Wylie | e-texts based on the ACIP/ALL ![]() ![]() |
། །།*། །རྒྱ་གར་སྐད་དུ། །ཱ་རཱ་སཱ་ཡཱ་ཛཱ་ལ་ཀྲ་མིན་པ་ཏཱ་རེ་ག་སཱ་དྷ་ན། བོད་སྐད་དུ། འཕགས་པ་སྒྱུ་འཕྲུལ་དྲ་བའི་རིམ་པས་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། །རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་རྣལ་འབྱོར་པས་ཡིད་དང་རྗེས་སུ
མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་ལ། སེམས་ཅན་ཐམས་ཅད་ལ་དམིགས་ནས། །བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཀྱི་མཚན་ཉིད་ཀྱི་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གང་སྣ་ཚོགས་པདྨའི་སྟོང་དུ་ཟླ་བའི
དཀྱིལ་འཁོར་ལ་ཡི་གེ་ཏཱཾ་མ་རྐ་ཏའི་མདོག་ཅན་འོད་ཟེར་ལྔ་འཕྲོ་བ། འོད་ཟེར་གྱི་རྩེ་མོ་ལས་བྱུང་བའི་དེ་བཞིན་གཤེགས་པས་ནམ་མཁའ་གང་བར་བསྒེམས་ལ། དེ་ནས་དེ་བཞིན་གཤེགས་པ་རྣམས། །ཛདགུག་པ་དང། གཞུག་པ་དང། བཅིང་བ་དང། གནས་པའི་ངོ་བོར་གཞུག་པར་བྱའེ། །བཅུག་པའི་རྗེས་ལ་ཡི་གེ་ཏཱཾ་ལས་བྱུང་བ་ཏཱུཾ་གྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་རྩེ་ལྔ་པ་དང་ཨཻནྡྲ་ནཱི་ལའི་འོད་ལྟ་བུ་བསྒོམས་ལ། རྡོ་རྗེ་དེ་ལས་རྣམ་པར་སྣང་མཛད
ལ་སོགས་པའི་དེ་བཞིན་གཤེགས་པ་ནམ་མཁའ་ཨི་ལམ་མ་ལུས་བ་ཀུན་ཏུ་ཁྱབ་པར་སྤྲོས་ལ་བསྒོམ་མོ། །དེ་བཞིན་གཤེགས་པ་རྣམས་ལ་ཡང། །རྡོ་རྗེ་དེ་ཉིད་ལས་བྱུང་བའི་མེ་ཏོག་དང། སྤོས་དང། མར་མེ་དང། ལྷ་བཤོས་དང། ན་བཟའ་དང་རྒྱན་ལ་སོགས
པ་དག་རྒྱ་ཆེ་བ་བསྣམས་པ་མཛའ་ཡས་པས་མཆོད་ནས། དེ་རྣམས་ཀྱི་མདུན་དུ། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར
གནས་པར་བྱས་ལ། སེམས་ཅན་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ལྟ་བ་སྣ་ཚོགས་པའི་དྲ་བས་བཅིངས་པའི་སེམས་ཀྱི་རྒྱུན་ལ་དམིགས་ནས། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་བསྒོམས
ལ་སྔགས་འདི་བརྗོད་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སཱ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་རྒྱུ་བ་དང་མི་རྒྱུ་བ་འདི་ཐམས་ཅད་རང་གི་ལུས་དང་ལྷན་ཅིག་ཏུ་ནམ་མཁའ་ཨི་རང་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་སྔགས་འདིས་སྔར་བཤད་པའི་རྡོ་རྗེར་ང་རྒྱལ་བྱའོ། །ོཾ་བཛྲ
ཱཏྨ་ཀོ་ཧཾ། དེ་ནས་ཡི་གེ་ཧཱུཾ་ལས་རྡོ་རྗེའི་བདག་ཉིད་ཁ་དོག་སེར་པོ་རི་ས་གཞིར་བསྒོམ་མོ། །དེ་ནས་སྟེང་དུ་སྣ་ཚོགས་པདྨ་ལ་ཟླ་བའི་དཀྱིལ་འཁོར། །དེ་ཡི་སྟེང་དུ་ཡི་གེ་ཏཱས་བྱིན་གྱིས་བརླབས་པའི་རྡོ་རྗེ། །དེ་ལས་བྱུང་བའི་བཅོམ་ལྡན་འདས་མ
སྒྲོལ་མའི་ངོ་བོར་བདག་ཉིད་བསྒོམ་པར་བྱའོ། །ཞལ་གསུམ་པ་ཕྱག་དྲུག་པ་ནོར་བུ་མ་རྐ་ཏའི་མདོག་འདྲ་བ། །དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན། །རྩ་བའི་ཞལ་དོན་ཡོང་གྲུབ་པའི་དབུ་རྒྱན་དང་ལྡན་པ་སེམས་པའི་སྐྱིལ་མི་ཀྲུང་གིས་བཞུགས་པའོ། །དེ
ལ་དབུས་མའི་ཞལ་ནི་ནོར་བུ་མ་རྐ་ཏའི་མདོག་ཅན། །གཡས་པ་ནག་པོ། གཡོན་པ་དཀར་པོའོ། །གཡས་པའི་ཕྱག་དང་པོ་མི་འཇིགས་པ་སྦྱིན་ལ། །གཉིས་པ་ལ་རྡོ་རྗེ་ནག་པོ། གསུམ་པ་ན་མདའའོ། །གཡོན་པའི་དང་པོ་སྡིགས་མཛུབ་མཛད་པ། གཉིས་པ་ལ་ཨཽཏཔ་ལ
སྔོན་པོ། །གསུམ་པ་ལ་གཞུ་བསྣམས་པའི། །བསྤུའི་ཁུར་བུ་རེ་རེ་ནས་ཀྱང་དེ་བཞིན་གཤེགས་པའི་རིགས་ཀྱིས་ནམ་མཁའ་གང་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་འགྲོ་བ་རྣམས་ཀྱི་འཇིགས་པ་ཐམས་ཅད་སེལ་བའི་བཅོམ་ལྡན་འདས་མ་བསྒོམས་ལ། དེ་ནས་ཕྱིན
གྱིས་བརླབས་པར་བྱའོ། །དེ་ལ་སྤྱི་བོའི་དབུས་སུ་ཨོཾ་གྱི་ངོ་བོ་སྐུ་རྡོ་རྗེའོ། །མགྲིན་པར་ཨཱརིགས་དཔག་ཏུ་མེད་པ་འཕྲོ་བར་བསྒོམས་ལ། དེ་ནས་སྔགས་འདིས་བཟླས་པ་བྱའོ། །ོཾ་ཏཱ་རེ་ཏུཏརྟར?་རེ་ཏུ་རེ་སྭཱཧཱ། །བཟླས་པ་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྒྲོལ་ལ་ཇི་ལྟར་ནུས་པ་ཙི་ཡོད་ཀྱིས་མཆོད་པར་བྱའོ། །དེ་ལ་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས
མ་རྗེ་བཙུན་སྒྲོལ་མ་སྔར་བཤད་པའི་རིམ་པས་སོ། །དེ་ལ་ཤར་གྱི་འདབ་མ་ལ། །ོཾ་སཏྭ་བཛྲི་ཧཱུཾ། ལྷོའི་འདབ་མ་ལ། ཨོཾ་རཏན་བཛྲི་ཧཱུཾ། ནུབ་ཀྱི་འདབ་མ་ལ། ཨོཾ་དྷུ་རྨཱ་བཛྲེ་ཧཱུཾ། བྱང་གི་འདབ་མ་ལ་ཨོཾ་ཀ་རྨ་བཛྲི་ཧཱུཾ། མེའི་ཕྱོགས་སུ་ཨོཾ་མཱ་ཁྱེ་བཛྲི་ཧཱུཾ། བདེན་བྲལ་གྱི་ཕྱོགས་སུ
ོཾ་དྷུ་པ་བཛྲ་ཧཱུཾ། རླུང་གི་ཕྱོགས་སུ་ཨོཾ་གནདྷ་བཛྲི་ཧཱུཾ་དབང་ལྡན་གྱི་ཕྱོགས་སུ་ཨོཾ་རཱ་ས་བཛྲི་ཧཱུཾ། ཤར་ལ་སོགས་པའི་ཕྱོགས་སུ། ཨོཾ་བཛྲ་ཨཾ་ཀུ་ཤི་ཧཱུཾ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྤྲོ་ཊི་ཧཱུཾ། ཨོཾ་བཛྲ་ཨ་བི་ཤི་ཧཱུཾ། བསྒོམ་པ་དང་བཟླས་པ་བྱས་ལ། དེ་ནས་གཤེགས་སུ་གསོལ
བར་བྱའོ། །བསམ་གཏན་ལས་ལངས་ནས་ཀྱང། དེ་བཞིན་གཤེགས་པ་དང། མཆོད་རྟེན་ལ་སོགས་པ་ལ་ནུས་པ་ཅི་ཡོད་ཀྱིས་མཚར་པར་བྱའོ། །ོཾ་བཛྲ་ཨརྒྷ་ཧཱུཾ། ཨོཾ་བཛྲ་བུཥཔ་ཧཱུཾ། ཨོཾ་བཛྲ་དྷཱུ་པ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་གེ་ཧཱུཾ། ཨོཾ་བཛྲ་བདྷེ་ཧཱུཾ། ཨོཾ་བཛྲ་ཨ་རེ་ཧཱུཾ།
ོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུཏྟ་ར་པུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲ་ཧཱུཾ། འཕགས་པ་སྒྱུ་འཕྲུལ་དྲ་བའི་རིམ་པས་རྗེ་བཙུན་མ་སྒྲོལ་མའི་སྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མ་ཏཱ་ཛ་ན་དང། ལོ་ཙ་བ་གཞོན་ནུ་འོད་ཀྱིས
བསྒྱུར་བའོ། ། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་རེ་མཎྜལ་བི་དྷི་ནཱ་མ་སཱ་དྷ་ནཱ། །བོས་སྐད་དུ། འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཆོ་ག་ཞེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བླ་མ་དམ་པའི་ཞབས་ཀྱི་ནི། །པདྨ་ལ
གུས་ཕྱག་བྱས་ཏེ།
CLOSE WINDOW