CLOSE WINDOW

N1431: དཔལ་ལྷ་མོ་དམག་ཟོར་གྱི་མན་ངག
Wyliee-texts based on the ACIP/ALL Input

། །།ོཾ་སྭ་སྟེ། རེ་མ་ཏེའི་དམག་ཟོར་གྱི་མན་ངག་འདི་ལ། མན་ངག་ཅིག་ལ་འབུངས་གཉིས་ཏེ། དང་པོ་ཨཱ་ཅེ་དྱང་མར་པོ་ལ་?་འབྱུང་གན་སྦཟང་པོས་གསེད་སྲང་ལྔ་ཕུལ་ནས་ཞུས། དགེ་བ་ཤེས ལྕེ་ལ་ཞང་ཤེས་རབ་བླ་མ་དང། སྣུབས་རྒྱལ་ལེ་གཉིས་ཀྱི་རྟ་གཅིག་སྤྱི་མར་ཕུལ་ནས་ཞུས་སྣུབས་ལ་ཀྱི་མ་མོ་ཁྲག་མིག་ཅེས་པར་གྲགས་སོ། །གཉིས་པ་ནི་ལོ་ཙ་བ་ཤེས་རབ་བླ་མས་གུ་རུ་ཨཱ་ཅ་རྱ་དམར་པོ་ཉིད་རྒྱ་གར་དུ་གཤེད བ་ལ་བལ་པོ་ཚུན་ཆང་སྐྱེལ་ཐུང་མཛད་ནས་ཞུས་ནས་བྱང་བྱང་སྟེ། ཞལ་གྱི་མན་ངག་མ་ལུས་པ་ཡིད་ཆེས་པར་གནང་སྟེ། ཁུང་གཉིས་སོ། །དམག་ཟོར་ཞེས་པའི་དེས་ཚིག་གཏམ་དེར་རྩང་ཆོད་དོ། །གཟུང་ནི་སྡོམ་བརྒྱད་པ་འདི་ཉིད་ཡིན་ཏེ། ཁུངས་མཐུན ནོ?་མན་ངག་འདི་ཡི་བྱོ་ཐབས་ལ། །མཆོད་པ་བཤམ་ས་རྟེན་བཅའ་བ་དང། མ་མོ་བསྐྱེད་ཅིང་ཡེ་ཤེས་དགུག། །མཆོད་ཅིང་བཟླས་པ་བྱ་བ་དང། །བསྟོད་ཅིང་ལས་ལ་བསྡུ་བའོ། །དེ་ལ་མཆོད་པ་བཤམས་པ་ནི། །དུར་ཁྲོད་ལ་སོགས་དབེན་པའི་སར། ། མཎྜལ་ཁྲུ་གསུམ་ཆག་ཆག་བྱ། །མདུན་དུ་གྲུ་གསུམ་ལིང་གང་ཞུག་མཎྜལ་སྟེང་དུག་སོགས་པའི་རྔོས། །ཕུད་དང་གཏོར་མ་རྐཋ་བཤམ། །ཁམ་ཤིང་བྱང་དམར་ནད་རྐྱལ་དང། ཤོ་རྔོ་ཆོན་གྱ་དྲུ་བུ་སོགས། །ཤ་སྣ་རྙེད་ཚད་མི་དཔང་ཤ་གསུང ཆེན་མ་མོ་མཉེས་པར་བྱ། །དེ་ནས་རྟེན་ཀྱི་ཕྱ་ཐབས་ནི། །དཀྱིལ་འཁོར་དབང་ལྡན་མེ་ཆམས་སུ་ནི། །འབྲུ་ནག་འཇིམ་ནག་བསྲེས་པ་ལ། །དྲེ་རྟ་ལ་ཞོན་ནག་མོ་ནི། །མཐིང་ནག་རྒྱན་གྱིས་བརྒྱན་པ་མོ། །རྨ་བྱའི་གདུགས་ཀྱིས་ཕུག་པ་སྟེ། བདུད་ཕྲུག མཚོན་ཐོགས་མང་པོས་བསྐོར། །འཇིགས་སུ་རུང་བས་བསྐོར་བར་བྱཾ། །ད་ནི་མ་མོ་བསྐྱེད་པར་བྱ། །རང་གི་ཆོ་ག་རྫོགས་བྱས་ལ། །བྱང་ཤར་མུ་ལེ་དིངས་སུ་བསམ། །རླུང་ནག་ཚུབ་མའི་ནང་ཤེད་དུ། །ཀྵ་ཞེས་བརྗོད་བས་སྐད་ཅིག་གིས། །དམག་ཟོར ནག་མོ་རེ་མ་ཏེ། །དྲེད་རྟ་ལ་ཞོན་ཐོད་པ་ཅན། །ཕྱག་གཡོས་བེ་ཅོན་འཛིན་པ་ལ། །ཕྱག་གཡོན་ཐོད་པ་ཁྲག་གང་བསྣམས། །དམོན་མོའི་མཆོན་ཆ་ལྔ་དང་བཅས། །སྒ་ཡི་སྔ་ཤ་ནང་རྐྱལ་ལ། །སྐེ་ཡི་ཕྱི་བུ་དྲུ་བུ་སྟེ་ཤིང་རྐེང་ལ་གཟེར་བ་དང། བྱང་དམར་ཤོ་རྡེ་སྔ་ཤལ། །དང་ནག་གོས་ཀྱི་ཆས་ཀྱི་བརྒྱན། །རྨ་བྱའི་གདུགས་འོག་ཆུད་པར་བསམ། །བདུད་ཕྲུག་ཚོས་ནི་དུས་མཉམ་དུ། །གཡོན་པ་ཐོད་ཁྲག་ཡུངས་ཀར་ཅན། །གཡས་པ་མཆོན་ཆ་སྣ་ཚོགས་ཅན། །དེ་ལྟར་དམ་ཚིག་བསྐྱེད་བྱས་ལ། །རང བཞིན་གནས་པ་གཞུག་པར་བྱ། །ཛའདིར་སྦྱོན་དྲེའུ་རྟའི་གདན་ལ་བཞུགས། །རག་མོ་ཛཔཱུ་ཛ་ཧོ། །ཕྲ་མེ་སྦོམ་པ་ལས་བྱུང་པའི། །བདུད་རྩི་བྲམ་པའི་ཛ་གང་འདི། །དམག་ཟོར་ནག་མེ་ལ་འཕུལ་ལགས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཡི་གེ་སུམ་ཅུ་གཅིག་པ་ལ། །པཉྩ་ཨ་མྲི་ཏ་ཁཱ་ཧི་གདགས་སོ། །ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང སྦྱར། །འབྲུ་སྣ་ལྔ་ལ་སྦྱར་བའི་གཏོར་བ་འདི། །དམག་ཟོར་ནག་མོ་ཁྱོད་ལ་དབུལ་ལགས་ཀྱིས་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །སྡགས་ཀྱི་འདུག་ལ་བི་ལཾ་ཏ་ཁ་རཾ་ཁཱ་ཧི་ཞེས་གདགས་སོ། །ཆུ་མ་འདྲེས་དངས་མའི་ཁྲག། །དངས་མ་ཡི་ནི་ཁྲག་ཆེན དཔོ། དམག་ཟོར་ནག་མོ་ལ་དབུལ་ལགས། །བསྟན་པ་བསྲུང་ཕྱིར་བཞུགས་གསོལ། །སྡགས་ཀྱི་མཇུག་ལམ་ཧཱ་རྐྟ་ཁ་རི་ཁཱ་ཧི་ཞེས་སོ། །ལྷ་མོའི་འཁུ་ལྡོག་མི་ཡོང་བར་བྱ་བའི་ཕྱིར། །བྱང་ཆུབ་ཀྱི་སེམས་དཀར་དམར་ལྕ་ལ་བཞག་གཅིང་མཆོད་དོ། །དེ་ནི་དམ བསྲེ་བའོ། །དེ་ནས་སྨོན་ལམ་གདབ་པ་ནི། །བདག་ཅག་དུས་འདིར་ཆོ་རིང་ཞིང། བུ་དང་ཚ་བོ་རྒྱས་པ་དང། ལོངས་སྤྱོད་ཐམས་ཅད་རྒྱས་པ་དང། །ལོག་པར་ལྟ་བའི་དགྲ་དང་བགེགས། །ཐམས་ཅད་རྟག་ཏུ་བརླག་པར་བྱེད། །ད་ནི་བཟླས་པ་བརྩམ པར་བྱ། །རྟེན་གྱི་ལྟ་མིའོ་ཐུགས་ཀར་རུ། །རྒྱུས་པའི་སྲད་བུ་དེ་ལ་གདགས་རྣལ་འབྱོར་སྙིང་གའི་ས་བོན་ལས་ཀ་འོད་ཟེར་དཀར་པོ་འཕྲོས་པ་ཡིས། །ལྷ་མོའི་ཐུགས་ཀར་མ་ལ་ཐིམ། །འོད་ཟེར་སྡགས་ཀྱིས་མཆོད་པར་བསམ། །འོད་ཟེར་དཀར་པོ སྡགས་ཀྱི་གཟུགས། །བདག་ལ་སླར་ཐིམ་དངོས་གྲུབ་བྱིན། །དེ་ལྟར་ལང་དང་ཡང་དུ་བསམ། །དེ་ཡི་ཐུན་སྨད་དག་ལ་ནི། །བདག་དང་མ་མོ་བདུད་ཕྲུག་བཅས། །ཐམས་ཅད་དུས་མཉམ་སྡགས་ཟློས་པའི། །འོད་ཟེར་དུག་མདའའདྲ་བ་ཡིས། །འབྲུབ་ཁུང་ཡངས ཐུན་ཁྲག་ཐུན་བྱ། །བཟས་པའི་ལུས་རྐྱང་བརླག་པར་བསམ། །མགོན་པོ་དེ་ལ་གཟུངས་ཐག་བསྟད། །བསྟོད་པ་ཅུང་ཟད་ཅུང་ཟད་བྱ། །རེམ་ཏི་ནི་སྤྱི་དང་མཐུན། །དེ་ནས་ལས་ལ་བསྡུ་བ་ནི། །བདུད་ཕྲུག་ཚོགས་དང་ཁྲག་རྣམས་ནི། །སླེའུ་ཁུད་དུ་ཁྱེར ནས་ནི། །བསྒྲུབ་བྱའི་ཕྱོགས་སུ་ཁ་བལྟས་ལ། །སྐ་བཅིངས་འགྲམ་པ་སོལ་བས་བྱུག། དཔུང་པ་གཡས་བ་ཕྱུང་ནས་སུ། །ཡུགས་སྐྲས་བྱས་པའི་འུར་རྡོ་འམ། །ཡང་ན་ལག་པ་རང་གིས་ཏེ། །ཟོར་ལམ་?་རང་མཐུན་མར་དབྱེ། །དམག་གི་ཚགས་ནི་མི་ཐུབ་སྦྱིན དུག་ལྔ་བགད་བ་མང་པོ་དང། །ཡུངས་ཐུན་ཐོགས་པ་མང་པོ་དང། །མཚོན་ཆ་ཐོགས་པ་མང་པོ་ཡིས། །དགྲ་ལུས་ཡུལ་འཁོར་བཅོམ་པ་དང། །ཐམས་ཅད་གསོད་ཅིང་ཟ་བར་བསམ། །གཡང་གཞི་དྲག་ཏུ་བརྡབ་པར་བྱ། །ལོག་ལ་ལྷ་མོ་ལ་ཡང མཆོད། །བདུད་བུང་མང་པོ་འཕངས་བའི་ཚེ། །བདུད་ཕྲུག་གཟུགས་རྣམས་སྣང་ན། །ལས་རྣམས་འགྲུབ་པར་གདོན་མི་ཟ། །བདུད་རྣམས་འདུག་ན་ཅུང་ཟད་དཀའ་། ཅུང་ཟད་བསྟོད་པ་བྱེད་པ་ནི། །ཧཱུཾ་བྷཡོ་དཔལ་གྱི་གཟུགས་ཅན་འདོད་ཁམས གཙོ་མོ་ཁྱོད། །རྟ་མཆོག་དྲེའུ་རྟ་ཞོན་ནས་དཔག་ཚང་ལྔ་བརྒྱར་བརྒྱུག། བེ་ཅོན་ཐོད་པ་དམ་པ་རང་རྟགས་འཛིན། །རེ་ལྡེས་སྟོད་དཀྱེས་སྤྲུལ་གྱི་ཤམ་བུ་ཅན། །ལྟེ་བར་ཉི་ཤར་གཙུག་ན་ཟླ་རྒྱས་མ། །ཁྲག་ནད་བདག་མོ་?་ཕྱག་དང འབར་མ། །ལྷ་མོ་རེ་མ་ཏི་ལ་བསྟོད་པ་འབུལ། །རག་མོ་བྷཡོ། །རག་མོ་བྷཡོ་བྷཡོ། །རག་མོ་ཐུན་བྷཡོ། །བ་ལ་རག་ཆེན་མ། རག་མོ་ཨ་བྱ་ཏ་བྱ་ཐུན་བྷཡོད། །རུ་ལུ་རུ་ལུ་ཧཱུཾ་བྷཡོཾ་ཧཱུཾ། ཆེ་གེ་མོ་མཱར་ཡ། བོད་རྦད་གསད་གསུམ་དེ་ལ་ཚང། །བཟླས་པལ་ནི་འགྲུས་ལ་བྱ་མ་མོའི་བསྟོད བསྐུལ་སྤྱི་དང་མཐུན། །གསེར་མཁར་དམ་དུས་བཞིའི་རྒྱལ་མའི་བསྐུལ་ལ་སོགས་བ་བྱ། །དཔལ་ལྷ་མོ་དམ་ཟོར་གྱི་མན་ངག་རྫོས་སོ།། །། ཙ་རྱ་དམར་བོ་ལ་ཤེས་རབ་བླ་མས་ཞུས་པའི་ལུགས་ཡིན།། །། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། །རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །སྡར་གསུངས་བའི་ཆོགས། སྟོང་པ་ཉིད་བསྒོམས་པའི་དང་ལས། སྣ་ཚོགས་པདྨ་དང་ཉིམ་ལ་ཧཱུཾ་ཡིག་ནག་པོ་དེ་ཉིད་ལས ཡོངས་སུ་རྫོགས་པའི་རྗེ་བཙུན་ནི་དཔལ་ནག་པོ་ཆེན་པོ་ཞལ་གཅིག།

CLOSE WINDOW