CLOSE WINDOW

N1323: བྱུང་པོ་ཐནས་ཅད་ཀྱི་གཏོར་མའི་ཆོ་ག
Wyliee-texts based on the ACIP/ALL Input

སརྦ་བྷུ་ཏ་བ་ལི་བི་དྷི། བོད་སྐད་དུ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་།སངས་རྒྱས་ཐོད་བ་ལ་ཕྱག་འཚལ་ལོ། །དངོས་ཀུན་རང་བཞིན་བདེ་བ་ཐོག་།སྣ་ཚོགས་སྡེ་ལ་ཕྱག་འཚལ་ནས། །བླ་མས་བརྟན་པའི་རིམ་བཞིན དུ། །སེམས་ཅན་དོན་ཕྱིར་གཏོར་མ་བཤད། །རེ་ཞིག་དང་པོ་ཉིད་དུ་ནི། །ཡུལ་གྱི་ཉེས་པ་སྤོང་བྱེད་སྔགས། །བརྗོད་པས་དངོས་ཀུན་སྟོང་པར་བསྒོམ། །དེ་ནས་རཾ་གྱུར་ཉི་མ་ལ། །ཧཱུཾ་བསམ་ཡོངས་སུ་གྱུར་པ་ལས། །སྣ་ཚོགས་རྡོ་རྗེ་བསྒོམ་བྱས་ནས། །ར་ བ་དྲ་བ་ས་གཞི་བསམ། །དེ་ནང་སྐད་ཅིག་ཙམ་ལས་ནི། །འཁོར་ལོ་གསུམ་གྱི་ལྷ་རྣམས་དང། །ཁམས་གསུམ་སེམས་ཅན་མ་ལུས་པ། །ཕྱོགས་སྐྱོང་མཁའ་འགྲོར་བཅས་པ་བསྐྱེད། །བདག་ནི་དེ་རྣམས་མདུན་ན་གནས། །ཧེ་རུ་ཀ་ཡི་གཟུགས བསམ་ལ། །གནས་བདུན་གོ་ཆ་གསལ་བར་དགོད། །དེ་ནས་མདུན་དུ་ཡཾ་ལས་ནི། །རླུང་གི་དཀྱིལ་འཁོར་བསམ་པར་བྱ། །དེ་སྟེང་རཾ་ནི་ཡོངས་གྱུར་པས། །མེའི་དཀྱིལ་འཁོར་བསྒོམ་པའོ། །དེ་སྟེང་ཨ་ལས་ཐོད་པའོ། །ཐོད་པ་དཀར་པོའི་དབུས སུ་ནི། །བི་མུ་ར་སུ་མ་ལྔ་ལས། །བདུད་རྩི་ལྔ་ནི་བསྐྱེད་པའོ། །གོ་ཀུ་ད་ཧ་ན་ལས་ནི། །ལྕགས་ཀྱུ་ལྔ་ཡང་དེ་བཞིན་བསམ། །དེ་ནས་རླུང་གིས་མེ་སྦར་ཞིང། །ཐོད་པ་དྲོས་པའི་རླངས་པ་ནི། །རྡོ་རྗེ་རྣམ་པའི་གཟུགས་བརྙན་བྱུང། །དེ་ཡང་བསིལ་བར་བྱ་བའི་ཕྱིར།། ཐོད་པའི་སྟེང་གི་མཐོ་གང་དུ། །ོཾ་གྱུར་ཟླ་བའི་དཀྱིལ་འཁོར་ནི། །བདུད་རྩི་རང་བཞིན་ཨོཾ་གྱིས་ནི། །སྟེང་ནས་བྱིན་གྱིས་བརླབ་པར་བསམ། །དེ་ལས་བ་མོ་ལྟ་བུ་ཡི། །བདུད་རྩི་བབས་པས་བསིལ་བར་གྱུར། །དེ་ཉིད་གསུམ་གྱི་གསང་སྔགས་ནི། །ལན བདུན་བཟླས་པས་བྱིན་གྱིས་བརླབས། །དེ་རྗེས་སྙིང་གའི་ས་བོན་གྱིས། །ཡེ་ཤེས་བསྐུལ་ཞིང་གསང་སྔགས་བརྗོད། །ོཾ་བུདྡྷ་ཀ་པཱ་ལི་ནི་ཨརྣམས་དང། །ཞི་བྱེད་བདེ་བྱེད་འབྱུང་པོ་རྣམས། །ཚོགས་བཅས་མྱུར་དུ་བཀུག་ནས་ཀྱང། །དམ་ཚིག་ཚོགས་ལ་ཐིམ་གྱུར་པ། །ཆུ་དང་འོ་འདྲང་ཐ་དད་མེད། །དེ་ནས་སྤྲོས་དང་མེ་ཏོག་སོགས། །གཞན་ཡང་ཡིད་ལ་བྱུང་བ་ཡི། །རྡོ་རྗེ་མཆེ་སོགས་རྣམས་ཀྱི མཆོད། །ལྷ་རྣམས་ལྕེ་ནི་ནས་འབྲས་ཙམ། །བུ་གུ་ཅན་གྱི་རྡོ་རྗེར་བསམ། །དེའི་རྩེ་མོར་ཨོཾ་བསམ་སྟེ། །འོད་ཟེར་གྱིས་དྲངས་གསོལ་བར་བསམ། །འཁོར་ལོ་གསུམ་གྱི་ལྷ་རྣམས་ལ། །ོཾ་བུདྡྷ་ཀ་པཱ་ལི་ནི་བི་ལ་གྲིཧྞ་གྲིཧྞ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཁ་ཁ་ཧཱུཾ། འཁོར གྱི་ཞིང་སྐྱོང་འབྱུང་པོ་ལ། །ཡོངས་སུ་བསྔོ་བའི་སྔགས་བརྗོད་དེ། །ོཾ་མ་ཧཱ་ཀ་པཱ་ལ་བཛྲེ་ཙེ་ཏྲེ་པུ་ཙྭེ་ཏྲེ། ཨ་ལཾ་བ་ནེ་པྲི་ན་ཡ་སརྦ་བྷཱུ་ཏ་ན་སརྦ་མ་ར་ཡ་མཱ་ར་ཡ་ཀཱི་ལ་ཡ། མ་ར་ལ་དུཥྚན་ཨཽཙྪ་ཊ་ཡ་སརྦ་བིགྷྣཱ་བི་ཏྲ་ཡ། བྷོ་བྷ་ག་བ་ཏི། ཡཀྵ་རཀྵ་ས་པི་ཤཱ་ཙ་ཤོ་ཁ་ར ཏྲ་ལ་སབཏ་པ་ཏཱ་ལ་ཛྙཱ་ན་ས་ར་ས་ར་པྲ་ས་ར་པྲ་ས་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། དེ་ནས་ཚིམ་པར་གྱུར་ནས་སུ། །སྨོན་ལམ་མཐར་ནི་དག་པར་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་བ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ ཀུན་ཏུ་བྱུང། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་པར་གྱིས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་པ་ནས། འོན་ཏེ་སངས་རྒྱས་སྲས་སུ་སྐྱེ། །སེམས་ཅན་ཐམས་ཅད་བདེར་གྱུར་ཅིག་།སེམས་ཅན་ཐམས ཅད་སྡིག་མེད་པའི། །སངས་རྒྱས་ཉིད་དུ་ཕྲད་གྱུར་ཅིག་།ལམ་དེ་ཉིད་དུ་ཞུགས་ནས་ཀྱང། །མ་གྲོལ་བ་རྣམས་གྲོལ་བར་ཤོག་།མ་བརྒལ་བ་རྣམས་བརྒལ་བར་ཤོག་།རྣལ་འབྱོར་གཙུག་ལག་དམ་པ་ལ། །ད་ལྟ་ཉིད་དུ་གནས་པར་ཤོག་།ལག་པ བརྐྱང་སྟེ་ས་ལ་བཞག་། སེ་གོལ་ལན་གསུམ་གདབ་བྱ་ཞིང། །དྲིལ་བུ་དཀྲོལ་བས་དེར་འབད་པས། །མགྲོན་རྣམས་གཤེགས་སུ་གསོལ་བ་བྱ། །སངས་རྒྱས་ཐོད་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་སློབ་དཔོན་ས་ར་ཧ་པའི་ཞེལ་སྔ་ནས མཛད་པ་རྫོགས་སོ། ། །།ག་ཡ་དྷ་ར་དང་གྱི་ཛོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།དཔལ་སངས་རྒྱས་ཐོད་པའི་ཆོ་ག་བཞུགས།།)་།།རྒྱ་གར་སྐད་དུ། ཤྲཱི་བུདྡྷཱ་ཀ་པཱ་ལ་མཎྜ་ལ་ཀྲ་མ་པ བྱོ་ཏ་ན་ནཱ་མ་བི་དྷི།

CLOSE WINDOW