CLOSE WINDOW

N1310: སྒྱུ་མ་ཆེན་མོའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

བོད་ཀྱི་ལོ་ཙྪ་བ་འགོས་ལྷས་བཙས་ཀྱིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཔལ་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་བཞུགས། །*། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། སྒྱུ མ་ཆེན་མོའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞལ་བཞི་པ་ལ་ཕྱག་བཞི་པ། །དེ་བཞིན་ལྷ་མོ་རྣམས་ཀྱི་སྐུ། །ཕྱོགས་བཞི་པོ་ན་གཞེན་རྣམས་ལ། །སྒྱུ་འཕྲུལ་ཆེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཆེན་པོ་ཉིད། །སྙིང་རྗེས འཇིགས་པའི་རྣམ་པ་ཅན། །སྒྱུ་མ་ཆེན་མོ་ཞེས་བྱ་ཡི། །སྒྲུབ་ཐབས་ལེགས་པ་བཤད་པར་བྱ། །འདིར་བསྒོམ་པའི་དབང་དུ་བྱས་ཏེ། །ལྷ་མོ་བཞིའི་གླུ་བཞིས་བསྐུལ་ནས་རྣམ་པར་སད་པའི་སྔགས་པས་ནང་པར་སྔར་ལངས་ཏེ། རང་གི་སྙིང་ཁའི་ཉི མ་ལ་གནས་པ། ཧཱུཾ་ཡིག་གེ་འོད་ཟེར་རྣམས་ཀྱིས་བདག་སྦྱད་བ་དང། ཁ་དག་པ་ལ་སོགས་པ་བྱའོ། །ཧཱུཾ་ཕཊ་ཞེས་བྱ་བས་གནས་དང་བདག་དང་རྣལ་འབྱོར་བསྲུང་བ་བྱ་སྟེ། བསམ་གཏན་གྱི་ཁང་པར་ཞུགས་ལ། ཧཱུཾ་ཡིག་གིས་ཡོན་ཆབ་ལ་བཟླས་ཞིང སྟན་བདེ་བ་ལ་འདུག་ནས། མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་བལྟས་ལ། སྙིང་ཁའི་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་ཡོ་བྱད་ལྔ་ཡིས་ཡང་དག་པར་མཆོད་པ་དང། སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། བདག་གི་སྡིག་པ་ཐམས་ཅད་སོ་སོར་བཤགས་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། འཕགས་པ་དང། སོ་སོའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང། བདག་གི་དགེ་བ་ཐམས་ཅད་ཀྱང་བླ་ན་མེད་པ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང། བྱང་ཆུབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བ་ནི། སངས་རྒྱས་དཀོན་མཆོག་དང། ཆོས་དཀོན་མཆོག་དང། དགེ་འདུན་དཀོན་མཆོག་ལའོ། །ེ་མའོ་སེམས་ཅན་ཐམས ཅད་ཀྱི་དོན་ཕན་པ་དང་བདེ་བའི་ཆེད་དུ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤིན་ཏུ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་དང། བླ་ན་མེད་པའི་དེ་བཞིན་གཤེཊ པའི་ཡེ་ཤེས་ལ་རབ་ཏུ་དགོད་པར་བྱའོ། །དེའི་རྗེས་འདི་དག་ནི་སེམས་ཉིད་དེ། མེད་པ་ཉིད་རྣམ་པ་དང་དེས་སྣང་བའོ། །འདི་ལྟ་སྟེ། རྨི་ལམ་ལྟ་བུར་མོས་པ་བྱས་ལ། རྣམ་པ་ཐམས་ཅད་ཡོངས་སུ་སྤངས་པ་དྲི་མ་མེད་པའི་ནམ་མཁའ་ལྟ་བུ་སྣད་བ་མེད པ་མཛའ་ཡས་པ་གསལ་བ་ཙམ་དུ་བལྟ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛཱ་ན་བཛྲ་སྭ་བྷཱ་བ་ཨཏ་མ་ཀོཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་མདུན་གྱི་ནམ་མཁར་ཧཱུཾ་ཡིག་གིས་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ལ། དེའི་འོད་ཟེར་འབར་བ་འཕྲོད པ་རྣམས་ཀྱིས་འོག་ཏུ་རྡོ་རྗེའི་ས་གཞི་དང། ཕྱོགས་སུ་རྡོ་རྗེའི་ར་བ་དང། སྟེང་དུ་རྡོ་རྗེའི་གུར་དང། ནང་དུ་མིའི་རུས་པའི་དུར་ཁྲོད་བསྒོམ་པར་བྱའོ། །དེའི་དབུས་སུ་གཞལ་ཡས་ཁང་ཁྱམས་གཅིག་པ་རིན་པོ་ཆེ་ཐམས་ཅད་ཀྱི་བདག་ཉིད་ཅན བལྟའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པའོ། །དྲ་བ་ལ་སོགས་ལྷ་མོ་བཞིས། །སྟེགས་བུ་བཞིར་ནི་བརྒྱན་པའོ། །དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་བསམས་ཏེ། དེའི་ལྟེ་བར་ཐོག་མ་དང་ཐ་མ་མེད་པའི ཡེ་ཤེས་ཀྱི་བདུད་རྩིའི་ཐིག་ལེ་མུ་ཏིག་འབྲས་བུ་ལྟར་བསལ་བར་བྱའོ། །དེ་ལྟར་ན་འདི་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནོ། །དབུས་ཀྱི་ཐིག་ལེ་དེ་ཉིད་ལས་ཕྱོགས་རྣམས་སུ་ཐིག་ལེ་རྣམས་སྤྲོས་པས། ས་བོན་གྱི་རྣམ་པ་ཡོངས་སུ་གྱུར་པར བལྟ་བ་ནི། གོ་རིམས་བཞིན་དུ་ཧཱུཾ་དང་སྭ་དང་ཨ་དང། ཧ་ཞེས་བྱའོ། །དེ་དག་ལས་གོ་རིམས་བཞིན་དུ་རྡོ་རྗེ་དང་ནོར་བུ་དང། པདྨ་དང། ལས་ཀྱི་རིགས་ཅན་དང། དེའི་རིགས་རྣམས་ཡང་དག་པར་སྤྲོ་བ་དང། ཡང་དེ་ཉིད་ལ་བསྡུས་ནས དེ་ཡོངས་སུ་གྱུར་པ་ལས་རྣལ་འབྱོར་མ་བཞི་བལྟ་སྟེ། ཤར་གྱི་འདབ་མ་ལ་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་ཞལ་སྔོ་བ་དང་སེར་བ་དང་དཀར་པོ་དང་ལྗང་ཁུ། རྡོ་རྗེ་དང་ཐོད་པ་དང་དྲིལ་བུ་དང་དབྱུག་ཏོ་འཛིན་མའོ། །ལྷོའི་འདབ་མ་ལ་རིན་ཆེན་མཁའ་འགྲོ མ་སྐུ་མདོག་སེར་མོ། །ཞལ་སེར་བ་དང་སྔོ་བ་དང་དཀར་པོ་དང་ཀཛཾ་བུ་རིན་ཆེན་སྣ་ཚོགས་དང་རྩེ་གསུམ་དང་མགྲིན་པ་བསྡམས་བའི་ལྕེ་སྦྱང་དང་པ་དན་འཛིན་མའོ། །ནུབ་ཀྱི་འདབ་མ་ལ་པདྨ་མཁའ་འགྲོ་མ་སྐུ་མདོག་དཀར་མོ། །ཞལ་དཀར་བ་དང་སེར་བ་དང་སྔོ བ་དང། ལྗང་ཁུ་སྣ་ཚོགས་པདྨ་དང་མདའ་དང་ཐོད་པ་དང་གཞུ་འཛིན་མའོ། །བྱང་གི་འདབ་མ་ལ་སྣ་ཚོགས་མཁའ་འགྲོ་མ་སྐུ་མདོག་ལྗང་ཁུ། ཞལ་ལྗང་ཁུ་སེར་བ་དང་དཀར་བ་དང་སྔོ་བའོ། །རལ་གྲི་དང་ཅད་ཏིའུ་དང་ཞགས་པ་དང་ཐོད་པ་འཛིན མའོ། །ཐམས་ཅད་ཟླ་བའི་གདན་དང་འོད། །ལྷག་མ་འདི་ཡི་གཙོ་བོ་བཞིན། །རྡོ་རྗེ་འདི་ཡིས་ནི་གླུ་འདི་ཡིས། །དེ་རྣམས་མགོན་པོ་བཞེངས་བྱེད་ཡིན། ཧ་ལེ་ས་ཧི་བྷ་ཨཻ་ཨཻ་ཨ་ཀ་མ་ལུ་བ་བྷོ་ཧི་ཨཽ་བཛཛེ། ཨ་ལ་ལ་ལ་ལ་ཧོ་མ་ཧཱུ་སུ་ཧེ་ཎ། ཱ་རཱ་ཧི་ཨཽ་ཎེ་དྷེ། ར་བི་ཀི་ར་ཎི་ཎ་བི་ཕུ་ལླི་ཨཽ་ཀ་མ་ལུ་མ་ཧཱ་སུ་ཧེ་ཎ། ཨ་ལ་ལ་ལ་ལ་ཧོ། །མཧཱ་སུ་ཧེ་ཎ། ཨཱ་རཱ་ཧི་ཨཽ་ཎེ་ཏྟཾ། དེ་ནས་གླུ་བླངས་པའི་ནུས་པས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་དེ་བོར་ནས་ས་བོན་གཉིས ཀྱིས་རྣམ་པར་འགྱུར་ཏེ། ཨོཾ་དང་ཧཱུཾ་ངོ། དེ་ནས་ཨོཾ་ཡིག་ལས་རྣམ་པར་སྣང་མཛད་དང། དེའི་རིགས་སྤྲོ་བ་དང་བསྡུ་བའོ། །ཧཱུཾ་ཡིག་ལས་རྒྱལ་བ་ལྔ་དང། དེའི་རིགས་རྣམས་ཀྱང་དོ། །དེ་ནས་ཨོཾ་ཡིག་ལས་བྱུང་བའི་སངས་རྒྱས་མཁའ་ འགྲོ་མ་དང། ལྷན་ཅིག་པ་བཅོམ་ལྡན་འདས་ཧེ་རུ་ཀ་ཧཱུཾ་ཡིག་ལས་བསྐྱེད་པར་བྱའོ། །ཐལ་བས་བྱུགས་ཤིང་སྐུ་མདོག་གནག་།ཉི་མའི་གདན་དང་འོད་ཀྱིས་མཛེས། །དབུགས་སྐྲ་ཁམས་པ་གྱེན་དུ་བརྫེས། །ཐོད་པའི་དབུ་རྒྱན་གྱིས་བརྒྱན་པ སྔོ་དང་སེར་དང་དཀར་བ་ཆེ། ལྗང་ཁུའི་ཞལ་དང་བཞི་པའོ། །ཐོད་པ་མདའ་དང་ཁཊཝཱཾ་ག་དང་གཞུ་འཛིན་པ་སྟེ་བཞིའོ། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །འཁོར་ལོ་རྣ་ཆ་མགུལ་རྒྱན་ཅན། །ལག་གདུབ་དང་ནི་སྐེ་རགས སོ། མི་ཡི་ལྤགས་པའི་ན་བཟའ་འཛིན། །བཅུ་གཉིས་སྦྱན་ཏེ་དམར་བའོ། །འབར་བའི་ཕྲེང་བས་དཀྲུགས་པས་ཁྲོ། །མཆོག་ཏུ་དགའ་བས་མཇེས་པ་ཡིན། །སྐྱིལ་ཀྲུངས་ཕྱེད་པའི་གར་གྱིས་བཞུགས། །གར་དགུ་ཡི་ནི་ཉམས་དང་ལྡན། །འོད ཟེར་མཛའ་ཡས་ལས་བྱུང་བའི། །རྒྱལ་བའི་ཚོགས་ཀྱིས་འགྲོ་དོན་བྱས། །བདག་པོ་དང་མཚུངས་མཚོན་ཆ་དམར། །དཔལ་ལྡན་སངས་རྒྱས་མཁའ་འགྲོ་དམར། །སེར་དང་དཀར་དང་ལྗང་ཁུའི་ཞལ། །སངས་རྒྱས་དབང་བསྐུར་རི་ཁྲོད་མ། ། ཇི་ལྟར་དགྱེས་པའི་རྡོ་རྗེར་གསུངས། །དེ་བཞིན་སངས་རྒྱས་མཁའ་འགྲོ་མ། །ཧེ་རུ་ཀ་དང་ཡང་དག་ལྡན། །འདིར་དམར་སངས་རྒྱས་སེམས་ཅན་རྣམས། །སངས་རྒྱས་སྐུ་ཡིས་མཆོད་པའི་ཕྱིར། །ཆོས་དག་པ་ཡི་རང་བཞིན་གྱིས། །གསུང་གི བདག་པོ་དཀར་པོ་ཉིད། །འདིར་ལྷ་ཐམས་ཅད་ཀྱང་རོའི་སྙིང་ཁ་མནན་པའོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཀྱི་མིག་གི་དབང་པོ་ལ་ཨོཾ་ཡིག་དམར་པོ། རྣ་བའི་དབང་པོ་ལ་ཧཱུཾ་ཡིག་སྔོན་པོ། །སྣའི་དབང་པོ་ལ་ཅི་ཡིག་སེར་པོ། །ལྕེའི་དབང་པོ ལ་ཨ་ཡིག་དཀར་པོ། །གཙུག་ཏོར་གྱི་གནས་སུ་རེ་པ་ལྗང་ཁུ། །ཡིད་ལ་ཁེ་ཡིག་དཀར་པོ་བསམ་བར་བྱའོ། །ཞེས་བྱ་སྟེ། དབང་པོ་དྲུག་ཏུ་ཡི་གེ་དྲུག་བཀོད་པ་ནི་གོ་ཆ་འོ། །ོཾ་ཨཱཔ་སྟེ། གོ་རིམས་བཞིན་དུ་མགོ་བོ་དང་མགྲིན་པ་དང་སྙིང་ཁ་རོ། །ནུ་མའི་པར་དུ་ཉི་མ་ལ་གནས་པའི་རང་གི་ལྷའི་ས་བོན་ཡེ་ཤེས་ཀྱི་རང་བཞིན་བལྟ་སྟེ། དེའི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་ཧཱུཾ་ཡིག་གིས བགེགས་བསྐྲད་ཅིང་ཡོན་ཆབ་དབུལ་ལོ། །ཛཟེར་རྣམས་བསྐུལ་བས། དེ་བཞིན་གཤེགས་པ་རྣམས་ཀྱིས་བཏང་བའི་རྣལ་འབྱོར་མ་ལྔ་འོངས་ཏེ། ཡེ་ཤེས་ལྔའི་ཆུ་ཡིས་བཀང་བའི་རིན་པོ་ཆེའི་བུམ་པས་བཅོམ་ལྡན་འདས་དང་རྣལ་འབྱོར་མ་རྣམས་དབང་བསྐུར་བར་བྱའོ། །དབང་བསྐུར་བས སྤྱི་བོར་རང་གི་རིགས་ཀྱི་བདག་པོ་བསྐྱེད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་མི་བསྐྱོད་པའོ། །སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་གོ་རིམས་བཞིན་དུ་རྟག་པ་དང་མི་བསྐྱོད་པ་དང་རིན་ཆེན་བདག་པོ་དང་གསུང་གི་བདག་པོ་དང་དོན་ཡོང་གྲུབ་པའོ། ། དེ་ནས་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་གྱི་སྒོ་ནས་ཡོ་བྱད་ལྔ་དང་འདོད་པའི་ཡོན་ཏན་ལྔའི་མཆོད་པ་རྣམས་ཀྱིས་བཅོམ་ལྡན་དང་བཅོམ་ལྡན་འདས་མ་མཆོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་མོའི་ཞལ་ནས་བསྟོད་པ། མཆེ་བ་གཙིགས་ཤིང འཇིགས་ཆེན་པོ། །སྒྱུ་མའི་ཕྲེང་བས་བརྒྱན་པ་སྟེ། །ཤ་ཆེན་པོ་ནི་གསོལ་བར་མཛད། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །དེ་ནས་ཀྱི་ལྷ་མོ་རྣམས་སྤྲོས་པའི་སྦྱོར་བར་སངས་རྒྱས་མཁའ་འགྲོ་མར་ནུབ་པར་འགྱུར་རོ། །དེ་ནས་འདིའི་མགོ་པོ་དང སྙིང་ཁ་དང། ལྟེ་བ་དང་གསང་བ་དང། བརླ་དག་ཏུ་རོ་རིམས་བཞིན་དུ། །ོཾ་ཧཱུཾ་སྭ་ཨཱཔདྨ་དམར་པོ། །ཱདེ་བཞིན་གཤེགས་པ་རྣམས་བྱོན་ནས་ཁར་རབ་ཏུ་ཞུགས་ཏེ། ཞུ་ཞིང་པདྨའི་ནང་དུ་ལྷུང་བ་དེ་ནི་ཡེ་ཤེས་ལྔའི་བདུད་རྩི་སྟེ། ལྕེ་རྩེར་ཟིལ་པས་ལེན་པར་བྱེད་པར་བསམ་ཞེས་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བ ཏིང་ངེ་འཛིན་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་བསྐལ་པའི་སངས་རྒྱས་མཁའ་འགྲོ་མ་ལ་སོགས་པ་ལྔ་དང། བཅོམ་ལྡན་འདས་བདག་ཉིད་ཀྱི་སྐུའི་སྤྲིན་སྤྲོས་པ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ནི་གོ་རིམས་བཞིན་དུ་མེ་ལོང་ལྟ་བུའི་ཡེ ཤེས་དང། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་དང། བྱ་བ་སྒྲུབ་པའི་ཡེ་ཤེས་དང། རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་ཐོབ་པ་བསྐྱེད་ཅིང། རང་གི་སྐུའི་སྤྲིན་རྣམས རྩ་བའི་སྐུ་རུ་བསྡུས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་པའོ། །གང་གི་ཚེ་ཡང་རྣལ་འབྱོར་པ། སེམས་བརྟན་པར་བྱེད་པར་འདོད་པས། ཏིང་ངེ་འཛིན་ཐམས་ཅད་མྱུར་དུ་རྫོགས་པར་བྱེད་པ་དེའི་ཚེ། མདོར་བསྡུས་ནས་ཏིང་ངེ་འཛིན་གསུམ་པོ བསྒོམ་བར་བྱའོ། །ལྟེ་བའི་པདྨའི་ཟེའུ་འབྲུ་ལ་ཟླ་བ་དང་ཉི་མའི་ཁ་སྦྱོར་མཛའ་སྐོར་མཚམས་མེད་བར་བསམ་སྟེ། དེའི་དབུས་སུ་ཡུངས་ཀར་ཕྲ་མོ་ཙམ་ལ་དཀར་ཞིང་གསལ་བ་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་བདེ་བ་ཆེན་པོའི་བདག་ཉིད་དཔའ་བོ། ཆེན་པོ་བསམ་པར་བྱའོ། །དེའི་འོད་ཟེར་གྱི་རི་མོ་པདྨའི་སྐུད་པ་ལྟ་བུ་ཟླ་བའི་དབུས་ནས་བྱུང་བས་ཁ་སྦྱོར་གྱི་ངོས་གཉིས་ལན་གསུམ་དཀྲིས་ཤིང་བཅིངས་ཏེ་གནས་པར་བལྟའོ། །ཟླ་བའི་སྟེང་དུ་གནས་པ་དཀྲིས་པ་གསུམ་གྱི་ཕྱེད་ལ་སོ་སོར ཡི་གེ་བཅུ་དྲུག་གིས་བརྒྱུས་པ་བལྟའོ། །དཔལ་སྔོ་མི་པ་བླ་མ་ལས་གསུངས་པ། ཀ་ཡིག་ལ་སོགས་ང་ཡི་མཐར། །ད་ཉ་སྤངས་ཏེ་དགོད་པར་བྱ། །དྷ་ཡི་ལ་སོགས་ཀྵའི་མཐར་ཕྲེང་བ་གཉིས་པོ་མཉམ་པར་བྲི། །དབུས་སུ་ཨ་ཡི་ཕྲེང་བ་སྟེ། དགོང་བྱ་ཟླ་བའི་དཀྱིལ་འཁོར་ལ་ཞེས་བྱའོ། །འདིར་ཡང་གསུངས་པ། བཟང་པོ་ཡི་གེའི་ཕྲེང་བ་ཡིད་ཞེས་བྱ་བའོ། །དེ་ལྟར་ལྟེ་བའི་པདྨ་ཟེའུ་འབྲུལ། །ཉི་མ་དང་ཟླ་བ་ཁ་སྦྱར་གྱི་ནང་དུ་དཔའ་བོ་བསྒོམ་པར་བྱའོ། །བསྒོམས་པ་ཡོངས་སུ་སྨིན་པར་མོས་པར་བྱ བ་དེའི་ཕྱིར། གཉིས་པ་ཉིད་དེ་འོད་ཟེར་ཕྲ་མོའི་རི་མོ་འབར་ཞིང་གཅིག་གྱེན་དུ་འབར་བའི་གནས་སྐབས་བལྟའོ། །དེའི་འོད་གྱིས་འཛག་པའི་བདུད་རྩིས་གང་བ་ཐོབ་པའི་དཔའ་བོ་དང་འོད་ཟེར་དེ་ཡང་འདྲ་བའོ། །དེ་ནས་དཔའ་བོ་ངེས་པར་བྱས་པས་ཇི་སྲིད་སེམས བརྟན་པ་ཐོབ་པའི་མཚན་མ་ཉེ་བར་མཚོན་པ་དེ་སྲིད་དུ་བསྟའོ། །ཉེ་བར་མཚོན་པ་བརྟན་པ་བདེ་བའི་ཚེ། འོད་ཟེར་གྱི་རི་མོ་གསལ་བར་སྣང་བས་སྣ་ཚོགས་པ་སྣང་བར་བསམ་སྟེ། ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་བལྟའོ། །ཏིང་ངེ་འཛིན ཐམས་ཅད་མྱུར་དུ་རྫོགས་བར་བྱེད་པ་ཞེས་བྱ་སྟེ། ཐིག་ལེའི་རྣལ་འབྱོར་རོ། །རིག་པ་བཟླས་པའི་དངོས་གྲུབ་ཅེས་པས་བཟླས་པ་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལྷ་དྲུག་གི་འཁོར་ལོ་དང་ལྡན་པའི་རྣལ་འབྱོར་པས། ལྟེ་བར་པདྨའི་ཟེའུ་འབྲུ་ལ་གནས པ་ཉི་མ་དང་ཟླ་བ་ཁ་སྦྱར་གྱི་ནང་དུ་དཔའ་བོ་བསམ་པར་བྱའོ། །དེ་ཉིད་ཀྱི་འོད་ཟེར་གྱི་རི་མོ་ལ་ཡི་གེའི་ཕྲེང་བ་གསུམ་གྱིས་བརྒྱུད་པ་དེ་ལ་ཁ་སྦྱོར་དཀྲིས་ཤིང་བཅིངས་པར་སྔགས་ཀྱིས་བཟླས་པར་བྱའོ། །རྒྱུད་འདིར་སྔགས་ཀྱི་ཡི་གེ་གསུམ་སྟེ། དེ་ལ བཅོམ་ལྡན་འདས་ཀྱི་སྔགས་ནི་ཨོཾ་ཧཱུཾ་ཧཱུཾ་ངོ། །སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་གོ་རིམས་བཞིན་དུ་ཨོཾ་ཨོཾ་ཧཱུཾ་ངོ། ཨོཾ་ཧཱུཾ་ཧཱུཾ་ངོ། །ོཾ་སྭཱ་ཧཱུཾ་ཨོཾ་ཨཱབཀོད་ལ། དེའི་མགོ་བོར་དཔའ་བོ་བླང་བར་བྱའོ། །ོཾ་ཡིག་བརྗོད་པ་ནི། དཔའ་བོ་ལས་འོད་ཟེར་གྱི་རི་མོ་དབུགས་འབྱུང་བའི་རླུང་དང་ལྷན་ཅི་ཀ་སྟེང་དུ་སོང་བ་དེས་སྣང་བར་བྱས་ནས། འགྲོ་བ་རྣམས་སངས་རྒྱས་ཀྱི་བདག་ཉིད་དུ་བྱའོ། །ས་བོན་གྱི ཡི་གེ་ཧཱུཾ་བརྗོད་པ་ན། སངས་རྒྱས་དེ་ཐམས་ཅད་རང་གི་ལྷའི་རང་བཞིན་དུ་མོས་པར་བྱའོ། །ཐ་མའི་ཧཱུཾ་ཡིག་བརྗོད་པ་ན། དབུགས་རྡུབ་པའི་རླུང་དང་ལྷན་ཅིག་འགུག་པ་སངས་རྒྱས་ཀྱིས་བདག་ཉིད་འགྲོ་བདེ་རྣམས་དཔའ་བོ ལ་བསྡུ་བར་བྱའོ། །དེ་ལྟར་ཇི་སྲིད་མི་སྐྱོ་བའི་བར་དུ་ཡང་དང་ཡང་དུ་བྱའོ། །སྐྱེ་ན་ངལ་བསོ་ཏེ། དགེ་བ་འདི་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་དུ་ཡོངས་སུ་བསྔོའོ། །སྔ་མ བཞིན་དུ་མཆོད་པ་བྱ་སྟེ། རང་གི་སྙིང་ཁའི་ཡི་གེ་ལ་དཀྱིལ་འཁོར་ནུབ་པར་བྱའོ། །དེ་ནས་ལངས་ནས། རང་གི་ལྷའི་ངོ་བོར་བདག་ཉིད་མོས་པར་བྱ་ཞིང། བྱེད་པ་ཐམས་ཅད་དང་བཟའ་བ་ཐམས་ཅད་ས་བོན་ལྔ་ཡེ་ཤེས་ལྔའི་བདག་ཉིད་དུ་བྱ སྟེ། རང་གི་སྙིང་ཁར་ལྷའི་འཁོར་ལོར་མོས་པར་བསམ་པར་བྱའོ། །ལྕེའི་ཧོཾ་གཟར་ལས་འཛག་པའི་བདུད་རྩི་བསྲེག་པར་བྱའོ། །ཁྲུས་བྱེད་པ་ན་ལྷའི་དབང་བསྐུར་བའི་ཆོ་གར་མོས་པར་བྱའོ། །ཉི་མ་ཕྱེད་དང་རྒོངས་ཀའི་དུས་སུ་དཀྱིལ་འཁོར གྱི་ཁང་པར་ཞུགས་ཤིང། རང་གི་སྙིང་ཁའི་འོད་ཟེར་གྱིས་རྟེན་གྱི་དཀྱིལ་འཁོར་སྤྲུལ་པར་བྱའོ། །དེ་ནས་ས་བོན་དེ་ཉིད་ལས་རྣལ་འབྱོར་མ་བཞི་པོ་རིམས་ཀྱིས་སྤྲོས་ཏེ། གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །སྔ་མ་བཞིན་དུ་དབང་ལ སོགས་པ་ཆོ་ག་ཐམས་ཅད་རྗེས་སུ་བསྒྲུབ་པ་དང་དཀྱིལ་འཁོར་ནུབ་པར་བྱའོ། །དེ་ནས་ལངས་པ་ན་སྔ་མ་བཞིན་དུ་མཉམ་པར་གཞག་པའི་རྣལ་འབྱོར་བྱའོ། །ནམ་ཕྱེད་ཀྱི་དུས་སུ་ཁྱད་པར་འདི་ཡིན་ཏེ། ཡང་དག་པར་མཆོད་པ་དང ཡོན་ཆབ་ཕུལ་ཏེ། ཨོཾ་མུདེ་ལྟར་ཉི་མ་གཞན་ལ་ཡང་ལྷ་མོའི་གླུས་བསྐུལ་ནས་ལྡང་བ་དང་ཐམས་ཅད་སྔ་མ་བཞིན་བྱའོ། །དེ་ལྟར་ཉིན་རེ་བཞིན་དུ་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་རྙེད་པ་དེ་སྲིད་དུའོ། །དེ་ལ་དཀྱིལ་འཁོར་གྱི་བདག་པོའི་སྔགས་འབུམ་བཟླས་པས་འགྲུབ་པོ། ། ལྷག་མ་ནི་ཁྲ་བཟླས་པས་འགྲུབ་པོ། །ཕྲེང་བའི་སྔགས་ནི་རྒྱུད་གཞན་ལས་བླང་བར་བྱའོ། །དེ་ཐམས་ཅད་རང་གི་སྙིང་ཁར་ཉི་མ་འམ་ཟླ་བ་ལ་ཅི་རིགས་པར་ཟླུམ་པོར་བྱས་ལ། མར་མེའི་ཕྲེང་བ་བཞིན་འབར་བ་སེམས་ཀྱིས་མངོན་པར་བྲིས་ཤིང། ཡིག་ཀྱི་བརྗོད་པ་བཞིན་བཟླས་པ་བྱའོ། །སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས། བདག་གིས་སྨྲས་ལས་གང་སྐྱེས་པའི། །དགེ་བ་དེས་བདག་སངས་རྒྱས་སྣ་ཚོགས་དོན་གྲུབ་དབང་ལྡན་ཤོག་།སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ། ། །།པཎྚི་ཏ་ཆེན་པོ་ཞི་བ་བཟང་པོ་དང། བོད་ཀྱི་ལོ་ཙ་བ་དགོས་ལྷས་བཙས་ཀྱིས་བསྒྱུར་ཅིད་ཞུས་ཏེ་གཏན་ལ་ཕབ་བའོ།། །ོཾ་ཨཱཤཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་ཙྪ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བན་དྷ་ཡ་བན་དྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་ཌཱ་ཀཱིཎཥི་ནཾ། ཧྲིམ་ཨ་བ་ལ་ཧཱུཾ་ཨ་པདྨ་ཌཱ་ཀཱ་ནཱི་པྲ་ཏཱིཙྪ་མཾ་བ་ལ་ཧཱུཾ་ཨཱའཁོར་གྱི་ཆོག་བཞུགས།

CLOSE WINDOW