལྷའི་བ་སྤུའི་བུ་ག་ལས་སྤྲོས་པ་རྣམས་ཀྱིས་ཏེ། ཁྱབ་པ་ཞེས་བྱ་བ་ནི་ལྷག་མའོ། །དགྲ་བོ་རྣམས་ནི་ཞེས་བྱ་བ་ནི་དགྲ་སྟེ་མ་དད་པར་སྨྲ་བ་ལ
སོགས་པ་ཞེས་བྱ་བའི་དོན་ཏོ། །གནོད་བྱེད་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དེས་ནམ་མཁའ་ཨི་ངོས་ཁྱབ་པའི་སངས་རྒྱས་རྣམས་ལ་གནོད་པར་བྱེད་པ་སྟེ། དབུ་སྟ་རེང་སོགས་པས་གཅོད་པར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །རྣལ
འབྱོར་ཞེས་བྱ་བ་ནི་མངོན་སྤྱོད་ཀྱི་བསམ་གཏན་འདི་ཉིད་དོ། །མཚོན་ཆ་སྣ་ཚོགས་ཐོགས་པ་ནི་ཁྲོ་བོའི་སྤྲོས་པའོ། །དེ་རྣམས་ཀྱིས་མནན་པའི་དུམ་བུར་བྱས་པའོ། །ཐམས་ཅད་ནི་སྲིན་པོ་ལ་སོགས་པས་སོ། །དྲངས་པར་བྱ་ཞེས་བྱ་བ་ནི་ཀུན
ནས་དྲངས་པར་རོ། །བསྒོམས་ན་ཞེས་བྱ་བ་ནི་སྒྲུབ་པ་པོས་བསྒོམས་ནའོ། །རྡོ་རྗེ་དམ་ཚིག་གི་སྤྲིན་ནི་ཁོ་བོ་ལ་སོགས་པའི་སྤྲིན་སྤྲོས་པའོ། །དེ་རྣམས་ཀྱི་བཀོད་པ་ནི་དུམ་བུར་གཏུབས་པའོ། །ལེའུ་འདིར་མངོན་སྤྱོད་མ་གསུངས་པ་གང་ཡིན
པ་དེ་ནི་ལེའུ་བཅོ་བརྒྱད་པ་ལས་བལྟ་བར་བྱ་ཞིང་ལ་སྦྱར་དབྱེ་བ་ལ་སོགས་པ་ནི་བླ་མའི་མན་ངག་ཉིད་ལས་ཤེས་པར་བྱའོ། །ཡིད་ཀྱི་ལས་རྣམས་གསུངས་ནས་ད་ནི་ཏིང་ངེ་འཛིན་རྣམས་བཤད་པར་བྱ་བ་ཡིན་ལ། དེ་ཡང་ཆོ་ག་ཇི་ལྟ
བ་བཞིན་དུ་སྔགས་ལས་བྱུང་བའི་ལྷའི་སྐུ་འཁོར་དང་བཅས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པ་ལྔའི་སྐུ་མདོག་དང། ཞལ་དང། ཅོད་པན་དང་རྩ་བའི་ཕྱག་མཚན་རྣམས་ནི་ལེའུ་དང་པོ་དང་གསུམ་པ་དག་ལས
གསུངས་པ་ཡིན་ལ། དེ་རྣམས་ཀྱི་བདག་ཉིད་ཚིགས་སུ་བཅད་པ་ཕྱེད་དང་བཞིས་ཉེ་བར་མཚོན་པར་གྱུར་པས་དྲན་པར་བྱེད་པ་དང་ལྷག་མ་རྣམས་ཀྱིས་དེ་དག་ཉིད་ཚིགས་སུ་བཅད་པ་ལྔ་ལ་སོགས་པས་སྟོན་པར་བྱེད་པ་དང་ཚིགས་བཅད
པ་བ་ནི་བའི་ཕྱེད་ཀྱིས་ཐམས་ཅད་ཀྱི་ཕྱག་གི་ངེས་པ་དང་མཚན་མ་གཞན་སྟོན་པ་བྱེད་པ་ལ་རྣམ་པར་སྣང་མཛད་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་རྣམས་ཀྱིས་བསྟན་པའོ། །སྟོན་ཀའི་འདམ་བུ་ནི་ཡོངས་སུ་སྨིན་པའི་འདམ?
བུའོ། །གཞན་དག་ནི་སྟོན་ཀའི་སྤྲིན་ལྟ་བུའོ། །ཞེས་ཟེར་རོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་མི་བསྐྱོད་པ་སྟེ་གང་གི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འཁྲུག་པར་བྱེད་པ་སྟེ་དྲག་པོ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཅན་ནི་འོད་དཔག་ཏུ་མེད་པའོ། །ལོངས་སྤྱོད
ནི་འཁོར་རོ། །དེ་ནས་ཅིར་འགྱུར་ཞེ་ན། བསྒོམས་ན་ངེས་པར་འགྲུབ་པར་འགྱུར་ཏེ། དེ་ཞེས་བྱ་བ་འམ་དེ་རྣམས་ཞེས་བྱ་བ་ནི་ལྷག་མའོ། །གཡས་པའི་ཕྱག་ཏུ་ཞེས་བྱ་བ་ནི་གཡས་པའི་ཕྱག་གཉིས་པ་ལའོ། །རྡོ་རྗེ་ཞེས་བྱ་བ་ནི་ལྷ
ཐམས་ཅད་ཀྱིའོ། །མཚོན་ཆ་ནི་བཟང་བ་སྣ་ཚོགས་བསྣམས་ཞེས་བྱ་བ་ནི་ཕྱག་མཚན་སྣ་ཚོགས་ཙམ་ཉིད་གསུངས་པ་ཡིན་གྱི་རང་གི་ངོ་བོ་ཉིད་ནི་མ་ཡིན་ཏེ། སྔར་གསུངས་པ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བར་དགོངས་སོ། །དེ་བས་ན་དེ
བཞིན་གཤེགས་པའི་ཕྱག་མཚན་རྣམས་གཙོ་བོ་ཉིད་ཡིན་པའི་ཕྱིར་དང་སྔར་གསུངས་པ་ཉིད་ཀྱི་ཕྱིར་དེ་དག་ཉིད་ལྷ་ཐམས་ཅད་ཀྱི་ཕྱག་དྲུག་པ་དག་ལ་སྤྱིའི་ཚུལ་དུ་མཛད་པའོ། །བཅོམ་ལྡན་འདས་མི་བསྐྱོད་པ་ནི་ཐབས་དང་ཤེས་རབ་ཀྱི་ཚོགས
ཀྱིས་བསྡུས་པ་ཉིད་ཀྱི་ཕྱིར་གཉི་ག་མཚན་མོ་ཡིན་ཏེ། ལེའུ་གསུམ་པ་ལས། ཚོགས་གཉིས་དང་ནི་ལྡན་པ་ཡིས། །མི་བསྐྱོད་པ་ཡི་རྒྱལ་མཚོག་དང། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཕྱག་གཉིས་ཀྱིས་བཟུང་བར་བྱ་བ་མི་བསྐྱོད
པའི་མཚོན་མ་ཐབས་དང་ཤེས་རབ་ནི་ཅི་རིགས་པར་ཐམས་ཅད་ཀྱི་རྩ་བའི་ཕྱག་དག་པ་ཡིན་ཞིང། རང་གི་མཚན་མ་ནི་གཡས་པའི་གཉིས་པ་ལ་འགྱུར་རོ། །འཁོར་ལོ་དང་ནོར་བུ་དང་པདྨ་དང་རལ་གྲི་རྣམས་ལྷག་མ་ལུས་པར་འགྱུར་བ་དེ་རྣམས
དང་པོའི་དེ་བཞིན་གཤེགས་པའི་གནས་དང་འབྲེལ་པར་གྲུབ་པ་ཡིན་ནོ། །དང་པོ་དེ་ཡང་རྣམ་པར་སྣང་མཛད་དོ། དེའི་གཡས་པའི་གཉིས་པ་ལ་འཁོར་ལོའོ། །གཡས་པའི་གསུམ་པ་ལ་རལ་གྲི་སྟེ། རལ་གྲི་ན་གཡས་པ་ལ་ངེས་པའི་ཕྱིར་རོ།།
ཅིག་ཤོས་དག་ལ་ནི་ཅི་རིགས་པར་ནོར་བུ་དང་པདྨའོ། །དེ་ནས་མི་བསྐྱོད་པ་སྟེ། དེ་ནས་མི་བསྐྱོད་པའི་གཉིས་པ་ལ་རྡོ་རྗེ་སྟེ། ཐུན་མོང་མ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཞེས་རབ་དང་ཐབས་ནི་ཐུན་མོང་དུ
གྱུར་པ་ཡིན་ཏེ། དེ་དག་ནི་ཤེས་རབ་ཀྱི་ཡེ་ཤེས་བསྒྲུབ་པ་ཉིད་ཀྱིས་ཐམས་ཅད་ཀྱི་ངེས་པར་བཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་རིན་ཆེན་འབྱུང་ལྡན་ཏེ་དེའི་འཁོར་ལོའི་གནས་སུ་ནོར་བུ་ཡིན་ནོ། །དེ
བས་ནོར་བུ་རི་གནས་སུ་ནི་འཁོར་ལོའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་འོད་དཔག་ཏུ་མེད་པ་སྟེ། དེའི་འཁོར་ལོའི་གནས་སུ་པདྨའོ། །པདྨའི་གནས་སུ་ནི་འཁོར་ལོའོ། །དེ་ནས་དོན་ཡོད་པར་གྲུབ་པ་སྟེ། དེར་འཁོར་ལོའི་གནས་སུ་ནི
རལ་གྲིའི་གནས་སུ་ནི་འཁོར་ལོའོ། །དེ་བཞིན་དུ་ལྷ་གཞན་དག་ལ་ཡང་ཤེས་པར་བྱའོ། །བཟང་པོ་ནི་སྔགས་པའི་གཟུགས་ཏེ་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་སྐུ་ནི་སེམས
ཙམ་ཉིད་དུ་ཡང་དག་པར་མཐོང་བ་དེའི་ཕྱིར་རིག་པ་དེ་ཉིད་ནི་སྤྱན་ནོ། །སངས་རྒྱས་རྣམས་ཀྱི་ཐུགས་རྡོ་རྗེ་ནི་ནམ་མཁའ་རྡོ་རྗེའོ། །དེའི་སྤྱན་ནི་ལྟ་བ་སྟེ། མཱ་མ་ཀཱི་ཞེས་བྱ་བའི་དོན་ཏོ། །རྒྱལ་མོ་ཆེ་ནི་རིག་མའི་རྒྱལ་མ་ཆེན་མོའོ། །སངས་རྒྱས
རྣམས་ཀྱིས་གསུང་རྡོ་རྗེའི་སྤྱན་ནི་ལྟ་བ་སྟེ། གོས་དཀར་མོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་པོ་རོ་གཅིག་པ་ནི་ཡེ་ཤེས་སོ། །དེའི་རང་གི་ཨཽཏཔ་ལ་ནི་རྡོ་རྗེ་ཨཽཏཔ་ལའོ། །དེ་འཛིན་པ་ནི་རིག་མའི་སྒྲོལ་མ་ཞེས་བྱ་བའི་དོན་ཏོ། །
རབ་ཏུ་གསལ་བའི་མདངས་ཏེ་འདིའོ། །གསལ་བ་དང་མདངས་མཛེས་པས་སོ། །དྲག་པོའི་འོད་བཟང་ནི་འབར་བའི་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །འཇིགས་པའི་རྒྱུ་ཉིད་ཀྱི་ཕྱིར་འཇིགས་པའོ། །རྣོན་པོ་ནི་རབ་ཏུ་གཏུམ་པོའོ། །རབ་ཏུ་འཕྲོ་ནི་གཟི
བརྗིད་དང་ལྡན་པའོ། །གང་གི་གདུག་པའི་ཞབས་ཀྱིས་གནོན་པར་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྦྱོར་བ་ཅན་གྱིས་རྟག་ཏུ་ཞེས་བྱ་བ་ནི་རྒྱུན་མི་འཆད་པ་རབ་ཏུ་སྦྱོར་བས་སོ། །རྡོ་རྗེ་མི་འཆི་ནི་བདུད་རྩི་ཐབ་སྦྱོར་རོ། །གང་ལ་འོད་ཟེར་འགྲོ་བའི་རབ་ཏུ་འཕྲོ་བའི
རབ་ཏུ་འཁྲུག་པའི་མཚན་མ་ཐུགས་མངའ་བ་སྟེ། དྲག་པོའི་ཐུགས་དེ་ཉིད་ལས་དེ་རྣམས་འབྱུང་བའི་ཕྱིར་རོ། །ཊཀྐི་ནི་ཊཀྐིའི་སྒྲས་འདོད་པའི་དོན་མིན་པ་དེ་བས་ན་འདོད་པ་རྣམས་འགུགས་པའི་ཕྱིར་འདོད་པའི་རྒྱལ་པོའོ། །དེའི་དེ་ཁོ་ན་ཉིད་ནི
འདོད་པའི་ཡེ་ཤེས་ཏེ། འདོད་པ་རྣམས་ལ་ཡེ་ཤེས་ཙམ་ཉིད་འབྲེལ་པ་སྟེ། ཡིད་ཀྱིས་འཛིན་པའི་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཕྱག་བཞི་པ་སྟེ། ལོངས་སྤྱོད་བཞི་དང་ཡང་དག་པར་ལྡན་པ་ཅེས་བྱ་བའི་དོན་ཏོ། །འཇིགས་པར
བྱེད་པའི་མཆོག་ནི་སངས་རྒྱས་ཐམས་ཅད་ཀྱི་དད་ཉིད། སོ་བར་བྱེད་པའི་ཕྱིར་རོ། །རྡོ་རྗེ་ནི་ཁྲོ་བོ་ཆེན་པོ་ཉིད་ཡིན་པའི་ཕྱིར་རོ། །མུན་བ་ནི་མི་ཤེས་པའོ། །གདུག་པ་ཐམས་ཅད་འཇོམས་པ་ནི་འདུལ་བའོ། །སེམས་འདྲེན་པར་བྱེད་འདུལ
བར་བྱེད་པའི་དབྱུག་པ་སྔོན་པོའི་མཚན་མ་འདི་ལ་ཡོད་པས་ན་དབྱུག་སྔོན་ག་ཡིན་ནོ། །རྡོ་རྗེ་རྣམས་བསྡུས་པ་ཡིན་པས་ན་རྡོ་རྗེ་གསུམ་ཡང་ཡིན་ལ། འབྱུང་བ་ཡང་དག་བསྡུས་པ་ཡིན་པས་ན་འབྱུང་བ་ཡང་ཡིན་ཏེ། བསམ་གཏན
ལྔས་སོ། །ཁྲོ་བའི་ཡིན་པས་ན་རྡོ་རྗེའོ། །ཐུགས་རིན་པོ་ཆེ་མི་གཡོ་བར་འཛིན་པའི་རྣལ། འབྱོར་གྱིས་བརྟན་པར་བྱེད་པའི་ཕྱིར་མི་གཡོ་བའོ། །རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་བབས་པའི་ཕྱིར་རོ། །ཐུར
གྱི་བལྟ་ཞེས་བྱ་བ་ནི་ཤིན་ཏུ་ཆགས་པས་ཡོན་པོར་ལྟ་བའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པའི་བདེ་བས་ཤིན་ཏུ་གཞོན་ཤ་ཆགས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་འདི་ནི་བྱིས་པའི་གཟུགས་ཅན་ཡིན་ནོ། །རལ་གྲི་ཞགས་པ
རྣམས་ཤེས་བྱ་བ་ནི་རྣམ་པར་རྟོག་པའི་གཡེང་བ་གཅོད་པའི་ཕྱིར་དང་བཅིངས་ནས་འདྲེན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདིའི་རྡོ་རྗེའི་གནས་སུ་རལ་གྲི་བསྣམས་ལ་རལ་གྲིའི་གནས་སུ་ནི་འཁོར་ལོའོ། །རིན
པོ་ཆེའི་གནས་སུ་ཞགས་པ་ལྗང་གུ་བསྣམས་པ་ཡིན་ནོ། །ཡིག་གེ་གཅིག་ཅེས་བྱ་བ་ནི་ཡི་གེ་བྷྲུཾ་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འཁོར་ལོ་ཅན་ཞེས་བྱ་བ་ནི་ཕྱག་ན་འཁོར་ལོ་བསྣམས་པའོ། །བསམ་གཏན
དཀྱིལ་འཁོར་ཞེས་བྱ་བ་ནི་འབྲས་བུ་གྱུར་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཉིད་ཡིན་པའི་ཕྱིར་བསམ་གཏན་ཡང་དེ་ཡིན་ལ། ཕྲ་མོའི་དཀྱིལ་འཁོར་གྱི་རང་བཞིན་ཉིད་ཡིན་པའི་ཕྱིར་དཀྱིལ་འཁོར་ཡང་ཡིན་ལ་དེ་ལྟར་ན
བསམ་གཏན་དཀྱིལ་འཁོར་རོ། །གཞུང་ལ་ལ་ལས་ནི་བསམ་གཏན་དང་དཀྱིལ་འཁོར་དག་ཅེས་འབྱུང་སྟེ། དེ་ལ་མཚན་ཉིད་ཐ་དད་པའི་ཕྱིར་ཚིག་གཉིས་པར་བྱས་ནས་གཞི་མཐུན་པར་བྱའོ། །སྒྲིབ་པ་ཐམས་ཅད
འཇོམས་པའི་ཡེ་ཤེས་འཛིན་པའི་ཕྱིར་གནས་པའི་ཡེ་ཤེས་མཆོག་འཛིན་པ་སྟེ། གནོད་མཛེས་རྒྱལ་པོའོ། །འཇིག་པའི་རྒྱ་མཚོ་སྐྱེད་པར་བྱེད་པའི་ཕྱིར་དེ་དང་འདྲ་བའི་འོད་དོ། །བསམ་གཏན་འོད་བཟང་ཞེས་བྱ་བ་ནི་བསམ
གཏན་འབྲས་བུར་གྱུར་པའི་ཏིང་ངེ་འཛིན་དེའི་དོན་དུ་འོད་བཟང་བ་སྟེ། མཚན་མའི་རྣམ་པ་ཅན་གྱི་འོད་ཟེར་ཐམས་ཅད་དུ་སྤྲོ་བའི་ཕྱིར་རོ། །རྒྱུད་གཞན་དག་ལས་ལྷ་གསུངས་པ་གང་ཡིན་པ་དེ་དག་ཀྱང་འདིར་བསྒོམས་ནས་འགྲུབ
པར་འགྱུར་བ་དེ་ལྟར་དེའི་ཏིང་ངེ་འཛིན་བསྟན་པའི་ཕྱིར་གཟི་བརྗིད་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ལ། གང་གཞན་ཞེས་བྱ་བ་ནི་འདི་དག་དང་གསུངས་པ་ལས་གཞན་པའོ། །སྔགས་ཀྱི་འཁོར་ལོ་ཅན་ཞེས་བྱ་བ་ནི་སྔགས་ནི་དཔའ་
བོ་གཅིག་པའོ། །འཁོར་ལོ་ཅན་ནི་དཀྱིལ་འཁོར་གྱི་བདག་པོ་རྣམས་ཏེ། དེ་ཡང་གཙུག་ཏོར་གྱེན་དུ་འབྱུང་བ་དང། ཆེར་འབྱུང་བ་ལ་སོགས་པ་ཁྲོ་བོ་རྣམས་དང་བློ་གྲོས་མི་ཟད་པ་དང། སྤོབས་པ་རྩེགས་པ་ལ་སོགས་པ་བྱང་ཆུབ
སེམས་དཔའ་རྣམས་དང་འོད་ཟེར་ཅན་དང་རི་ཁྲོད་ལོ་མ་ཅན་ལ་སོགས་པ་ལྷ་རྣམས་སོ། །དེ་དག་ཐམས་ཅད་ཀྱང་དམ་ཚིག་ལོངས་སྤྱོད་འདི་རྣམས་ཀྱིས་ཏེ། ཇི་སྐད་དུ་བཤད་པའི་ཞལ་གསུམ་དང་ཕྱག་དྲུག་ལ་སོགས་པ་འཆད་པར་འགྱུར
ཆོས་འབྱུང་བའི་གཞལ་ཡས་ཁང་དུ་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལ་སོགས་པའི་ཏིང་ངེ་འཛིན་འཁོར་དང་བཅས་པ་རྣམས་ཀྱིས་སོ། །སོ་སོ་དག་ཏུ་ཞེས་བྱ་བ་ནི་གང་ཇི་ལྟར་རིགས་པ་དང་གང་ཞིག་གང་གི་སྔགས་དང་མཚན་མ་ལ་སོགས་པ་རང
རང་གི་རྒྱུད་དང་འགལ་བ་མེད་པ་བླང་བར་བྱ་སྟེ། རྒྱུད་སྣ་ཚོགས་ལས་གསུངས་པ་རྣམས་དང་ཉེ་བའི་རྒྱུད་ལས་གསུངས་པ་འདིར་མ་གསུངས་པ་འགལ་བ་མེད་པ་གཟུང་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །གལ་ཏེ་འོ་ན་དེ་རྣམས་ཀྱི་སྔགས
དེ་ཉིད་འདིར་ཡང་ཡིན་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལ་ཁྱད་པར་དུ་བྱར་ཅི་ཡོད་ཅེ་ན། ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྲོ་བོ་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ། །ནམ་མཁའ་ཨི་ཞེས་བྱ་བ་ནི་ནམ་མཁའ་
ཁྱབ་པའི་འོ། །སྟེང་དུ་ཞེས་བྱ་བ་ནི་དེ་ལས་ཀྱང་ལྷག་པའོ། །ཤིན་ཏུ་འཕགས་པའི་ནི་ཁྱད་པར་དུ་རྟོགས་པའོ། །གང་ཞིག་ཅེ་ན། ཏིང་ངེ་འཛིན་ཞེས་བྱ་བ་ནི་སྐབས་ཀྱིས་ཤེས་པར་བྱའོ། །ཏིང་ངེ་འཛིན་རྣམས
ནི་བརྟན་པའོ། །དེ་ཉིད་ཀྱི་བཤད་པ་ནི་ནམ་མཁའ་ཨི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པའི་གཞལ་ཡས་ནི་ནམ་མཁའ་ཨི་དབྱིངས་སོ། །དེའི་དབུས་ན་གནས་པ་ནི། དབུས་མའི་སྣ
ཚོགས་པདྨ་ལ་གནས་པའོ། །གསལ་བའི་དཀྱིལ་ནི་ཟླ་བའི་དཀྱིལ་འཁོར་རོ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་དེ་ཉིད་ཀྱི་སྟེང་དུ་མངོན
པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་གྱིས་ཟླ་བའི་གདན་དང། ཟླ་བའི་འོད་ཅན་གྱི་རྡོ་རྗེ་འཆང་བ་བསྒོམས་ལའོ། །རྣམ་པར་སྣང་མཛད་རྣམ་པར་བསམ་ཞེས་བྱ་བ་འདོད་ཆགས་ཆེན་པོའི་ཚུལ་ལ་སོགས་པའི་རིམ་གྱིས་ཐམས་ཅད་ཞུ
བར་བྱས་ལ། དེ་བསྡུས་པ་ལས་བྱུང་བའི། ས་བོན་ཡོངས་སུ་གྱུར་པར་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། གསལ་བ་སྟེ་དྲི་མ་མེད་པའི་ཕྱིར་རོ། །ཞི་བ་ནི་ཞི་བའི་ཉམས་དང་ལྡན་པ་སྟེ། གནས་ངན་ལེན་གྱི་གནས་གྱུར
པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཟླ་བ་བཞི་ནི་ཤིན་ཏུ་དཀར་བ་ཉིད་ཀྱི་ཕྱིར་རོ། །འདི་ལས་སྤྲོས་པའི་འོད་ཟེར་ཁ་དོག་ལྔ་པོ་རྣམས་ཀྱིས་ཐམས་ཅད་དུ་སྣང་བ་མཛད་པའི་ཕྱིར་འོད་ཟེར་སྣ་ཚོགས་འདྲ་བའི་འོད་དོ། །མེ་ལོང
ལྟ་བུར་ཡང་དག་བྱུང་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཁམས་གསུམ་དག་ནི་རྒྱན་པ་ཞེས་བྱ་བ་ནི་དཔེར་ན་གླིང་མ་ལུས་པའི་སྟོན་ཀའི་ཟླ་བ་རྒྱས་པ་ལྟ་བུའོ། །གང་ལ་རྒྱན་རྣམས་ཀུན་ཏེ། དོ
ཤལ་དང་དཔུང་རྒྱན་ལ་སོགས་པ་དག་གིས་བརྒྱན་ཅིང་བཀོད་པ་ཡིན་པའོ། །བྱང་ཆུབ་མཐོང་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་མངོན་སུམ་དུ་བྱེད་པའོ། །བསམ་གཏན་རྡོ་རྗེ་སྤྲིན་ཉིད་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏེ། དེ་རབ
བསྒོམ་ནི་རབ་ཀྱི་མཐར་ཐུག་པར་བསྒོམ་པའོ། །རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི། ཕྱག་རྒྱ་ཆེན་པོའོ། །དེ་འབྱུང་བ་ནི་བསྐྱེད་པའོ། །དེ་ཉིད་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་ཀྱི་ཕྱིར་མཛེས་པའོ། །
མི་བཟད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་ཉི་མའོ། །སངས་རྒྱས་ནི་རྡོ་རྗེ་འཛིན་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །གསལ་བའི་ལུས་དང་འདྲ་ཞེས་བྱ་བ་ནི
སྐུའི་གཟིམས་མདངས་དྲི་མ་མེད་པའོ། །དེ་ལྟར་བསྒོམས་པས་ཅིར་འགྱུར་ཞེ་ན། །མྱུར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མྱུར་དུ་ནི་མགྱོགས་པར་རོ། །རྡོ་རྗེ་ཉིད་མི་བསྐྱོད་པ་ཉིད་ཐོབ་པར་འགྱུར་རོ། །ཇི་ལྟ
བུ་ཞེ་ན། ཞི་བའི་ཡེ་ཤེས་གནས་ནི་མཚན་མའི་དྲི་མ་རྣམས་ཞི་བས་ན་ཞི་བའོ། །ཡེ་ཤེས་གནས་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །བསམ་གཏན་འདི་ཡིས་རབ་ཏུ་བསྐུལ་བ་ནི་ཉེ་བར
བསྟབ་པའོ། །དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། རྡོ་རྗེ་གསུམ་གྱི་དམ་ཚིག་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དཀྱིལ་འཁོར་ནི་ཉི་མའོ། །ཆོས་ཀྱི་སེམས་དཔའ་ནི་འོད་དཔག་ཏུ་མེད་པའོ། །ཡེ་ཤེས
རྒྱ་མཚོ་ནི་བདེ་བར་གཤེགས་པའི་སོ་སོ་རྟོགས་པའི་ཡེ་ཤེས་སོ། །སྤྱན་ཉིད་ནི་མཆོག་ཏེ་རིག་མའི་རྒྱལ་མོའོ། །བུད་མེད་སྒྱུ་མ་ནི་དམ་དུ་འཁྱུད་པས་དགའ་བ་སྟོན་ཅིང་རྣམ་པར་རོལ་པའོ། །དེ་རྣམས་ཀྱི་མཆོག་ནི་ཚོགས་སོ།།
ཇི་ལྟ་བུ་ཞེ་ན། ཡེ་ཤེས་ཐམས་ཅད་འགྲུབ་པར་བྱེད་པའོ། །འཁོར་ལོ་ཞེས་བྱ་བ་ནི། དོན་ཐམས་ཅད་སེམས་ཙམ་ཉིད་དུ་སྣང་བ་ནི་དངོས་གྲུབ་ཐམས་ཅད་ཡིན་ལ། དེ་བྱེད་པའི་ཡེ་ཤེས་ནི་དེ་ཐོབ་པར་བྱེད་པའི་ལམ་མོ།
འཁོར་ལོ་ཡིད་བཞིན་ནོར་བུ་སྟེ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་འཁོར་ལོ་སྤྲུལ་པའི་ཕྱིར་འཁོར་ལོའོ། །ཡིད་བཞིན་གྱི་ནོར་བུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སྒྲུབ་པ་པོ་ལ་དེ་རབ་ཀྱི་མཐར་ཕྱིན་པ
ལ་མཆོག་སྟེར་བར་བྱེད་ཅེས་བྱ་བའི་དོན་ཏོ། །སྤྱན་གྱི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོའོ། །དེའི་ཕྱག་གི་མཆོག་ནི་ཕྱག་གི་གཙོ་བོ་འཁོར་ལོའོ། །དེ་ལ་དམིགས་པ་ཉིད
ཀྱི་ཕྱིར། དེ་དང་ལྡན་པའོ། །རྡོ་རྗེ་ནི་མཱ་མ་ཀཱིའོ། །ཆོས་ནི་གོས་དཀར་མོའོ། །དངོས་གྲུབ་ནི་སྒྲོལ་མའོ། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་གདན་ཏེ། ཟླ་བའི་དཀྱིལ་འཁོར་དེ་དག་ཉིད་དེ་བྱང་ཆུབ་སེམས
དཔའ་ཨི་ཚོགས་སུ་བགྲངས་པའི་ཕྱིར་རོ། །ནམ་མཁའ་ཨི་རྡོ་རྗེ་མཆོག་ནི་ནམ་མཁའ་ཨི་རྡོ་རྗེའི་ཚུལ་ཏེ། མཱ་མ་ཀཱི་ཞེས་བྱ་བའི་དོན་ཏོ། །ནང་གི་རེག་བྱ་འདོད་པ་སྟོན་པ་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་ཨི་ཕྱོགས་སུ
སྒྱུ་མའི་མཆོག་རྣམ་པར་རོལ་པའི་ཚོགས་ནི་ནམ་མཁའ་ཨི་སྒྱུ་མའི་མཆོག་སྟེ། དེ་དང་ལྡན་པས་ནམ་མཁའ་ཨི་སྒྱུ་མའི་མཆོག་དང་ལྡན་པའོ། །སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ནི་མི་བསྐྱོད་པའི་ཡེ་ཤེས་སོ། །
མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཁྱད་པར་ཅན་ཉིད་ཡིན་པའི་ཕྱིར་རོ། །དངོས་གྲུབ་རྡོ་རྗེ་ཅན་གྱི་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱིའོ། །ཽཏཔ་ལ་སྔོན་པོ་ཞེས་བྱ་བ་ནི་དབྱིབས་སོ། །དམར་ཞེས་བྱ་བ་ནི་ཁ་དོག་གོ་།
ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི། ནམ་མཁའ་དང་འདྲ་བ་ཉིད་ཀྱི་ནམ་མཁའ་འོ། །དེའི་ཡུལ་ནི་བསྐྱེད་མར་གྱུར་པའི་ཤེས་རབ་ཀྱིས། མཱ་མ་ཀཱི་ཞེས་བྱ་བའི་དོན་ཏོ། །དེའི་འོད་ཀྱི་སྤྲིན
དེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཚིམ་པར་བྱེད་པའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་དང་ལྡན་པའོ། །རྡོ་རྗེ་ཆོས་མ་ནི་གོས་དཀར་མོའོ། །ཆོས་ཀྱིས་དབྱིངས་སོ་སོར་རིག་པ་ཡང་དག་བར་མཚོན་པར་བྱེད
པའི་རང་བཞིན་ཅན་གྱི་འདོད་ཆགས་ཉིད་མཚན་པའོ། །དེ་ཡང་དག་པར་སྟོན་པར་བྱེད་པའི་རྣམ་པར་རོལ་པའི་སྒྱུ་མས་མཚན་པའོ། །དེའི་ཚོགས་ནི་སྒྱུ་མས་མཚན་པའི་མཆོག་སྟེ། དེ་ལས་ཡང་དག་པར་བྱུང་བ་ནི་མ་ལུས
པའོ། །འདོད་ཆགས་དེ་ཉིད་ཀྱི་ཆགས་པའི་མཆོག་ནི་སྒྲུབ་པ་པོ་གང་ཡིན་པ་དེའི་སྡུག་པ་པོ། །སངས་རྒྱས་ཐམས་ཅད་རབ་བསྒོམས་ལ་ནི་བསམ་ལའོ། །ཆོས་ཀྱི་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །
དེའི་འབྱུང་གནས་ནི་རྒྱུའོ། །ཽཏཔ་ལ་དམར་པོ་ཞེས་བྱ་བ་ནི། འདིར་ཨཽཏཔ་ལ་ཆེན་པོ་སྟེ། པདྨ་དམར་པོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དེ་ཁོ་ན་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་མངོན་པར་བྱང་ཆུབ་པ
ནི་ཤེས་རབ་སྟེ། གོས་དཀར་མོའོ། །དེ་ཉིད་ནི་མི་ཟད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །འདྲ་བའི་འོད་ནི་མདངས་དང་ལྡན་པའོ། །བུད་མེད་སྒྱུ་མ་ནི་རྣམས་རོལ་པའོ། །དེ་རྣམས
ཀྱིས་རབ་ཏུ་མྱོས་པར་འདོད་པ་ཅན་གྱི་ཡེ་ཤེས་སྐྱེ་བ་ལ་ཕྱོགས་པ་ཉིད་དུ་སྟོན་པ་པ་ཞེས་བྱ་བའི་དོན་ཏོ། །སེར་པོའི་མདོག་འདྲ་བ་ཅེས་བྱ་བ་ནི་སེར་པོར་སྣང་བ་སྟེ། ཨཽཏཔ་ལ་སེར་པོ་མཛེས་པ་ཞེས་བྱ་བའི་དོན་ཏོ། །ཇི་
ལྟ་བུ་ཞེ་ན། རྡོ་རྗེའི་ཏིང་ངེ་འཛིན་ལས་བྱུང་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ནི་ཤེས་རབ་ཀྱི་ཡེ་ཤེས་སོ། །དེའི་ལྷན་གཅིག་སྤྱོད་པ་ནི་སྒྲོལ་མ་ཏེ།
སྒྲོལ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་མཆོག་ཡིན་ལ་དེ་ལ་དམིགས་པས་ན་དེ་དང་ལྡན་པའོ། །ཁྲོ་བོ་ཆེན་པོ་ཡིན་པའི་ཕྱིར་རབ་ཏུ་ཁྲོས་པ་ཡང་དེ་ཡིན་པའི་འཇིགས་པ་ཆེན་པོ་སྐྱེད་པར་བྱེད་པའི་ཕྱིར། འཇིགས་བ
དཀྱིལ་འཁོར་ཡང་ཡིན་པས་ནའོ། །ཕྱག་ན་རལ་གྲི་ཞེས་བྱ་བ་ནི་གཡས་ཀྱི་ཕྱག་གསུམ་པས་སོ། །སྒོ་སྲུང་རྣམས་ཀྱི་སྐུ་མདོག་དང་རྩ་བའི་ཕྱག་མཚན་ནི་བྲི་བའི་དཀྱིལ་འཁོར
ཉིད་དུ་གསུངས་ཟིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ལྷ་གཞན་དང་འདྲ་བར་རལ་གྲི་ཡང་གྲུབ་པ་ཡིན་ན་ཕྱག་ན་རལ་གྲི་ཞེས་བྱ་བའི་བཀའ་ཨི་ཅིའི་ཕྱིར་ཞེ་ན། སྒོ་བསྲུངས་རྣམས་ཀྱི་སྔགས་པ་བརྗོད་པར་རལ་གྲི་ཉིད
དགྲ་ཇི་བཞིན་པར་གཟུང་བར་བྱའོ། གཏུན་ཤིང་དང་དགྲ་སྟ་དང་ཞགས་པ་ནི་མ་ཡིན་ནོ་ཞེས་ངེས་པའི་དོན་ཏོ། །དེ་བས་ན་འདི་རྣམས་ཀྱི་གཡས་པའི་གཉིས་པར་ཐོ་བ་དང། དབྱིག་པ་དང། པདྨ་དང། རྡོ་རྗེ་དང།
གཡས་པའི་གསུམ་པར་ནི་རལ་གྲིའོ། །གཡོན་གྱི་གཉིས་པ་དང་གསུམ་པ་ལ་ནི་ནོར་བུ་དང་པདྨའོ། །པདྨ་མཐར་བྱེད་ཀྱི་ནི་པདྨའི་གནས་སུ་ནི་འཁོར་ལོའོ། །འདིར་ལྷ་ཐམས་ཅད་ནི་ཞལ་གསུམ་པ་ཉིད་དང་ཕྱག
དྲུག་པ་ཉིད་དང། ཞབས་གཉིས་ཉིད་དང་སྤྱན་གཉིས་ཉིད་ཡིན་ཏེ། ལྷ་རྣམས་འཆད་པ་ན་ཞལ་གསུམ་སྨོས་པའི་ཕྱིར་དང། སྣ་ཚོགས་མཚོན་ཆ་ཐོགས་པའི་མཆོག་།རྡོ་རྗེའི་ཕྱག་ནི་དྲུག་ཏུ་བསྒོམ་ཞེས
གསུངས་པའི་ཕྱིར་དང། དམ་ཚིག་ལོངས་སྤྱོད་འདི་རྣམས་ཀྱིས་ཞེས་བྱ་བས་མ་གསུངས་བ་རྣམས་ཀྱང་སྟོན་པ་ཡིན་པའི་ཕྱིར་རོ། །གནས་ནི་གཟུགས་སོ། །བསམས་ན་ཞེས་བྱ་བ་ནི་བསྒོམས་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །དེ
ལྟར་བསྒོམས་པ་ལས་ཅིར་འགྱུར་ཞེ་ན། རྡོ་རྗེ་ཅན་ནི་དགྱེས་པར་འགྱུར་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཅན་ནི་ཁྲོ་བོ་ཐམས་ཅད་དོ། །ཅིའི་ཕྱིར་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཡེ་ཤེས་རྡོ་རྗེ་ཅན
ཞེས་བྱ་བ་ནི་ཡེ་ཤེས་རྡོ་རྗེ་ལས་བྱུང་བ་ནམ་མཁའ་ཨི་གཏོས་ཁྱབ་པར་བྱེད་པའོ། །ཁྲོ་བོ་ཀུན་གྱི་དམ་ཚིག་ནི་ཚོགས་པ་ཡིན་ཏེ། དེ་ཉིད་དུ་དེ་རྣམས་བསྡུས་པ་ཡིན་པའི་ཕྱིར་རོ། །གཤིན་རྗེ་གཤེད་ཀྱི་སྤྲོ་བའི་སྣང་བ་ནི་ཁྲོ་བོ་ཐམས་ཅད་གྱི
རྣམ་པས་ནམ་མཁའ་ཁྱབ་པའི་འོད་ཟེར་གྱི་སྤྲིན་ནོ། །དེའི་བཀོད་པ་ནི་གཤིན་རྗེ་གཤེད་དེ་ཉིད་ལ་བསྡུས་པའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རྣམ་གཅིག་ནི་མཆེ་བ་གཉིས་རྣམ་པར་གཙིགས་པའོ། །ཞལ?་ན།
གདངས་པ་ཅན་ཏེ་ཞལ་གྱི་ལྗགས་བསྐྱོད་པ་ཅན་ནོ། །མི་བསྐྱོད་དམ་ཚིག་ནི་གཟུགས་སོ། །གཞན་གྱིས་མི་ཐུབ་པའི་བཀོད་པ་དེའི་ཡེ་ཤེས་ཀྱི་རྡོ་རྗེ་ལས་སྤྲོས་པའི་ཁྲོ་བོ་ཐམས་ཅད་ཀྱང་དེ་ཉིད་དུ་བསྡུས་པའོ། །རྟ་མགྲིན་ཉིད་ནི་ཞེས་བྱ
བ་ནི་རྒྱུད་གཞན་ལས་གྲགས་པའི་མཚན་དེ་འདིར་ནི་བཅོམ་ལྡན་འདས་རྟ་མགོ་ནི་མ་ཡིན་ནོ། །སྣ་ཚོགས་མཚོན་ཐོགས་མཛེས་པའི་མཆོག་ཅེས་གསུངས་པའི་ཕྱིར་རོ། །དེས་གདུལ་བར་བྱ་བའི་གདུག་པ་ཐམས་ཅད་ནི་གདུག་པ་ཐམས་ཅད་དོ། །དེ་རྣམས་འདིའི
ཞབས་ཀྱིས་མནན་པས་ན་དེ་སྐད་ཅེས་བྱའོ། །རྟ་མགྲིན་བསྐྱེད་པ་དེ་ལས་འབྱུང་བ་ནི་ཡེ་ཤེས་ཀྱི་ཁྲོ་བོ་རྣམས་སོ། །དེའི་རྣམ་པར་བཀོད་པ་ནི་དེ་ཉིད་དུ་བསྡུས་པའོ། །རྡོ་རྗེའི་སྤྲིན་ནི་འབར་པའི་འོད་ཟེར་གྱི་སྤྲིན་ནོ། །དེ་རྣམས
ཀྱིས་ཀུན་ཏུ་འཁྲུག་པ་ནི་ཐམས་ཅད་དུ་འཁྲུག་པའོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེས་ན་ཁྲོ་བོ་འཛིན་ཞེས་བྱ་བ་ཁྲོ་བོ་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་ཉིད་ནི་བཅོམ་ལྡན་འདས་སོ། །རྒྱུ་ནི་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས
སོ། །མི་འཆི་བ་ནི་བདུད་རྩི་ཐབ་སྦྱོར་རོ། །འདིའི་དམ་ཚིག་ནི་ཁྲོ་བོ་ཐམས་ཅད་སྤྲོས་པའི་ཕྱིར་རོ། །དེའི་འབྱུང་བའི་རྡོ་རྗེ་ནི་ཉིད་དུ་བརྟན་པར་བསྡུ་བའོ། །འདོད་པའི་སེམས་དཔའ་ནི་འདོད་པའི་རྒྱལ་པོ་སྟེ། འདོད་པ
རྣམས་ལ་ཁ་ཕྱིར་ཕྱོགས་ཀྱི་སེམས་ནང་དུ་འཇོག་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་ཊཀྐི་ནི་འདོད་པ་རྣམས་ཡིན་ལ། སེམས་པ་ནི་སེམས་ནང་དུ་འཇོག་པར་བྱེད་པ་ཡིན་ནོ། །བསམ
གཏན་རྡོ་རྗེ་ནི་བསམ་གཏན་གྱི་ཡན་ལག་བརྟན་པའོ། །དེ་འབྱུང་བ་ནི་རྒྱུ་སྟེ། འདོད་པའི་རྒྱལ་པོའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །ཞགས་པ་འཛིན་པ་ནི་ནོར་བུར་གནས་པའི་ཕྱག་གིས་སོ། །རྡོ
རྗེ་གསུམ་གྱི་གནས་དཀྱིལ་འཁོར་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་པ་བསྡུས་པས་ན་དེའི་གནས་ཀྱང་དེ་ཡིན་ལ་དཀྱིལ་འཁོར་ཡང་ཡིན་ཏེ། ཆོས་ཀྱི་རོའི་སྙིང་པོ་གཙོ་བོར་གྱུར་པའི
ཕྱིར་ཏེ། ཚོན་པོ་ལ་ཤ་དང་ལྡན་པ་ཅེས་བྱ་བ་བཞིན་ནོ། །དེ་ཉིད་ཀྱང་ཡོངས་སུ་རྒྱས་ཤིང་སྟོབས་དང་རྡོ་རྗེ་གསུམ་དང་ལྡན་པའི་ཕྱིར་རྡོ་རྗེ་སྟོབས་ཅན་ནོ། །དེ་ཉིད་ཀྱིས་ན་རྡོ་རྗེ་གསུམ་གྱི་སྟོབས་པོ་ཆེན་པོའོ། །དེ
ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་སྔོན་པོ་དབྱུག་སྔོན་ཅན་ནོ། །གཟུགས་ནི་རབ་ཏུ་གནག་ལ་ཞེས་བྱ་བ་ནི་སྐུ་མདོག་གོ་།རྣོ་ཞེས་བྱ་བ་ནི་གཟི་མདངས་སོ། །དེ་ལྟར་ཕྱག་རྒྱ་གསུངས་ནས
དེ་ཁོ་ན་ཉིད་ནི་རྒྱ་མཚོ་ནག་པོ་བསྐྱེད་པར་བྱེད་ཅེས་བྱ་བ་གསུངས་ཏེ། ཉོན་མོངས་པ་ཐམས་ཅད་ངེས་པར་འཇོམས་ཤིང་གཉིས་སུ་མེད་པའི་གཏིང་མཛའ་མེད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ནག་པོ་རབ་ཏུ་འཕེལ་བར་བྱེད་པའོ། །
དེ་མཆོག་ཏུ་གྱུར་པའི་དབྱུག་པ་ཉིད་ནི་བསྟན་པ་ཉིད་ཀྱི་ཕྱིར། རྡོ་རྗེ་ཡིན་ལ་དེ་དང་ལྡན་པས་ན་རྡོ་རྗེ་དབྱུག་ཐོགས་སོ། །འདུལ་བར་བྱེད་པའི་དབྱུག་པ་ནི་ཚར་གཅོད་པར་བྱེད་པ་སྟེ། ཉོན་མོངས་པ་རྣམས་ཤིན་ཏུ་ཚར་གཅོད་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ
དབྱུག་པ་ནི་བཅོམ་ལྡན་འདས་དབྱུག་སྔོན་ཅན་ནོ། །དེའི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཉིད་ནི་མཆོག་སྟེ་དམིགས་པ་དེ་དང་ལྡན་པའོ། །མི་གཡོ་བ་ནི་མཆོག་གོ་།ཞགས་པ་བསྣམས་པ་ནི་སྔ་མ་བཞིན་ནོ། །རལ་གྲི་བསྣམས
པ་ནི་གཡས་པའི་གཉིས་པས་སོ། །འཁྲུགས་པས་ནི་ཀུན་ཏུ་ཞེས་པའོ། །རྡོ་རྗེ་བསྡུས་པའི་ཕྱིར་རྡོ་རྗེ་ཡིན་ལ་ཁམས་བསྡུས་པའི་ཕྱིར་དབྱིངས་ཡིན་པས་ནི་རྡོ་རྗེ་དབྱིངས་ཏེ། བསམ་གཏན་གྱི་ཡན
ལག་གྲུབ་པའོ། །རྡོ་རྗེ་དབྱིངས་ཉིད་ནི་དམ་ཚིག་ཡིན་ཏེ། ཐམས་ཅད་དུ་གཏོགས་པའི་སྲོག་དང་རྩོལ་བའོ། །དེ་གནས་ཏེ་ས་བོན་གྱི་ཡིག་གེ་གནོན་པ་འཛིན་པའི་ཡན་ལག་གང་ལ་ཡོད་པ་དེ་ནི་རྡོ་རྗེ་དབྱིངས
ཀྱི་དམ་ཚིག་གིས་གནས་གནོན་པ་ཅན་ནོ། །དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་གཡོ་བ་ལ་ཡང་དེ་སྐད་ཅེས་བྱ་ཞིང་དེ་ལ་དམིགས་པའི་ཏིང་ནེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །འབྲས་བུར་གྱུར་པའི་སེམས་སྒྲིབ
པ་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཅན་ནི་གཙུག་ཏོར་ཡིན་ཏེ། རྩེ་མོར་ཕྱིན་པ་ཉིད་ཀྱི་ཕྱིར་རོ། །འཁོར་ལོ་ནི་ཕྲ་མོའི་དཀྱིལ་འཁོར་འཁོར་ཉིད་ཡིན་པའི་ཕྱིར་རོ། །གཙུག་ཏོར་འཁོར་ལོ་ནི་དེ་བཞིན
དུ་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །རིག་པ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་རང་བཞིན་ཅན་ནི་ཁྲོ་བོའི་རྒྱལ་པོ་ལ་ཡང་དེ་སྐད་ཅེས་བྱའོ། །རིག་པའི་འཁོར་ལོ་ཞེས་བྱ་བ་ནི་གཙུག
འཁོར་ལོས་བསྒྱུར་བའོ། །འཁོར་ལོ་འབར་བ་ནི་རབ་ཏུ་འབར་བས་སོ། །གཙུག་ཏོར་འཁོར་ལོའི་དམ་ཚིག་ནི་གཟུགས་སོ། །གཙུག་ཏོར་གྱི་དམ་ཚིག་ཉིད་ནི་རིག་པ་ཡིན་ཏེ། བྱང་ཆུབ་ཉིད་ཡིན་པའི
ཕྱིར་རོ། །སྟོབས་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འཁོར་ལོ་ནི་དཀྱིལ་འཁོར་ཕྲ་མོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས
བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཁྲོ་བོ་ཡིན་པའི་ཕྱིར་རྡོ་རྗེ་ཡང་དེ་ཡིན་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྒྲིབ་པ་རྣམས་ངེས་པར་སེལ་བའི་ཕྱིར། གནོད་མཛེས་ཀྱང་ཡིན་པ་དེ་ལྟར་ན་རྡོ་རྗེ་སུམ་བྷ་སྟེ། གནོད
མཛེས་རྒྱལ་པོའོ། །རྡོ་རྗེ་སྤྲིན་ཅན་ཞེས་བྱ་བ་ནི་ཁྲོ་བོ་ནག་པོའོ། །ཁྲོ་བོའི་འོད་ཟེར་འཕྲོ་བའི་ཕྱིར་རྡོ་རྗེ་དམ་ཚིག་ཀྱང་དེ་ཡིན་ལ་སུམ་བྷ་ཞེས་བྱ་བ་ཡང་ཡིན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས
བྱའོ། །གཞུང་ལ་ལ་ལས་ནི་རྡོ་རྗེ་དམ་ཚིག་འབྱུང་བ་ཞེས་འབྱུང་སྟེ། དེར་ནི་རྡོ་རྗེ་དམ་ཚིག་ནི་གནོད་མཛེས་རྒྱལ་པོ་ཡིན་ལ་དེ་འབྱུང་བ་ནི་སྐྱེ་བ་ཡིན་ནོ་ཞེས་བཅད་པར་བྱའོ། །འདིར་ཡང་གཤིན་རྗེ་གཤེད་ནི་ནག་པོ
ཡིན་ཏེ། བསྟན་པ་ལས་སྐུ་མདོག་ནག་པོ་ཞེས་གསུངས་པའི་ཕྱིར་རོ། །ཤེ་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་ནི་གོ་རིམ་བཞིན་དུ་དཀར་པོ་དང་དམར་པོ་དང། ནག་པོ་སྟེ་བཤད་པ་ལས་ཁ
དོག་དཀར་པོ་དང་ཁ་དོག་དམར་པོ་དང་ནག་པོ་ཞེས་གསུངས་པའི་ཕྱིར་རོ། །འཁྱིལ་པ་དང་དབྱུག་པ་སྔོན་པོ་དག་ནི་ནག་པོར་སྨོས་པ་ཡིན་ཏེ། བསྒྲེ་བའི་དོན་ཏོ། །དེ་བས་ན་དེའི་བར་ན་གནས་པ་འདོད
པའི་རྒྱལ་པོ་དང། སྟོབས་པོ་ཆེ་ཡང་ནག་པོ་ཡིན་ནོ། །མི་གཡོ་བ་ཡང་ནག་པོ་ཡིན་པར་དབྱུག་སྔོན་ཅན་གྱི་རྗེས་སུ་འབྲང་བར་བྱའོ། །གནོད་མཛེས་རྒྱལ་པོ་ཡང་ནག་པོ་ཡིན་ཏེ། སྤྲིན་ཅན
ཞེས་པའི་ཕྱིར་རོ། །གཙུག་ཏོར་ནི་སེར་པོ་ཡིན་ཏེ། མཚན་རྣམས་ཐམས་ཅད་ཡོངས་རྫོགས་ཞེས་གསུངས་པའི་ཕྱིར་དང། གསེར་གཙོ་མའི་མདོག་ཀྱང་སྐྱེས་བུ་ཆེན་པོའི་མཚན་ཉིད་ཡིན་པའི
ཕྱིར་རོ། །སྤྱན་ལ་སོགས་པ་ནི་དཀར་པོ་དང། ནག་པོ་དང། དམར་པོ་དང། སེར་པོ་སྟེ། དེ་སྐད་དུ་གསུངས་པའི་ཕྱིར་དང། སྒོ་བསྲུང་རྣམས་ཀྱི་རྩ་བའི་ཕྱག་མཚན་ནི། བྲི་བའི
དཀྱིལ་འཁོར་ལས་གྲགས་པ་དག་ཡིན་ནོ། །འདོད་པའི་རྒྱལ་པོ་ནི་ལྕགས་ཀྱུ་ཡིན་ཏེ། དེའི་སྔགས་འགུགས་པའི་དོན་ལ་ཛགསུམ་ཡིན་ཏེ། དེའི་སྔགས་ཨཽ་གྲཝཱ་ཤུ་ལ་པ་ཎི། ཞེས་གསུངས་པའི་ཕྱིར་རོ། །མི་གཡོ་བའི་ནི་རལ་གྲི་སྟེ། རལ་གྲི་ཞགས་པ་བསྣམས་ཞེས་གསུངས་པའི་ཕྱིར་རོ། །དབྱུག
སྔོན་གྱི་ནི་རྡོ་རྗེ་དབྱུག་སྔོན་པོ་སྟེ། དེའི་སྔགས་ནཱི་ལ་དཎྜ་བཛྲ་དཎྜེ་ཎ་སྭཱ་ཧཱ། ཞེས་གསུངས་པའི་ཕྱིར་རོ། །གཙུག་ཏོར་གྱི་ནི་འཁོར་ལོ་ཡིན་ལ། གནོད་མཛེས་རྒྱལ་པོའི་ནི
རྡོ་རྗེ་ཡིན་ལ། འཁོར་ལོ་དང་ཕྱག་ན་རྡོ་རྗེ་གསུང་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ལེའུ་བཅོ་བརྒྱད་པ་ལས། ལྕགས་ཀྱུ་དབྱུག་ཏོ་རྩེ་གསུམ་དང། རལ་གྲིའི་མཚམས་སུ་རྣམ་པར
དགོད། །འདོད་རྒྱལ་དབྱུག་སྔོན་སྟོབས་མི་གཡོ། །སྟེང་དུ་འཁོར་ལོའི་འོག་གནོད་མཛེས། །ཞེས་འཆད་པར་འགྱུར་རོ། །འདོད་པའི་རྒྱལ་པོ་དང། མི་གཡོ་བ་གཙུག་ཏོར་ནི་@369
སྒེག་པ་སྟེ། དེ་བཞིན་དུ་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞི་བ་འོད་ཟེར་མང་པོ་འཕྲོ། །མཚན་རྣམས་ཐམས་ཅད་ཡོངས
སུ་རྫོགས། ཞེས་གོ་རིམ་བཞིན་དུ་གསུངས་པའི་ཕྱིར་རོ། །དེ་བས་ན་གསུམ་པོ་འདི་དག་ཀྱང་སྒེག་པ་ལེགས་པར་ཚད་དང་ལྡན་པ། མཚན་ཐམས་ཅད་དང་ལྡན་པ། རིན་པོ་ཆེའི
ཅོད་པན་ལ་སོགས་པ་རྒྱན་སྣ་ཚོགས་པ་ཅན། ན་བཟའ་བཟང་པོ་དང། ཨག་ཚོམ་མེད་པ་མཆེ་བ་ཅུང་ཟད་གཙིགས་པ། ཞལ་ཅུང་ཟད་གདངས་པ་སྨིན་མ་འཁྱོག་པ་ཅན། སྤྱན་དམར
བ་ཁྲོ་བ་རབ་ཏུ་འབར་བའི་འོད་ཟེར་ཅན་ནོ། །དེ་དག་ལས་གཞན་པ་རྣམས་ནི་མཚོན་པོའོ། །མཁྲང་བག་དང་ལྡན་པ། གསུས་པ་འཕྱང་བ་མི་ཐུང་ཞལ་རྣམ་པར་གདངས་པ། ལྗགས
བསྐྱོད་པ་ཧ་ཧ་ཞེས་སྒྲོགས་པའི་སྒྲ་ཅན། ཨག་ཚོམ་དང་སྨིན་མ་དང། དབུ་སྐྲ་ཁམ་སེར་སྨིན་མ་འཁྱོག་པ་སྤྱན་དམར་བ་ལྟག་གི་ལྤགས་པ་བསྣམས་པ། དབུ་སྐྲ་གྱེན་དུ་བརྫེས་པ
སྤྲུལ་གྱིས་བཅིངས་པ། སྦྲུལ་གདུག་པ་རྣམས་ཀྱིས་བརྒྱན་པ་སྟེ། སྦྲུལ་གྱིས་བརྒྱན་པའི་སྐེ་རགས་ཅན། ཞེས་བྱ་བ་འདི་ཉེ་བར་མཚོན་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་དེ
ལྟ་བུ་ཅན་གྱི་ཁྱད་པར་དེ་རྣམས་ནི་དེ་དག་ཐམས་ཅད་དང་འབྲེལ་པའི་ཕྱིར་རོ། །ལ་ལ་ནི་གནོད་མཛེས་རྒྱལ་པོ་ཡང་སྒེག་པར་འདོད་དེ་གཙུག་གཏོར་གྱི་བཤད་པ་མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས
@་369བ
ཞེས་བྱ་བའི་རྗེས་སུ་འབྲང་བར་བྱའོ་ཞེས་ཟེར་རོ། །དེ་ལྟར་ན་ཏིང་ངེ་འཛིན་རྣམས་ཀྱི་བཤད་པ་དང་བསྟན་པ་དག་ཡིན་ནོ། །འདི་དག་རེ་རེ་ཞིང་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་ཡིན་ནོ། །དཀྱིལ
འཁོར་གྱི་དགོད་པ་ཡང་འབྲས་བུ་དང་བཅས་པ་བསྟན་པའི་ཕྱིར། འགོག་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་ཏེ། གང་དུ་ཁྲོ་བོ་ཉིད་དཀྱིལ་འཁོར་པ་གང་ཡིན་པ་དེ་ནི་འདིར
ཁྲོ་བོའི་འཁོར་ལོ་ཡིན་ལ། གང་དུ་སངས་རྒྱས་ཉིད་ཡིན་པ་དེ་ནི་སངས་རྒྱས་ཀྱི་འཁོར་ལོ་ཡིན་ཞིང་གང་དུ་རྡོ་རྗེ་ཉིད་ཡིན་པ། རྡོ་རྗེའི་དཀྱིལ་འཁོར་ཏེ་སྔགས་བཞིའི་དགོད་པའོ། །དེ་ལ་དང་པོས་ནི་འགོག
པ་སྒྲུབ་པར་བྱེད་པ་སྟེ། འགོག་པའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ནི་བསྙེན་པ་ཡིན་ཏེ། ཡན་ལག་དྲུག་གི་བསྙེན་པ་ཞེས་བྱ་བའི་དོན་ཏོ། །གསུམ་པས་ནི་རྣམ་པ་གཉིས་ཏེ། གཏི་མུག་དང་ཞེ
སྡང་དང་འདོད་ཆགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཀྱིས་ལོངས་སྤྱོད་དང་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཀྱི་བཟླས་པའོ། །དེ་ལས་སྔ་མས་ནི་ཏིང་ངེ་འཛིན་གྲུབ་པ་ལ་ཕྱི་མ་ནི་རྡོ་རྗེ་ཡེ་ཤེས་ཏེ་།
བཟླས་པའི་འབྲས་བུའོ། །དེ་ལ་ཁྲོ་བོའི་འཁོར་ལོ་ནི་ལེའུ་བཅོ་བརྒྱད་པ་ལས། ཀུན་ནས་སེར་བའི་འཁོར་ལོ་ཞེས་བྱ་བ་ནས། མི་གཡོ་བ་དང་མཚུངས་པར་འཁོར། ཞེས་བྱ་བའི
བར་གྱིས་འཆད་པར་འགྱུར་ཞིང་རྡོ་རྗེ་དཀྱིལ་འཁོར་ཡང། གཏི་མུག་གཉིས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང། །རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར། །རྣམ་པ་སྣ་ཚོགས་དག་པས་མྱོས
པའི་དངོས་གྱུར་པ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་འཆད་པར་འགྱུར་རོ། །སངས་རྒྱས་ཀྱི་འཁོར་ལོ
ནི་བདུན་པ་ལས་གཟུགས་ལ་རྣམ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འོ་ན་འདིར་དཀྱིལ་འཁོར་ཆེན་པོ་ཅིའི་ཕྱིར་མ་གསུངས་ཤེ་ན། དེ་ནི་ལེའུ
དང་པོ་ཉིད་དུ་རྒྱ་ཆེར་བསྟན་ཟིན་པའི་ཕྱིར་རོ། །རྡོ་རྗེ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་སོ། །
དེ་རྣམས་ཀྱི་དམ་ཚིག་བཀོད་པ་ནི་སྤྲོ་བ་དང་བསྡུ་བ་སྟེ། དེ་དག་གི་དེ་ཁོ་ན་ཉིད་དོན་གྱི་བསྒོམ་པ་དང། མངོན་བྱང་ཆུབ་པ་སྟེ། རིག་པའི་སྐྱེས་བུའི་བསྒོམ་པ་སྟེ།
དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ།
CLOSE WINDOW