CLOSE WINDOW

N1444: ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ
Wyliee-texts based on the ACIP/ALL Input

། །།རྒྱ་གར་གྱི་མཁན་པོ་ཤཱི་ཏྲ་ད་ཀ་ལ་ཤཱི་སྲས་པཎྜི་ཏ་ཀུ་མ་རུ་ཀཱ་ལ་ཤྲཱི་དཔོན་པོ་མན་ཏཱ?་ཀཱ་ལ་ཤ་ཞེས་བྱ་བ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་བའོ།། །། ལེའུ་བཅོ་བརྒྱད་པོའི་འགྲེལ་བ་བཞུགས་སོ། ། །།རྒྱ་གར་སྐད་དུ། ཨཥྚ་ད་ཤ་པ་ལ་བྷེ་ཏ་ར་བྱཱ་ཁྱཱ། བོད་སྐད་དུ། ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལྟར་ལེའུ་བཅུ་བདུན་གྱིས་དེ་ཁོ་ན་ཉིད ལ་སོགས་པའི་རྒྱུན་གྱིས་མཚན་ཉིད་ནི་རྩ་བའི་རྒྱུད་བསྟན་ཏེ། །དེ་ནས་དེའི་རྣམ་པར་དབྱེ་བའི་བདག་ཉིད་རྒྱུད་ཕྱི་མར་གྱུར་པ། དེ་ནས་བྱམས་པ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ཏེ། ལེའུ་བཅོ་བརྒྱད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ གསུང་ཐུགས་ཀྱི་གསང་བ་བཤད་པར་བྱ་བའི་ཕྱིར་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དང་ཡང་དུ་ཞེས་བྱ་བའི་པར་གྱི་གཞུང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ་བཏབ་པ་བསྟན་ཏོ། །གསང་བ་ཞེས་བགྱི་ཇི་ལྟ་ལགས ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོག་གི་ཚོགས་རྣམས་ཏེ། སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར་ཞེས་བྱ་བའི་བར་གྱི་གཞུང་གི་དྲི་བ་སྟེ། མདོར་བསྟན་པའི་ཚིག་བདུན་ཅུ་རྩ་གཉིས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། གསུངས་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དྲི་བ་ལ་ལན་གདབ་པ་རྩོམ་པ་བསྟན་ཏོ། །སྐུ་གསུང་ཐུགས་ནི་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས པ་དྲིས་པའི་ལན་བསྟན་ཏོ། །ཚོགས་པ་འདུས་པ་ཞེས་བྱ་བ་ལ་སོགས་པས་འདུས་པའི་དྲི་བའི་ལན་བསྟན་ཏོ། །ལྔ་པ་དང་ནི་དགུ་པ་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་པོས་འབྲེལ་པའི་ལན་བསྟན་ཏོ། །ཐམས་ཅད་ཅེས བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་དགོངས་པ་བསྟན་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྲིན་ལས་དྲི་བའི་ལན་བསྟན་ཏོ། །བསྐྱེད་པའི་ཚིགས་སུ་བཅད་པས་དགོས་པ་ཉིད་བསྟན་ཅིང་སློབ་དཔོན་གྱི་ཕུན་སུམ་ཚོགས་པའི་ལན་བསྟན་ཏོ།། དཀྱིལ་འཁོར་དང་ནི་བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པས་སློབ་མའི་ལས་ཀྱི་དྲི་བ་བསྟན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དགོས་པའི་དྲི་བའི་ལན་བསྟན་ཏོ། །བསྟན་པ་ཞེས་བྱ་བ་ལ་སོགས་པས་བསྟན་པ་དྲི་བའི་ལན་བསྟན་ཏོ། །ཐབས་ དང་ཤེས་རབ་ཅེས་བྱ་བ་ལ་སོགས་པས་རྣལ་འབྱོར་དྲི་བའི་ལན་བསྟན་ཏོ། ། རྒྱུད་ནི་རྒྱུན་ཞེས་བྱ་བ་ལ་སོགས་པས་རྒྱུད་པའི་ལན་བསྟན་ཏོ། །གཞི་དང་རང་བཞིན་ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་དོན་བསྡུས་པའི་དྲི་པའི་ལན་? བསྟན་ཏོ། །རྒྱུད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་དེ་ཁོ་ན་ཉིད་དང། གསང་བ་དང་སྤས་པ་དང་དམ་པ་ཞེས་བྱ་བ་སྟེ་དྲི་བ་བཞི་པོའི་ལན་བསྟན་ཏོ། །ཐོག་མཛའ་མེད་པ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་ཀྱི་དྲི་བའི་ལན བསྟན་ཏོ། །སྐུ་དང་ཞེས་བྱ་བ་ལ་སོགས་པས་རིག་པའི་སྐྱེས་བུ་དྲི་བའི་ལན་བསྟན་ཏོ། །ལྔ་འཇོམས་པ་དང་ལྔ་རིག་པ་ཞེས་བྱ་བ་ལ་སོགས་པ་ནས་བཤད་དོ་ཞེས་བྱ་བའི་བར་གྱིས་བཛྲ་དྷིཀ་ཅེས་བྱ་བ་ལ་སོགས་པ་དྲི་བ་བཅུ་གསུམ་གྱི་ལན བསྟན་ཏོ། །ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ལས་འདྲི་བའི་ལན་བསྟན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རིག་པའི་རྒྱལ་པོ་དྲི་བའི་ལན་བསྟན་ཏོ། །གཟུང་བ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་སེམས འབྱུང་བ་དྲི་བའི་ལན་བསྟན་ཏོ། །ཊཀྐི་ཞེས་བྱ་བ་ལ་སོགས་པས་ཁྲོ་བོ་དྲི་བའི་ལན་བསྟན་ཏོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དྲི་བའི་ལན་བསྟན་ཏོ། །རིག་པ་ཞེས་བྱ་བ་ལ་སོགས་པ་ཡང་རིག པའི་རྒྱལ་མོ་དྲི་བའི་ལན་བསྟན?་ཏོ། །གཟུགས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་བདག་པོ་དྲི་བའི་ལན་བསྟན་ཏོ། །ཡུལ་དང་དབང་པོ་ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པ་གཉིས་ཀྱིས་སྔགས་ཀྱི་སྤྱོད་པ་དྲི་བའི་ལན་བསྟན་ཏོ། ། རང་རང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅང་པ་བཞི་པོ་བཟླས་པའི་དྲི་བའི་ལན་བསྟན་ཏོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་པོས་ཕྱག་རྒྱ་དྲི་བའི་ལན་བསྟན་ཏོ། །བཞི་ཞེས་བྱ་བ་ལ་སོགས་པས ཆོས་འབྱུང་བ་བསྒོམ་པའི་དྲི་བའི་ལན་བསྟན་ཏོ། །གཟུགས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་གཉིས་ཀྱིས་སྡོམ་པ་དྲི་པའི་ལན་བསྟན་ཏོ། །རྣམ་པར་དང་བཅས་པ་ཞེས་བྱ་བ་ནས་བརྩམས་ཏེ། བུད་མེད་ཅེས་བྱ་བའི་གཞུང་གིས་ཞེ སྡད་ལ་སོགས་པའི་སེམས་ཅན་གྱི་དོན་དྲི་བའི་ལན་བསྟན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་བྲི་བའི་ལན་བསྟན་ཏོ། །ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པས་བསྡུས་པའི་དཀྱིལ་འཁོར་ལ་སོགས་པ་ལ་ཕྱག་རྒྱ་དགོད པའི་དྲི་བའི་ལན་བསྟན་ཏོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པས་མེ་ཏོག་དྲི་བའི་ལན་བསྟན་ཏོ། །མཆོད་རྟེན་ཞེས་བྱ་བ་ལ་སོགས་པས་མཆོད་རྟེན་དྲི་བའི་ལན་བསྟན་ཏོ། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར དྲི་བའི་ལན་བསྟན་ཏོ། །ས་བོན་ཞེས་བྱ་བ་ལ་སོགས་པས་ཚིག་དྲི་བའི་ལན་བསྟན་ཏོ། །བསྐུལ་བ་ཞེས་བྱ་བ་ལ་སོགས་པས་བསྐུལ་བའི་ཚིག་དྲི་བའི་ལན་བསྟན་ཏོ། །གཏད་བ་ཞེས་བྱ་བ་ལ་སོགས་པས་གཏང་བའི་དྲི་བའི་ལན་བསྟན ཏོ། །ཀུན་སྤྱན་འདྲེན་ཞེས་བྱ་བ་ལ་སོགས་པས་འབོད་པའི་དྲི་བའི་ལན་བསྟན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་འཚིང་བ་དྲི་པའི་ལན་བསྟན་ཏོ། །སྐུ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་དབང་བསྐུར་བ་ལ་སོགས པའི་དོན་དྲི་བའི་དཀྱིལ་འཁོར་གྱི་ཆོ་ག་དྲི་བའི་ལན་བསྟན་ཏོ། །དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་དྲུག་གིས་དབང་བསྐུར་པའི་དྲི་པའི་ལན་བསྟན་ཏོ། །དད་པ་ཅན་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད བཅུས་རིག་པའི་བརྟུལ་ཞུགས་དྲི་བའི་ལན་བསྟན་ཏོ། །རང་བཞིན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་པོས་བདུད་རྩི་ལྔ་དྲི་བའི་ལན་བསྟན་ཏོ། །བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་བརྩོན་འགྲུས ལྔ་དྲི་བའི་ལན་བསྟན་ཏོ། །མི་སྣང་བ་ཞེས་བྱ་བ་ལ་སོགས་པས་ཐ་མལ་པའི་དངོས་གྲུབ་དྲི་བའི་ལན་བསྟན་ཏོ། །དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་མཆོག་གི་དངོས་གྲུབ་དྲི་བའི་ལན་བསྟན་ཏོ། །གཞི་ཞེས་བྱ་བ་ལ སོགས་པ་ནས་རང་བཞིན་རང་བདེ་ཞི་བ་ནི་ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཞི་བཅུ་རྩ་དྲུག་གིས་ཐབས་དྲི་བའི་ལན་བསྟན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གི་ཐབས་ལས་བྱུང་བའི་དྲི་བའི་ལན བསྟན་ཏོ། །གང་ཞིག་ལས་ཞེས་བྱ་བ་ལ་སོགས་པ་ནས། བཟའ་བར་བྱ་བ་བསམ་པར་ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་བཀའ་བསྒོ་བའི་དྲི་བའི་ལན་བསྟན་ཏོ། །ཞི་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད པས་ལས་ཀྱི་ཚོགས་དྲི་བའི་ལན་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དྲིས་ལན་ཉེ་བར་བསྡུ་པ་བསྟན་ཏོ། །ཕྱག་འཚལ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ལ་སོགས་པའི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་ལ། བྱང་ཆུབ སེམས་དཔའ་རྣམས་ཀྱིས་ཕྱག་བཞི་སྔོན་དུ་འགྲོ་བས་རྟོག་པར་བསྐྱེད་པ་བསྟན་ཏོ། །ལེགས་སོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་རྣམས་ལ་ཚིགས་སུ་བཅད་པ་བདུན་གྱིས་ལན་བསྟན་ཏོ། །དེ་ནས ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དེ་ཁོ་ན་ཉིད་དུ་ཆུད་པར་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རང་གི་རྟོག་པ་སེལ་བ་བསྟན་ཏོ། །གང་ཞིག་དུས་གསུམ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུས བསྟོད་པ་སྔོན་དུ་འགྲོ་བ་ནས་བསྟོད་པའི་ཚིག་ནི་ཞི་བ་འདིས། ཞེས་བྱ་བའི་བར་གྱི་གཞུང་གི་ཉེ་བར་བསྡུ་བ་བསྟན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་ཡོངས་སུ་རྫོགས་པར་བསྟན་ཏོ། །དེ་ལྟར་དྲི་བ་ལྔ་བཅུ་རྩ་བརྒྱ དང། རྩོམ་པའི་དྲི་བ་གཅིག་དང། བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པ་དྲི་བ་བཅུ་གསུམ་དང་ལྷན་ཅིག་འདྲི་བ་དང་ལན་བདུན་བཅུ་རྩ་གཉིས་བསྟན་ཏོ། །དེ་ནི་ལེའུ་བཅོ་བརྒྱད་པའི་དོན་བསྡུས་པའོ།། །།ད་ནི་ཆིག་གི་དོན་བཤད པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་ལེའུ་བཅུ་བདུན་པའི་འོག་ཏུ་འདས་མ་ཐག་པའི་དོན་ལ་འཇུག་གོ། ཇི་སྐད་དུ། ལྔ་མ་འདས་པ་ལ་བལྟོས་དང། །བཀྲ་ཤིས་དང་ནི་དབང་བྱེད་པ། །དེ་ནས་སྒྲ་དང་དེ་ཕྱིར་སྒྲ།། དམ་ཆོས་རིམ་དང་རྒྱུད་དོན་སྟོན། །ཞེས་བྱ་བ་གསུངས་སོ། །བྱམས་པ་ལ་སོགས་པ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་སོ། །བྱམས་པ་སྨོས་པ་ནི་མ་འོངས་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་གཙོ་བོར་ནི་ཡང་དག་པར་རྫོགས་པའི སངས་རྒྱས་ཏེ། མ་འོངས་པ་ལ་འདས་པ་བཞིན་དུ་ཉེ་བར་གདགས་པའི་ཕྱིར་རོ། །ཆེན་པོ་ནི་རྒྱུད་ཐམས་ཅད་གཏན་ལ་དབབ་པ་ལ། སེམས་དཔའ་ནི་རྟོག་པར་འདོད་པ་གད་ལ་ཡོད་པ་དེ་ནི་སེམས་དཔའ་ཆེན་པོའོ། །དེ་བཞིན་གཤེགས པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་དཔལ་གསང་བ་འདུས་པའི་སྤས་པ་སྟེ་རྡོ་རྗེའི་ཚིག?་གོ?་། བཤད་པར་བྱ་བ་ནི་དྲི་བ་ཞུས་ནས་དགྲོལ་པར་བྱ་བའི་དོན་དུའོ། །དངོས་པོ་ཀུན་གྱིས་ནི་སྐུ་ལ་སོགས་པས་སོ། །ཇི་ལྟ་བ་བཞིན་ནི་ཕྱིན་ཅི་མ ལོག་པའོ། །ཇི་ལྟར་དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་གཉིས་མི་གཏོང་པས་སོ། །ཐོས་པ་ནི་ལེའུ་བཅུ་བདུན་མཉན་ནས་སོ། །ལྟ་བ་དང་རྟོགས་པ་ནི་བསམ་པ་དང་བསྒོམས་པས་སོ། །དེ་བཞིན་གཤེགས་པ་དེ་དག་ཐམས ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོ་དང་རྒྱུད་ཐ་མི་དད་པ། མཐོང་བ་ཆོས་ཞེས་བྱ་བ་ནི་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རྩོལ་བ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། འོག་ནས་བཤད་པའི་ཆེད་དུ་བརྗོད་པ བརྗོད་དོ། །དེ་ནི་སྒྲུབ་པའོ། །ཡེ་མའོ་ཞེས་བྱ་བ་ནི་ངོ་མཚར་པའོ། །ཀུན་ཏུ་བཟང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། །སྐུ་གསུང་ཐུགས་ཀྱི་གཏན་ལ་དབབ་པ་ནི་ཐ་མལ་པའི་ལུས་ལ་སོགས་པའི་ཁྱད་པར་གྱི་ལྷའི་སྐུ བསྐྱེད་པ་གང་ཡིན་པ་དེ་ནི་ངོ་མཚར་བའོ། །དེ་བཞིན་དུ་སྐུ་ལ་སོགས་པ་དེ་རྣམས་ཀྱང་རྡོ་རྗེ་གསུམ་སྟེ་དེ་བཞིན་གཤེགས་པ་གསུམ་གྱི་རང་བཞིན་གསུམ་ནི་ཁམས་གསུམ་གྱི་རང་བཞིན་རྡོ་རྗེ་འཆང་ཆེ་པོ་ལ་ཀུན་ཏུ་ཞུགས་ཞེས་བྱ་བ་ནི་ཁམས་གསུམ་གྱི་བདག་ཉིད་དུ་འགྱུར་ཞིང ཞུགས་ཏེ་རོ་གཅིག་པར་གྱུར་པ་དེ་ཡང་ངོ་མཚར་བའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། དེ་འབའ་ཞིག་ཏུ་ཡང་མ་ཟད་དེ་ཇི་སྲིད་སེམས་ཅན་ཐམས་ཅད་ནི་ཁམས་གསུམ་གྱི་ནང་ན་གནས་པ་སྒོ་ང་ལས་སྐྱེས་པ་ལ་སོགས་རྡོ་རྗེ འཆང་གི་འོད་ཟེར་གྱིས་རེག་པ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འབྱུང་བའོ། །དེ་བཞིན་དུ་དུས་གསུམ་གྱི་རྡོ་རྗེའི་ངོ་བོ་ནི་དུས་གསུམ་ལ་གནས་པའི་དེ་བཞིན་གཤེགས་པ་འབྱུང་ངོ་ཞེས་བྱ་བ་ནི་ངོ་མཚར་པའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་རྡོ་རྗེ ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་གནས་ནི་དེ་དང་འདྲ་བའི་ཐོབ་པའོ། །སངས་རྒྱས་རྡོ་རྗེ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་རྫུ་འཕྲུལ་ཆེ་ནི་འཇིག་རྟེན་གྱི་དངོས་གྲུབ་སྟེ། སེམས་ཅན་ཐམས་ཅད་ཀྱིས་ངོ་ཐོབ་པར་གྱུར་པ་དེ་ནི་ངོ མཚར་ངོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། དེ་བཞིན་དུ་ཨེ་མ་ནི་ངོ་མཚར་ཆེའོ། །འདིར་བ་ངོ་མཚར་ཆེ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་ཉིད་ཐོབ་པའོ། །དེ་བཞིན་དུ་ཞི་བ་ནི་རྣམ་པར་ཤེས་པའི་རང་བཞིན་དང། རང་བཞིན་འགོག་པའི་མཚན་ཉིད་དེ་འོད་གསལ་བ་དབང་པོ་ལས་འདས་པ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་ལས་འདས་པ་ཐོབ་པ་དེ་ཡང་ངོ་མཚར་བའོ། ། དེ་ནས་འཁོར་བདག་གི་རྒྱུན་ནི་དེ་བཞིན་དུ་མཆོག་ནི་འོད གསལ་བ་ལས་བྱུང་བ་སྒྱུ་མའི་རང་བཞིན་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་གང་ཡིན་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ནུས་པ་དང་ལྡན་པ་ངོ་མཚར་བའོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་རིམ་གྱིས་དེ་ཉེ་བར་ཞི་བའི་མཚན་ཉིད་མྱ ངན་ལས་འདས་པ་ནི་ཐར་པའི་ངོ་བོ་བཞི་པའི་མཚན་ཉིད་དེ་ཁོ་ན་ཉིད་ཐོབ་པ་དེ་ཡང་ངོ་མཚར་བའོ། །ཡང་ན་འཁོར་བ་དག་གི་རྒྱུན་མི་གནས་པའི་མྱ་ངན་ལས་འདས་པ་སྤྲུལ་པའི་སྐུ་རྒྱུན་གྱི་རྟག་བས་འགྲོ་བའི་དོན་མཛད་པའི་ཕྱིར་གནས་པ་སྟེ། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ངོ་མཚར་བའོ། །དེ་ནི་རྡོ་རྗེ་བཟླས་པ་དང་སེམས་ལ་དམིགས་པ་དང། བདག་ལ་བྱིན་གྱིས་བརླབ་དང། མངོན་པར་བྱང་ཆུབ་པ་དང། ཟུང་འཇུག་པའི་རིམ་པའོ།། བྱང་ཆུབ་སེམས་དཔའ་ཨི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོ་དང་གཅིག་ཏུ་གྱུར་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ་ནི། བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པ་སྟེ་བོད་པའོ། །དེ་དེ་བཞིན་ནོ ཞེས་བྱ་བ་ནི་ཇི་ལྟར་ཁྱོད་ཀྱིས་བཤད་པ་དེ་དེ་ལྟར་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ། །འདི་ལྟར་བཤད་པ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ཚིག་གིས་དོན་བཅུ་དྲུག་བཤད་པའི་རིམ་གྱིས་རྒྱུད་ཀྱི་རྒྱལ་པོ་བསྟན་པ་དེ་བཞིན དུ་ཁྱོད་ཀྱིས་ཀྱང་ཐོས་བ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་མངོན་དུ་བྱས་སོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེ་ནས་ཞེས་བྱ་པ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ནི་བསམ་པ་ལ་སོགས་པ་སེམས་དཔའ་ཆེན་པོ་ནི་འདྲི་བའི བསམ་པ་དང་ལྡན་པས་འདུས་བྱས་པར་གྱུར་པ་ནི་གཅིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་?་བསྐྱོད་པ་ལ་སོགས་པ་ལ་།གསང་བ་དང་ཕྱིའི་མཆོད་པ་དང་བདུད་རྩི་དང་མཆོད་པ་ལྔས་མཆོད་ཅིང་ཕྱག་བྱས་ཏེ་འདུད་ཅིང་བསྟོད ནས། མགྲིན་གཅིག་ནི་དབྱངས་གཅིག་གིས་གསོལ་པ་ནི་འདི་སྐད་ཞུས་སོ། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གོ། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ཡིས་གསང་བ་འདུས་པ་ཞེས་བྱ་པའོ་རྒྱུད་ཀྱི་རྒྱལ་པོ་ཤིན་ཏུ་རྙེད པ་དཀའ་བ་ནི་སྔར་བཤད་པའི་ཚུལ་གྱིས་སྔོན་གྱི་དེ་བཞིན་གཤེགས་པ་འོད་སྲུངས་ལ་སོགས་པའི་དུས་སུ་ཡང་མ་གསུངས་པའི་ཕྱིར་ཉེ་བར་དཀའ་བའོ། །དམ་ཚིག་གཙོ་བོ་ཡིན་པའི་ཕྱིར་དམ་ཚིག་ཡིན་གྱི་བྱ་བ་མང་བ་ནི་མ་ཡིན་ནོ། །ཐབས་མང་བ་ཡིན པའི་ཕྱིར་ཐབས་ཏེ། དེ་བས་ན་བྱང་ཆུབ་སྒྲུབ་པ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པའི་རྒྱུད་ནི་བྱ་བ་དང་རྣལ་འབྱོར་ལ་སོགས་པ་ཕྱི་མའི་ཕྱི་མ་སྟེ་རྣལ་འབྱོར་ཕྱི་མའི་རྒྱུད་ཀྱི་ཡང་ཕྱི་མ་རྣལ་འབྱོར་ཆེན་པོའི་རྒྱུད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱི དྲིན་གྱིས་ནི་ཁོ་བོ་ཅག་གིས་རེ་ཞིག་རྟོགས་སོ། །དེ་ནི་དཀའ་བ་དང་སྦས་པའི་ཚིག་འདྲི་བ་ལན་གྱི་སྒོ་ནས། སེམས་ཅན་ནི་སྤོས་ཏེ་ཤེས་པའི་ཉན་པ་པོ་རྣམས་ལ་ཕན་འདོད་པ་སྟེ། རྗེས་སུ་གཟུང་བའི་འདོད་པས་ཁྱོད་ནི་རྡོ་རྗེ་འཆང་ཆེན་པོའི་གཅིག གི་རང་བཞིན་ཁྱེད་རྣམས་ལ་གསོལ་བར་འཚལ་བ་ནི་ཞུ་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །དེ་ན་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པས། བྱང་ཆུབ་སེམས་དཔའ་བརྩམས ལ་འདི་སྐད་བཀའ་སྩལ་པ་ནི་གསུངས་སོ། །ཀྱེ་བྱང་ཆུབ་སེམས་དཔའ་འདུས་པ་རྣམས་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་མགུ་པས་ཚིག་གཉིས་སོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་སྤྲོས་ཏེ་ཤེས་པའི་ཉན་པ་པོ་རྣམས་ཀྱིས་སྤས་པའི་ཚིག?་གི་དོན རྟོགས་པར་བྱ་བའི་ཕྱིར་འབྱུང་གནས་ནི་འདྲི་བའི་འབྱུང་གནས་ཏེ། གཞན་གྱི་དོན་བྱེད་པས་ཡང་ལེགས་པར་སྨྲ་བ་གཉིས་པའོ། །ལེགས་པར་སྨྲ་བའི་རྒྱུ་བསྟན་པར་བྱ་སྟེ། གང་ཞིག་སྤྲས་པའི་ཚིག་རྒྱུད་ཅེས་བྱ་བ་ནི་དཔལ་གསང་བ་འདུས་པའི་? རྟོགས་པར་དཀའ་བའི་ཚིག་ལེའུ་རེ་རེ་ལ་གནས་པ་རྡོ་རྗེའི་ཚིག་གང་ཡིན་པ་དེ་དག་ཐམས་ཅད་དོ། །དེ་དག་ཐམས་ཅད་འདྲི་འདོད་པ་ནི་ཁྱོད་ཀྱིས་འདྲི་བར་འདོད་པ་ཞེས་བྱ་བའི་རྟེན་དགོངས་པའོ། །དེ་ནི་ཚིག་གི་དོན་བཅུ་དྲུག་གོ། དེ་ནས་ཞེས་བྱ་བ ལ་སོགས་པ་ལ་ལེགས་པར་སྨྲ་བའི་ཚིག་ཉན་པས་རབ་ཏུ་དགའ་བ་ནི་སེམས་ལ་གནས་པའི་བྲབ?་པའི་དྲི་བ་རྟོགས་པའི་རབ་ཏུ་གསལ་པའི་ཕྱིར་མིག་གདངས་པ་དང། ཡང་དང་ཡང་དུ་དད་པའི་ཤུགས་ཀྱིས་ཕྱག་འཚལ་ཞིང་བཏུད་དེ། འདིའི འོག་ནས་བཤད་པར་འགྱུར་པའི་སོམ་ཉི་ནི་ཐེ་ཚོམ་གྱི་ཚིག་ཞུས་པར་གྱུར་པ་ནི་འདྲི་བར་བྱས་པ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་སྟེ་སྔ་མ་དང་སྦྱར་རོ། །དེ་ནི་ཚིག་གི་དོན་བཅུ་དྲུག་གོ། གསང་བ་བྱ་བ་ནིས་བརྩམས་ཏེ། སྣ་ཚོགས ཇི་ལྟར་བྱེད་པར་འགྱུར་ཞེས་བྱ་བའི་བར་ནི་གོ་སླའོ། །དོན་བསྡུས་པའི་སྐབས་སུ་འདྲི་བ་བདུན་ཅུ་རྩ་གཉིས་བཤད་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་ཐུགས་རྡོ་རྗེ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས ཀྱིས་ཞུས་པ་གཙོ་བོར་གྱུར་ཚིག་ནི་ཞུས་པའི་ཚིག་གོ་། ཉེ་བར་གསན་པ་ནི་གསན་པ་སྟེ། ཆེན་པོ་ནི་ཡེ་ཤེས་གསུམ་དང་བྱང་ཆུབ་ནི་རང་བཞིན་རྣམས་སོ། །རྡོ་རྗེ་ནི་དེ་རྣམས་འཇོམས་པ་འོད་གསལ་པ་ལ་དམིགས་ཤིང་ཞུགས་ཏེ། སྐད ཅིག་ནི་གུང་ཙམ་སྟེ། མི་གསུང་བར་གྱུར་པ་ནི་དེའི་ཏིང་ངེ་འཛིན་ལ་ཐུགས་རྩེ་གཅིག་པར་གྱུར་ཏོ། །དེ་ནི་སེམས་ལ་དམིགས་པའི་རིམ་པའོ། །དགོངས་པ་ནི་འདི་ཡིན་ཏེ། ཟབ་མོའི་དོན་གསལ་བའི་དོན་དུ་དང་པོ་དེ་ཁོ་ན་ཉིད་རྗེས་སུ་? དེ་བཞིན་གཤེགས་པར་ཞུགས་པ་དང་དེ་རྣམས་ཀྱིས་ཀྱང་འོད་གསལ་བ་ཁོང་དུ་ཆུད་དོ་ཞེས་ཤེས་ནས། བྱང་ཆུབ་སེམས་དཔའ་རབ་དགའ་ནས་ནི་ངེས་པར་ཁོ་བོ་ཅག་ལ་དེ་རྣམས་ཀྱི་ཐེ་ཚོམ་གཅོད་པར་འགྱུར་རོ། །གཞན་དུ་?་ཕྱིར བཅོམ་ལྡན་འདས་བསམ་གཏན་ལ་བཞུགས་པར་གྱུར་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྙིང་རྗེའི་བདག་ཉིད་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྫོགས་པའི་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་བདེ་བར་གཤེགས་པ་ནི་དེ་བཞིན ཉིད་ལེགས་པར་མཁྱེན་པ་མགོན་པོ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་སྟོན་པ་ལ། ཡང་དང་ཡང་དུ་ནི་ཉན་པར་འདོད་པས། རབ་བསྐུལ་ནི་ཁོ་པོ་ཅག་ལ་དེ་རྣམས་ཀྱིས་ཇི་ལྟར་ཐེ་ཚོམ་ཆོད་པར་འགྱུར་ཞེས་དེ་རྣམས་ཀྱི་ཞལ་ལ་བལྟ་བ ལ་བརྩོན་པར་འགྱུར་རོ། །དེ་ནི་སྒྲུབ་པའོ། །འོང་གསལ་བའི་ཏིང་ངེ་འཛིན་ལས་ལངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདྲི་བ་དགྲོལ་བར་བྱ་བའི་ཕྱིར་གསུངས་པ་ནི། ཀྱེ?་བྱང་ཆུབ་སེམས་དཔའ་ ནི་བྱམས་པ་ལ་སོགས་ལས་ཞུས་པ་རྒྱ་ཆེན་ནི་ཐེ་ཚོམ?་རྒྱ་ཆེ་བའི་ལན་ནི། མཉམ་པར་གྱིས་ཤིག་ཅེས་བྱ་བ་ནི་ཉོན་ཅིག་པའོ། །ཇི་ལྟར་ཉོན་ཅིག་པ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས་ཞེས་བྱ་བ་ནི་སྐུ་གསུང་ཐུགས་རྩེ་གཅིག་པས སོ། །ཞུས་པ་རྒྱ་ཆེན་ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོར་གྱུར་པའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ནི་ཚིག་དོན་བཅུ་དྲུག་གོ་།དེ་ནས་ཞེས་བྱ་བ་ལ སོགས་པ་ལ་། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བྱམས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་འབྲེལ་བ་དང་ལྡན་པ། རྗེས་སུ་གཟུང་བའི་བཀའ་ནི། རྗེས་སུ་གཟུང པའི་བཀའ་ལུང་སྤྲོ?་བོས་རབ་ཏུ་མནོས་པ་ནི་དང་པས་རབ་ཏུ་བླངས་ཏེ་?་རང་རང་གི་ནི་རང་རང་གི་བདག་ཉིད་ཀྱིའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའ་ཨི སྐུ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་ལྷའི་རང་བཞིན་གང་ཡིན་པ་དེ་རྣམས་ལ། དམིགས་པ་ནི་བླངས་ཏེ་ལེགས་པར་སྨྲ་བ་མངོན་དུ་འགྲོ་བས་སོ། །ཅང་མི་སྨྲ་བར་གྱུར་ཏོ་ཞེས་བྱ་བ་ན་ཆོས་བསྟན་པ་མཉམ་པར་བྱ་བའི་ཕྱིར་རྩེ་གཅིག པ་ཉིད་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནི་བསྒྲུབ་པར་བྱ་བ་དང་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ལ་དད་པའི་སེམས་དང། རྩེ་གཅིག་ཉིད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་གཟིགས་ཤིང་དེ་བཞིན གཤེགས་པ་རྣམས་ཀྱིས། རང་གི་ཐུགས་ཐུགས་རྗེ་ཆེན་པོ་བསྐྱེད་ཅིང་གསུང་གཅིག་གིས་དེ་རྣམས་ཀྱི་འདྲི་བའི་ཐེ་ཚོམ་སེལ་བར་བྱ་བའི་ཕྱིར་བཀའ་སྩལ་བ་ནི་གསུངས་སོ་ཞེས་བྱ་བའི་དོན་ཏེ་སྒྲུབ་པའོ། །སྐུ་གསུང་ཐུགས་ནི་ཞེས་བྱ་བ ལ་སོགས་པ་ལ། རྣམ་པ་གསུམ་ནི་སྐུ་གསུང་ཐུགས་གསུམ་སྟེ། ཐ་མལ་པའི་ངོ་བོ་དང་བྲལ་ཞིང་ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་རྗེས་སུ་དྲན་པས་སྟོང་པ་ཉིད་དུ་ཞུགས་པ་དེ་དག་ཉན་ཐོས་པ་ལ་སོགས་པ་ཐོབ་པར་བྱ་བ མ་ཡིན་པའི་ཕྱིར་གསང་བ་ཞེས་བྱ་སྟེ་དང་པོའི་སྦྱོར་པའོ། །དེ་བཞིན་དུ་སྐུ་ལ་སོགས་པ་གསུམ་ནི་ལྷའི་རྣམ་པར་སྔོ་བ་གསང་བ་སྟེ་དཀྱིལ་འཁོར་རྒྱལ་བ་མཆོག་གོ། སྐུ་ལ་སོགས་པ་གསུམ་འོད་དུ་ཞུ་བ་ནི་གསང་བ་སྟེ་།ལས་ཀྱི་རྒྱལ བ་མཆོག་གོ། འདོད་པའི་གདུགས་ལ་སོགས་པ་འགྲོ་བ་བསྐྱེད་པའི་རྒྱུ་རྩ་གསུམ་གསང་བ་སྟེ། བསྐྱེད་པའི་རིམ་པའོ། །སྐུ་ལ་སོགས་པ་ཉེ་བར་བསྡུ་བ་ཐིག་ལེ་ཕྲ་མོ་སྣ་རྩེ་གསུམ་ལ་གནས་པ་གསང་བ་སྟེ་།རྫོགས་པའི་རིམ པའོ། ། སྐུ་གསུང་ཐུགས་ནི་ཡི་གེ་གསུམ་འཇུག་པ་ལ་སོགས་པའི་རིམ་གྱིས་འོད་གསལ་བའི་གནས་ཐོབ་པས་གསང་པ་སྟེ་། རྡོ་རྗེ་བཟླས་པའི་རིམ་པའོ། །སྐུ་གསུང་ཐུགས་ཀྱི་རྒྱུར་གྱུར་པ་རྣམ་པ་གསུམ་ནི་རྣམ་པར་ཤེས་པ དང་རང་བཞིན་གྱི་ཚོགས་ཏེ། དེ་དག་འོད་གསལ་བ་ལ་ཐིམ་པས་ན་གསང་བ་སྟེ། སེམས་ལ་བཞིགས་པའི་རིམ་པའོ། །སྐུ་གསུང་ཐུགས་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་འཇའ་ཚོན་དང་འདྲ་བ་འོང གསལ་ལ་བྱུང་པས་ན་གསང་བ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཆགས་པ་དང་ཆགས་པ་བར་མ་དང་ཆགས་པ་དང་བྲལ་བ་ནི་སྐུ་གསུང་ཐུགས་རྣམ་པ་གསུམ་སྟེ། དེ་དག་རིམ་པ་བཞི་པས་རྣམ་པར་དག་པས་ན་གསང་བ་སྟེ་མངོན པར་བྱང་ཆུབ་པའི་རིམ་པའོ། །ཀུན་རྫོབ་དང་དོན་དམ་པ་དང་གཉིས་ཀ་འདྲེས་པ་ནི་སྐུ་གསུང་ཐུགས་རྣམ་པ་གསུམ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོར་གནས་པས་ན་གསང་བ་སྟེ། ཟུང་དུ་འཇུག་པའི་རིམ་པའོ། །སྐུ་ལ་སོགས་པ རྣམ་པ་གསུམ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་ཐབས་དང་ཤེས་རབ་སྟེ། དེ་དག་སྦྱོར་བས་ན་གསང་བ་སྟེ། སྐུ་གསུང་ཐུགས་ནི་རཀྟ་ལ་སོགས་པ་གསུམ་གྱིས་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་དང་པདྨ་སྟེ་དེ་དག་སྦྱོར་བ་ནི་གསང་བ་སྟེ་རྒྱུའོ།། ཧཱུཾ་དང་ཕཊ་ལ་སོཌ་པའི་ཡི་གེ་གསུམ་གྱིས་བསྐྱེད་ཅིང་དེ་ཉིད་ཀྱིས་མཚན་པ་རྡོ་རྗེ་དང་པདྨ་བསྐྱོད་པ་ནི་གསང་བ་སྟེ་ལས་སོ། །སྐུ་གསུང་ཐུགས་གསུམ་ནི་བདེ་བ་ཆེན་པོའི་རང་བཞིན་ཞི་བ་རྟོགས་པས་ན་གསང་བ་སྟེ། འབྲས་བུའོ། །ཡུལ དང་དབང་པོ་དང་རྣམ་པར་ཤེས་པ་ནི་གསུམ་སྟེ། དེ་དག་ཕྲད་པས་ཡུལ་དེར་ཉེ་བར་སྤྱོད་ཅིང་སྐུ་ལ་སོགས་པ་བདེ་བ་བསྐྱེད་པ་ན་གསང་པ་སྟེ། སོ་སོར་བསྡུད་པའོ། །དེ་ཉིད་ཀྱི་སྐུ་ལ་སོགས་པ་གསུམ་གྱི་རང་བཞིན་དེ་བཞིན་གཤེགས་པ་ལྔའི བདག་ཉིད་དུ་རྟོགས་པ་སྟེ་བསམ་གཏན་ནོ། །འཇུག་པ་ལ་སོགས་པའི་རིམ་པས་འགྲོ་བ་དང་འོང་བའི་རིམ་པས་སྦྱོར་བས་སྐུ་ལ་སོགས་པ་གསུམ་གྱི་རང་བཞིན་ཡུངས་ཀར་གྱི་འབྲས་བུའི་ཆད་ཙམ་ཐིག་ལེ་སྤྲོ་བ་དང། སྡུད་པ་ནི་གསང་བ སྟེ་སྲོག་དང་རྩོལ་བའོ། །སྐུ་ལ་སོགས་པ་གསུམ་ཉེ་བར་སྡུད་པར་བྱེད་པས་རྡོ་རྗེ་ལ་སོགས་པ་སྣ་རྩེ་གསུམ་ལ་ཐིག་ལེ་འཛིན་པ་ནི་གསང་བ་སྟེ་འཛིན་པའོ།། སྐུ་ལ་སོགས་པ་གསུམ་གྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ཨི་ཁམས ལ་སྤྲོ་བ་ནི་གསང་བ་སྟེ་རྗེས་སུ་དྲན་པའོ། །སྐུ་ལ་སོགས་པ་གསུམ་སྟེ་དེ་ཉེ་བར་སྡུད་ཅིང་མོས་པའི་རྣལ་འབྱོར་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ངོ་བོའི་རྡོ་རྗེ་འཆང་ཆེན་པོའི་སྐུ་དམིགས་པ་ནི་གསང་བ་སྟེ་ཏིང་ངེ་འཛིན་ནོ།། སྐུ་ལ་སོགས་པ་གསུམ་ནི་བསྲུང་བ་དང་བཟའ་བའི་དམ་ཚིགས་ཉམས་སུ་བླང་བ་ནི་གསང་བ་སྟེ། དམ་ཚིག་དང་སྐུ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་སྡོམ་པ་བླང་པས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་སྒྲུབ་པ་ནི་གསང་བ་སྟེ སྡོམ་པ་ཡིན་ནོ་ཞེས་སྒྲུབ་པའོ། །དེ་ལྟར་གསང་བའི་སྒྲས་ཚིག་གི་དོན་བཅུ་དྲུག་བསྟན་པས་རྒྱུད་ཀྱི་དོན་མ་ལུས་པ་བསྟན་པའོ། །འདུས་པ་ཞེས་བྱ་ལ་སོགས་པ་ལ། འདུས་པ་བསྡུས་པར་བྱེད་པས་ན་འདུས་པ་སྟེ། མདོར་བསྟན་པའོ། །སངས རྒྱས་ཐམས་ཅད་ཕུང་པོ་འམ་དེ་བཞིན་གཤེགས་པ་རྣམས་འདུས་པ་སྟེ། དེ་ནི་རྒྱུད་ཀྱི་རྒྱལ་པོ་དེའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མ་དང་སྦྲོ་བ་དང་བསྡུ་བ་དང་སྐུ་བསྐྱེད་པ་སྟེ། མངོན་པར་བྱང་ཆུབ་པ ལྔ་དང་། དེ་བཞིན་གཤེགས་པ་ལྔ་སྤྲོས་?་བསྡུ་བ་སྟེ། དང་པོ་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་བ་མཆོག་གོ་།སྐུ་རྫོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་ནི་འདུས་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། རྩ་རྒྱུས་སྟོང་ཕྲག བདུན་ཅུ་རྩ་གཉིས་ལམ་བྱང་ཆུབ་ཀྱི་སེམས་སྤྲོ་བས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཁམས་གསུམ་པ་བསྐྱེད་པས་ན་འདུས་པ་སྟེ། བསྐྱེད་པའི་རིམ་པའོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་རྗེས་སུ་ཆགས་པ་མཆོག་གི སྒྲས་རྒྱལ་བ་མ་ལུས་པའི་ཚོགས་ཞུགས་ཤིང་རྡོ་རྗེ་ནོར་བུའི་རྩེ་མོར་རོ་གཅིག་པར་གྱུར་པ་བྱང་ཆུབ་ཀྱི་ཐིག་ལེའི་ངོ་བོ་ནི་འདུས་པ་སྟེ། རྫོགས་པའི་རིམ་པའོ། །ཡང་ན་རྡོ་རྗེའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལོ་སྤྲོ ཞིང་པདྨའི་ལྟ་བའི་ནང་དུ་དཀྱིལ་འཁོར་བའི་ལྷའི་གཟུགས་སུ་དམ་ཚིག་གི་འཁོར་སྤྲོ་བ་ནི་འདུས་པ་སྟེ་བསྐྱེད་པའི་རིམ་པའོ། ། ཕྱིར་མི་ལྡོག་པའི་དབང་གི་དུས་སུ་སློབ་མའི་ཚངས་པའི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་ནི འདུས་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། ཡི་གེ་ཕྱི་མོ་བཞི་བཅུ་རྩ་དགུ་པོ་ཕོ་དང་མོ་དང་མ་ནིང་གི་རྟགས་ཀྱི་རང་བཞིན་ཡི་གེ་སུམ་གྱིས་བསྡུས་པས་ན་འདུས་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །རང་བཞིན་བརྒྱ་དྲུག་ཅུ་ཤེས་རབ དང་ཐབས་དང་མ་རིག་པ་གསུམ་གྱིས་བསྡུས་པས་ན་འདུས་པ་སྟེ། སེམས་ལ་དམིགས་པའི་རིམ་པའོ། །ཁམས་གསུམ་པ་འམ། སྐུ་གསུམ་ནི་སྒྱུ་མ་ལྟ་བུ་ཉིད་ཀྱིས་བསྡུས་པས་ན་འདུས་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ པའོ། ཆགས་པ་ལ་སོགས་པ་འོད་གསལ་བས་བསྡུས་པ་ན་འདུས་པ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །ཀུན་རྫོབ་དང་དོན་དམ་པ་བསྡུས་པ་ནི་འདུས་པ་སྟེ་ཟུང་དུ་འཇུག་པའི་རིམ་པའོ། །ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་ནི འདུས་པ་སྟེ་རྒྱའོ། །སངས་རྒྱས་ཐམས་ཅད་ནི་ཨོཾ་ལ་སོགས་པ་དགོད་ཅིང་རྡོ་རྗེ་དང་པདྨ་བསྐྱོད་པ་ནི་འདུས་པ་སྟེ་ལས་སོ། །ཕུང་པོ་ལ་སོགས་པ་ཐམས་ཅད་སྡུད་པ་བདེ་བ་ཆེན་པོའི་རང་བཞིན་དོན་དམ་པ་ནི་འདུས་པ་སྟེ། འབྲས་བུའོ། །ཡུལ དང་དབང་པོ་འདུས་པ་ནི་འདུས་པ་སྟེ་སོ་སོར་བསྡུད་པའོ། །དེ་དག་དེ་བཞིན་གཤེགས་པའི་རྣམ་པར་བསྒོམ་པ་ནི་འདུས་པ་སྟེ། བསམ་གཏན་ན། །ཁམས་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཡན་ལག་ཐམས་ཅད་ལས་བསྐུལ ཏེ། སྣ་རྩེ་གསུམ་གྱི་གཞིང་བསྡུ་ཞིང་འཇུག་པ་ལ་སོགས་པའི་རིམ་གྱིས་སྤྲོ་བ་དང་བསྡུ་བར་བྱ་བ་ནི་འདུས་པ་སྟེ་སྲོག་དང་རྩོལ་བའོ། །དེ་ཉིད་འཇུག་པ་ལ་སོགས་པ་དང་བྲལ་ཞིང་དང་མཐར་མེའི་རྩེ་མོ་དང་འདྲ་བར་རྒྱུན་གྱིས་བསྡུས་པ་སྟེ་འཛིན པའོ། །དེ་ཉིད་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲོ་ཞིང་ནམ་མཁའ་ཨི་དབྱིངས་ལ་ཁམས་གསུམ་པོ་དཀྱིལ་འཁོར་གྱི་ཚུལ་དུ་བསྡུས་པ་ནི་འདུས་པ་སྟེ། རྗེས་སུ་དྲན་པའོ། །དེ་དག་ཉེ་བར་བསྡུ་ཞིང་སངས་རྒྱས་ཐམས་ཅད་ཀྱི རང་བཞིན་རྡོ་རྗེ་འཆང་ཆེན་པོའི་སྐུར་བསྡུས་པ་ནི་འདུས་པ་སྟེ། ཏིང་ངེ་འཛིན་ཏོ། །ལྕགས་ཀྱུ་ལྔ་དང་རིན་ཆེན་ལྔ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྦྱང་པ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བསྡུས་པ་ནི་འདུས པ་སྟེ་སྒྲུབ་པའོ། །དེ་ལྟར་ཚིག་གི་དོན་བཅུ་དྲུག་གི་སྟོན་པར་བྱེད་པ་གསང་བ་འདུས་པའི་ཚིག་འདི་དག་ནི་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་བདག་ཉིད་ནི་དཔལ་གསང་བ་འདུས་པའི་རྒྱུད་ཡིན་ནོ། །དེ་ལ་རྗོད་པར་བྱེད་པ་ནི་འདུས་པའི ཚིག་ཡིན་ལ། གསང་བའི་ཚིག་ནི་དེའི་ཁྱད་པར་དུ་གྱུར་པ་ཡིན་ན་ཡང་བརྗོད་པར་བྱ་བ་ཡིན་ནོ། །དེ་ནི་འབྲེལ་པ་བསྟན་པར་བྱ་སྟེ། ལེའུ་ཐམས་ཅད་རྣམ་པར་དབྱེ་བས་གནས་ཤིང་གསུམ་གསུམ་པོར་ཞིང་འབྲལ་བར་ཤེས་པར་བྱའོ།། དེ་ཉིད་ལྔ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྔ་པ་ནི་སྤྱོད་བའི་ལེའུ་དང། དགུ་པ་ནི་དེ་ལས་གསུངས་པའི་རྡོ་རྗེའི་ཚིག་ངེས་པར་བཤད་པའི་མཚན་ཉིད་འགལ་བའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ལེའུ་དང། བཅུ་བདུན་པ་དམ ཚིག་དང་སྡོམ་པའི་ལེའུ་དང། བཅུ་གསུམ་པ་ནི་ལས་རབ་འབྱམས་ཀྱི་ལེའུ་རྣམས་སོ། །སངས་རྒྱས་ནི་རྫོགས་པའི་རྣལ་འབྱོར་པ་དང། བྱང་ཆུབ་སེམས་དཔའ་རྣཾས་ནི་མ་རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྟན་པ་སྒྲུབ་པ་ནི་འདུལ་བར བྱེད་པ་སྟེ། དེ་བས་ན་གཞན་གྱི་དོན་ཕུན་སུམ་ཚོགས་པ་གཙོ་བོ་ཡིན་པས་ཆེན་པོ་སྟེ་མཆོག་གོ་།གང་གི་ཕྱིར་སྤྱོད་པ་རྣམ་གསུམ་གྱི་གདུག་པ་ལ་སོགས་པ་ཕ་རོལ་གྱི་རྣམ་པར་ཤེས་པ་ལ་སོགས་པ་འགུགས དང། ཞི་བ་ལ་སོགས་པ་ལས་རབ་འབྱམས་དང། དམ་ཚིག་དང་སྡོམ་པའི་སྒོ་ནས་ཀྱང་རྣལ་འབྱོར་པས་སེམས་ཅན་གྱི་དོན་བྱའོ་ཞེས་སྒྲུབ་པའོ། །དེ་བཞིན་དུ་བཞི་པ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་དང། བཅུ་དྲུག་པ་ནི་སྐུ དང་གསུང་གི་དཀྱིལ་འཁོར་གྱི་ལེའུ་དང། བརྒྱད་པ་ནི་གསང་བའི་དབང་བསྐུར་གྱི་ལེའུ་དང། བཅུ་གཉིས་པ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པའི་ལེའུ་སྟེ། སློབ་དཔོན་གྱི་ལན་ནི་སློབ་དཔོན་གྱི་བྱ་བ་དང། སྤྱིའི་ལས་ནི་སློབ་མ་རྗེས་སུ བཟུང་བར་བྱ་བའི་ཕྱིར་དངོས་གྲུབ་བསྟན་པ་དང། བརྟུལ་ཞུགས་ནི་ཇི་ལྟར་མོས་པ་དཀྱིལ་འཁོར་ལ་ཞུགས་པ་དང། སྡོམ་པ་ནི་ལྷའི་རྣམ་པ་བསྒོམས་པར་བྱ་བ་སྟེ་བསྐྱེད་པའི་རིམ་པའོ། །དེ་བཞིན་དུ་དྲུག་པ་ནི་སྐུ་ལ་སོགས་པ་བྱིན གྱིས་བརླབ་པའི་ལེའུ་དང། གཉིས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་དང། བཅུ་པ་ནི་སྔགས་ཀྱི་སྒོ་ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བའི་ལེའུ་དང། བཅུ་བཞི་པ་ནི་སྔགས་གཙོ་བོར་གྱུར་པ་ལས་རབ་འབྱམས་ཀྱི ལེའུ་སྟེ། དྲག་སྤྱོད་ནི། ཨོཾ་སརྦབ་ཏ་ཐཱ་ག་ཏཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ་ཞེས་བྱ་བ་ལ་སོགས་པ་དང། དངོས་པོ་མེད་པར་བསྒོམ་པ་ནི་དངོས་ཞེས་བྱ་བ་ལ་སོགས་པ་དང། ཨོཾ་ཨཱ:ཧཱུཾ་ཞེས་བྱ་བ་ལ་སོགས་པ་དང། ཨོཾ་རུ་རུ སཕུ་རུ་ཛཝ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦབ་ཨརྠ་སཱ་དྷ?་ནི་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ལ། རྗེས་སུ་ཆགས་པ་ནི་བརྟན་པར་བྱ་བའི་ཕྱིར་སྐུ་རྡོ་རྗེ་ལ་སོགས་པ་ཕྱིན་གྱིས་བརླབ་པ་དང། སྟོང་པ་ཉིད་བསྒོམ་པ་དང། སྙིང་པོ་སྐུལ་བ་དང། ཞེ པ་ལ་སོགས་པ་བྱེད་པ་སྟེ། དེ་ཉིད་ཀྱི་ཕྱིར་ཉེ་བར་སྒྲུབ་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཉེ་བར་སྒྲུབ་པ་དང། སྡོམ་པ་ནི་བསླབ་པ་གཙོ་བོར་གྱུར་པའོ། །དེ་ནི་དང་པོ་སྦྱོར་བ་དང་ལས་ཀྱི་རྒྱལ་བ་མཆོག་དང་སྒྲུབ་པ་རྣམས་སོ། །བདུན་བ་ནི་སྤྱོད་པའི ཁྱད་པར་གྱི་ལེའུ་དང། གསུམ་པ་ནི་ལྷའི་ལེའུ་དང། བཅུ་གཅིག་པ་ནི་སྔགས་ཀྱི་རྒྱུད་དང་ཡེ་ཤེས་སྐུའི་ལེའུ་དང། བཅོ་ལྔ་པ་ནི་སྒྱུ་མ་ལྟ་བུའི་ལྷའི་སྐུའི་ལེའུ་སྟེ། དངོས་གྲུབ་ཀྱི་ཞིང་ནི་རྡོ་རྗེ་འཆང་ལ་སོགས་པ་ལྷའི་སྐུ་རྟགས་ནི་རྒྱུར་གྱུར པའོ། །དེ་ཉིད་ཀྱི་ཕྱིར་བསྙེན་པ་སྒྲུབ་པའི་སྡོམ་པ་ནི་དེ་བཞིན་གཤེགས་པའི་སྐུ་སྒྲུབ་པར་བྱེད་པ་སྟེ་།རང་གི་དོན་སྒྲུབ་པར་བྱེད་པའི་གཙོ་བོ་ཡིན་ནོ། །གང་གི་ཕྱིར་སྤྱོད་པ་དང་རྟོགས་པའི་ལྷ་བསྒོམ་པ་དང། རྟོག་པ་དང་པོ་ཡོངས་སུ་རྫོགས པའི་ལྷ་བསྒོམ་པ་དང། སྒྱུ་མ་ལྟ་བུ་ཏིང་ངེ་འཛིན་གྱིས་ཐ་མལ་པའི་སྐུ་རྣམ་པར་དག་པས་ཁྱད་པར་གྱི་ལྷའི་གོ་འཕང་ཐོབ་པར་འགྱུར་ཏེ། དེ་ནི་སྒྲུབ་པ་དང། བསྐྱེད་པའི་རིམ་པ་དང། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ལྟར་བདུན པ་ལ་སོགས་པས་རང་གི་དོན་ཕུན་སུམ་ཚོགས་པ་དང། དྲུག་པ་ལ་སོགས་པ་དེ་ཉིད་ཀྱི་ཐབས་ཀྱིས་ཕུན་སུམ་ཚོགས་པ་དང། ལྔ་པ་ལ་སོགས་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། བཞི་པ་ལ་སོགས་པས་དེ་ཉིད་ཀྱི་ཐབས་ཀྱི ཕུན་སུམ་ཚོགས་པ་བསྒྲུབ་པར་བྱའོ། །དེ་ལྟར་རང་གི་དོན་ཕུན་སུམ་ཚོགས་པ་དང་།གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། དེ་གཉིས་ཀའི་ཐབས་ཀྱིས་ཕུན་སུམ་ཚོགས་པ་གཙོ་བོར་གྱུར་པའི་ལེའུ་བསྟན་པ་འབྲེལ་པའོ། །དེ་ལེའུ་དང་པོ ནི་འབྲས་བུར་འགྱུར་པ་ཏེ། འབྲེལ་པའི་ནང་དུ་མ་བསྡུས་པ་དང། དེ་ལེའུ་བཅོ་བརྒྱད་པ་ནི་རྡོ་རྗེ་ཚིག་ངེས་པར་བཤད་པའི་སྒོ་ནས་རྣམ་པར་གྲོལ་བའི་བདག་ཉིད་དེ་།དེ་ནི་འབྲེལ་པ་བརྗོད་པ་མ་ཡིན་ནོ། །ཁ་ཅིག་ན་རེ་ལེའུ་བཞི་ནི་བསྙེན་པ་ལ སོགས་པ་ཡན་ལག་བཞི་བརྗོད་པ་ཟེར་བ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་བསྙེན་པ་ལ་སོགས་པ་སྤངས་པ་ནི་ལེའུ་གཅིག་ཀྱང་མི་དམིགས་ཏེ། ཐམས་ཅད་དེ་ཉིད་གཙོ་བོར་གྱུར་པའི་ཕྱིར་དང། ཁས་བླངས་ན་ཡང་འཁྲུལ་པའི ཕྱིར་རོ། །འདི་ལྟ་སྟེ། གལ་ཏེ་ལྔ་ལ་སོགས་པ་སྒྲུབ་པ་ཆེན་པོ་ཉིད་དུ་འདོད་ན་དེའི་ཚེ་ཡི་གེ་དགོད་པའི་བདག་ཉིད་སྒྲུབ་པ་ཆེན་པོ་མེད་པ་སྟེ། སྤྱོད་པ་དང་རྣམ་པར་ཤེས་པ་ལ་སོགས་པ་དགུག་པ་དང་ལས་ཀྱི་རབ་ཏུ་དབྱེ་བ་དང། དམ་ཚིག་དང སྡོམ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །བཞི་པ་ལ་སོགས་པ་ལ་དཀྱིལ་འཁོར་ལ་ཞུགས་སློབ་མ་རྗེས་སུ་བཟུང་བར་བྱ་བའི་དུས་སུ་སྐུ་བསྒྲུབ་པ་ནི་མེད་དེ། སྟོང་པ་ཉིད་མེད་པའི་ཕྱིར་རོ། །དྲུག་པ་ལ་སོགས་པས་སྐུ་ལ་སོགས་པས་བྱིན་གྱིས བརླབ་པར་བསྒྲུབས་ནས་ས་བོན་བསྡུས་པའི་བདག་ཉིད་ནི་ཉེ་བར་སྒྲུབ་པ་མི་རིགས་སོ། །དེ་ནས་བདུན་པ་ལ་སོགས་པས་རང་གི་དོན་བསྒྲུབ་པའི་ཕྱིར་ལྷའི་སྐུ་སྒྲུབ་ན་སྟོང་པ་ཉིད་ནི་བསྙེན་པ་མེད་དོ། །རྫོགས་པའི་རིམ་བརྗོད་པར་བྱེད་པ་ལ་བསྟེན པ་ལ་སོགས་པ་ལ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལ་སོགས་པ་ནི་ལྔ་པ་ལ་སོགས་པའི་དོན་མ་ཡིན་མ་ཡིན་པ། ཐབས་བཞི་པའི་རིམ་གྱིས་བསྙེན་པ་ལ་སོགས་པ་མི་རིགས་པ་དང། དཀྱིལ་འཁོར་གྱི་ཆོ་གའི་རིམ་གྱིས་བསྙེན པ་ལ་སོགས་པ་ནི་མི་རིགས་ཏེ། ཅིའི་ཕྱིར་ལེའུ་བཞི་པ་ལ་སོགས་པས་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་བརྗོད་ཀྱིས། གཞན་དག་གིས་ནི་བརྗོད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རེ་ཞིག་དང་པོར་བསྐྱེད་པའི་རིམ་པ་ལ་རྡོ་རྗེ་བཞི་པའི་རིམ པས་སྟོང་པ་ཉིད་དངོས་པོ་ན་བསྡུས་པ་དང། གཟུགས་རྫོགས་པ་དང་ཡི་གེ་དགོད་པ་ལ་སོགས་པའི་བདག་ཉིད་བསྙེན་པ་ལ་སོགས་པ་ཡིན་ནོ། །རྫོགས་པའི་རིམ་པ་ལ་ཡང་ཐབས་དང་ཤེས་རབ་དང། རྡོ་རྗེ་དང་པདྨ་དང་ཡང་དག་པར་སྦྱོར་བ་དང། དེ་བསྐྱོད་པ་དང། བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་བསྙེན་པ་ལ་སོགས་པའོ། །དེ་བཞིན་དུ་རྫོགས་པའི་རིམ་པ་ལ་ཡང་ཡན་ལག་དྲུག་པའི་རྣལ་འབྱོར་བསྒོམ་པ་ནི་བསྙེན་པའོ། །དེ་བཞིན་དུ་བསྐྱེད་པའི་རིམ་པ་ཡང་བསྡུམ་པ་དང། སྦྱིན་པ་དང་དབྱེ་བ་དང། ཆད་པ་དང་བཞིན་ནི་བསྙེན་པ་དང། ཉེ་བར་སྒྲུབ་པ་དང། སྒྲུབ་པ་དང། སྒྲུབ་པ་ཆེན་པོ་ཡིན་ནོ། །དཀྱིལ་འཁོར་གྱི་སྐབས་སུ་ཡང་གཙུག་ཏོར་འཁོར་ལོ་སྒྱུར་བ་དང། བདུད་རྩི་འཁྱིལ་པ་དང། རང་གི་ལྷག་པའི་ལྷ་དང། རྡོ་རྗེ་འཆང་སྒོམ་པ་ནི་བསྙེན་པ ལ་སོགས་པ་ཡིན་ནོ་ཞེས་བསྡུས་ནས་བསྙེན་པ་ལ་སོགས་པས་དབྱེ་བ་བཅུ་དྲུག་ནི་རིམ་པ་གཉིས་ཀྱི་ནང་དུ་བསྡུས་སོ། །དེ་དང་འདྲ་བ་ལེའུ་ལྔ་པ་སོགས་པ་ལ་མེད་དོ། །ཞེས་བསྙེན་པ་ལ་སོགས་པ་རྗོད་པར་བྱེད་པ་ནི་རིགས་སོ། །དེ་བས་ན་རང་བཟོ་ཉིད ཀྱི་འཆད་པ་པོས་འཇིག་རྟེན་པའི་འཁྲུལ་པར་བྱེད་དེ། ལུང་དང་རིགས་པ་མེད་པའི་ཕྱིར་རོ། །ཞེས་ཧ་ཅང་ཐལ་ཆེས་པས་ཆོ་ག་སྟེ་རྣལ་འབྱོར་མའི་དོན་བཤད་པའོ།། ད་ནི་ཚིགས་སུ་བཅད་པ་གསུམ་གྱི་དགོས་པ་བཤད་པར་བྱ་སྟེ། དེ་བཞིན་གཤེགས པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཀུན་གྱི་ལས་ནི་ཕྲིན་ལས་ཏེ། ཚར་གཅོད་པ་ནི་གསོད་པ་ནི་གསོད་པ་ལ་སོགས་པ་འཇིག་རྟེན་པ་དང། མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་ཞུགས་པ་ལ་སོགས་པ་ལ་འཇིག་རྟེན་ལས་འདས་པ དང། ཕན་འདོགས་པ་ནི་ཞི་བ་ལ་སོགས་པའི་ཕྲིན་ལས་འཇིག་རྟེན་པ་དང། ལྷའི་སྐུ་སྒྲུབ་པ་ལ་སོགས་པ་འཇིག་རྟེན་ལས་འདས་པ་སྟེ། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་སྤྱོད་པ་སྟེ་ནུས་པའོ།། འདུལ་བ་ལ་ནི་དང་པ་ལ་སོགས་པའི་ཡོན ཏན་དང་ལྡན་པ་གདུལ་དགའ་བ་ནི་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང། ཞི་བ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་བའི་སེམས་ཅན་ནི་སྐྱེ་བོ་རྣམས་སོ། །འཇུག་པ་ནི་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་ལ་འཇུག་པར་བྱ བའི་ཕྱིར་ཉེ་བར་གསུངས་སོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་བསྐྱེད་པའི་རིམ་པ་དང་འབྲེལ་པ་ནི་བསྐྱེད་པའི་རིམ་པའི་སྒོ་ནས་བསྙེན་པ་ལ་སོགས་པ་རྡོ་རྗེ་ཆོ་ག་གཞི་ནི་རྡོ་རྗེ་བཞི་རིམ་གྱིས་སོ། །དངོས་གྲུབ་ཐམས་ཅད་ནི་དེ བཞིན་གཤེགས་པ་ལྔའི་སྐུ་ཐུན་མོང་སྟེ། བསྐྱེད་པའི་རིམ་པ་དང་བསྒྲུབ་པའི་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་དེ་ནི་རང་གི་དོན་བསྒྲུབ་པར་བྱ་བའི་ཕྱིར་དང། འབྲེལ་པའི་གཞུང་ཉིད་དེ། ལེའུའི་རིམ་པས་དགོངས་པ་དེ ནི་བདག་གི་དོན་ཏོ། །དེ་ནི་དང་པོ་སྦྱོར་བ་ལ་སོགས་པ་གསུམ་མོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་ལ་ཞུགས་པའི་སློབ་མ་ལ་སློབ་དཔོན་གྱིས། བརྟུལ་ཞུགས་ནི་སྡོམ་པ་ལ སོགས་པ་དང། འབྲེལ་པ་ནི་རིག་པའི་དབང་བསྐུར་བ་སྔོན་དུ་འགྲོ་བའི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་དབང་བསྐུར་དང། གཞུང་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་པའི་ཚིག་དང། སློབ་དཔོན་ཕུན་སུམ་ཚོགས་པ་ནི་རང་དང གཞན་གྱིས་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱེད་པ་དེ་བཞིན་གཤེགས་པ་དང། རྡོ་རྗེ་འཆང་གཉིས་ཀྱི་དབུགས་དབྱུང་བ་སྟོན་ཅིང་བླ་མས་སྔགས་ཀྱི་ལན་ནས་ཏེ། གསང་བ་འདུས་པའི་ཆོ་ག་སློབ་མ་ཡོངས་སུ་སྨིན་པར་བྱ་བ ནི་གདུལ་བར་བྱ་བ་གང་ཡིན་པ་དེ་ནི་དགོས་པ་ཞེས་བྱ་བའི་དོན་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་བཤད་དོ། །དགོས་པའི་དགོས་པ་བཤད་བྱ་སྟེ། བརྟུལ་ཞུགས་བཟང་པོ་ནི་སྡོམ་པ་དང་ལྡན་པ་དང། དབང་བསྐུར་བ་ནི དབང་ཐོབ་པ་དང། བདག་ཉིད་ཆེ་བ་ནི་ཐོས་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་འཆང་གི་གོ་འཕང་རྟོགས་པས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་དབང་པོ་རྣོ་བ་དང་བར་པ་དང། དམན་པ་རྣམས་ལ་བསྟན་པའི་སྒོ་ནས་ཡོངས་སུ་གྲོལ བ་ནི་འདོད་ཆགས་ལ་སོགས་པ་རྣམ་པར་དག་ཅིང་འོད་གསལ་བ་ཉིད་དུ་བྱ་བ་གང་ཡིན་པ་དེ་ནི་དགོས་པ་ཞེས་བྱ་བ་འི་དོན་ཏོ། །བསྒྲུབ་པའོ། །ཤེས་རབ་ཅེས་བྱ་བ་ལ་སོགས་པ་ཤེས་རབ་ནི་གང་ཟག་དང་ཆོས་བདག་མེད་པའི་མཚན་ཉིད་དེ་སྟོང་པ་ཉིད དོ། །ཐབས་ནི་ཐུགས་རྗེ་ཆེན་པོའོ། །དེ་དག་སྙོམས་པར་འཇུག་པ་ནི་རྡོ་རྗེ་འཆང་གི་ས་བཅུ་གསུམ་པ་ལ་གནས་པ་བཅོམ་ལྡན་འདས་ཀྱིས་སྒོམ་པ་མཐར་ཐུག་པ་ཡང་དག་པར་སྦྱོར་བ་ཞེས་བཤད་དེ། རྒྱས་པར་བཤད་པ་ནི་གང་ཞིག་དངོས་མེད་ནི ཐམས་ཅད་སྟོང་པ་ཤེས་རབ་སྟེ། ཕུལ་དུ་བྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐབས་ནས་དངོས་པོའི་མཚན་ཉིད་དེ། སྙིང་རྗེའི་རང་བཞིན་གྱི་མིང་གིས་རྣམ་གྲངས་ཏེ། རྫོགས་པའི་རིམ་པའོ། །ཡང་ན་ཤེས་རབ་ནི་སྟོང་པ་ཉིད་ལ སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་བསྒོམས་ལས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བར་བདག་ཉིད་མཐོང་བའོ། །ཐབས་ནི་ས་བོན་ལ་སོགས་པ་འདུས་པའི་སྒོ་ནས་སྐུ་བསྒྲུབ་པའོ། །དེ་དག་སྙོམས་པར་འཇུག་པ་ནི་སྐུ་ལ་སོགས་པ་བྱིན་གྱིས བརླབས་པ་དང། བསྟེད་པ་ཡང་ངོ། །དེ་ཉིད་བཤད་པར་བྱ་སྟེ། གང་ཞིག་དངོས་མེད་ནི་སྟོང་པ་ཉིད་སྒོམ་པ་སྟེ་ཤེས་རབ་བོ། །ཐབས་ནི་དངོས་པོའི་མཚན་ཉིད་དེ་འགྲོ་བའི་ཉི་དོན་བྱེད་པ་ནུས་པའི་ལྷའི་སྐུ་ལ་དམིགས་ལ། དེས་ནི་འགྲོ་བའི་དོན གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་དབང་པོའི་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་པོ་མཆོག་དང། ལས་རྒྱལ་པོ་མཆོག་གོ། ཡང་ན་ཤེས་རབ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དབུས་སུ་འདོད་པའི་གདུགས་ལ་སོགས་པའི་རྩ ལྔའོ། །ཐབས་ནི་དེའི་ནང་དུ་རྒྱུ་བ་བྱང་ཆུབ་ཀྱི་སེམས་སྟེ། དེ་དག་གི་སྙོམས་པར་འཇུག་པ་ནི་དབུས་མར་རོ་གཅིག་པར་གྱུར་པའོ། །གང་ཞིག་དངོས་མེད་ནི་བདེ་བ་ཆེན་པོའི་གཞིར་གྱུར་པ་རྩ་རྣམས་ཏེ་ཤེས་རབ་བོ། །ཐབས་ནི་འགྲོ་བ་མ་ལུས་པ་སྐྱེད པའི་རྒྱུར་གྱུར་པ་དངོས་པོའི་མཚན་ཉིད་དེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མཚོན་པའི་རྒྱུ་མཚན་ཏེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ནི་སྐྱེད་པའི་རིམ་པའོ། །ཤེས་རབ་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན དེ་བཞིན་གཤེགས་པའི་ས་བོན་གསུམ་མོ། །ཐབས་ནི་སྲོག་ལ་སོགས་པའི་རླུང་གསུམ་མོ། །དེ་དག་སྙོམས་པར་འཇུག་པ་ལ་སོགས་པའི་རིམ་གྱིས་བཟླས་ཏེ། གང་ཞིག་དངོས་མེད་ནི་རྡོ་རྗེ་འཆང་གི་གོ་འཕང་འོད་གསལ་བ་དེའི་རྒྱུ་མཚན་དུ གྱུར་བ་ཡི་གེ་གསུམ་ཏེ་ཤེས་རབ་གོ་། ཐབས་དངོས་པོའི་མཚན་ཉིད་མི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་མཚོན་པར་གྱུར་པས་ཐབས་ནི་རླུང་ངོ། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །ཤེས་རབ་ནི་ཤེས་རབ ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་མོ། །ཐབས་ནི་ཐབས་ཀྱི་རང་བཞིན་བཞི་བཅུའོ། །སྙོམས་པར་འཇུག་པ་ནི་མ་རིག་པའི་རང་བཞིན་བདུན་ནོ། །རྣལ་འབྱོར་ནི་དེ་དག་འོད་གསལ་བ་ལ་ཞུགས་པའི་མཚན་ཉིད་དོ། །གང་ཞིག་ཅེས་བྱ་བ་ནི་སྔ མ་བཞིན་ནོ། །སེམས་ལ་དམིགས་པའི་རིམ་པའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་འོད་གསལ་བ་ལས་ཅིག་ཅར་དུ་སྤྲོས་པ་དེ་ཉིད་སྙོམས་པར་འཇུག་པའི་རྣལ་འབྱོར་ཞེས་བྱ་སྟེ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཞེས་བྱའོ། །གང་ཞིག་ཅེས བྱ་བ་ནི་སྔ་མ་བཞིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཤེས་རབ་དང་ཐབས་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏོ། །དེ་དག་སྙོམས་པར་འཇུག་པ་ནི་མངོན་དུ་བྱེད་བས་རྣལ་འབྱོར་ཞེས་བྱའོ། །གང་ཞིག་དངོས ?་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་ཏེ་ཤེས་རབ་པོ། །དངོས་པོ་ནི་ཁམས་གསུམ་ནི་སྣང་བར་བྱེད་པའི་མཚན་ཉིད་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏེ་ཐབས་སོ། །དེ་ནི་མངོན་པར་བྱང་ཆུབ་པའི་པའོ། །ཤེས་རབ་དང་ཐབས་ནི དོན་དམ་བདག་ཀུན་རྫོབ་སྟེ། དེ་དག་སྙོམས་པར་འཇུག་པ་ནི་དབྱེར་མེད་པར་གྱུར་པ་རྣལ་འབྱོར་ཏེ། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཅེས་བྱའོ། །གང་ཞིག་ཅེས་བྱ་བ་ནི་གོ་སླ་སྟེ་ཟུང་དུ་འཇུག་པའི་རིམ་པའོ། །ཐབས་དང་ཤེས་རབ་ནི་རིག་མ་དང་སྐྱེས་བུ་སྟེ། དེ དག་སྙོམས་པར་འཇུག་པ་ན་རྣལ་འབྱོར་ཞེས་བྱའོ། །གང་ཞིག་ཅེས་བྱ་བ་ནི་སྔ་མ་བཞིན་ཏེ་རང་བཞིན་ནོ། །ཤེས་རབ་དང་ཐབས་ནི་པདྨ་དང་རྡོ་རྗེའོ། །དེ་དག་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་རྒྱུའོ། །ཤེས་རབ་དང་ཐབས་ནི་ཧཱུཾ་དང་ཕཊ་ལ་སོགས པ་དགོད་པ་ནི་སྙོམས་པར་འཇུག་པའི་རྣལ་འབྱོར་ཏེ་ལས་སོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་སྙོམས་པར་འཇུག་པ་ནི་རྡོ་རྗེ་རྩེ་མོར་འཛིན་པ་ནི་རྣལ་འབྱོར་ཏེ་འབྲས་བུའོ། །ཤེས་རབ་ནི་དབང་པོ་རྣམས་དང་ཐབས ནི་ཡུལ་རྣམས་སོ། །དེ་དག་སྙོམས་པར་འཇུག་ཅིང་ལོངས་སྤྱོད་པ་ནི་རྣལ་འབྱོར་ཏེ་སོ་སོར་སྡུད་པའོ། །ཤེས་རབ་ནི་དབང་པོ་རྣམས་སོ། །ཐབས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་དག་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་བསམ་གཏན་ནོ། །ཤེས་རབ ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང། ཐབས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ། དེ་དག་དེ་དང་འོག་གི་རིམ་པས་སྤྲོ་བ་དང་བསྡུ་བ་ནི་སྲོག་དང་རྩོལ་བའོ། །སྔ་མ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་རང་བཞིན དུ་ཡུངས་ཀར་གྱི་ཆད་ཙམ་གྱི་ཐིག་ལེ་སྣའི་རྩེ་གསུམ་ལ་འཛིན་པ་ནི་སྙོམས་པར་འཇུག་པ་དང་རྣལ་འབྱོར་ཏེ་འཛིན་པའོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་ནི་ལྷ་མོས་མཁྱོད་པ་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་སྙོམས་པར་འཇུག་པ་ནི་ནམ མཁའ་ཨི་དབྱིངས་སུ་སྤྲོ་བ་རྣལ་འབྱོར་ཏེ་རྗེས་སུ་དྲན་པའོ། །ཤེས་རབ་དང་ཐབས་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་དག་སྙོམས་པར་འཇུག་པ་ནི་སྤྲུལ་པའི་སྐུ་དང་ལྷན་ཅིག་ཏུ་འབྲེལ་པ་ནི་རྣལ་འབྱོར་ཏེ་ཏིང་ངེ་འཛིན་ཏོ། །ཤེས་རབ་ནི་ས རོན་ལྔ་དང། ཐབས་ནི་བདུད་རྩི་ལྔ་སྟེ། དེ་དག་སྙམས་པར་འཇུག་པ་ནི་དེ་རྣམས་ཀྱིས་དེ་དག་བྱིན་གྱིས་བརླབས་པའི་བཟའ་བ་ནི་རྣལ་འབྱོར་ཏེ་སྒྲུབ་པའོ། །རྒྱུད་ཅེས་བྱ་བ་ལ་སོགས་པས་རྒྱུད་ཀྱང་དོན་བསྟན་པར་བྱ་སྟེ། ཁྱད པར་དུ་ཚིག་གི་དོན་བཅུ་དྲུག་གཙོ་བོར་གྱུར་པའི་ངག་གི་ཚོགས་ཀྱིས་རྒྱུན་ནི་སྤྲས་པས་ན་རྒྱུན་ཏེ། དེ་ཉིད་རྒྱུད་ཅེས་བྱ་བ་སྟེ། ཚིག་གི་དོན་བཅུ་དྲུག་རྒྱས་པར་བྱེད་པས་ན་རྒྱུད་དེ་སྒྲའི་ཚོགས་ཀྱི་བདག་ཉིད་ཀྱི་བསྟན་བཅོས་ཞེས་བྱ་བའོ། །དེའི་ཚིག་ནི་དོན བཅུ་དྲུག་གོ། རྒྱུན་དེ་རྣམ་པ་གསུམ་དུ་འགྱུར་ཞེས་བྱ་བ་ནི་མངོན་བསྟན་པའོ། །གཞི་ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བཤད་པའོ། །གཞི་ཞེས་བྱ་བ་ནི་རྒྱུ་འབྲས་བུ་འཛིན་པས་ན་ཐབས་ཀྱི་རྒྱུད་དེ། སྔགས་དང་ཕྱག་རྒྱལ་སོགས་པ་རྗོད་པར བྱེད་པའི་ཚིག་རྣམས་སོ། །རང་བཞིན་ནི་རྒྱུའི་རྒྱུད་དེ་དག་གང་དུ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་མེད་པ། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་པ་བསྟན་ཏོ། །མི་འཕྲོག་པ་ནི་འཇིགས་པར་མི་འགྱུར་བ་འབྲས་བུའི་རྒྱུད་ཡིན་ཏེ། གང་དུ་བསྐྱེད་པའི རིམ་པའམ། རྫོགས་པའི་རིམ་པའི་ཕྲ་མོའི་རྣལ་འབྱོར་ལ་སོགས་པ་འམ། རྡོ་རྗེ་བཟླས་པ་ལ་སོགས་པ་འམ་ཡན་ལག་དྲུག་པའི་རྣལ་འབྱོར་གྱིས་རྡོ་རྗེ་འཆང་ལ་སོགས་པའི་སྐུར་བསྟན་ཏོ། །རྒྱུད་ཀྱི་དབྱེ་བ་གསུམ་ནི་དེ་དག་ཡིན་ནོ། །དཔལ་རྡོ་རྗེ འཆར་ཡང་རྣམ་པ་གསུམ་པ་སྟེ། རྒྱུའི་རྡོ་རྗེ་འཆང་དང་འབྲས་བུའི་རྡོ་རྗེ་འཆང་དང། ཐབས་ཀྱི་རྡོ་རྗེ་འཆང་ངོ། །དེ་ལ་རྒྱུ་རྡོ་རྗེ་འཆང་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དང་པོའི་མགོན་པོའོ། །འབྲས་བུ་རྡོ་རྗེ་འཆང་ནི་དེ་ལས་བྱུང་ཞིང་དེ་ལ་རྗེས་སུ་ཞུགས ལས་བྱུང་བ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སོ། །ཐབས་ཀྱི་རྡོ་རྗེ་འཆང་ནི་རྣམ་པ་གསུམ་སྟེ། གནས་བསྲུང་བ་དང། རྣལ་འབྱོར་བསྲུང་པའོ། །དེ་ལ་གནས་བསྲུང་བ་ནི་ཁྲོ་བོ་བཅུ་སྤྲོས་ནས་བགེགས་བསྐྲད་པའོ།། བདག་བསྲུང་བ་ནི་དོན་དམ་པའི་བདེན་པ་འབའ་ཞིག་བསྒོམ་པ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་རྗེས་སུ་དྲན་པས་སྟོང་པ་ཉིད་ལ་འཇུག་པའི་མཚན་ཉིད་དོ། །རྣལ་འབྱོར་བསྲུང་བ་ནི་རྣམ་པ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་ཀྱི་མཚན་ཉིད དང། ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དོ། །དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི་མཚན་ཉིད་ནི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་ཚངས་པའི་གནས་བཞི་སྟོང་པའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ནི་རྣམ་པར་ཐར་པའི་སྒྲོ་བཞི་བསྒོམ་པའོ། །དེ་ནི ཐབས་ཀྱི་རྡོ་རྗེ་འཆང་ཞེས་བྱའོ། །རྒྱས་པར་བཤད་པར་བྱ་སྟེ། གཞི་ནི་སྟོང་པ་དེའི་སྔགས་ཏེ་དེ་ནི་རྒྱུ་ཡིན་ཏེ། རང་བཞིན་དང་ངོ་བོ་ཞེས་བྱའོ། །ཇི་སྐད་དུ་བུ་རམ་མདར་ཉིད་ནི་ཡིས་ནི། ཚ་བ་ཇི་ལྟར་རང་བཞིན་ཏེ། །སྟོང་པ་ཉིད་ནི་ཆོས་ཀུན་གྱི། །དེ་བཞིན རང་བཞིན་ཉིད་དུ་འདོད་ཅེས་འབྱུང་ངོ། །བཅོམ་ལྡན་འདས་བྱམས་པས་ཀྱང། ཆོས་དབྱིངས་ཐ་མི་དད་པའི་ཕྱིར། །རིགས་ཀྱི་དབྱེ་བ་མི་རིགས་ཏེ། རྟེན་པའི་ཆོས་ཀྱི་དབྱེ་བ་ཡིས། །དེའི་དབྱེ་བ་རབ་ཏུ་གྲགས་ཞེས་འབྱུང་ངོ། །དེ་བཞིན་དུ་མི་འཕྲོགས་པ་ནི་མི འཇིག་པ་སྟེ། རང་བཞིན་གྱིས་རྟག་པ་ཆོས་ཀྱི་སྐུ་དང། མི་འཇིག་པའི་རྟག་པ་ལོངས་སྤྱོད་རྫོགས་པའི་སྐུ་དང། རྒྱུན་གྱི་རྟག་པ་ནི་སྤྲུལ་པ་སྟེ། སྐུ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་ངོ་བོ་མི་འཕྲོགས་པ་སྟེ། འཇིགས་པའི་དང་ཚུལ་མ་ཡིན་པ་འབྲས་བུ་ཞེས་བྱའོ། །གཞི་ནི་རྒྱུ་དང་འབྲས་བུ་ཐབས་ཀྱི་ངོ་བོས་འཛིན་ཅིང་འཇམ་པར་བྱེད་པས་ནི་གཞིའོ། །སྔགས་དང་ཕྱག་རྒྱ་ལ་སོགས་པ་སྒོམ་པའི་རིམ་པ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱ་བའི ཕྱིར་གང་བསྒོམ་པ་དེ་ནི་ཐབས་སོ། །གསུམ་པོ་དེ་དག་གི་རྒྱུད་དོན་གྱིས་བསྡུས་ལ། རྒྱུད་ནི་སྒྲའི་ཚོགས་ཀྱི་བདག་ཉིད་དང་དོན་དེས་བརྗོད་པར་བྱ་བའི་རྡོ་རྗེ་འཆང་བསྡུས་ཏེ། རྣམ་པ་གསུམ་གྱིས་དོན་བསྡུས་པར་ཤེས་པར་བྱའོ། །དེ་ནི་དང་པོ་སྦྱོར བ་ལ་སོགས་པ་གསུམ་མོ། །རིགས་ལྔ་ཞེས་བྱ་བ་ལ་སོགས་པས། དེ་ཁོ་ན་ཉིད་ལ་སོགས་པ་མདོར་བསྟན་པར་བྱ་སྟེ། རང་བཞིན་ནི་གསང་པའོ། །བྱང་ཆུབ་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །རྒྱས་པར བཤད་པར་བྱའོ། །དེ་ཉིད་རྣམ་པ་ལྔ་རུ་ནི་ཕུང་པོ་ལྔའི་བདག་ཉིད་ཁམས་གསུམ་པ་སྟེ། དེ་ནི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་པ་བསྐྱེད་པའི་རིམ་པའོ། །དེའི་རྣམ་པར་དག་པའི་རང་བཞིན་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དེ་།བསྐྱེད་པའི་རིམ པ་ཁོ་ནའོ། །རྣམ་པར་ཤེས་པ་ལྔའི་བདག་ཉིད་དག་པའི་ངོ་བོ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དེ་ཁོ་ན་ཉིད་དེ་རྫོགས་པའི་རིམ་པའོ། །མངོན་པར་བྱང་ཆུབ་རྣམ་པ་ལྔ་ལ་སོགས་པ་དེ་ཁོ་ན་ཉིད་དེ་དང་པོ་སྦྱོར་བ་དང། དཀྱིལ འཁོར་རྒྱལ་པོ་མཆོག་དང། ལས་ཀྱི་རྒྱལ་པོ་མཆོག་གོ། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་གྱིས་ངག་དང་སེམས་དང་ལུས་དང་ཀུན་རྫོབ་དང་གཉི་པ་དག་པ་ནི་དེ་ཁོ་ན་ཉིད་ལྔ་སྟེ། རྡོ་རྗེ་བཟླས་པ་དང། སེམས་ལ་དམིགས་པ་དང། བདག ལ་བྱིན་གྱིས་བརླབས་པ་དང། མངོན་པར་བྱང་ཆུབ་པའི་རིམ་པ་དང། ཟུང་དུ་འཇུག་པའི་རིམ་པའོ། །ཡུལ་དང་དབང་པོ་གཅིག་ཏུ་བྱས་ན་དེ་ཁོ་ན་ཉིད་ལྔ་སྟེ། སོ་སོར་སྡུད་པའོ། །དེ་བཞིན་གཤེགས་པ་ལྔར་མོས་པ་དང། རྟོག་པ་དང་དཔྱོད་པ དང་དགའ་བ་དང། བདེ་བ་དང། སེམས་རྩེ་གཅིག་པ་ཉིད་དེ་ཡན་ལག་ལྔའི་བསམ་གཏན་ནི་དེ་ཁོ་ན་ཉིད་ལྔ་སྟེ་བསམ་གཏན་ནོ། །སྲོག་ལ་སོགས་པ་རླུང་ལྔ་ཐིག་ལེའི་གཟུགས་སུ་སྤྲོ་བ་ནི་དེ་ཁོ་ན་ཉིད་ལྔ་སྟེ། སྲོག་དང་རྩོལ་པའོ། །ཕུང་པོ ལྔའི་སྙིང་པོར་གྱུར་པའི་ཐིག་ལེ་པདྨའི་ལྟེ་བར་འཛིན་པ་ན་དེ་ཁོ་ན་ཉིད་ལྔ་སྟེ་འཛིན་པའོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲོ་བ་ནི་དེ་ཁོ་ན་ཉིད་ལྔ་སྟེ་རྗེས་སུ་དྲན་པའོ། །སྐུ་ལྔ་དང་སྤྱན་ལྔ་དང མངོན་པར་ཤེས་པ་ལྔ་དང་ཡེ་ཤེས་ལྔ་དང། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པར་མཛད་པ་དང། འགྲོ་བ་ལྔ་རྣམ་པར་སྦྱོང་བ་མཛད་པ་དང། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་འབྱུང་བ་ཆེན་པོ་ལྔའི་ངོ་བོ་འོད་ཟེར་ལྔ་སྤྲོ་བ་དང། སྡུད་པར མཛད་པ་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་དེ་ཁོ་ན་ཉིད་ལྔ་སྟེ། ཏིང་ངེ་འཛིན་ནོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ་ས་བོན་ལྔས་བྱིན་གྱིས་བརླབས་པ་དེ་ཁོ་ན་ཉིད་ལྔ་སྟེ་དམ་ཚིག་གོ། རིགས་ལྔའི་འབྲེལ་བ་དང ལྡན་པའི་བསླབ་པ་སླང་བ་ནི་དེ་ཁོ་ན་ཉིད་ལྔ་སྟེ་སྡོམ་པའོ། །དེ་ནི་སྒྲུབ་པ་སྟེ་དོན་བཅུ་དྲུག་གོ་།གསང་བ་གསུམ་ནི་སྔར་བཤད་ཟིན་ཏོ། །གསང་བ་ཞེས་བྱ་བ་ནི་གསང་བ་ཡིན་པས་ན་ལྷག་པའི་ལྷ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་བསྐྱེད་པའི་རིམ་པའོ། །ཡེ་ཤེས ལྔའི་རང་བཞིན་ཡིན་པའི་ཕྱིར་ལྷག་པ་ཡང་ཡིན་ལ། གསང་བའི་རང་བཞིན་ཡིན་པས་ན་ལག་པ་ཡང་ཡིན་ཏེ། ལྷག་པའི་ལྷ་ནི་ཡུངས་ཀར་གྱི་འབྲུའི་ཚད་ཙམ་འམ། སྒྲའི་རྩེ་མོའི་བརྒྱ་སྟོང་གི་ཚད་ཙམ་གྱི་ཐིག་ལེ་སྟེ་རྫོགས་པའི་རིམ་པའོ། །དམ་ཚིག ནི་ཕུལ་དུ་བྱུང་བ་སྟེ། བསམ་པ་ཇི་ལྟ་བ་བཞིན་དུ་གདུལ་བྱའི་སེམས་ཅན་གྱི་ཁམས་གྲོལ་བར་བྱེད་པས་ན་རྡོ་རྗེ་འཆང་གི་རིགས་གཅིག་ཡིན་ན་ཡང་རྣམ་པ་བརྒྱར་འགྱུར་ཏེ། དེ་བཞིན་གཤེགས་པ་རེ་རེ་ལ་ལྔ་ལྔ་ལ་སོགས་པར་ཕྱེ་བའི་ཕྱིར་རོ་ཞེས་བྱ བ་ལ་སོགས་པའོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རགས་པ་དང་ཕྲ་བའི་བག་ཆགས་ཀྱི་ངོ་བོ་ཇི་སྲིད་ཡོད་པ་དེ་སྲིད་རྣམ་པར་དག་པའི་ཐབས་སུ་གྱུར་པ་བཅོམ་ལྡན་འདས་ཀྱིས་རིགས བསྟན་ཏོ། །དེ་བས་ན་གངྒཱའི་རླུང་གི་བྱེ་མ་དང་མཚུངས་པའི་རིགས་ཡིན་ཏེ། ཇི་སྲིད་གྲངས་མེད་པའི་རིགས་ཡིན་པས་རྒྱ་ཆེ་བ་ཏེ། བསྐྱེད་པའི་རིམ་པའོ། །བྱང་ཆུབ་ཀྱི་སེམས་བཤད་པར་བྱ་སྟེ། ཐོག་མ་ཐ་མ་མེད་པ་ནི་རང་བཞིན་གྱིས་རྟག་པ ཆོས་ཀྱི་སྐུའི་ངོ་བོ་སྐྱེ་བ་དང་འཇིག་པ་དང་བྲལ་བ་དེ་ཉིད་ཀྱི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བག་ཆགས་ཀྱི་རྟོག་པ་དང་དྲི་མ་ཞི་བས་ན་ཞི་བའོ། །དངོས་པོ་ནི་ཁམས་གསུམ་གྱི་རང་བཞིན་ཕུང་པོ་ལྔ་ལྔ་ལ སོགས་པ་དང། དངོས་མེད་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། དེ་དག་བྲད?་པ་ནི་དེའི་སོ་སོར་སྣང་བ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བ་མ་ལུས་པའི་གཞིར་གྱུར་པ་སྐུ་གཉིས་པོའི་རྒྱུར་གྱུར་པ་ཡིན་པས་གཙོ་བོ་སྟེ་བདག་པོའོ། །སྟོང་པ་ཉིད་ནི་ཐམས་ཅད སྟོང་པའོ། །སྙིང་རྗེ་ནི་ཐུགས་རྗེ་ཆེན་པོའོ། །དེ་ནག་དབྱེར་མེད་པ་ནི་གཅིག་ཏུ་གྱུར་པ་སྟེ། བྱང་ཆུབ་ཀྱི་རང་བཞིན་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། སེམས་ནི་མཆོག་ཏུ་གྱུར་པའི་དེ་ཁོ་ན་ཉིད་རྣལ་འབྱོར་གྱིས་མངོན་སུམ་གྱིས་མྱོང་བ། བྱང་ཆུབ ཀྱི་སེམས་ཞེས་བྱ་བ་སྟེ་རྫོགས་པའི་རིམ་པའོ། །ཡང་ན་ཐོག་མ་ནི་སྣང་བ་དང་སྣང་བ་མཆེད་པའོ། །ཐ་མ་ནི་སྣང་བ་ཉེ་བར་ཐོད་པའོ། །དེ་མེད་པ་ནི་ཞི་བ་སྟེ་འོད་གསལ་བའོ། །དངོས་པོ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ། །དངོས་མེད་ནི་མ་རིག པའི་རང་བཞིན་ནོ། །འོད་གསལ་བས་རྟོག་པ་མེད་པའི་ཕྱིར་རོ། །དངོས་དང་དངོས་མེད་ཀྱི་རང་བཞིན་དེ་ཟད་པས་ན་ཟད་བ་སྟེ་ཐམས་ཅད་སྟོང་པའོ། །བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སྟེ། འོད་གསལ་བ་ལ་ཞུགས་པའི་སེམས་ནི་རྣམ་པར་ཤེས་པ་གསུམ སྟེ། བྱང་ཆུབ་ཀྱི་སེམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་སེམས་ལ་དམིགས་པའི་རིམ་པའོ། །ཡང་ན་ཐོག་མ་ནི་ཆད་པ་དང་ཆད་པ་དང་བྲལ་བའོ། །ཐ་མ་ནི་ཆགས་པ་བར་པའོ། །དེ་དན་བྲལ་བས་ན་ཐོག་མ་ཐ་མ་མེད་པའོ། །ཞི་བ་ནི་རང་རིག པ་སྟེ་?་ཀྱི་སྐུའོ། །དངོས་པོ་ནི་མཚམས་དང་མཚན་མོ་དང་ཉིན་མོའོ། །དངོས་མེད་ནི་སྨིག་རྒྱུ་ལ་སོགས་པ་མཚན་མ་ལྔ་སྟེ། དེ་དག་ཟད་ཅིང་ཐོབ་བས་ན་དངོས་དང་དངོས་མེད་ཟད་པའོ། །འབྲས་བུར་གྱུར་བ་ན་གཙོ་བོའོ། །སྟོང་ཉིད་ནི་ཤེས་རབ་དང་སྙིང རྗེ་ནི་ཐབས་ཏེ་དེ་དག་མི་ཕྱེད་པ་ནི་སྙོམས་པར་འཇུག་པའི་དབང་གིས་ཐོབ་པའི་བྱང་ཆུབ་ནི་མངོན་པར་བྱང་ཆུབ་པ་སྟེ། དེའི་རང་བཞིན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ། །ཡང་ན་རྒྱུན་གྱིས་ཞུགས་པས ན་ཐོག་མ་ཐ་མ་མེད་པའོ། །སེམས་རྩེ་གཅིག་པ་ཉིད་དུ་སྐྱེད་པར་བྱེད་པས་ནི་ཞི་བའོ། །དངོས་དང་དངོས་མེད་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ། དེའི་རང་བཞིན་ཡིན་ཡང་སྒོམ་པར་གྱུར་པས་ན། དེའི་རྣམ་པར་རྟོག་པ་ཟད་པས་ན་དངོས་དང དངོས་མེད་ཟད་པའོ། །ཁམས་གསུམ་སྐྱེད་པས་ན་གཙོ་བོའོ། །སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དང་སྙིང་རྗེ་ནི་ཀུན་རྫོབ་ཀྱི་གཟུགས་སྟེ། མི་ཕྱེད་པ་ནི་དེ་དག་དབྱེར་མེད་པའི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ སྟེ་འབྲས་བུའོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་གཞན་གྱི་དོན་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ། །ཇི་སྐད་དུ་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་འབྱུང་ངོ། །དེའི་དབྱེ པ་གཉིས་ཏེ། སྨོན་པ་བྱང་ཆུབ་ཀྱི་སེམས་དང། འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་དོན་བྱའོ། །ཞེས་བྱ་བ་ནི་འདོད་པའི་བློ་དང་སྙིང་རྗེ་དག་གིས་ཟབ་པ་དང་རྒྱ་ཆེ་བ་དོན་དུ་གཉེར་བ་གང་ཡིན་པ་དེ ནི་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་ཀྱི་སྤྱོད་པ་ཡང་དག་པར་ལེན་པ་ལ་སོགས་པ་ལ་འཇུག་པ་ནི་འཇུག་པ་བྱང་ཆུབ་སེམས་ཏེ་རྣམ་པ་གཉིས་སོ། །ཇི་སྐད་དུ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་དེ་རྙེད་པར དཀའ་སྟེ། གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དང། གང་ཞིག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་པ་དེ་དག་དེ་རྣམས་ལས་ཀྱང་ཤིན་ཏུ་རྙེད་པར་དཀའ་བའོ། །ཞེས་གསུངས སོ། དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ས་དང་ཕ་རོལ་ཏུ་ཕྱིན་པའི་དབྱེ་བས་རྣམ་པ་མང་པོར་འགྱུར་ཏེ། འདིར་ནི་རེ་ཞིག་རྣམ་པ་བཅུ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དང། སྡིག་པ་བཤགས་པ་ལ་སོགས་རྣམ པ་བདུན་གྱི་མཆོད་པ་དང། བྱང་ཆུབ་ཀྱི་སེམས་བླང་བ་དང། བག་དང་བཅས་པ་དང། དེ་ཤེས་བཞིན་དུ་བསྲུང་བ་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང། ཡོངས་སུ་བསྔོ་བ་སྟེ་བཅུའོ། །དེ་ནི་རྒྱ་ཆེ་བ་སྟེ། བསླབ པ་ཀུན་ལས་བསྡུས་པ་ལས་བལྟ་བར་བྱའོ། །དེ་བཞིན་དུ་དེ་ཡང་རྣམ་པ་ཉི་ཤུ་གཉིས་སུ་འགྱུར་ཏེ། ཇི་སྐད་དུ། འཕགས་པ་བྱམས་པས། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང།། ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །དེ་ལ་འདི་ལྟར་བལྟ་བར་བྱ་སྟེ། །འདུན་པའི་སྐབས་ལ་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག པ་ཞེས་བྱའི་སེམས་རྣམས་ནི། །དེ་ཡི་སེམས་ལ་བཅུ་དགུ་ཡིན། །དེ་ལ་སྨོན་པའི་སེམས་ནི་དབྱེ་བ་རྣམ་པ་གསུམ་སྟེ། །བདུན་པ་དང་བཅས་པ་ནི་ཆོས་ཐམས་ཅད་མངོན་པར་རྟོགས་པར་འདོད་པའི་མཚན་ཉིད་དེ་བས་དང་འདྲ་བའོ། །བསམ པ་དང་བཅས་པ་ནི་ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་འདོད་པའི་མཚན་ཉིད་དེ། མ་འོངས་པ་དང་འདི་ཉིད་དུ་འགྱུར་བ་ལ་མི་བརྟེན་པས་གསེར་བཟང་པོ་ལྟ་བུའོ། །ལྷག་པའི་བསམ་པ་དང་བཅས་པ་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས སྒོམ་པར་འདོད་པའི་མཚན་ཉིད་དོ། དཀར་པོའི་ཕྱོགས་ཐམས་ཅད་འཕེལ་བར་འགྲོ་བས་ན། ཟླ་བ་སར་པ་ལྟ་བུའོ།། འཇུག་པའི་སེམས་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང་བཅས་པ་དང། སྦྱིན་པ་ལ་སོགས་པ་དང་བཅས་པ་ཕ་རོལ་ཏུ་ཕྱིན་པ བཅུ་དང། མངོན་པར་ཤེས་པ་དང་བཅས་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་བཅས་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་བཅས་པ་དང། ཞི་གནས་དང་ལྷག་མཐོང་དང་བཅས་པ་དང། གཟུགས་དང་སྤོབས་པ་དང་བཅས་པ་དང། ཆོས སྟོན་པ་དང་བཅས་པ་དང། ཐེག་པ་གཅིག་གི་ལམ་དང་བཅས་པ་དང། ཆོས་ཀྱི་སྐུ་དང་བཅས་པའོ། །དེ་ནས་སྐབས་ནི་བཞི་པོ་ཡིས། །དེ་དག་ཐམས་ཅད་ཁྱབ་པར་བྱ། །འབྲས་བུ་རྒྱུ་དང་སྤྱོར་སྩོགས་དང། །ལས་ཀྱི་དང་པོའི་དབྱེ་བས་སོ། །དེ་ལ གསུམ་གྱིས་ནི་ལས་དང་པོའི་སྐབས་དང། བཞི་པས་དེ་དང་ངེས་པར་འབྱེད་པའི་ཆའི་སྐབས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སེམས་ཀྱིས་རྒྱུ་བའི་སྐབས་སོ།། མངོན་པར་ཤེས་པ་ལ་སོགས་པ་དང་བཅས་པའི་སེམས་བརྒྱད་ཀྱི འབྲས་བུའི་སྐབས་སོ། །སྨོན་པའི་རྣམ་པ་དང་པོར་ནི། །དེ་ལ་མགོན་པོས་ཡང་དག་གསུངས། །སྦྱིན་སོགས་འཇུག་པའི་རྣམ་པ་ནི། །གཉིས་པར་ཡོངས་སུ་གྲགས་པ་ཡིན། འདུན་པའི་རྣམ་པ་སྨོན་པའི་སེམས་ནི་རྣམ་པ་གསུམ་དུ་བཤད་དོ།། གང་ནས་བརྩམས་ཏེ་སྡོམ་པ་བླང་བ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པའི་སེམས་སོ། །སྡོམ་པ་ཡང་སྡོམ་པ་གནས་པ་དང་མཁས་པ་དང་སྟོབས་དང་ལྡན་པའི་སློབ་དཔོན་ལས་བླང་བར་བྱའོ། །དེ་མི་བཞུགས་ན་སངས རྒྱས་དང་བྱང་ཆུབ་སེམས་དཔའ་མདུན་དུ་གནས་པར་ཡིད་ཀྱིས་དམིགས་ལ་བླང་བར་བྱའོ། །དེ་ཡང་སྟོབས་ཀྱི་འམ་ནི། །སྦྱིན་སོགས་ཤེས་རབ་མེད་པས་མིན། །གཞན་ཡང་ཞི་གནས་བསྐྱེད་བྱས་ནས། །དེ་ཕྱིར་ཤེས་རབ་བསྐྱེད་པར་བྱ། ། ཅིའི་ཕྱིར་ཞེ་ན། ཤེས་རབ་མེད་བའི་སྦྱིན་པ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་མི་འགྱུར་བ་དང། ཐབས་སུ་ཡང་མི་འགྱུར་རོ། །དེ་བས་ན་ཤེས་རབ་བསྐྱེད་བར་བྱ་བའི་ཕྱིར། ཞི་གནས་བསྐྱེད་པོ་ལ་འབད་རྩོལ་བྱའོ། །གང་ཞིག ཚུལ་ཁྲིམས་དང་ལྡན་སྡུག་བསྔལ་བཟོད་པ་དང། གང་ཞིག་བརྩོན་འགྲུས་དང་ལྡན་བརྟན་པ་བག་དང་བཅས། ཡང་དག་རབ་ཏུ་སྦྱིན་ཞིང་གང་ཚེ་དེ་དང་ནི། །ཏིང་ངེ་འཛིན་དུ་མྱུར་དུ་འགྲུབ་པར་འགྱུར་ཚུལ་ཁྲིམས་ལ་སོགས་པ་གསུམ དང་ཞི་གནས་ཤིང་ཚོགས་ལ་གནས་ཤིང། ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་ལུས་པོ་དྲང་པོར་བྱས་ལ་སྟན་འཇམ་པ་ལ་འདུག་སྟེ། སྙིང་རྗེ་ཆེན་པོ་སྔོན་དུ་བྱས་ནས་སེམས་ཅན་ཐམས་ཅད་གདོན་པའི་བསམ་པ་དང་ལྡན་པས་སེམས རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་བསྐྱེད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་མདོར་བསྡུས་པའི་དབྱེ་བའོ། །སྟོང་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །སྙིང་རྗེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ ལྔའོ། དེ་དག་མི་ཕྱེད་པ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །གང་གི་ཕྱིར་ཤེས་རབ་མེད་པས་བྱང་ཆུབ་སེམས་དཔའ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་ནི་འགྱུར་པ་དང། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི ཤེས་རབ་ནི་མ་ཡིན་ཏེ། ཆད་པའི་ལྟ་པར་གྱུར་པའི་ཕྱིར་རོ། །དེ་བས་ན་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་བྱང་ཆུབ་ཀྱི་སེམས་ལ་དམིགས་ཏེ། ཐོག་མ་དང་ཐ་མ་མེད་པ་དང། དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་ཆོས་ཀྱི་སྐུ་སངས་རྒྱས ཉིད་ཐོབ་པར་འགྱུར་རོ་ཞེས་པ་སྟེ། རྫོགས་པའི་རིམ་པའོ། །རིག་པའི་སྐྱེས་བུའི་འདྲི་བའི་ལན་གདབ་པར་བྱ་བའི་ཕྱིར་སྐུ་ཞེས་བྱ་བ་སྨོས་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །མི་ཕྱེད་བའི་ངོ་བོ་ནི་དེ་ལ་རྗེས་སུ ཞུགས་ཤིང་གཅིག་ཏུ་གྱུར་བའོ། །ཕྱེད་བའི་ངོ་བོ་ནི་ཐ་དད་པར་སྣང་བའོ། །རིག་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ལྡན་པ་ནི་འཁྱུད་པ། སྐྱེས་བུ་ནི་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ། དེ་ནི་རིག་པའི་སྐྱེས་བུ་ཞེས་བརྗོད་དོ། ། འདི་སྐད་བཤད་པ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་ནས། ཐུགས་རྡོ་རྗེ་འཆང་ལ་སོགས་པ་རིམ་པ་གཉིས་ཀྱིས་བསྒོམ་པར་བྱ་བ་ནི་རིག་པའི་སྐྱེས་བུ་བྱ་སྟེ། བསྐྱེད་པའི་རིམ་པ་དང། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ། ཕྱུང་བའི་སྔགས བཅུ་གསུམ་གྱི་དོན་བཤད་དེ། སྔ་འཇོམས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཉོན་མོངས་དང་ལྡན་པ་ལྔ་འོག་གི་རྩེ་མོ་ལྔའི་རང་བཞིན་དང་དེ་བཞིན་དུ་སྟེང་གི་རྩེ་མོ་ལྔ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ཏེ། མི་མཐུན་པ་དང་གཉན་པོའི ཚུལ་དུ་གནས་པ་དེ་ནི་རྡོ་རྗེ་ཞེས་བྱའོ། །གང་གི་ཕྱིར་ལྔ་འཇོམས་པ་ནི་སྤོང་བ་དང་ལྔ་རིག་པ་ནི་ཤེས་པ་སྟེ། བ་དང་ཛྲ་ཡི་གེ་གཉིས་ཀྱི་དོན་གྱི་རྡོ་རྗེ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཆང་སྟེ་རྫོགས་པའི་རིམ་པའོ། །ཡང་ན་རྩ་ལྔ་བྷ་གཻ་ནང་དུ་ཆུད་པ་དེ་རྣམས་ཐེ དང་བར་སྤོང་བ་དང། རིག་པ་ནི་བདེ་བ་ཆེན་པོ་རྟོགས་པས་ན་རྡོ་རྗེ་རྒྱལ་མཚན་ནོ། །དེ་འཛིན་པ་ནི་ལས་སུ་རུང་བ་ཉིད་ཀྱིས་འཆང་བ་རྣམ་ཤེས་ཡིད་ནི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་རྡོ་རྗེ་འཛིན་ཞེས་བྱ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས བུའོ། །ཡོད་ཅེས་བྱ་བ་ལ་སོགས་པ་ལ་དབང་ཕྱུག་དམ་པས་སྤྲུལ་པ་དངོས་པོ་རྣམས་ཡོད་དོ་ཞེས་དབང་ཕྱུག་ཏུ་སྨྲ་བ་པའོ། །དུས་གསུམ་ཡོངས་སུ་འགྱུར་བ་དངོས་པོ་ཡོད་དོ་ཞེས་གྲངས་ཅན་པའོ། །བདག་གིས་བྱིན་གྱིས་བརླབས་པ་ཡོད་དོ ཞེས་རིགས་པ་པའོ། །ཚངས་བའི་རང་བཞིན་དངོས་པོ་ཡོད་དོ་ཞེས་དཔྱོད་པ་པའོ། །ཞོ་ཡང་སྔ་མོར་འགྱུར་རོ་ཞེས་འགྱུར་བར་སྨྲ་བ་ནི་གཙར?་བུ་བའོ། །དུས་ཡི་སེམས་ཅན་སྨིན་པར་འགྱུར་རོ་ཞེས་དུས་སུ་སྨྲ་བ་པའོ། །ཡང་དང་ཡང་དུ་སྐྱེ་ཞིང ཡང་དང་ཡང་དུ་ཟག་པས་ན་གང་ཟག་སྟེ། དེའི་རང་བཞིན་དངོས་པོ་ཡོད་དོ་ཞེས་གང་ཟག་ཏུ་སྨྲ་བ་བའོ། །སྒྲ་ནི་ཚངས་པ་དམ་པ་དེའི་རང་བཞིན་དངོས་པོ་ཐམས་ཅད་ཡོད་དོ་ཞེས་པ་སྟེ། བརྡའ་སྤྲོད་པ་པའོ། །ནུས་པ་གཅིག་བུས་འདི་དག་ཐམས་ཅད སྤྲོ་ཞིང་སྡུད་པས་ན། དེའི་རང་བཞིན་དངོས་པོ་ཐམས་ཅད་ཡོད་དོ་ཞེས་ནུས་པ་པའོ། །འདུས་བྱས་བ་ཐམས་ཅད་མི་རྟག་བ་དང། སྡུག་བསྔལ་དང། སྟོང་པ་དང་བདག་མེད་པ་སྟེ། བྱེ་བྲག་ཏུ་སྨྲ་བ་པའོ། །རྣམ་རིག་ཡོད་ཀྱི་? པོ་ནི་མེད་དོ་ཞེས་རང་སངས་རྒྱས་པའི་འོ། ། ཕྱི་རོལ་གྱི་རྣམ་པ་དང་བྲལ་བ་སྤྲིན་མེད་པའི་ནམ་མཁའ་དང་མཚུངས་པ་རྣམ་པར་རིག་པ་ཉིད་སྣ་ཚོགས་ཡིན་ནོ་ཞེས་རྣལ་འབྱོར་སྤྱོད་པ་པའོ། །གཟུང་བ་དང་འཛིན་པ་ནི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་སྟོང པ་ཡིན་ནོ་ཞེས་དབུ་མ་པ་སྟེ་། དེ་དག་ཐམས་ཅད་ཡོད་པ་ཉིད་དུ་སྤྲ་བ་པའོ།། མེད་པར་སྨྲ་བ་ནི་ཇི་ལྟར་འཚོ་བས་བདེ་བ་འཚོ། འཆི་འཕོ་བ་ནི་ཁྱོད་ལ་མེད། །ཐལ་བར་གྱུར་པ་ཤི་བ་ནི། །སླར་འོང་བ་ནི་ག་ལ་ཡོད་ཅེས་བྱ་བ་སྟེ། འབྱུང་བ་ཤེས། པར་སྨྲ་བ་ནི་འཇིག་རྟེན་རྒྱང་ཕན་པའོ། །ཡོད་པ་དང་མེད་པ་དེ་དག་དབུས་ནི་གཉི་ཀའི་ཆའི་རང་བཞིན་ལས་འདས་པ་ནི་བྲལ་བ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འབྱུང་བ་ནི་ཁམས་ཕྲ་བ་ས་ལ་སོགས་པ་བཞིའོ། །འབྱུང་བ་ལས་གྱུར་པ་ནི་དེ་རྣམས ཀྱི་བྱས་བ་རགས་པའོ། །དེ་ལས་བྱུང་པ་ནི་སྐྱེས་པ་སྟེ་དེའི་རང་བཞིན་རྣམ་པར་དག་པ་ནི་རྣམ་པར་དག་པའི་རང་བཞིན་ནོ། །སེམས་ཅན་ཀུན་གྱི་ལུས་ཏེ་ཞེས་བྱ་བ་ནི་ཁྱད་པར་དུ་འཛིན་ཅིང་འཆིང་བས་ན་ལུས་ནི་གཏི་མུག་སྟེ། དེ་ཁོ་ན་ཉིད་ཀྱིས? མི་མཐུན་པར་གྱུར་པ་སྟེ། སེམས་ཅན་ལས་རྒྱལ་བས་རྒྱལ་སྟེ། དེ་ལས་ཀྱང་རྒྱལ་ཞིང་ཟིལ་གྱིས་གནོན་པས་ན་ཛི་ན་ཛི་ཀ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་དེ་རྫོགས་པའི་རིམ་པའོ།། རེ་ཞིག་སེམས་ན་མཉམ པ་ཉིད་ཀྱི་རང་བཞིན་ཡིན་པས་ན་རིན་ཆེན་དང་འདྲ་བས་ན་རིན་ཆེན་ཏེ། དེ་ཉིད་ནམ་མཁའ་ཨི་ཁམས་རྣམ་པར་དག་པས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས། དོན་ཀུན་ནི་མངོན་པར་འདོད་པའི་རིམ་པས་འབྱུང་བ་སྟེ་སྐྱེད་པའི་རྒྱུའོ། །དེ་བས ན་ཚོར་བྱ་དང་ཚེར་བྱེད་དང་ཚོར་བའི་བདག་ཉིད་ཀྱིས་རྣམ་པར་ཤེས་པ་དག་པར་བྱེད་པས་ན་དེ་ཉིད་རིན་ཆེན་ཏེ། དེ་དང་འདྲ་བའི་ཡེ་ཤེས་འཛིན་པས་ན་རང་ན་དྷྲིཀ་སྟེ། རིན་ཆེན་འབྱུང་ལྡན་གྱི་ཡེ་ཤེས་ཞེས་བྱ་བའི་བར་དུའོ། །དེ་ནི་རྫོགས་པའི་རིམ པའོ། །ཐུན་མོང་མ་ཡིན་པ་དེ་ཁོ་ན་ཉིད་ལ་རྣམ་པར་འཇོག་པར་བྱེད་པའི་ཆོས་ནི་མཚན་ཉིད་དེ། དཔེར་ན་ལྟོ་བ་ཆེ་བའི་བུམ་པ་བཞིན་ནོ།། དེ་འཛིན་པར་བྱེད་པའི་བདག་ཉིད་ནི་འདུ་ཤེས་སོ།། དེའི་ཡུལ་ནི་བུམ་པ་ལ་སོགས་པའི་མཚན་གཞིའོ། །གང གིས་མཚོན་པ་དེ་ནི་བྱ་བའི་མཚན་ཉིད་དེ། གསུམ་པོའི་བདག་ཉིད་འདུ་ཤེས་ཀྱི་ཕུང་པོ་དེ་རྣམ་པར་དག་པར་བྱེད་པ་ནི་དངོས་པོའོ། །དེ་བཞིན་དུ་ཀུན་ནི་མེའི་ཁམས་སོ། །ཀུན་གྱིས་ནི་ཁྱབ་པར་བྱེད་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དག་པར་བྱེད པས་ན་དེ་ངོ་པོའོ། །དགའ་བའི་མཚན་ཉིད་ནི་བུད་མེད་ཀྱི་མཚན་བཞི་ནི་དམིགས་ཤིང་སྐྱེ་བ་སྟེ། འདོད་ཆགས་སོ་ཡེ་ཤེས་དེ་ཉིད་ཀྱིས་དེ་ལ་རྒྱལ་པར་བྱེད་པས་ནི་ཡེ་ཤེས་ཨ་རོ་ལི་ཀ་སྟེ། འོད་དཔག་ཏུ་མེད་པའི་རང་བཞིན་གྱིས་ཡེ་ཤེས ཀྱི་སྟེ། རྫོགས་པའི་རིམ་པའོ། །རྣམ་པར་ཤེས་རབ་མཐར་ཕྱིན་ནི་བྱ་བ་ནན་ཏན་སྒྲུབ་པའི་རང་བཞིན་འགྲོ་བའི་དོན་བྱེད་པ་དེ་ཉིད་ཕྲག་དོག་གི་ཉོན་མོངས་པ་འཇོམས་པར་བྱེད་པས་ན་ཤེས་རབ་ཅེས་བྱའོ། །དེ་བས་ན་འདུ་བྱེད་སེམས་དཔའ་ནི འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དང། འཛིན་པ་ནི་རླུང་གི་ཁམས་རྣམ་པར་དག་པར་བྱེད་པས་ཡེ་ཤེས་དེ་ཉིད་པྲཛྙཱ་དྷྲིཀ་སྟེ་།དོན་ཡོད་གྲུབ་པའི་རང་བཞིན་གྱི་ཡེ་ཤེས་ཏེ་རྫོགས་པའི་རིམ་པའོ།། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར བཤད་བར་བྱ་སྟེ། རིགས་ནི་རྒྱུད་དེ་དེ་བཞིན་གཤེགས་པའི་རིགས་ལྔའི་རྒྱུད་དོ། །རྒྱུད་ནི་ཐོག་མ་སྟེ་རྡོ་རྗེ་འཆང་ཆེན་པོའོ།། མི་འཇིགས་སྐྱེ་བ་མེད་པ་ནི་མགོན་པོ་དེ་ཉིད་དེ། དེ་ཉིད་ཀྱི་ཁྱད་པར་རོ།། སྤོང་པའི་རིག་པ་ཞེས་བྱ་བ་ལ་སོགས པས་མི་མཐུན་པ་དང་གཉེན་པོའི་ཕྱོགས་སུ་གྱུར་པ་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ཞེ་སྡང་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མི་བསྐྱོད་པར་བཤད་དོ། །དེ་བཞིན་དུ་གཟུགས་དང་ཉོན་མོངས་པ་གཏི་མུག དང་བེམས་པོ་གཅིང་པའི་རང་བཞིན་ནི་སའི་ཁམས་ཏེ། དེ་རྣམ་པར་དག་པའི་རང་བཞིན་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་དང་ང་རྒྱལ་དང་དྲགས་པ་ཉེ་བའི་ཉོན་མོངས་པ་རྣམ་པར་དག་པའི་རང་བཞིན་ནི་རིན་ཆེན་འབྱུང་ལྡན་ནོ།། འདུ་ ཤེས་གྱི་ཕུང་པོ་དང་དངོས་པོ་ལ་ཆགས་པ་ནི་ཉོན་མོངས་པའི་འདོད་ཆགས་དང། མེའི་ཁམས་རྣམ་པར་ངག་པའི་རང་བཞིན་ནི་འོད་དཔག་ཏུ་མེད་པའོ།། འདུ་བྱེད་དང་ཕྲག་དོག་དང་རྐྱེན་གྱིས་དྲངས་པའི་རང་བཞིན་ནི་རླུང་གི་ཁམས་རྣམ་བར དག་བ་སྟེ། དོན་ཡོད་གྲུབ་པའོ། །དེ་དང་འདྲ་བ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ནི་སྲིད་པ་ཀུན་འབྱུང་ཐམས་ཅད་དེ། སྐྱེ་བ་པོ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་ཤེས་པར་བྱའོ། །རིགས་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཞེ སྡང་ཉོན་མོངས་ལྡན་པ་ནི་དེའི་ལྷན་ཅིག་བྱེད་པའི་རྒྱུ་ལས་སྐྱེས་པ་ང་རྒྱལ་ལམ་དྲེགས་བ་གཞོམ་པར་བྱ་བའི་ཕྱིར་དང། ནོར་གྱི་དྲེགས་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ང་རྒྱལ་གཞོམ་པར་བྱ་བའི་ཕྱིར་བུའི་རིགས་ཏེ། རྩམ པ་སྣ་ཚོགས་ཀྱི་རིན་པོ་ཆེའི་ཆར་གྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་བྱེད་པ་རིན་ཆེན་འབྱུང་ལྡན་གྱིས་རིགས་ཞེས་བྱ་བའི་དོན་ཏོ། ། དམ་ཚིག་གི་རིགས་ཞེས་བྱ་བ་ནི་འགྲོ་བ་སྣ་ཚོགས་ཀྱི་ལས་ལས་སྐྱེས་པའི་འབྲས་བུ འདྲ་བ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་བའི་མཚན་ཉིད་དམ་ཚིག་དང་སྡོམ་པ་སྦྱིན་པས་འཇོམས་པས་ན་དམ་ཚིག་གི་རིགས་ནི་དོན་ཡོད་གྲུབ་པའི་རིགས་ཞེས་བྱའོ། །དེ་བཞིན་དུ་གཉིས་མེད་ཡེ་ཤེས་ནི་མེ་ལོང་ལྟ་བུའི ཡེ་ཤེས་ཀྱི་ཆོས་ཏེ། དེའི་རང་བཞིན་གྱི་དངོས་པོའི་ང་རྒྱལ་བྱེད་པ་ནི་ཁྱབ་པར་བྱེད་པ་རྨོངས་པ་སྟེ། དེ་ལ་ཆགས་པའི་རང་བཞིན་ནི་གཏི་མུག་གི་རིགས་ཞེས་བྱའོ། །དེ་ལ་ནི་གཉིས་སུ་མེད་པའི་ཡེ་ཤེས་དེ་ལ་ཉོན་མོངས་པ་རྣམ་པར་དག་པས ཕན་ཚུན་འབྱོར་བ་ནི་ཞེ་སྡང་དང་ཆོས་ཀྱི་དབྱིངས་ཀྱིས་ཡེ་ཤེས་གཉེན་པོ་དང་མི་མཐུན་པའི་ཚུལ་གྱིས་བཞག་པ་གང་ཡིན་པ་དེ་ནི་ཞེ་སྡང་ཏེ་ཞེ་སྡང་གི་རིགས་ཞེས་བྱའོ། །འཇིག་རྟེན་པའི་ཆགས་པའི་མཚོན་ཉིད་ནི་འདོད་ཆགས་གང་ཡིན་པ་དེ་ནི་ཡེ ཤེས་ཀྱི་ཐབས་ཀྱིས་སྦྱོར་བར་བྱེད་པས་ན་འདོད་ཆགས་ཀྱི་རིགས་སོ། །གཏི་མུག་ལ་སོགས་པའི་རིགས་དེ་རྣམས་ཉོན་མོངས་པ་རྣམ་བར་དག་པ་ཡེ་ཤེས་ཀྱི་རང་བཞིན་ལ་དགའ་བ་གང་ལ་ཡོད་པ་ནི་གཏི་མུག་དགའ་མ་ལ་སོགས་པ་སྟེ། དོན་དམ་པའི ཕྱོགས་སོ། །ཀུན་རྫོབ་ནི་བུད་མེད་ཀྱི་རང་བཞིན་གྱི་གཟུགས་ལ་དམིགས་ཤིང་འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་གདོན་པའི་ཐབས་ཀྱིས་གཏི་མུག་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་དང། ཡང དག་པར་སྦྱོར་ཞིང་བདེ་བ་ཉམས་སུ་མྱོང་བར་བྱེད་པ་སྤྱན་ལ་སོགས་པའི་ལྷ་མོ་ནི་གཏི་མུག་དགའ་མ་ལ་སོགས་པར་བཤད་དོ། །དེ་ལྟར་ན་ཉོན་མོངས་པ་གསུམ་དང། དེ་བཞིན་དུ་རྡོ་རྗེ་སྔ་ཕྲག་དོག་དང་དེ་དག་རྣམ་པར་དག་བར་བྱ་བའི་ཕྱིར། དགའ་མ ནི་སྤྱན་ལ་སོགས་པ་རྣམས་སོ། ། དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་སེམས་ཅན་ཐམས་ཅད་དེ་སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་ཐབས་ནི་རྒྱུའོ། །དེ་ཉིད་རྡོ་རྗེ་ཐེག་པ་སྟེ་རྒྱུན་མ་ཆད་པའི་སེམས་ཅན་གྱི་དོན་རྫོགས་པར་བྱེད་པ་ལམ་ཡིན ནོ། ཞེས་རྫོགས་པའི་རིམ་པའོ། །སྒོ་བསྲུངས་རྣམ་པར་དག་པར་བྱ་བ་ལ་བཤད་པར་བྱ་སྟེ། མི་འཇིགས་པའི་བདག་ཉིད་ནི་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའི་རང་བཞིན་ནོ། །མ་སྐྱེས་པའི་ངོ་བོ་ཉིད་ནི་ཐོག་མ་ནས་མ་སྐྱེས་པའི་རང བཞིན་ནོ། །ཆོས་རྣམས་ནི་ཕུང་པོ་ལ་སོགས་པའོ། །དེའི་རང་བཞིན་ཡོངས་སུ་མ་ཤེས་བ་ནི་གཤིན་རྗེ་སྟེ་།དེའི་དངོས་པོ་ཀུན་གྱི་དམ་ཚིག་ནི་དེ་དག་མཐར་བྱེད་པ་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའི་རང་བཞིན་ནི་གཤིན་རྗེ་མཐར་བྱེད་དོ།། དེ་བཞིན་དུ་རྣམ་ཤེས་མིན་བདག་ཆོས་རྣམས་ནི་དབང་ཕྱུག་ལ་སོགས་པའི་རྒྱུ་མཚན་དང་བྲལ་པ། དོན་དམ་མི་འགྱུར་ངག་གྱུར་ཉིད་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ནོ། །སེམས་ཅན་ཀུན་གྱི་ནི་དམ་ཚིག་སྟེ་།དེ་མི་ཤེས་པའི མཚན་ཉིད་ནི་ཤེས་རབ་སྟེ། དེ་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དོ།། སྨོན་པ་མེད་པའི་ཕྱིར་བསྟན་དུ་མེད་པས་ན་བརྗོད་དུ་མེད་པའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སྔར་བཤད་པའི་རིགས་པས་མིང་དང་གཟུགས་བློ་དངོས་མེད་པ་ནི་འདུ་བྱེད ཀྱི་ཕུང་པོ་ལ་སོགས་པ་དང་བྲལ་བའོ། །དེ་རྣམས་ཀྱི་རང་བཞིན་མི་ཤེས་པས་ན་བེམས?་པོ་ཡིན་པས་ན་པད་མའོ། །ཆོས་རྣམས་ཀུན་གྱི་དམ་ཚིག་ནི་སྨན་པ་མེད་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ནི་པདྨ་མཐར་བྱེད་དོ།། མངོན་པར་འདུས་མ བྱས་པའི་རྣམ་བར་?་བའི་སྒོའི་རྣམ་པར་དག་པའི་སྒོའི་རྣམ་པར་མི་རྟོག་པའི་བདག་ཉིད་དང། རང་བཞིན་ཡོངས་སུ་དག་པའི་ཆོས་ཐམས་ཅད་དོ། །དེའི་རང་བཞིན་ཡོངས་སུ་མི་ཤེས་པ་ནི་བགེགས་སོ།། དེ་དག་མཐར་བྱེད་པས་ན་མངོན་པར འདུས་མ་བྱས་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ནི་བགེགས་མཐར་བྱེད་དོ། །མི་འཇིགས་པ་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་བསྒོ་བཞི་ཉེ་བར་བསྡུས་པ་སྟེ་རྫོགས་པའི་རིམ་པའོ། །གཏི་མུག་ནི་མ་དད་པའོ།། དེའི་ལོངས་སྤྱོད་ནི་སྤོང་པར་བྱེད་པ་ན་དང་པའོ། །གཏི་མུག་ནི་འཇིག་ཚོགས་སུ་ལྟ་བའོ། །དེ་ཟད་པར་བྱེད་པ་དེ་དེ་བཞིན་དུ་ལུས་ནི་མུང?་པོའི་བདུད་དོ། །ཤེས་བྱ་ནི་ཤེས་བྱའི་སྒྲིབ་པའོ། །དེ་དག་འཁོར་པ་པ་རྣམས་གསོད་པར་བྱེད་པས་ན་གཤིན་རྗེའོ།། དེ དག་དང་བས་མཐར་བྱེད་བས་ན་གཤིན་རྗེ་མཐར་བྱེད་པའོ། །ཉེས་པ་ནི་མཐར་འཛིན་པའི་ལྟ་བའོ། །ཉེས་པ་ལོངས་སྤྱོད་ནི་དེ་རྣམ་པར་དག་པའོ།། ཉེས་པ་ནི་དགེ་བའི་ལས་ལ་ལེ་ལོ་སྟེ། དེ་ལ་ཤེས་རབ་ནི་བརྩོན་འགྲུས་ཀྱི་མཐར་བྱེད་པས་ན་ཤེས་རབ མཐར་བྱེད་དོ། །དེ་བས་ན་མཐར་འཛིན་པའི་ལྟ་བ་རྣམ་པར་དག་པས་ཞེ་སྡང་མཐར་བྱེད་ཀྱང་ཡིན་ལ། ལེ་ལོ་རྣམ་པར་དག་པས་ཤེས་རབ་མཐར་བྱེད་ཡིན་ནོ། །སེམས་ནི་ཉོན་མོངས་པའི་བདུད་དེ། དེ་རྣམ་པར་དག་བསན་སེམས་མཐར་བྱེད་དོ། །ཉོན མོངས་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །དེ་རྣམ་པར་དག་པས་ཉོན་མོངས་པ་མཐར་བྱེད་དོ། །དེ་བས་ན་བརྩོན་འགྲུས་ཀྱི་རང་བཞིན་ནི་ཤེས་རབ་མཐར་བྱེད་དོ། །འདོད་ཆགས་ནི་བརྗེད་པས་པའོ། །ཡང་འདོད་ཆགས་ནི་འཆི་བདག་གི་བདུད་དོ། །དེ་དག ཟད་པ་ནི་པདྨ་མཐར་བྱད་དོ། །ཡང་འདོད་ཆགས་ནི་ལོག་པའི་ལྟ་བ་སྟེ། དེ་མཐར་བྱེད་བས་ནི་ཆགས་པ་མཐར་བྱེད་དོ། །སྙོམས་འཇུག་ནི་སྲིད་པ་གཞན་ལ་འཕོ་བ་སྟེ། སྐྱེ་བའི་སྒྲིབ་པའོ། །དེ་རྣམ་པར་དག་པས་ན་སྙོམས་འཇུག་མཐར་བྱེད ནི་དྲན་པའི་རང་བཞིན་ཏེ། པདྨ་མཐར་བྱེད་དོ།། ཉོན་མོངས་པ་ཐམས་ཅད་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པས་ན། རྣམ་པར་གཡང་བའོ། །སེམས་ཅན་ཐམས་ཅད་རླག་པར་བྱེད་པས་ན་རྡོ་རྗེ་སྟེ་རྡོ་རྗེ་དང་འདྲ་བས་ལྷའི་བུའི་བདུད ངོ། སྒྲིབ་པ་ནི་ལས་ཀྱི་སྒྲིབ་པ་དང་ཀུན་ནི་ལྟ་བ་མཆོག་ཏུ་འཛིན་པ་སྟེ། དེ་རྣམ་པར་དག་པར་བྱེད་པས་ན་བགེགས་མཐར་བྱེད་དོ། །རྣམ་པར་དག་པའི་འབྲས་བུ་བཤད་པར་བྱ་སྟེ། ཉོན་མོངས་པ་ནི་མདད?་པ་ལ་སོགས་པ་དེ་རྣམས་བརྟན་པས་ན རྡོ་རྗེའོ། །དེ་རྣམས་ཀྱིས་བསྒྲིབས་པའི་སེམས་གང་ཡིན་བ་དེ་རྣམ་པར་དག་པར་གྱུར་ན་ལས་རྣམས་ཐམས་ཅད་ནི་དགེ་བ་དང་མི་དགེ་བའི་ལས་རྣམ་པར་དག་པར་འགྱུར་རོ།། ལས་རྣམས་རྣམ་པར་དག་པར་གྱུར་ན་རྣལ་འབྱོར་པའི་འབྲས་བུ་ནི་རྡོ་རྗེ འཆང་ཆེན་པོའི་གོ་འཕང་ཐོབ་པའི་མཚན་ཉིད་དག་པ་ཆོས་ཀྱི་སྐུ་རྣལ་བྱོར་པས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། དེ་བས་ན་དོན་བསྡུས་པ་ནི་འདི་ཡིན་ཏེ། མ་དད་བ་ཕུང་པོའི་བདུད་དང་འཇིག་ཚོགས་ཀྱི་ལྟ་བ་དང། ཤེས་བྱའི་སྒྲིབ་པ་སྟེ། འདི་དག་འཇོམས་པ་དང་བའི་རང་བཞིན་ནི་གཤིན་རྗེ་མཐར་བྱེད་དོ། །ལེ་ལོ་དང་ཉོན་མོངས་པའི་བདུད?་མཐར་འཛིན་པའི་ལྟ་བ་དང་ཉོན་མོངས་བའི་སྒྲིབ་པ་སྟེ་འདི་དག་འཇོམས་པས་བརྩོན་འགྲུས་ཀྱི་རང་བཞིན་ཤེས རབ་མཐར་བྱེད་དོ། །བརྗེད་ངས་པ་དང་འཆི་བདག་གི་བདུད་དང་ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པ་སྟེ། འདི་དག་སྤོང་བས་ན་དྲན་པའི་གཞི་ནི་པདྨ་མཐར་བྱེད་དོ། །རྣམ་པར་གཡེང་བ་དང་ལྷའི་བུའི་བདུད་དང། ལྟ་བ་མཆོག་ཏུ་འཛིན་པ་དང་ལས་ཀྱི་སྒྲིབ པ་སྟེ། འདི་དག་རྣམ་པར་དག་པས་ཏིང་ངེ་འཛིན་གྱིས་རང་བཞིན་ནི་བགེགས་མཐར་བྱེད་དོ། །དེ་ནི་རྫོགས་པའི་རིམ་པའོ།། གཙུག་ཏོར་ལ་སོགས་པའི་རྣམ་པར་དག་བ་བཤད་པར་བྱ་སྟེ། འདིས་གཟུང་བས་ན་གཟུང་བའི་དབང་པོའོ། །ཆགས་པ ནི་ཆགས་པ་བསྐྱེད་པ་ནི་ཡུལ་ལོ། །རྣམ་པ་ནི་ཡིད་ལ་བྱེད་པའོ།། མི་གཡོ་བ་ནི་ཡིད་ལ་བྱེད་པའོ། །མི་གཡོ་བ་ནི་གང་གི་དབང་གིས་རྣམ་བར་ཤེས་པ་གནོད་པ་མེད་པས་དོན་འཛིན་པ་དེ་ནི་སྣང་པའོ། །མིག་དང་གཟུགས་དང་སྣང་བ་དང་ཡིད་ལ བྱེད་པ་བཞི་པོ་དེ་དག་ནི་ཉེ་པར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུའི་དབྱེ་བས་གནས་སོ། །གང་ཞིག་འདས་མ་ཐག་ཏུ་བྱུང་བ་?་གི་རྣམ་པར་ཤེས་པ་ལ་སོགས་བ་སྐད་ཅིག་མ་དེའི་སྔ་མའི་སྐད་རིགས་མ་ནི་རྒྱུའོ།། མིག་གི་རྣམ་པར་ཤེས པ་ནི་འབྲས་བུ་སྟེ། རྒྱུ་དྲུག་ལས་སེམས་ཅན་ཡང་དག་པར་འབྱུང་བའོ། །ཡང་ན་མིག་ལ་སོགས་པ་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་དབང་པོ་རྣམས་ལས་སེམས་ཡང་དག་པར་འབྱུང་བའོ།། རྒྱུ་དང་ལྷན་ཅིག་འབྱུང་བ་དང། །རྣམ་པར་སྦྱིན དང་ཡང་དག་ལྡན། །ཀུན་འགྲོ་སྐལ་མཉམ་དང་བཅས་པ། །རྒྱུ་ནི་རྣམ་པ་དྲུག་ཏུ་བཤད་ཅེས་བྱ་བ་དྲུག་པོ་དེ་དག་ལས་སེམས་ཡང་དག་པར་འབྱུང་བའོ། །དེའི་རྣམ་པར་དག་པ་འདོད་པའི་རྒྱལ་པོ་ནས་གཙུག་ཏོར་གྱི་བར་དུ་ཁྲོ་བོ་དྲུག་བཤད་པའོ། །དེའི་རྣམ པར་ཤེས་བའི་རྣམ་བར་དག་པ་སྟེ། ཁྲོ་བོ་ཞེ་སྡང་རིགས་ལས་བྱུང་ཞེས་བཤད་པའི་ཕྱིར་རོ།། དམ་ཚིག་རྡོ་རྗེ་ལ་སོགས་པ་དྲུག་ནི་ལེའུ་དང་བོ་ལས་བཤད་པའི་རིགས་བས་སྒྲིབས་པ་ཐམས་ཅད་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག སྟེ་?་སོགས་པ་འབྱུང་བ་ལྔ་དང། འབྱུང་བ་དང་འབྱུང་བ་ལས་གྱུར་བའི་རང་བཞིན་གྱིས་རྣམ་པར་ཤེས་པའི་ཁམས་ལ་གནས་པ་སྟེ། འབྱུང་བ་དང་འབྱུང་པ་ལས་གྱུར་པའི་རྣམ་པར་དག་པའོ། །བྱམས་པ་དང་ཀུན་ཏུ་བཟང་པོ་ནི་མ་རྒྱུས ཐམས་ཅད་དང་ཆགས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ནོ། ། གཟུགས་རྡོ་རྗེ་ལ་སོགས་པ་ནི་ལྷ་མོ་དྲུག་སྟེ། གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པའོ། །དེ་བས་ན་རིགས་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་རྒྱལ་པོ་ནི རིགས་པའི་རྒྱལ་པོ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སོ། །རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་སྟེ་།དེ་དག་གི་བདག་པོ་གང་གི་གཙོ་བོར་གྱུར་པ་དེ་ནི་རྡོ་རྗེ་བདག་པོས་ཏེ་།གཟུགས་རྡོ་རྗེ་མ་ལ་སོགས་བ་བཤད་དོ། །དེ་ནི་རྫོགས་པའི་རིམ་པའོ།། ཀུན་ཏུ་སྤྱོད་པ་བཤད་པར་བྱ་སྟེ། །སྐུ་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པ་སྙོམས་པར་འཇུག་པ་ལ་དམིགས་ཏེ། གཅིག་ཅར་དུ་རྡོ་རྗེ་འཆང་ཆེན་པོའི་གཟུགས་དང ལྡན་བའི་རྣལ་འབྱོར་བས་འགྲོ་བ་འདི་དག་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བོས?་པར་བྱས་ལ། འཇིགས་པ་ཐམས་ཅད་ནི་སྐྱེ་བ་དང་འཇིག་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ནི་སྤངས་པ་སྟེ། སེང་གེ་བཞིན་དུ་དོགས པ་མེད་བར་བཟའ་བ་དང་བཟའ་བ་མ་ཡིན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ཅི་རྙེད་པ་ཟ་བའམ་བསམ་གཏན་གྱི་ཟས་ཟ་བ་ཅན་། མཉམ་པར་མ་བཞག་པ་ནི་སྤྱོད་ལམ་རྣམ་པ་བཞི་པར་རང་གི་ལྷའི་རྣལ་འབྱོར་གྱིས ཐམས་ཅད་ཀྱི་རང་བཞིན་དུ་མཐོང་བས་རྟག་ཏུ་ནི་དུས་ཐམས་ཅད་དུ་མཉམ་པར་འཇོག་ཅིང། སེམས་ཀུན་ནི་ཟག་པ་ཐམས་ཅད་དང་བྲལ་བའི་སེམས་ཀྱིས་སྤྱོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་སྤྱོད་པ་ཞེས་བྱ་སྟེ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ་སྒྲུབ པའོ། །སྔགས་ཀྱི་སྤྱོད་པ་བཤད་པར་བྱ་སྟེ། དབང་པོ་ཡུལ་རྣམས་ནི་ཤེས་རབ་དང་ཐབས་སྙོམས་བར་འཇུག་བས་རྟེན་ཅིང་བླངས་ན། ཡིད་ནི་བདེ་བའི་རང་བཞིན་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་མི་མཐུན་པའི་ཡིད་ལ་བྱེད་པ་ནུས་པར་བྱེད་པ་དང། དེ་ཁོ ན་ཉིད་སྲུང་བར་བྱེད་པས་སྐྱོབ་པས་ན་སྔགས་ཏེ། ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་ལས་བྱུང་བ་བདེ་བའོ། །དེ་ལ་དམིགས་ནས་འཇིག་རྟེན་སྤྱོད་བ་ནི་ཐ་མལ་པའི་ལུས་རྣམ་པར་རྟོག་པ་དང་བྲལ་བ། ལྷའི་སྐུར་བསྒོམ་པ་བླངས་ནས་འདོད པའི་ཡོན་ཏན་ལྔ་ཉེ་བར་སྤྱོད་པ་འམ། གནས་ཚལ་དུ་སློངས་མོ་སློང་བས་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་སྤྱོད་པ་གང་ཡིན་པ་དེ་ནི་སྔགས་གྱི་སྤྱོད་པ་ཞེས་བྱ་བ་སྟེ་སྒྲུབ་པའོ། །དེ་ནི་སྤྲོས་པ་མེད་པའི་སྤྱོད་པའོ། །བཟླས་པ་གཤད པར་བྱ་སྟེ། རང་གི་ངོ་བོ་ཉིད་ནི་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་གྱིས་ཡིད་ནི་ཚིག་སྤངས་པའི་རྡོ་རྗེའི་ཚིག་གི་སྙིང་བོ་རྣམ་བར་བསམ་བ་ནི་དོན་རྟོགས་པའི་རྣམ་པར་བསམས་ནས་སོ། །སྤྲོ་བ་དང་བསྡུ་བ་ནི་འཇུག་པ་དང་གནས་པ་དང་ལྡང ?། །སྔགས་ནི་ཡི་གེ་གསུམ་སྟེ། དེའི་ཟློས་པ་ནི་འགྲོ་བ་དང་འོང་བའི་སྦྱོར་བའོ། །དེའི་དབྱེ་བའི་སྟེང་དང་ལོགས་དང་དང་པོ་དང་འོག་གི་དབྱེ་པས་སོ། །ཟློས་པར་བྱེད་པ་ནི་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་རིགས་པས་སློབ་པའོ། །དེ་ལྟར་ཡི་གེ་གསུམ གྱིས་རིམ་གྱིས་བཟླས་པ་བཤད་དོ། །སངས་རྒྱས་སྣ་ཚོགས་རྡོ་རྗེའི་བདག་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་དེ་བཞིན་གཤེགས་པ་རྣམས་སོ། །དེ་དག་ཡེ་ཤེས་ས་བོན་དག་གིས་བསྡུ་ཞེས་པ་ནི་ཡི་གེ་ཨོཾ་གྱི་ནང་དུ་གཞུག་པར་བྱའོ། །བྱང་ཆུབ བདག་མེད་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་འོད་དཔག་ཏུ་མེད་པའི་ས་བོན་ཏེ་ཡི་གེ་ཨའོ། །བདག་མེད་ནི་དེའི་རིགས་ཅན་དེ་བཞིན་གཤེགས་པ་རྣམས་བསྒོམས་ནས་དེའི་སྙིང་ཀར་བཞག་པར་བྱའོ། །དེ་བཞིན་དུ་སྣ་ཚོགས་བཞིན་དུ་སྣ་ཚོགས་སྤྲོ་སྟེ། ཆོས ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུས་གསུམ་གྱི་དེ་བཞིན་གཤེགས་པ་མི་བསྐྱེད་པའི་རིགས་ཅན་གྱི་ཡི་གེ་ཧཱུཾ་གི་སྤྲོ་བ་བྱ་སྟེ། དེ་ནི་རྡོ་རྗེ་བཟླས་པ་ཞེས་བྱ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ།། དག་གི་བཟླས་པ་བཤད་པར་བྱ་སྟེ། བཟླས་བ་ཞེས་བྱ་བ་ནི་ནམ་མཁའ་ཨི ཀ་ཧམས་ཐམས་ཅད་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོན་ཅིག་ཅེས་བྱ་བར་མོས་པས་དག་ཀུན་བཟླས་པ་ནི་སྤྲུལ་ལ་སོགས་པའི་སྔགས་ཁྲོ་བོའི་ཚིག་གིས་བཟླས་པ་གང་ཡིན་པ་དེ་ནི་བཟླས་པ་ཞེས་བྱ་སྟེ་ལས་ཀྱི་རྒྱལ་པོ་མཆོག གི་ཏིང་ངེ་འཛིན་ཏེ། །སྔགས་ནི་འབོད་པ་སྟེ། གསང་ནས་བརྗོད་པའོ། །དེ་བཞིན་དུ་དེ་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །དེའི་བསྐུལ་བ་ནི་དེའི་དབྱེ་བ་ལ་བརྟེན་ཅིང་ཨོཾ་ལ་སོགས་པ་སྨྲ་བ་རྡོ་རྗེ་ཟླས་པ་སྨྲ་བ བཟླས་པའི་རིམ་པའོ། །དེ་ནས་རྒྱས་གདབ་པ་བཤད་པར་བྱ་སྟེ། དེ་ནི་རྒྱས་གདབ་པ་རྣམ་པ་བཞི་སྟེ་།ཡེ་ཤེས་སེམས་དཔའ་གཞུག་པའི་རྒྱས་གདབ་པ་དང། ཏིང་ངེ་འཛིན་སེམས་དཔའ་ཨི་རྒྱས་གདབ་པ་དང། དབང་ཐོབ་ནས་ཅོད་པན་གྱིས་རྒྱས གདབ་པ་དང། མཆོད་བའི་རྒྱས་གདབ་པའོ། །དེ་ཉིད་བཤད་བར་བྱ་སྟེ། ཇི་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་སེམས་དཔའ་སྒོམ་པ་དེ་བཞིན་དུ་ཐུགས་བྱིན་གྱིས་བརླབ་པ་ནི་ཡེ་ཤེས་སེམས་དཔའ་ཨི་རྒྱས་གདབ་པར་བྱ་བ་དང་།དེའི ཐུགས་ཀར་ཡང་དེ་དང་འདྲ་བའི་ས་བོན་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པའི་རྒྱས་གདབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཐོབ་ནས་སྤྱི་བོར་སེམས་དཔའ་གསུམ་གྱི་བདག་ཉིད་དང་འདྲ་བའི་ཅོད་པན་དུ་དེ་བཞིན གཤེགས་པས་རྒྱས་གདབ་པར་བྱའོ། །དེ་ནས་མཆོད་པའི་དུས་སུ་ཡང་སེམས་དཔའ་གསུམ་གྱི་བདག་ཉིད་དང་འདྲ་བར་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་པར་བྱའོ། །དཀྱིལ་འཁོར་རྒྱལ་པོ་དང་ལས་གྱི་རྒྱལ་པོ་མཆོག་གོ་།དེ་ཉིད་གསལ་བར་བྱ་བའི་ཕྱིར བཤད་པར་བྱ་སྟེ། རྡོ་རྗེ་འཆང་བ་གང་ཡིན་པའི་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་བ་རིག་མའི་ཤེས་རབ་དང་ལྡན་པ་རྣལ་འབྱོར་པ་ནི་སྒྲུབ་པ་པོས་བསྒོམ་པར་བྱའོ་དེའི་ལོངས་སྤྱོད་བཞི་ནི་ཡེ་ཤེས་སེམས་དཔའ་དང། ཏིང་ངེ་འཛིན སེམས་དཔའ་དང། བསྟོད་པ་དང་མཆོད་པ་རྒྱས་གདབ་པའི་མཚན་ཉིད་དོ། །བདག་བྱིན་བརླབ་ལ་སོགས་པ་ནི་རང་དང་འདྲ་བར་ཡེ་ཤེས་སེམས་དཔའ་ལ་སོཌ་པ་ཤེས་པར་བྱའོ། །དེ་ནི་དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་པོ་མཆོག་གོ་།སྤྱིར བཤད་ཅིང་ཁྱད་པར་དུ་བཤད་པར་བྱ་སྟེ། དབང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། རྡོ་རྗེ་གཅིག་པུ་ནི་རྡོ་རྗེ་འཆང་ཆེན་པོས་རེ་རེའི་སྤྱི་བོང་དབང་བསྐུར་བ་ནི་ཅོད་པན་དུ་ཤེས་པར་བྱའོ། །སྔགས་རྣམས་ཐམས་ཅད་རྣམས་ཀྱི་ནི་རྡོ་རྗེ་སེམས་དཔའ་ གང་དག་བསྒོམ་ཞེས་ལེའུ་བཅོ་ལྔ་པ་ལས་གསུངས་པའི་ཕྱིར་རོ། །སྙིང་པོ་ནི་ཡེ་ཤེས་སེམས་དཔའ་དང་ཕྱག་རྒྱ་ནི་ཏིང་ངེ་འཛིན་སེམས་དཔའ་དང། སྔགས་ཙམ་ནི་མཆོད་པའི་ལྷ་མོ་སྟེ། དེ་དག་རང་རིགས་རིམ་གྱིས་རྒྱས་གདབ་པར་བྱ་སྟེ་ཁྱད་པར་རོ།། དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་པོ་མཆོག་གོ་། རྒྱས་གདབ་པའི་རྣམ་པར་དག་པ་བཤད་པར་བྱ་སྟེ། འབྲས་བུ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྡོ་རྗེ་འཆང་གི་སྐུའོ།། རྒྱུ་ནི་རྡོ་རྗེ་འཆང་ཆེན་པོའི། དེ་ལ་རྗེས་སུ་ཞུགས་པས་རྒྱས་གདབ པར་བྱ་བ་དང། འབྲས་བུ་ནི་རྣམ་བར་སྣང་མཛད་ལ་སོགས་པའི་སྐུ་སྟེ། རྒྱུ་ནི་རྡོ་རྗེ་སེམས་དཔའ་སྔར་གྱིས་བཤད་པའི་རིགས་ཀྱིས་རྒྱས་གདབ་པར་བྱ་སྟེ་།དེ་ལྟར་བསྒོམ་པར་བྱའོ། །གཞན་དུ་ནི་རྒྱུ་དང་འབྲས་བུ་ཐ་དད་པ་བསྒོམས་ན་བསྐལ་པ་བྱེ་བ་བརྒྱས་ཀྱང་དངོས གྲུབ་ཐོབ་པར་མི་འགྱུར་རོ། །དེ་བཞིན་དུ་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བསྐྱེད་པ་ལ་ཡང་ཤེས་པར་བྱའོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཆོས་འབྱུང་གི་ངེས་པའི་ཚིག་བཤད་པར་བྱ་སྟེ། ལོངས་སྤྱོད་བཞི་ནི་སྤྱན་ལ་སོགས་པ་བཞི་སྟེ། དེ་དང་ཡང་དག་པར་ལྡན་པ་ནི ཡོངས་སུ་བསྐོར་བ་རིག་པའི་སྐྱེས་བུ་རེག་བྱ་རྡོ་རྗེ་མ་དང་བཅས་པའི་སྐྱེས་བུ་སྟེ་རྡོ་རྗེ་འཆང་སོ?། །རྡོ་རྗེ་འཆང་དེ་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེ་དབུས་སུ་བསྒོམས་ནས་གྲུ་གསུམ་དུ་སྐུ་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་བསྒོམ་ཞིང་ཆོས་འབྱུང་དེའི་དབུས སུ་རྩིབས་བཅུ་པ་དམར་སེར་བྷྲུཾ་ལས་སྐྱེས་པའི་འཁོར་ལོ་བསྒོམས་ཏེ། རྩིབས་བཅུ་ལས་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་དགོད་ཅིང་འགོག་པ་རྡོ་རྗེ་སྟེ་ཕ་རོལ་གནོན་པར་བྱེད་པའོ། །བསྒྲུབ་པ་ནི་བསྐྱེད་པའོ། །མཆོག་ཏུ མཛེས་བ་ནི་མཱ་མ་ཀཱི་མཚོ་སྐྱེ་ལ་གྱི་ནང་དུ་གནས་པ་དང་། རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པའི། རྡོ་རྗེ་འབང་བ་ནི་མེ་སྟག་འཕྲོ་བའོ། །འཁོར་བ་ནི་ཀུན་ཏུ་འཁོར་ཞིང་མི་གཡོ་བ་ནི་ནམ་མཁའ་སྟེ། དེ་དང་མཚུངས་པ་ནི་དེ་ལ་གནས་པའི་འཇའ འཚོན་དང་མཚུངས་པའོ། །དེ་ལྟ་བུའི་ཆོས་འབྱུང་ནི་ཆོས་འབྱུང་བའི་རྒྱུའོ། །རང་བཞིན་དྲི་མེད་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྒོམ་པར་བྱ་ཞིང་མངོན་སྤྱོད་ལ་སོགས་པའི་ཕྲིན་ལས་བྱའོ། །བྱ་བ་སྟེ ཚིག་གི་ལྷག?་མའོ། །དེ་ནི་བསྐྱེད་པའི་རིམ་པའོ། །གང་གི་ཚེ་ཆོས་འབྱུང་བ་དེ་ཉིད་སྟོན་ཀའི་ཟླ་བ་ལྟར་དཀར་བ་འོད་གསལ་བའི་ངོ་བོ་དེའི་ལྟེ་བ་ལ་གནས་པ་དེའི་བདུད་རྩིའི་ཐིག་ལེ་ཡུངས་ཀར་གྱི་འབྲུའི་ཚད་ཙམ་ཕྲ་མོའི་རྣལ་འབྱོར་བསྒོམས ན། དེ་བསྒོམས་པས་སྐད་ཅིག་གིས་དེ་དེའི་སྐད་ཅིག་གིས་ཉམས་སུ་མྱོང་བས་ན་སངས་རྒྱས་སྤྱན་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ་ཞེས་པ་སྟེ། རྫོགས་པའི་རིམ་པའོ། །དེ་ལ་དོན་བསྡུས་པ་འདི་ཡིན་ཏེ་།མཱ་མ་ཀཱིའི མཚོ་སྐྱེས་ལ་ཡི་གེ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་དམར་སེར་རྩིབས་བཅུ་པ་འབར་བ་བསམས་ཏེ་། དེའི་ལྟེ་བའི་དབུས་སུ་ཇི་སྐད་བཤད་པའི་ཞེ་སྡང་རྡོ་རྗེར་བདག་བསམས་ཏེ། སྙོམས་པར་འཇུག་པ་ལས་ཁྲོ་བོ་སྤྲེས་ཏེ། ཅུང་ཟད་གཡོ་བ་རྣམ་པར་སྣང མཛད་ལ་སོགས་པའི་གནས་ལ་བརྟེན་པའི་རྩིབས་བཞི་བོར་འཕགས་པ་གཤིན་རྗེ་གཤིན་རྗེ་གཤེད་ལ་སོགས་པ་བཞི་དང། དེ་བཞིན་དུ་ཅུང་ཟད་ཡོ་བ་ཅན་ལ་སོགས་པའི་གནས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་འཕགས་པ་འདོད་པའི་རྒྱལ་པོ་དང། དབྱིག སྔོན་དུ་མི་གཡོ་བ་དང་སྟོབས་པོ་ཆེ་རྣམས་དགོད་དེ། ཅུང་ཟད་ཡོ་བ་དབང་པོ་དང་དབང་ལྡན་གྱི་མཚམས་ཀྱིས་དབུས་སུ་གནས་པའི་རྩིབས་ལ་གཙུག་ཏོར་འཁོར་ལོ་སྒྱུར་བ་དང། དེ་བཞིན་དུ་ཆུ་ལྷ་དང་བདེན་བྲལ་གྱི་མཚམས་ཀྱི་དབུས་སུ་གནས པའི་རྩིབས་ལ་ཁྲོ་བོ་དཔལ་གནོད་མཛེས་ཀྱི་རྒྱལ་པོ་བསམ་མོ་ཞེས་བསྐྱེད་པའི་རིམ་པའོ། ། རྩ་བཅུའི་འཁོར་ལོར་རླུང་དང་ཉེ་བའི་རླུང་གི་དབྱེ་བས་རྣམ་པ་བཅུ་བསམས་ལ། འབྲས་བུ་ཐིག་ལེའི་གཟུགས་སུ་གནས་པར་བྱ་སྟེ། རྫོགས་པའི རིམ་པའོ། །དེ་ནི་ཆོས་འབྱུང་གི་ཕྱག་རྒྱའི་དབྱེ་བས་སོ། །ད་ནི་རིམ་པ་གཉིས་ཀྱིས་དབྱེ་བ་བཤད་པར་བྱ་སྟེ། རིམ་པ་གཉིས་ལ་ཡང་དག་བརྟེན་ཞེས་བྱ་བ་ལ། ལས་དང་པོ་པ་དང་རྫོགས་པའི་དབྱེ་བས་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས ཆོས་བསྟན་པ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པས་དབྱེ་བ་སྟེ་མདོར་བསྟན་པའོ། །སྒྲུབ་པ་ནི་བསྙན་པ་ལ་སོགས་བ་ཡན་ལག་རྡོ་རྗེ་བཞི་འམ། བུམ་པ་ལ་སོགས་པའི་ཐབས་ཀྱི་རིམ་པ་འམ། དཀྱིལ་འཁོར་གྱི་རིམ་པས་སོ། །ནན་ཏན་ནི་དམ་ཚིག་དང སྡེམ་པའི་མཚན་ཉིད་དེ། དེ་ཡང་བསྐྱེད་པའི་རིམ་པའོ། །སྔར་ནི་གང་བསྙེན་པའི་ཡེ་ཤེས་བདུད་རྩི་ཡན་ལག་དྲུག་པའི་རྣལ་འབྱོར་གྱི་མཚན་ཉིད་སྔར་བཤད་པ་རྒྱས་པར་ལེའུ་བཅུ་གཉིས་པ་ལ་སོགས་པར་གསུངས་པ་དེ་ཡང་རྫོགས་པའི་རིམ་པ་ཡིན ཏེ། རིམ་པའི་དབྱེ་བའོ། །ཚིག་གི་དོན་བཅུ་དྲུག་བཤད་པའི་སྐབས་སུ་ཇི་ལྟར་རིམ་པ་གཉིས་ཡིན་ནོ། །ཞེ་ན་དེ་ནི་སྐྱོན་མ་ཡིན་ཏེ་རྩ་བའི་རྒྱུད་ལས་རིམ་པ་གཉིས་བཤད་པ་དང། བཤད་པའི་རྒྱུད་ལས་དེ་ལས་གཞན་གསུངས་པའི་ཕྱིར་རོ། །དེ་ལ་དང པོ་སྦྱོར་བ་ལ་སོགས་པ་གསུམ་དང་བསྒྲུབ་པ་ནི་བཞི་སྟེ་བསྐྱེད་པའི་རཱི?་པཱི་ཡན་ལག་གོ། རྡོ་རྗེ་བཟླས་པ་ལ་སོགས་པ་དང། རང་བཞིན་ལ་སོགས་པ་ནི་བཅུ་སྟེ། རྫོགས་པའི་རིམ་པའི་ཡན་ལག་གོ། དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའོ།། དམ་ཚིག་ བརྗོད་པར་བྱ་སྟེ་དང། གཟུགས་རྡོ་རྗེ་ལ་སོགས་པ་ཡུལ་ལྔ་པོ་གང་ཡིན་པ་དེ་དག་ནི་དམན་པ་དང་བར་པ་དང་མཆོག་སྟེ། ཡིད་དུ་འོང་པ་དང་ཡིད་དུ་མི་འོང་བ་དང་གཉིས་ཀའི་དབྱེ་བས། བདེ་བ་དང་སྡུག་བསྔལ་དང་གཉིས་ཀ་སྟེ་བདེ་བ་དང་སྡུག་བསྔལ བ་ཡིན་པའི་ངོ་བོ་དེ་དག་ལ་དམིགས་ནས་འོད་གསལ་བ་རྟོགས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཅིང་ལྡོགS་པ་ནི་ཁྱད་པར་དང་ལྡན་པ་བདེ་བ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ནི་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པའི་དམ་ཚིག གོ། དེ་བཞིན་དུ་འདོད་ཆགས་ཀྱི་དམ་ཚིག་ནི་འདོད་ཆགས་ཀྱི་རང་བཞིན་ཏེ། འདོད་ཆགས་རྣམ་པར་དག་པ་དང། དེ་བཞིན་དུ་རྡོ་རྗེ་ནི་ཞེ་སྡང་གི་དམིགས་པའི་དངོས་པོ་མཐོང་ནས། །རྡོ་རྗེ་ནི་ཞེ་སྡང་རྣམ་པར་དག་ཅིང་རིན་ཆེན་ནི་འོད་གསལ བའི་ཡེ་ཤེས་རྣལ་འབྱོར་པ་ལ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་གཏི་མུག་ཏུ་དམིགས་པའི་མ་རིག་པའི་རང་བཞིན་དངོས་པོ་མཐོང་ནས། དེ་སྦྱང་ཞིང་རིན་ཆེན་དང་འདྲ་བ་མངོན་པར་འདོད་པའི་དོན་སྟེར་བ་འོད་གསལ་བ་རྟོགས་པར་འགྱུར་རོ། །དེ་བས་ན ན་འདོད་པ་ནི་ཡུལ་ལྔ་སྟེ་། རྟོགས་པ་ནི་སད་པར་བྱས་ན་དེའི་ཚོ་འཚོ་བར་འགྱུར་རོ། །རིམ་པ་དེ་ཉིད་ཀྱིས་བསྒྲུབ་བྱའི་ལུས་ཞུགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྦྱོར་བ་ནི་ཏིང་ངེ་འཛིན་སློབ་པའི་རྣལ་འབྱོར་པ་ཞེ་སྡང་དང་རྡོ་རྗེ་འདྲ་བར་བདག་ཉིད་འགྱུར བ་སྟེ། ཚར་གཅོད་པ་དང་ཕན་འདོགས་པར་ནུས་པར་འགྱུར་རོ། །ཁམས་གསུམ་པ་ལ་ཡང་སྐད་ཅིག་ཙམ་གྱིས་ཏེ། ཏིང་ངེ་འཛིན་དེ་བསྒོམ་པ་ཙམ་གྱིས་བསང་པ་ནི་གསོད་པ་དང། སློང་བ་ནི་སླར་ཡང་ལྡང་བར་བྱེད་དོ་ཞེས་ཐེ་ཚོམ་མེད་དོ། ། ནུས་པ་ནི་བསམ་གཏན་གསལ་ཞིང་བརྟན་པར་གྱུར་ན་ཞེས་བྱ་བའོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སངས་རྒྱས་སྦྱིན་གྱི་པདྨར་གཏི་མུག་འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའི་ཁྲོ་བོའི་འཁོར ལོ་བསྐྱེད་ལ། ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་ཁྲོ་བོ་རྣམས་སྤྲོས་ཏེ། སེར་སྣ་ཅན་གྱི་མཛོད་ཀྱི་ནང་དུ་ཞུགས་པར་བསམས་ལ། དེ་དང་མཐུན་པའི་ཁ་དོག་དང་ལྡན་པའི་ཁྲོ་བོ་རྣམས་ཀྱིས་རིན་པོ་ཆེ་ལ་སོགས་པ་བླངས་ནས་རླུང་གི དཀྱིལ་འཁོར་སྦྱོར་བས་འདྲེན་ཅིང་གཏི་མུག་སེམས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་སྟེ། དེའི་རྒྱལ་མཚན་དེའི་རང་གི་མཛོད་དེ་། རིན་ཆེན་ཐམས་ཅད་ནི་སེར་སྣ་ཅན་གྱི་གང་ཟག་ལས་ཁུགས་པའི་ཨཻནྡྲ་ནཱི་ལ་སོགས་པས་རབ?་ཏུ གང་བ་ནི་ཁེངས་པར་བསྒོམ་པར་བྱའོ། །རྒྱུན་དེ་དག་བླང་ཞིང་བཀའ་ཨི་འཁོར་ལོ་བསྐུལ་ཏེ། ནོར་ལ་སོགས་པ་དང་བྲལ་བ་ཡོན་ཏན་དང་ལྡན་པའི་གང་ཟག་གི་ཁྱིམ་དུ་གཏི་མུག་འཁོར་ལོ་ཅན་ཀུན་ནི་ཁྲོ་བོ་བསྐུལ་ཞིང་སྦྱིན་པའི་ཆར་ནི་རིན་པོ ཆེའི་ཚོགས་ཀྱིས་ཆར་འབེབས་པར་བྱའོ། །སྦྱིན་པ་དེ་དང་འཕྲོག་པ་དེ་ཉིད་གང་གི་ཚེ་སེམས་རྡོ་རྗེ་བཞིན་དུ་ཏིང་ངེ་འཛིན་ལ་བརྟན་པར་གྱུར་ན་དེའི་རྫས་ཐམས་ཅད་འཕྲོག་པ་དང་སྤྱན་པ་དང་སྐད་ཅིག་ཙམ་གྱིས་བྱའོ། །འོད་དཔག ཏུ་མེད་པའི་རྣལ་འབྱོར་པས་གོས་དཀར་མོའོ་པདྨར་རྟ་མགྲིན་ལ་སོགས་པའི་འཁོར་བ་བསམས་ལ། དེ་རྣམས་སྤྲོ་ཞིང་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བུ་མོ་བཀུག་ཅིང་གོས་དཀར་མོ་བཅུག་སྟེ། དེ་དང་གཉིས་སུ་མེད པའི་སྦྱོར་བས་མཉེས་པར་བྱའོ། །དེ་ཉིད་བཤད་པར་བྱ་སྟེ། དགའ་བ་ནི་སྣང་བ་དང་སྡུག་པ་ནི་སྣང་བ་མཆེད་པ་དང། བདེ་བ་ནི་སྣང་བ་ཉེ་བར་ཐོབ་པའོ། །རངས་པ་ནི་འོད་གསལ་བའོ། །འདོད་པའི་རྩེ་མོས་རྣམ་འཕྲུལ་ནི་འཁྱུད་པ་ལ་སོགས པའི་དབྱེ་བ་རྣམས་ཀྱིས་ཉམས་སུ་མྱོང་བར་བྱའོ། །དེ་ནི་ལྷ་མོ་དགུག་པ་ལ་སོགས་པའོ། །དེ་ནས་འོད་ཟེར་གྱི་སྦྱོར་པས་གོས་དཀར་མོའི་ཐུགས་ཀ་ནས་དེ་དག་སྤྲོ་ཞིང་འཁོར་ལོ་ཅན་ཀུན་ནི་འདོད་ཆགས་འདོད་པས་སེམས་ཅན་རྣམས་ལ གདུལ་བར་བྱ་བའི་ཕྱིར་ལྷ་མོ་ལ་སོགས་པ་དེ་དག་སྦྱིན་པར་བྱའོ། །ཏིང་ངེ་འཛིན་དེ་ཉིད་ཀྱིས་ཁམས་དག་ཏུ་བྱུང་བའི་བུད་མེད་ཅེས་བྱ་བ་ནི་ཕུལ་དུ་བྱུང་བའི་ཚིག་ཏུ་གང་གི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་ལ་བུད་མེད་མི་སྲིད དེ། ཆགས་པ་དང་བྲལ་བའི་ཕྱིར་རོ། །ལྷ་དང་ལྷ་མོ་ཡིན་ལ་སོགས་པའི་སྒོ་ནས་འབྲེལ་པ་དང་ལྡན་པ་དེ་དག་སྐད་ཅིག་ནི་ཏིང་ངེ་འཛིན་བརྟན་པས་སྐད་ཅིག་གིས་འདོད་སྤྱོད་པ་ནི་འགུགས་ཤིང་སྤྱོད་ལ་གཞན་རྣམས་ལ་ཡང་སྦྱིན་ན། མིའི བུད་མེད་སྤྲོས་ཅི་དགོས་ཏེ་ཏིང་ངེ་འཛིན་ཆེ་བ་བསྟན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །འདོད་ཆགས་ལ་སོགས་པའི་སྒོ་ནས་འགྲོ་བ་འདུལ་བར་བསྟན་ཅིང་དཀྱིལ་འཁོར་འབྲི་བའི་ལན་བསྟན་པར་བྱ་སྟེ། དཀྱིལ་འཁོར་ཞེས་བྱ་བ་དེ་བཞིན གཤེགས་པ་ཐམས་ཅད་གཞིར་གྱུར་པ་འབྲི་བ་ནི་ཅིའི་ཕྱིར་ཞེ་ན། དབང་བསྐུར་བ་ནི་འོག་ནས་བཤད་པར་འགྱུར་བ་རྣམ་པ་བཞི་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་དང། དེ་བཞིན་དུ་ལས་ཀྱི་ཚོགས་ཀྱང་བྱ་བའི་ཕྱིར་དང། ཉམས་སུ་ལེན་པ ནི་བསྐྱེད་པའི་རིམ་པའི་ལྷའི་སྐུ་བསྐྱེད་པར་བྱ་བའི་ཕྱིར་དང། བྱིན་གྱིས་བརླབས་པ་ནི་རྫོགས་པའི་རིམ་པས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་བྲི་པ་སྟེ། རྟོག་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །གྲུབ་པའི་བགྲོད་པ་གཞན་ཡིན ན་ནི་རྫོགས་པའི་རིམ་པ་མཐར་ཕྱིན་པའི་བགྲོད་པ་དཀྱིལ་འཁོར་ཚུལ་ཏེ། གཞན་ནི་རྣམ་པ་གཞན་གྱིས་ཡིན་ནོ་དེ་ཉིད་བཤད་པར་བྱ་སྟེ། བྷ་ག་ནི་ཆོས་འབྱུང་གི་ཕྱག་རྒྱའོ། །དེ་ནི་སྙིང་པོར་གྱུར་པ་ན་དཀྱིལ་འཁོར་ཞེས་བྱ་སྟེ། བྱང་ཆུབ་ཀྱི སེམས་ལ་སོགས་པའི་ལྷའི་འཁོར་ལོ། །དེར་གནས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཀྱང་དཀྱིལ་འཁོར་ཏེ། ཀུན་རྫོབ་ཀྱི་ཚུལ་དུ་དེ་ལ་དེ་བཞིན་གཤེགས་པ་ལྔ་གནས་པའི་ཕྱིར་དང། བདེ་བ་ཆེན་པོའི་ཚུལ་དུ་རྡོ་རྗེ་འཆང་གི་རྟེན་ཡིན པའི་ཕྱིར་རོ། །ལུས་ནི་ལུས་ཏེ་དེ་ཡང་དཀྱིལ་འཁོར་ཡིན་ལ། ལྷ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ། །ཕུང་པོ་ལྔ་ནི་མདོར་བསྡུས་པ། སངས་རྒྱས་ལྔར་ནི་རབ་ཏུ་གྲགས་ཞེས་ལེའུ་བཅུ་བདུན་པ་ལས་གསུངས་པའི་ཕྱིར་རོ། །དེ་ནི་བསྐྱེད་པའི རིམ་པ་དང་རྫོགས་པའི་རིམ་པ་དང་གོ་། ཕྱག་རྒྱ་དྲི་བའི་ལན་བསྟན་པ་ནི་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་དང་ཉོན་མོངས་པ་ལ་སོགས་པ་ཡང་ཕྱག་རྒྱས་རྒྱས་གདབ་པ་ནི་བདེ་བ་ཆེན་པོས་ཕྱག་རྒྱས་རྒྱས་གདབ་པའོ། །དེ་ཉིད་དཀྱིལ འཁོར་ནི་འགྲོ་བའི་དཀྱིལ་འཁོར་རྒྱས་བཏབ་པ་སྟེ། དེས་ན་ཕྱག་རྒྱ་ཞེས་བྱའོ། །དེ་ནི་རྫོགས་པའི་རིམ་པའོ། །ཡང་ན་ཕྱག་རྒྱ་ཞེས་བྱ་བ་ནི་བཙུན་མོའི་མཚན་མའོ། །ངེས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའི་རང་བཞིན་གྱིས་འགྲོ བ་རྒྱས་བཏབ་པ་ན་ཕྱག་རྒྱའོ། །དེ་ཡང་རྡོ་རྗེ་དང་པདྨའི་མཚན་ཉིད་དེ། གང་གི་ཕྱིར་རྡོ་རྗེ་དང་པདྨའི་ཕྱག་རྒྱ་དག་གིས་སེམས་ཅན་གྱི་སྐྱེ་གནས་བཞི་པའི་འབྲེལ་པ་དང་ལྡན་པའི་འགྲོ་བ་ཐམས་ཅད་རྒྱས་བཏབ་པ་སྟེ། དེ་པས་ན་རྡོ་རྗེ་ལྔ? ཕྱག་རྒྱ་དང་པདྨའི་ཕྱག་རྒྱ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་ནི་རྫོགས་པའི་རིམ་པའོ། །ཡང་ན་ཕྱག་རྒྱ་ནི་ཕུང་པོ་ལ་སོགས་པའི་རང་བཞིན་བསྐྱེད་པར་བྱེད་པ། ཆོས་འབྱུང་གི་ཕྱག་རྒྱ་སྟེ། དེས རྒྱས་བཏབ་པས་ན་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་དང། དམ་ཚིག་གི་ཕྱག་རྒྱ་དང། དེ་ཉིད་བསྒོམས་པའི་ཤེས་རབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང། ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་མཚན་ཉིད་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ཀྱིས་འགྲོ་བ ཐམས་ཅད་རྒྱས་བཏབ་པས་ན་ཕྱག་རྒྱའོ། །ཡང་ན་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ཀྱི་རང་བཞིན་ནི་ས་ལ་སོགས་པ་ཁམས་བཞི་པོ་སྟེ། སྤྱན་དང་མཱ་མ་ཀཱི་དང་གོས་དཀར་མོ་དང། སྒྲོལ་མ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར ཐམས་ཅད་ནི་ཁམས་གསུམ་པ་རྒྱས་བཏབ་པས་ན་ཕྱག་རྒྱ་ཞེས་བྱའོ། །དེ་ནི་བསྐྱེད་པ་དང་རྫོགས་པ་དག་གོ། ཕྱི་རོལ་གྱི་རིམ་པས་མཚན་མའི་ཕྱག་རྒྱས་བཤད་པར་བྱ་སྟེ། ལྕགས་ཀྱུ་ལ་སོགས་པ་བཞི་པོ་ནི་འདོད་པའི་རྒྱལ་པོ ལ་སོགས་པ་བཞིའི་གྲཝ་ནི་སྒོའི་གྲཝ་རྣམས་དགོད་པར་བྱའོ། ། །དེའི་འཁོར་ལོ་དང་རྡོ་རྗེ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་གནོད་མཛེས་རྒྱལ་པོའི་མཚན་མ་སྟེ། སྟེང་དང་འོག་ཏུ་དགོད་པར་བྱའོ། །རིག་པའི་རྒྱལ་པོ་དྲུག་པོ་ནི་འདོད པའི་རྒྱལ་པོ་དྲུག་པའོ། །ཕྱག་རྒྱ་དྲུག་པོ་སྟེ། མཚན་མ་དྲུག་ཏུ་རབ་ཏུ་གྲངས་ཞེས་གསུངས་སོ། །ས་ནས་བརྩམས་ཏེ་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་གང་ཡིན་པ་དེའི་དཀྱིལ་འཁོར དུ་རིམ་པ་ཇི་ལྟ་བ་བཞིན་དུ་མེ་ལོང་ནི་གཟུགས་བརྙན་གྱི་རང་བཞིན་དང། པི་ཝཾ་ནི་བྲག་ཅའི་རང་བཞིན་དང་མཚུངས་པའི་སྒྲའི་རང་བཞིན་དང། དུང?་ནི་ཆོས་ཀྱི་ཚུལ་ཁྲིམས་ཏེ་དྲི་བཟང་པོའི་རང་བཞིན་དང། སྣོད་ནི་བདུད་རྩི་ལྔས་གང པ་སྟེ། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཀྱི་རྣམ་པར་དག་པའི་རང་བཞིན་དང། སྣ་ཚོགས་རས་ནི་འདོད་ཆགས་ལ་སོགས་པའི་ཚ་བ་སེལ་བས། འཇིག་རྟེན་ལས་འདས་པའི་རིག་པའི་བདེ་པའི་རང་བཞིན་དང། ཆོས་འབྱུང་བ་ནི་སྐུ་གསུང ཐུགས་དང། སྐུ་གསུམ་དང་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་ཕྱག་རྒྱ་དྲུག་པོ་དེ་དག་རྡོ་རྗེའི་བདག་པོ་ནི་རྡོ་རྗེ་བདག་པོ་གང་ལ་ཡོད་པ་དེ་ནི་རྡོ་རྗེའི་བདག་པོ་སྟེ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་དགོད་པར་བྱའོ།། སངས་རྒྱས་དང བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་དག་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་ཐོ་བ་ལ་སོགས་པ་དང། དེའི་རིགས་ཀྱི་ཁ་དོག་སྟེ་ཁ་དོག་ལྔ་པ་དགོད་པར་བྱའོ། །དེ་ལས་གཞན་ཡང དཔའ་པོ་གཅིག་ཅེས་བྱ་བ་ནི་སའི་སྙིང་པོས་ལ་སོགས་པའི་ཕྱག་རྒྱ་རིགས་ཀྱི་ཁ་དོག་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་རྗེས་སུ་འབྲང་བར་བརྟགས་པ་ནི་དགོད་པར་བྱ་སྟེ། དེ་ནི་བསྐྱེད་ལ་དང་རྫོགས་པའི་རིམ་བདག་གོ། མེ་ཏོག འདྲི་བའི་ལན་བསྟན་པ་བཤད་པར་བྱ་སྟེ། མེ་ཏོག་ཅེས་བྱ་བ་ནི་ལྷ་མོ་ནམ་མཁའ་ཨི་ཁམས་ཏེ་ཤེས་རབ་ཀྱི་པདྨའི་ནང་ན་དགུ་ནི་ཁམས་སར་བ་སྟེ་རཀྟ་ཕྲལ་དུ་དབྱུང་པའོ། །དེ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བ་སྟེ། སྐུ་ལ་སོགས་པའི་དཀྱིལ་འཁོར་ལས ལྕེས་བླང་ཞིང་རིགས་ཀྱི་རིམ་སྟེ། རིགས་གསུམ་གྱི་ས་བོན་གྱིས་བྱིན་གྱིས་བརླབས་ཅིང་དགོད་པ་ནི་སྤྱོད་པར་བྱ་སྟེ་སྒྲུབ་པའོ། །ཡང་ན་བཙུན་མོའི་ནམ་མཁའ་ཨི་ཁམས་ནི་ཤེས་རབ་ཀྱི་ནམ་མཁའ་ཨི་སྟེ། དེ་ལ་རྩ་བ་རེ་རེ་ལ་པདྨ?་འདབ་མ་བརྒྱད་དང་ལྟེ་པ སྟེ་དགུའི། །དེ་ལས་བྱུང་བའི་ཁམས་རྣམས་ནི་རཀྟ་དང་ཤུཀྲ་དང་དྲི་ཆབ་པོ། །སྐུ་རྡོ་རྗེ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནོ། །སྔ་མ་བཞིན་དུ་དགོད་པ་ནི་སྤོང་པ་སྟེ་སྒྲུབ་པའོ། །ཡང་ན་ལྷ་མོ་ནི་དམིགས་པ་མེད་པའི ཤེས་རབ་པོ། །དེའི་ནམ་མཁའ་ཨི་ཁམས་ནི་ཐམས་ཅད་སྟོང་པའོ། །དེ་ལ་སྐུ་ལ་སོགས་པ་དང་ཁམས་རྣམས་དང་རྣམ་པར་ཤེས་པ་སྟེ། །དགོད་པ་ནི་ཉེ་བར་བྱ་སྟེ་མེ་ཏོག་ཅེས་བྱའོ། །དེ་ནི་སེམས་རྣམ་པར་དག་པའོ།། མཆོད་རྟེན་དྲི་བའི་ལན་བསྟན་པའི་ཕྱིར་བཤད་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱི་གཞིན་བཞུགས་གནས་ཏེ་གཞི་ནི་ལུས་ཞེས བྱའོ། །དེ་ནི་རྫོགས་པའི་རིམ་པའོ། །ཡང་ན་སངས་རྒྱས་ཐམས་ཅད་ནི་ཤུཀྲ་ལ་སོགས་པ་ཁམས་ལྔ་སྟེ། དེ་རྣམས་ཀྱི་བཞུགས་གནས་ནི་གཞི་སྟེ་ཤེས་རབ་ཀྱི་པདྨ་ཞེས་བྱའོ། །ཤེས་རབ་ཀྱི་པདྨ་ནི་མཆོད་རྟེན་ཞེས་བྱའོ། །དེ་ཡང རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས་པའི་རིགས་པ་ནམ་མཁའ་ལྔ་དང་འདབ་མ་བརྒྱད་དང། ལྟེ་བ་སྟེ་མཆོད་རྟེན་དེ་ཉིད་ཀྱི་འཁོར་ལོ་ནི་བཅུ་བཞི་ཞེས་བྱའོ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ འཛིན་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ནི་མཆོད་རྟེན་ཞེས་བྱ་སྟེ་དེ་ནི་རྒྱུའོ། །རང་བཞིན་གྱིས་གྲུབ་པའི་ཡེ་ཤེས་སེམས་དཔའ་ནམ་མཁའ་ཨི་དབྱིངས་ལ་བཞུགས་པས་རེག་པ་ནི་དེ་དང་ལྡན་པ་འཁོར་ལོ་ནི་དཀྱིལ་འཁོར་པའི་འཁོར་ལོ་སྟེ དེ་ནི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱའོ། ། ལ་ལ་ན་རེ་སྙིང་ག་ལ་གནས་པ་ཞེས་བྱ་བ་དེ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གོ། ས་བོན་གྱི་ཡི་གེ་བཤད་པར་བྱ་སྟེ། ས་བོན་གྱི་ཡི་གེ་ནི་བསྐྱེད་པའི་དོན་དུ་ཡི་གེ་རྣམས་སོ། །གནས་ནི་བསྐྱེད པའི་དོན་ཏེ་མི་འཇིགས་པའི་ནུས་པ་དང་ལྡན་པའོ། །རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པའི་མི་འགྱུར་བ་ནི་ས་བོན་ཏེ། དེ་བཞིན་དུ་ཡི་གེ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ ?་ཆོས་ཉིད་རང་བཞིན་གྱིས་རྟག་པ་མི་འཇིག་པས་ན་ཡི་གེ་ནི་ས་བོན་རྣམས་སོ། །དེ་ནི་བསྐྱེད་པའི་རིམ་པའོ། །སྐུ་ལ་བ་བཤད་པར་བྱ་སྟེ། སང་བ་ནི་འོད་གསལ་བ་ལ་ཞུགས་པ་སེམས་ཅན་གྱི་དོན་དུ་ལྡང་བར་བྱ་བས་ན་སང་བ་སྟེ། སྐུ་གསུང ཐུགས་ཀྱི་དེ་ཉིད་ནི་འོད་གསལ་བ་ལས་ལྡང་བར་བྱ་བ་ནི་བསྐུལ་བ་ཞེས་བྱ་སྟེ། ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །ཡང་ན་སྐུ་གསུང་ཐུགས་ནི་འདོད་པའི་གདུགས་ལ་སོགས་པ་སྟེ་གཙོ་བོའི་རྩ་གསུམ་མོ། །དེ་?་བ་ནི་སོར་མོ འམ་?་བསྐུལ་བ་སྟེ་བསྐུལ་བ་ཞེས་བྱའོ། །ཡང་ན་སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི་ས་བོན་གསུམ་མོ། །དེ་རྣམས་ཀྱི་བདུད་རྩི་ལྔ་སད་པ་ནི་འོད་གསལ་བར་བྱས་པས་བསྐུལ་བ་སྟེ་སྒྲུབ་པའོ། །གཏོང་བས་འདྲི་བའི་ལན་བཤད་པར་བྱ་སྟེ། འོད་ཟེར སྤྲོ་བ་ནི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་འོད་ཟེར་འགྱེད་པ་གཏོང་བ་ཞེས་བྱ་སྟེ་ལས་ཀྱིས་རྒྱལ་པོ་མཆོག་གོ། ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་ལྷ་རྣམས་ཀྱི་ནུས་པ་དགུག་པར་བྱ་བའི ཕྱིར་རམ། གདུལ་དཀའ་གདུལ་བར་བྱ་པའི་ཕྱིར་བཀའ་ཉན་གཏོད་པ་གང་ཡིན་པ་དེ་ནི་གཏོང་བ་ཞེས་བྱ་སྟེ་སྒྲུབ་པའོ། །སྤྱན་འདྲེན་པའི་འདྲི་པའི་ལན་བསྟན་པར་བྱ་བའི་ཕྱིར། སྤྱན་འདྲེན་པ་ཞེས་བྱ་བ་ནི་ནམ་མཁའ་ཨི་དབྱིངས་ལ་བཞུགས་པའི རྡོ་རྗེ་ཅན་ཐམས་ཅད་དེ་ཏིང་ངེ་འཛིན་གསུམ་ཅར་ཡང་འགུག་ཅིང་ཞུགས་པ་དེ་ནི་སྤྱན་འདྲེན་པ་ཞེས་བྱ་པ་སྟེ། བསྐྱེད་པའི་རིམ་པའོ། །དེ་དག་གོང་བུའི་ཚུལ་ནི་སྔགས་ཀྱི་ཡི་གེའི་ཐིག་ལེའི་གཟུགས་སམ། ཡང་བྱང་ཆུབ་ཀྱི་སེམས་ཀྱི ཐིག་ལེའི་གཟུགས་སུ་བསྡུས་པ་ནི་གཅིག་ཏུ་བྱས་ཏེ། སྙིང་ཀ་འམ་རྡོ་རྗེ་འམ་པདྨ་འམ་གདོང་གི་སྣའི་རྩེ་མོར་འཆིང་བ་སྟེ། བསྡམས་པ་འམ་འཛིན་པ་ཞེས་བྱའོ། །དེ་ལས་ཀྱང་མི་གཡོ་བ་དབང་དུ་བྱ་བ་ནི་བཅིངས་པ་ཞེས་བྱ་སྟེ། དེ་ནི ལས་ཀྱི་རྒྱལ་པོ་མཆོག་དང་རྣལ་འབྱོར་རོ། །བྲི་བའི་དཀྱིལ་འཁོར་འདྲི་བའི་ལན་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐུ་རྡོ་རྗེ་ལ་སོགས་པའི དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གང་གི་ཚེ་བྲི་བར་བྱེད་ན། དེའི་ཚེ་ཐིག་སྐུད་འཛིན་པའི་སློབ་མ་རྣམས་སྐུ་ལ་སོགས་པའི་རང་བཞིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་རྒྱས་བཏབ་པས་བསྐྱེད་པར་བྱས་ལ བྲི་པའི་དཀྱིལ་འཁོར་བརྟག་པ་ནི་ཐིག་གདབ་པར་བྱའོ། །དེ་ལ་དགོངས་པ་འདི་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སྐུའི་དཀྱིལ་འཁོར་བྲི་པར་འདོད་པས་རང་གི་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ལ། སློབ་མ་ནི་འོད་དཔག མེད་པ་འམ་མི་བསྐྱོད་པའམ་། བདུད་རྩི་འཁྱིལ་པར་བསྒོམ་པར་བྱའོ། །འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་གསུང་གི་དཀྱིལ་འཁོར་བྲི་པར་འདོད་ན་བདག་ཉིད་ནི་འོད་དཔག་ཏུ་མེད་པར་བསྒོམས་ལ། སློབ་མ་ནི་རྣམ་པར་སྣང་མཛད་དམ་མི་བསྐྱོད པ་འམ་བདུད་རྩི་འཁྱིལ་བར་བསྒོམས་པར་བྱའོ། །མི་བསྐྱོད་པའི་རྣལ་འབྱོར་པས་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་འདོད་ན་བདག་ནི་མི་བསྐྱོད་པར་བསྒོམས་ལ། སློབ་མ་ནི་རྣམ་པར་སྣང་མཛད་དམ། འོད་དཔག་ཏུ་མེད་པ་འམ། བདུད་རྩི འཁྱིལ་པར་བསྒོམ་པར་བྱའོ། །ཡང་ན་སློབ་མ་ནི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །དེ་ནི་བསྐྱེད་པའི་རིམ་པའོ། །དབང་བསྐུར་འདྲི་པའི་ལན་བཤད་པར་བྱ་སྟེ། དབང་བསྐུར་ཞེས་བྱ་བ་རྒྱུད་འདི་ལ་ནི་དཔལ་གསང་པ་འདུས་པ་ལ་རྣམ པ་གསུམ་ཡིན་ཏེ། ལུས་དང་ངག་དང་སེམས་རྣམ་པར་དག་པའི་ཕྱིར་རོ། དེ་ལ་བུམ་པའི་དབང་བསྐུར་གྱིས་ནི་ལུས་རྣམ་པར་དག་པར་འགྱུར་ཏེ། བསྐྱེད་པའི་རིམ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །གསང་བའི་དབང་གིས་ནི་དག་རྣམ་པར དག་པར་འགྱུར་ཏེ། བདུད་རྩི་མྱོང་བའི་རང་བཞིན་ཡིན་པའི་ཕྱིར་རོ།། ཤེས་རབ་ཀྱི་དབང་གིས་ནི་སེམས་རྣམ་པར་དག་པར་འགྱུར་ཏེ། རྫོགས་པའི་རིམ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་དབྱེ་བ་དང་རིམ་པ་ནི་ལེའུ་བཅུ་དྲུག་པ་ལས་བཤད་དོ། །བཞི བ་དེ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཡེ་ཤེས་དེ་ཉིད་ཡང་བླ་མས་བསྟན་པ་ནི་བཞི་པ་ཞེས་བྱའོ། །འདིར་ཤེས་རབ་ཡེ་ཤེས་ནི་བདེ་བ་ཆེན་པོ་ཞེས་བཤད་དེ། དེ་ཡང་རྣམ་པ་གཉིས་ཏེ། དཔེའི?་བདེ་པ་དང་དཔེ་ལས་བྱུང་བའི་བདེ་བའོ། །དེ་ལ དཔའ་ཨི་བདེ་བ་ནི་ཤེས་རབ་ཡེ་ཤེས་ཡིན་ལ། དཔེ་ལས་བྱུང་བའི་བདེ་པ་ནི་དེ་ཡང་ཞེས་བྱ་བའི་སྒྲས་བརྗོད་པ་ཡིན་ཏེ། རང་གི་མངོན་སུམ་པའི་ཚད་ནས་ཁོང་དུ་ཆུས་པར་བྱ་བའི་ཕྱིར་དང། རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་? མ་གསུངས་སོ། །འོ་ན་རྟོག་པ་དང་བཅས་པ། དཔེའི་བདེ་བས་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ཇི་ལྟར་འབྱུང་བ་ཡིན་ཏེ། འབྲས་བུ་ནི་རྒྱུ་དང་མཐུན་པའི་ཕྱིར་རོ་ཞེས་ན། དེ་ལྟར་མ་ཡིན་ཏེ་གང་གི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྒྱུ་ཡོད་པ་མ་ཡིན་ཏེ། རྟག་པའི ཕྱིར་རོ། །རྒྱུ་དང་བཅས་པ་ཡིན་ན་སྐད་ཅིག་མ་ཅན་དང་འཇིག་པར་ཡང་ཐལ་བར་འགྱུར་ཏེ་བུམ་པ་བཞིན་ནོ། །ཆོས་ཉིད་ནི་རང་བཞིན་གྱིས་རྟག་པ་ཉིད་ཀྱིས་ནམ་མཁའ་བཞིན་དུ་གནས་པའི་ཕྱིར་དང། དཔེའི་བདེ་བ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་དེ ཉིད་ལ་རྒྱུ་མི་རིགས་པའི་ཕྱིར་རོ། །དེ་ཉེ་བར་མཚོན་པ་ཉིད་ཀྱིས་དེ་ཁས་བླངས་པ་ཡིན་ལ། ཉེ་བར་མཚོན་པའི་རྒྱུ་ཉིད་མི་རིགས་ཏེ། ཟླ་བ་བསྟན་པའི་སོར་མོ་ཡང་རྒྱུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་མ་ཡིན་པ་ནི་རང བཞིན་གྱིས་གྲུབ་པ་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །གློ་བུར་བའི་སྤྲིན་དང་འདྲ་བའི་དྲི་མ་སེལ་བར་བྱེད་པ་དཔེ་ལེན་པ་ནི་སྲིགས་པ་ཡིན་ནོ། །དེ་ཁས་མ་བླངས་ན་ཐམས་ཅད་ཀྱིས་སངས་རྒྱས་ཉིད་ཐོབ་པ་ཐལ་བར་འགྱུར་པ་དང་སྒོམ་ པ་ལ་སོགས་པ་དོན་མེད་པ་དང་རྟེན་པར་བྱེད་པ་མེད་པར་འགྱུར་བ་དང། བསོད་ནམས་དང་སྡིག་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དཔེའི་བདེ་བ་ནི་རྒྱུ་ཉིད་མ་ཡིན་ཏེ་རྟོག་པ་དང་བཅས་པའི་ཕྱིར་རོ།། ཉེ་བར་མཚོན་པ་ཙམ་ཉིད་ནི་རིགས་ཏེ་མར་མེ་བཞིན་ནོ་ཞེས་སྔར་བཤད་ཟིན་ཏེ། ཧ་ཅང་ཐལ་བར་འགྱུར་པས་ཆོ་ག་གོ། རིག་པའི་བརྟུལ་ཞུགས་ཀྱི་སྐབས་སུ་དབང་གཉིས་པོ་དཀའ་བ་ཡིན་པའི་ཕྱིར་དེའི་རིམ་པ་བཤད་པར་བྱ་སྟེ། སྔགས ཀྱི་ཚུལ་དུ་སྣོད་དུ་རུང་བ་ནི་སྔགས་ཀྱི་ཚུལ་དུ་རུང་བའོ། །སྣོད་དུ་རུང་བ་ཞེས་བྱ་བ་རིགས་ཀྱི་དབྱེ་པས་ཡིན་ནོ། །གང་གི་ཕྱིར་ཞེ་སྡང་གི་དགོས་ཀྱི་བུད་མེད་གང་ཡིན་པ་དེ་ནི་མི་བསྐྱོད་པའི་རིགས་ལ། དེ་བཞིན་དུ་གཏི་མུག་ལ་སོགས་པའི་རིགས ཅན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཅན་ཡིན་ནོ། །བ་དོག་གིས་ཀྱང་གང་ཞིག་ནག་པོ་དེ་ནི་མི་བསྐྱོད་པའི་རིགས་ཡིན་པ་དང། དེ་བཞིན་དུ་དཀར་པོ་ལ་སོགས་པའི་ཁ་དོག་དེ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས སུ་ཤེས་པར་བྱའོ། ། ལས་ཀྱིས་ཀྱང་རིགས་ཤེས་པར་བྱ་སྟེ། དྲག་པོ་ལ་སོགས་པའི་ལས་བྱེད་པའི་ཕྱིར་རོ། །དེ་ལྟར་རིགས་དཔྱད་ནས་སྔགས་སྣོད་དུ་རུང་བ་ཤེས་རབ་ཡིན་ནོ།། མིག་ཡང་ས་སོགས་ཞེས་བྱ་བ་འདིས་གཟུགས་ཀྱི་ཕུན སུམ་ཚོགས་པ་ཉིད་དུ་བསྟན་ཏོ། །མེ་ཏོག་བཅས་པ་ཞེས་བྱ་བ་འདིས་ན་ཆོད་དང་ལྡན་པ་ཡིན་ཏེ། ན་ཚོད་དང་མི་ལྡན་ན་མེ་ཏོག་མི་ལྡན་ནོ། །ས་བོན་འབྱུང་ཞེས་བྱ་བ་འདིས་ནི་ས་བོན་འཛག་པ་ཞེས་འཇིག་རྟེན་ལས་གྲས་པ དང་པདྨ་ཅན་ནོ། །ཡང་ན་གང་གི་ཚེ་དེའི་མེ་ཏོག་འབྱུང་བ་དེའི་ཚེ་བླང་བར་བྱའོ། །དེ་དང་འདྲ་བར་ཤེས་རབ་བླ་བ་ནི་དམ་ཚིག་ལ་སོགས་པ་ལེགས་པར་བཟླས་པ་གཟུང་ཞིང་སྔགས་པས་སློབ་མ་ལས་གསང་བའི་དབང་ནི་གསང་བའི དབང་སྟེ་སྦས་པའི་བཀའ་དྲིན་སྦྱིན་པར་བྱའོ། །དེ་ཉིད་ཀྱི་རིམ་པ་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཀྱི་དབུས་སུ་བཤད་གཅི་ལ་སོགས་པ་བདུད་རྩི་ལྔས་གང་བའི་བུམ་པ་རྣམས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསམས་ལ་དེ དང་ལྷན་ཅིག་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པས་གནས་པའི་རྡོ་རྗེ་སློབ་དཔོན་གྱིས་མཆོག་ཏུ་དགའ་བའི་སྒྲས་དེ་དག་དགུག་ཅིང་སྙིང་གར་བཅུག་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྩ་གསུམ་རོ་གཅིག་པར་གྱུར་པའི་རྩ་དབུས་མ་ལ་ཞུ་སྟེ། རྡོ རྗེ་ལམ་ནས་བྱུང་ཞིང་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་དུང་ཕོར?་ལ་སོགས་པར་བླངས་ཏེ། སློབ་མའི་ཁར་སྦྱིན་པར་བྱའོ་།ཁ་ཅིག་ན་རེ་རྡོ་རྗེ་དེ་ཉིད་ཁར་གཞུག་པར་བྱའོ། །ཞེས་ཟེར་རོ། །དབང་བསྐུར་བ་དེ་ནི་རྣམ་པ་རྟོག་པ་ཟད པར་བྱེད་པ་ན་མཆོག་ཏེ་དམ་པའོ། །དེ་བཞིན་དུ་གསང་སྔགས་ཀུན་ནི་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་ཐོག་པའི་རྒྱུ་ཡིན་པས་ན་གོ་འཕང་ངོ། །དེ་བས་དབང་བསྐུར་བ་འདི་ཡིས་སྔགས་ཀུན་དང་སྔགས་ཐམས་ཅད་དོ། འཇིག རྟེན་ལས་འདས་པའི་དངོས་གྲུབ་དང། ལས་མཆོག་གི་ཚོགས་རྣམས་ནི་ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་རྣལ་འབྱོར་པས་གྲུབ་པར་འགྱུར་རོ་ཞེས་ཚིག་གི་ལྷག་མའོ། །དེ་ནི་བསྐྱེད་པའི་རིམ་པ་དང་བསྒྲུབ་པའོ། །ཡང ཤེས་རབ་ཀྱིས་དབང་བསྐུར་བར་བྱ་སྟེ། མཆོག་ཏུ་དད་པ་ཅན་ནི་དཀོན་མཆོག་གསུམ་ལ་སེམས་དང་པའོ། །ཤེས་རབ་ཆེན་པོ་ནི་ཐོས་པ་ལ་སོགས་པའི་རིམ་གྱིས་ཕུལ་དུ་བྱུང་བའི་ཡེ་ཤེས་ཐོབ་པའོ། །གཟུགས་བཟང་ནི་མཛེས་པ་དང སྒེག་པ་དང། ན་ཆོད་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །སྒྲུབ་པ་པོ་ལ་དགའ་བ་ནི་རྣལ་འབྱོར་པ་དང་མཐུན་པའོ། །སྦྱོར་བ་གཅིག་ནི་ཟླ་བ་མེད་པའི་སྦྱོར་བ་སྟེ་སྔགས་ཀྱི་ཚུལ་ལོ། །དེ་ལ་བྱ་བ་གོམས་པ་ནི་ལམ་དེ་ཉིད་དུ་སྒོམས པ་ལ་སོགས་པར་བྱེད་པའོ། དམ་ཚིག་དག་ནི་བྱ་བའི་རྒྱུད་ལ་སོགས་པའི་དམ་ཚིག་གི་ནང་ནས་དམ་ཚིག་ཅན་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པའི་དམ་ཚིག་གི་སྤྱོད་པ་དང་ལྡན་པའི་ཤེས་རབ་དེ་བླངས་ནས་མཆོད་པ དང། བསྟོད་པ་དང་བསྙེན་བཀུར་སྔོན་དུ་འགྲོ་བའི་སློབ་མས་བླ་མ་ཡོན་དུ་དབུལ་བར་བྱའོ། །སློབ་མ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྡོ་རྗེ་སློབ་དཔོན་གྱིས་ཀྱང་རིགས་ལྔ་དང་སྐུ་གསུང་ཐུགས་ཀྱི་ས་བོན་བྱིན་གྱིས་བརླབ་པར་བྱས་ལ་མཱ་མ་ཀཱི ལ་སོགས་པའི་གཟུགས་སུ་བསྐྱེད?་ཅིང་?་སྣང་མཛད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་སྒྲུབ་པ་པོ་ལ་དེ་སྦྱིན་པར་བྱའོ། །དེ་ནས་དམ་ཚིག་དང་སྡོམ་པ་བླང་པ་དང་ལུས་སུ་རུང་བའི་རྡོ་རྗེ་ལ་འཇུག་པ་ཤེས་རབ་དང་སྙོམས་པར་འཇུག་པ་དང་ལྡན པར་སློབ་མ་བལྟས་ཏེ། རང་གི་སྙིང་ཀ་ནས་གཏི་མུག་དགའ་མ་ལོགས་པ་སྤྲོ་ཞིང་དེའི་ཁང་གཞུག་པར་བྱའོ། །དེ་ཉིད་བཤད་པར་བྱ་སྟེ། གཏི་མུག་སྦྱོར་བ་ནི་རྣམ་པར་སྣང་མཛད་དང་སྙོམས་པར་འཐུག་པ་གཏི་མུག་དགའ་མ་སྤྲོས་ཞིང དེའི་ཁ་ལ་བཅུག་ཅིང་ཞུགས་ཏེ། དེ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་ན་སློབ་མ་གཏི་མུག་རྡོ་རྗེར་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་དང་འདོད་ཆགས་དང་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ནི་མི་བསྐྱེད་པར་? འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པའོ་ཞེ་སྡང་དགའ་མ་དང་འདོད་ཆགས་དགའ་མ་དང། རྡོ་རྗེ་དགའ་མ་དང་སྙོམས་པར་འཇུག་པ་དང་ལྡན་པར་སྤྲོས་ཏེ། དེའི་ཁར་བཅུག་ཅིང་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེ་མོས་? གྱིས་ཞེ་སྡང་ལ་སོགས་པ་དག་པར་བྱ་བའི་ཕྱིར་ཞེ་སྡང་ལ་སོགས་པའི་རྒྱུན་གྱིས་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་ག་སྟེ་བསྐྱེད་པའི་རིམ་པ་དང་འབྲས་བུ་ངག་གོ། རིག་པའི བརྟུལ་ཞུགས་བཤད་པར་བྱ་སྟེ། དེ་ནས་ལྷ་མོ་དེ་ཉིད་ནི་སྔར་བཤད་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ་བླངས་ནས་རྡོ་རྗེ་ཅན་གྱི་སློབ་མ་སྟེ། དེའི་ལག་པ་གཉིས་བཟུང་སྟེ་།དེའི་བར་ན་གནས་བའི་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་ལག་པ་བཞག་ཅིང་ནམ་མཁའ་ཨི དབྱིངས་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དབང་པོར་བྱས་ལ་དེ་རྣམས་ཀྱི་སྤྱན་སྔར་དེ་དེ་ལ་སྦྱིན་པར་བྱའོ། །འདི་ཡང་བརྗོད་པར་བྱ་སྟེ། ཐབས་གཞན་ནི་ཉན་ཐོས་ལ་སོགས་པའི་སྦྱངས་པའི་ཡོན་ཏན་དང། ལུས་ངལ་བ་ལ་སོགས་པ་དང ཤིན་ཏུ་དགའ་བ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ལ་སོགས་པ་ངེས་འཚང་མི་རྒྱ་བ་ནི། རྡོ་རྗེ་འཆང་ཉིད་ཐོབ་པར་མི་འགྱུར་ཏེ་མ་དག་པའི་ཐབས་དང་ལྡན་པའི་ཕྱིར་རོ། །དེ་བས་རིག་པ་འདི་ནི་འོད་གསལ་བའི་རིག་པ་འདིས་རིག་པས་ཤེས་རབ བོ། འདི་ནི་བདག་གིས་བྱིན་གྱིས་བརླབས་པ་ཡིན་ལ་མཆོག་སྟེ་དམ་ཚིག་དང་སྡོམ་པས་མཆོག་ཏུ་གྱུར་པ་ལོང་ཞིག་ཅེས་བྱ་བ་ནི་ཚིག་གོ། གང་ཕྱིར་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ། དེ་དག་གཟུང་བ་དང་འཛིན་པའི་རྟོག་པ་མེད་པས གཉིས་སུ་མེད་པ་སྟེ་གཉིས་དང་བྲལ་བའོ། །དྲི་ཟའི་གྲོང་ཁྱེར་དང་འདྲ་བར་འཁྲུལ་པས་དངོས་པོ་གཉིས་ཏེ་།གཟུང་བ་དང་འཛིན་པའི་དངོས་པོ་ཉིད་དུ་སྣང་བ་ཡིན་ནོ། །དེ་བས་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཞོམ་པར་བྱ་བའི ཕྱིར་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོར་རིག་པ་འདི་དང་ཁྱོད་ཀྱིས་ནི་བྲལ་བར་མི་བྱ་སྟེ། འདི་དང་བྲལ་བར་མི་བྱའོ་ཞེས་བྱ་བ་ནི་རིག་པའི་བརྟུལ་ཞུགས་སོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་ཡིན་པས་ན་སངས་རྒྱས་ཐབས ཏེ། མར་ནི་ཚེ་ཞེས་བྱ་བའི་རིགས་པས་རིག་པའི་བརྟུལ་ཞུགས་སོ། །བརྟུལ་ཞུགས་ནི་སྡོམ་པའོ། །བླ་ན་མེད་པ་ནི་བྱ་བའི་རྒྱུད་ལ་སོགས་པ་ལ་ཞུགས་པས་རྙེད་པར་དཀའ་བའོ། གང་ཞིག་རྨོངས་པ་ནི་འཁྲུལ་པའམ་བརྗེད་? པས་འདའ་བ་ནི་སྲུང་པར་བྱེད་ན་དེའི་དངོས་གྲུབ་མཆོག་ནི་རྡོ་རྗེ་ཆེན་པོའི་གོ་འཕང་གི་མཚན་ཉིད་གྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྒྲུབ་པའོ། །བདུད་རྩི་ལྔའི་དྲི་བའི་ལན་བཤད་པར་བྱ་སྟེ། ཐ་མལ་པ་ནི་རང་བཞིན་གྱིས་གྲུབ་པ་དྲི པ་ནི་བཤད་བ་ལ་སོགས་པ་ལྔ་དང། ལྔ་ནི་ལྕགས་ཀྱུ་ལྔའོ། །སྣང་བ་ནི་དག་པ་ཉིད་དུ་སྣང་བ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཡིན་པའི་ཕྱིར་རོ། །དེ་བས་ནི་འཁོར་གསུམ་མ་ཡིན་མི་དམིགས་པའི་རྣལ་འབྱོར་པས་གལ་ཏེ་བདུད་རྩི དང་ལྕགས་ཀྱུ་སྤྱོད་ན་དེའི་ཚེ་ཅུང་ཟད་ཀྱང་སྐྱོན་མེད་དེ། འོན་ཀྱང་རྣམ་པར་རྟོག་པའི་འཆིང་བ་ལས་སེམས་གྲོལ་བར་བྱས་པའི་ཕྱིར་སྒོམ་པའི་ཁྱད་པར་བརྟེན་པར་བྱའོ། །དེ་ཉིད་བཤད་པར་བྱ་སྟེ། ཡེ་ཤེས་ལྔ་ནི་དེ་བཞིན་གཤེགས་པའི ས་?་ལྔ་སྟེ། ཨོཾ་ལ་སོགས་པའོ། །དེ་རྣམས་ཀྱི་བྱིན་གྱིས་བརླབས་པར་བྱས་ལ། བདུད་རྩི་ལྔ་ནི་བདུད་རྩི་དང་འདྲ་བར་རིམས་ལ་སོགས་པའི་སྐྱོན་སེལ་བར་བྱེད་པར་འགྱུར་རོ། །སྦར་པ་ནི་ཡི་གེ་ཨོཾ་གྱིས་མེ་ཏོག་སྤྲོ་བར་བྱའོ། །བསྲེག པ་ནི་པདྨའི་སྣོད་ཀྱི་འོག་ན་གནས་པའི་རླུང་དང་མེའི་དཀྱིལ་གྱིས་སོ། །སྣང་པ་ནི་སད་པ་སྟེ། གཡོན་བསྐོར་བས་འཁོར་བ་དང་བེམས་པོ་མ་ཡིན་པར་བྱའོ། །གཟུགས་སྣང་བ་ནི་སྦྱང་བ་སྟེ་དག་པའི་ངོ་བོ་ཉིད་དུ་བྱའོ། དེ་དག་དང་ཡི་གེ ཱ:དང་ཧཱུཾ་དག་གིས་བྱ་བའོ། །སྔགས་ཀྱི་སྐུ་རབ་སྦྱོར་བ་སྟེ། རང་གི་ཡི་དམ་གྱི་ལྷའི་སྦྱོར་བས་ལག་པ་དང་ལྐོག་མ་སྦྱང་ཞིང་ནང་གི་སྦྱིན་སྲེག་གི་རིམ་གྱིས་བདུད་རྩི་ལྔ་ནི་རྫས་ལྔ་བསྡུས་པ་ལས་འབྱུང་བའི་བདུད་རྩི་བྱང་ཆུབ་ཀྱི་སེམས ཀྱི་ངོ་བོ་བཟའ་བར་བྱའོ། །དེ་ཉིད་རིམ་པར་བཤད་བྱ་སྟེ། བར་སྣང་ནི་སྣོད་ཀྱི་སྟེང་གི་ཆ་སྟེ། དེ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ། འོག་ཏུ་ནི་ཡི་གེ་ཨཱཏེ་དེ་ལ་གནས་པའི་བདུད་རྩི་ཡི་གེ་ཨོཾ་གྱིས་ཚིམ་པར་བྱེད་པའི་བདུད་རྩིའི་རང་བཞིན་དུ་བསམས་ལ། ཡི་དང་?་ལས་བྱུང་བའི་རླུང་དང་མེའི་དཀྱིལ་འཁོར་དག་གིས་སྦར་ལ་རྡོ་རྗེ་དང་པདྨ་སྟེང་དང་འོག་ཏུ་འཚེད་པ་བཞིན་དུ་འདུས་པར་བྱས་ལ། ཚིམ་པར་བྱ་བའི་ངོ་བོ་ཤེལ་ལྟར་དག་པ་ཡེ་ཤེས་ཀྱི་བདུད་རྩི་བསམས་ཏེ། རང་གི་སྙིང་ག་ལས་བྱུང་བའི་རྣོ་བའི་འོད་ཟེར་གྱི་ཚོགས་ཀྱི་མཚོན་ཆས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་རྣམས བཀུག་ཅིང་བདུད་རྩི་ལ་བཅུག་སྟེ། ས་བོན་ལྔ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ལྔར་རང་གི་ལྷ་མོ་དང་སྙོམས་པར་ཞུགས་པས་ཡོངས་སུ་གྱུར་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་དེ ཉིད་ཀྱིས་སྦྲང་བ་ལ་སོགས་པ་བྱས་པ་ལྐོག་མ་དང་ལྕེ་ལ་སོགས་པ་སྦྱང་པ་ལ་སོགས་པའི་རིམ་གྱིས་བཟའ་བར་བྱ་བ་ནི་སྤྱང་པར་བྱའོ། གཞན་དུ་ནི་གལ་ཏེ་རྣལ་འབྱོར་པས་དེ་ལྟར་མི་བྱེད་ན། དེའི་ཚེ་འགྲུབ་མི་འགྱུར་ནི་རྡོ་རྗེ་འཆང ཆེན་པོའི་གོ་འཕང་ཐོབ་པར་མི་འགྱུར་ཏེ་སྒྲུབ་པའོ། །ཐ་མལ་པའི་དངོས་གྲུབ་བཤད་པར་བྱ་སྟེ། མི་སྣང་པ་ལ་སོགས་པ་ནི་རིལ་བུ་ལ་སོགས་པ་འཛིན་པའི་སྒོ་ནས་དངོས་གྲུབ་དང། མིག་སྨན་དང་རྐང་འགྱོགས་དང་འཁོར་ལོའི་རིག་པ འཛིན་པ་ལ་སོགས་པའི་དངོས་གྲུབ་གང་ཡིན་པ་དེ་དག་ནི་ཐ་མལ་པའི་དངོས་གྲུབ་ཡིན་ཏེ་ལོངས་སྤྱོད་སྟེར་པའི་ཕྱིར་རོ། དེ་བཞིན་དུ་སངས་རྒྱས་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་བསྒྲུབ་པར་བྱས་པས་ན་སངས་རྒྱས་ཀྱི་བསྒྲུབས ཏེ། རྡོ་རྗེ་འཆང་ཉིད་དང་སངས་རྒྱས་ཉིད་དེ་བཞིན་གཤེགས་པ་ལྔའི་གོ་འཕང་ངོ། །གཉིས་པོ་དེ་ཡང་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཆང་གི་དབུགས་དབྱུང་བའི་མཚན་ཉིད་ནི་དངོས་གྲུབ་མཆོག་ཅེས་བྱ་སྟེ་ཐར་པ་སྟེར་བར་བྱ་བའི ཕྱིར་རོ། །དེ་ནི་བསྒྲུབ་པ་དང་རྫོགས་པའི་རིམ་པའོ། །རིམ་པ་གཉིས་པར་བསྙེན་པ་ལ་སོགས་པ་བཤད་པར་བྱ་སྟེ། ཐབས་རྣམས་བཞི་པོ་ནི་དབྱེ་བ་རྣམ་པ་བཞིའོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་སོ། །སྒྲུབ་པ་ནི་ལྷའི སྐུ་སྒྲུབ་པར་བྱེད་པ་དང། འོད་གསལ་བ་རྟོགས་པར་བྱེད་པ་གསུངས་ཞེས་བྱ་བ་ནི་རྣལ་འབྱོར་གྱིས་རྒྱུད་གསུངས་པའོ། །རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ནི་རྡོ་རྗེ་འཇིགས་བྱེད་དང་རྡོ་རྗེས་འོག་གི་རྒྱུད་ལ་སོགས་པའོ། །རྣལ་འབྱོར་པ་ནི་རྣམ་པ་གཉིས ཀྱི་རྣལ་འབྱོར་པ་སྟེ། སྔགས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་གསུངས་པའོ། །དེ་ནི་བསྐྱེད་པའི་རིམ་དང་རྫོགས་པའི་རིམ་པ་དག་གོ། བསྙེན་པ་ལ་སོགས་པ་ནི་ཡན་ལག་བཞི་པོ་མདོར་བསྟན་པའོ། །ཐུན་མོང་ཞེས་བྱ་བ་ལ་སོགས པ་ལ་ཐ་མལ་པ་དང་མཆོག་གི་དབྱེ་པས་རྣམ་པ་གཉིས་སུ་བསྟན་ཏོ། །རྡོ་རྗེ་བཞི་པོ་ནི་མངོན་པར་བྱང་ཆུབ་པ་ལྔའི་རིམ་གྱིས་བསྙེན་པ་ལ་སོགས་པ་ཐ་མལ་པའོ། །ཡན་ལག་དྲུག་གི་རྣལ་འབྱོར་གྱིས་ནི་མཆོག་གི་བསྙེན་པའོ། །སྟོང་པ་ཉིད ལ་སོགས་པ་རྒྱུད་ཐམས་ཅད་ལས་གསུངས་པའི་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་ནང་དུ་བསྡུས་པར་འགྱུར་རོ། །དེ་ནི་རྡོ་རྗེ་བཞི་པོའི་མཚན་ཉིད་དེ། ཐ་མལ་པའི་བསྙེན་པ་ལ་སོགས་པའོ། །དེ་ནི་དང་པོ་སྦྱོར་བ་དང དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་གོ། ཡེ་ཤེས་ནི་རྫོགས?་པའི་རིམ་པ་སྟེ། དེ་ཉིད་དགའ་བ་དང་འཆི་བ་མེད་པའི་གོ་འཕང་ཐོབ་པར་བྱེད་པས་ན་བདུད་རྩི་སྟེ། དེས་ནི་བསྙེན་པ་ལ་སོགས་པ་མཆོག་སྟེ། ཕུལ བྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཡན་ལག་བཞི་པའི་ནང་ནས་བསྙེན་པ་གཅིག་བུ་ནི་སྦྱོར་བ་དྲུག་གིས་ཏེ། སོ་སོར་སྡུད་པ་ལ་སོགས་པ་སྦྱོར་བ་དྲུག་གིས་བྱའོ། །གཞན་དུ་ན་མཆོག་གི་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས གྲུབ་ཏུ་མི་འགྱུར་ཏེ། རྫོགས་པའི་རིམ་པའོ། །སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པས་ཡན་ལག་དྲུག་གིས་རྣལ་འབྱོར་མདོར་བསྟན་པའོ། །དབང་པོ་བཅུ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པའོ། །དབང་པོ་ནི་མིག་ལ་སོགས་པ ལྔའོ། །དོན་ནི་གཟུགས་ལ་སོགས་པ་ཡུལ་ལྔའོ། །དེ་དག་བསྡུས་པ་ནི་དབང་པོ་དག་གོ། དབང་པོ་ཡུལ་དང་བཅུ་པོ་དེ་དག་ནི་རང་གི་འཇུག་པའི་ཡུལ་གཟུང་བར་བྱ་བའི་མཚན་ཉིད་དོ། །དེ་བླངས་ནས་སོ་སོར་ནི་རང་གི་ཡུལ་རེ་རེ་ལ་ཉེ་བར་སྤྱོད་པ་དང། འདོད་པ་ལྔ་ཉེ་བར་སྤྱོད་པས་དེ་ནི་སོ་སོར་སྡུད་པ་ཞེས་བྱ་བ་སྟེ། ཡན་ལག་དང་པོའོ། །དེ་རྣམ་པར་དག་པའི་ཕྱིར་བསམ་གཏན་བཤད་པར་བྱ་སྟེ། འདོད་པ་ལྔ་ནི་གཟུགས་ལ་སོགས་པའི་ཡུལ་ཏེ་།དེ་དག་དབང་པོ་དང་བཅས་པས་གཅིག་ཏུ བྱས་ལ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བརྟག་པར་བྱ་སྟེ། བསམ་གཏན་ཞེས་བྱའོ། །དེའི་ཡང་བྱེ་བྲག་ལྔ་སྟེ། རྟོག་པ་དང་དཔྱོད་པ་ནི་རགས་པ་དང་ཕྲ་པའི་རྟོག་པ་སྟེ་ཆགས་པའི་རང་བཞིན་ནོ། །དགའ་བ་དང་བདེ་བ་ནི་ལུས་དང་སེམས ཀྱི་བདེ་པའི་རང་བཞིན་ཏེ། ཆགས་པ་དང་ཆགས་པ་བྲལ་བའི་ངོ་བོ་སེམས་རྩེ་གཅིག་ནི་ཆགས་པ་དང་ཆགས་པ་བྲལ་བ་དང་ཆགས་པ་བར་མ་མེད་པ་འོད་གསལ་བའི་རང་བཞིན་ནོ། །དེ་ཉིད་བཤད་པར་བྱ་སྟེ། གསང་བ་གསུམ་འབྱུང་བ་ནི་ཡུལ དང་དབང་པོ་?་རྣམ་པར་ཤེས་པའི་རིག་པ་ལས་བྱུང་བའི་བདེ་བ་འཁྲུགས་པའི་མཚན་ཉིད་གང་ཡིན་པ་དེ་ཉིད་སྦྱོར་བ་སྟེ་རྟོག་པ་ངསུམ་ཡོངས་སུ་སྤངས་ནས་ཉམས་སུ་མྱོང་བ་ནི་སྤྱོད་པ་སྟེ་གཉིས་པོ་དེ་དག་ནི་ཆགས་པ་དང་སྣང་བའོ། ། དེ་ནས་དབང་པོ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ཡོངས་སུ་སྤངས་ནས་ལུས་ཤིན་ཏུ་སྦྱངས་པ་ཙམ་ནི་དགའ་བའོ། །དེ་ནས་ལུས་ཤིན་ཏུ་སྦྱངས་པ་དང་བྲལ་བས་ན་སེམས་ཤིན་ཏུ་སྦྱངས་པ་སྟེ། བསྡུས་པར་གྱུར་པའི་བདེ་བ་བསྡུས་པ་སྟེ་ ཉམས་སུ་མྱོང་བ་ནི་བཞི་པའོ། །གཉིས་པོ་དེ་དག་ཆགས་པ་དང་ཆགས་པ་བྲལ་པ་སྟེ། སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པའོ། །དེ་ནས་ཤེས་པ་དང་ཤེས་བྱ་བྱུང་བཞད་པའི་རྣམ་པར་མི་རྟོག་པ་སངས་རྒྱས་གཅིག གི་རང་བཞིན་ནམ་མཁའ་ཀུན་ནི་ཁམས་གསུམ་པ་ལ་གནས་པ་འགྲོ་བ་ཐམས་ཅད་ཀྱི་ངོ་བོ་རང་གི་སེམས་ནི་འོད་གསལ་བའི་རང་བཞིན་ལྔ་པར་ཤེས་པར་བྱའོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཡན་ལག་གསུམ་པ་བཤད་པར་བྱ་སྟེ། ཡེ་ཤེས་ལྔའི རང་བཞིན་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ངོ་བོའོ། །དེ་ལ་ཐིག་ལེ་ནི་གསལ་བ་ཉིད་མེ་ལོང་ལྟ་བུ་ཡེ་ཤེས་སོ། །ཁམས་ཐམས་ཅད་དང་མཚུངས་པ་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་བདེ་བ་ཆེན་པོ་ལ་དཔྱོད་པ་ལ་སོ་སོར་རྟོག་པའི་ཡེ ཤེས་སོ། ། དེའི་འོད་ཟེར་སྤྲོ་བ་དང་བསྡུ་བས་འགྲོ་བའི་དོན་བྱ་བ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། ། དེ་བས་ན་ཡེ་ཤེས་ལྔའི་རང་བཞིན་ནོ། །རླུང་དང་ཉེ་བའི་རླུང་བཅུ་ཉེ་བར་བསྡུ་བར་བྱེད་པས་གནས་པའི་སྐབས་སུ་དབུགས་སོ།། འབྱུང་དེ?་ལྔའི་ངོ་བོ་ཉིད་ནི་ལུས་ཏེ། དེའི་སྙིང་པོར་གྱུར་པས་སྲ་བ་དང་གཤེར་བ་དང་དྲི?་བ་དང། འགྲོ་བ་དང འོད་བ་དང་ཁོང་སྟོང་དང་ལྡན་པའི་ཕྱིར་རོ། །ཐིག་ལེའི་གཟུགས་དེ་ཉིད་ནི་བུའི་གཟུགས་གྱིས་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་བསྡུས་ངོ་བོ་ཡུངས་ཀར་གྱི་ཚད་ཙམ་རྩ་དབུས་མ་དང་རྡོ་རྗེའི་ལམ་ནས་ཕུང་ནས་སྣའི་རྩེ་མོ་སྟེ་དེའི རྩེ་མོར་བརྟག་པ་ནི་བསྡུ་བར་བྱའོ། ། རིན་ཆེན་ཁ་དོག་སྣ་ལྔ་པ་དེ་བཞིན་གཤེགས་པ་ལྔའི་འོད་ཟེར་གྱི་ཚོགས་སྟེང་ནས་ཀྱང་སྤྲོ་བ། བསྲོག?་དང་རྩོལ་བ་ནི་སྲོག་དང་རྩོལ་བ་སྟེ། ཡན་ལག་གསུམ་པའོ།། རང་སྔགས་ནི་རྡོ་རྗེ་འཆད་ཆེན པོའོ། སྙིང་ཀར་བསམས་ནི་བསྒོམ་པ་སྟེ། སྲོག་ནི་སྟེང་དང་འོག་ཏུ་རྒྱུ་བ་ཁ་དོག་ལྔའི་རླུང་སྟེ། ཐིག་ལེར་གྱུར་པ་ནི་ཐིག་ལེ་དང་དབྱེར་མེད་པར་གྱུར་པར་བཞག་པ་ནི་བསྲེ་བར་བྱའོ། །དེའི་ཚེ་རང་དང་ནི་སྔ་མ་བཞིན་དུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས པའོ། །དེ་བཞིན་དུ་རིན་ཆེན་ནི་ཐིག་ལེའི་རིན་ཆེན་དེ་དགག་པ་ན། གཟུང་བ་ནི་རྡོ་རྗེ་རྩེ་མོ་འམ་པདྨའི་ལྟེ་བར་སྲོག་ལ་སོགས་པ་ཉེ་བར་སྡུད་བ་ཅིང་གནས་པ་གང་ཡིན་པ་དེ་ནི་འཛིན་པ་སྟེ་ཡན་ལག་བཞི་པའོ།། འགོག་པ་རྡོ་རྗེར་ཞུགས་པ་ནི་འོད་གསལ བ་ལ་ཞུགས་པའི་སེམས་ཏེ། སེམས་ཀྱིས་བྱིན་གྱིས་བརླབས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་གྱུར་ནའོ།། མཚན་མེའི་རྟགས་དེ་ཉེ་བར་འཛིན་ནི་ལྟུང་གྱིས་གྲུབ་སྟེ་སོ་སོར་སྣང་བ་འབྱུང་བར་འགྱུར་ནི་སྐྱེ་བར་འགྱུར་རོ། །མཚན་མ་དེ་ཡང བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་རྣམ་པ་ལྔ་གསུངས་པ་ནི་དཀའ་སྩལ་ཏོ། །སའི་ཁམས་ཚུལ་ཐིམ་པ་ན་སྨིག་རྒྱུ་ལྟ་བུར་སྣང་བ་དང། ཆུའི་ཁམས་མེ་ལ་ཐིམ་པ་ན་དུ་བ་ལྟ་བུར་སྣང་བ་དང། མེའི་ཁམས་རླུང་ལ་སྟིམ་པ་ནམ་མཁའ་སྣད འདྲ་བ་ནི་མཁའ་སྣང་སྟེ། གཡོ་བ་སྲོག་ཆགས་ཀྱི་ནོར་བུའོ། །རླུང་གི་ཁམས་ནི་རྣམ་པར་ཤེས་པ་ལ་ཐིམ་པ་ན་མར་མེ་ལྟ་བུའོ། །རྣམ་པར་ཤེས་པ་འོད་གསལ་བ་ལ་ཐིམ་པ་ན་ཉི་མ་ཕྱེད་ཀྱི་དྲི་མ་མེད་ཅིང་རླུང་མེད་སྤྲིན་མེད་པའི་ནམ མཁའ་དང་འདྲ་བ་སྣང་བར་འགྱུར་རོ། །མཚན་མ་དེ་དག་བརྟན་པར་བལྟས་ནས། རྡོ་རྗེའི་ལམ་ནས་ཐིག་ལེའི་འོད་ཟེར་སྤྲོ་ཞིང་དེ་དག་གིས་ནམ་མཁའ་ཨི་ཁམས་གང་བར་བསམས་ཤིང་དེ་དང་འདྲ་བ་རྗེས་སུ་འདྲ་བ་ལ་དམིགས་ཏེ། རྡོ་རྗེ་འཆང་ཆེན པོའི་སྐུ་ལྟ་བུ་དེ་བཞིན་གཤེགས་པ་རྣམས་སྤྲོ་བ་ནི་རྗེས་སུ་དྲན་པ་སྟེ་ཡན་ལག་ལྔ་པའོ། ། དེ་ལ་ནི་དེའི་སོ་སོར་སྣང་བ་སྟེ། སྒྱུ་མ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུ་སོ་སོར་སྣང་བར་འགྱུར་རོ།། དེ་ནས་ཐབས་དང་ཤེས་རབ་སྙོམས་པར འཇུག་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པར་སྦྱོར་བས་དངོས་པོ་ཐམས་ཅད་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་དབྱེ་བས་གནས་པ་དང། སྔར་སྤྲོས་པ་དེ་དག་གོང་བུའི་ཚུལ་གྱིས་བསྡུས་པ་ནི་གཅིག་ཏུ བྱས་སྟེ། ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པའི་ཚུལ་གྱིས་བསྡུས་པ་སྟེ། དབུས་སུ་ནི་དེ་གཉིས་ཐ་མི་དད་པའི་དབུས་ཏེ། གཟུགས་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱའོ། །དེ་ཡང་ཅིག་ཙམ་གྱིས་ཡེ་ཤེས་རྫོགས་པ་ནི་མི་གནས་པའི མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་དབྱིངས་རྫོགས་པ་སྟེ། ཏིང་ངེ་འཛིན་ཅེས་བྱ་བ་ཡན་ལག་དྲུག་པར་གནས་པར་རབ་ཏུ་གྲགས་པའོ། །ཕན་ཡོན་བཤད་པར་བྱ་སྟེ། སོ་སོར་སྡུད་ལ་སྙོམས་པར་འཇུག་པ་ནི་སྤྱོད་པ་རྣམ་པ་གསུམ་གྱིས འཇིག་རྟེན་ལས་འདས་པའི་ལམ་ཡིད་ལ་བྱེད་པའི་རྣལ་འབྱོར་པས་ཡུལ་རྣམས་ལ་སྤྱོད་ན་སྔགས་རྣམས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས་པས་བྱིན་གྱིས་རློབ་པ་སྟེ། དེའི་རང་བཞིན་དུ འགྱུར་རོ་ཞེས་དེ་བཞིན་གཤེགས་པའི་དབུགས་དབྱུང་པའོ། །བསམ་གཏན་ནི་ཡན་ལག་ལྔ་པ་ཡེ་ཤེས་ནི་དེ་མངོན་དུ་རྟོགས་པ་དེ་ལ་སྙོམས་པར་འཇུག་ཅིང་ཐོབ་ནས། མངོན་ཤེས་ལྔ་ནི་ལྷའི་མིག་ལ་སོགས་པ་ཐོབ་པར འགྱུར་ཏེ། ཡུལ་དང་དབང་པོའི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ནས་སྲོག་དང་རྩོལ་བ་ནི་རླུང་གི་དེ་ཁོ་ནི་ཉིད་དང། སྔགས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གྱིས། བྱང་ཆུབ་སེམས དཔའ་རྣམས་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་ཁྱད་པར་དང་ལྡན་པ་རྣམས་ཀྱིས་གཟིགས་པ་ནི་ལྟ་བར་གྱུར་པའོ། །དེ་བཞིན་དུ་འཛིན་པའི་སྟོབས་ནི་བརྟན་པ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་སྐུ་ཡང དག་འཇུག་ནི་ཐོབ་པར་འགྱུར་སྟེ། འཛིན་པ་ནི་འོད་གསལ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དྲན་པའི་སྦྱོར་བ་ནི་རྗེས་སུ་དྲན་པ་ཐོབ་པས་འོད་ཀྱི་དཀྱིལ་འཁོར་སྐྱེ་བར་འགྱུར་ཏེ། རྗེས་སུ་དྲན་པ་ནི་སྤྲོ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །ཐམས་ཅད མཁྱེན་པ་ཉིད་དུ་ཡང་འོད་ཀྱི་དཀྱིལ་འཁོར་གྱིས་ལྷ་རྣམས་ཀྱི་འོད་ཀྱི་ཚོགས་ཟིལ་གྱིས་གནོན་ཅིང་འདུལ་པར་མཛད་པའོ། །ཏིང་ངེ་འཛིན་དབང་གྱུར་ཙམ་གྱིས་ནི་ཏིང་ངེ་འཛིན་བརྟན་པར་གྱུར་ནའོ། །སྒྲིབ་པ་རྣམས་དང་བྲལ་པར་འགྱུར་བ་ནི་རྣལ་འབྱོར་པ ཟག་པ་མེད་པར་འགྱུར་བའོ། །དེ་ལྟར་ཡན་ལག་དག?་སྒོམ་ཕར་བྱེད་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང། རྡོ་རྗེ་འཆང་གི་དབྱུགས་དབྱུང་བ་དང། མངོན་པར་ཤེས་པ་ལྔ་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་དེ་ནི རྣལ་འབྱོར་རོ། །ད་ནི་ཐབས་བཞི་བཤད་པར་བྱ་སྟེ། སྙིང་པོ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་དང་པོར་རྡོ་རྗེ་འཆད་ཆེན་པོ་ལ་སོགས་པའི་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་བས་སྟོང་པ་ཉིད་སྒོམ་པ་སྟོན་དུ་འགྲོ་བས ཡ་ཨེ་ཤེས་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་དའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམ་ཞིང་དེའི་ལྟེ་བར་ཡང་ཡི་གེ་ཧཱུཾ་དགོང་དེ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཏེ་མཚོན་ཆ་དམ་པ་ནི་རྩེ་མོའི་ཆ་རྣོ་བ་ནམ་མཁར་སྤྲོ་ཞིང་དེས་ཇི ལྟར་འདོད་པའི་ལྷ་མོའི་འཁོར་ལོ་བཀུག་ཅིང་བཅུག་སྟེ། སེམས་ནི་སེམས་ཀྱི་རྣམ་པར་ལྷའི་ཚོགས་སྔགས་ཀྱི་ངོ་བོར་བྱས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བསམས་ཏེ་ཡོངས་སུ་གྱུར་པ་ལས་སྔགས་ཀྱི་སྐུའི་སྦྱོར བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་བསྐྱེད་ལ། བྱང་ཆུབ་ཚིགས་བཅད་ནི་དཔལ་ལྡན་སངས་རྒྱས་སྐུ་འཆང་བ་ཞེས་བྱ་བ་ལ་སོགས་པ་དང། ཨོཾ་སརྦབ་ཏ་ཐཱ་ག་ཏཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བྱ་བ་ལ སོགས་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆིག་དང་སྔགས་ཀྱང་བརྗོད་པར་བྱའོ། །གཞན་ཡང་རང་གི་དཀྱིལ་འཁོར་ནི་དཀྱིལ་འཁོར་པའི་ཚོགས་སྤྲོ་ཞིང་དེའི་དབུས་སུ་གནས་པའི་རྣལ་འབྱོར་པས་བྱང་ཆུབ་སྦྱོར་བའི་སྒོམ པ་སྟེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྦྱོར་བས་སེམས་དེ་ནི་དཀྱིལ་འཁོར་བའི་དབུས་སུ་གནས་པའི་གཙོ་པོའི་སྐུ། ཡེ་ཤེས་ཀྱི་གཟུགས་ཏེ་འོད་དུ་ཞུ་ཞིང་ཐིག་ལེ་ཡུངས་ཀར་གྱི་འབྲུའི་ཚད་ཙམ་བསྒོམ་པར་བྱ་བ་སྟེ་ཉེ་བར་སྒྲུབ པའོ། དེ་ནི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོའི་མཆོག་དང། ལས་ཀྱིས་རྒྱལ་པོ་མཆོག་སྟེ་བསྡུ་མ་པའི་ཐབས་སོ། །དེ་ལྟར་བྱས་པས་རྣལ་འབྱོར་བས་དངོས་གྲུབ་ཐོབ་པར་མ་གྱུར། དེ་ཚེ་སྦྱིན་པའི་ཐབས་བརྩམས་པར་བྱ་སྟེ། ཇི་སྲིད ཅེས་བྱ་བ་ལ་སོགས་པ་ལ་རྣམ་པ་གཉིས་ནི་ཟླ་བ་གཉིས་དང་ཟླ་བ་ཕྱེད་གཉིས་དང། ཟླ་བ་གཅིག་དང་ཟླ་བ་ཕྱེད་དང། ཞག་བདུན་དང། ཞག་དྲུག་གིས་དངོས་གྲུབ་གྲུབ་པར་མ་གྱུར་ན་།དེའི་ཚེ་སྦྱོར་བ་ཉིད་ཀྱིས་གཟུགས་རྡོ་རྗེ་མ་ལ་སོགས་ལྷ་མོ་སྤྲོས ཏེ། ནམ་མཁའ་ཨི་ཁམས་ལ་གནས་པའི་དེ་བཞིན་གཤེགས་པའི་རིམ་པ་འདིས་མཆོད་པར་བྱའོ། །གཟུགས་རྡོ་རྗེ་མ་སྤྲོ་ཞིང་རྣམ་པ་ལྔའི་མེ་ཏོག་གིས་དེ་བཞིན་གཤེགས་པ་རྣམས་ལ། ཨོཾ་བཛྲ་པུཥཔེ་ཨ:ཧཱུཾ་ཞེས་པས་མཆོད་དོ། །དེ་ནས སྒྲ་རྡོ་རྗེ་མ་སྤྲོས་ཞིང་རོལ་མེ་དབུལ་བར་བྱ་སྟེ། ཨོཾ་སརྦབ་ཏ་ཐཱ་ག་ཏཱ་ཤཔཏ་པཱུ་ཛ་མེ་གྷ་ས་མུ་དྲ་སཕར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་པས་མཆོད་དོ། །དེ་ནས་དྲི་རྡོ་རྗེ་མ་སྤྲོ་ཞིང་དུང་པོར་ན་གནས་པའི་བཞི་མཉམ་པའི་དྲིས། ཨོཾ་བཛྲ་གནདྷཱ་ཨ:ཧཱུཾ་སྭཱཧཱ ཞེས་བྱ་བས་བཅོམ་ལྡན་འདས་ལ་བྱུག་པ་བྱའོ། །རོ་རྡོ་རྗེ་མ་སྤྲོ་ཞིང་སྣོད་ལ་གནས་པའི་བདུད་རྩི་ལྔས་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་དེ་རྣམས་ཀྱིས་ཀྱང་ཞེས་ཏེ། བདེ་བ་ཆེན་པོ་དམ་པའི་དགོངས་པས་སྤྱོད་དོ། །ོཾ་བཛྲ་ཨོཾ མྲི་ཏ་ཨཱ:ཧཱུཾ་སྭཱཧཱ། དེ་ནས་རེག་བྱ་རྡོ་རྗེ་མ་སྤྲོ་ཞིང་རྣམ་པ་སྣ་ཚོགས་པའི་ན་བཟའ་དབུལ་བར་བྱ་བ་སྟེ། ཨོཾ་སྤརཤེ་བཛྲ་ཨ:ཧཱུཾ་སྭཱཧཱ་ཞེས་བརྗོད་དོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྤྲོ་ཞིང་འཁྱུད་པ་དང་ཙུམ་པ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས མཆོད་ཅིང། ཨོཾ་སརྦབ་ཏ་ཐཱ་ག་ཏཱ་ཨ་ནུ་རཱ་ག་ཎ་པ་ཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བརྗོད་ལ། མཆོད་པའི་མཐར་ལྷ་མོ་བསྡུ་ཞིང་མིར་སྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་ལ། དེ་རྣམས་དབང བསྐུར་བ་ཐོབ་ནས་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་ཅིང་ཚངས་པའི་སྒོ་ན་དེ་བཞིན་གཤེགས་པ་རྣམས་བཞུགས་ཤིང། ཨོཾ་སརྦབ་ཏ་ཐཱ་ག་ཏཱ་པ་ར་མ་ནོ་བ་རེ་ག་ཏེ་ཏ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བརྗོད་ཅིང་ལངས་ལ་གནས་པར་བྱ་སྟེ། དེའི་ཚེ འགྲུབ་པར་འགྱུར་རོ་ཞེས་དང་པོ་སྦྱོར་བ་ལ་སོགས་པ་གསུམ་དང་སྦྱིན་པའི་ཐབས་སོ། །ཟླ་དྲུག་ལ་སོགས་པར་དེ་ལྟར་བྱས་ན་ཡང་གལ་ཏེ་འགྲུབ་པར་མི་འགྱུར་ན་དེའི་ཚེ་དབྱེ་པའི་ཐབས་བརྩམ་པར་བྱ་སྟེ། གལ་ཏེ་ཟླ་བ་དྲུག་གིས་མ་མཐོང་བ་ནི སངས་རྒྱས་རྣམས་ཀྱིས་ཇི་ལྟར་བཤད་པའི་རྡོ་རྗེ་འཆང་ཆེན་པོའི་མཚན་ཉིད་ཀྱི་དངོས་གྲུབ་མི་སྩོལ་ན། ལན་གསུམ་ནི་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་ཨི་དབྱེ་བ་དང། ཇི་ལྟར་བཤད་པའི བསྲུང་བ་ལ་སོགས་པའི་དམ་ཚིག་དང་སྔོམ་པ་སྤྱོད་པ་དང་ལྡན་པ་སྔར་བཤད་པའི་སྐུའི་རྣལ་འབྱོར་དང་ལྡན་པས་རང་རང་གི་སྙིང་ཀར་རྡོ་རྗེ་རྣོ་བ་བསམས་ཏེ། དེའི་ཧཱུཾ་ལས་བྱུང་བའི་འོད་ཟེར་ལྕགས་ཀྱུ་དག་གི་ལམ་ནས་ཕྱུང་དེ་ཡོངས་སུ་གྱུར པ་ལས་གནོད་མཛས་ཀྱི་རྒྱལ་པོ་བསྒོམས་ཏེ། དེ་ལ་བཀའ་སྒོ་ཞིང་རླུང་གི་དཀྱིལ་འཁོར་གྱི་ཤིང་རྟས་སོ་?་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་ཕྱིན་ནས་རྡོ་རྗེ་ཐོ་བས་དེ་རྣམས་ཀྱི་ཐུགས་ཀར་བརྡེག་རྩིང་འདི་སྐད་བརྗོད་པར་བྱའོ།། ཆེ་གེ་མོ་ཞིག་རྡོ་རྗེ་ཆེ། །ཁྱེད་རྣམས་ཀྱི་ནི་བསྟན་པར་གནས། །རྟག་ཏུ་ཁྱེད་ལ་དད་པ་ཅན། །དམ་ཚིག་བསུང་པ་ལ་བརྩོན་པ། །དབང་བསྐུར་བ་དང་རྗེས་སྣང་ཐོབ། །དེ་ལ་དངོས་གྲུབ་སྩལ་བར་མཛོད།། ཅེས་བྱ་བ་བརྗོད་པས ཞག་བདུན་གྱིས་དངོས་གྲུབ་སྟེར་པར་འགྱུར་རོ། །ཏིང་ངེ་འཛིན་གསུམ་དང་དབྱེ་བའི་ཐབས་སོ། །དེ་ལྟར་བྱས་ན་ཡང་གལ་ཏེ་འགྲུབ་པར་མི་འགྱུར་ན་དེའི་ཚེ་ཆད་པའི་སྤྱོར་པ་བརྩམ་པར་གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ། །གང་གི་ཚེ་བྱང་ཆུབ་ནི་རྡོ་རྗེ འཆང་ཉིད་མ་གྲུབ་ན་ཐོབ་པར་མ་གྱུར་ན། དེའི་ཚེ་དྲག་ཤུལ་སྦྱོར་ནི་ཆད་པའི་ཐབས་ཀྱི་སྦྱོར་བས་བསྒྲུབ་པར་བྱ་སྟེ། དེའི་ཚེ་དེའི་ཡེ་ཤེས་འགྲུབ་པ་ནི་ངེས་པར་དངོས་གྲུབ་འབྱུང་བར་འགྱུར་རོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། མཱ་མ་ཀཱི་ལ་སོགས པའི་པདྨ་ཧ་ལས་བྱུང་བའི་སྣ་ཚོགས་འོད་ཟེར་ཧཱུཾ་ལས་བྱུང་བའི་དཀྱིལ་འཁོར་བསྒོམས་ཏེ། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ལ་ཡི་གེ་ཕཊ་དགོད་ཅིང་རང་གི་གསང་བའི་རྡོ་རྗེར་ཡང་བསྐལ་པའི་མེ་ལྟར་འབར་བ་དང་འདྲ་བར་བསམས་ཏེ། ཡེ ས་ཧེས་སེམས་དཔའ་ཨི་ས་བོན་ལས་བྱུང་བའི་སྣ་ཚོགས་འོད་ཟེར་གྱི་སྒོ་ནས་དེ་བཞིན་གཤེགས་པ་བཀུག་ཅིང་རིགས་ཀྱི་དབྱེ་བ་ནི་རིགས་ཀྱི་རྗེས་སུ་འབྲེལ་བའི་འཁོར་ལོའི་གཟུགས་ཀྱི་པདྨར་བཅུག་ལ་རྡོ་རྗེའི་ཕུར་བུའི་དེ་ཉིད་ཕུར་བུས་བཏབ ཏེ། དབང་དུ་བྱས་པ་དེ་དང་ལྷན་ཅིག་བདག་ཉིད་ཐ་མི་དད་པར་བསྒོམས་ལ། ཁྲོ་བོའི་འཁོར་ལོ་ཕྱི་རོལ་ཏུ་སྤྲོ་ཞིང་རང་གི་ལྷའི་སྐུ་ལ་བསྲུང་པར་བྱའོ། །དེ་ནི་ཏིང་ངེ་འཛིན་གསུམ་དང་ཆད་པའི་ཐབས་ཏེ་བསྒྲུབ་པའི་ཕྱོགས་གཅིག་གོ་།དེ ལ་དོན་བསྡུས་པ་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདི་ལྟར་མི་བསླུ་བར་གསུངས་ཏེ། ཡིད་ཆེས་པ་དང་སྡོམ་པ་ལ་གནས་པ་ལྷའི་སྐུ་བསྐྱེད་པ་ལ་བརྩོན་པ་ལྷ་རྣམས་ཀྱི་རྗེས་སུ་གནང་པས་གང་གི་ཚེ་ཟླ་བ་དྲུག་དང་ཟླ་བ་གཉིས དང་གཅིག་དང་ཟླ་བ་ཕྱེད་ཀྱིས་འགྲུབ་པར་མི་འགྱུར་ན། དེའི་ཚེ་ཞག་བདུན་གྱིས་བསྒྲུབ་པ་བརྩམ་པར་བྱ་སྟེ། ས་བོན་བྷྲཱུཾ་ལས་བྱུང་བའི་གཞལ་ཡས་ཁང་པའི་ནང་དུ་བཀོད་པའི་དཀྱིལ་འཁོར་གྱིས་དབུས་ལ་གནས་པ་རྡོ་རྗེ་འཆང་ཆེན་པོ་ལ སོགས་པ་གང་ཡང་རུང་བ་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་དང་ལྡན་པས་རང་གི་བ་སྤུ་དག་ནས་བྱུང་བ་ལྷ་མོའི་ཚོགས་ཀྱིས་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་དུ་བཞུགས་པའི་ཡེ་ཤེས་ཀྱི་ལྷ་ལ་བླ་ན་མེད་པའི་མཆོད་པས་མཆོད་ལ་། དེ རྣམས་ཀྱིས་ཀྱང་སྙན་པ་དང་ཡིད་དུ་འོང་པའི་ཚིག་གིས་གསོལ་བ་བརྟབ་ཅིང་སྤྱན་དྲངས་ཏེ། རང་གི་ལུས་ལ་ཞུགས་ཤིང་དེ་དང་ལྷན་ཅིག་ཏུ་ཐ་མི་དད་པར་བདག་ཉིད་བསྒོམས་པར་བྱའོ། །དེའི་ཚེ་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ།། དེ་ལྟར་བྱས་ཀྱང་གྲུབ་པར་མ་གྱུར་ན་དེའི་ཚེ་རང་གི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ལ་གནས་པའི་པདྨ་དང་ཟླ་བ་རྡོ་རྗེའི་ཆད་ཟུངས་ཀྱི་ཧཱུཾ་ལས་བྱུང་བའི་གནོད་མཛེས་ཀྱིས་རྒྱལ་པོ་དང་འདྲ་བ་ས་བོན་གསུམ་གྱིས་བརླབས་པ། རྡོ་རྗེ་ལྕགས ཀ་ཡུ་རང་གི་ཁ་ནས་ཕྱུང་ཞིང་དེ་ཡོངས་སུ་གྱུར་པ་ལ་གནོད་མཛེས་ཀྱི་རྒྱལ་པོ་ཡི་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རི་ལས་བྱུང་བ་གྲུ་གསུམ་གྱི་ཤིང་རྟ་ལ་གནས་པར་བྱས་ལ་བསྐལ་པའི་མེ་དང་ཉི་མ་ལྟར་འབར་བ་བཀའ་སྒོ་བ པར་བྱ་ཞིང་བཏང་བར་བྱའོ། །དེ་སོང་ཞིང་ཡེ་ཤེས་སེམས་དཔའ་ཨི་དེ་ཉིད་ཀྱི་ཐུགས་འབར་བ་ཐོ་བས་བརྡེག་ཅིང། ཆེ་གེ་མོ་ཞིང། རྡོ་རྗེ་ཆེ། །ཁྱེད་རྣམས་ཀྱིས་ནི་བསྟན་པར་གནས། ཁྱེད་ལ་རྟག་ཏུ་དད་པ་ཅན། །དམ་ཚིག་བསྲུང་བ་ལ་བརྩོན པ། །དབང་བསྐུར་བ་དང་རྗེས་གནང་ཐོབ། །དེ་ལ་དངོས་གྲུབ་སྩལ་བར་མཛོད། །ཅེས་དེ་རྗོད?་ཅིང་ལྡོག་པར་བསམས་ཏེ། དེ་ལྟ་ན་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །དེ་ལྟར་ཡིན་ཡང་གལ་ཏེ་དངོས་གྲུབ་མི་སྩོལ་ན་དེའི་ཚེ་རིག་མའི་པདྨའི ནང་དུ་ཧ?་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་ཧཱུཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ཉི་མ་བྱེ་བ་དང་མཚུངས་པ་བསམ་པ་སྟེ། དེའི་སྟེང་དུ་ཡི་གེ་ཕཊ་དང་ཡི་གེ་རཾ་ཡོངས་སུ་གྱུར་ནས་བསྐལ་པའི་མེ་ལྟར འབར་བ་གྲུ་གསུམ་བསམས་ཏེ། གསང་བའི་རྡོ་རྗེ་སྔ་མ་བཞིན་དུ་འབར་བར་བསམས་ལ་དེ་བཞིན་རྡོ་རྗེ་ལྕགས་ཀྱུ་ཡང་སྤྲོ་ཞིང་བསྟན་ལ། དེས་ཡེ་ཤེས་ཀྱི་ལྷའི་ཐུགས་ཀར་འབིགས་ཤིང་འགུགས་པ་དང་ཞུགས་ཤིང་ལྷ་མོའི་པདྨའི གནས་སུ་མེ་ལོང་གི་དཀྱིལ་འཁོར་དུ་གཞུག་གོ་། གསང་བའི་རྡོ་རྗེ་དེ་ཡང་མེའི་འོད་སྤྲོ་བ་པདྨ་ལ་ཞུགས་ཏེ། རིག་མའི་ཁར་བཅུག་པའི་སྔགས་ཀྱི་ཕྲེང་བ་དེ་དེའི་སྤྱི་བོར་བསྐལ་པའི་མེ་ལྟར་འབར་བ་ཕབ་པར་བསམ་མོ། །དེ་དག་ཐམས ཅད་ཀྱིས་ནི་ཐལ་བར་འགྱུར་བར་བསམས་ཏེ། དེའི་ཤེས་པ་མར་མ་དད་མཚུངས་པ་ཡི་གེ་ཧཱུཾ་གི་གཟུགས་ཅན་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་གི་སྐུ་བསྒོམས་ཏེ། རང་གི་ལུས་ལ་ཞུགས་ཤིང་དེ་དང་ལྷན་ཅིག་དབྱེར་མེད་པར བདག་ཉིད་བསྒོམས་ན་ཞག་བདུན་ཉིད་ཀྱིས་གསང་བའི་དམ་ཚིག་ལྡང་བའི་རིག་པར་ངེས་པར་འགྲུབ་པར་འགྱུར་རོ། །རྣམ་པ་བཞི་པོ་དེ་དག་གིས་རིམ་པ་ཇི་ལྟ་བ་བཞིན་དུ། བསྡུམ་པ་དང། སྦྱིན་པ་དབྱེ་བ་དང། ཆད་པའི་རིམ་པ་ཤེས པར་བྱའོ། །དེ་ནི་སྒྲུབ་པའི་ཕྱོགས་གཅིག་གོ། འདོད་ཆགས་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་བཤད་པར་བྱ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པས་རང་གི་རིག་མ་དང་སྙོམས་པར་འཇུག་ཅིང་མཆོག་ཏུ་ཆགས པའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་རང་གིས་ལུས་ལ་བཅུག་སྟེ། སྤྱན་མ་ནས་བརྩམས་ཏེ་རེག་བྱ་རྡོ་རྗེ་མའི་བར་དུ་ལྷ་མོ་དགུའི་ཚུལ་དུ་སྤྲོས་ལ། དེས་ནི་འདོད་ཆགས་ཀྱི་སྤྱོད་པ་དང་ལྡན་པའི་སེམས་ཅན་གྱི་དོན་བྱས་ལ དགུག་ཅིང་བསྒྲུབ་བྱ་ནི་རང་གི་རིག་མའི་སྐུ་ལ་ཞུགས་ཏེ། ཡང་སྤྱན་ལ་སོགས་པ་ཕྱག་རྒྱ་བཞི་སྤྲོ་ཞིང་ཕྱོགས་བཞི་ལ་གནས་པའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་དབུས་སུ་ལྔའི་བདག་ཉིད་གསམས་ཏེ། འཁོར་ལོ་ཅན་ཐམས་ཅད་བསྡུ་ཞིང་ལྔའི་བདག ཉིད་ཀྱི་དེ་བཞིན་གཤེགས་པ་མཉེས་ཤིང། སྔགས་ཐམས་ཅད་ཀྱི་རང་བཞིན་གྱི་རྣལ་འབྱོར་པས་མཆོག་ཏུ་དགའ་བའི་དུས་སུ་མི་གསུང་བར་འགྱུར་ཞིང། དེའི་ཚེ་བྱང་ཆུབ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་བསྒོམ་པ་ནི་ཞུགས་ཞིང་ཐིམ་པར བྱའོ། །དེ་ནས་ཁྱོད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་པོས་སྤྱན་ལ་སོགས་པས་སྐུ་ལ་ཞིང་སང་ནས་སེམས་ཅན་གྱི་དོན་བྱའོ། །དེ་ནི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་མཆོག་གོ། ནང་གི་བདག་ཉིད་ཀྱི་རིམ་པས་དབང་བསྐུར་བཤད་པར་བྱ་སྟེ། དུས་གསུམ་རྡོ་རྗེ་ནི་དུས་གསུམ་པའི་དེ་བཞིན་གཤེགས་པའོ། །དེའི་རང་བཞིན་ནི་དེའི་ངོ་བོ་སྟེ། ཡེ་ཤེས་ནི་དེའི་བདག་ཉིད་ཀྱི་ཡེ་ཤེས་བསྡུས་པས་བསམས་ལ། དེ་བཞིན་དུ་ནི དུས་གསུམ་པའི་དེ་བཞིན་གཤེགས་པ་བཞིན་དུ་ལུས་ནི་ལུས་ཀྱང་བསྒོམ་པར་བྱའོ། །དེ་ནས་དུས་གསུམ་པའི་དེ་བཞིན་གཤེགས་པ་རིག་མའི་པདྨར་ཞུགས་ཏེ། ཁ་དོག་དེ་ཉིད་ནི་རྡོ་རྗེ་འཆང་ཆེན་པོའི་འདྲ་པའི་ཁ་དོག་སྟེ་དཀར་པོའོ ཐུགས་ཀ་ནས་བྱུང་ཞིང་རོ་ནི་བྱང་ཆུབ་ཀྱི་སེམས་ཏེ། རྡོ་རྗེའི་ལམ་ནས་སྤྲོ་ཞིང་རང་གི་རྒྱུ་ནི་རིག་མའི་པདྨའི་ནད་དུ་དབང་བསྐུར་བར་བྱ་སྟེ། ཕྱེ་བ་ནི་བསྒྲུབ་པར་བྱ་བ་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ནས་གཞན གྱིས་དོན་གྱིས་བྱེད་པར་འདོད་པས་སྔགས་ནི་ཕྱུང་པའི་སྔགས་ཏེ། རང་རང་གི་སྔགས་ཀྱིས་སོ། །ཆོས་ནི་ཞལ་གསུམ་པ་ལྟ་བུ་ལ་སོགས་པའོ། །དབྱེ་བར་གྱུར་པ་ནི་སྤྲོ་བར་བྱ་སྟེ། རིགས་ནི་ལས་ཀྱི་ཕྱག་རྒྱ་མ་འམ། ཆོས་ཀྱི་ཕྱག་རྒྱ་ནི་ཡེ ཤེས་ཀྱི་པདྨའི་ནང་ནས་སྤྲོ་བར་བྱའོ། །དེ་གང་ཡིན་ཞེ་ན་འཁོར་ལོ་སྒྱུར་བ་དྲུག་གཙུག་ཏོར་ཏེ། འདོད་པའི་རྒྱལ་པོ་ལ་སོགས་པའོ། །རིག་པའི་རྒྱལ་མོ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །རྫུ་འཕྲུལ་ཆེ་ནི་དེ་བཞིན་གཤེགས པ་ལྔའོ། །འཁོར་ལོས་སྒྱུར་བ་ནི་གཙུག་ཏོར་སྟེ་འདོད་པའི་རྒྱལ་པོ་ལ་སོགས་པའོ། འདོད་པ་ཀུན་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །རྡོ་རྗེ་བདག་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་སྤྲོ་ཞིང་ལེའུ་བཅུ་བདུན་པ་ལས་གསུངས པའི་བསམ་གཏན་གྱི་འཁོར་ལོ་སྟེ། ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི་རིག་པའི་དབང་བསྐུར་བར་བྱའོ། །ཆོ་གའི་སྦྱོར་བ་ནི་བསམ་གཏན་གྱི་སྦྱོར་བས་སོ། །ཡེ་ཤེས་ནི་མཆོག་ཏུ་དགའ་པའི་ཡེ་ཤེས་དང་ཆགས་པའི རྣལ་འབྱོར་བས་སྐུ་གསུང་ཐུགས་རྡོ་རྗེ་ནི་རིག་མའི་པདྨའི་དཀྱིལ་འཁོར་བ་རྣམས་དང་གཉིས་སུ་མེད་པ་བྱེད་པ་ནི་རོ་གཅིག་པར་བྱེད་པ་སྟེ་སྒྲུབ་པ་ཞེས་བྱའོ། །གཞན་ཡང་སྔར་བཤད་པའི་རིམ་གྱིས་ནི་།རིག་པའི་སྐྱེས་བུ་རྡོ་རྗེ་ཅན་ནི་ཨེ ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་རིག་མའི་པདྨའི་དཀྱིལ་འཁོར་དེ་ཉིད་ལས་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་སྤྲོས་ལ། དེ་རྣམས་ཀྱི་འགྲོ་བ་སྦྱངས་ཏེ། ཡོད་ཞལ་གསུམ་པ ལ་སོགས་པ་ལྟ་བུ་ཤར་ཕྱོགས་ལ་སོགས་པར་རིམ་གྱིས་ཞུགས་ཏེ། དཀྱིལ་འཁོར་ཆེན་པོར་བསྒོམ་པར་བྱའོ་ཞེས་པ་སྒྲུབ་པ་ཆེན་པོར་བཤད་དོ། །དཀྱིལ་འཁོར་ལ་ཐིག་གདབ་པའི་ཆོ་ག་བཤད་པར་བྱ་སྟེ། ས་བཟུང་བ་ནི་བསྙེན པའི་དུས་ཏེ། དེ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་གཟུགས་བསྒོམ་པར་བྱ་སྟེ། ཐམས་ཅད་དུ་དབང་བྱེད་པའི་ཕྱིར་རོ། །དེ་ནས་ས་བརྐོ་ཞིང་གང་བར་བྱས་ལ་ཟུག་རྡུའི་སྐྱོན་ཐམས་ཅད་གདོན་པར་མི་ནུས་ན། དེའི་ཚེ་ཉེ་བར་བསྒྲུབ པའི་དུས་ཏེ་ས་སྦྱོང་བའི་དུས་ན་བདུད་རྩི་འཁྱིལ་བའི་གཟུགས་སུ་བསམས་ལ། ཨོཾ་ཨ་མྲི་ཏ་ཀུཎྜ་ལི་ཨཱ:ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱི་སའི་དབུས་སུ་ལག་པ་བཏབ་ན་སྟོབས་དང་ལྡན་པའི་སྦྱང་བར་འགྱུར་རོ། །དེ་ནས་སྒྲུབ་པ་ནི་དཀྱིལ་འཁོར་བྲི བའི་དུས་སུ་སྐུ་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་བྲི་བར་འདོད་པའི་རྣལ་འབྱོར་པས་རང་གི་བདག་ཉིད་ནི་རང་གི་ལྷའི་སྦྱོར་བ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་སྐུ་བསྒོམ་པར་བྱའོ། །སྒྲུབ་པ་ཆེན་པོའི་དུས་ནི་ཐིག་གདབ་པའི་དུས་ཏེ། དེ་ལ སྐུ་ནི་སློབ་མ་བདུད་རྩི་འཁྱིལ་བ་དང། སངས་རྒྱས་བདག་པོ་ནི་སྐུའི་དཀྱིལ་འཁོར་ལ་བལྟོས་ལ་འོད་དཔག་ཏུ་མེད་པའམ། མི་བསྐྱོད་པའི་གཟུགས་སུ་བསྒོམས། གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ལ་བལྟས་ཏེ། རྣམ་པར་སྣང་མཛད་དམ། མི་བསྐྱོད་པ་འམ། འོད་དཔག་ཏུ་མེད་པའམ། རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྒོམས་ཏེ། ཁྱབ་བདག་ནི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ནི་རྣལ་འབྱོར་པ་ཐམས་ཅད་ཀྱིས་གསང་བ་སྟེ། བྱ་བའི རྒྱུད་ལ་སོགས་པའི་རྣལ་འབྱོར་པ་ལ་བསྟན་པར་མི་བྱའོ། ། མཆོག་ནི་དམ་པའི་རྣལ་འབྱོར་པ་སྟེ། སྒྲུབ་པ་པོ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱེ་བ་ན་བསྙེན་པ་ལ་སོགས་པའི་དབྱེ་བ་ཤེས་ཤིང་རྟོཌ་ནས། དངོས་གྲུབ ནི་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པར་བྱའོ། །གཞན་དུ་ན་བསྐལ་པ་བྱེ་བས་ཀྱང་འགྲུབ་པར་མི་འགྱུར་རོ། །མཆོག་ནི་འཇིག་རྟེན་ལས་འདས་པའོ། །ཞི་བ་ནི་ཐུན་མོང་མ་ཡིན་པའོ། །སངས་རྒྱས་ནི་དེ་བཞིན་གཤེགས་པ་དང། སྐྱོབ་པ་ནི་རྡོ་རྗེ་འཆང་ཆེན་སྟེ། དེ་རྣམས་ཀྱིས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་བྱ་བ་ནི་ཕུལ་དུ་ཕྱུང་བའི་ཚིག་སྟེ། བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པའི་བསྐྱེད་པ་ལ་སོགས་པ་བཤད་པར་བྱ་སྟེ། བསྒྲུབ་བྱ་དང་སྒྲུབ་པ་ནི ཤེས་རབ་དང་ཐབས་སོ། །དེ་དག་སྦྱོར་བ་ནི་ཙུམ་པ་ན་དང། ཨ་ལི་ཀ་ན་དང། ནག་དུ་ཤ་དང། བཏབ་པའི་མཚན་ཉིད་དེ། ཕྱི་རོལ་གྱི་བྱ་བ་ནི་བསྙེན་པར་བཤད་དོ། །སྔ་མ་བཞིན་དུ་སྔགས་ལ་བསྐྱེད་པ་སྔོན་དུ་འགྲོ་བས་རྡོ་རྗེ་དང། པདྨར?་མཉམ་པར་སྦྱོར་བ་ནི་ཉེ་བར་སྒྲུབ་པའོ། །ས་བོན་གྱི་བྱིན་གྱིས་བརླབས་པས་དེ་དག་གིས་བསྐྱོད་པ་ནི་སྒྲུབ་པའོ། །རང་རིག་པ་རང་བཞིན་གྱིས་འོད་གསལ་བ་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཞེས་བྱའོ། །དེ་ཉིད་ཐབས་ལས བྱུང་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་སྟེ། ཡེ་ཤེས་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོའོ། །དཔལ་ལྡན་ནི་བསོད་ནམས་དང་ཡེ་ཤེས་དང་ལྡན་པ་སྟེ། །རྡོ་རྗེ་འཆང་ཆེན་པོའི་གནས་སོ། །སངས་རྒྱས་ཐམས ཅད་ནི་དེ་བཞིན་གཤེགས་པ་ཆེན་པོ་ལྔ་སྟེ། དེ་དག་ཐོབ་པར་བྱ་བའི་ཕྱིར་ཐབས་ནི་རྒྱུ་ཡིན་ལ། འདི་ནི་ཐབས་ལས་བྱུང་བ་སྟེ། དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ནི་དངོས་པ་རྣམས་ཀྱི་དེ་ཉིད་ཆོས་ཉིད་དེ། རང་བཞིན་དང་དེ་ཉིད་ཅེས་བྱ་བའི ཐ་ཚིག་གོ། རབ་ཏུ་བྱེད་པ་ལས་ཀྱང། འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོ་འང་དེ།། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །འདས་པ་དང་ནི་མ་འོངས་དང། །ད་ལྟར་བྱུང་བའི སྲིད་གསུམ་ནི། །འོད་གསལ་བས་ནི་རྣམ་དག་པས། །སྐད་ཅིག་དེ་ལ་མ་ལུས་མཐོང། །ཞེས་བཤད་དོ། །དེ་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུའོ། །ད་ནི་ལས་ཀྱི་ཚོགས་འདྲི་པའི་ལན་བཤད་པར་བྱ་སྟེ། ལས་ཞེས་བྱ་བ་ལ་སོགས པ་ལ། ལས་གང་དང་གང་གིས་རྣལ་འབྱོར་པས་དེ་བྱེད་པར་བརྩོམ་ན། དེ་དང་འདྲ་བའི་སྦྱོར་བ་ནི་ཏིང་ངེ་འཛིན་ལ་དམིགས་པར་བྱའོ། །ཞི་བའམ་དྲག་པོའམ་དེ་དང་མཐུན་པའི་དཀྱིལ་འཁོར་བྱའོ་ཞེས་ཚིག་གིས་ལྷག་མའོ། །ལན ཅིག་དྲག་པོའི་ལས་ལ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་ཅིས?་ནམ་མཁའ་ཨི་དབྱིངས་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་དམ་ཚིག་མི་བཟད་པ་ནི་དྲག་ཤུལ་གྱི་སྤྱོད་པ་བསྒོམ་པ་ནི་ཞུ་བར་བྱའོ། །དམ་ཚིག་ནི་རང་གི་བདག་ཉིད་ཀྱི་ལུས་ཏེ། སྐུ གསུང་ཐུགས་ཀྱི་རྡོ་རྗེ་ནི་དེ་བཞིན་གཤེགས་པའི་ས་བོན་གྱིས་བྱིན་གྱིས་བརླབས་པ་ལ་བསྲུང་བར་བྱའོ། །ཡང་ན་གཙུག་ཏོར་དམ་ཚིག་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པ་ཁྲོ་བོའི་འཁོར་ལོ་སྤྲོ་ཞིང། ཇི་ལྟར་ཆོ་ག་གསུངས་པ་ལས་བྱུང བ་ནི་རྟོག་པ་ལས་གསུངས་པའི་ཆོ་གའི་རིམ་པ་ལས་འབྱུང་བས་བསྲུང་བའི་འཁོར་ལོ་བཅིང་བར་བྱའོ། །དེ་ནི་ཁྲོ་བོའི་རྒྱལ་པོའི་འཁོར་ལོ་སྟེ། དེ་དང་རྗེས་སུ་མཐུན་པ་ནི་དེ་དང་འདྲ་བའི་དབུས་ཀྱི་གཙོ་བོའི་ཚུལ་གྱིས་རང་གི་འཁོར་ལོ་ནི་ཁྲོ་བོའི་འཁོར་ལ་བཀའ་ བསྒོམ་པར་བྱའོ། །དེ་བཞིན་དུ་སྒྲུབ་པ་ནི་གདུག་པའི་བདག་ཉིད་ལུས་གང་ཡིན་པ་དེ་ཡང་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །དེ་ནས་དེའི་ཉེས་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པའི་མཚན་ཉིད་ཀྱི་ལན་ངན་སྟེ། དེའི་ལུས་ལ་གནས་པའི་འཁོར་ལོ་ལ་ནི་འགྲོ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ། དེ་བཞིན་གཤེགས་པ་རྣམས་ལ་བསྒྲགས་པར་བྱ་བ་ནི་འདི་ལྟ་སྟེ། འདི་ནི་དཀོན་མཆོག་གསུམ་གནོད་བྱེད་པ་དང་མ་ནི་གསོད་པར་དགའ་། །དམ པའི་ཆོས་སྨོད?་ལ་བརྩོན་པ། །སློབ་དཔོན་གསོད་ཅིང་གདུལ་བར་དཀའ་། །བསྟན་པ་ལ་སོགས་རིམ་པས་ཀྱང། །ལམ་ལག་རྟེན་པ་མ་ཡིན་པ། །བཅོམ་ལྡན་དེ་རིང་བདག་གིས་ནི། །དེ་ལ་དྲག་ཤུལ་མངོན་སྤོང་བགྱི། །ཞེས་དམ་ཚིག་བསྒྲགས པའོ། །དེ་ནས་གདུག་པའི་སེམས་ཅན་དེ་ལ་བསད་པར་བྱ་བའི་དོན་དུ་ཁྲོ་བོ་དེ་དག་བྱུང་བ་ནི་ཕྱོགས་བཅུར་སོང་བར་བསྒོམ་པར་བྱའོ། །དེ་རྣམས་ཀྱིས་དེ་བཀུག་ཅིང་རང་གི་འཁོར་ལོ་ནི་ཁྲོ་པོའི་དཀྱིལ་འཁོར་གྱི་དབུས་སུ་བཅུག་ནས རལ་གྲི་ལ་སོགས་པས་གཅོད་པར་བསྒོམ་པར་བྱའོ། །ཡང་ན་ཇི་ལྟར་གསུངས་པ་ནི། །ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྫས་ནི། དེ་ལས་བྱུང་བའི་ནི་བསྐྱེད་པའི་གཟུགས་བརྙན་ནི། དེ་དང་འང་པའི་གཟུགས་ཏེ། ཁྲོ་བོས ཁྱབ་པའི་སེམས་ནི་དྲག་ཤུལ་དང་ལྡན་པའི་སེམས་ཀྱིས་གཅེར་བུ་དང་སྐྲ་དཀྲོལ་བར་གྱུར་ཅིང། རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་དེ་མནན་ཅིང། གཡས་བརྐྱེང་པས་གནས་པས་ལྷོ་ཕྱོགས་སུ་ཁ་བལྟས་ཏེ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་སྔགས་བརྗོད་པས། རང་གི་སྙིང་ཁ་ནས་ཁྲོ་བོའི་འཁོར་ལོ་སྤྲོས་ཏེ། སྣ་ཚོགས་ཚོགས་ནི་བྲན་དང་བྲན་མོ་དང། ཕོ་ཉ་དང་ཕོ་ཉ་མོ་བཀའ་ཉན་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ནི་འཁོར དང་བཅས་པ་ཡི་གེ་ཧཱུཾ་གིས་བརྡེག་པར་བྱ་བའི་ཕྱིར་བཀའ་བསྒོ་བར་བྱའོ། །དེ་དག་སོང་ཞིང་སྒྲུབ་པ་རྡོ་རྗེ་ཅན་ནི། རྣལ་འབྱོར་པའི་བཀའ་བསྒྲུབ་པར་བྱ་བའི་དོན་དུ། བསྒྲུབ་བྱ་ནི་ཞགས་པས་བཅིས་ལ་ཐོ་བས་བརྡེག། ཁྲོ བོའི་རྒྱལ་པོ་ནི། ཁྲོ་པོའི་ཚོགས་ཀྱིས་བཀུག་ཅིང། འཇིགས་པ་ནི་འཇིགས་པས་ཁྱབ་ཅིང་བརྡུང་བ་པ་ནི་སྐྱབས་མེད་པ། སྐྲག་པ་ནི་སྐྱབས་དང་བྲལ་བ། གྱུར་པ་ནི་མིག་བཟློག་པ། བསྒྲུབ་བྱ་ནི་འགུགས་པར་བྱའོ། །དེ་ནས་སྒྲུབ འཁོས?་བསྒྲུབ་བྱ་དེ་དོན་དུ་གནས་པར་མཐོང་ཞིང། དེའི་གཟུགས་བརྙན་ལ་ཕབ་པ་ནི་ཞུགས་པར་བྱའོ།། དེའི་རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ས་བོན་གྱི་ཚར་དུ་གནས་པ། ཕུར་བུའི་སྔགས་ནི་གནོད་མཛེས་ཀྱི་རྒྱལ་པོའི་སྔགས་ཀྱིས གདབ?་པར་བྱའོ། ། སྤྱི་བོ་དང་ལྐོག་པ་དང། སྙིང་ཀ་ལ་སྐུ་གསུང་ཐུགས་ཀྱི་ས་བོན་གྱི་གཟུགས་ལ་ཕུང་བུས་གདབ་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནས་ཡམས་ནི་སྡུག་བསྔལ་ལོ། །ཉེ་བར་འཚོ་བ་ནི་ཤ་ལ་སོགས་པ་དང། ནད་ནི་རིམས ལ་སོགས་པ་དང། སྣ་ཚོགས་ཡུལ་ལས་བྱུང་བ་ནི་དུག་ནག་པོ་བརྩེགས་པ་ལ་སོགས་པ་དང། འབྱུང་བ་ནི་གང་ལས་བྱུང་བ་དེ་ནི་འབྱུང་བ་སྟེ། མཆེ་བའི་དུག་དང། དྲན་པའི་དུག་དང། རེག་པའི་དུག་དང། ལྟ་བའི་དུག་ལ་སོགས་པའི་སྒྲུབ་རྣམས་སོ སྤྲུལ་རྣམས་ཀྱི་དུག་དེ་དགུག་ཅིང་གཟུགས་བརྙན་དེའི་མགོ་བོ་ལ་སོགས་པ་ལ་གཟུགས་ཅིང་སྔ་མ་བཞིན་དུ་ཕུར་བུ་གདབ་པར་བྱའོ། ། དེ་ནས་སྦྱོར་བ་ཐམས་ཅད་ཀྱི་ཆོ་ག་ཇི་སྐད་གསུངས་པ་བཞིན་བྱ་བ་ནི་ཕྱོགས་དང། ཡུལ་དང། དུས་དང རིམ་པ་དང་མཐུན་པའི་སྔགས་ཀྱི་ནི་ཁོ་བོའི་སྔགས་དང། འཁྲུལ་འཁོར་ནི་འཁྲུལ་འཁོར་གྱིས་སྦྱོར་བ་དང། སོགས་པའི་སྒྲས་ནི་རྫས་ལ་སོགས་པ་དང། ཕྱག་རྒྱ་རྣམས་ཀྱིས་ཀྱང་སྦྱོང་བར་བྱ་བ་ནི། སྦྱོར་བ་བཞིའི་རིམས་ཀྱིས་རྫོགས པར་བྱའོ། །ཡང་ན་སྔར་བཤད་པའི་ཁྲོ་བོའི་ཟུགས་དང་ལྡན་པས་ཁྲོ་བོའི་སྡུགས་དང་ལྡན་པས་ཁྲོ་བོའི་སྔགས་བཟློས་པས་འགྲོ་ཨའི་གཟུགས་བརྙན་ནམ་ན་མ་གཅིག་ལ་སོགས་པའི་ས་རུ། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས། པ་ནི་རྐང་པ་གཡོན་པས་མནན་ཞིང་ཤིང་མེད་ནའི་མེ་ལ་ཁྲོ་བོའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ནི་མི་བསྐྱོད་པའི་རྣལ་འབྱོར་པས་གཟུགས་བརྙན་གྱི་དུམ་བུ་དུམ་བུ་གཏུབ་ཅིང་བསྲེགས་ན་དགྲ་འཆི་བར་འགྱུར་རོ། །ཡང་ན་གདུག པའི་སེམས་ཅན་ནི་རེ་ཞིག་མཁའ་ལ་སྤྱོད་པ་སྟེ། བྱ་དང། བྱ་རྒོད་དང། ཀར་ཀ་ལ་སོག་པའོ།། ས་ལ་སྤྱོད་པ་ནི་སྤྱང་ཀི་དང་དོམ་དང་དྲེད་ལ་སོགས་པའོ། །ས་འོག་སྤྱོད་པ་ནི་ཆུ་སྲིན་དང་རུ་སཱ་ལ་སོགས་པའོ།། ཐང་ལ་སྤྱོད་པ་ནི་སྤྲུལ ལ་སོགས་པ་སྟེ། དེ་དག་ཁྲོས་པར་གྱུར་པས་ཁ་སྦྱོར་ཆེ་ཞིང་འཇིགས་པ་མིག་བཟློས་པས་ལ་ལྟུང་རྡུལ་གྱིས་ལུས་གྱིས་ལུས་བྱུགས་པ་སྟེང་དང་འོག་ལས་ཁྲག་བྱུང་བ་ཟོས་པར་འགྱུར་བ་ནི་དུམ་བུར་ཟོས་པར་རབ་ཏུ་བརྟོགས་བསམས ན་དགྲ་བོ་འཆི་བར་འགྱུར་རོ། །ཁྱབ་པར་ནི་ཡི་གེ་ཧཱུཾ་གི་རྣམ་པའི་ཤེས་པ་དཔལ་ལྡན་མི་བསྐྱོད་པའི་གཟུགས་ཅན་དཀྱིལ་འཁོར་བས་ཡོངས་སུ་བསྐོར་བ་ཆོས་སྟོན་པའི་དྲུང་དུ་སོང་བར་བསམ་པར་བྱའོ། །ཡང་ན་རང་གི་སྙིང ཀའི་ཡེ་ཤེས་དཔའ་ཨི་ས་བོན་གྱི་ཐིག་ལེ་ལ་འཇུག་གོ། འོ་ན་སྲོག་གཅོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་མདོ་སྡེ་དང་དེར་རྣམ་པར་སྨིན་པ་བཟོད་བཀའ་བར་གསུངས་ཏེ། གང་ཞིག་སྲོག་གཅོད་པ་མི་གདུག་པ། །དྲག་པོ་ཁྲག་གིས ལག་པ་བྱུག། སྡིག་པའི་ལས་ནི་ཀུན་སྤྱོད་པ། །རྟག་ཏུ་དུ་འབོད་སྐྱེ་བར་འགྱུར། །དེ་བཞིན་འཚོ་བས་ཚེ་ནི་ཐུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ན། དེ་བཅོམ་ལྡན་འདས་ཀྱིས་གསུང་ཇི་ལྟར འགལ་བ་མ་ཡིན་ནམ་ཞེ་ན། སྨྲས་པ་སྲོག་ཆགས་ཞེས་བྱ་བ་ནི་ཐམས་ཅད་དོ།། འཚེ་བར་བྱ་བ་མ་ཡིན་ཏེ། འོན་ཀྱང་གང་ཞིག་སྡིག་པའི་ལས་ཅན་ཐབས་མཁས་གྱིས་ཀྱང་འདུལ་བར་མི་ནུས་ན་མནར་མེད་པའི་དམྱལ་བར་ལྷུང བ་དང་ཉེ་བར་བསྲུང་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་སྔགས་དང་ཕྱག་རྒྱའི་རིམ་པས་གསོད་ཅིང་དེ་བཞིན་གཤེགས་པའི་སྐུ་སྐྱེད་པར་བྱེད་དེ་ཚར་གཅོད་པའི་སྒོ་ནས་ཕན་འདོག་པར་བྱེད་དོ། །གལ ཏེ་གཅིག་ནི་གསང?་འགྱུར་ན། ། མང་པོ་བདེ་བ་ལྡན་གྱུར་ཏེ།། དེ་ནི་བསོད་ནམས་ཚོགས་ཆེན་བོ། །གཞན་དུ་ན་ནི་སྡིག་པ་ཆེ་ཞེས་གསུངས་པའི་དོན་ཏོ། །འོ་ན་བསད་པའི་ཚེ་དང་བྲལ་བ་སྟེ། །ཇི་ལྟར་ན་མཚོན་ཆ་ལ་སོགས་པས གནད་གཅོད་པའི་སྡུག་བསྔལ་གྱི་བདག་ཉིད་ཡིན་པ་དེ་བཞིན་དུ་སྔགས་དང་ཕྱག་རྒྱའི་རིམ་པས་ཀྱང་ཡིན་ཏེ། དེ་བས་ན་དེའི་རྣམ་པར་སྨིན་པ་ནི་མཚུངས་པ་ཉིད་དོ། །གང་གི་ཕྱིར་ཕ་རོལ་པོ་ནི་བདག་ཉིད་ཀྱི་སྲོག་དང་བྲལ་བ་ནི་མི་འདོད དེ། དེ་ནི་ཐམས་ཅད་འདོད་དོ་ཞེས་པའི་ཕྱིར་རོ་ཞེ་ན། དེ་ལྟར་མ་སྨྲ་ཞིག། སྔགས་ལ་སོགས་པའི་རིམ་གྱིས་སྲོག་དགུག་བར་བྱས་པ་ནི་ཕ་རོལ་ནི་སྡུག་བསྔལ་འབྱུང་བར་མི་འགྱུར་གྱི། འོན་ཀྱང་རྨི་ལམ་དུ་སྣ་ཚོགས་ཀྱི་ཀུན་དགའ་ར་བ་ལ་སོགས་པ མཐོང་བ་བཞིན་དུ་ཡིད་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་མཚུངས་པ་ཡིན་ནོ། །ཐམས་ཅད་ཀྱི་སྲོག་ཅེས་ཤེས་སྨྲས་པ་གང་ཡིན་པ་དེ་ཡང?་རིགས་པ་མ་ཡིན་ཏེ། དེ་ལྟར་ཡིན་ན་འདོད་ཆགས་ལ་སོགས་པ་དང། སྲིད་པའི་ལོངས་སྤྱོད་བཅོས མ་མ་ཡིན་ན་ཡང་ཐམས་ཅད་ཀྱི་ཞེན་པ་དེ་སྤང་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་དོན་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་དེའི་སྡིག་པ་སྤོང་བའི་དོན་དུ་སྲོག་ཅེས་པ་ཡིན་ན་ཡང་འགུགས་ན་སྐྱོན ནི་ཅུང་ཟད་ཀྱང་མེད་དེ། གཞོན་ནུ་དོན་ཐམས་ཅད་གྲུབ་པས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་ལོངས་སྤྱོད་པོར་བ་བཞིན་དུ་ཧ་ཅང་ཐལ་བར་འགྱུར་ཞེས་སྒྲུབ་པའོ། །ཞི་བ་ལ་སོགས་པ་བཤད་པར་བྱ་སྟེ། ཞི་བ་བྱེད་པར་འདོད་པའི་རྣལ འབྱོར་བས། ཞི་བའི་སེམས་ནི་འཇམ་པའི་སེམས་དང་ཕྱི་རོལ་གྱི་ཡོ་བྱད་ཀྱང་འཇམ་པར་བྱའོ། །རྒྱས་པར་བྱེད་པར་འདོད་ན་སེམས་ནི་རྒྱས་པ་དང་རྫས་ཀྱང་གསེར་གྱི་ཁ་དོག་ལྟ་བུར་བྱའོ། །དབང་ནི་རྒྱལ་པོ་ལ་སོགས་པ་དབང་དུ་བྱེད་ན་སེམས ཆགས་པ་དང་ཕྱི་རོལ་གྱི་རྫས་རྣམས་ཀྱང་དམར་པོར་བྱའོ། །གཏུམ་པ་ནི་དྲག་པོའི་ལས་ཏེ་གསོད་པའི་ལས་བྱེད་ན་སེམས་ཁྲོ་བ་དང་ཕྱི་རོལ་གྱི་རྫས་རྣམས་ཀྱང་ནག་པོར་བྱའོ། །ཟླུམ་པོ་དང་གྲུ་བཞི་དང་ཟུར་གསུམ་དང་ཟླ་གམ་གྱི་རྣམ་པ་སྟེ མེ་ཐབ་པོ། །བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ?་རིགས་དང་དམངས་ཀྱི་ཁྱིམ་ལས་མེའོ།། འོ་མ་ཅན་གྱི་ཤིང་དང་མ་ཐ་ནའི་ཤིང་དང་པདྨའི་རྩ་བ་དང་ཚེར་མ་རྣམས་ནི་ཡམ་ཤིང་ངོ།། ཝ་ཤང་དང་ཝ་ཥ་ཊ་དང་ཛ:ཧྲཱི:དང་ཧཱུཾ་ཕཊ་ནི་སྔགས སྤེལ་པའོ། །དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་ནི་གོས་སོ། །གདན་ལའང་དེ་བཞིན་ནོ། །ཤེལ་དང་གསེར་དང་གཞི་མཉམ་དང་མི་རུས་ཕྲེད་བའོ། །འོ་མ་དང། མར་དང། པདྨ་དང། བིལྦ?་དང། གུར་རྐུམ་དང། ཙན་དན་དང། ཤ་ཆེན་ལ་སོགས་པ་ནི་བསྲེག་རྫས་སོ། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དང། རྡོ་རྗེའི་སྐྱིལ་མོ་ཀྲུང་དང། གཡས་བརྐྱང་བ་གཡོན་བརྐྱང་བ་ནི་སྟང་སྟབས་སོ། །སྣ་རྩེ་ལ་གཏད་པ་དང། མཉམ་པ་དང། གཡོན་ལ་ཟུར་དུ་བལྟ་བ་དང། དཔྲལ་བ་ལ་བལྟ་བ་ནི བལྟ་བའོ། །སྒྲ་མཉམ་པ་དང། སྒྲ་བཅིངས་པ་དང། གཡོན་དུ་སྐྲ?་ཡོ་བ་དང། སྒྲ?་གྲོལ་ནི་ཆ་ལུགས་སོ། །རྩེ་ལྔ་པ་དང?། རྩེ་དགུ་པ་དད། རྩེ་གསུམ་པ་དང། རྩེ་གཅིག་པ་ནི་རྡོ་རྗེ་དྲིལ་བུའོ། །དངུལ་དང་གསེར་དང་ཟངས་དང་ལྕགས་ལ་བརྡུངས་པའི ཕུར་བུའོ། །དཀར་པོ་དང་སེར་པོ་དང་དམར་པོ་དང། ནག་པོ་ནི་ཐིག་སྐུད་དོ། །འོ་མ་དང་ཆུ་དང་ག་བུར་གྱི་ཆུ་དང་ཁྲག་གིས་གདབ་ནི་མཆོད་ཡོན་ནོ། །དཔལ་གྱི་དབྱངས་དང། དགའ་བའི་དབྱངས་དང་དྲག་པོའི་དབྱངས་ནི་ཀླུའོ།། རྣམ་པར སྣང་མཛད་དང་རིན་ཆེན་འགྱུར་ལྡན་དང། སྣང་བ་མཛའ་ཡས་དང། མི་བསྐྱོད་པ་ནི་ལྷའི་རྣལ་འབྱོར?། །གཙུག་ལག་ཁང་དང་ཁང་བཟངས་དང། རྒྱལ་པོའི་ནགས་ཆོལ་དང། ངུར་ཁྲོད་ནི་གནས་སོ།། ཤར་དང་བྱང་དང་ནུབ་དང་ལྷོ་ཕྱོགས་ནི་ཕྱོགས སོ། ། སྲོད་དང་ནད་པར་དང། ཉི་མ་ཕྱེད་དད་མཚན་ཕྱེད་ནི་དུས་སོ། །རྒྱལ་སྟོང་དང་རྒྱལ་སྨད་དང། ལག་པ་ནམ་མཐོང་གོང་མ་ནི་རྒྱུ་སྐར་རོ། །ཟླ་བ་དང་གཟའ་ལྷག་པ་དང། སྤ་བསངས་དང་མིག་དམར་སྦེན་པ་ནི་གཟའོ། །བྱིས་བ་དང་གཞོན་ནུ མདང། དར་ལ་བབ་པ་དང་རྒན་པ་ནི་འཁོར་རོ། །དབྱར་དང། སྟོན་ཀ་དང་དཔྱིད་ཀ་དང་སོ་ཀ་དང་ནི་དུས་སོ། །དབྱར་ཟླ་འབྲིང་པོ་དང། དབྱར་ཟླ་ཐ་ཆུངས་དང། སྟོན་ཟླ་ང་བ་དང། སྟོན་ཟླ་འབྲིང་པོ་དང། དཔྱིད་ཟླ་འབྲིང་པོ་དང། དབྱིད་ཟླ་ཐ ཆུང་དང། དབྱར་ཟླར་བ་སྟེ་ཟླ་བ་རྣམས་སོ། །ལྕེ་གཅིག་པ་དང། ལྕེ་གཉིས་པ་དང། ལྕེ་གསུམ་པ་དང། ལྕེ་བཞི་པ་ནི་དྲིལ་བུ་རྣམས་སོ། དུང་དང། རྫ་རྔ་དང། པི་ཝང་དང། ཟངས་དུད་ནི་རོལ་མོ་རྣམས་སོ། །བྲམ་ཟེ་མོ་དང་།རྒྱལ་རིགས་མོ་དང། རྗེ རིགས་མོ་དང། སྨྲ་ཤ་ཅན་ནི་དམ་ཚིག་གི་ཕྱག་རྒྱུའོ། །མུ་ཏིག་དང་གསེར་དང། བྱུ་རུ་དང། མི་རུས་ནི་རྒྱན་ནོ། །ལུག་དང། གླང་དང། འཁྲིག་པ་དང། སེང་གེ་ནི་ཁྱིམ་མོ། །ཟླ་བ་གཟས་ཟིན་པའི་དུས་སུ་ཞི་བ་དང་རྒྱས་པའོ། །ཉི་མ་གཟས་ཟིན་པའི་དུས སུ་དབང་དང་མངོན་སྤྱོད་དོ། ། ཉི་མ་བྱང་དུ་ལྡོག?་པའི་དུས་སུ་ཞི་བ་དང་རྒྱས་པའོ་།ལྷོ་ཕྱོགས་སུ་ལྡོག་པའི་དུས་སུ་དབང་དང་མངོན་སྤྱོད་དོ། །གཡས་སུ་འཁྱིལ་བ་དང། གཡོན་དུ་འཁྱིལ་བ་དང། སྟེང་དུ་འགྲོ་བ་དང་ལྷོ་རུ་འགྲོ་བ་ནི་མེའི་རྟགས་སོ།། དད་པ་དང། །དུ?་བྱུག་དང། ཕུ་རོན་དང། འུག་པའི་སྐད་ནི་མཚམ་མ་རྣམས་སོ། །མཁས་པ་དང། ཚོད་པ་དང། རྒྱལ་སྲས་དང། ཞར་བ་འམ། སྒུར་བ་འམ། འཐེང་བ་འམ། ཕྱེ་བོ་འམ། ལྐུགས་པ་འམ། འོན་པ་འམ། ལོང་བ་ལ་སོགས པ་ནི་གློ་བུར་པའི་རྟགས་སོ། ། གདུགས་དང། རྒྱལ་མཚན་དང། བདན་དང། ཕུར་བུ་རྣམས་ནི་ཅོད་པན་ནོ། །མདུད་དང། མངའ་དང། འཁོར་ལོ་དང། ཨཽཏཔ་ལ་དང། པདྨ་དང། གཞུ་དང། ཐོད་པ་དང། རལ་གྲི་དང་ཕྱག་མཚན་རྣམས་སོ།། རྟ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། །བྱི་མ་བདག་རིན་པོ་ཆེ་དང། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང། བཙུན་མོ་རིན་པོ་ཆེ་དང། དམག་དཔོན་རིན་པོ་ཆེ་དང། འཁོར་ལོ་རིན་པོ་ཆེ་ནི་ཡིན་ནོ། །མངར་གསུམ་དང། ཞོ་དང་འོ་མ་དང། ཤ་དང་ཆང་ཚ་བ་གསུམ་ནི་ལྷ་བཤོས་སོ། །དེ་རྣམས་ནི་གཏོད་མའོ། །པདྨས་བསྐོར་བ་དང། ཨཽཏཔ་ལའི་ཕྱག་རྒྱ་དང། ཆོས་འབྱུང་བའི་ཕྱག་རྒྱ་དང། སྡུད་པའི་ཕྱག་རྒྱའོ།། ཙན་དན་དང་ཨ་ག་རུ་དང། ག་པུར་དང་ཤ་ཆེན་ནི་སྤོས་སོ། །ཡུང? ཀར་གྱི་མར་ཁུ་དང། ཏིལ་མར་དང། མར་དང་དྲི་ཞིམ་པའི་ཏིལ་མར་དང། ཏིལ་མར་ཆེན་པོ་ནི་མར་མེའོ། །པདྨའི་རྩ་བའི་སྣལ་མ་དང། འོ་མ་ཅན་གྱི་ཤིང་གི་པགས་པ་དང། རས་དམར་པོ་དང་ཞག་ནི་སྡོང་བུའོ། །རྒྱལ་མོ་ཁར དང་ཁར་དང། ཆང་དང་ཁྲག་ནི་བཏུང་བའོ། །མལླི་ཀ་དང། ཛཱ་ཏི་དང། ཨཽཏ་པལ་སྔོན་པོ་དང་ཀ་ར་བི་རིན་མེ་ཏོག་གོ་།གཙང་པོ་གཉིས་འདྲེས་པ་དང། ཤིང་དྲུང་གི་རྩ་བ་དང་ལྷ་ཁང་དང་སུམ་མངོ་ནི་གནས་ཀྱི་ཁྱད་པར་རོ། །རླུང་མེད་བ་དང། སྤྲིན་མེད་པ་དང། རླུང་དང་བཅས་པ་དང། སྤྲིན་དང་བཅས་པ་ནི་ཞག་གོ། གཙང་པོ་ལ་ཁྲུས་བྱེད་པ་དང། མཚོ་ལ་ཁྲུས་བྱེད་པ་དང། ཙན་དན་ལ་སོགས་པས་ཁྲུས་བྱེད་པ་དང། དྲི་མ་ཅན་མ་བཀྲུས་པས་ནི་ལུས་ཀྱི་ཆ་ལུགས་ཀྱི་ཁྱད པར་རོ། །དེ་ནི་བྱེ་བྲག་ཉིས་བརྒྱ་སྟོན་ཏོ།། རྣམ་པ་གཞན་ནི་རིག་པ་འཛིན་པའི་སྡེ་སྣོད་ཀྱི་ལས་རྗེས་སུ་འབྲང་བར་བྱའོ། །དེ་ནི་སྒྲུབ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས དཔའ་རྣམས་ཀྱི་ཐེ་ཚོམ་རྣམས་ནི་སྔར་བཤད་པ་འདྲི་བ་རྣམས་བཅོམ་པ་ནི་ལན་བཏབ་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱ་བ་རྫོགས་པའི་ཕྱིར་སྐུ་གསུང་ཐུགས་རྡོ་རྗེ་ནི་རིག་པ་ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ལ ཞུགས་ཤིང། མི་གསུང་བར་བཞུགས་པར་གྱུར་པ་ནི་རོ་གཅིག་པར་ཉིད་དུ་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འདྲི་བ་ལུས་པ་ཙམ་གྱི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང བཞིན་རྡོ་རྗེ་འཆང་ཆེན་པོ་ལ། འདི་ནི་འོག་ནས་བཤད་པའི་བསྟོད་པའི་རྒྱལ་པོ་ནི་མཆོག་ཏུ་གྱུར་པའི་བསྟོད་པས་བྱམས་པ་ལ་སོགས་པ་བསྟོད་པར་འགྱུར་ཏོ། །ཐམས་ཅད་སྐུ་ནི་ཞེས་བྱ་བ་ལ་སོགས་པས། སྐུའི་རིགས་ཐམས ཅད་ཀྱི་རང་བཞིན་དང། གསུང་གི་རིགས་ཐམས་ཅད་ཀྱི་རང་བཞིན་དང། ཐུགས་ཀྱི་རིགས་ཐམས་ཅད་ཀྱི་རང་བཞིན་དང། ཐམས་ཅད་མཛད་པ་ནི་རིན་ཆེན་དང། དོན་ཡོད་གྲུབ་པའི་རང་བཞིན་ཏེ། རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ།། ཞེས་བྱ་བ་ལ་ནི་ལུས དག་ཡིད་ཀྱིས་འདུད་པ་ཉིད་དུ་བསྟན་ཏོ། །ཕྱག་བཙལ་བ་གཉིས་པ་བསྟན་པ་ནི་དད་པའི་ཁྱད་པར་བསྟན་པའི་ཕྱིར་ཏེ་རབ་ཏུ་བྱེད་པ་ལས་ཇི་སྐད་དུ། ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུང་ཅེས་བྱ་བ་ལ་སོགས་པས་དད་པའི་ཁྱད་པར་གྱི་ཕྱག བཅལ་དྲུག་ཀྱང་བསྟན་པ་སྟེ། དེ་ནི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་སྐུ་གསུང་ཐུགས་ནི་རྡོ་རྗེའི་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་དང་རོ་གཅིག་པར་གྱུར་པས་རྡོ་རྗེ འཆང་ཆེན་པོ་ཉིད་དོ། །དེའི་སྐུ་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་ནི། སྐུ་ལ་སོགས་པའི་རང་བཞིན་ཡིན་པས་ན་སེམས་ཅན་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་དང་མཚུངས་པར་ཉིད་དེ། དེའི་རིགས་དང་ལྡན་པ་ནི་སེམས་ཅན་ཐམས་ཅད ཡིན་ནོ་ཞེས་རྒྱ་ཆེ་བར་གསུངས་པའི་ཕྱིར་རོ། །དེ་དང་འདྲ་བར་སེམས་ཅན་ཡིན་ན། སྔར་བཤད་པའི་དྲག་པོའི་ལས་ཀྱི་གལ་ཏེ་གསོད་པར་གྱུར་ན། དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱང་གསོད་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་གསང བས་ན། སྒྲུབ་པའི་དབང་པོ་རྣལ་འབྱོར་བ་སྟེ། དེ་དག་ལ་ཇི་ལྟར་ན་སྡིག་པས་གོས་པར་མི་འགྱུར། གལ་ཏེ་གོས་པར་གྱུར་ན་འབྲས་བུ་ནི་རྡོ་རྗེ་འཆང་ཉིད་དེ་ཇི་ལྟར་འགྲུབ་པར་འགྱུར་ཏེ། དེ་ནི་རྫོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས པས་ནི། དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཅན། རྡོ་རྗེ་འཆང་ཆེན་པོས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ནི་སྐུ་རྡོ་རྗེའི་རང བཞིན་དང། བདག་ཉིད་ཆེ་ནི་ཐུགས་རྡོ་རྗེའི་རང་བཞིན་དང། གསུང་དབྱངས་ཆེ་ནི་གསུང་རྡོ་རྗེའི་རང་བཞིན་དང། མཆོད་པ་ཆེ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་བོད་པའོ། །དེ་ཉིད་ཀྱི་ཕྱིར ལེགས་བཞི་སྟེ། ཤིན་ཏུ་ཕུལ་དུ་བྱུང་བའི་གནས་སུ་ཞུགས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་ལེགས་སོ་ཞེས་གསུངས་སོ། །གསང་བ་འདུས་པར་དབང?་བསྐུར་བའི་སློབ་དཔོན་རྣལ་འབྱོར་གང་ཡིན་པ་དེ་ནི་སྔར་བཤད་པའི རིགས་པས་ཐ་མི་དད་པ་ཡིན་པའི་ཕྱིར། སངས་རྒྱས་ཀུན་གྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པས་ན། དཔལ་ལྡན་ནོ། །བྱང་ཆུབ་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཏེ། རང་བཞིན་ཡིན པས་ན། བྱང་ཆུབ་རྡོ་རྗེ་ཅན་ནོ། །དངོས་རྣམས་ཐམས་ཅད་ནི་སྒྱུ་མ་བཞིན་དུ་ཤེས་པ་དང། སྒྲོ་བ་དང་བསྡུ་བའི་རིམ་གྱིས་སེམས་ཅན་གྱི་དོན་བྱེད་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པ་དེ་ལ་བསོད་ནམས་དང་སྡིག་པའི རྣམ་པར་རྟོགས་པ་ནི་མེད་དེ། གང་གི་ཕྱིར་འོད་གསལ་བ་ལ་ཞུགས་པའི་བསོད་ནམས་དང་སྡིག་པ་དང། དེའི་འབྲས་བུ་ནི་བདེ་འགྲོ་དང་ངན་འགྲོ་མེད་པས་ན། དེའི་ཚེ་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དེ། ཐར་པར་རབ་ཏུ་གསུངས་སོ། །འགྲོ བ་རྣམས་ཀྱང་ཡང་དག་བཤད། །ལས་རྣམས་འབྲས་བུ་དང་བཅས་བ། །དེའི་རང་བཞིན་ཡོངས་ཤེས་པས། །མ་སྐྱེས་པ་ཡང་བསྟན་པ་ཡིན་ཞེས་འབྱུང་ངོ། །དེ་ནི་རྫོགས་པའི་རིམ་པའོ། །མགོན་པོ་དེ་ནི་རྡོ་རྗེ་འཆང་དང་འདྲ་བའི་རྣལ་འབྱོར་པ གང་ཡིན་པ། དེས་ནི་གདུག་པ་བླ་མ་ལ་སོགས་པ་སྨོད་པར་བྱེད་པ་ལ། སྔགས་དང་ཕྱག་རྒྱའི་རིམ་པས་མངོན་སྤྱོད་བྱེད་ན། དེའི་ཚེ་སེམས་ཅན་ཐམས་ཅད་རང་གིས་བྱས་པའི་ལས་ཀྱིས། ངན་སོང་ནི་མནར་མེད་པ་ལ་སོགས་པར་སྐྱེ་བར་མི འགྱུར་གྱི། འོན་ཀྱང་ཤིན་ཏུ་རྙེད་བར་དཀའ་བ་བསྐལ་བ་བྱེ་བས་འཐོབ་པའི། །བྱང་ཆུབ་ནི་རྡོ་རྗེ་འཆང་ཉིད་དེ། རྙེད་མི་དཀའ་བ་ནི་རྙེད་སླའོ་ཞེས་བྱའི་དོན་ཏོ། །སྔར་བྱས་པའི་ལས་ཀྱི་མི་བཟད་པའི་དམྱལ་བའི་འབྲས་བུ་སྐྱེ་བོ་དེ་དག་གིས་ཉམས་སུ་མྱོང་པའི་ཕྱིར། གལ་ཏེ་དམྱལ་བར་སྐྱེས་པར་གྱུར་ན། དེའི་རྣལ་འབྱོར་པ་ངེས་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྒྱས་བཏབ་པ་ནི་བྱིན་གྱིས་བརླབས་པར་གྱུར་པ། བྱང་ཆུབ་རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་འགྱུར་རོ། །དེ་བས་ན་དེའི་མཆོག་ཏུ་ཕན་བཏགས་པ སྟེ། མཆོག་ཏུ་གྱུར་པའི་བཀའ་དྲིན་སེམས་ཅན་དེ་རྣམས་ཏེ་།གདུག་པ་རྣམས་ལ་རྣལ་འབྱོར་པ་ངེས་བྱས་པ་ཡིན་ནོ་ཞེས་ཤེས་པར་བྱ་བ་ནི་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྫོགས་པའི་རིམ་པའོ། །ཐབས་བཤད་པར་བྱ་སྟེ། བདག་ཉིད ཆེན་པོ་ནི་རྣལ་འབྱོར་བ་སྟེ། རྣལ་འབྱོར་པ་དེས་ཕན་འདོགས་པ་ནི་ཞིབ་ལ་སོགས་པ་དང། ཚར་གཅོད་པ་ནི་གསོད་པ་ལ་སོགས་པའི་ལས་བྱེད་ན། དེའི་ཚེ་སྒྲུབ་པ་ཆེན་པོ་བསྐྱེད་པའི་རིམ་པས་ལས་ཀྱི་རྒྱལ་པོ་མཆོག་དང། རྫོགས་པའི་རིམ་པས་ནི་བདེ་བ་ཆེན པོ་སྟེ། བྱས་ནས་ནི་བསྐྱེད་པར་བྱས་ལ། ལས་རྣམས་ནི་སྔར་བཤད་པ་རྩོམ་པར་བྱེད་ན། དེའི་ཚེ་འགྲུབ་པར་འགྱུར་རོ། །དེ་ནི་དང་པོ་སྦྱོར་བ་ལ་སོགས་པ་དང་རང་བཞིན་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐམས་ཅད་ནི་རྡོ་རྗེ་འཆང ཆེན་པོའི་ཐུགས་རྡོ་རྗེ་གཙོ་བོར་གྱུར་བའི་ཆོས་ཏེ། གསོད་པའི་ལས་ཀྱང་ཐུགས་རྗེ་ཆེན་པོས་བྱས་པ། ཐོས་པ་ནི་མཉན་ནས་དགའ་ཞིང་ནི་ཐོས་པས་སོ། །མགུ་བ་ནི་བསམ་པས་སོ། །རབ་ཏུ་དགའ་བ་ནི་བསྒོམ་པས་དགའ་བར་འགྱུར་ཞིང། བཅོམ ལྡན་འདས་རྡོ་རྗེ་འཆང?་ཆེན་པོའི?་ལེགས་སོ་ཞེས་གསོལ་ཏོ། ། མགོན་པོ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐུབ་པ་ཆེན་པོ་ནི་རྣམ་པར་སྣང་མཛད་དོ། །ཆོས་ཆེན་ནི་འོད་དཔག་ཏུ་མེད་པའོ། །ཐུགས་རྗེ་ཆེན་པོ་ནི་མི་བསྐྱོད་པའོ། །དེའི་རང་བཞིན་ཡིན་ པའི་ཕྱིར་ལེགས་སོ་ཞེས་བྱ་པ་ནི་བཞིའོ། །དད་པའི་དབང་གིས་ནི་ཚིག་གཉིས་སོ། །ལ་ལ་ན་རེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་ཟེར་རོ། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གོ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཆང ཆེན་པོའི་ཐུགས་རྗེ་ཆེན་པོ་སྟེ། མཆོག་ནི་ཉོན་ཐོས་པ་ལ་སོགས་པ་ལས་ཕུལ་དུ་བྱུང་བ་ལ་དྲི་མ་མེད་པ་ན་ཐབས་ལ་མཁས་པ་ཉིད་ཀྱིས་བསྡུས་པ་གང་ཞིག་གི་བཟད་པའི་ལས་ནི་གསོད་པའི་ལས་བྱས་ན་ཡང། གདུག་པའི་སེམས་ཅན་རྣམས ལ་སངས་རྒྱས་ཀྱི་འབྲས་བུ་ཉིད་སྩོལ་ནི་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བཅོམ་ལྡན་འདས་ལ་ཁོ་བོ་ཅག་ཐེ་ཙོམ་དང་བྲལ་བ་རྙེད་པ་ཡང་བརྙེས་སོ་ཞེས་བྱ་བ་སྟེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཞེས་བྱ་བ་ནི་བོང་པའོ། །རྡོ་རྗེ་རིགས་ལ་སོགས་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ཨོ། །དེ་བཞིན་གཤེགས་པ་ཐམས ཅད་ཀྱི་རང་བཞིན་གྱི་དཔལ་གསང་བ་འདུས་པའི་རྒྱུད་འདི་ལ་དབང་བསྐུར་བ་གང་ཡིན་པ་ནི་སྔགས་པ་སྟེ། རྣལ་འབྱོར་པ་དེ་ཟབ་མོའི་ཆོས་ཐོས་ནས། སྒྲ་ཇི་བཞིན་པ་ཙམ་ལ་བརྟེན་ཅིང་འཇིགས་པར་མི་བྱ་སྟེ། སུན་དབྱུང་བར་མི་བྱའོ། །སྐྲག་བར་གྱུར་པར་མི བྱ་བ་ནི་བསམ་པས་སོ། །ཡང་དག་པར་སྐྲག་པར་མི་བྱ་བ་ན་བསྒོམ་པས་སོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བས་ནི་གཏན་ཚིགས་གསུངས་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་རྡོ་རྗེ་ལས་བྱུང་བ་ནི། ཞེ་སྡང་ལས་སྐྱེས་པའི་ཁྲོ་བོའི རྒྱལ་པོའི་རང་བཞིན་གྱི་སྐུ་གང་ཡིན་པ་དེ་རྣམས་ཀྱིས་གསོད་པ་ལ་སོགས་པའི་ཕྲིན་ལས་གང་ཡིན་པ་དེ་ནི་ཁྲོ་བོ་ཞེ་སྡང་གནས་ལ་སྐྱེས་ཞེས་གསུངས་ཏེ། གང་གི་ཕྱིར་ཐམས་ཅད་བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལས་སྐྱེས་པ་ནི་བྱུང་བའོ། །ཆོས་ཐམས་ཅད ནི་རང་བཞིན་གྱིས་འོད་གསལ་བའི་རིགས་པས། གང་ཡང་རུང་བའི་རིགས་ཀྱི་རྣལ་འབྱོར་གྱིས་ལས་བྱེད་པར་འདོད་ན་རང་བཞིན་གྱིས་དག་པའི་ཆོས་ཉིད་དང་སྙིང་རྗེ་ཆེན་པོ་ལ་དམིགས་པར་བྱེད་ན། དེའི་ཚེ་སྐྱོན་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་སྒྲ་ཇི་བཞིན་པ་ཙམ བཟུང་ནས་ཆོས་ཉིད་སྤངས་ཏེ། སྔ་མ་དང་ཕྱི་མའི་རྣམ་པར་དཔྱོད་པ་སྤངས་ནས། ཆོས་སྤོང་བར་མི་བྱ་བ་ནི་སྨོད་པར་མི་བྱ་བ་སྟེ། དེ་བཞིན་གཤེགས་པའི་གསུང་ནི་ཟབ་པ་དང་དོན་དུ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཀྱེ་བྱང་ཆུབ་སེམས་དཔའ་རྣམས་རྒྱུད ནི་ཆོས་ཉིད་དེ། བསྡུས་པ་ནི་རྗེས་སུ་དྲན་པ་དང་བསམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་དང། བདག་ཀྱང་རང་བཞིན་གྱིས་རྣམ་པར་དག་པའོ། །ཞེས་བསམས་ནས་སྟོང་པ་ཉིད་ནི་ཆོས་ཉིད་ལ་འཇུག་ཅིང་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་ལས ཐམས་ཅད་བྱའོ་ཞེས་བྱ་བ་ནི་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐེ་ཚོམ་བྲལ་བར་གྱུར་ཅིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འོག་ནས་བཤད་པའི ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་པ་ནི་འདུད་དོ། །དེ་ཉིད་བཤད་པར་བྱ་སྟེ། སྟོན་པ་དང་བསྟན་པ་དང་བསྟན་པར་བྱ་བའི་བྱེ་བྲག་གིས་བསྟོད་པ་ནི་རྣམ་པ་གསུམ་སྟེ། དེ་ལ་སྟོན་པ་ནི་རྡོ་རྗེ་འཆང་ངོ། །དེའི་འཁོར་དང་བཅས་པ་དེ་ཉིད་ལ་བསྟོད་པ་བཤད པར་བྱ་སྟེ། གང་ཞིག་དུས་གསུམ་རྡོ་རྗེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རང་བཞིན་ནི་རང་བཞིན་ཅན་ནོ། །ཐུགས་ནི་སྤྲོ་བའི་བདག་ཉིད་དོ། །སྲིད་པ་ཐར་གྱུར་པའི་ཐར་པ་སྟེར་བ་དེ་དག་ལ་མི་གནས་པའོ། །ཞི་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན དང། སྒྲིབ་པ་མེད་པ་ནི་མཚན་མ་མེད་པའི་རང་བཞིན་དང། དག་པ་ནི་སྨོན་པ་མེད་པའི་རང་བཞིན་དང། ནམ་མཁའ་ཨི་ངོ་བོ་ནི་མངོན་པར་འདུས་མ་བྱས་པའི་རང་བཞིན་ནོ།། སངས་རྒྱས་རྣམས་ཀྱི་ལྷག་པའི་བྱང་ཆུབ་ནི་ཡེ་ཤེས་ལྔ་སྟེ། དབང་ཕྱུག་དམ་པ ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། ། བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལྟ་བུ་ཁྱེད་ལ་ལུས་དང། ངག་དང་ཡིད་ཀྱི་རྟག་ཏུ་ཕྱག་འཚལ་ལོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔའི་རྣམ་པར་དག་པའི་མཚན་ཉིད་ཅན་དེ་བཞིན་གཤེགས་པ་ལྔའི་བདག ཉིད་དང། སྐྱེ་མཆེད་དྲུག་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་ཨི་བདག་ཉིད་དང། ཡུལ་རྣམ་པར་དག་པའི་བདག་ཉིད་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་དང། ས་ལ་སོགས་པའི་ཁམས་རྣམ་པར་དག་པའི་བདག་ཉིད་དེ། སྦྱན་དང་མཱུ?་མཀཱི་དང་ན་བཟའ་དཀར་མོ་དང། སྒྲོལ མ་དང། ?་མ་ཀཱི་ཆེན་མོའི་རང་བཞིན་ཏེ། བྱང་ཆུབ་ཀྱི་སེམས་ནི་དོན་དམ་པ་དང་དེ་དང་འདྲ་བ་ནི་ཀུན་རྫོབ་སྟེ་།དེའི་བདག་ཉིད་ཁྱེད་ལ་ལུས་ལ་སོགས་པ་རྣམས་ཀྱིས་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་གཏི་མུག་ལ་སོགས་པ་ནི་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་དང། ཕུང? པོ་ལ་སོགས་པའི་བདུད་དང། ལོག་པའི་ལྟ་བ་ལ་སོགས་པ་སྟེ། དེའི་རྣམ་པར་དག་པའི་ངོ་བོ་འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པ་སྒོ་སྲུང་བཞིའི་རང་བཞིན་དང་།རིག་པ་ནི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་ཁྲོ་བོའི་ལྷ་མོ་སྟེ། དེ་དང་ལྷན་ཅིག་ཏུ་སྦྱོར་བ ནི་སྙོམས་པར་འཇུག་པས་འབྱུང་བ་ནི་སྐྱེད་པར་ལྟར་པ། རྟག་ཏུ་རབ་འབྲེལ་བ་ནི་དུས་ཐམས་ཅད་དུ་སྟེ། རྣམ་པ་སྣ་ཚོགས་པ་ནི་བྱེད་པ་དང། ཡན་ལག་གི་བྱ་བ་ལ་སོགས་པ་གང་ཡིན་པ་དེ་གཙོ་བོར་གྱུར་པའི་དགའ་བ་ནི་རབ་ཏུ་དགའ་བ་སྟེ། དེས་མྱོས་པའི དངོས་པོ་ནི་དགའ་བ་ལ་སོགས་པའོ། །དགྱུར?་པ་ནི་ཐོབ་པ་སྟེ་ཁྲོ་བོའི་རྒྱལ་པོ་རྣམས་སོ། །དེ་དག་རྣམ་པར་དཔྱད་ན་བྱང་ཆུབ་སེམས་དང་འདྲ་བ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་དེ་ལ་ཕྱག་འཚལ་ལོ། །སྤྲོས་པ་ལ་སོགས་པ་ནི་སྔར?་བཤད་པ་སེམས་འབྱུང་བའི་རྒྱུར གྱུར་པ། དེའི་རང་བཞིན་ནི་འདོད་པའི་རྒྱལ་པོ་ལ་སོགས་པའི་གཙུག་ཏོར་དྲུག་གོ། དེ་བཞིན་དུ་རྨོངས་པ་གཏི་མུག་གོ། ཞེ་སྡང་ནི་སྡང་བའོ། །འདོད་ཆགས་ནི་ཆགས་པ་སྟེ། དེ་དག་ནི་ཁམས་གསུམ་པ་ཡིན་ཏེ་དེ་ཉིད་སྒྲིབ་པའོ། །རྡོ་རྗེ་ནི་སྙིང་རྗེ་དང་ཤེས་རབ་? ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁམས་གསུམ་གྱི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དང་འདྲ་བ་ནི་སྔ་མ་བཞིན་ཏེ། ཕྱག་འཚལ་ལོ་ཞེས་བྱ་བ་དང་སྦྱོར་བ། བསྟན་པ་ལ་བསྟོད་པ་བཤད་པར་བྱ་སྟེ། གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། ཐོག་མེད དངོས་མེད་ནི་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་ཐབས་སུ་གྱུར་པ་དང་ཤེས་རབ་དང་ཐབས་ལས་བྱུང་བ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན། སྤྲོས་པ་དང་རྣམ་པར་བྲལ་བ་ནི་རྟོག་པ་ཐམས་ཅད་པར་བྲལ་བ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་མཚན་ཉིད་དོ། །དེ་བཞིན་དུ གསང་བའི་དབང་བསྐུར་པའི་མཚན་ཉིད་དང། བརྟུལ་ཞུགས་ནི་རིག་པའི་བརྟུལ་ཞུགས་དང། དམ་ཚིག་སྦྱོར་བ་ནི་དེ་མཚེག?་སྡོམ་པ་ལ་སོགས་པ། སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་རྡོ་རྗེ་དང་འདྲ་བ་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བ་དེ་ལ་ཕྱག་འཚལ་ལོ། །གང་ཞིག འདི་བསྙེན་པ་ལ་སོགས་པ་ཡན་ལག་བཞི་གཙོ་བོར་གྱུར་པ། དངོས་གྲུབ་མཆོག་གི་ཐབས་ནི་བསྒྲུབ་བྱ། སྒྲུབ་པའི་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་རྫོགས་པའི་རིམ་པ་གཙོ་བོར་གྱུར་པ་སྒོམ་པར་བྱེད་པ་དེ་དག་བྱང་ཆུ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར བལྟས་ནས། དེ་ལ་རྟག་ཏུ་ཕྱག་འཚལ་བར་བྱའོ། །དེ་བཞིན་དུ་བསྙེན་པ་ལ་སོགས་པ་ཡན་ལག་དེ་ཉིད་རྡོ་རྗེ་བཞིའི་རིམ་གྱིས་སྒྲུབ་པར་བྱེད་པ་དང། དམན་པའི་དངོས་གྲུབ་ནི་རྟོག་པའི་ལྷའི་སྒྲུབ་པར་བྱེད་པ་སངས་རྒྱས་དང། བླ་མའི་དྲིན་གྱིས་ནི་དེ་བཞིན་གཤེགས་པ ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས་སྒྲུབ་པར་བྱེད་པ་ནི་སྔ་མ་བཞིན་ནོ། ། བསྟན་པར་བྱ་བ་ལ་བསྟོད་པར་བཤད་པར་བྱ་སྟེ། རྒྱུད་འདི་བཤད་པར་གྱུར་པའི་ཚེ་ཉན་པ་ནི་དྲིན་དང་བྲལ་བ་སྒྲ་ཙམ་ཐོས་པ་དང། འདོན་པ་ནི་རྒྱུན་མ་ཆད་པར་ཁ་ཏོན་བྱེད པ་དང། ཀློག་པ་ནི་ངེས་འགལ་འདོན་པ་དང། སེམས་པ་ནི་ཐོས་ནས་བསམ་པར་བྱེད་པ་དང། ཡང་ན་གླེགS་བམ་ལ་དང་པས་མཆོད་པར་བྱེད་པ་དང། རང་འདྲི་པའམ་གཞན་འདྲིར་འཇུག་པའོ། །དེ་དག་ལ་ཞེས་བྱ་བ་ནི་སྟི་མ་བཞིན་ནོ། །གང་ཞིག་སྒྲུབ་པ་པོ་རྒྱུད་འདི་ཉིད་ཀྱི་ཞི་བ་ལ སོགས་པའི་ལས་ཀྱི་ཚོགས་དང། སྔགས་དང་འཁྲུལ་འཁོར་དང་ཕྱག་རྒྱ་སྒྲུབ་པར་བྱེད་པ་དེ་ལ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །དེ་བཞིན་དུ་གང་ཞིག་མཐོང་བ་ནི་གླེགས་བམ་ཙམ་མཐོང་བ་དང། རེག་པ་ནི་ལག་པས་རེག་པ་དང། གྲོང་དང་དགོན་པ་ལ་སོགས་པར་ཡང གླེགས་བམ་དྲན་པའམ། དེའི་དོན་དྲན་པའམ། མིང་ནི་འདུས་པ་ཞེས་བྱ་བ་ཐོབ་པ་འམ། ཙམ་ནི་ཕྱོགས་གཅིག་གི་མིང་སྟེ་གསང་བ་འམ། འདུས་པ་ཞེས་ཐོས་པ་དང། འབྲི་བར་བྱེད་དུ་བཅུག་པ་དང། ཉན་པ་དང། ཀློག་པ་དང། སེམས་དཔའ་དག་སྒོམ་པ་ལ་སོགས་པ་གང་ཡིན པ། དང་བར་བྱེད་པ་ནི་སེམས་དང་བར་བྱེད་པ་དང། དེ་བཞིན་དུ་སྔར་མ་ལུས་པ་དྲན་པར་བཤད་ཅིང་ཕྱོགས་གཅིག་དྲན་ཡང་བཤད་པར་བྱ་སྟེ། ཕྱོགས་གཅིག་དྲན་པ་ནི་ཡི་གེ་ཕྱོགས་གཅིག་དྲན་པ་དང། དོན་གྱི་ཕྱོགས་གཅིག་དྲན་པ་དང་།དོན་གྱི་ཕྱོགས་གཅིག་དྲན་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཆེན་པོ་ནི་རྡོ་རྗེ འཆང་ཆེན་པོ་དང་འདྲ་བས་དེ་ལ་རྟག་ཕྱག་འཚལ་བ་དང་བཏུང་དེ་ཞེས་བྱ་བའི་དོན་ཏོ། །བསྟོད་པའི་ཚིགས་སུ་བཅད་པའི་འོག་ཏུ། ?་།ཡི་རང་བ་བཤད་པར་བྱ་སྟེ། བསྟོད་པའི་ཚིག་འདི་ནི་སྔར་བཤད་པའི་བསྟོད་པའི་ཚིག་གིས་བསྟོད་ཅིང་བཤད་ནས། འདྲེན་པ་ཀུན་ནི་དཀྱིལ འཁོར་བ་དང་བཅས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སྟེ། དེའི་དོན་ནི་བསྟད་པའི་རྣམ་པ་དང། སྒྲུབ་པ་པོ་དང་བསྟན་པར་བྱ་བ་ལ་བསྟོད་ཅིང། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་རྒྱུད་ནི་རྒྱུན་ཏེ་རྒྱུ་དང་ཐབས་དང་འབྲས་བུའི་དབྱེ་བས་རྣམ་པ་གསུམ་མོ། །རྒྱུད་ཀུན་ནི་བྱ་བ་དང། སྤྱོད་པ་དང། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་།དེ་རྣམས་ཀྱི་དངོས་གྲུབ་དང་ཏིང་ངེ་འཛིན་གཙོ་བོ་ཡིན་པས་ན་བདག་པོའོ། །བདེ་པའི་ཐབས་ཡིན་པའི་ཕྱིར་མཆོག་གོ་།དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པའི་རྒྱུ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་དོ།། གསང་བ་ནི་བྱ་བའི་རྒྱུད་ལ་སོགས་པ་ཞུགས་པ་ལ་བསྟན་པར་མི་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་བྱེད་པས་ན་འདུས་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུ་ཡིན་པས་ན་འབྱུང་ངོ། །ལེགས་པར་མཉན་པས་ན ལེགས་པར་གསུངས་པ་ཡིན་ཏེ། ལེགས་པར་བཀའ་སྩལ་པའོ། །འདི་ནི་དཔལ་གསང་བ་འདུས་པའི་རྒྱུད་དོ། །རྗེས་སུ་ཡི་རང་ནི་མངོན་པར་དགའ་ཞིང་ཉེ་བར་བསྡུ་བའོ། །དེ་ནི་ལས་ཀྱི་རྒྱལ་པོ་མཆོག་གོ་།འདི་སྐད་གསུངས་ནས་ཞེས་བྱ་བ་ནི་བསྟོད་པའི་ཚིག་བརྗོད་ནས་སོ། །དེ་བཞིན གཤེགས་པ་དང་བྱང་ཆུབ་སེམས་དཔའ་ནི་མི་བསྐྱོད་པ་ལ་སོགས་པ་དང་བྱམས་པ་ལ་སོགས་པའོ། །ཉིད་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་པ་སྐུ་ལ་སོགས་པ་ལ་རང་གི་སྐུ་ལ་སོགས་པ་ཞུགས་ཤིང་གཅིག་ཏུ་གྱུར་ཏེ། གཉིས་སུ་མེད་པའི་ཏིང་ངེ་འཛིན་མི་གསུང་བར གྱུར་པ་ནི་བདེ་བ་ཆེན་པོ་ལ་དམིགས་ཏེ་གནས་པར་གྱུར་ཏོ། །ཞེས་རྫོགས་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་སྐུ་གསུང་ཐུགས་ནི་སྔགས་སམ་གཟུགས་ཏེ། དེ་རྣམས་ཀྱི་གསང་པ་ནི་སྔ་བར་བྱ་།དཔལ་གསང་བ་འདུས པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་རྒྱུད་ཀྱི་རྒྱལ་པོའི་གསང་བ་ཐམས་ཅད་དེ་འདྲི་བའི་ཚིག་དང། དེ་རྣམས་ཀྱི་སྟོན་པ་ནི་ལན་གྱི་ཚིག་སྟེ། དེ་དག་བྱིན་གྱིས་རློབ་བརྗོད་པར་བྱེད་པ་གང་ཡིན་པ་དེ་ནི་གསང་བ་ཐམས་ཅད་སྟོན་པ་རྡོ་རྗེ་ཡེ་ཤེས་བྱིན གྱིས་རློབ་པ་ཞེས་བྱའོ། ། །།ལེའུ་ཞེས་བྱ་བ་ལ། ཇི་ལྟར་གོས་ཀྱིས་ཆུ་སྦྲང་ལ་སོགས་པ་ལས་བསྲུང་བ་དེ་བཟིན་ཉོན་མོངས་པའི་སྒྲིབ་པ་སེལ་བར་བྱེད་པས་ན་གོས་དང་འདྲ་བ་སྟེ། དེ་འཛིན་ཅིང་ལེན་པར་བྱེད་པས་ན་པ་ཏ་ལ་སྟེ། དེ་རྗོད་པར་བྱེད་པའི་གཞུང གི་ཚོགས་ལ་ཡང་ལེའུ་ཞེས་བྱའོ། །ཚིག་གི་དོན་བཅུ་དྲུག་གོ། རྒྱུད་ཀྱི་འགྲེལ་པ་ལས་ལེའུ་བཅོ་བརྒྱད་པའི་ཚིག་གི་དོན་རྒྱ་ཆེར་བཤད་པའོ།། །།དེ་ལྟར་གསང་བ་འདུས་པ་ཡི། །བྱང་ཆུབ་སེམས་ནི་རབ་གསལ་བྱེད། །བླ་མའི་ཞལ་ནས་རྙེད་ནས ནི། རྒྱུད་འགྲེལ་བདག་གི་འདི་ཉིད་བྱས། །ཚིག་གསལ་མདོ་རྒྱུད་སྤུན་ལས་བྱུང། །ཐབས་དང་ཤེས་རབ་མེ་འབར་བ། །ཀླུ་སྒྲུབ་སྙིང་པོ་བདག་གིས་ནི། །མདོར་ན་འགྲེལ་པ་སྡོམ་བུ་བསྡུས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་དང། །གསང་བ་འདུས་པའི་རྒྱུད་རྒྱལ་? བླ་མ་ལ་ནི་དད་ཆེས་པས། །གང་ཞིག་འགྲོ་ལ་ཕན་འདོགས་པའོ། །དཔལ་ལྡན་རྒྱལ་པོ་བདེ་གཞོན་དུས་སུ་ལོ་ནི་བཅོ་བརྒྱད་ལ། །འཕགས་པའི་ལྷ་ཡིས་བྱས་པའི་དཔལ ལྡན་གནས་ནི་ཤར་ཕྱོགས་སུ། །དགེ་སློང་རྣམས་ཀྱི་གཙུག་ལག་ཁང་གི་ཕྱོགས་གཞན་གྱིས་ནི་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཨི་དྲིན་གྱིས་བདག་གིས་རྒྱུད་འགྲེལ་འདི་ནི་རྣམ་པར བརྩམས། །དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི།། འགྲེལ་པ་སྒྲོན་མ་རྣམས་རྒྱལ་དང། །ཉོན་མོངས་ཤེས་བྱའི་སྒྲིབ་པ་མུན། །དེ་ཉིད་ཀྱིས་ནི་འཇོམ་པར་ཤོག། དཔལ་གསང་བ་འདུས་པ ཞེས་བྱ་བརྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། རྡོ་རྗེ་ཐེག་པ་ཆེན་པོ་པ། །དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ གཞོན་ནུ་བུ་མ་བའི་ཞལ་སྔ་ནས་ཀྱིས་བསྒྱུར་ཅིང་གཏན་ལ་བབ་པའོ།

CLOSE WINDOW