Wylie | e-texts based on the ACIP/ALL ![]() ![]() |
ཞུས་ཆེན་གྱི་ལོ་ཙཱ་བ་པནདེ་རིན་ཆེན་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ་ཁོ་དྷི་ཙིཏྟ་བི་བ་ར་ཎ་ཊཱི་ཀཱ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ། །གཅིག་དང་དུ་མ་མིན་སྦྱོར་བ། །མཁྱེན་ནས་རྟོག
པ་ཀུན་སྤངས་པའི། །སྟོན་པའི་བདག་ཉིད་ཐུགས་རྗེ་ཅན། །བཏུད་ནས་རྣམས་བཤད་འདི་བྱས་སོ། །ང་རྒྱལ་གྱིས་སམ་གྲགས་དང་རྙེད། །འདོད་ནས་བརྩམས་པ་མ་ཡིན་ཏེ། །དད་པས་ཕྱོགས་ཙམ་བྱས་འདི་ལ། །མཁས་པས་དཔྱ་ཡང་བཟོད་པར་གསོལ། །དེ་ལས་འདི
ཡི་གླེང་གཞི་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་བསྔགས་བའི་སྒོ་ནས། །སྦྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣལ་འབྱོར་ཕ་དང་མའི་དོན་དུ་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐབས་རྒྱུད
ཀྱི་རྒྱལ་པོ་གསང་བ་འདུས་པ་ལས། །དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་གསོལ་བའི་མན་ངག་གི་ལུང་རྩ་བ་བསྟན་ཏོ། །དེའི་བསྡུས་པའི་དོན་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་དེ་བསྒོམས་པར་དམ་བཅའ་བ་དང། །ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས
དང་?་དེ་གཉིས་རྟོགས་པར་བྱ་བའི་ཐབས་སོ། །དེ་ལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་ལ་བཞི་སྟེ། །དངོས་པོ་ཐབས་དང་བྲལ་བས་ཤེས་པ་མུ་སྟེགས་ཀྱི་ལྟ་བ་སུན་དབྱུང་བ་བསྟན་པ་དང། ཕུང་པོ་དང་ཁམས་དང་སྐྱེ་མཆེད
དང་གཟུང་དང་འཛིན་པ་རྣམས་སྤངས་ཞེས་པས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པའི་ལྟ་བ་སུན་དབྱུང་བ་དང། །ཆོས་བདག་མེད་པ་མཉམ་པ་ཉིད་ཅེས་སེམས་ཙམ་པའི་ལྟ་བ་སུན་དབྱུང་བ་དང། །རང་སེམས་གདོང་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཞེས
པས་དབུ་མ་པའི་ལྟ་བ་གྲུབ་ནས་རྣམ་པར་བཞག་པ་དང། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ལ་སོཌ་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དམ་བཅའ་བསྟན་པའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ཡང་མ་བསྒྲལ་བའི
སེམས་ཅན་རྣམས་བསྒྲལ་བའི་དོན་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིས་ངན་སོང་གསུམ་དང། །ལྷ་དང་མི་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རིམ་བཞིན་དུ། །བསྒྲལ་བ་ལ་སོགས་པར་བསྟན་ཏོ། །རྟོགས་པར་བྱ་བའི་ཐབས་ཀྱང
གཉིས་ཏེ། སྨོན་པ་ནི་འདི་ལྟར་ཞེས་པ་ལ་སོཌ་པ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །བསྒོམས་པ་ནི་དོན་དམ་པ་ནི་ཞེས་བྱ་བ་ལ་སོཌ་པ་སྟེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་ན་རྩ་བའི་དོན་བཅུ་གཅིག་གོ་།ད་ནི་དེའི་དོན་རྒྱས་པར་རྟོགས་པར་བྱ
བའི་ཕྱིར། །དེ་ནས་ཞེས་བྱ་བ་འགྲེལ་པའི་མགོ་བརྩམས་པ་སྟེ། དེ་དག་གང་དུ། གང་གིས། གང་ལས། གང། གང་གི་ཕྱིར་བྱས་ཤེ་ན། དཔལ་གྱི་རི་པོ་ལ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། གསང་བ་འདུས་པ་ལས། །དབུ་མའི་ལྟ་བར་བསྡུས་པ་དོན་དམ་པ་དང
ཀུན་རྫོབ་བྱང་ཆུབ་སེམས་གཉིས་ཡིན་ལ། །དགོས་པ་ཕྱི་རོལ་གྱི་ལྟ་བ་བསལ་ནས་རང་བཞིན་མེད་པའི་ཡེ་ཤེས་དང་སྙིང་རྗེ་གཙོར་བཞག་སྟེ། ཡི་གེ་ཉུང་དུས་དོན་བསལ་བར་གོ་རིམས་སུ་ཕྱོགས་སུ་བྱས་ནས་འགྲེལ་ཏོ། །དེ་ལྟར་ན་རྟོག་པ་སྔོན་དུ་བྱེད་པའི
གང་ཟག་ལ་རྩིས་མགོ་ལྔས་བསྟན་ཏོ། །དེའི་ས་གཅོད་ནི་བཅོ་ལྔ་སྟེ། ཕྱག་འཚལ་བ་དང། དབུ་ཞབས་ཀྱི་དོན་དང། བཤད་པར་དམ་བཅའ་པ་དང། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཆེར་བཞག་བའི་དོན་དང། དངོས་པོ་ཐམས་ཅད་དང་བྲལ་བ་འགྲེལ་པའི་དོན་དང། ཕུང
པོ་ལ་སོགས་པ་སྤངས་པ་འགྲེལ་པ་དང། ཆོས་བདག་མེད་མཉམ་པ་ཉིད་འགྲེལ་པ་དང། རང་གི་སེམས་མ་སྐྱེས་པ་ལ་སོཌ་པའི་འགྲེལ་པ་དང། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཆེར་བཞག་པའི་དོན་དང། མ་བསྒྲལ་པའི་སེམས་བསྒྲལ་བ་ལ་སོཌ་པ་བཞི་འགྲེལ་པའི
དོན་བཞི་དང། བྱང་ཆུབ་ཀྱི་སེམས་གཉིས་ཡོན་ཏན་དང། དགེ་བ་བསྔོ་བའོ། །དེ་ལ་ཕྱག་འཚལ་བའི་དོན་ནི་བྱང་ཆུབ་སེམས་ཞེས་པ་ནས་བསྟན་ཏོ། །དབུ་ཞབས་ཀྱི་དོན་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྲིད་པ་འཇོམས་ཤེས་པས། །བཤད་པར་དམ་དམའ་བ་ནི་བདག
གིས་བཤད་ཅེས་པས་སོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ཆེར་བཞག་པ་ནི་བདག་དང་ཞེས་པ་ནས་སོ། །དངོས་པོ་ཐམས་ཅད་དང་བྲལ་བའི་འགྲེལ་པ་ནི་མུ་སྟེགས་ཞེས་པ་ནས་སོ། །ཕུང་པོ་དང་བཞི་ཞེས་པ་ལ་སོགས་པའི་འགྲེལ་པ་ནི་འཇིག་རྟེན་བདག་སོཌ་ཞེས
པ་ནས་སོ། །ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་འགྲེལ་པ་ནི་སེམས་ཙམ་འདི་ཞེས་པ་ནས་སོ། །རང་གི་སེམས་ཞེས་བྱ་བ་ལ་སོཌ་པའི་འགྲེལ་པ་ནི་མཚན་ཉིད་མེད་པ་མི་སྐྱེ་བ་ཞེས་བྱ་བ་ནས་སོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཆེར་བཞག་པའི་དོན་ནི་དེ་ལྟར
སྒོམ་པར་བྱེད་པ་ན་ཞེས་བྱ་བ་ནས་སོ། །མ་བསྒྲལ་སྒྲོལ་པའི་འགྲེལ་པ་ནི་གང་གིས་དགོངས་པ་ཞེས་པ་ནས་སོ། །མ་བསྒྲལ་སྒྲོལ་བའི་འགྲེལ་པ་ནི་སེམས་ཅན་བསྒྲལ་བའི་ཞེས་པ་ནས་སོ། །དབུགས་དབྱུང་པའི་འགྲེལ་པ་ནི་ཐེག་པ་ཆེན་པོ་ཞེས་པ་ནས་སོ། །མྱ་ངན་ཟློ
བའི་འགྲེལ་པ་ནི་གཟུངས་རྣམས་ཞེས་པ་ནས་སོ། །བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ཡོན་ཏན་ནི་ཕྱག་རྒྱ་ཞེས་པ་ནས་སོ། །?་བ་ནི་རྒྱལ་བཞེས་པ་ནས་བསྟན་ཏོ། །ད་ནི་རྩ་འགྲེལ་དེའི་འབྲུ་གཞོམ་ཏེ། །དེ་ལ་རེ་ཞིག་མུག་སྟེགས་པ་སུན་དབྱུང་བའི་དངོས་པོ་ཐམས་ཅད་འབྲལ?
བཞེས་པ་སྟེ། དེ་ལ་དངོས་པོ་ཐམས་ཅད་ནི་ཕྱི་དང་ནང་ངོ། །དེ་ལ་ནང་གི་དངོས་པོ་བཅུ་དྲུག་བཤད་པ། བདག་དང་སེམས་ཅན་སྲོག་དང་ནི། །སྐྱེ་བ་གསོ་བ་སྐྱེས་བུ་དང། གང་ཟག་ཤེད་སྐྱེས་ཤེས་བུ་དང། །བྱེད་བོ་བྱེད་དུ་འཇུག་ཚོར་གཤེས
མཐོང་སློང་བ་ཀུན་སློང་རྣམས། །ཕྱི་རོལ་དངོས་པོ་བུམ་རྣམས་དང། །རེ་ལྡེ་ལ་སོགས་རྫས་མཛའ་ཡས། །དེ་ཡོད་པས་དོན་བྱེད་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་བདག་ཉིད་གྲངས་མེད་ལ་ཤེས་པ་བྱ་སྟེ། །གྲངས་དང་བཅས
པ་ནི་མ་ཡིན་ནོ། །དངོས་པོ་ཡང་དེ་ཐམས་ཅད་ཀྱང། །དེ་ཉིད་པས་དངོས་པོ་ཐམས་ཅད་ཅེས་བྱའོ། །དེ་ལྟར་ཡང་ཀྱེ་བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི། །སྐྱེ་མཆེད་བཅུ་གཉིས་ཁོ་ནའོ། །ཞེས་གསུངས་སོ། །དེ་ཉིད་ཀྱིས་སྤྱད་པ་ལ་མེད་པས་ན་བྲལ་བ་སྟེ། དངོས་པོ
རྣམས་མ་རྟགས་ན་གཅིག་ཏུ་ཉམས་དགའ་ཨི་བའི་ཕྱིར། །བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་སུན་འབྱིན་བ་ནི། །ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཕུང་པོ་ནི་གཟུཌ་ལ་སོགས་པ་སྟེ། སྤངས་པའི་ཕྱིར་རོ། །དེ་ཡང་དུས་གསུམ་གྱི་གཟུགས་བཟང་དན་དང།
ཆེ་ཕྲ་ཡོད་དོ་ཅོག་གཅིག་ཏུ་སྤུངས་པ་དང། །དེ་བཞིན་དུ་བདེ་པ་ལ་སོཌ་པ་མྱོང་བ་རྣམས་དང། འདི་ནི་དཀར་པོ་ཞེས་བྱ་བ་ལ་སོཌ་པ་ཁ་དོག་དང། རིང་བ་ལ་སོཌ་པ་དབྱིབས་དང། བཟང་པོ་ལ་སོཌ་པ་བྱེ་བྲག་མཚན་མར་འཛིན་པ་རྣམས་དང། དུས
གསུམ་པའི་སེམས་ལས་བྱུང་པ་རྣམས་དང། །མི་རྟན་པའིའོ?་འདུས་བྱེད་རྣམས་དང། དུས་གསུམ་གྱི་ཡུལ་ཐ་དད་པ་ལ་ཤེས་པའི་རྣམ་པར་ཤེས་པ། །ཤེས་པའི་ཚོགས་བདུན་པོ་རྣམས་གཅིག་ཏུ་སྤངས་པའི་རྣམས་པར་ཤེས་པ་སྟེ་ཕུང་པོ་ལྔའོ། །
ཁམས་ནི་མིག་ལ་སོཌ་པ་ཁམས་བཅོ་བརྒྱད་དེ། སྤྱི་དང་རང་གིས་མཚན་ཉིད་འཛིན་ཕྱིར་དང། །རིགས་ཀྱི་དོན་འཛིན་པའི་ཕྱིར་དང། སྲིད་པའི་ས་བོན་ཡིན་པའི་ཕྱིར་ཁམས་སོ། །སྐྱེ་མཆེད་ནི་མིག་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་ཏེ། རྣམ་པར
ཤེས་པར་བསྐྱེད་ཅིང་། འཕེལ་བར་བྱེད་པས་ན་སྐྱེ་མཆེད་དོ། །གཟུང་འཛིན་ནི་ཕྱིའི་གཟུགས་ལ་སོཌ་པ་སྐྱེ་མཆེད་དྲུག་དང། ནང་གི་མིག་ལ་སོཌ་སྐྱེ་མཆེད་དྲུག་ལ་སེམས་ཙམ་པས་ཀུན་ཏུ་བརྟགས་པའི་མིང་སྟེ། དབང་པོས་སྐྱོད་ཡུལ་དུ་བཟུང་བའི་ཕྱིར
དང། དབང་པོ་འཛིན་མཁན་ཡིན་པའི་ཕྱིར་རོ། །དེ་རྣམས་དོན་དམ་པར་རྫས་སུ་མེད་པར་སྤངས་པ་སྟེ། འོག་ནས་ཀྱང་འབྱུང་བའི་གཟུཌ། །དབུ་བ་འདྲ་ཞེས་རྗོད་ཅེས་བྱ་བ་ལ་སོཌ་པས་འགྲེལ་ཏོ།། །།སེམས་ཙམ་པའི་ལྟ་བ་སུན་དབྱུང་བ་ནི། ཆོས་བདག
མེད་པ་མཉམ་པ་ཉིད་ཅེས་བྱ་སྟེ། དེ་ལ་ཆོས་ནི་མདོར་ན་ཕུང་པོ་ལྔ་སྟེ། སྤྱི་དང་རང་གི་མཚན་ཉིད་འཛིན་པའི་ན་ལུང་ལས་ཀྱང། མཚན་ཉིད་འཛིན་པས་ན་ཆོས་ཞེས་བྱ་ཞེའོ། །བདག་ཅེས་བྱ་བ་ནི་སྤྲུལ་གྱི་ཕཊ?་པར་རྗེ་བ་ལྟར་ལུས་ཀྱི་ཕུང་པོའི
ནང་ན། ཕུང་པོ་སྔོན་མ་འདོར་ཞིང། ཕྱི་མ་ལེན་པ། །རྟག་པའི་ངོ་བོ་ང་དང་ང་ཡིས་འཛིན་པའི་གཞི། བདག་ཅེས་བྱ་བར་མུ་སྟེགས་པས་རྟགས་པའོ། །དེ་དང་འདྲ་པར་སངས་རྒྱས་པའི་ཆོས་དང། མུ་སྟེགས་པའི་བདག་བསལ་ནས་རྣམ་པར
རིག་པ་ཙམ་དུ་བཞག་པའོ། །དེ་ལྟར་ཕུང་པོ་དད་བདག་མེད་པ་དེ་བཞིན་དུ་རྣམ་པར་རིག་པ་ཡང་མེད་པར་འདྲ་བས་ན། །ཆོས་བདག་མེད་པར་མཉམ་པ་ཉིད་ཅེས་བྱ་སྟེ། འོག་ནས་སེམས་ཙམ་འདི་ཡིས་སྣ་ཚོགས་སུ་ཞེས་བྱ་བ་ལ་སོགས་པས
འགྲེལ་ཏོ། །དེ་ལྟར་དངོས་པོ་ལ་སོཌ་པར་ལྟ་བ་བསལ་ནས། །དབུ་མའི་དོན་ཆེར་བཞག་པ་ནི་རང་སེམས་གདོད་ནས་མ་སྐྱེས་པ་ཞེས་པ་སྟེ། དོན་དམ་པར་རང་གིས་སེམས་ཙམ་ཡང་མི་སྐྱེ་སྟེ། ཡོད་མེད་དབུས་ལས་འདས་པའི་ཕྱིར། །འདི
ལྟར་མུ་སྟེགས་པའི་དབང་ཕྱུག་ལ་སོཌ་པས་བྱས་པས་ལྟ་བུ་མ་ཡིན་པ། །གདོད་ནས་མ་སྐྱེས་པ་སེམས་དང་པོ་ནས་ཡོད་ཟིན་པ་ཅིག་ཡིན་ན་ནི་སྐྱེ་མི་དགོས་ལ། །དང་པོ་མེད་ན་ཇི་ལྟར་སྐྱེ་བ་མི་སྦྱོར་བའོ། །དེ་ལྟར་ཡོད་པར
དང་མེད་པར་མཛའ་མེད་མ་ཐག་ཏུ་དབུ་མར་སྐྱེ་བ་མི་དམིགས་སོ། །འོ་ན་ཇི་ལྟ་བུ་ཞིག་གི་ངོ་བོ་ཉིད་ཡིན་ཞེ་ན། །སྟོང་པ་ཉིད་ཀྱི་རང་བཞིན་ཏེ། དངོས་པོ་མེད་པ་ནམ་མཁའ་ལྟ་བུའོ། །འདི་ལྟ་སྟེ། ནམ་མཁའ་ནམ་མཁའ་ཞེས་ཐ་དད་སྙད?་མ
ཡོད་ཀྱང། དཔྱད་ན་སྟོང་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྣལ་འབྱོར་ནམ་མཁའ་སྒོམ་པ་ནི། འཇི་སྐད་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཞེས་གསུངས་སོ། །དོན་དམ་བར་བྱང་ཆུབ་ཀྱི་སེམས་བསྒོམ་པར་དམ
བཅའ་བ་བསྟན་པར་བྱ་བ་ནི། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོཌ་པ་སྟེ། དེ་ལ་ཇི་ལྟར་ཞེས་བྱ་བ་ནི་དཔེ་འདྲེན་པའོ། །སངས་རྒྱས་བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་ལ་སོཌ་པ་སྟེ། སངས་རྒྱས་ཀྱང་ཡིན་ལ། བཅོམ་ལྡན་འདས་ཀྱང
ཡིན་པས་སོ། །དེ་ལ་སངས་རྒྱས་ནི་སྐྱེས་བུ་སད་པ་ལྟར་མ་རིག་པའི་གཉིས་སང་ནས་པདྨ་ཁ་བྱེ་བ་ལྟར་ཆོས་རྣམས་ཁོང་དུ་ཆུད་པས་ཐུགས་རྒྱས་པའོ། །བཅོམ་ལྡན་འདས་ཤེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལས་བདུད་བཞི་བཅོམ་པ་སྟེ། འདི་ལྟར་མ་རིག་པའི
ཟག་པ་ཟད་ནས་ཉོན་མོངས་པའི་བདུད་བཅོམ་པ་སྟེ། ཉོན་མོངས་བ་ཀུན་ནི་མ་རིག་པ་ལས་འབྱུང་པའི་ཕྱིར་རོ། །སྲིད་པའི་ཟག་པ་ཟད་པས་འཆི་བདག་གི་བདུད་བཅོམ་པ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་སྤངས་པས་ཆཌ་པས་དང་བྲལ་བའི་ཕྱིར་རོ། །ལྟ་བའི་ཟག་པ
ཟད་པའི་ཕུང་པོའི་བདུད་བཅོམ་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ནི་འཇིགས་ཚོཌ་སུ་ལྟ་བ་ཡིན་པའི་ཕྱིར་རོ། །འདོད་པའི་ཟག་པ་ཟད་པས་ལྷའི་བུའི་བདུད་བཅོམ་སྟེ། ཕྱིན་ཅི་ལོག་པའི་འདོད་ཆཌ་སྤངས་པའི་ཕྱིར་རོ། །དེ་ལྟར་བདུད་བཞི་བཅོམ་ནས་ཟད་པ་དང་མི
སྐྱེས་པ་ཤེས་པའི་ཡེ་ཤེས་དང་ལྡན་པའོ། །ཡང་ན་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་དབུལ་པོ་དང། ངན་སོང་དང། གཟུགས་མི་སྡུག་པ་དང། གྲགས་པ་མེད་པ་དང། དཔལ་མེད་པ་དང། མི་རིག་པ་རྣམ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རིམ་པ་བཞིན
དུ་བཅོམ་སྟེ། འབྲས་བུ་དབང་ཕྱུག་དང། རབ་མཆོག་དང། གཟུགས་བཟང་དང། གྲགས་པ་དང། དཔལ་དང། ཡེ་ཤེས་དང་ལྡན་པའོ། །ཡང་ན་དེ་བཞིན་གཤེགས་པའི་ཐེག་པའི་སེམས་ཙམ་ལ་དེ་བཞིན་ཉིད་དང་སྟོབས་བཅུ་མངོན་དུ་གྱུར་པས་ཀུན་གཞི་དང། ཤེས་བྱའི
སྒྲིབ་པ་བཅོམ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པ་དང། ཡང་དག་པའི་མཛའ་མི་འཇིགས་པ་བཞི་མངོན་དུ་གྱུར་པས་ཉོན་མོངས་པ་ཅན་གྱི་ཡིད་དང། །ཉོན་མོངས་པའི་སྒྲིབ་པ་བཅོམ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པ་དང། མཚན་མ་མེད་པར་སོ
སོར་ཡང་དག་པར་རིག་པ་མངོན་དུ་གྱུར་པས་རྣམ་པར་ཤེས་པ་དང། ལས་ཀྱི་སྒྲིབ་པ་བཅོམ་སྟེ། སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་དང་ལྡན་པ་དང། དོན་དམ་པ་དང། སྙིང་རྗེ་ཆེན་པོ་མངོན་དུ་གྱུར་པས་འཇུག་པའི་རྣམ་པར་ཤེས་པར་དང། སྐྱེ་བའི་སྒྲིབ་པ་བཅོཾ
སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་དང་ལྡན་པའོ། །དེ་བཞིན་ནི་ཟད་པའི་ཡེ་ཤེས་ཏེ་དེ་ཁོ་ནའི་ཕྱིར་སྐྱེས་པ་ནི་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐེག་པ་དབུ་མའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཤེས་བྱའི་སྒྲིབ་པ་ལ་སོགས
པ་ཐམས་ཅད་བཅོམ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པས་ནས་བཅོམ་ལྡན་འདས་སོ། །དེ་ཡང་མུ་བཞི་སྟེ། མུ་དང་པོ་སངས་རྒྱས་ཡིན་ལས་བཅོམ་ལྡན་འདས་མ་ཡིན་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཏེ། སྦྱིན་པ་ལ་སོགས་པ་དྲུག་མི་སྤྱོད་པས་ལེཌ་པ
དྲུག་དང་མི་ལྡན་པའོ། །མུ་གཉིས་པ་བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་མ་ཡིན་པ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཐུཌ་རྗེའི་དབང་གིས་འཁོར་བ་མ་སྤངས་པའི་ཕྱིར་རོ། །མུ་གསུམ་པ་གཉིས་ཀ་མིན་པ་ནི་དེ་བཞིན་གཤེཌ་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐར
ཕྱིན་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཞུཌ་པའི་ཕྱིར་རོ། །མུ་བཞི་པ་གཉིས་ཀ་མ་ཡིན་པ་ནི་སོ་སོའི་སྐྱེ་བོ་རྣམས་སོ། །དེ་ལྟ་བས་ནས་སངས་རྒྱས་དང། བཅོམ་ལྡན་འདས་གཉིས་ཀྱིས་ཚིཌ་གཉིས་གཅིག་ཏུ་བྱས་སྒྲ་ལས་དེ་བཞིན་གཤེགས་པ་ལ་ཤེས་པར་བྱའོ་
བྱང་ཆུབ་སེམས་དཔའ་ཨི་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཡང་ཡིན་ལ། སེམས་དཔའ་ཆེན་པོ་ཡང་པ་ལ་སེམས་དཔའ་ཨི་སྒྲ་ཅིག་མི་མངོན་པར་བྱས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བར་འདོད་དོ། །དེ་ལ་བྱ་ལ་བྱ་བ་ནི་རྣམ་པ་ཐམས་ཅད
མཁྱེན་པའི་ཡེ་ཤེས་སོ། །དེ་སྒོམ་སེམས་བསྟན་པས་སེམས་དཔའ་སྟེ། མུ་སྟེགས་པ་ལས་ཁྱད་པར་དུ་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱིར་རོ། །ཆེན་པོ་ནི་མཛའ་ཡས་པའི་སེམས་ཅན་ཀྱི་དོན་ཆེན་པོ་བྱེད་པ་སྟེ། ཉན་ཐོས་ལས་ཁྱད་པར་དུ་བསོད་ནམས་སྐྱི?་ཚོཌ
བསགས་པའི་ཕྱིར་རོ། །ཡང་ན་ཡུམ་ལས་ཆེ་བ་བདུན་དང་ལྡན་པས་ཀྱང་སྟེ། སེམས་ཅན་ཆེན་པོའི་ནང་ནས་མཆོག་ཏུ་གྱུར་པ་དང། སེམས་ཅན་ཀྱི་ཁམས་ཆེན་པོའི་ལོག་པའི་ལྟ་བ་བཅོད་པ་དང། སྦྱིན་པ་དང། བློ་དང་མཐུ་ཆེ་བ་དང། ཐེག་པ་ཆེན་པོ་ལ
གནས་པ་དང། གོ་ཆ་ཆེན་པོ་བགོས་ནས་ཀྱང་བདུད་འཇོམས་པར་བྱེད་པའོ། །དེ་ཡང་མུ་བཞི་སྟེ་བྱང་ཆུབ་སེམས་དཔའ་མིན་ལ། སེམས་དཔའ་ཆེན་པོ་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཏེ། སེམས་ཅན་གྱིས་དོན་མི་བྱེད་པའི་ཕྱིར་རོ
ཆེན་པོ་ཡིན་ལ་བྱང་ཆུབ་སེམས་དཔའ་མ་ཡིན་པ་ནི་ཕྱི་རོལ་པའི་སྟོན་པ་ལྷ་ཆེན་པོ་རྣམས་ཏེ། ཉོན་མོངས་པ་མ་སྤངས་པའི་ཕྱིར་རོ། །གཉིས་ཀ་ཡིན་པ་དང་མ་ཡིན་པ་ནི་སྔོན་མ་བཞིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ས་བཅུ་པ་རྣམས
ལ་བྱའོ། །དེ་དག་གིས་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་མཚོན་པའོ། །བྱང་ཆུབ་ནི་དམ་ཚིག་ཆེན་པོ་རྡོ་རྗེ་ལྟ་བུའི་དེ་ཁོ་ན་ཉིད་མངོན་པར་རྫོགས་པའི་བྱང་ཆུབ་སྟེ། ཟད་པ་དང་མི་སྐྱེ་བའི་རང་བཞིན་ཡེ
ཤེས་ལྔའི་ངོ་བོ་ཡིན་པའི་ཕྱིར་འདི་ལྟ་སྟེ། ཟད་པའི་ཡེ་ཤེས་ཀྱི་མཚན་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞིས་ནི་བྱང་ལ། མི་སྐྱེ་བའི་ཡེ་ཤེས་ཀྱི་མཚན་ཉིད་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱིས་ཆུབ་པ་རྫོགས་པར་བྱས་པའོ། །ཡང་ན་ཆོས་ཐམས་ཅད
ཕྱིན་ཅི་མ་ལོག་པར་ལྷཌ་པར་རྟོགས་པ་ནི་བྱང་ཆུབ་སྟེ། ཐམས་ཅད་མཚན་ཉིད་དོ། །དེ་ཉིད་ཆེན་པོ་སྟེ། འོག་མ་གཉིས་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱེ་བའི་ཕྱིར་རོ། །དེ་ལ་སེམས་བསྐྱེད་པ་ནི་བསྒོམ་པའི་སྟོབས་ཀྱིས་སེམས་གཉིས་སུ་མེད་པར
མངོན་དུ་བྱས་པའོ། །དེ་ལྟར་ཞེས་བྱས་བྱ་བ་ནི་དོན་གྱི་ས་མགོ་འདྲེན་པའོ། །བདག་གིས་ཞེས་བྱ་བ་ནི་སྔཌ་ཀྱི་སྒོར་ཞུཌ་པའི་རྣལ་འབྱོར་པའོ། །ཀྱང་གི་སྒྲས་ནི་སངས་རྒྱས་བཅོམ་ལྡན་འདས་དང། བྱང་ཆུབ་སེམས་དཔའ་གཅིག་པུར་མ་ཟད་སྟེ་ཞེས་བྱ་བའི་ཐ་ཚིག
གོ་དུས་ནི་ཕུང་པོ་ལྔའི་ངོ་བོ་སྟེ། སྐད་ཅིག་ལ་འཇིག་ཅིང་མི་རྟག་པའི་ཕྱིར་རོ། །འདི་ཞེས་པ་ནི་མངོན་དུ་མཚོན་པའོ། །གཟུང་ནས་ཤེས་པ་ནི་དང་དུ་ལེན་པའོ་འདོར་བསྡུ་ན་དུས་འདི་ནས་བཟུང་ནས་ཤེས་པ་ནི། དེ་བཞིན་གཤེཌ་པ་དང་སློབ་དཔོན་གྱི་སྤྱན་སྔར་དམ
བཅས་པའི་དུས་ལ་ཤེས་པར་བྱའོ། །ཇི་སྙེད་ཅེས་བྱ་བ་ནི་མཛའ་ཡས་པའི་དུས་ལ་བརྙགས་པའི་སྒྲའོ། །བྱང་ཆུབ་ནི་བཤད་པ་ཉིད་དོ། །དེའི་སྙིང་པོ་ནི་བྱང་ཆུབ་སྙིང་པོ་སྟེ། རང་བཞིན་གྱི་དོན་འདོད་པ་བསྒྲུབས་པའི་ཕྱིར་རོ། །ལ་ཞེས་པ་ནི་རྟེན་གནས་བརྟན་པའོ།།
གནས་པ་ནི་མངོན་དུ་གྱུར་པའོ། །བར་དུ་ཞེས་པའ་ནི་དུས་མཐར་ཕྱིན་པའི་ཚད་བསྟན་པའོ། །ལྷག་མ་ནི་བཤད་ཟིན་ཏོ། །དེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མ་བསྒྲལ་བ་རྣམས་བདག་གིས་བསྒྲལ་ལོ་ཞེས་བྱ་བ་ལ་སོཌ་པ་བཅོམ་ལྡན་འདས་ཀྱིས་རྒྱུད་ལས་སིལ་བུ
བསྟན་པ་ལས། འདིར་མུ་གཅིག་ཏུ་བྱས་པ་ལས་རེག་ཞིག་ངན་སོང་གསུམ་བསྒྲལ་བའི་དོན་ནི་མ་བསྒྲལ་བའི་སེམས་ཅན་རྣམས་ཞེས་ཏེ། མ་བསྒྲལ་བ་ཡང་ཡིན་ལ་སེམས་ཅན་ཡང་ཡིན་པས་ནི་མ་བསྒྲལ་བའི་སེམས་ཅན་ཏེ། །ངན་སོང་གསུམ་མོ། །དེ་ལ།
མ་བསྒྲལ་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་གཟིར་པས་དགེ་བའི་སེམས་ཀྱི་དྲན་པ་ཉམས་ཏེ་ངན་སོང་གསུམ་ལས་མི་ཐར་བའི་ཕྱིར་རོ། །སྡུག་བསྔལ་ཀྱི་སྡུག་བསྔལ་ནི་འདི་ལྟ་སྟེ། ཚ་གྲང་དང་བཀྲེས་བསྒོམ་ལ་སོཌ་པའོ། །ཀུན་གཞི་དང་ལྡན་པ་སྟེ་དགེ་མི་དགེའི
ལས་སེམས་ཀྱིས་བསྡུད་པ་ན་སེམས་ཅན་ཏེ། ལངཀར་གཤེགས་པ་ལས་ནི་སེམས་ཀྱིས་སྡུད་པར་བྱེད། །ཡིད་ཀྱིས་ཀྱང་ནི་རྣམ་པར་རྟོག་།ལས་ནི་མཐོང་པར་རྟོཌ་པ་ཡིན་ཞེས་གསུངས་སོ། །དེ་རྣམས་ལྷ་དང་མི་ཐོབ་པར་བྱེད་བས་ན
བསྒྲལ་བ་སྟེ། ཆོ་འཚལ་ཆེན་པའི་མཐུས་སྡུག་བསྔལ་བཅོམ་ལྡན་འདས་དགེ་བའི་སེམས་སྐྱེད་པར་བྱས་པས་ཏེ། དཔེར་ན་འཕཌ་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཚ་བའི་དམྱལ་བར་གཤེཌ་ནས་དམྱལ་བའི་ས་གཞི་མཚོར་བསྒྱུར་བ་ལ་སོཌ་པ་ལྟ་བུ
སྟེ། འདི་སྨྲས་པ། ཐུགས་རྗེ་ཆེ་ལྡན་དམྱལ་བར་ཚད་དུ་གཤེགས། །ས་བཞི་མཚོར་བསྒྱུར་པདྨ་རྣམས་ཀྱང་སྐྱེས། །ཚ་བ་རྣམས་ནི་སྡུག་བསྔལ་ཉིད་བྲལ་ཏེ། དགེ་བའི་སེམས་ཀྱི་དྲན་པ་བསྐྱེད་པར་མཛད། །དེ་བཞིན་ཁབ་ཀྱི་མཆུ་ཅན་ལ་སོཌ་པའི། །ཁལ་ཕྱག
གིས་བདུད་རྩིའི་རྒྱུན་ཕབ་ནས་བཀྲེས་བསྐོམ་བཅོམ་ནས་དགེ་བའི་སེམས་ལ་བཀོད། །བུང་བ་ལ་སོཌ་བཟུགས་ཀྱིས་སྒལ་མཉམ་དུ། དཀོན་མཆོག་མཚན་བརྗོད་དགེ་བ་ཐོབ་པར་མཛད། །ཅེས་ཟ་མ་ཏོག་གི་མ་གི་ལས་བསྟན་པ་བཞིན། དོན
ཅེས་བྱ་བ་ནི་སེམས་སྐྱེད་པའི་དགོས་པའོ། །ལྷ་དང་མིའི་དོན་ནི་མ་གྲོལ་བའི་ཞེས་བྱ་བ་ལ་སོཌ་པ་སྟེ། འདོད་ཆཌ་ལ་སོགས་པས་ཅིངས་པའི་ཕྱིར་རོ། །དེ་དག་ལ་མ་ཆཌ་པ་དང་བྱམས་པ་ཡང་དག་པའི་ལྟ་བ་བསྐྱེད་ནས་འཁོར་བ་ལས་ཐར་པར
བྱས་པ་ནི་སྒྲོལ་བ་སྟེ། ཐར་པའི་ཆ་ལ་བསྐྱེད་པའོ། །ཉན་ཐོས་ལ་སོཌ་པས་དབུགས་དབྱུང་བའི་དོན་ནི། དབུགས་མ་ཕྱུང་བའོ་ཞེས་པ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་བཀག་ནས་ཤིན་ཏུ་སྟོང་པ་ལ་གནས་པའི་ཕྱིར་རོ། །དེ་དག་ལ
ཐེག་པ་ཆེན་པོའི་དོན་བསྟན་ནས་ཏེ། འཁོར་པའི་འཇིགས་པ་བསལ་བ་ནི་དབུགས་དབྱུང་བ་སྟེ། གཞན་དོན་ལ་བཙུད་པའོ། །བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ནི་ཡོངས་སུ་ཞེས་བྱ་བ་ལ་སོཌ་པ་སྟེ། ཐུགས་རྗེའི་དབང་གིས་འཁོར
པ་གནས་པའི་ཕྱིར་རོ། །དེ་དག་ལ་མི་དམིགས་པའི་སྙིང་རྗེ་ཆེན་པོ་བསྟན་པས། ཡོངས་སུ་མྱང་ན་ལས་འདའ་བ་སྟེ། ཡོངས་སུ་མ་ལུས་པའི་གོ་འཕང་མི་གནས་པའི་མྱ་ངན་ལས་འདས་པའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བའི་ཐབས་བསྟན་པ་ནི་དེ
ལྟར་ཞེས་བྱ་བ་ནས་ཏེ། དེ་ལྟར་ཞེས་པའི་ཚིག་གིས་འདས་མ་ཐག་པ་མཚོན་པའོ། །ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པས། འཇིག་རྟེན་པའི་ཐ་སྙད་ཀུན་ལ་ཚིག་དང་ཡི་གེ་བསྟན་པའི་སྒོ་ནས་འཇུག་པ་དེའི་ཆ་ནི་ཀུན་རྫོབ་ཀྱི་རྣམ་པ་ཞེས་བྱ་བ
སྟེ་བྱེ་བྲག་ཏུ་འབྱེད་དོ། །དེ་སྨིན་པ་བྱང་ཆུབ་ཀྱི་ངོ་བོ་བསྐྱེད་ནས་ཞེས་བྱ་བ་ལ། དེ་ལྟ་སྨོན་པ་ནི་དོན་དུ་གཉེར་བའི་ངོ་བོ་སྟེ་གཞན་གྱི་དོན་དུ་བདག་སངས་རྒྱས་པར་དོན་པའི་ཕྱིར་རོ། །སྨོན་པ་དེ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་ཤེས་ཏེ། མི་དམིཌ་པའི་སྙིང་རྗེ
ཆེན་པོའོ། །དེའི་རང་བཞིན་ནི་ངོ་བོ་སྟེ་སྙིང་ཆེན་པོའོ། །རང་གི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་སྨོན་པའི་སྒོ་ནས་རྐྱེན་བཞིས་འདུས་བྱས་པ་ནི་བསྐྱེད་པ་སྟེ། ཡིད་ལས་མངོན་དུ་བྱས་སོ། །དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྒོ་ནས་བསྐྱེད་པའི
ཐབས་བསྟན་པ་ནི་དོན་དམ་པ་ནི་ཞེས་བྱ་བ་ནས་ཏེ། དེ་ལ་དོན་དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པས་དམིཌ་པའི་སྡུག་བསྔལ་ཐམས་ཅད་མེད་པ་མྱ་ངན་ལས་འདས་པ་སྟེ། འཕཊ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །དེའི་ཕྱིར་བྱང་ཆུབ་ཏུ་སེཾས
བསྐྱེད་པར་བྱའོ་ཞེས་པ་དང་བྲེལ་ལོ། །དེ་ཇི་ལྟར་བསྐྱེད་པར་བྱ་བ་ཞེ་ན། བསྒོམ་པའི་སྟོབས་གྱིས་ཏེ། དེ་ལ་བསྒོམ་པ་ཆོས་ཉིད་ལ་མཉམ་པར་བཞག་པའི་ཡོན་ཏན་སེམས་ལ་ཆཌ་པར་བྱེད་པའོ། །དེའི་ནུས་པའི་ཁྱད་པར་ནི་སྟོབས་ཏེ་ཡེ་ཤེས་ཀྱི་སྟོབས་སོ། །
བྱང་ཆུབ་ཀྱི་སེམས་དེ་ཉིད་གང་གིས་སྐྱེད་ཅེ་ན། དེ་བསྟན་པ་ནི་སྔཌ་ཀྱི་སྒོ་ནས་ཞེས་བྱ་བ་ལ་སོཌ་པ་སྟེ། དེ་ལ་སྔཌ་ནི་ཤེས་སྐྱོབ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་སྙིང་རྗེའི་རང་བཞིན་སངས་རྒྱས་ནས་བཟླས་པའི་ཕྱིར་རོ། །དེ་དང་པོ་ནས་དང་དུ་ལེན
པའི་སེམས་ནི་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་སྟེ། དེ་ལ་དང་པོ་འཇུག་པའི་ཐེག་པ་ནི་སྒོའོ། །དམ་ཚིག་གི་སྡོམས་པ་བསྲུང་ཞིང་ཟླ་བའི་དཀྱིལ་འཁོར་དང་ཡིག་འབྲུ་ལ་སོཌ་པ་བསྒོམ་པའི་མངོན་པར་རྟོགས་པའི་རིམ་པ་ནི་དབྱང
བའོ། །དེ་རྩེ་གཅིག་ཏུ་བསྒོམ་པ་ནི་སྦྱོད་པའོ། །སྔཌ་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་ཡང་ཡིན་ལ། བྱང་ཆུབ་སེམས་དཔའ་ཡང་ཡིན་པས་ན། སྔཌ་ཀྱིས་སྒོ་ནས་སྦྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སྟེ། རྣལ་འབྱོར་ཕོ་མོ་ལ་བྱའོ། །དེ་དག་གིས་ཀྱང་བྱང
ཆུབ་སེམས་བརྟན་པར་བྱེད་པས་ན་རྒྱུ་ལ་འབྲས་བུའི་མིང་བཏགས་པའོ། །ཡང་ན་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་པར་བྱའོ། །ང་ནི་ཆོས་འདི་ཡིས་འགྲེལ་པ་རྩོམ་པ་ནི། དེ་ནིས་དེའི་ངོ་བོ་ཉིད་བཤད་དོ། །ཞེས
བྱ་བ་ལ་སོཌ་པ་སྟེ། དེ་ནས་ཞེས་བྱ་བ་ནི་རྩ་འགྲེལ་ལ་སོཌ་མཛུག་སྤྲེལ་པའི་ཚིག་གོ། ཡང་ན་བཀྲ་ཤིས་ཀྱི་ཚིག་སྟེ། ཡི་གེ་ཐམས་ཅད་ཀྱི་མཆོག་ཨ་ཡིན་པའི་ཕྱིར་ཨ་ནི་ཡིག་འབྲུ་ཀུན་གྱིས་མཆོག་ཅེས་འབྱུང་བའོ། །དེའི་ཞེས་བྱ་བ་ནི་རྩ་པ
ལས་མཚོན་པའོ། །ངོ་བོ་ཉིད་ནི་རྩ་བའི་ནང་བཞིན་ནོ། །བཤད་པ་ནི་འགྲེལ་པའི། །དེ་ལ་རེ་ཞིག་རྟོག་པ་མངོན་དུ་བྱེད་པའི་སེམས་དང་པ་བསྐྱེད་པ་དང། རང་གི་བྱ་པ་འདི་ལ་བར་ཆད་ཞི་བར་གྱུར་ནས་མཐར་ཕྱིན་པར་བྱ་བ་དང། རང་གི་སྟོན་པ་བཅོམ
ལྡན་འདས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པར་འདོད་ནས། འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱག་འཚལ་བ་གསུངས་པ་ནི། བྱང་ཆུབ་སེམས་ཀྱི་ཞེས་བྱ་བ་ལ་སོཌ་པ་སྟེ། དེ་ལ་བྱང་ཆུབ་སེམས་ནི་སྟོང་པ་ཆེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཏེ། ཆོས་ཐམས་ཅད
བྱིན་ཅི་མ?་ལོག་པར་ལྷག་པར་རྟོཌ་པའི་ཕྱིར་རོ། །དེའི་རང་བཞིན་དུ་གྱུར་པ་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅེས་པ་སྟེ་བདག་གི་དགྲ་ནི་ལྔ་བཞིན་ལྔ། ཤེས་པར་བྱ་བའི་བདག་ཉིད་དུ་ལྟ་བ་ནི་མ་ཡིན་ནོ། །དེའི་རྣམ་པར་སྨིན་པ་དུས་གསུམ་གྱི་དེ
བཞིན་གཤེཌ་པ་ཐམས་ཅད་ཀྱི་རྟེན་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་གཟུགས་ཤེས་ཏེ། རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ནི་ཡེ་ཤེས་གྱི་ཚོཌ་རང་གི་དོན་ཕུན་སུམ་ཚོཌ་པའི་སྒོ་ནས་བསྟོད
པའོ། །ཡང་དཔལ་ལྡན་དེ་ལྷའི་རིགས་ཕུན་སུམ་ཚོཌ་པ་དང་ལྡན་པའི་ཕྱིར་རོ། །ཡང་ན་རྡོ་རྗེ་སེམས་པའི་སྐུ་ཕྱག་རྒྱ་ཆེན་པོ་དང་ལྡན་པས་ན་དཔལ་ལྡན་ནོ། །དེ་ནི་བསོད་ནམས་གྱི་ཚོཌ་གཞན་གྱི་དོན་ཕུན་སུམ་ཚོཌ་པའི་སྒོ་ནས་བསྟོད་པའོ། །རྡོ་རྗེ་ནི
ཡེ་ཤེས་ལྔ་དང་རིཌ་ལྔའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དེས་ཕྱིན་ཅི་མ་ལོག་གི་ཉོན་མོངས་པ་བཅོམ་པས་ནས་མཚོན་ཆའོ། །དེ་ཡེ་ཤེས་ཀྱི་རྟཌ་སུ་ཕྱག་ན་ལྡན་པས་ཅན་ཞེས་བྱའོ། །དེ་ནི་ཕྱག་མཚན་གྱི་སྒོ་ནས་བསྟོད་པའོ། །བཏུད
པ་ནི་ལུས་ལ་སོགས་པས་ཕྱག་འཚལ་པའོ། །དེ་ལ་རང་དང་བཞན་གྱི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པའོ། །ཡན་ལག་ལྔ་ཡིས་ས་ལ་རེག་པར་ཐལ་མོ་སྦྱར་བ་དང། སེམས་ལ་མདུན་དུ་བྱས་པའི་ཚུལ་གྱིས་སོ། །ད་ནི་དབུ་ཞབས
ཀྱི་དོན་དུ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་སྲིད་པ་འཇོམས་ཞེས་ཏེ་བྱང་ཆུབ་སེམས་སྒོམ་པ་ནི་བཤད་ཟིན་ཏོ། །དེ་ཅི་འདྲ་ཞེ་ན་སྲིད་པ་འཇོམས་པ་སྟེ། དེ་ལ་སྲིད་པ་ནི་ཉེ་བར་ལེན་གྱི་ཕུང་པོ་ལྔའི་རང་བཞིན་འདོད་པ་དང། གཟུགས་དང། གཟུགས
མེད་པའི་སྲིད་པ་སྟེ། འབྱུང་ཞིང་འགྱུར་བའི་ཕྱིར་རོ། །དེ་རང་བཞིན་གྱིས་སྒྱུ་མ་དང་འདྲ་བར་ཤེས་པ་ནི་སྲིད་པ་འཇོམས་པ་སྟེ། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོཌ་པའོ། །བཤད་པར་དམ་བཅའ་བ་ནི་བདག་གིས་བཤད་ཅེས་གསུངས་ཏེ། འཕཌ་པ་ཀླུ་སྒྲུབ་བདག
གིས་ཚིག་གི་གནས་ལྔ་དང་ལྡན་པར་འགྲེལ་པའོ། །དེ་གང་ཞེ་ན། ངེས་པའི་ཚིག་དང། དེའི་རྒྱུ་དང་དཔེ་དང། ཉེ་བར་འགྲོ་བ་དང། ངེས་པར་འགྲོ་པའོ། །དོན་དམ་བྱང་ཆུབ་ཀྱི་སེམས་ཆེར་བཞག་པའི་དོན་དམ་བདག་དང་ཕུང་པོ་ཞེས་པ་ནས་ཏེ། བདག་དང་ཕུང་པོ་ནས་སྔ?་མ
བཞིན་ནོ། །སོགས་པ་ཞེས་པ་ནི་གཉིས་ཀ་ལ་མཚོན་པ་ཡིན་ཏེ། བདག་ལ་སོཌ་པ་ནི་སེམས་ཅན་ལ་སོགས་བཅོ་ལྔའོ། །ཕུང་པོ་ལ་སོཌ་པ་དང། སངས་རྒྱས་རྣམ་ཞེས་བྱ་བ་ལ་སོཌ་པ་སྟེ། འཇིག་རྟེན་གྱི་རྡུལ་ཕྲ་རབ་ཇི་སྙེད་དང་མཉམ་པ་རྡོ་རྗེ
ཐེག་པའི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཏེ། སྔ་མ་ལྟར་སད་པ་དང་རྒྱས་པའི་ཕྱིར་རོ། །དེ་ཡང་མུ་གསུམ་ཏེ་དང་པོ་ཡང་དག་པར་རྫོཌ་པའི་སངས་རྒྱས་ཡིན་ལ་བླ་ན་མེད་པ་མ་ཡིན་པ
ནི་ཐེག་པ་ཆེན་པོ་མདོ་སྡེའི་སྒོ་ནས་སངས་རྒྱས་ཏེ། རྡོ་རྗེའི་ཐེག་པ་བླ་ན་ཡོད་པའི་ཕྱིར་རོ། །གཉིས་པ་གཉིས་ག་ཡིན་པ་ནི་གསང་སྔཌ་རྡོ་རྗེ་ཐེག་པའི་སངས་རྒྱས་ཏེ། མཐར་ཐུག་པའི་ཕྱིར་རོ། མུ་གསུམ་པ་གཉི་ག་མ་ཡིན་པ་ནི་ཐེག་པ་ཆུང་ངུའི་སངས་རྒྱས་ཏེ
ཐེག་པ་ཆེན་པོ་གོང་ན་ཡོད་པའི་ཕྱིར་དང། ཤེས་བྱའི་སྒྲིབ་པ་མ་སྤངས་པས་ཡང་དག་པར་རྫོཌ་པའི་སངས་རྒྱས་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས་འདོད་ཅེས་འབྲེལ་ལོ། །དེའི་མཚན་ཉིད་འདྲ་ཞེ་ན། སྟོང་པའི་མཚན་ཉིད་དེའི
རང་བཞིན་མེད་པ་ལ། སྤྱིའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ་།རྟག་ཏུ་ཞེས་པ་ནི་རྒྱུན་མི་འཆད་པ་སྟེ་སྐད་ཅིག་ལ་སྐྱེ་ཞིང་འཇིག་པའི་དུས་གསུམ་མོ་འདོན་འདོད་པ་ནི་དོན་དམ་པར་དབུ་མའི་མཚན་ཉིད་ཀྱི་ལྟ་བར་ཕྱེ་ནས་འདོན་པའོ། །བྱང་ཆུབ་སེམས་དེ་ཇི
ལྟར་བསྒོམ་ཞེ་ན། སྙིང་རྗེས་བརླན་པའི་ཞེས་པས་ནས་ཏེ། སྙིང་རྗེ་ནི་རྣམ་པར་འཚེ་བའི་གཉེན་པོ་སྟེ། ཞེ་སྡང་མེད་པའི་ངོ་བོ་སྡུག་བསྔལ་དང་དེའི་རྒྱུ་དང་བྲལ་བར་བྱེད་པའི་མཚན་ཉིད་དོ། དེ་ཡང་དོན་གྱི་རྣམ་པ་བརྒྱད་དང་ལྡན་པའི་སྙིང་རྗེ་ཆེན་པོ་སྟེ། འདི
ལྟར་རང་བཞིན་དང་རྣམ་པ་དང། དམིཌ་པ་དང། ས་དང་རིགས་དང། དད་པ་དང། སྐྱབས་མེད་པ་ལ་སྐྱབས་སྤྱིན་པ་དང། མི་མཉམ་པ་དང་མཉམ་པའོ། །དེ་ལ་རང་བཞིན་ནི་དུས་གསུམ་མེད་པའི་རང་བཞིན་ནོ། །རྣམ་པ་ནི་སྡུག་བསྔལ་གསུམ་པ་སྙིང་རྗེ་བའོ། །དམིཌ་པ
ནི་གཅིག་ནས་ཁམས་གསུམ་གྱི་སེམས་ཅན་པ་སྙིང་རྗེ་པའོ། །ས་ནི་མི་ལྕོགས་པ་མེད་པ་དང། བསམ་ཏན་ཁྱད་པར་ཅན་དང། བསམ་ཏན་བཞི་པ་ལ་སྙིང་རྗེ་བའི་ཕྱིར་རོ། །དེས་འཇམ་རིགས་ནི་ཉན་ཐོས་དང་རང་རྒྱལ་བ་དང་སོ་སོའི་སྐྱེ་བོ་ལ་སྙིང་རྗེ་བའོ། །རྙེད་པ་ནི་འདོད་པ་དང
སྲིད་པའི་རྩེ་མོའི་ཉོན་མོངས་པ་དང་བྲལ་བ་ལ་ཐོབ་པའོ། །སྐྱབས་སྦྱིན་པ་ནི་འཁོར་བ་ཆེན་བོས་འཇིགས་པ་ལའོ། །མི་མཉམ་པ་དད་མཉམ་པ་ནི་གྲངས་མེད་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་པའི་ཕྱིར་རོ། །དེས་འཇམ་པར་གྱུར་པ་ནི་སྙིང་རྗེས་བརླན་པ་སྟེ། ཁོང
ཁྲོ་བ་མེད་པའི་ཕྱིར་རོ། །སྙིང་རྗེས་བརླན་པ་ཡང་དེ་ཉིད་སེམས་ཀྱང་དེ་ཉིད་པས་སྙིང་རྗེས་བརླན་པའི་སེམས་ཏེ། སེམས་ཅན་སྡུག་བསྔལ་པ་དང་དེའི་རྒྱུ་དང་བྲལ་པར་བྱེད་བའི་ཤེས་རབ་ཀྱི་བག་ཆགས་སོ། །ཀྱིས་ཤེས་པ་ནི་སྒོམ་པའོ། །ནིའི་སྒྲ་ནི་ངེས་པའི་དོན
བསྟན་པའོ། །ནན་ཏན་ནི་ཕྱིན་ཅི་མ་ལོགས་པར་སྒོམ་པ་ལ་བསྟན་པའོ། །བསྒོམ་པར་བྱ་ཞེས་པ་ནི་བྱང་ཆུབ་སེམས་ལ་མཉམ་པར་གཞག་པའི་སྟོན་སེམས་གོམས་པར་བྱེད་པའོ། །བྱང་ཆུབ་ཀྱི་སེམས་དེ་དུས་གསུམ་གྱི་སངས་རྒྱས་ཀྱི་ས་བསྒོམ་ཞེས་སོ། །བསྟན
པ་ནི་སངས་རྒྱས་སྙིང་རྗེའི་ཞེས་བྱ་བ་ལ་སོཌ་པའོ། ། །།ད་ནི་སྔར་དངོས་པོ་དང་ཐམས་ཅད་བྲལ་ཞེས་བྱ་བ་དེ་འགྲེལ་བ་ནི་མུ་སྟེགས་རྣམས་ཀྱིས་ཞེས་བྱ་བ་ནས་ཏེ། མུ་སྟེགས་པའི་བྱེ་བྲག་ལ་སོཌ་པའོ། །དེ་དག་གིས་མེད་པའི་ཕྱིན་ཅི་ལོག་པར་སྒྲོ་འདོག
པར་ནི་བཏགས་པ་སྟེ་བདག་ཡོད་ཞེས་སྨྲའོ། །པང་གིས་སྒྲ་ནི་སྤྱིར་བསྟན་པ་སྟེ། བདག་དང་གང་ཟག་ལ་སྩོཌ་པ་གང་ཡང་རུང་པ་ཞེས་བྱ་བའི་ཟ་ཚིག་གོ་དེ་དང་འབྲེལ་པ་དེའོ། །རིཌ་པ་ནི་མངོན་སུམ་ལ་སོཌ་པའོ། །དེ་ཡང་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ
བ་སྟེ་། དབང་པོ་ལ་སོཌ་པའོ། །རྗེས་སུ་དཔག་པ་ནི་ཚུལ་གསུམ་ལ་སོཌ་པས་དཔྱད་པ་སྟེ། རང་གི་དོན་ལ་སོགས་པའི། །བརྟཌ་པ་ནི་དཔྱད་ནི་བའོ། །རིག་པས་དཔྱད་པ་འདིར་འགྱུར་ཏེ། ཕུང་པོ་ཀུན་གྱི་ནང་ན་ནི་བདག་པོ་འགའ་ཡང་སྙེད་དོ། །སྣོད་ལ་རྫས་བཞག་པ་ལྟར་རྣམ?་
དེ་དང་ཐ་མི་དད་བའི་བདག་ཀྱང་མེད་དོ་ཞེས་བསྟན་པའོ། ། །།དེ་ཉིད་རྟག་དང་ནི་ཕུང་པོ་ཡོད་པ་སྟེ་།མི་རྟག་རྐྱེན་གྱི་དབང་དུ་འགྱུར་བའི་ཕྱིར་རོ། །དེ་དང་འདྲ་བའི་བདག་གཟུགས་མིན། །ཕུང་བོ་ལྟར་མི་རྟག་པ་བདག་ངོ་བོ་མ་ཡིན་ཏེ་།ལུས
ཀྱི་ཕུང་པོ་བརྫེ་བ་ལ་གཅིག་པོར་ཞིང་གཅིག་ལ་ཞུགས་ནས་རྒྱུན་མི་ཆད་པར་རྟག་བར་བདག་ཅེས་མུ་སྟེགས་པ་འདོད་དོ། །དེ་ལྟར་བས་ན་ཕུང་བོ་གང་ཡིན་ན་བདག་ཡིན་ཞེས་ཐ་མི་དད་པར་གྲུབ་པ་མ་ཡིན་ནོ། །འོན་སྣོད་དུ་བཞག་པའི་རྫས་ལྟར་གྲུབ་བོ་ཞེ་ན།
རྟེན་དང་བརྟེན་པའི་ཚུལ་གྱིས་ཀྱང། །རྟག་དང་མི་རྟག་འགའ་ཡང་མེད། །བརྟེན་ནི་སྣོད་ལྟ་བུ་སྟེ་ཕུང་པོའོ། །བརྟེན་པ་ནི་རྫས་ལྟ་བུ་སྟེ་བདག་གོ། དེ་ལྟ་བུའི་ཚུལ་གྱིས་ཀྱང་རྟག་པ་དང་ནི་མི་རྟག་བ་མེད་དེ་བདེ་བ་དང་།སྡུག་བསྔལ་ལྷན་ཅིག་ཏུ་མི་གནས་པ་ལྟར།
རྟག་པ་ནི་མི་རྟག་པ་དང་ལྷན་ཅིག་ཏུ་མི་གནས་པའི་ཕྱིར་བདག་ཅེས་བྱ་བ་མེད་དོ། །དེ་ལྟར་བདག་མ་གྲུབ་ན་གང་ཟག་ལ་སོཌ་པ་མི་གྲུབ་བས་ནས། བདག་ཅེས་བྱ་བ་དེ་མེད་པས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བྱེད་པ་ནི་བྱེད་པ་པོ་དང་བྱེད་དུ་འཇུག་པ་པོ་ལ
སོགས་པའོ། །ཅིའི་ཕྱིར་ཞེ་ན། ཆོས་ཅན་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྟེ་།བདག་ཆོས་ཅན་བྱེད་མཁན་གྲུབ་ན་བྱེད་པ་པོ་དང། བྱེད་དུ་འཇུག་པ་པོ་ལ་སོགས་པའི་ཆོས་ཡོད་དུ་ཆུག་ན་བདག་མེད་པ་ལ་སོགས་པའི་ཆོས་ཡོད་པར་ག་ལ་འགྱུར་ཏེ། མི་འགྱུར་རོ། །དེ་ལ
ཆོས་ཅན་ནི་བདག་སྟེ་བདག་པོའི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་བདག་གིར་འཛིན་པའི་ཆོས་རྣམས་སོ། །འཇིག་རྟེན་ནི་འཁོར་བ་སྟེ་སྐྱེ་ཞིང་འཇིག་པས་མི་རྟག་པའོ། །བསམ་པ་འཇུག་པའི་ཆོས་ཅན་ཡོད་ན་ཡོད་ལ
ཆོས་ཡོད་ཆོས་ཅན་ཡོད་ཅེས་ངེས་པར་རྟོགས་པའོ། །དེ་ལྟར་བདག་སུན་ཕྱུང་ནས་བརྟགས་པ་སུན་འབྱིན་པ་ནི་རིམ་གྱིས་ཞེས་བྱ་བ་ནས་དེ་ལ་རིམ་ནི་སྔ་ཕྱིའི་ཅིག་ཅར་ནི་དུས་གཅིག་དུའོ། །ཅི་ཕྱིར་རྟག་དོན་བྱས་པ་མེད་དོ། །རྟག་པ་ནི་རང་བཞིན་དང་དབང
ཕྱག་ལ་སོགས་པ་སྟེ་། གནས་སྐབས་སུ་ཆོས་གཞན་དང་གཞན་དུ་གྱུར་ན་ཡང་རྫས་དེ་བཞིན་དུ་གནས་པར་འདོད་པའི་ཕྱིར་རོ། །དེས་བསྐྱེད་པར་བྱ་བའི་འབྲས་བུ་ནི་དོན་ཏེ་ཕྱིའི་དངོས་པོའོ། །དེ་ཡང་རིག་པས་བརྟགས་ན་རྟག་པའི་དོན་མེད་དེ་རྒྱུ་རྐྱེན་ལ་རག་ལས་པའི
ཕྱིར་རོ། །ཅིག་ཅར་ཡང་བྱ་བར་ཡང་མི་འགྲུབ་སྟེ་སྔ་ཕྱིར་འཇིག་རྟེན་ཐ་དད་ནས་འབྱུང་བའི་ཕྱིར་རོ། །དེ་བས་ན་ཕྱི་དང་ཞེས་བྱ་བ་ལ་སོགས་པ་སྟེ། །ཕྱི་ནི་བདག་གིར་འཛིན་པ་བུམ་པ་ལ་སོགས་པའོ། །ནང་ནི་བདག་ལ་སོགས་པའོ། །གལ་ཏེ་རྒྱུ་རྐྱེན་ལ་བསྡད་པ་ཡིན་ནོ་ཞེ
ན། གལ་ཏེ་ནུས་ན་ཞེས་བྱ་བ་ལ་སོགས་བ་སྟེ། དེ་ལ་གལ་ཏེ་ནི་བརྒྱ་ལམ་ནའོ། །ནུས་པ་མཐུའི་ཁྱད་པར་རོ། །ཅི་སྟེ་ནི་དྲི་བའོ། །བལྟོས་པ་ནི་བསྡེད་པའོ། །དེའི་ཞེས་བ་ནི་རྟག་པའོ། །དངོས་ཀུན་ནི་འཇིག་རྟེན་གྱི་ཁམས་སོ། །དུས་གཅིག་བསྐྱེད་པ་ནི་ཐ་མི་དད་པར་ལྷན་ཅིག་བྱས
པའོ། །གལ་ཏེ་ཞེས་བྱ་བ་ནི་རིམ་པ་བཞག་བསྙེག་པའོ། །གཞན་ལ་བལྟོས་པ་ཡིན་ན་ཞེས་བྱ་བ་ནི་རྒྱུ་རྐྱེན་ལ་བསྡད་པའོ། །དེ་བས་ན་རྟག་དང་ནུས་པ་ལྡན་མིན་ཞེས་ཏེ་།དུས་གཅིག་ཏུ་བྱས་པ་མ་ཡིན་པའི་ཕྱིར་དང་།རྒྱུ་ལ་བལྟོས་པའི་ཕྱིར་རོ། །དེ་ལྟ་བས་ན་གལ་ཏེ
དངོས་པོ་བརྟགས་པ་ཉིད་མེད་དེ་། རིགས་པས་བརྟགས་ནས་དངོས་པོ་ཐམས་ཅད་མི་རྟག་བར་འགྱུར། མི་རྟག་པ་དེ་དག་ཐག་པས་དངོས་པོ་སྐད་ཅིག་ལ་།སྐད་ཅིག་མ་རེ་རེ་ལ་སྐྱེ་ཞིང་འཇིག་པའི་ཕྱིར་རོ། །དེ་ལ་རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་ལ་རྒྱུ་འབྲས་ཉིད་དུ
རྒྱུ་བྱས་བའི་རྒྱུ་དེ་མུ་སྟེགས་བའི་རྟག་པ་ཤེས་པར་བྱའོ། །དངོས་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སྐད་ཅིག་མ་ནི་དུས་ཀྱི་མཛའ་སྟེ་རྩལ་པོ་ཆེན་སེ་གོལ་གཅིག་ལ་དུས་ཀྱི་ཆ་དྲུག་ཅུ་རྩ་ལྔ་དགག་པའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་མི་རྟག་པའི་ཕྱིར
བྱེད?་པ་གང་གི་ས་མི་སྐུའོ་ཞེས་སྟེ་། དེ་ལྟ་མི་རྟག་པའི་སྐད་ཅིག་ལ་སྐྱེ་ཞིང་འཇིག་པ་སྟེ་།ངོ་བོ་ཟིན་མ་ཐག་འདས་པའི་ཕྱིར་རོ། །བྱེད་པ་ནི་དབང་ཕྱུག་ལ་སོགས་པའོ། །གང་གིས་བསླུའི། །ཞེས་བྱ་བ་ནི་བདེ་ནི་བདེ་དང་ལྡན་པའི་ལྟ་བ་གང་གི་ཀྱང་བཟློག་པར་མི
བྱེད་དོ། ཞེས་བྱ་བ་ནི་ཐ་ཚིག་གོ་།དེ་ལྟར་མུ་སྟེགས་པའི་ལྟ་བ་བཀག་ནས་ཉན་ཐོས་ཀྱི་ལྟ་བ་གཙོར་བོར་བཞག་པ་གསུངས་པ་ནི། གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་གཟུགས་ནི་ཐོགས་པ་དང་བཅས་ཤིང་རེག་ཏུ་ཡོད་པའི
ཕྱིར་རོ། །དེ་ཡང་བཅུ་ཅིག་སྟེ་དབང་པོ་ལྔ་དང་།ཡུལ་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའི་ཕྱི་ཟུགས་སོ། །ཚེར་བ་ནི་བདེ་བ་དང་སྡུག་བསྔལ་དང་གཏང་སྙོམས་ཏེ། ཡང་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་བཅོ་བརྒྱད་དོ། །འདུ་ཤེས་ནི་མཚན་མར་འཛིན
པའི་བདག་ཉིད་དོ། །འདུ་བྱེད་ནི་ཕུང་པོ་བཞི་ལས་གཞན་པའི་མཚན་ཉིད་དེ། །ལྡན་པ་མ་ཡིན་པའི་གཟུགས་དང་སེམས་ལ་བྱུང་བའི་ཆོས་གྲངས་མེད་པས་སོ། །ཕུང་པོ་ལྔ་ཆར་འདུ་བྱེད་ཡིན་པ་ལ་།འདི་གཅིག་པུ་ལ་འདུ་བྱེད་ཀྱི་ཕུང་པོར
ཅིའི་ཕྱིར་གདགས་ཤེས་ནས་། གཟུགས་དང་སེམས་དང་སེམས་གང་ཡང་མ་ཡིན་པ་འདུ་བྱེད་བཅོམ་ལྡན་པ་མ་ཡིན་པ་བཅུ་བཞིའོ། །རྣམ་པར་ཤེས་པ་ནི་སོ་སོའི་རྣམ་པར་རིག་པའི་མཚན་ཉིད་དེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ
དྲུག་དང་ཡིད་དོ། །དེ་རྣམས་ཕུང་པོ་ལྔ་ཞེས་ཏེ་།བཞི་དང་དྲུག་གསུམ་ཕྱུང་བ་ལྷ་སྦྱིན་གྱིས་སྨྲས་པ་ལྟར་ཕུང་པོ་དྲུག་མེད་མེད་པའི་ཕྱིར་རོ། །གསུངས་པ་ནི་ཐེག་པ་ཆུང་དུ་ལས་དུས་གསུམ་དང་།གཏམ་ཞི་དང་།ངེས་པར་འབྱུང་བ་དང་བཅས་པ་དང
བཞི་དང་བཅས་པ་ཡང་ཕུང་པོ་ལྔ་ཞེས་པ་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་བསྟན་ཅེ་ན་ཉན་ཐོས་རྣམས་ལ་ཕན་འདོད་པ་སྟེ། ཉན་ཐོས་ནི་དགྲ་བཅོམ་པའི་སངས་རྒྱས་ཏེ། སྟོན་པ་ལ་ཉན་ཅིང་ཐོས་ནས་ངེས་པར་འབྱེད་པའི་ཆ
བཞི་ཆེ་གཅིག་ལ་མངོན་དུ་གྲུབ་པའི་ཕྱིར་རོ། །ཕན་བ་ནི་ཕྱིས་ལེགས་པའོ། །ད་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་དང། གཟུང་དང་འཛིན་པ་རྣམ་པར་སྤངས་ཞེས་པའི་འགྲེལ་པ་ནི། །འཛིན་རྟེན་བདག་སོགས་མེད་པ་ལ་ཞེས་བྱ་བ་ལ་སོགས
གསུངས་ཏེ། སོགས་པའི་སྒྲ་ནི་གང་ཟག་ལ་སོག་པ་བཅོ་ལྔ་བསྡུའོ། །དཔྱོད་ན་མ་གྲུབ་པ་ནི་མེད་པའོ། །དེ་འདྲ་བའི་ཕུང་པོ་ཙམ་ཡང་གཞོམ་པར་བྱ་སྟེ་།ཐེག་པ་ཆེན་པོ་ལ་ཕུང་པོ་ལྔ་བཀག་ནས་ཁམས་གསུམ་ལ་སོགས་པའི་རང་བཞིན་རྣམ་པར་རིག
པ་ཙམ་དུ་བཞག་པའོ། །ཕུང་པོ་ཁོ་ན་བཀག་པར་མ་ཟད་ཀྱི་ཁམས་དང་ཞེས་བྱ་བ་ལ་སོགས་པ་དག་ང་སྟེ་།ཇི་ལྟར་བཞག་ཅེ་ན། གཟུགས་ནི་དབུ་བ་འདྲ་ཞེས་བྱ་བ་ལ་སོགས་པ་སྟེ། རང་བཞིན་གྱིས་མཉམ་ཆུང་བས་དབུ་བ་སྟེ་རེག་ཏུ་མེད་པའི་ཕྱིར་རོ། །དེ་ལྟར
གཟུགས་ཀྱང་ངོ། །བྱུང་མ་ཐག་ཏུ་འཇིག་པ་ནི་ཆུ་བུར་ཏེ་ཚོར་བ་ཡང་བདེ་བྱུང་མ་ཐག་ཏུ་སྡུག་བསྔལ་འབྱུང་བས་སོ། །སྣང་ཡང་མེད་པས་སྨིག་རྒྱུ་སྟེ་།དེ་བཞིན་དུ་འདུ་ཤེས་ཀྱང་ཀ་བ་ཞེས་བྱ་བ་རྩེ་མོ་དང་།དབུས་དང་།རྩ་པར་ཕྱེ་ན་དེའི་འདུ་ཤེས་མེད་པར
སྙིང་པོ་མེད་པས་ཆུ་ཤིང་སྟེ་། འདུ་བྱེད་ཀྱང་འཁོར་བའི་ཆོས་སུ་ཕྱི་རོལ་ཏུ་སྣང་ཡང་སྙིང་པོ་མེད་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཡིན་པའི་ཕྱིར་རོ།། གཞན་བསླུ་བས་ན་སྒྱུ་མ་སྟེ། དེ་བཞིན་དུ་རྣམ་པར་ཤེས་པས་ཀྱང་ཤེས་པ་དང་ཤེས་བྱ་མེད་པོ་ལ་ཤེས
པ་བཞིན་སྣང་བའི་ཕྱིར་རོ། །དེ་ལྟར་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ལ་བསྟན་པ་ནི་བསླབ་པར་བྱ་བའི་ཆོས་སོ། །ཐམས་ཅད་དུ་ཞེས་པ་ནི་རྣམ་པ་ཐ་དད་པ་མ་ལུས་པའོ། །བྱང་ཆུབ་སེམས་ནི་ས་བཅུ་པ་རྣམས་ལའོ། །ལ་ཞེས་བྱ་བ་ན་ཡུལ་ལོ། །བསྟན་པ་ནི་རྗེས་སུ
སློབ་པའོ། །དེ་ལྟར་ཕུང་པོ་ལྔའི་རང་བཞིན་མེད་པར་བསྟན་ཏོ་ཞེས་བྱ་བ་ཡིན་ནོ། །དབུ་བ་ལ་སོཌ་པ་རྣམས་གང་ཞེ་ན་འབྱུང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ལ་སོགས་པ་ནི་གཟུགས་ཆེ་ཕྲ་ཡོད་དོ་ཅོག་གི་འབྱུང་གནས་དང་།གཟུགས
ཀུན་ལ་སྤྱིའི་མཚན་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །དེ་བས་ནམ་མཁའ་ནི་འབྱུང་བ་མ་ཡིན་ཏེ་།ཀུན་ཏུ་ཁྱབ་པའི་ཕྱིར་རོ། །དེ་རྣམས་ལས་བྱུང་བའི་ཆོས་ནི་འབྱུང་བ་ཆེན་པོ་བཞིའི་དངོས་གཞིའོ། །དེ་ནི་གཟུགས་ཀྱི་ཕུང་པོ་རབ་ཏུ་གསལ་ཞེས་ཏེ་གསལ་བ་ནི?
མངོན་དུ་གྱུར་པའོ། །གཟུགས་མེད་ཉིད་དུ་གཞན་རྣམས་ནི་ཞེས་པ་ནི་མིང་བཞིའི་ཕུང་པོ་གཟུགས་ལས་གཞན་གཟུགས་མེད་པ་སྟེ། ཐོགས་པ་མེད་ཅིང་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟར་ཕུང་པོ་ལྔའི?་ནང་ན་གཅིག་ནི་གཟུགས་དང
བཞི་ནི་གཟུགས་མ་ཡིན་པ་སོམ་ཉི?་མེད་པར་གསལ་བར་ནི་ཐེ་ཚོམ་མེད་པ་སྟེ། ཕུང་པོ་བཞི་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་ཡིན་པའི་ཕྱིར་རོ། །གཟུགས་དང་གཟུགས་མ་ཡིན་པའི་མཚན་ཉིད་ལས་ཁམས་ལ་སོགས་པ
ཡང་གཞན་མ་ཡིན་བ་ནི་ཁམས་ཞེས་བརྗོད་པ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་དབུ་བ་དང་འདྲ་བའི་གཟུགས་ནི་རྫས་སུ་འདོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེས་།གཟུགས་ཀྱི་མཛའ་རྡུལ་ཕྲ་རབ་རྫས་སུ་འདོད་དོ་ཞེ་ན། གཟུགས་ཀྱི་རྡུལ་ཕྲན་ཞེས
པ་ལ་སོགས་པ་སྟེ། གཟུགས་ཀྱི་ཐ་མའི་ཆ་ནི་རྡུལ་ཕྲན་ཏེ་།ཐོགས་པ་མེད་ཅིང་མདུན་རྒྱབ་ཀྱི་ཆ་མེད་པའོ། །དེ་ཡང་གཉིས་ཏེ་བསགས་པའི་རྡུལ་ཕྲ་རབ་དང་།རྫས་ཀྱི་རྡུལ་ཕྲ་རབ་པོ། །དང་པོ་ནི་བརྒྱད་དང་དགུ་དང་བཅུ་བསགས་པའི་ཕྱིར་རོ
དེ་ལ་བརྒྱད་བསགས་པ་ནི་འབྱུང་བ་ཆེན་པོ་བཞི་དང་། གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ་བརྒྱད་ཕན་ཚུན་བསགས་ནས་འབྱུང་བའི་ཕྱིར་རོ། །དབུ་བསགས་པ་ནི་དགྲ་སྟེ་གོང་མ་རྣམས་དང་དགྲ་ཉིད་བསགས་པའི་ཕྱིར་རོ། །བཅུ་བསགས
པ་ནི་ལུམ་ལ་སོགས་པའི་དབང་པོ་སྟེ། གོང་མ་དབུ་དང་ལུས་ལ་སོགས་པ་ཉིད་བསགས་ནས་འབྱུང་བའི་ཕྱིར་རོ། །རྫས་ཀྱི་རྡུལ་ཕྲ་རབ་ནི་གཅིག་པུར་སྣང་བའོ། །རྫས་ཀྱིས་རྡུལ་ཕྲ་རབ་དེས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི
བསྐྱེད་མི་ནུས་པས། །གཟུགས་ཀྱི་རྡུལ་ཕྲན་དབང་ཤེས་མིན་།རྡུལ་ཕྲ་རབ་དེད་བར་པོས་མི་སྐྱོད་པའི་ཕྱིར་རོ། །དེ་ལ་དབང་པོ་ནི་བག་བྱེད་པ་དང་རྟེན་མཛེས་པར་བྱེད་པ་དང་།རང་རང་གི་སྤྱོད་ཡུལ་ལ་དབང་བྱེད་པ་དང་།རང་རང་གི་རྣམ་པར
ཤེས་པ་བསྐྱེད་པར་བྱ་བ་རྣམ་པ་ལ་དབང་བྱེད་པའི་ཕྱིར་རོ། །དེའི་ཤེས་པ་ནི་ཚོགས་དྲུག་གི་རྣམ་པར་ཤེས་པའོ། །མིན་ཞེས་བྱ་བ་ནི་བསྐྱེད་པ་མ་ཡིན་ཞེས་བྱ་བའོ། །དེའི་གཏན་ཚིགས་གསུངས་པ་ནི་བསྐྱེད་པས་འདས་པམ་ཡིན་ལ་ཞེས་བྱ
པ་ལ་སོགས་པ་སྟེ། དབང་པོ་ལས་འདས་པའི་སྤྱོད་ཡུལ་གྱི་རྣམ་པར་ཤེས་པ་བསྐྱེད་པའི་དོན་མི་ནུས་པའི་ཕྱིར་རོ། །འོ་ན་གང་གིས་བསྐྱེད་ཅེ་ན་།དེ་དག་འདུས་པ་ལས་སྐྱེ་སྟེ་།རྡུལ་ཕྲ་རབ་དེ་དག་བརྒྱད་ལ་སོགས་པ་འདུས་པ་བུམ་པ་དང་།སྣམ་བུ་ལ
སོགས་པའི་སྤྱོད་ཡུལ་གྱིས་མིག་ལ་སོགས་པའི་རྣམ་ཤེས་སྐྱེད་པར་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །འདུས་པ་དེ་ཡང་འདོད་པ་མིན་བུམ་སྣམ་ལ་སོགས་པ་ལྟར་རྡུལ་ཕྲ་རབ་འདུས་པའི་སྤྱོད་ཡུལ་ནི་དོན་དམ་པའི་རྫས་སུ་མི་འདོད་པ
སྟེ་། ཅིའི་ཕྱིར་ཞེ་ན་།འཇིག་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་བས་རྡུལ་ཕྲ་རབ་ཀྱིས་ནི་རྣམ་པར་ཤེས་པ་མི་བསྐྱེད་ལ་།འདུས་པས་ནི་བསྐྱེད་ན་ཡང་རྫས་དོན་དམ་པ་མ་ཡིན་པས་ཕྱི་རོལ་ཀྱི་རྫས་ལ་སྤྱོད་ཡུལ་ནི་མེད་དོ། །ཕྱི་རོལ་བའི་རྫས་སུ་ཡོད་པའི་རྡུལ་ཕྲ་རབ
ཀྱང་བཀག་པ་གསུངས་པ་ནི་ཕྱོགས་ཀྱི་ཆ་ཞེས་བྱ་བ་ལ་སོགས་པ་སྟེ་། དེ་ལ་ཕྱོགས་ཀྱི་ཆ་ནི་ཕྱོགས་ཀྱི་ཆ་བཞི་དང་སྟེང་འོག་སྟེ་དྲུག་གོ་།དེ་ལྟར་ཐ་དད་པ་ནི་རབ་ཕྱེ་བས་ཤེའོ། །དེ་བས་ན་ལྟོ་རྒྱབ་ཀྱི་ཆ་མེད་པར་འདོད་པའི་རྡུལ་ཕྲ་རབ་ལ་ཡང་དཔེ་བར་མངོན་ཞེས་ཏེ།
རྫས་སུ་གནས་པའི་ཆོས་ལ་ཕྱོགས་བཞི་ནང་སྟེང་འོག་ཁས་བླངས་དགོས་སོ། །མངོན་ཞེས་པ་ན་བུམ་པ་ལ་སོགས་པའི་གོང་མའི་དོན་ཡིན་པར་གསལ་ཞེས་པའི་དོན་ཏོ། དེའི་ཕྱིར་ཟུར་དང་ཟུར་ཅན་རྟོག་པ་གང་།དེ་ནི་རྡུལ་ཕྲན་ག་ལ་འགྱུར་ཏེ་།དེ་ལ་ཟུར
ཕྱོགས་ཆ་དྲུག་གོ་། ཟུར་ཅན་ནི། རྡལ་ཕྲན་ཏེ་ཟུང་དང་ལྡན་པའི་ཕྱིར་།དེ་དག་ཏུ་ནི་རྟོག་པ་གང་།དེ་ནི་རྡུལ་ཕྲན་ག་ལ་འགྱུར་ཞེས་ཏེ་བསགས་པ་ནི་ཡན་ལག་དང་ལྡན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འོ་ན་གནས་ཀྱི་ཚད་མ་དང་།རིགས་ཀྱི་ཚད་མ་དང།?
དུས་གྱི་ཚེད་མ་དང་དོན་བྱེད་པའི་ཚད་མ་བཞི་དང་འགལ་ལོ་ཞེ་ན་། ཕྱིའི་དོན་རྣམ་པ་ཅིག་དང་།ཡང་ཞེས་བྱ་བ་ལ་སོགས་པ་སྟེ་།དེ་ལ་ཕྱིའི་དོན་ནི་གཟུགས་ལ་སོགས་པ་དྲུག་སྟེ་ཞེས་བྱ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། ཕྱིའི་དོན་ཡང་དེ་རྣམ་པ
གཅིག་ཀྱང་དེ་ཉིད་པས་ཕྱིའི་ཕྱི་དོན་རྣམས་གཉིག་ལ་ཡང་ཞེས་པ་སྟེ་། བདེ་བའི་རྫས་གཅིག་ལ་ཞེས་བྱ་བའི་ཐ་ཚིག་གོ། ཡང་ཞེས་བྱ་བ་ནི་རྣམ་གྲངས་གཞན་ལ་བསྙག་པའོ། །རྣམ་ཤེས་བདེ་བར་རབ་ཏུ་འཇུག་ཅེས་པ་ནི་བདེ་བ་དེ་ལ་ཡང་འཕགས་བ་རྣམ་ཀྱིས་སྡུག
བསྔལ་དུ་དམིགས་ཏེ་འགྱུར་བའི་སྡུག་བསྔལ་གྱི་ཕྱིར་རོ། །དེ་ཉིད་ནི་བདེ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སིམ་པ་དང་སིམ་པ་མ་ཡིན་པ་དེ་དག་བསྐྱེད་པར་འགྱུར་བ་ནི་བྱེད་པའི་གཟུགས་ཏེ་།མཛེས་པ་དང་མི་མཛས་པའོ། །བདེ་བ་དང་སྡུག་བསྔལ་དེ་ཉིད་གཞན་དང
གཞན་དུ་འགྱུར་ཞེས་ཏེ་བདེ་བ་སྡུག་བསྔལ་བདེ་བར་འགྱུར་བའོ། །དེའི་དཔེ་གང་ཞེས་ན་བུང་དཔེར་ན་བུད་མེད་ཅེས་བྱ་བ་ལ་སོགས་ཏེ། གཅིག་ཅེས་བྱ་བ་ནི་གཅིག་ཁོ་ནའི་ལུས་ཏེ་ལང་ཚོ་དང་ལྡན་པའི་ལུས་ཏེ་ལུས་གཅིག་བུ་དེ་ལའོ། །དེ་ལ་ཀུན་ཏུ་རྒྱུ་ནི་མུ་སྟེགས
པ་མི་གཅོད་བ་བསྒོམས་པའོ། །ལྷག་མ་ནི་གོ་སླའོ། །དེ་བས་ན་རིགས་ལ་སོགས་པའི་ཚད་མ་གསུངས་པ་ནི་མེད་པ་ཁོ་ནའོ། །ཕྱི་རོལ་གྱིས་རྫས་མེད་ན་དོན་མེད་པར་ཅི་རུང་དེ་བཞིན་རྨི་ལམ་གནོད་སྦྱིན་དོན་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ་།རྨི་ལམ་ནི་ཉེ་བའི
ཉོན་མོངས་སོ་པ་གཉིད་ཀྱིས་ཟིལ་གྱིས་ནོན་པ་ལ་བག་ཆགས་དང་། ཁམས་དང་མི་མ་ཡིན་པའི་དབང་དུ་གྱུར་ནས་མཐོང་བའོ། །དེའི་རྒྱུས་ཕོ་མོ་ཕྲད་པ་མེད་ཀྱང་ཀླུ་བ་ཟགས་པའི་གནོད་པ་འབྱུང་བ་བཞིན་དུ་ཕོན་བྱེད་པ་སྟེ་།གཟུགས་ལ་སོགས་པ
། ཕྱི་རོལ་གྱི་དོན་མེད་ཀྱང་མཐོང་བ་ལ་སོགས་པའི་བྱ་བ་བྱེད་དོ།། དེ་བས་ན་ངོ་བོ་ཉིད་མ་ཡིན་ནོ་ཞེས་ཏེ་།སེམས་སྣང་བ་ལས་གཞན་དོན་ཕྱེད་བའི་ཕྱིའི་རྫས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གཉིད་ལོག་པ་དང་སད་པ་མི་འདྲའོ
ཞེ་ན་རྨི་ལམ་ནི་ཞེས་བྱ་བ་ལ་སོགས་པ་སྟེ་། ཇི་ལྟར་རྨི་ལམ་ན་རྫས་མེད་པར་གནོད་པ་ལྟར་།སད་པ་ན་ཡང་ཕྱིའི་རྫས་མེད་པ་ཁོ་ནར་དོན་བྱེད་པ་གྲུབ་པ་སྟེ། དཔྱད་ན་གཟུང་འཛིན་འཁྲུལ་བ་ཙམ་ཡིན་པའི་ཕྱིར་རོ། །འོ་ན་གཟུང་འཛིན་གྱི་ངོ་བོ་གང་ལ?་བྱ་ཞེ་ན
གཟུང་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་རྣམ་པར་རྟོག་པའི་དབང་གིས་སེམས་ཙམ་གཟུང་བ་དང་འཛིན་པའི་དངོས་པོ་རྣམས་སོ། །ཞེས་བྱ་བ་ཐ་ཚིག་གོ། དེ་ལ་ཆེ་རུ་ཞེས་པ་ནི་ཁྱད་པར་ཞེས་པའི་དོན་ཏོ། །དོན་དེ་ཉིད་ནི་རྣམ་པར་ཤེས་པ་མེད་པར་ནི།།
ཕྱི་རོལ་ཡོད་པ་འགའ་ཡང་མིན་ཞེའོ། །དེ་ལྟར་རིག་པས་ཕྱི་རོལ་གྱི་དོན་སུན་ཕྱུང་ནས་རྣམ་པར་རིག་པ་སེམས་ཙམ་ཆེར་བཞག་པ་ནི། དངོས་པོ་ཞེས་པ་ནས་ཏེ་།དེ་ལ་ཐམས་ཅད་དུ་ཞེས་བྱ་བ་ནི་གཟུང་འཛིན་གྱི་བདག་ཉིད་བམས་གསུམ་དང་དུས་གསུམ
དང་གཡོ་བ་དང་། མི་གཡོ་བའི་ཆོས་སོ། །དེའི་ཕྱིར་ཞེས་པ་ནི་གོང་གི་གཏན་ཚིགས་བསྙགས་པའོ། །རྣམ་པར་ཤེས་པ་རབ་སྣང་བའི། །གཟུགས་ཀྱི་རྣམ་པར་སྣང་བ་ཡིན་ཞེས་བྱ་བ་ནི་དོན་དམ་པ་ཐོགས་པ་མེད་ཅིང་རེག་ཏུ་མེད་ཅིང་གཟུགས་མ་ཡིན་པའི་རྣམ་པར་ཤེས
པ་ཡང་ཐོགས་པ་དང་བཅས་ཤིང་རེག་ཏུ་ཡོད་པའི་གཟུགས་སུ་སྣང་བ་ཡིན་ཞེས་པའི་ཐེ?་ཚོག་གོ་། ཇི་ལྟར་གཟུགས་མེད་པའི་ཆོས་གཟུགས་སྣང་བ་ཡིན་ཞེ་ན་།ཇི་ལྟར་རྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྟེ་།དེ་ལ་དྲི་ཟའི་གྲོང་ཁྱེར་ནི་འཁྲུལ་བའི་དབང་གིས་བར་སྣང་ལ
སྣང་བའི་རྟ་ལ་སོགས་པའོ། །སོགས་བའི་སྒྲས་ནི་ཆུ་ཟླ་ལ་སོགས་པ་བསྡུའོ། །སྐྱེ་བོ་ནི་སོ་སོའི་སྐྱེ་བོ་སྟེ། ཉོན་མོངས་པ་དང་ལས་ཀྱི་དབང་གིས་སྐྱེ་བའི་ཕྱིར་རོ། །སེམས་འབྲུ?་བ་ནི་སེམས་ཐ་དད་བའོ་དེ་ལྟར་ཞེས་པའི་དོན་གྱིས་མགོ་འདྲིན་པའོ། །སོགས་པའི་སྒྲ
ནི་སྒྲ་ལ་སོགས་པ་བསྡུའོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བསྟན་པ་ཡིན་ཞེ་ན་།བདག་དུ་འཛིན་པ་ལོག་དོན་དུ་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཞེས་བྱ་བ་ནི་ཕུང?་པོ་ལ་སོགས་པའོ། །སྐལ་ཆེན་ནི་བྱང་ཆུབ་སེམས་དཔའ་སྟེ་མཛའ་
ཡས་པའི་འགྲོ་བའི་དོན་བྱེད་པའི་སྐལ་བ་དང་ལྡན་པའི་ཕྱིར་དང་། ཐེག་པ་ཆེན་པོ་ལ་གནས་པའི་སྐལ་པ་དང་ལྡན་པའི་ཕྱིར་དང་།ཁམས་གསུམ་གྱི་མཆོད་པས་མཆོད་པའི་སྐལ་པ་དང་ལྡན་པའི་ཕྱིར་རོ། །སེམས་ཙམ་ཆེར་ན་བཞག་?
ཁམས་གསུམ་ལ་སོགས་པའི་རང་བཞིན་དུ་སེམས་ཙམ་ཁྱད་པར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཆོས་བདག་མེད་པ་མཉམ་པ་ཉིད་འགྲེལ་པ་ནི་སེམས་ཙམ་འདི་ཡིས་སྣ་ཚོགས་སུ་ཞེས་བྱ་བ་ལ་སོགས་པ་ལ་།སྣ་ཚོགས་སུ་ཞེས་བྱ་བ་ནི
གཡོ་བ་དང་། མི་གཡོ་བའི་འཇིག་རྟེན་གྱི་ཁམས་སོ། །དེ་ནི་རྣམ་པ་གཉིས་ཏེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའོ། ། དེ་ལ་ཀུན་ནས་ཉོན་མོངས་པ་ནི་མི་མཛེད་ཀྱི་འཇིག་རྟེན་གྱི་ཁམས་ལྟ་བུའོ། །གྲུབ་སྟེ་ཞེས་བྱ་བ་ནི་སེམས་ཙམ་གཅིག་དུ་ལས་?
ངོ?་ཞེས་བྱ་བའོ། །གང་གི་ཡིན་ཞེ་ན་རྣམ་ཤེས་སྨྲ་བ་རྣམས་ཀྱི་ཞེས་ཏེ་རྣལ་འབྱོར་སྤྱོད་པའི་ལྟ་བ་རྣམས་ཀྱིའོ། །ཇི་ལྟར་རྣམ་ཤེས་ངོ་བོ་ཉིད་ཅེས་བྱ་བ་ནི་རྣམ་པར་རིག་པ་ཙམ་ནི་རང་བཞིན་གང་ཇི་ལྟ་བ་བཞིན་དུ་ཡིན་པ་དེ། ད་ནི་བཤད་པར་བྱ་སྟེ། ད་ནི་ཞེས་བྱ་བ་ནི
འོག་མའི་མིག་རྩོམ་པའོ། །དེ་ལ་རེ་ཞིག་སེམས་ཙམ་དུ་བསྟན་པའི་དགོས་པ་ནི། འདི་དག་ཅེས་བྱ་བ་ལ་སོགས་པ་སྟེ་།འདི་དག་ཐམས་ཅད་ཅེས་བྱ་བ་ནི་སྔོན་དུ་སྣ་བའི་གཡོ་བ་དང་།མི་གཡོ་བའི་ཆོས་རྣམས་སོ། །དེ་ནི་སེམས་ཙམ་ཞེས་ཐུབ་པའི་བསྟན་པ་ཞེས་བྱ
བ་ནི། སངས་རྒྱས་བཅོམ་ལྡན་འདས་ཏེ་སྐུ་གསུང་ཐུགས་གྱི་དགེ་བ་རྣམ་པ་ཐམས་ཅད་རྟག་ཏུ་ཞི་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་སེམས་ཙམ་དུ་བསྟན་པ་གང་ཡིན་པ་དེ་ནི། །བྱིས་པ་སྒྲག་པ་སྤང་དོན་དུ་ཞེས་ཏེ། དེ་ལ་བྱས་པ་ཞེས་བྱ་བ་ནི་ཐོས
པ་མེད་པའི་སོ་སོའི་སྐྱེ་བོའོ། །ཡང་ན། སྟོང་པ་ཉིད་བཅོ་བརྒྱད་ཀྱི་དོན་མ་རྟོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་བཞིན་གཤེགས་པ་ལས་དམན་པའི་ཕྱིར་རོ། །སྐྲག་པ་སྤྲད་པ་ནི་ཆད་པར་ལྟ་བར་ལྟུང་ཏུ་དོགས་ནས་དངངས་པ་སྟེ། བསྐལ
པ་གྲངས་མེད་པ་གསུམ་དུ་ཚོགས་པ་མེད་ན་སངས་རྒྱས་པར་མི་འགྱུར་རོ། །སྙམ་དུ་བསམས་པའོ། །དེ་བས་རྣམ་པར་རིགས་ཙམ་དུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཞེས་བྱ་བ་ནི་གོང་དང་འབྲེལ་པའོ། །དེ་བཞིན་ཉིད་ནི་འགྱུར་བ་མེད་པ་སྟེ་དེ་བཞིན
གཤེགས་པའི་སྤྱོད་ཡུལ་དུ་འགྱུར་བའི་ཕྱིར་རོ། །མིན་པ་ནི་རྣམ་པར་རིགས་པ་ཙམ་ཡང་དོན་དམ་པ་དང་།རང་བཞིན་ཡོད་པ་མིན་ཞེས་བྱ་བའོ། །དེ་ལྟར་རྣམ་པར་རིག་པ་ཙམ་མེད་ན་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པ་རྣམ་ཇི་ལྟར
ཡིན་ཞེ་ན་། སྟོང་ཉིད་གཅིག་བདག་ངོ་བོ་ནི། །སེམས་ལ་འདི་ལྟར་རྟོག་པ་སྟེ་།དོན་དམ་པའི་རང་བཞིན་མེད་པ་སེམས་ཙམ་ཁོ་ན་ལས་ངོ་བོ་ཉིད་དོན་གསུམ་དུ་རྟོག་གོ་།ཞེས་བྱ་བའི་དོན་ཏོ། །གང་ཞེ་ན་ཀུན་བརྟགས་ནི་ཞེས་པ་ལ་སོཌ་པ་སྟེ། དེ་ལ་ཀུན་བརྟགས་ནི
གཟུང་འཛིན་ཏེ། ཕྱི་ནང་བརྟགས་པ་ཙམ་ནི་ཡིན་ལ་རང་བཞིན་མེད་པའི་ཕྱིར་རོ། །གཞན་དབང་ནི་རྟོག་པའི་རང་བཞིན་ཏེ། རྒྱུ་རྐྱེན་གཞན་གྱི་དབང་བྱས་པའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ནི་གཟུང་འཛིན་གྱི་རྣམ་པར་རྟོགས་པ་མེད་པས་སོ། །མི་འགྱུར་བར་ཡོངས་སུ
གནས་པའི་ཕྱིར་རོ། །དེ་ལྟར་ངོ་བོ་ཉིད་གསུམ་དུ་བསྟན་པ་དེ་ནི། །ཆོས་བདག་མེད་པ་ལྟ་བུ་ནི་ཞེས་ཏེ། ཆོས་ཐམས་ཅད་བདག་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ལ་བསྟན་པ་ཡིན་ཞེ་ན་།ཐེག་ཆེན་དགའ་བ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་
རྣམས་སོ། །ཆེན་པོ་ནི་དམིགས་པ་ཆེན་པོ་ལ་སོགས་ཏེ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་དམིགས་པ་དང་།རང་བཞིན་དོན་འགྲུབ་པས་ན་གྲུབ་པ་ཆེ། །བདག་མེད་གཉིས་ལྡན་ཡེ་ཤེས་ཆེན་པོ་དང་།བསྐལ་པ་གསུམ་ལ་བརྩོན་དང་བླ་ན་མེད་པའི་བྱང་ཆུབ
ཐོབ་པའི་ཐབས་དང་མི་གནས་པའི་མྱ་ངན་འདས་པ་གྲུབ་པས་འབྲས་བུ་ཆེ་། འཁོར་བ་སྲིད་དུ་གཞན་དོན་ལས་ཆེ་ཉིད་།དོན་བདུན་ལྡན་པས་ཐེག་པ་ཆེན་པོར་བཤད་ཅེས། །ཡང་ན་སྲིད་པ་དང་ཞི་བར་མི་རྟོག་པ་ནི་ཐེག་པ་ཆེན་པོ་སྟེ་།དུས་གསུམ་པ
རྣམས་ཀྱི་ལམ་ཡིན་པའི་ཕྱིར་རོ། །དེ་ལ་མོས་པ་ནི་དགའ་བའོ། །དེ་འདྲ་བའི་རྣམ་པ་དང་བཅས་པའི་སེམས་ཙམ་ནི་།རང་སེམས་གདོད་ནས་མ་སྐྱེས་པ། །མདོར་བསྡུ་ན་ནི་དེ་ཡིན་ནོ་ཞེས་ཏེ་།ཡོད་མེད་ཀྱི་ཆོས་སྐྱེ་བ་མི་འཐད་པའི
ཕྱིར་རོ། །དེ་ལ་མདོར་བསྡུས་པ་ནི་སངས་རྒྱས་ཀྱི་ལྟ་བ་མདོར་བསྟན་པའོ། །ཡིན་པའི་ནི་སྟོང་པ་ཉིད་རང་བཞིན་མེད་པའོ། །དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་དེ་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། །རེ་ཞིག་རྣམ་པ་མེད་པའི
སེམས་ཙམ་གྱི་ངོ་བོ་ནི། །རང་སེམས་དབང་དུ་གྱུར་ཉིད་ཕྱིར་ཅེས་བྱ་བ་ལ་སོགས་པ་ཏེ་།གཞན་དབང་དུ་གྱུར་པའི་ཀུན་གཞི་བསྒོམ་པའི་སྟོབས་ཀྱིས་རྟོག་པ་སྤངས་ཏེ་།བདག་རང་གི་ངོ་བོར་གྱུར་པའོ། །བརྟེན་པ་ནི་ཀུན་གཞི་སྟེ་དགེ་བ་ལ་སོགས
བག་ཆགས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །དེ་རྟོགས་པ་ལས་གཞན་རྣམ་པར་མི་རྟོག་པར་གྱུར་པ་ནི་གཞན་གྱུར་དག་པ་ནི་ཞེས་ཏེ། རྣམ་པར་རྟོག་པའམ་དེ་ལས་བྱུང་བའི་ཉོན་མོངས་པའི་དྲི་མ་མ་བསལ་བའི་ཕྱིར་རོ། །དེ་གང་ཞེས་ན་སོ་སོར་རང་རིག་སྤྱོད
ཡུལ་སེམས་ཤེས་ཏེ། དེ་ལ་སོ་སོར་རང་ཞེས་བྱ་བ་ནི་གཞན་ལ་བསྟན་དུ་མེད་པ་སྟེ། བརྗོད་ཀྱིས་མི་ལང་བའི་ཆོས་ཉིད་ཀྱི་ཕྱིར་བུ་མོ་བདེ་བའི་ཚོར་བ་བཞིན་ནོ། །དེ་ལ་འཛིན་ཅིང་དམིགས་པ་ནི་སོ་སོར་རང་རིག་སྤྱོད་ཡུལ་སེམས་ཤེས་བྱའོ། །རྣལ
འབྱོར་སྤྱོད་པ་ནི་རྣམ་པར་ཤེས་པར་སྨྲ་བ་སྟེ། རང་རིག་པ་ཙམ་གོམས་པར་བྱེད་པའི་ཕྱིར་རོ། །གསུངས་པ་ནི་རྣམ་པ་མེད་པའི་སེམས་མྱ་ངན་ལས་འདས་པའི་ངོ་བོ་དེ་ལྟ་བུ་ཡོད་དོ་ཞེས་བསྟན་པའོ། །དངོས་པོ་བསྟན་ནས་དེ་ཉིད་སུན་འབྱིན་པ་ནི
འདས་གང་དེ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་འདས་པ་ནི་རྟེན་དུ་གྱུར་པའི་ཀུན་གཞིའོ་མེད་པ་ནི་འཇིག་ཅིང་འགག་པའོ། །མ་འོངས་པ་ནི་གཞན་དུ་གྱུར་པའི་རང་རིག་པའི་སེམས་ཏེ་དེ་ཡང་ཐོབ་པ་མེད་དེ་མི་སྐྱེ་བའི་ཕྱིར་རོ། །དེ་བས་ན་བརྟེན་པ
གཞན་དུ་འགྱུར་བ་ནི་ཞེས་དོན་དམ་པར་མེད་དེ་འདས་པ་དང་མ་འོངས་པ་ལ་བལྟོས་ཏེ་ད་ལྟར་ཡིན་པའི་ཕྱིར་རོ། །ཡང་ཀུན་གཞི་མེད་པའི་གཏན་ཚིགས་གཞན་ཡང་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་།དེ་ལ་དེ་ལྟར་མི་སྣང་ཇི་ལྟར་དེ་ཞེས་བྱ་བ་ནི་།གལ
ཏེ་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་ཇི་ལྟར་དེའི་རྣམ་པ་དང་དམིགས་པའི་རང་བཞིན་དང་དེ་ལྟར་མི་སྣང་སྟེ་། དམིགས་པ་དང་རྣམ་པ་མེད་པར་ནི་རྣམ་པར་ཤེས་པར་རིགས་པ་མ་ཡིན་ནོ། །ཇི་ལྟར་སྣང་བ་དེ་ལྟར་མིན། །ཞེས་པ་ནི་ཚོགས་དྲུག་གི་རྣམ་པར
ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཇི་ལྟར་རྣམ་པ་དང་དམིགས་པ་དང་སྣང་བ་དེ་ལྟར་ཀུན་གཞི་མ་ཡིན་ཏེ་ཕྱིར་རོལ་གྱི་སྤྱོད་ཡུལ་ལ་ཡོངས་སུ་སྤྱོད་མི་ནུས་པའི་ཕྱིར་རོ། །དེས་ན་ངོ་བོ་ཉིད་བདག་མེད་རྣམ་ཤེས་ཏེ་དོན་དམ་པར་རང་བཞིན་མེད་པའི
ཕྱིར་རོ། །དེ་ལྟར་ངོ་བོ་ཉིད་མེད་པའི་རྣམ་ཤེས་དེ་ནི་ཀུན་གཞི་མཆོག་ཅེས་ཏེ་།དེ་ལ་ཀུན་གཞི་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ས་བོན་གྱི་གནས་ཀུན་རྫོབ་ཙམ་དུ་སྣང་བའི་ཕྱིར་རོ། །དེ་ཉིད་མཆོག་དེ་དབྱིངས་དང་འགྲོ་བ་དང་།གནས་དང
རིས་ཐམས་ཅད་ལ་དགེ་བ་དང་མི་དགེ་བའི་ལས་ཀུན་རྫོབ་ཙམ་དུ་སྣང་བའི་ཕྱིར་རོ། །དེ་ལྟར་ཀུན་གཞི་མེད་ཀྱང་གཡོ་བ་ཡོད་པའི་དཔེ་བསྟན་པ་ནི་།ཇི་ལྟར་ཞེས་བྱ་བ་ལ་སོཌ་པ་སྟེ། །བབ་ལེན་གྱིས་ལྕགས་གཡོ་བ་ལྟར་།ཀུན་གཞི་མེད་པ་སྟེ་།ལྕགས
ཀུན་ཀྱང་གཡོ་བ་དེ་བས་ནི་ཞེས་བྱ་བ་ལ་སོགས་བ་སྟེ། དེ་མེད་པ་ནི་ཀུན་གཞི་མེད་པར་རོ། །མཐོང་བ་ནི་སེམས་དང་ལྡན་ཞིང་གཡོ་བར་མཐོང་བས་མིག་ཡི་གེ་སྤྱོད་ཡུལ་དུ་གྱུར་པའོ། །དོན་དེ་ཉིད་ནི་དེ་བཞིན་ཀུན་གཞི་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་ཀུན
གཞི་མེད་པ་སྟེ་མི་གནས་པའི་ཕྱིར་རོ་ཡོད་པ་བཞིན་ཞེས་པ་ནི་སེམས་དང་ལྟ་ན་པ་ལྟར་རོ། །འགྲོ་དང་འོང་བ་རྣམས་ཞེས་བྱ་བ་ནི་ཕན་ཚུན་བསྐྱེད་པའོ། །འགྲོ་བ་དང་འོང་བ་བཞིན་དུ་རྟག་ཏུ་ཞེས་བྱ་བ་ནི་བཅུད་འབའ་ཞིག་ཏུ་མ་ཟད་ཀྱི་སྣོད་ཀྱང་ཞེས་བསྟན་ཏོ།
ཡང་ཀུན་གཞི་མེད་པར་རིང་དུ་འགྲོ་བའི་དཔེ་གསུངས་པ་ཇི་ལྟར་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའོ། །དོན་དང་སྦྱར་བ་ནི་དེ་ལྟར་ཀུན་གཞི་རྣམ་ཤེས་ནི། །ལུས་ལ་བསྟེན་ནས་གཡོ་བ་ཡིན་།ཞེས་ཏེ་རང་བཞིན་མེད་པའི་ཀུན
གཞི་ལུས་ལ་བརྟེན་ཅིང་འབྲེལ་ནས་དུས་རིང་པོར་གཡོ་བར་གྱུར་ཏོ་ཞེས་བྱའོ། །དེ་ལ་ལུས་ནི་གཟུགས་ཕུང་སྟེ། ཡན་ལག་འདུས་པའི་ཕྱིར་རོ། །དེ་བས་ན་ལུས་མེད་པའི་རྣམ་པའི་རྣམ་ཤེས་ནི་།ཡོད་ཅེས་ཡོངས་སུ་གང་བརྟགས་པ་སྟེ་།ལུས་ལ་བརྟེན
པའི་ཀུན་གཞི་རྣམ་པར་ཤེས་པ་ལུས་ལ་མེད་ཀྱང་རྟག་པར་ཡོད་ཅེས་བྱ་བ་ནི་ཡོངས་སུ་བརྟགས་པ་ཙམ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་སོ་སོར་རང་རིག་པ་ཞེས་བྱ་བ་ཇི་ལྟར་སྨྲ་བར་བྱ་སྟེ། དེ་ལ་དེ་ཡིས་ཤེས་རྣམ་པ་མེད་པའི་སེམས་ཙམ
གྱི་ལྟ་བས་སོ། །དེས་ན་རང་རིག་པའི་ཡེ་ཤེས་ཡོངས་སུ་བརྟགས་པ་ཙམ་ཡིན་པས་ངོ་བོ་ཉིད་ཡོད་ཅེས་ཇི་ལྟར་སྨྲ་བར་བྱ། །གལ་ཏེ་སོ་སོར་རང་རིག་པའི་ཡེ་ཤེས་ཡོད་ན་ངོ་བོ་ཉིད་འདི་?་ཞེས་བསྟན་དགོས་སོ་ཞེས་གསུངས་པ་ནི་སོ་སོ་རང་རིག
ཅེས་བྱ་བ་ལ་སོགས་པ་སྟེ་། དེ་ལ་སོ་སོ་རང་རིག་པ་མཁན་གྱིས་ཤེས་པ་ནི་རྣམ་པ་མེད་པའི་སེམས་ཙམ་མོ། །དེ་ནི་ཞེས་པ་ནི་སོ་སོར་རང་རིག་པའི་ཡེ་ཤེས་སོ། །དངོས་པོ་ཉིད་དུ་ཞེས་པ་ནི་དོན་དཾ་པར་ཡོད་པར་འདོད་ཅེའོ། །དེ་ལྟར་དངོས་པོར་ཡང་འདོད་ལ།།
དེ་འདི་རྗེས་སུ་བརྗོད་པ་སྟེ། མི་ནུས་ཤེས་ཀྱང་སྨྲ་བའོ། །ཞེས་པ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་ལ་འདི་ཞེས་བྱ་བ་ནི་མངོན་དུ་མཚོན་པའོ། །མི་ནུས་པ་ནི་མཐུ་དང་མི་ལྡན་པའོ། །དེ་བས་ན་རང་གི་ངེས་པ་གཞན་རྣམས་ལ། །ངེས་པ་བསྐྱེད
པའི་དོན་དུ་ནི་ཞེས་པ་སྟེ། སོ་སོ་རང་རིག་པའི་སེམས་ཙམ་པའི་ལྟ་བ་རང་གི་དེ་འདི་ཞེས་རང་རིག་པའི་ཆོས་རང་ལ་ངེས་པར་བྱས་ནས་ཕྱི་ནང་ལྟ་བ་གཞན་ལ་རང་རིག་པའི་ཡེ་ཤེས་ངེས་པ་བསྐྱེད་པར་བྱའི། །རང་ལ་མ་ངེས་པ་གཞན་ལ
ངེས་པར་བྱར་བཏུབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་། དེ་འདྲ་བས་ན་སེམས་རྩམ་པའི་ལྟ་བ་རྣམས་ལ་ནི་།ལེགས་པ་རྣམས་ནི་རབ་ཞུས་ཏེ་།ཞེས་དད་པས་རྗེས་སུ་འབྲང་བ་རྣམས་ངེས་པར་གནས་སོ། །ཞེས་བྱ་བའོ། །དེ་ཅི་འདྲ་བ་ཡིན་ཞེ་ན་།རྟག་ཏུ་ཐེ་ཚོམ་མེད་རྣམས་ཏེ།
ཤེས་པ་མེད་པས་ན་ཏོགས་དཔྱོད་མི་བྱེད་པའི་ཕྱིར་རོ། །གཞན་ཡང་རང་རིག་པའི་སུན་འབྱིན་པ་ནི། ཚོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཚོར་བ་ནི་རང་རིག་བར་ཉམས་སུ་མྱོང་བར་བྱེད་པའོ། །ཚོར་བ་ནི་རང་རིག་པའི་དོན་ཏེ། ཚོར་ཞེས་པ་ནི་རིག་པར་བྱེད་པའི་ལས་སོ།།
དེ་གསུམ་ཕན་ཆུན་བལྟོས་ནས་འབྱུང་བས་ན་ཚོར་བྱ་མེད་པས་ན་ཚོར་བ་མེད་དོན་ནི་འདི་ལྟ་སྟེ། དང་པོ་ཚོར་བ་པོས་ཚོར་བར་མ་གྱུར་ན་ཚོར་བྱར་མི་རུང་སྟེ། དེ་བཞིན་ཚོར་བྱ་དང་ལས་མེད་ན་ཚོར་བ་པོ་ཡང་མི་སྐྱེ་སྟེ། ཚོར་བྱར་ཚོར་བར་བྱེད་པས་ཚོར་པ་པོ་ཡིན
པའི་ཕྱིར་རོ། །དེ་བས་ན་ཚོར་བྱས་ཚོར་བྱེད་གཉིས་ཁོ་ན་མེད་པར་ཅི་སྟེ་མི་འདོད་དོ་ཞེས་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་ལ་ཚོར་བ་པོ་དང་ཚོར་བྱེད་དུས་གཅིག་ཏུ་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་རིག་པ་མེད་ན་སེམས་ཇི་ལྟར་བྱ་ཞེས་ན། སེམས་འདི་ཞེས་བྱ་བ་ལ་སོགས་ཏེ་།དེ་ལ
སེམས་འདི་དག་ནི་མིང་ཙམ་ཞེས་པ་ནི་། རྣམ་པར་རིག་པའི་སེམས་ནི་ཐ་སྙད་དུ་མཚན་མར་འཛིན་པའི་མིང་ཙམ་ཡིན་ཏེ། དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །དེ་བས་ན་བསྟན་དུ་མིང་ལས་གང་ཡིན་ཞེས་ན། དོན་མ་ལུས་པར་ཐ་སྙད་དུ་མིང་ཙམ་ཡིན་གྱི་ཀུན
གྱི་ངོ་བོ་སེམས་ཤེས་གལ་འགྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་མིང་ཞེས་བྱ་བ་ནི་མཚོན་པར་བྱེད་པའོ། །མིང་དེ་ཡང་བཀག་པ་རྣམས་ཤེས་དངོས་སུ་མཐོང་བས་ན་མིང་དེ་ཡང་ནི། །རང་བཞིན་ཅེས་ཏེ་མིག་ལ་སོགས་པའི་རྣམ་པར་ཤེས་པས་སྤྱོད་ཡུལ་དངོས་སུ
མཐོང?་ཞིང་སྐྱོད་པར་ཟད་ཀྱིས། །གཟུགས་ལ་སོགས་པའི་མིང་ནི་དངོས་སུ་མེད་དེ་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལྟ་སྟེ་།མིང་གི་མཛའ་ནི་ཡི་གེ་སྟེ་ཡི་གེ་ལྔ་རང་བཞིན་མེད་པ་སྟེ་།བུམ་པ་ཞེས་བྱ་བ་དེ་ལ་བུམ་པ་སྐྱེ་ལ་།མིང་སྐྱེས་པ་ན་བུམ་པ་འདས་པའི་ཕྱིར་རོ།
དེ་ལྟར་མི་རྟོག་པ་ནི་ཇི་ལྟར་རང་བཞིན་ཡོད་ཅེས་བྱའོ། །དེ་ལྟར་རིགས་པས་དཔྱད་པ་ལ་ངོ་བོ་ཡོད་པ་མ་ཡིན་པས། །སེམས་ནི་ནང་མིན་ཕྱི་རོལ་ན་ཡང་ཞེས་ཏེ། དེ་ལ་ནང་མིན་ཞེས་བྱ་བ་ནི་སོ་སོ་རང་རིག་པའི་ཡེ་ཤེས་སམ་མིག་གི
རྣམ་པར་ཤེས་པའི་ངོ་བོ་ཡང་མ་ཡིན་ནོ། ། །།གཟུགས་ལ་སོགས་པའི་ཡུལ་དྲུག་གི་ངོ་བོ་ཡང་མ་ཡིན་ཞེས་པའོ། །བར་ནི་དེ་གཉིས་ལས་གཞན་དུ་མི་རྙེད་པའོ། །དེ་ལྟ་བས་ན་།སེམས་ཀྱི་རང་བཞིན་སྒྱུ་མ་ལ། །རྒྱལ་བ་རྣམས་ཀྱིས་ཐོབ
པ་ཡིན། །སྡིག་པ་མི་དགེ་བ་དང་ཉོན་མོངས་པའི་ཡུལ་བཅོམ་པས་ན་རྒྱལ་པའོ། །ཐོབ་པ་མིན་ཞེས་པ་ནི་དོན་དམ་པར་ནི་ཕྱི་ལ་སོགས་པ་གང་ན་ཡང་སེམས་ཀྱི་ངོ་བོ་མེད་པའི་ཕྱིར་རོ། །དེ་ལྟར་ངོ་བོ་སུན་བྱུང?་ནས་སེམས་དངོས་པོ་གང་རུང་བ་མ་ཡིན་པར
གསུངས་པ་ནི་ཁ་དོག་ཅེས་བྱ་བ་ལ་སོགས་པ་སྟེ་། སོགས་པས་ནི་ཟ་མ་བཟུང་ངོ། །དེ་རྣམས་ཀྱི་གཟུགས་སུ་ཡིད་ནི་གནས་པ་མིན་ཏེ། གཟུགས་མ་ཡིན་པའི་ཆོས་ཡིན་པའི་ཕྱིར་རོ། །དེ་ལ་རྣམ་ཤེས་དྲུག་པོ་འགགས་པའི་ངོ་བོ་ནི་ཡིད་དེ། །རྣམ་པར་ཤེས་པ
དྲུག་པོའི་རྟེན་དུ་གྱུར་པའོ། །དེ་ཡང་སེམས་ལ་ཤེས་པར་བྱ་སྟེ་།སེམས་དང་ཡིད་དང་རྣམ་པར་ཤེས་པ་དོན་གཅིག་བར་བཤད་པས་སོ། །དེ་འདྲ་བའི་སེམས་དོན་དམ་པར་སངས་རྒྱས་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ནོ། །ཞེས་བྱ་བ་ནི་སངས་རྒྱས་རྣམས
ཞེས་བྱ་བ་ནས་ཏེ། མདོར་བསྡུས་ན་ཞེས་པ་ནི་རང་བཞིན་གྱི་སྒོ་ནས་བསྡུས་པའོ། །མིན་ཞེས་བྱ་བ་གཉིས་ནི་ཇི་ལྟར་དང་མ་འོངས་པ་ལ་བཟུང་ངོ། །ཅིའི་ཕྱིར་ཞེ་ན། །རང་བཞིན་མེད་པའི་ངོ་བོའི་ཞེས་བྱ་བ་ལ་སོགས་པ་སྟེ། དོན་དམ་པར་རང་བཞིན་མེད་པའི
ཆོས་མིག་གི་སྤྱོད་ཡུལ་དུ་གྱུར་པ་ཡང་ཐ་སྙད་ཙམ་ཅུང་ཟད་དེ་ངོ་བོ་ནི་མ་གྲུབ་པའི་ཕྱིར་རོ། །གཟུགས་ལ་སོགས་པ་འབའ་ཞིག་ཁོ་ན་ཉིད་དངོས་པོ་ཡིན་ལ། །གཞན་ནི་མ་ཡིན་ནོ་ཞེ་ན་།དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དངོས་པོ་ཞེས་བྱ་བ་རྣམ
རྟོག་སྟེ། ཞེས་པ་ནི་སེམས་ཙམ་པས་ཇི་ལྟར་ཡོངས་སུ་གྲུབ་པ་འམ་སོ་སོ་རང་རིག་བའི་ཡེ་ཤེས་བརྟགས་པ་དེ་ཁོ་ན་དངོས་པོ་ཡིན་ཏེ། དེ་ཡོང་པས་དོན་དམ་པའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། རྣམ་པར་མི་རྟོག་ཉིད་ཅེས་བྱ་བ་ནི། གང་རྣམ་པར་མི་རྟོག་པའི་ཆོས
དེ་ནི་སྟོང་པ་ཅེས་སངས་རྒྱས་ཀྱིས་གསུངས་སོ། །དེ་ལ་ཡང་མི་རྟོགས་པ་ནི་ཡོད་མོང?་དབུས་འདས་སོ། །སྟོང་པ་ཉིད་ནི་རང་བཞིན་མེད་པའོ། །དེ་བས་ན། གང་ལ་རྟོག་པ་མཐོང་གྱུར་ན། །དེ་ལ་སྟོང་ཉིད་གང་ཞེས་བྱ། མུ་སྟེགས་དང་མདོ་སྡེ་པ་དང་རྣམ་པར་རིག་པ
གང་དང་གང་དུ་དངོས་པོ་དང་ཕུང་པོ་དང་། སེམས་ཙམ་དུ་རྟོག་པར་གྱུར་པ་དེའི་བདག་མེད་པའི་ཆོས་སྟོང་པ་ཉིད་དུ་ག་ལ་འགྱུར་ཞེས་བྱ་བ། །དེ་ལྟར་ཆོས་རྣམས་སྟོང་པ་ཉིད་ཡིན་ན། བྱང་ཆུབ་ཀྱི་འབྲས་བུ་ཇི་ལྟར་འགྱུར་ཞེ་ན་།བྱང་ཆུབ་ཅེས་བྱ་བ་ལ་སོཌ
པ་སྟེ། ཐམས་ཅད་མཁྱེན་པས་ཀྱང་དོན་དམ་པར་བྱང་ཆུབ་སེམས་དཔའ་མི་དམིགས་ཤིང་རྟོགས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡིན་ཡང་བྱང་ཆུབ་པ་དེ་ལ་བྱང་ཆུབ་མ་མཐོང་ངོ་ཞེས་ཏེ་།གང་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཅན་དུ་ལྟ་བ་གང་ཡང་རུང་བའོ།།
བྱང་ཆུབ་ནི་བྱང་ཆུབ་དོན་དུ་གཉེར་བའོ། །དེ་གཉིས་རྟོགས་པའི་ལྟ་བ་དེ་ལ་བྱང་ཆུབ་མ་མཐོང་ཞེས་རྣམ་པར་རྟོག་པ་ཅན་དུ་གྱུར་པ་ལ་སྟོང་པ་ཉིད་དུ་མ་གྱུར་པའི་ཕྱིར་རོ།། །།དེ་ལྟར་ལྟ་བ་ཐམས་ཅད་སུན་ཕྱུང་ནས། ད་ནི་དབུ་མའི་ལྟ་བ་བྱང
ཆུབ་སེམས་ཆེར་བཞག་པའི་དོན་རང་སེམས་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་བྱ་བ་དེའི་འགྲེལ་པ་ནི་རེ་ཞིག་དབུ་མའི་བྱང་ཆུབ་ཀྱི་མཚན་ཉིད་བསྟན་པ་ནི། མཚན་ཉིད་མེད་པ་མི་སྐྱེ་ལ་ཞེས་པ་ནས་ཏེ། །དེ་ལ་མཚན་ཉིད་མེད
པ་ནི་རང་གི་མཚན་ཉིད་ཁ་དོག་ལ་སོགས་པའོ། །ཡང་ན་འདུ་བྱེད་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པའོ། །དེ་ཁོ་ནའི་ཕྱིར་ནི་མི་སྐྱེ་བ་ཞེས་པ་ནི་ཡོད་པ་དང་མེད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། ཆོས་ཐམས་ཅད་ཡོད་པ་སྐྱེད་མི་རུང་སྐྱེས་ཟིན་པའི
ཕྱིར་རོ། །མེད་པ་ནི་རུས་སྦལ་གྱི་སྒོ་ད་དང་འདྲ་བས་སོ། །ཚིག་མ་བརྗོད་ཅེས་པ་ནི་ཚིག་བརྗོད་པའི་མིང་གི་ཡི་གེ་དུས་གཅིག་ཏུ་མི་འབྱུང་བས་དོན་དམ་པར་ཚིག་ཅིག་ཅེས་བྱ་བ་མེད་དེ་སྔ་མ་བྱུང་བ་བཞིན་ནོ། །འདུས་བྱས་མིན་པ
ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཅིག་ཏུ་བྱས་པ་མ་ཡིན་ལ། །རིམ་གྱིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །འདི་ལྟ་སྟེ་གང་གི་ཚེ་སྐྱེ་བའི་དུས་ན་དེའི་ཚེ་གནས་པ་མེད་ན་གང་ཞིག་སྐྱེ་བར་འགྱུར་ཏེ་མི་གནས་པའི་ཕྱིར་རོ། །དུ་གཅིག་ན་ཡང་མ་ཡིན་མ
སྐྱེས་ན་གནས་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ནམ་མཁའ་དང་ནི་ཞེས་པ་སྟེ་དེ་ལ་ནམ་མཁའ་དང་ཞེས་པ་ནི་ནི་ཞེའོ། །བྱང་ཆུབ་སེམས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །བྱང་ཆུབ་ནི་ཆོས་རྣམས་ཕྱིན་ཅི་མ་ལོག་པར་མངོན་པར་རྟོག་པའོ།།
གཉིས་མེད་པའི་མཚན་ཉིད་ནི་ནམ་མཁའ་དང་བྱང་ཆུབ་སེམས་སོ་སོ་མ་ཡིན་ཐ་མི་དད་པའོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ཐ་སྙད་དུ་ཡོད་ལ། དོན་དམ་པར་མེད་པ་ལྟར་བྱང་ཆུབ་སེམས་ཀྱང་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་ལ། །དོན་དམ་པར
མེད་པའི་ཕྱིར་རོ། །དེ་ན་དེ་ཉིད་ནི་སྟོང་པ་ཡེ་ཤེས་ནམ་མཁའ་འདྲ་ཞེས་ཏེ། སྟོང་པ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་སྟོང་པའི་ཡེ་ཤེས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ནི་ནམ་མཁའ་ལྟར་ཐ་སྙད་དུ་ཡོད་ཀྱང་དཔྱད་ན་མེད་པའི་ཕྱིར་རོ། །དོན་དེ་ནི་སངས
རྒྱས་མཁྱེན་ཅེས་པ་དང་འབྲེལ་ལོ། །ཅི་འདྲ་བའི་སངས་རྒྱས་ཞེ་ན། དུས་གསུམ་གནས་སུ་བྱེད་པའི་དུས་གསུམ་ལ་སངས་རྒྱས་པའོ། །དེ་ཡང་ཅི་འདྲ་ཞེ་ན། བྱང་ཆུབ་སྙིང་པོ་རྟོགས་པ་ཀུན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ།།
བདག་ཉིད་ཆེན་པོ་ནི་སྟོང་པ་ཉིད་ཆེན་པོ་སྟེ། བདག་རང་བཞིན་དུ་འདོད་པའི་ཕྱིར་རོ། །དེ་འདྲ་བའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་མཁྱེན་ཅེས་པའི་དོན་ཏེ། །དེ་བས་ན་བྱང་ཆུབ་སེམས་དཔའ་དེ་ནི་བསྒོམ་པར་བྱ་ཞེས་གསུངས
པ་ནི་ཆོས་རྣམས་ཞེས་བྱ་བ་ནས་ཏེ། དེ་ལ་ཆོས་ཀུན་གྱི་གནས་ནི་ཕུང་པོ་ལ་སོཌ་ལའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞི་བ་ནི་ཐོག་མ་དགེ་བ་ལ་སོགས་པ་བཀྲ་ཤིས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གནས་མེད་པ་ནི་གཉེན་པོ་མི་མཐུན་པའི་ཕྱོགས་རང་བཞིན
མེད་པར་རྟོགས་པའོ། །ལྷ་མ་ནི་བཤད་ཟིན་ཏོ། །འོན་ཀྱང་སྐྱེ་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ལ་སོཌ་པ་ལ། ཕུང་པོ་ལ་སོགས་པའི་ཆོས་གཞན་མེད་ལ། སྟོང་པ་ཉིད་ནི་འདུ་ཤེས་རྟོགས་པའོ། །དེ་ལ་དམིགས་པ་མེད་ཅེས་བྱ་བ་ནི་སེམས་དང་སེམས་ལས
བྱུང་བས་དམིཌ་པ་མ་ཡིན་ཞེས་པའོ་ཞེས་བྱ་བའི་དོན་ཏོ། །བློ་ཞན་པ་ནི་ཐོས་པ་ཆུད་པ་འམ་ལས་དང་པོ་པའོ། །དེ་ཡིས་དེ་ནི་སྒོམ་པ་མིན་ཞེས་པ་ནི་སྟོང་པ་ཉིད་དེ་ནི་ཀུན་གྱི་གཉེན་པོར་འགྱུར་བ་ཡོད་དོ། །སྒོམ་པ་པོ་དེ་ཡིས་བསྒོམ་པ་མིན་ཞེས
བྱ་བའོ། །དེ་ལྟར་ཡང་རྩ་བ་ཤེས་རབ་ལས། ལྟ་བ་ཐམས་ཅད་གཅོད་པ་ཡིས། །སྟོང་པ་ཉིད་ཅེས་རྒྱལ་བས་གསུངས། །གང་ཞིག་སྟོང་པའི་ལྟ་བ་ཅན། དེ་ནི་?་སུ་དཀའ་བར་གསུངས། །ཞེས་གསུངས་སོ། །མེད་པའི་མཚན་ཉིད་སྟོང་པ་གང་གི་ངོ་བོ
ཡིན་ཞེས་ན། དགེ་བ་དང་ཞེས་བྱ་བ་ལ་སོཌ་པ་སྟེ། དགེ་བ་ནི་དམང?་པ་ལས་ལོག་པ་སྟེ། སྲོག་གཅོད་པ་སྤངས་པ་ལ་སོགས་པའོ། ཡང་ན་རྩ་ཀུ་ཤའི་རྩེ་མོ་ལྟར་རྣོ་བའི་ཤེས་རབ་ལྟར་ནི་དགེ་བ་ཡིན་ལ། དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་མི་དགེ
བའོ། །དེ་གཉིས་རང་གི་མཚན་ཉིད་དུ་ཤེས་པ་ནི་དགེ་བ་དང་མི་དགེ་བའི་རྟོག་པ་རྣམས་སོ། །དེ་དག་རྒྱུ་འབྲས་ཀྱི་རྟེན་འབྲེལ་བརྒྱུད་པ་ནི་རྒྱུན་དང་ཞེས་པའོ། །ཡང་སྐད་ཅིག་རཻ་ལ་སྐྱེ་ཞིང་འཇིག་པས་ན་ཆང་བའི་མཚན་ཉིད་ཅེས་སོ། །དེ་འདྲ་བའི་དགེ
པ་དང་མི་དགེ་བ་ཐ་མི་དད་པར་སྟོང་ཉིད་དུ་སངས་རྒྱས་ཀྱིས་གསུངས་ཏེ་ཞེའོ། །དེ་ལས་ན་སྟོང་ཉིད་དེ་ལས་གཞན་མི་འདོད་ཅེས་ཏེ། ལྟ་བ་ཀུན་གྱིས་ཀྱང་ཀུན་རྫོབ་ཏུ་དགེ་བ་དང་མི་དགེ་རྟེན་ཅིང་འབྲེལ་པ་ལས་སྟོང་པ་ཉིད་གཞན་མི་འདོད
དོ་ཞེས་ཡིན་ནོ་ཞེས་འདོད་པའོ། །དེ་ལྟར་ཀུན་རྫོབ་དང་གཞན་དུ་མ་གྱུར་པའི་སེམས་ཅི་འདྲ་བའི་མཚན་ཉིད་ཡིན་ཞེ་ན། མཚོན་བྱ་མེད་པའི་སེམས་ཀྱིས་ནི། །གནས་པ་ནམ་མཁའ་ཨི་མཚན་ཉིད་ཡིན་ཞེས་ཏེ། མོ་?
མེད་པ་ནི་ཞེས་བྱ་བའི་ཚིག་གིས་མཚོན་པར་བྱ་བའི་དོན་མེད་པའི་ནམ་མཁའ་དང་མཚན་ཉིད་མཐུན་པར་གནས་སོ། །འདི་ལྟ་སྟེ། འཇིག་རྟེན་པས་ནམ་མཁའ་ཞེས་ཐ་སྙད་དུ་བརྗོད་པའོ། །དོན་དམ་པར་ངོ་བོ་ཉིད་མེད་པའི་མཚན་ཉིད་ལྟ་བུའོ།།
དེ་བས་ན་ནམ་མཁའ་སྒོམ་པ་ཆུད་པ་ནི། །སྟོང་ཉིད་སྒོམ་པར་འདོད་པ་ཡིན། །ཆུང་པ་ནི་དོན་རྟོས་པའོ། །དེ་བས་ནས་ཡུལ་ལས་ཀྱང་རབ་འབྱོར་ནམ་མཁའ་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཞེས་སའོ?། །དེ་ལྟར་ཀུན་རྫོབ་ཀྱི
ཆོས་ཐམས་ཅད་དང་དབྱེར་མེད་པ་ལས་སྟོང་པ་ཉིད་ཡིན་པས་ན་སྟོང་ཉིད་ལས་བརྟགས་པའི་ལྟ་བ་པོ་རྣམས་ཀྱི་ཆོས་གང་དེ་སྟོང་ཉིད་ཡིན་པར་གསུངས་པ་ནི་སྟོང་ཉིད་ཅེས་བྱ་བ་ལ་སོཌ་པ་སྟེ། དེ་ལ་སྟོང་པ་ཉིད་ནི་སེངྒེ་ཡིན་ཏེ་རི་དགས
སྐྲག་པར་བྱེད་པ་ལྟར་དངོས་པོར་སྨྲ་བ་ཐམས་ཅད་དེ་མུ་སྟེགས་ལ་སོཌ་པ་བཤད་པ་རྣམས་སོ། །དེས་ན་མུ་སྟེགས་པ་ནི་དངོས་པོ་ཕྱི་ནང་རྫས་སུ་སྨྲ་ལ། །ཉན་ཐོས་པ་གཉིས་ནི་ཕྱིའི་རྗེས་སུ་སྨྲའོ། །དེ་ཙམ་ནི་རྣམ་པར་རིག་པ་ཙམ་དུ་སྨྲས་སོ། །དེ་དང
འདྲ་བ་གང་དང་གང་ལ་ཞུགས་ན་ཡང་ཞེས་ཏེ་ལྟ་བ་དེ་དག་ཀྱང་རང་བཞིན་མེད་པའི་ཕྱིར་རོ། ། །།དེ་ལྟར་ལྟ་བ་སྤྱིར་སྟོང་པ་ཉིད་དུ་གསུངས་ནས། ཡང་སེམས་ཙམ་ཁོ་ན་སྟོང་པའི་མཚན་ཉིད་དུ་གསུངས་པ་ནི། །གང་གི་རྣམ
ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཙམ་པ་གང་རྣམ་ཤེས་སྐད་ཅིག་མར་གྱུར་པ་དེའི་རྣམ་པར་ཤེས་པར་ནི་རྟག་གྱུར་མིན་དེ་སྐད་ཅིག་མ་ཐམས་ཅད་མི་རྟག་པའོ། །དེ་བས་ན་མི་རྟག་པའི་སེམས་ཀྱིས་ནི། སྟོང་པ་ཉིད་དུ་མི་དགའ་
ལོ་ཞེས་སྟེ། མི་རྟག་པ་དང་སྟོང་པ་ཉིད་ཐ་མི་དད་ཅིང་དོན་གཅིག་པའི་ཕྱིར་རོ། །དེ་ལྟར་སེམས་ཙམ་པའི་ལྟ་བས་ཀྱང་རྣམ་པར་རིག་མ་ཙམ་ནི་སྟོང་པ་ཁོ་ནར་ཁས་བླངས་དགོས་སོ། །ཡང་རིག་པ་གཞན་སེམས་ཀྱི་མི་རྟག་ཉིད་དུ་ཏུ་ནི་ཞེས་པ་ལ་སོགས
ཏེ། ལྟ་བ་བཞི་ཀ་ཡང་མཐུན་པར་སེམས་ནི་སྐད་ཅིག་མར་འདོད་དོ། །དེ་བལྟ་བ་བཞི་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་སྟེ། གསུམ་ལ་སྐྱབས་སུ་གསོལ་བའི་ཕྱིར་དང། །བདག་མེད་པ་དང། །མི་རྟག་པར་འདོད་པ་འདྲ་པས་སོ། །དེ་བས་ན་དེ་རྣམས་ཞེས་བྱ་བ་ལ་སོཌ
པ་སྟེ་དེ་ནི་ལྟ་བ་དེ་ནི་རྣམས་པ་བཞི་ནད་པ་ཡིན་པས་སེམས་སྟོང་པ་ཉིད་དུ་ཁས་བླང་པར་རིགས་སོ། །ཞེས་བྱ་བའོ། །ཡང་དབུ་མ་པས་རིགས་པ་གསུངས་པ། །དངོས་པོ་རང་བཞིན་མེད་ཉིད་དུ། །སེམས་ནི་གྲུབ་སྟེ་དུས་ཀུན་ལ། །ཞེས་ཏེ་གདོད་ནས་མ་སྐྱེས
པའི་སེམས་རྟེན་འབྲེལ་ཙམ་དུ་དུས་གསུམ་ལ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། དེ་བས་དངོས་པོའི་རང་བཞིན་མེད་ཉིད་པས། །རང་བཞིན་མེད་ཉིད་གསུངས་པའོ། །ཕུང་པོ་ལ་སོགས་པ་དང་རྣམ་པར་རིགས་པ་དཔྱད་ན་རང་བཞིན་མེད་པས་ངོ་བོ་ཉིད
མེད་པའི་ཕྱིར་རོ། །གལ་ཏེ་ཚིག་ཏུ་ཡང་བདག་པར་གནས་པ་སྤངས་ནས་སུ་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ལྟ་བ་བསམ་ཐུན་པར་བདག་མེད་པའི་ལྟ་བ་ལ་གནས་པ་ལས། །ཡང་སེམས་ཙམ་ཞེས་བྱ་བ་བསྒྲུབས་ནས་འདོད་པ་ནི་རིགས་པ་མ
ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ནི་ཞེས་པ་ལ་སོགས་པའི་ཆོས་རྣམས་ཀྱི་བདག་མེད་པ་སྟོང་པ་ཉིད་ཀྱི་ཆོས་རང་གི་མཚན་ཉིད་ཀྱི་རང་བཞིན་ལས་གཞན་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེའི་དཔེ་ནི་བུ་རཾ་ལ་སོཌ་པ་སྟེ། གང་ལྟར་ཡང་མངར་ཚ་བ་མི
འདོད་པ་ལྟར་རོ། །དོན་དེ་ནི་ཐམས་ཅད་ཅེས་པ་ནས་ཏེ། ཕུང་པོ་ལ་སོགས་པའི་ཆོས་གང་ཡང་དཔྱད་ན་རང་བཞིན་མདོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་ན་དབུ་མའི་ལྟ་བ་ནི་ཚན་མར་མི་འགྱུར་རམ། །ཞེ་ན་རང་བཞིན
ཞེས་པ་ལ་སོགས་ཏེ། ཆོས་རྣམས་ཀྱི་རང་བཞིན་སྟོང་པར་ཟད་ཀྱིས། །རྟེན་འབྲེལ་གྱི་རྒྱུ་འབྲས་ནི་སྟོང་པར་མི་འདོད་དོ། །འོ་ན་རྟག་པར་འགྱུར་རོ་ཞེས་ན། །དེ་བས་ན་ཞེས་པ་ནས་གསུངས་ཏེ། དེ་བས་ཞེས་བྱ་བ་ནི་སྟོང་པ་ཉིད་ཡིན
པས་ན་རྒྱུ་འབྲས་ཀྱི་ཆོས་རྟེན་འབྲེལ་ཙམ་མོ། །དོན་དེ་ཁོ་ན་གསུངས་པ། མ་རིགས་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྟེན་འབྲེལ་བཅུ་གཉིས་ཀྱང་རྒྱུ་འབྲས་འབྲེལ་བ་ཙམ་ཡིན་གྱི་རྒྱུ་འབྲས་ཀྱི་འབྲེལ་པ་ནི་མེད་དོ་ཞེས་བྱ་བའོ། །དེ་ལམ་རིག་པ་ནི་ཚེ་སྔ་མའི
ཉོན་མོངས་པ་སྟེ་ཡང་དག་པའི་དོན་ལ་སྒྲིབ་པའོ། །དང་པོ་ཞེས་པའི་སྒྲ་ནི་སོགས་པའི་སྒྲས་ཤེས་པར་བྱ་སྟེ། །འདུ་བྱེད་ལ་སོགས་པའོ། །རྒ་ཤི་ཞེས་པ་ནི་རྣམ་པར་ཤེས་པ་ནས་ཚོར་པའི་བར་གྱི་ཡན་ལག་ལ་སྟེ། སྡུག་བསྔལ་ཡིན་པས་སོ། །དེ་ཉིད་མཛའ་ཞེས
ཏེ་བཅུ་གཉིས་ཀྱི་གྲངས་རྫོགས་པ་ཙམ་ཡིན་གྱི། །མཐར་ཐུག་པ་མ་ཡིན་ཏེ། ཚེ་ཕྱི་མ་ལ་རྣམ་པར་ཤེས་པ་ལ་སོགས་པའི་ཡན་ལག་ལྔའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་པ་མེད་ན་ཅི་འདྲ་ཞེ་ན།། སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཡན་ལག
བཅུ་གཉིས་པ་ཤེས་ནི་ཚེ། །སྔ་མའི་ཡན་ལག་མ་རིག་པ་དང། འདུ་བྱེད་གཉིས་དང་ཚེ་སྔ་མའི་སྐྱེ་བ་དང་རྒ་ཤི་གཉིས་དང། རང་གི་བརྒྱད་དེ་དུམ་བུ་གསུམ་དང་ཚེ་གསུམ་གོ་རྨོངས་པ་བཟློག་པའི་ཕྱིར་རོ། །ཡང་ན་རྒྱུའི་ཡན་ལག་དང། འབྲས་བུའི་ཡན་ལག
སྟེ། མ་རིག་པ་དང། འདུ་བྱེད་དང། སྲེད་པ་དང། ལེན་པ་དང། སྲིད་པ་རྣམས་ནི་རྒྱུའོ། །ལྷག་མ་རྣམས་ནི་འབྲས་བུའོ། །དེ་འདོད་དེ་ཞེས་པ་ནི་དབུ་མ་པ་རྣམས་ཀྱི་ཡན་ལག་བཅུ་གཉིས་རང་བཞིན་མེད་པར་འདོད་པའོ། །ད་ལྟར་རང་བཞིན་མེད་པའི་སྒོ་ནས
ཡན་ལག་ཅེས་བྱ་བ་ལ་སོགས་པ་སྟེ། ཚེ་ལྔ་མའི་སྲིད་པ་དང། ལེན་པ་དང་འདིའི་མ་རིག་པ་སྟེ། མ་རིག་པ་ལས་འདུ་བྱེད་སྐྱེ། དེ་ལས་རྣམ་པར་ཤེས་པ་ནས་ཚོར་བའི་བར་ལྔ་སྐྱེ། །དེ་ནས་སྲིད་པ་དང་ལེན་པ་སྐྱེ། དེ་ལ་སྲིད་པ་སྐྱེ། དེ་ལས་ཚེ་སྔ་མའི་སྐྱེ་བ
དང་རྒ་ཤི?་སྐྱེའོ། །དེ་ཡང་མཛོད་ལས། ཉོན་མོངས་པ་ལ། ཉོན་མོངས་དང། བྱ་བ་ཉིད་དོ་དེ་ལས་བཞི། དེ་ལས་བཞིའོ་ཉོན་མོངས་སྐྱེ། འདི་ནི་སྲིད་པའི་ཡན་ལག་ལུགས། །གང་དུ་འཁོར་ཞེ་ན། སྲིད་པའི་ལམ་དུ་སྟེ། འདོད་པའི་སྲིད་པ་ལ་སོཌ་པ་སྲིད་པ་འགྲོ་བ་དྲུག་གི་འཁོར་བའོ།།
ཡང་ན་བར་དོར་སྐྱེ་བ་སྔོན་དུས་དང། འཆི་བའི་སྲིད་པར་འཁོར་བ་ཡིན། །ལས་འབྲས་ཚོར་བ་ཡིད་ཆེས་གང། །དེ་ལས་གཞན་ནི་སེམས་ཅན་མེད། །རྟེན་ཅིང་འབྲེལ་བའི་ཆོས་ལས་སེམས་ཅན་ཞེས་བྱའི། །མུ་སྟེགས་པའི་བརྟགས་པའི་གང་ཟག་ལྟ་བུ་རྒྱུ་འབྲས་ཀྱི་ལས་ཚོར་བ
པོ་མེད་ཅེས་བྱ་བའི་ཐ་ཚིག། དེ་ལས་ཤེས་པ་ནི་དེ་དག་ལ་སོག་པ་སྟེ། བྱ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་རྟེན་ཅིང་འབྲེལ་བའི་རྒྱུད་པ་གང་ཞེ་ན། དཔེ་ནི་ཇི་ལྟར་ཞེས་པ་ནས་ཏེ་རྟེན་མེ་ལོང་དང་འབྲེལ་བ་ངོའི་དཀྱིལ་འཁོར་འདུས་མ་ཐག་ཏུ་གཟུགས་བརྙན་འབྱུང་བར
ཟད་ཀྱི་ངོ་བོ་དང་མེ་ལོང་གི་བར་ན་བརྒྱུད་པ་མཐོང་བ་མེད་དོ། །དེ་བས་ན་དེ་ལ་དེ་ནི་སྐྱེ་མེད་དེ་མེ་ལོང་ལ་ངོ་འཇུག་པ་མེད་དོ། །འོན་ཀྱང་དེ་མེད་པར་ཡང་ནི་ག་ལ་མིན་ཏེ་གཉིས་མེད་ན་གཟུགས་བརྙན་ག་ལ་འབྱུང་ངོ། །དཔེ་དོན་དེ་ལྟར་ཞེས་པ་ནས་ཏེ། དེ་ལ་སྐྱེད་ཅེས
བྱ་བ་ནི་ཉོན་མོངས་པ་དང་ལས་ཀྱི་མཐུ་ལས་ལས་འབྱུང་བའོ། །སྲིད་པའི་བར་ན་ཞེས་བྱ་བ་ནི་ཤི་བའི་སྲིད་པ་དང་སྐྱེ་བའི་སྲིད་པའི་མཚམས་སོ། །འབྲེལ་བ་ནི་བར་དོའི་སྲིད་པའོ། །དོན་ནི་འདི་ལྟ་སྟེ་བར་ན་རྒྱུད་པ་པོ་མེད་པར་རང་བཞིན་མེད་པའི་རྟེན་འབྲེལ་གྱི་མཐུས
ཚེ་འདི་དང་ཕྱི་མར་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། དོན་ཉིད་ནི་སྐྱེད་པ་མེད་ཀྱང་ཞེས་བྱ་བ་ནས་ཏེ། མཁས་པ་ནི་ཁམས་དྲུག་ཅུ་རྩ་གཉིས་ལ་མཁས་པའོ། །ཡང་ན་དེ་བཞིན་གཤེགས་པ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའོ། །དེ་རྣམས་ཀྱིས་བསྐྱོད་པ
མེད་པའི་སྐྱེ་བའི་དོན་གཏན་ལ་ཕབ་པ་སྟེ། ངེས་པར་བྱས་པའོ། །དེ་དག་ཅི་འདྲ་བའི་ངོ་བོ་ཉིད་གཅིག་པ་སྐྱེ་ཞེས་ན། སྟོང་པ་ཞེས་བྱ་བ་ལ་སོགས་པ་ཏེ། དོན་དམ་པར་མི་སྟོང་པའི་རང་བཞིན་གྱི་ཆོས་མ་རིག་པ་ལྟ་བུ་པས་སྟོང་པའི་རང་བཞིན་གྱིས་ཆོས་འདུ་བྱེད
པ་ལྟ་བུ་སྐྱེ་ཞེས་པའོ། །དེ་ལྟ་བས་ན་ལས་འབྲས་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་འབྲས་ཀི་ལས་ལ་ཚོར་བ་པོ་དང་ཚོར་བྱ་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཡིན་ལ། དོན་དམ་པར་ན་རྒྱལ་བས་བསྟན་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་ན
ནང་གྱི་རྟེན་འབྲེལ་གསུངས་ན་དེའི་ནི་ཕྱིའི་གསུངས་པ་ནི་འདི་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །འབྲེལ་བས་སྐྱེད་པ་ནི་འབྲེལ་པ་ཙམ་གྱི་རྟེན་ཅིང་འབྲེལ་པ་ལས་བསྐྱེད་དོ། །ཞེས་བྱ་བའི་དོན་ཏོ། །འདི
ལྟ་སྟེ་དོན་དམ་པ་རང་བཞིན་དུ་སྤྱི་མཐུན་གྱི་ལས་རྒྱུ་འབྲས་ཀྱིས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་དཔེ་ནི་མྱུ་གུ་ཞེས་བྱ་བ་ལ་སོགས་པ་སྟེ། ས་བོན་ལ་སོགས་པ་དང་པགས་པ་ལ་སོགས་པ་རྣམ་པ་གང་ལ་ཡང་མེད་ཀྱང་འབྲེལ་པ་ཐག་ཏུ་འབྱུང
བ་ལྟར། །ཕྱི་ནང་གི་ཚེས་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བསན་དོན་དམ་པར་ཅི་འདྲ་ཞེ་ན། སྒྱུ་མ་ལ་སོགས་པའོ། །དེ་ཕྱི་ནི་འདུས་བྱས་པའི་ཆོས་གཟུགས་ཀྱི་ཕུང་པོ་སྟེ། བྲེལ་པ་ཅན་གྱི་རྟེན་འབྲེལ་གྱི་མཚན་ཉིད་ཡིན་པའི
ཕྱིར་རོ། །དེ་ལྟར་མེད་པ་ལས་བྱུང་བ་རྒྱུ་འབྲས་ཀྱི་ཆོས་མི་རུང་ངོ་ཞེས་ན། ཆོས་རྣམས་ཤེས་པ་ནས་ཏེ་ཕུང་པོ་ལ་སོཌ་པའི་ཆོས་རྣམས་ཀུན་རྫོབ་ཏུ་རང་གི་ས་བོན་ནམ་རྒྱུ་ལས་སྐྱེས་པ་དག་ལ་བ་མེད་པའོ། །ཅིའི་ཕྱིར་ཞེ་ན། རྒྱུ་ཡང་རྒྱུ་ཉིད་སྟོང་པ་སྟེ། གང
ཆོས་རྣམས་མྱུར?་གྱུར་པ་དེའི་རྒྱུའི་ངོ་བོ་མ་གྲུབ་པས་རང་བཞིན་མེད་པ་འདི་ལྟ་སྟེ་འདུ་བྱེད་ཀྱི་རྒྱུ་མ་རིག་པ་དེ་ཚེ་སྔ་མའི་སྲིད་པེན་གྱི་རྒྱུའི་འབྲས་བུའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་རྒྱུ་འདུ་ཕྱེད་ཀྱི་དེ་མ་རིག་པའི་འབྲས་བུ་ཡིན་ནོ། །དེ་ལྟར་གཅིག
ལ་རྒྱུ་འབྲས་ཀྱི་ངོ་བོར་སྣང་བས་ན། །རྟེན་ཅིང་འབྲེལ་པ་ཙམ་དུ་ཟད་ཀྱི་རྒྱུ། །ཉིད་འདི་ཡིན་ཞས་བྱ་བའི་ངོ་བོ་ཉིད་དོ། །དེ་ལྟར་རྒྱུ་རང་བཞིན་མེད་པ་ལས་བྱུང་བའི་ཆོས་ནི་མི་སྐྱེ་བ་ཉིད་ཤེས་པར་བྱ། རྒྱུ་ཡོད་ན་སྐྱེ་བ་ཡོད་པའི་ཕྱིར་རོ། །དེ་ལྟར་མི་སྐྱེ་བའི
ཆོས་རྣམས་ནི་སྟོང་པ་ཉིད་ཅེས་རབ་ཏུ་གྲགས། །དེའི་རྒྱུའི་ངོ་བོ་ཉིད་མེད་པས་ན་སྐྱེ་བ་མེད་ལ་མི་སྐྱེ་བའི་ཆོས་ནི་སྟོང་པ་ཉིད་དུ་གྲགས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། མི་སྐྱེ་བའི་ཆོས་ཞེ་ན། མདོར་སྡུད་པ་ནི་ཕུང་པོ་ལྔ་ཁམས་ལ
སོགས་པ་དེར་གསུངས་པའོ། །དེ་ལྟར་ཆོས་རྣམས་མི་སྐྱེ་བའི་ཡིན་ན་ཀུན་རྫོབ་ཏུ་གང་ལས་འབྱུང་ཞེ་ན་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། དེ་ཉིད་ཅེས་བྱ་བ་ནི་དོན་དམ་པར་རང་བཞིན་མེད་པ་དེ་འགྱུར་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། །ཀུན་རྫོབ་ཡིན་པས་ཞེས་པ
ནས་ཏེ། བདེན་པ་གཉིས་ཐ་མི་དད་པའི་ཕྱིར་རོ། །དོན་དེ་ཉིད་ཀུན་རྫོབ་ཅེས་པ་ནས། ཅིའི་ཕྱིར་ཞེ་ན། མ་འབྲེལ་ངེས་པ་མེད་པའི་ཕྱིར་ཏེ། གང་དང་གང་དུ་ཀུན་རྫོབ་ཀྱི་ཆོས་ཡིན་ཏེ་དེ་དང་དེ་རུ་དོན་དམ་པ་སྟོང་པ་ཉིད་ཡོད་དེ་མེད་དུ་བ་བཞིན་ནོ། །དེའི་དཔེ་ནི་བྱས་པ་མི་རྟག
བ་བཞིན་ནོ། །བྱས་ནི་འདུས་བྱས་པ་བུཾ་པ་ལྟ་བུ་མི་རྟག་པ་ནི་འཇིག་པ་སྟེ། རྐྱེན་གྱིས་དབང་དུ་གྱུར་པའི་ཕྱིར་རོ། །དེས་ན་འདུས་བྱས་ཡོད་པས་འཇིག་པ་བཞིན་དུའོ་ཞེས་བསྟན་ཏེ། །དེ་ལྟར་དེ་བཞིན་ཉིད་དང་ཀུན་རྫོབ་གཅིག་ཏུ་གྱུར་ནས་ཐར་པར་ཇི་ལྟར་འགྱུར་སྙམ་ན།
ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ། ཀུན་རྫོབ་ཉིད་ཉོན་མོངས་པ་ཡིན་ཏེ་རྩ་བའི་དྲུག་པོས་སེམས་ཉིད་ཉོན་མོངས་པར་བྱེད་པ་དང། མ་འོངས་པའི་དགེ་བ་མི་སྐྱེ་བར་བྱེད་པ་དང་སྐྱེས་པ་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེ་ཡང་མ་རིག་པ་ལ་ཤེས་པར་བྱའོ། །དེ་བས་ཀུན
ཆགས་སྡུག་བསྔལ་ཏེ། སེམས་དེ་ཡང་དགེ་བ་ལ་སོགས་པ་སྟེ། བག་ཆགས་འདུ་བྱེད་ཀྱི་གཟིར་བའི་ཕྱིར་རོ། །སྡུག་བསྔལ་གྱི་བག་ཆགས་དེ་རང་བཞིན་ཤེས་ནས་སྤངས་པ་ནི། བག་ཆགས་བསལ་ནས་བདེ་པའོ་ཞེས་ཏེ། །སེམས་ལས་སུ་རུང་བ་ལ་ཤེས་པར་བྱའོ།།
བདེ་བའི་སེམས་ནི་ཞི་བ་སྟེ། ཉོན་མོངས་པ་མེད་པ་སྟེ་སེམས་རྣམ་པར་དབེན་པར་ལྟ་བའི་ཕྱིར་རོ། །དེའི་ཕྱིར་ཞི་བའི་སེམས་ནི་རྨོངས་པ་མིན། ཡང་དག་པའི་དོན་ནི་རྟོགས་པ་ལ་མི་སྒྲིབ་པའི་ཕྱིར་རོ། །མ་རྨོངས་པ་ཡིས་དེ་ཉིད་རིག་དོན
དམ་པའི་བདེན་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་རིག་པས་གྲུབ་པ་འཐོབ། །མྱ་ངན་འདས་པ་འཐོབ་ཏེ་སྡུག་བསྔལ་གསུམ་ལས་ཐར་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་མཆོག་དེ་ཉིད་ནི་སྟོང་པ་ཉིད་ཅེས་རབ་ཏུ་གསུངས་ཏེ་?་རང
བཞིན་མེད་པའི་སྟོང་པ་ཉིད་ནི་བྱང་ཆུབ་སེམས་ཀྱི་ནང་ན་རབ་ཏུ་གསུངས་པའི་ཕྱིར་རོ། །སྟོང་པ་ཉིད་རང་བཞིན་མེད་པའི་བྱང་ཆུབ་སེམས་དེའི་ཁྱད་པར་གསུངས་པ་ནི། །དེ་བཞིན་ཉིད་དེ་མི་འགྱུར་བའི་ཕྱིར་རོ། །ཡང་དག་པའི་མཛའ་སྟེ་ཕྱིན་ཅི་མ་ལོག
པའི་ཕྱིར་རོ། །སྡུག་བསྔལ་ནི་ཕུང་པོ་ལྔ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་འཁོར་བའི་ཕུང་པོ་སྡུག་བསྔལ་ཡིན་ཞེས་གསུངས་སོ། །སྡུག་བསྔལ་དང་བདག་མེད་པའི་བྱང་ཆུབ་སེམས་ནི་སྡུག་བསྔལ་བདག་མེད་དོ། །སོགས
པའི་སྒྲས་ནི་མཚན་མ་མེད་དང་དོན་དམ་དང། ཆོས་ཀྱི་དབྱིངས་ནི་བཟུང་བ་ཡིན། །དེ་ལྟར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བསྟན་ནས་དོན་ངེས་བསྡུ་པ་ནི་གང་དང་ཞེས་པ་ལ་སོགས་པ་སྟེ། གང་དག་ཅེས་པ་ནི་རྣལ་འབྱོར་པ་གང་ཡང་རུང་ངོ། །སྟོང
ཉིད་མི་ཤེས་པ་ནི་དབུ་མའི་བྱང་ཆུབ་ཀྱི་སེམས་རང་བཞིན་མེད་པ་མ་རྟོགས་པའི། །གྲོ་བའི་སྐལ་བ་མི་ལྡན་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ཏུ་མི་འགྱུར་བའོ། །དེ་ཅིང་འབྱུང་ཞེ་ན། སྲིད་པའི་ཞེས་བྱ་བ་ནས་ཏེ་།གཏི་མུག་ཅན་ནི་ཆོས་རྣམས
རང་བཞིན་མེད་པའི་དོན་ཡང་དག་པར་མི་ཤེས་པ་སྟེ། དངོས་པོ་ཐམས་ཅད་ལ་ཞེན་པའི་ཕྱིར་རོ། །འགྲོ་དྲུག་ནི་འཇིག་རྟེན་པའི་ལྟ་བའི་ཚུལ་གྱིས་གསུངས་ཏེ། ལྷ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། རང་བཞིན་མེད་པའི་དོན་མ་རྟོགས་ནས་དངོས།
པོར་ཅན་དུ་གྱུར་མ་ཐག་ཡོད་པའི་རྣམ་པར་རྟོག་པ་འགྱུར་བསན་སྲིད་པར་ལྟུང་ངོ་ཞེས་བྱའོ། །དོན་དམ་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་བཤད་ཟིན་ཏོ། །ད་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཆེར་བཞག་པ་ནི། སྟོང་ཉིད་ཅེས་བྱ་བ་ནས
ཏེ། དེ་ལ་སྟོང་ཉིད་དེའི་རྣལ་འབྱོར་པས་དེ་ལྟར་སྒོམ་པར་བྱེད་པ་ན། དོན་དམ་པར་རང་བཞིན་མེད་པའི་བྱང་ཆུབ་སེམས་དེ་ལྟར་སྒོམ་པའི་རྣལ་འབྱོར་པས་སྙིང་དང་ལྡན་པར་བསྒོམ་པར་བྱའོ། །དེ་ལ་སྙིང་རྗེ་དང་སྟོང་པ་ཉིད་སྦྱོར་པས་རྣལ་འབྱོར་རོ། །དེ་ཁོ་ན་ཉིད
ནི་གཞན་གྱི་དོན་ལ་ཞེས་པ་ལ་སོགས་པ་སྟེ། མཐོ་རིས་དང་བྱང་གྲོལ་ནི་སྨིན་ཅིང་གྲོལ་བར་བྱེད་པས་གཞན་དོན་ནོ། །སེམས་ཅན་གྱི་དོན་ལ་ཆགས་པའི་ཤེས་རབ་ནི་དགའ་བའི་བློ་བོ། །དེ་ལ་ཐེ་ཚོམ་མི་ཟ་བས་ཐེ་ཚོམ་མེད་པའོ། །སྙིང་རྗེ་སྒོམ་དགོས
པའི་གཏན་ཚིགས་ནི་ཕ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ས་བོན་དང་ལུས་རྟས་པར་བྱེད་པའི་ཕྱིར་ན་ཕ་དང་མའོ། །ཕ་དང་མའི་རིགས་ནི་བཤེས་གཉེན་ནོ། །ལོག་པར་བྱེད་པར་ཕན་ཆེན་བྱེད་པའོ། །ཕན་དུས་གང་གི་ཚེ་ཞེ་ན། སྔོན་དུས་ཏེ་ཐོག
མ་མེད་པའི་ཚེ་རབས་ནས་སོ། །དེས་ན་སེམས་ཅན་ལ་དྲིན་ལན་བྱ་བར་འོས་ཏེ། ཕན་ལན་བྱ་དགོས་སོ་ཞེས་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། གདུག་པར་བྱེད་པས་སོ། །གང་དུ་ཞེ་ན། སྲིད་པའི་ཞེས་བྱ་བ་ལ
སོགས་པ་སྟེ། དེ་ལ་མ་རིག་པའི་དབང་གི་སྡུག་བསྔལ་སྦྱིན་པ་ལྟར་རིག་པའི་དུས་སུ་བདེ་བ་སྦྱིན་པ་ཡིན་ཞེས་པའི་དོན་ཏོ། །ཅིའི་ཕྱིར་སེམས་ཅན་ལ་ཕན་པར་བྱ་ཞེ་ན། མཐོ་རིས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་དང་མི་སྟེ་དགེ་བའི་འབྲས་བུ
ཡིན་པའི་ཕྱིར་རོ། །གང་ཞེས་པ་ནི་སྦྱིན་པ་ལ་མཚོན་པའོ། །བྱུང་བ་ནི་སེམས་ཅན་ལ་ཕན་གནོད་བྱས་པས་མཐོ་རིས་དང་ངན་སོང་འབྱུང་བའི་ཕྱིར་རོ། །དེར་མི་ཟད་དེ་བླ་མེད་ཅེས་བྱ་སྟེ་འཐོབ་པོ་ཞེས་སྦྱར་རོ། །དེ་བས་ན་ཚངས་པ་ཞེས་བྱ་བ
ལ་སོགས་པ་སྟེ། འདོད་པའི་ཉོན་མོངས་ལས་ཞི་བས་ཚངས་པའོ། །དྲག་པོ་ནི་དྲག་པོའི་ལས་བྱེད་པ་སྟེ་སྲོང?་སྣོ་གཏུམ་དང་གདངས་པ་དང། ཤ་ཁྲག་ཚིལ་བ་ལ་སོགས་དྲག་པོ་སྲིད་ཐུབ་ཅིང་དགྲ་ལས་རྒྱལ་བས
ན་བརྒྱ་བྱིན་ནོ། སོགས་པའི་སྒྲས་ནི་བརྒྱ་བྱིན་ལ་སོགས་པ་བསྡུའོ། །དེ་རྣམས་ལ་མཆོད་ཅིང་བརྟེན་པ་ནི་བརྟེན་པའོ། །ཅིའི་ཕྱིར་ངོ་མཚར་མིན་ཞེ་ན། སེམས་ཅན་རྣམ་ལ་བརྟེན་ནས་སངས་རྒྱས་པའི་ཕྱིར་རོ། །དོན་དེ་ཉིད་ལྷ་ཞེས་པ་ལ
སོགས་པ་སྟེ། རང་གི་འོད་ལ་ལོངས་སྤྱོད་པས་ལྷའོ། །རིག་པ་དང་ལྡན་པའི་ཡིད་ལ་བྱུང་བས་མིའོ། །ཡང་ནི་འཇིག་རྟེན་པའི་སྒྲ་ལས་དྲངས་ན་སྐྱེ་དགུའི་བདག་པོ་ཤེད་བུ་ཡིན་པའི་ཕྱིར་རོ། །བདེ་བའི་འབྲས་བུ་ནི་ལོངས་སྤྱོད་ལོ། །དེ་མ་འདི་ནི
གང་ཡང་ཡིན། །ལྷ་མིའི་ལོངས་སྤྱོད་དེ་འཇིག་རྟེན་འདིར་མེད་བ་མ་ཡིན་ཏེ་ཡོད་པ་ཁོ་ནར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ལོངས་སྤྱོད་དེ་ནི་སེམས་ཅན་ལ་ཕན་པར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཙམ་གྱི་སྒྲས་ནི་སེམས
ཅན་ལ་ཕན་པར་བྱེད་པ་ལས་གཞན་ལ་མི་རིག་གོ། འགྲོ་གསུམ་ནི་འདོད་པ་ལ་སོགས་པ་འམ། ས་འོག་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། ལྷ་མིའི་ལོངས་སྤྱོད་ཁམས་གསུམ་པ་ནི་ཇི་སྙེད་ཡོད་པ་སེམས་ཅན་ལ་ཕན་པར
བྱས་ན་ཉན་ཐོས་ཀི་དཀའ་ཐུབ་ལ་སོགས་པ་ལ་གནས་པས་མཐོ་རིས་ཙམ་ཐོབ་ཀྱང་ལོངས་སྤྱོད་དང་ལྡན་པ་ནི་མ་ཡིན་ནོ། ། །།དེ་ལྟར་ཕན་པར་བྱས་ནས་མཐོ་རིས་འགྲོ་བ་གསུངས་ནས། ད་ནི་བཟློག་པའི་འབྲས་བུ
གསུངས་པ། དམྱལ་ནི་བསོད་ནམས་མ་ཡིན་པས་མི་རྣམས་ཁྲིད་པའི་ཕྱོགས་ཏེ་མི་རྣམས་བཅོམ་པའི་ཕྱིར་རོ། །ཕྱིར་མི་ལྡོག་པར་འདས་པའི་ཕྱིར་ཡི་དགས་སོ། །ཡང་ན་ཟས་སྐོམ་ཡིད་ལ་བཏགས་པས་ཡིད་དགས་སོ།།
ལྷ་དང་མི་ལས་ལོག་པར་འགྲོ་བས་དུས་འགྲོའོ། །དེ་རྣམས་སྡུག་བསྔལ་བ་ནི་སེམས་ཅན་ལ་གནོད་པ་བྱས་པས་བྱུང་ངོ་ཞེས་བྱའོ། །སྡུག་བསྔལ་ཅི་འདྲ་ཞེ་ན། རྣམ་པ་དུ་མའི་གཟུགས་སུ་ནི་སྡུག་བསྔལ་ཞེས་ཏེ་གྲང་བ་ལ་སོགས་པའི་དབང་གིས
སེམས་ཅན་ཐམས་ཅད་ཀྱི་གཟུགས་ཐ་དད་པའོ། །དེ་འདྲ་བའི་སྡུག་བསྔལ་གང་ལས་འབྱུང་ཞེ་ན། སེམས་ཅན་གནོད་བྱེད་ཕྱིར་ཏེ། ཉེས་པ་མེད་པའི་ཕྱིར་རོ། །དོན་དེ་ཉིད་ནི་བཀྲེས་པ་དད་ཞེས་བྱ་བ་ལ་སོགས་པ་སྟེ། ཕན་ཚུན་ཞེས་པ་ནི་བདག?
དང་གཞན་གྱི་མཚན་ཉིད་དོ། །དེ་འདྲ་བའི་སྡུག་བསྔལ་རྟག་པ་ནི་ཞེས་ཏེ་ངན་སོང་དུ་རྒྱུན་མི་འཆད་པའོ། །སྡུག་བསྔལ་དེའི་ཁྱད་པར་གསུངས་པ་ནི་བཟློག་པར་དཀའ་སྟེ། །མཆོད་སྦྱིན་དང་རྫུ་འཕྲུལ་གྱི་ཀྱང་མ་ཡིན་ཏེ་ངེས་པར་མྱོང་པའི་ལས
ཡིན་པའི་ཕྱིར་རོ། །གསོར་མེད་པ་ནི་འབྱུང་བའི་ནད་ལྟ་བུ་མ་ཡིན་པ་སྟེ་སྡིག་པའི་ལས་ལ་བྱུང་བའི་ཕྱིར་རོ། །དེ་འདྲ་བའི་སྡུག་བསྔལ་ནི་གཞན་ལས་བྱུང་བ་མ་ཡིན་ཏེ། སེམས་ཅན་གནོད་བྱེད་འབྲས་བུ་དེ་ཞེའོ། །སེམས་ཅན་གྱི་དངོས་པོ་གསུངས་པ
སངས་རྒྱས་ཤེས་ཏེ། ཉན་ཐོས་དང་རང་རྒྱལ་བ་དང། བླ་ན་མེད་པ་ཡང་དག་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཨི་རིགས་དང་ས་ཐོབ་པ་སྟེ། དེ་ནི་རྣམ་པར་བྱང་བའི་སེམས་ཅན་ནོ། །མཐོ་རིས་ངན་སོང་རིས་ལ་གང་ཞེས་པ་ནི་ཀུན་ནས་ཉོན་མོངས་པའོ།།
གང་ཞེས་པ་ནི་ཐུན་མོང་གི་ཚིག་གོ། །སངས་རྒྱས་ནས་དམྱལ་བའི་པར་རྣམས་ནི་སེམས་ཅན་ཁོ་ནར་ཤེས་པར་བྱ་སྟེ། ཞེའོ། །ཇི་ལྟར་ཞེན་རྣམ་པར་སྨིན་པ་ཉིད་ཀྱི་གཟུགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཟག་པ་མེད་པའི་དགེ་བའི་རྩ་བའི
ལས་ཀྱི་རྣམ་པར་སྨིན་པའི་སེམས་ཅན་ནོ། །མཐོ་རིས་ནི་ཟག་པ་དང་བཅས་པའི་ཤའོ། །ངན་སོང་ནི་དེ་ཉིད་མི་དགེ་བའི། །སེམས་ཅན་དེ་རྣམས་ལ་ཐབས་རྣམས་ཀུན་གྱིས་བསྙེན་བསྐུར་བྱ། །ལུས་ངག་ཡིད་ནི་ཐོབས་སོ། །ཡང་ན་འཚེད་པའི་སྒོ་ནས་སྦྱིན་པ
ལ་སོགས་པའོ། །རང་གི་ལུས་བཞིན་བསྲུངས་ཀྱང། རང་གི་ལུས་གནོད་པར་བྱེད་པ་ལས་བསྲུངས་པ་ལྷར་སེམས་ཅན་ལ་ཡང་ངོ་དུག་བཞིན་བྱ་བ་ལ་སོགས་པའི་དུག་འདོར་བ་ལྟར་སེམས་ཅན་བྲལ་བ་?་སྤོང་ཞེས་བྱ་བའོ། །དེས་ན་སེམས
ཅན་དང་བྲལ་བ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་པར་བསྟན་པ་ནི། །ཆགས་བྲལ་ཞེས་བྱ་བ་ལ་སོགས་པ་སྟེ། སོ་སོར་བརྟགས་པའི་འགོག་པ་ནི་འཁོར་བ་དང་བྲལ་བས་ཆད་བྲལ། །དེའི་ངོ་དང་གཅིག་པའི་ཕུང་པོ་ལྷག
མེད་ཀྱི་བྱང་ཆུབ་ནི་རོ་གཅིག་བྱང་ཆུབ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་བཀག་ནས་མར་མེ་སྣུམ་མེད་པ་ལྟར་ཡིད་གནས་སོ། །བྱང་ཆུབ་དེ་ནི་གད་གིས་འཐོབ་ཅེ་ན། ཐོབ་པ་ཉན་ཐོས་རྣམས་ཀྱིས་དེ་བསན་སེམས་ཅན་ཡོངས་སུ་མ་བོར་བར
ཞེས་བྱ་བས་གསུངས་ཏེ་འཁོར་བར་དང་མ་བྲལ་ནས་སེམས་ཅན་སྤངས་པས་ནི་མ་ཡིན་ནོ། །དེ་ལྟ་བས་ན་རྣམ་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་ལ་ཕན་གནོད་བྱས་པས་བདེ་བ་དང། སྡུག་བསྔལ་འབྱུང་བ་བསམས་ནས་ཐེག་པ་ཆུང
དུའི་རང་དོན་ལ་གནས་པར་མི་བྱའོ་ཞེས་བསྟན་ཏོ། །དེ་བས་ན་བྱང་ཆུབ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ལ་ཉོན་ཐོས་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་མྱུ་གུའི་འབྲས་བུའི་སྙིང་པོ་ལས་མི་གཡོ་བར་རྒྱལ་བའི་སྲས་ཀྱི་སྒོམ་གྱི། གཞན་ཉན་ཐོས་ལ་སོགས
པ་བསྒོམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་རྒྱལ་སྲས་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་དོ། །དེ་བཞིན་གཤེགས་པའི་ཐུགས་རྟོགས་ནས་བྱུང་བའི་ཕྱིར་རོ། །ད་ནི་མ་སྒྲལ་བ་བསྒྲལ་པའི་དོན་བཤད་པར་ནི་གང་གིས་ཞེས་བྱ་བ་ལ
སོགས་པ་ཏེ། གང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་སོ། །ཅི་འདྲ་བ་ཡིན་ཞེ་ན། དགོངས་པ་བརྟན་པ་རྣམས་ཤེས་བསྒོམ་པ་སྟེ། གཟུགས་ཁམས་ཀྱི་སེམས་ཅན་གྱི་དོན་དུ་བསམ་གཉན་གྱི་ཏིང་ངེ་འཛིན་དུ
ཞུགས་ཏེ་སེམས་རྩེ་གཅིག་པའི་ཕྱིར་རོ། །དེ་ཉིད་བསམ་གཏན་བདེ་ཞེས་ཏེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པའི་ཡན་ལག་ལྔ་བསམ་གཏན་དང་པོ་དང། ནང་ཡོངས་སུ་དང་པ་དང། དགའ་བ་དང་བདེ་བ་སེམས་རྩེ་གཅིག་པའི
ཡན་ལག་བཞིས་བསམ་གཏན་གཉིས་པ་དང། བཏང་སྙོམས་དང་དྲན་པ་དང་ཡང་དག་པར་སྐྱེ་བ་དང། བདེ་བ་དང་སེམས་རྩེ་གཅིག་པ་ཡན་ལག་ལྔས་བསམ་གཏན་གསུམ་པའོ་།དེ་ལྟ་བུའི་བདེ་བ་སྤངས་ཏེ་གཞན་གྱི་སྡུག་བསྔལ་གྱིས་གདུངས་པ་ཞེས
བྱ་བ་ནས་ཏེ། གདུངས་པ་ནི་སྙིང་རྗེ་དང་ལྡན་པའི་ཕྱིར་རོ། །ངེས་ན་སྙིང་རྗེའི་གངས་ནི་གཅེར་པ་ལ། །གཞན་གྱི་སྡུག་བསྔལ་ཉི་ཚོགས་ཀྱིས། །གདུངས་ཤིངས་སྙིང་ལ་ཞུ་བ་བཞིན། །ཁ་མིག་གཉིས་ནས་མཆིམ་འཛག། ལྷག་མ་ནི་གོ་སླའོ། །དེ་ལྟར་རང་གིས་དག་པ་དང
བདེ་བ་སྤངས་ནས་གཞན་གྱི་སྡུག་བསྔལ་དང་དུ་ལེན་པ་ནི་ངོ་མཚར་ཏེ། མངོན་དུ་མ་མཐོང་མ་ཐོས་མ་རྟོགས་པའི་དོན་མཐོང་བ་དང། རྨད་དུ་བྱུང་བ་སྟེ། ཐོས་ནས་རྟོགས་པའོ། །གྲགས་པ་ནི་སྙན་པ་ཏེ་སྟེ་དོན་ཐམས་ཅད་གྲུབ་པ་དང། །སྤྱན་རས་གཟིགས་ལྟ་བུ་སྟེ
དམ་པ་ནི་རྨད་ལ་སོགས་པ་སྟེ། སངས་རྒྱས་སོ། །དེ་རྣམས་ཀྱི་སྤྱོད་པའི་ནང་ན་རབ་ཏུ་གྱུར་པ་དམ་པའི་སྤྱོད་པ་མཆོག་ཡིན་ཏེ། བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པས་སོ། །དེ་བས་ན་རང་ལུས་དོན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་དོན་དུ་སྦྱིན་པ་བདུན་ནི
ཟག་པ་དང་བཅས་པ་སྟེ། ཕ་རོལ་ཟིལ་གྱིས་མནན་པ་དང་འགྲན་དང་ཆགས་དང་ལན་འདོད་དང། རིགས་དང་མཐོ་རིས་གྲགས་དོན་ནོ། །ངོ་མཚར་གྱི་ཁྱད་པར་གསུངས་པ་ནི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཚེས་རྣམས་རང་ཞེས་བྱ་བ་ལ་སོགས་པ་སྟེ། རང
བཞིན་མེད་པ་སྟོང་པ་ཉིད་དུ་རྟོགས་ནས་གཞན་དོན་སྦྱིན་པ་ལ་སོགས་པའི་རྒྱུ་འབྲས་སྤྱོད་པ་གང་ཡིན་པ་དེ་ནི་ངོ་མཚར་ནས་ཀྱང་ཞེས་པ་ནས་ཏེ། དེ་གཉིས་རྒྱུ་འབྲས་ཀྱི་སྒོ་ནས་བརྟགས་པའོ། །དེ་ལྟར་རྒྱུའི་སྒོ་ནས་ཡ་མཚན་ཆེའོ། །འབྲས་བུའི་སྒོ་ནས་ཡ་མཚན?
པ་ནི་རྨད་དུ་བྱུང་བའོ། །དེ་ནི་མ་གྲོལ་བ་དགྲོལ་བའི་འགྲེལ་པའི་དོན་བཤད་པ་ནི་སེམས་ཅན་ཞེས་པ་ལ་སོགས་པ་སྟེ། དེ་ལ་སེམས་ཅན་དགྲོལ་པ་ནི་ལྷ་དང་དགྲོལ་བའོ། །དེའི་བྱེད་པའི་རྐྱེན་ཐུགས་རྗེ་ནི་སེམས་ཅན
བསྒྲལ་པའི་ཞེས་བྱ་བ་སྟེ། འདམ་ལས་སྐྱེས་པ་ནི་སངས་རྒྱས་རྣམས་ཏེ་ལྷའི་རིགས་ནི་རྣམ་པར་སྣང་མཛད་ལྟ་བུའོ། །མིའི་རིགས་ནི་ཤཱཀྱ་ཐུབ་པ་ལྟ་བུ་སྟེ། ཐུགས་རྗེའི་དབང་གི་སྐྱེ་བར་མཛད་དོ། །དེ་ལ་སྲིད་པ་ཉིད་འདམ་ཏེ། ཆགས་པའི་གནས
ཡིན་པ་དང། བརྒལ་དཀའ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་སྲིད་པའི་ནང་དུ་སྐྱེས་ཀྱང་སྐྱོན་གྱིས་མ་གོས་ཏེ། རང་བཞིན་མེད་པའི་དོན་རྟོགས་པའི་ཕྱིར་རོ། །དེའི་དཔེ་ནི་ཆུ་ཡིས་ཞེས་བྱ་བ་ལ་སོགས་སྟེ་ལུང་ལས་ཤེས་པས་སྲིད་པ་མི་གནས་ཤིང་ཞེའོ། །ད་ན
དེ་ཉིད་ནི་སྟོང་པ་ཉིད་ཤེས་པའི་མེ་ཡིས་ནི་ཞེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་སྟོང་པ་ཉིད་ཤེས་པའོ། །ཉོན་མོངས་པ་བསྲེགས་པས་ན་མེའི། །དེ་ནི་དེ་ལྟར་མེ་དང་འབྲེལ་བའི་བུད་ཤིང་ཟད་པར་འགྱུར་བ་ལྟར་དེ་བཞིན་གཤེགས་པས
ཀྱང་རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་འབྲེལ་བའི་ཉོན་མོངས་པ་ཟད་པར་འགྱུར་རོ། །འོན་ཀྱང་ཞེས་པ་ནི་ཉོན་མོངས་པ་མེད་ཀྱང་སྙིང་རྗེའི་དབང་གིས་འཁོར་བར་སྐྱེ་བར་མཛད་པས་ན་སྙིང་རྗེས་བརླབ་པའི་ཞེས་པ་ལ་སོགས་པའོ། །མིའི་རིགས་སུ་སྐྱེ་བ་བླངས
པའི་ཚུལ་བསྟན་པ། འཆི་འཕོ་ཞེས་བྱ་བ་ལ་སོགས་པ་སྐྱེ་འཆི་འཕོ་བ་ནི་དབང་པོ་ལྔའི་རྒྱུན་འདུས་པ་སྟེ། གནས་གཞན་ལྷ་ཡུལ་དུ་བསྐྱེད་པའི་ཕྱིར་རོ། །སྐྱེ་བའི་སྲིད་པ་དང་དུ་བླངས་པ་སྟེ་སེར་སྐྱའི་རིགས་ལྟ་བུའོ། །བྱང་ཆུབ་ཆེ་གཤེགས་ནི་སེར་སྐྱ་ནས
བྱང་ཆུབ་བརྙགས་པའི་ཕྱིར་རོ། །ཁྱིམ་ནས་འབྱུང་བ་ནི་གྲོང་ཁྱེར་སེར་སྐྱ་ནས་ཆུ་བོའི་འགྲམ་དུའོ། །དགའ་ཐུབ་བརྟན་པ་ནི་ཏིལ་ཕྱེད་ཀྱིས་ལོ་དྲུག་དུ་འཚོ་བའོ། །བདུད་བཅོམ་པ་ནི་ཉོན་མོངས་པ་ལ་སོགས་པ་ཕན་པར་བྱས་བ་སྟེ། ཉོན་མོངས་པ་དགུ་བཅུ
རྩ་བརྒྱུད་དང་ལྷའི་བདུང་བཞི་ནི་རྣམ་པ་སྣ་ཚོགས་པ་སྟེ། བྱང་ཆུབ་ཀྱི་ཤིང་གི་རྩར་སྲོད་དང་ཐོ་རངས་ལའོ། །གཉིས་པ་ནི་བཅུ་དྲུག་སྤངས་པ་ཙམ་དུའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་བར་?་རོ། །བྲམ་ཟེའི་ཡུལ་གཡར་ཚངས་པ་དང་།བརྒྱ་བྱིན་དང་ཁྱབ་འཇུག
ལ་སོགས་པའི་རིགས་ཀྱི་གཙོ་བོ་བྱེད་པས་ལྷའི་རིས་ཞུགས་པའོ། །དེ་འདྲ་བའི་ཚལ་ཙམ་ན་སྙིང་རྗེའི་དབང་དུ་གནས་པའི་ཞེས་པ་ལ་སོགས་པ་སྟེ། གཞལ་དུ་མེད་པའི་ཡེ་ཤེས་ཐོབ་པར་འདོད་པའི་འགྲོ་བ་རྣམས་ཀྱིས་བསན་མགོན་པོ། ལྷའི་རིགས
སུ་སྐྱེ་བ་མཛད་པ་གསུངས་པ་ནི། །ཚངས་པ་ཞེས་བྱ་བ་ནས་ཏེ་ཉེ་དབང་ནི་ཁྱབ་འཇུག་གོ། ཡང་ན་སུམ་ཅུ་རྩ་གཉིས་སོ། །དེ་རྣམས་ཀྱི་གཟུགས་སུ་སྣང་བས་ན། གཟུགས་བརྙན་ལ་གནས་ཏེའོ། །འདུལ་བའི་འགྲོ་བ་དང་སྦྱར་ནས་ཏེ་།འགྲོ་བའི་སྐལ་བ་དང་མཐུང
པར་བྱས་ནས་རང་གི་སྐྱོན་མེད་པར་བྱེད་པའོ། །དེ་ཡང་ཚངས་པ་ལ་སོགས་པ་གང་གིས་འདུལ་བ་ལ་དེའི་ལུས་སུ་བསྟན་པ་ནི་རང་གི་སྐྱོན་མེད་པར་བྱེད་པའོ། །དེ་བས་ན་སངས་རྒྱས་རྣམས་ཀྱིས་ནི་སྙིང་རྗེའི་བསམས་ནས་གང་བཞིན་བྱེད་པ་གཅིག་གིས
ཀྱང་ཀུན་བྱེད་ཅེས་བྱ་བའོ། ། །།ད་ནི་དབུགས་དབྱུང་བའི་དོན་འགྲེལ་བ་ནི། ཐེག་པ་ཆེན་པོ་ལས་བྱུང་བ་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་ཐེག་པ་ཆེན་པོ་གཅིག་ལས་གཞན་མེད་པ་ལ། དེ་བས་བསྐྱེད་ནས་གཉིས་ལས་ཆུང་དུ་སྟོན་པ་རྣམས
ཀྱིས་ཡང་གསུངས་པའོ། །ཞེས་བསྟན་པའོ། །ཅིའི་ཕྱིར་བསྟན་ཅེ་ན། སྲིད་པ་ལམ་ཀྱིས་ཞེས་པ་ལ་སོགས་པ་སྟེ། ཐོག་མ་ནས་ཐ་མ་མེད་པའི་སྲིད་པའི་ལམ་དུ་རྒྱུད་པའི་སྡུག་བསྔལ་གྱིས་གཟིར་བའི་རྣམ་འགོག་པ་ལས་བཙུད་ནས་དལ་གསོ་བ་ཙམ་དུ
བཞག་པ་ཡིན་གྱི་དོན་དམ་པ་མིན་ཞེས་པ་སྟེ། ཐེག་པ་ཆུང་དུ་ནི་ཐེག་པ་ཡང་དག་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་མ་ཡིན་པའི་དོན་ཏོ། །དེ་ལྟར་ཡང་རབ་འབྱོར་ཐེག་པ་ནི་གཅིག་སྟེ་ཐེག་པ་ཆེན་པོ་ཞེའོ། །དགོས་པ་དེ་ལ་ཇི་ཙམ་དུ་གནས་ཤེ་ན
ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་གཅིག་ངོ་བོ་ནི་ཤིན་ཏུ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་སེམས་དང་སེམས་ལས་བྱུང་བའི་གཡོ་བ་འགོག་པའི་ཕྱིར་རོ། །དེས་ན་མ་ཞུམ་པའི་སེམས་ཀྱིས་ན་ཞེས་བྱ་བ་ལྟ་བུའི། །དེ་ཉིད་ཏིང་འཛིན
རིགས་པ་སྟེ། ཤིན་ཏུ་སྟོང་པ་ཉིད་ལ་སེམས་རྩེ་གཅིག་པ་དེ་ལ་ཆགས་པའི་ཕྱིར་རོ། །དེས་ཡང་དག་པའི་དོན་མ་མཐོང་བ་ནི་མྱོས་པའོ། །དེ་འདྲ་བའི་གནས་སུ་སངས་རྒྱས་ཀྱི་བྱ་བ་ལ་སོགས་པ་སྟེ། མ་བསྐུལ་ན་མི་ཁོམ་པ་དང་འདྲ་བར་སེམས་དང་སེམས
ལས་བྱུང་བའི་ཆོས་དང་མི་ལྡན་པར་གནས་སོ། །དེས་བསྐུལ་ན་ཅིར་འགྱུར་ཞེན་བསྐུལ་བས་ལྷ་ཚོགས་གཟུགས་དག་གི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་གདུལ་བྱའི་སྐལ་བ་དང་སྦྱོར་བའི་གཟུགས་སྣ་ཚོགས་ཀྱིས་བསྐུལ་མ་ཐག་ཏུ་ཉན
ཐོས་དེ་དག་སེམས་ཅན་དོན་ལ་ཞེས་ཏེ་ཐེག་པ་ཆེན་པོ་ལ་ཞུགས་ནས་དོན་བྱེད་དོ། །དེ་ནས་བསོད་ནམས་ཡེ་ཤེས་ཀྱིས་གསོས་ཏེ་སྦྱིན་པ་ནས་བཟོད་པའི་བར་དུ་བསོད་ནམས། ཐ་མ་གཉིས་ནི་ཡེ་ཤེས་སོ། བརྩོན་འགྲུས་ནི་གཉིས་ཀའི་གྲོགས
དེ་ལྟར་ཐམས་ཅད་གསང་ཆེན་མཆོག་ལས་གསུངས་པ། མ་རིག་མེད་པའི་ཡེ་ཤེས་ནི་ཚོགས་ནི་རྣམ་པར་འབྱུང་བ་ཡིན་ཞེའོ། །དེ་གཉིས་ཀྱིས་རྒྱས་པར་བྱེད་པ་ནི་གསོས་པའོ། །དེ་ལྟར་གྱུར་མ་ཐག་ཏུ་ནི་སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར།།
དེ་ཁོ་ནའི་དོན་ནི་བག་ཆགས་གཉིས་ཀྱི་ཚོགས་ཀྱི་ཕྱིར། །ཚོགས་གཉིས་ཀྱི་བག་ཆགས་བསགས་པའོ། །བག་ཆགས་ས་བོན་དུ་ན་གསུངས་བག་ཆགས་དེ་ནི་སྲིད་པའི་ས་བོན་དུ་གྱུར་པའོ། །ས་བོན་རྗེས་མཐུན་གྲོགས་མཐུན་ནས། དེ་ལྟར་བག་ཆགས
ཀྱི་ས་བོན་ཡོད་མ་ཐག་ཏུ་ཕུང་པོ་འམ་སེམས་ལས་བྱུང་བ་སྟེ། ཆོས་སམ་དེའི་ཉེ་བའི་རྒྱུ་ཕ་མ་ལ་སོགས་པ་དང་ལྡན་པའོ། །དེ་ཡིས་སྲིད་པའི་མྱུ་གུ་བསྐྱེད་དེས་ནི་འཁོར་བ་ལ་སྐྱེ་བར་འགྱུར་ཞེས་པའི་དོན་ཏོ། །དེ་ལྟར་ཐེག་པ་གཅིག་ཡིན་པ་ལས་ཐེག་པ་ཆུང་དུ
བསྟན་པ་ཅིའི་ཕྱིར་ཞེ་ན། བསྟན་པ་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་བསམ་པའི་རིགས་དང་དབང་པོ་དང་བསམ་དབང་གིས་ཐུ་དང་པའོ། །དེའི་དབང་གིས་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་གདུལ་བྱའི་བསམ་པའི་རྗེས་སུ་འགྲོ་བའོ། །དེའི་ཕྱིར་འཇིག་རྟེན་རྣམ་པ་མང་པོ
ཡིས། །ཐབས་ཀྱི་རྣམ་པ་མང་དུ་ཕྱེ། །རྣམ་པ་མང་པོ་ནི་རིགས་ལ་སོགས་པ་ཐ་དང་པ་སྟེ། རིགས་ནི་མུ་སྟེགས་པ་ལ་སོགས་པའོ། །དབང་པོ་ནི་ཆུང་དུ་ལ་སོགས་པའོ། །སྐལ་བ་ནི་ཚོགས་གཉིས་ཀྱི་སྐལ་བ་ཅན་ནོ། །ཐབས་ནི་བསྒོམ་པའི་མཚན་ཉིད་མངོན་རྟོགས
ཀྱི་རིམ་པ་དགུ་སྟེ། ཉན་ཐོས་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཐེག་པའི་བར་རོ། །དེ་ལྟར་ཐམས་ཅད་དང་ཀྱང་དན་དམ་པར་གཉིས་སུ་མེད་པའི་དོན་གསུངས་པ་ནི། ཟབ་ཅིང་རྒྱ་ཆེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཉིས་སུ་མེད་པའི་ཤེས་རབ་ནི་ཟབ་པ་སྟེ་རང་བཞིན་མེད
པའི་ཕྱིར་རོ། །རྒྱ་ཆེ་བ་ནི་བསྒོམ་པའི་མཚན་ཉིད་ཐབས་ཏེ་རང་བཞིན་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གཉིས་སུ་གྱུར་པ་ནི་དབྱེ་བ་དང་ཞེས་སོ། །དེའི་ཕྱིར་གང་ཞིག་མཚན་ཉིད་ཀ་ཡང་སྟེ་བདེན་པ་གཉིས་ཀྱི་སྤྱི་དང་རང་གི་མཚན་ཉིད་དོ། །དེ་ལྟར་བདེན་པ་གཉིས་ཀྱི་སྒོ་ནས་བསྟན་པ་ཕྱེ་ཡང
དོན་དམ་པར་དབྱེར་མེད་དེ་ཞེའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་ཉིད་གཉིས་མེད་མཚན་ཉིད་ཕྱིར། །སྟོང་པ་ནི་རང་བཞིན་མེད་པའོ། །ཅི་འདྲ་ཞེ་ན། གཉིས་མེད་དེ་གཉིས་ནི་འོད་བ་དང་འགྲོ་བ་དང། སྐྱེ་བ་དང་འགག་པ་དང། རྟག་པ་དང་ཆད་པ་དང། གཅིག་དང་དུ་མའོ། །དེ
རྣམས་མེད་པ་ནི་གཉིས་མེད་པའོ། །དེའི་ངོ་བོ་ནི་སྟོང་པ་ཉིད་གཉིས་མེད་མཚན་ཉིད་དོ། །ང་ནི་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་འགྲེལ་པ་ནི་གཟུགས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཚིག་དང་དོན་དང་སྤོབས་པ་དང། ངེས་པའི་ཚིག་ནི་གཟུངས་སོ། །ཡང
ན་ཚིག་དང་དོན་དང། སྔགས་གསུམ་ལུས་ངག་ཡིད་ཀྱིས་འཆང་བས་ཀྱང་ངོ། །ཕ་རོལ་ཏུ་ཕྱིན་པ་ཤས་ཆེས་མ་ཐག་སྨོན་ལམ་གྱི་དབང་གི་ཆེར་རྒྱས་པར་ཉན་ཐོས་དང། ཐུན་མོང་མ་ཡིན་པའི་ཡེ་ཤེས་གནས་སྐབས་དུ་མའམ་སྤྱོད་ཡུལ་ཞེས
ཁྱད་པར་མི་རྟག་པ་ནི་སའོ། །དེའི་རྒྱུར་གྱུར་བས་ན་སངས་རྒྱས་ཕ་རོལ་ཕྱིན་ཅེས་ཏེ་ས་བཅུའོ། །དེ་ཡང་ཟང་ཟིང་ལ་སོགས་པ་ནི་སྦྱིན་པའོ། །སྡོམ་པ་ནི་ཚུལ་ཁྲིམས་སོ། །ཆོས་ཟབ་མོ་ལ་བཟོད་པ་ནི་བཟོད་པའོ། །སྦྱོར་བ་དང་ཆོ
ག་དང་མི་འགྲོ་མི་ལྡོག་ཆོག་པར་མི་འཛིན་པ་ནི་བརྩོན་འགྲུས་སོ། །མི་གཡོ་བ་དང་སེམས་ཅན་དོན་དང་ཡོན་ཏན་ཆེན་པོ་མངོན་པར་སྒྲུབ་པ་ནི་བསམ་གཏན་ནོ། །ཐོས་པ་ལ་སོགས་པ་ནི་ཤེས་རབ་པོ། །རང་གིས་སྐྱོན་སེལ་བ་དང་སེམས་ཅན་འཛུད་པར
བྱེད་པ་དང། མྱུར་དུ་མངོན་པར་བྱང་ཆུབ་པ་ནི་ཐབས་སོ། །སྟོབས་ལས་བཟློག་པར་བྱ་བ་དང། ཉོན་མོངས་པ་ཟློག་པར་བྱ་བའི་སྟོབས་དང། བདུད་དང་སྣ་བ་ལས་གཞན་བཟློག་པར་བྱའོ། །སྨོན་ལམ་ནི་བདག་ཚོགས་དང་འབྲེལ་བའི་ལམ་མོ། །གཞན་ཀྱི་དེ
དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་སྨོན་ལམ་མོ། །ཡེ་ཤེས་ནི་རྣམ་པར་མི་རྟོག་པ་དང། རྟོག་པ་མཉམ་པ་ཉིད་དུ་ཤེས་པ་དང། ཐབས་ཐམས་ཅད་མེད་པ་མ་ཡིན་པའི་ཡེ་ཤེས་སོ། །དེ་རྣམས་འཁོར་གསུམ་ཡོངས་སུ་དག་ན་ཕ་རོལ་ཏུ་ཕྱིན་པའོ། །དེ་དག་བྱང་ཆུབ་སེམས་ཀྱི
ཆར། །གཟུང་པ་ལ་སོགས་པ་རྣམས་སོ། །ཐམས་ཅད་མཁྱེན་པས་སྟོང་པ་ཉིད་བྱང་ཆུབ་སེམས་ཀྱི་ཡན་ལག་ཏུ་བསྟན་ཏོ། །དེ་ལྟར་གཟུགས་ལ་སོགས་པ་སྟོང་པའི་ཆར་གྱུར་ན་ཆད་པར་ལྟ་བར་མི་ལྟུང་ངམ་སྙམ་པ་ལ། །རྟག་ཏུ་ཞེས་པ་ལ་སོགས་པ་སྟེ། སྒོ་གསུམ་ནས་མི་དགེ་བ་བཅུ་སྤངས
པས་སེམས་ཅན་ལ་གནོད་པ་མི་བྱེད་པའོ། །དེ་ལྟ་བས་ན་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དོན་དམ་པར་ཆོས་རྣམས་རང་བཞིན་མེད་པ་སྟོང་པ་ཉིད་དུ་རྟོགས་ན་ཡང། དགེ་བ་བཅུ་སྤྱོད་པས་རྒྱུ་འབྲས་ཀྱི་ཆོས་ཆད་པ་མེད་པའོ། དེ་ལ་ཆད་པ་ནི་ལོག་པར་ལྟ་བའོ། །དེ
བཞིན་དུ་མྱ་ངན་ལས་འདས་པ་ནི་ཡོད་པར་གསུངས་པ་ནི། མྱ་ངན་འདས་དང་ཞེས་པ་ལ་སོགས་པ་སྟེ། བདག་ཉིད་ཆེན་པོ་དེ་བཞིན་གཤེགས་པ་རྣམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མཐུས་སྲིད་པ་དང། ཐུགས་རྗེས་ཞི་བ་ལ་མི་བཞུགས་པའོ། །གང་དུ
གནས་ཤེན?་མི་གནས་མྱ་ངན་ལས་འདས་པར་ནི། །ཞེས་པ་ལ་སོགས་པ་སྟེ། སྲིད་པར་སྐྱེ་ཞིང་སྲིད་པའི་སྐྱོན་གྱིས་མི་གོས་པའི་གོ་འཕངས་ལ་སངས་རྒྱས་བཞུགས་སོ་ཞེས་བྱ་བའོ། །དེ་ལྟ་བས་བྱང་ཆུབ་སེམས་དཔའ་ནི་འདི་ལྟ་བུ་ཡིན་ཞེས་གསུངས་པ། སྙིང
རྗེ་རོ་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། གཞན་གྱི་སྡུག་བསྔལ་གྱི་སྡུག་བསྔལ་བའི་མཚན་ཉིད་ནི་སྙིང་རྗེ་སྟེ། དེ་དང་དབྱེར་མེད་པས་རོ་གཅིག་པའོ། །དེ་སྙིང་རྗེ་འབའ་ཞིག་གིས་སྒོ་ནས་ཐོབ་པའི་དགེ་བ་སྟེ་གསོ་ཞིང་རྒྱས་པར་བྱེད་ཕྱིར་རོ། །དེང་དང་འབྲེལ་པའི་ཡེ
ཤེས་ཀྱི་ཚོགས་ནི་སྟོང་པ་ཉིད་བདུད་རྩི་མཆོག་སྟེ། སྟོང་པ་ཉིད་བདུད་རྩི་འཁོར་བའི་འདུ་བྱེད་ཀྱི་སྡུག་བསྔལ་ལ་རྩིའི་ཕྱིར་རོ། །དེ་ཉིད་གཞན་ལས་རབ་ཏུ་གྱུར་པས་ན་མཆོག་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ལ་རྩི་ལྟ་བུའོ། །བདག་གཞན་སོ་སོའི་དོན་བསྒྲུབ
ཕྱིར་ཞེས་པ་ནི། ཉན་ཐོས་ལྟར་བདག་དོན་འབའ་ཞིག་ཀྱང་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ལྟར་གཞན་དོན་འབའ་ཞིག་ཀྱང་མ་ཡིན་གྱི། གཉིས་ཀའི་དོན་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་ཀྱི་བདུད་རྩི་འདི་འཐུང་བར་བྱེད་བརྒྱལ་བའི་སྲས་སོ་ཞེས་ཏེ་དོན
དམ་པར་བྱང་ཆུབ་སེམས་དཔའ་དེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་སེམས་རྣམ་གཉིས་ཀྱིས་ཡོན་ཏན་གསུངས་པ་ནི། ཕྱག་རྒྱ་ཞེས་པ་ལ་སོགས་སྟེ། ལྷ་ལ་སོགས་པས་ཕྱག་བྱ་བར་པའོ་གང་ལ་འོས་ཞེ་ན། དེའོ་ཞེས་ན་སྟོང་པ་དང་སྙིང་རྗེའི་སྒོམ་པ
དེ་ལའོ། ཅི་འདྲ་བའི་ཕྱིར་ཞེ་ན། དངོས་ཀུན་གྱིས་ཏེ་ལུས་ངག་ཡིད་ཀྱིས་སོ། །རྟག་ཏུ་མཆོད་འོས་ནི་དངོས་གྲུབ་ཐམས་ཅད་མཐར་ཕྱིན་པའོ། །གང་དུ་མཆོད་པ་ཡིན་ཞེ་ན། སྲིད་གསུམ་ལ་ཞེས་ཏེ་འདོད་པ་ལ་སོགས་པ་སྲིད་པའི་ལྷ་མོས་སོ། །སངས་རྒྱས་ཀྱི་གསུངས
ནི་དེའི་རབས་སོ། །ཆང་པ་མེད་པ་ནི་དེའི་རྒྱུད་པའོ། །དེ་ལ་དེ་དག་གནས་ཤེས་སྟོང་པ་ཉིད་དང་སྟེ་སྙིང་རྗེ་ཆེན་པོ་བསྒོམ་བས་སོ། །ཇི་ལྟར་གནས་ཞེས་ན་འཇིག་རྟེན་འདྲེན་པས་སོ་ཞེས་ཏེ། མཐོ་རིས་དང་བྱང་གྲོལ་དུ་འདྲེས་པའི་སྟོན་པར་གྱུར་བའོ། །དེ་བས་ན
ཐེག་པ་ཆེན་པོའི་མཆོག་འདི་ནི། བྱང་ཆུབ་སེམས་ཞེས་གནས་པར་འདོད། །ཐེག་པ་ཆེན་པོའི་ནང་ནི་སྙིང་རྗེ་དང་སྟོང་ཐིང་བྱང་ཆུབ་སེམས་ཀྱི་མཆོག་ཡིན་ཞེས་པའི་དོན་ཏེ། སོ་སོར་བརྟགས་པའི་འགོག་པ་དང། ཡོངས་སུ་གྲུབ་པ་དང། སོ
སོར་རང་གི་རིག་པའི་ཡེ་ཤེས་ལས་རབ་ཏུ་གྱུར་བའོ་ཞེས་བྱ་བའོ། །དེ་ལྟར་ཡིན་པས་ནམ་ཉམ་པར་གཞག་ནས་ཤེས་བྱ་བ་ལ་སོགས་པ་སྟེ། སྙིང་རྗེ་དང་སྟོང་པ་ཉིད་ཆ་མཉམ་ཞིང་ཐར་མ་ལྷུང་བར་ཡོན་ཏན་བྱ་ཞིང། བྱང་ཆུབ་སེམས་བསྒོམ་པ་དང། །སྨོན་པའི་སྒོ་ནས་བསྐྱེད
པར་བྱའོ་ཞེས་པའི་དོན་ཏོ། །ཅི་ཕྱིར་ཞེ་ན། བདག་གཞན་དོན་ཏོ། །ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་སྤངས་པའི་རང་བཞིན་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་རང་དོན་ནོ། །སྙིང་རྗེའི་གཞན་སྡུག་བསྔལ་ལས་ཐར་བར་བྱེད་པ་ནི་གཞན་དོན་ནོ། །མཐར་ཕྱིན་པ་ནི
བསྒྲུབ་པའོ། །དེ་ནས་དེ་གཉིས་མཉམ་པར་སྒོམ་པ་ལས་སྒྲུབ་པའི་ཐབས་གཞན་མེད་པའོ། །དོན་དེ་ཉིད་ནི་བྱང་ཆུབ་སེམས་ཉིད་མ་ཡིན་པ་ཞེས་པ་ལ་སོགས་པའོ། །བྱང་ཆུབ་སེམས་དེ་ཁོ་ན་བསྒོམ་པ་ཙམ་གྱིས་བསོད་ནམས་ཀྱི་ཚོགས་སུ
འགྱུར་བ་ནི་གང་གི་བྱ་བ་ནས་སོ། །བསོད་ནམས་དེ་ཚད་མེད་པར་གསུངས་པ་ནི། །གལ་ཏེ་གཟུགས་སུ་གྱུར་ན་ཞེས་པ་གནས་སོ། །དེ་ལྟར་བསོད་ནམས་མཛའ་ཡས་པར་བསྟན་ནས། །བགྲང་དུ་མེད་པར་གསུངས་པ་ནི། །སྐྱེས་བུ་གང
གིས་ཤེས་པ་ལ་སོགས་པའོ། །ཡང་བྱང་ཆུབ་སེམས་དེ་ཅི་འདྲ་ཞེ་ན། ཉོན་མོངས་ཤེས་པར་སོགས་པ་སྟེ། དེ་ལ་ཉོན་མོངས་པ་མེད་པ་མེད་པ་ནི་ཉོན་མོངས་པ་དང་དེ་དང་ལྡན་པ་དང། དེ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཉོན་མོངས་པ་མེད་པའི་རང་བཞིན་འོད་གསལ་བའི
སེམས་ནི་རིན་ཆེན་ཞེས་ཏེ་དཀོན་ཞིང་མཆོག་ཏུ་གྱུར་པའི་ཕྱིར་རོ། །གཅིག་ཏུ་འདི་གསུངས་ཏེ་བཅོམ་ལྡན་འདས་ཀྱི་རང་བཞིན་མེད་པའི་སྟོང་པ་ཉིད་འདི་ནི་བྱང་ཆུབ་ཀྱི་སེམས་གཅིག་པུར་གསུངས་ཀྱི་ཡོངས་སུ་གྲུབ་པ་ལ་སོགས་པ་ནི
དེར་མ་གསུངས་སོ་ཞེས་པ་ནི་དོན་ཏོ། །རིན་ཆེན་སེམས་དེ་ཡང་ཅི་འདྲ་ཞེ་ན། འཕྲོག་པ་མེད་པ་ལ་སོགས་པ་སྟེ། གཞན་གྱིས་མངོན་དུ་དབང་བྱར་མེད་པས་མི་འཕྲོག་པའོ། །གཟུང་བ་མེད་པ་ནི་མི་སྐྱེ་བའི་ངོ་བོ་ཉིད་ཕྱིར་རོ། །གང་གིས་ཤེ་ན་ཉོན་མོངས་བདུད་སོགས་ཏེ་སོགས
པའི་སྒྲས་ནི་ཕུང་པོའི་བདུད་བསྡུའོ། །ཐབས་ཀྱིས་འཕྲོག་པ་ན་པར་ཀུན་མའོ། །བྱང་ཆུབ་ཀྱི་སེམས་གསུངས་པའི་ཐབས་གསུངས་པ། བྱང་ཆུབ་སེམས་ཤེས་པ་ལ་སོགས་པ་སྟེ། སྙིང་རྗེ་དང་སྟོང་པ་ཉིད་གསུངས་པའི་ཕྱིར་གསུངས་པའི་དཔེ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས
པ་སྟེ། རྣམ་པར་ཐར་པ་དང་ཏིང་ངེ་འཛིན་ལ་སོགས་པའི་སྤྱོད་པ་ཀུན་ལ་ལེགས་པར་སྤྱད་བས་ཀུན་ཏུ་བཟང་པོའོ། །དེ་རྫོགས་པའི་བྱང་ཆུབ་དོན་དུ་གཉེན་བ་ནི་བཟང་པོའི་སྨོན་ལམ་མོ། །དོན་བཟང་པོའི་སྨོན་ལམ་སྟོབས་ཀྱིས་བྱང་ཆུབ་བསྲུང་བ་བཞིན་དུ
སྡོམ་པ་ཡང་སྨོན་པ་དང། བསྒོམ་པའི་སྟོབས་ཀྱིས་བསྲུངས་བར་བྱ་ཞེས་བསྟན་ཏོ། །དོན་དེ་ཉིད་གཞན་དོན་ཞེས་བྱ་བ་ལ་སོགས་པ་སྟེ། མི་དམིགས་པའི་སྙིང་རྗེའི་སྒོ་ནས་གཞན་དོན་བྱེད་པ་ལ་སེམས་ནི་གཡོ་བར་བྱའོ། །ཞེས་པའོ། །དེ་དང་འདྲ་བའི
ཡོན་ཏན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འདི་ཡིན་པས། བྱང་ཆུབ་དོན་དུ་གཉེན་པའི་རྣལ་འབྱོར་པས། །ངོ་ཚར་དུ་ཡང་ཁྱེད་རྣམས་ཀྱིས་ཞེས་པ་སྟེ། ཕྱིས་འབྱུང་པའི་སེམས་ཅན་ཀྱིས་འདི་ལ་སྤྱད་པ་ན་སངས་རྒྱས་པའི་ཐབས་བཞིན
ནི་མེད་དོ་ཞེས་བྱ་བའོ། །དེའི་འབྲས་བུ་ཐོབ་པ་ནི་ཀུན་ཏུ་བཟང་པོའི་ཞེས་པ་ལ་སོགས་པ་སྟེ། ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བྱང་ཆུབ་ཐོབ་པ་བཞིན་དུ་འདི་སྒོམ་པ་པོས་ཀྱང་སྨོན་ལམ་དང་སྙིང་རྗེ་འི་སྒོ་ནས
རང་ཁོ་ནས་འཐོབ་པོ་ཞེས་བྱ་བའོ། ། །།ད་ནི་མཛད་པ་པོས་བསྔོ་བ་གསུངས་པ་ནི། །རྒྱལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བ་གཞན་ལས་རབ་ཏུ་གྱུར་པས་རྒྱལ་བ་མཆོག། །དེའི་རང་བཞིན་མེད་པའི་ངོ་བོ་ཉིད་བྱང་ཆུབ་སེམས་མཆོག་སྟེ། བྱང་ཆུབ་གཞན་ལས་ཕུལ་དུ་བྱུང་བའི་ཕྱི་རོ། །དེ་འགྲེལ་བས
མཉེས་པར་བྱེད་པ་ནི་བསྟོད་པས་སོ། །དེ་བྱས་པས་ཤིན་ཏུ་ཞེས་པ་ལ་སོགས་པ་སྟེ། མཉམ་པ་མེད་པའི་བྱང་ཆུབ་སེམས་བསྟོད་པས་བསོད་ནམས་ཀྱང་མི་མཉམ་མོ། །བདག་ནི་ཀླུ་སྒྲུབས་ཞབས་སོ། །སྲིད་པ་གསུམ་གྱི
རྒྱ་མཚོའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རླབས་ནི་སྲིད་པའི་རྒྱ་མཚོའི་ཆུ་རླབས་སོ། །དེས་འཁོར་བ་ལ་ལྡང་བར་གྱུར་པའི་སེམས་ཅན་ནི་བྱིང་བའི་སྟས་ཅན་ཏེ། ལུས་དང་འབྲེལ་བའོ། །དེ་ནི་གང་དང་འབྲེལ་ཏེ། དེ་རིང་ཞེས་པ་ནི
ཉི་མ་ནུབ་ཀྱི་བར་དུ་སྟེ། མྱུར་བའི་དོན་བསྟན་པའོ། །རྐང་གཉིས་དབང་པོ་ནི་རྒྱལ་པའོ། །དེས་མཉེས་པའི་གོ་འཕང་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལྟར་བྱས་པའི་བསོད་ནམས་ཀྱིས། སྲིད་པའི་རྒྱ་མཚོ་ལ་བྱིང་བའི་སེམས
ཅན་གྱིས་མངོན་དུ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །འཕགས་པ་ཞེས་བྱ་བ་ནི་འཕགས་པའི་ཆོས་མཐོང་ལ་མཉེས་པའི་ཕྱིར་རོ། །སློབ་དཔོན་རྣམ་པར་འབྱེད་པའི་ལམ་མཉན་ནས་བསླབ་པའི་གནས་ཡིན་པའི་ཕྱིར་རོ། །དཔལ་ཞེས་པ་ནི
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་ཕྱིར་རོ། །ཀླུ་སྒྲུབ་ཅེས་པ་ནི་ཀླུས་མཆོད་གནས་སུ་བྱས་པའི་ཕྱིར། མཛད་མཁན་གྱིས་བཏགས་པའི་མིང་ངོ། །ཞབས་ཞེས་པ་ནི་བཀུར་བའི་ཚིག་སྟེ། ཞབས་ཙམ་སྨོས་ཀྱི་སྐུ་ལུས་གཞན་སྨོས་གྱིས
མེ་ལང་བས་སོ། །ཀྱིས་ཤེས་པ་ནི་མཛད་མཁན་དུ་མཚོན་པའོ། །མཛད་པ་ཞེས་པ་འགྲེལ་པ་བྱས་པའོ། །རྫོགས་སོ། །ཞེས་པ་ནི་དོན་མཐར་ཕྱིན་པའོ། །སྨྲི་ཏི་ཛྙཱ་ན་ཀཱི་རྟི་ཡིས། །བྱང་ཆུབ་སེམས་ཀྱི་འགྲེལ་བཤད་འདི། །བསྒྱུར་ལས་འགྲོ་བ་ཐམས་ཅད
ནི། །བྱང་ཆུབ་སེམས་ནི་ཐོབ་པར་ཤོག། ལྷོ་བྲག་བྷརྨ་སེང་གེ་ཡིས། །ཆོས་རེའང་ལམ་རིངས་བགྲོད་ནས་ཞུས། །རྒྱ་གར་གྱིས་མཁན་པོ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་ཅིང་བཤད་ནས་གཏན་ལ་ཕབ་པའི་བྱང་ཆུབ་སེམས་ཀྱིས་འགྲེལ་པ་བཤད་པ་རྫོགས་སོ།། །།
དང་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ་བཞུགས་སོ།
CLOSE WINDOW