CLOSE WINDOW

N1306: རྗེ་བཙུན་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་བསྟོད་པ
Wyliee-texts based on the ACIP/ALL Input

། །།རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ། །སྐུ་མདོག་སྡོན་པོ་ཆེར་འབར་བའི། །འཇིག་རྟེན་མཆེ་བ་གཙིགས་པ་པོ། །གཡས་སེར་གཡོན་ལྗད་རྒྱབ་ཞལ་དཀར། །མཉམ་མེད་སྐུ་ལ་ཕྱག འཚལ་ལོ། །དེ་བཞིན་གཤེགས་པའི་རིགས་ཀྱི་བདག་།རིགས་བཙུན་རིགས་པ་འགུལ་ནས་འཁྱུད། །དབུ་ལ་རིགས་ཀྱི་བདག་པོ་བཞུགས། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །སྒེག་དང་དཔའ་བྱད་འཇིགས་སུ་རུང། །དྲག་རྒོད་དང་འཇིགས པར་བྱེད། །སྙིང་རྗེ་རྔམ་དང་ཞི་པ་ལ། །ཉམས་དགུ་ཡོན་ཏན་ཁྱོད་ལ་འདུད། །ནམ་མཁའ་ཨི་འོད་ཀྱིས་ཁེབས་མཛད་ཅིང། །འཇིགས་པ་པོ་ཡང་འཇིགས་པར་མཇེད། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །བདེར་གཤེགས སྐུ་ལ་ཕྱག་འཚལ་ལོ། །གཡས་གཡོན་དང་པོ་མདའ་དང་གཞུ། །ལྷག་མཐོང་བ་ཁ་ཊཝཱཾ་འཛིན། །མགོ་ཕྲེང་བརྒྱ་ཕྱེད་དོ་ཤལ་བྱས། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །དབུ་སྐྲ་ཁམ་པ་གྱེན་དུ་བསྒྲེང། །ཀ་པཱ་ལ་ལྔས་དབུལ་བརྒྱན། ན་ར སྟོད་གཡོགས་སྟག་ཝགས་བསྣམས། །འཇིགས་དུང་ཁྱོད་ལ་ཕྱག་འཚལ་འདུད། །དངོས་པོའི་རང་བཞིན་ཀུན་གྱི་མཆོག་།སྐུ་ལ་མཚན་དང་དཔེ་བྱད་རྫོགས། །འགྲོ་བའི་དོན་ནི་མཛ་པ་པོ། །སྐུ་གསུམ་བདག་ཉིད་ཁྱོད་ལ་འདུད། །ཁྱོད ཀྱི་ཡེ་ཤེས་སྤྱན་ཟུར་གྱིས། །མི་མཐུན་ཕྱོགས་རྣམས་སྐྲག་མཛད་ཅིང། །རྒྱལ་མཚན་དྲིལ་བུས་སླར་གསོ་མཛད། །ཐུགས་རྗེ་ཅན་ལ་ཕྱག་འཚལ་འདུད། །སྐུ་གསུམ་ཡེ་ཤེས་ལྔ་བདག་ཉིད། །བདེ་བར་གཤེགས་པ་ཀུན་གྱི་གཙོ། ། འགྲོ་བའི་མི་ཤེས་གཅོད་པ་པོ། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང། །དེ་ཉིད་བརྟན་པར་གཡོ་བཅས་པ། །ཁམས་གསུམ་འདི་དག་ཐམས་ཅད་ཀྱི། །བདག་ཉིད་ཆེན་པོ་ཁྱོད་ལ་འདུད། །འགྲོ་བའི སྡུག་བསྔལ་སེལ་བྱེད་ཅིང། །ཕུན་སུམ་ཚོགས་པ་ཀུན་སྟེར་བ། །བྱང་ཆུབ་ལམ་ནི་སྟོན་པ་པོ། །ཡེ་ཤེས་སྐུ་ཁྱོད་ཕྱག་འཚལ་སྟོད། །བསམ་མེད་དཔེ་དང་བྲལ་བས་བརྗོད་དུ་མེད། །བདེ་ཆེན་སྐུ་སྟེ་མི་འགྱུར་བདུས་མ་བྱས། །དངོས་དང་དངོས མེད་རྣམ་སྤངས་དམིགས་པ་མེད། །བདེ་ཆེན་རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་སྟོང། །ཤར་ཕྱོགས་ལྷ་མོ་རྡོ་རྗེའི་རིགས། །བྱམས་པའི་བདག་ཉིད་སྐུ་མདོག་སྟོ། །ས་ཁམས་མེ་ལོང་ཡེ་ཤེས་བདག་།རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། ། ལྷོ་ཕྱོགས་ལྷ་མེ་རིན་ཆེན་རིགས། །སྙིང་རྗེའི་བདག་ཉིད་སྐུ་མདོག་སེར། །ཆུ་ཁམས་མཉམ་ཉིད་ཡེ་ཤེས་བདག་།རིན་ཆེན་མཁའ་འགྲོ་ཕྱག་འཚལ་སྟོད། །ནུབ་ཕྱོགས་ལྷ་མོ་པདྨའི་རིགས། །དགའ་བའི་བདག་ཉིད་སྐུ་མདོག་དཀར། །མེ་ཁམས་སོ་སོར་རྟོག རང་བཞིན། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །བྱང་ཕྱོགས་ལྷ་མོ་ལས་ཀྱི་རིགས། །བཏང་སྙོམས་རང་བཞིན་སྐུ་མདོག་ལྗང། །རླུང་ཁམས་བྱ་བ་གྲུབ་རང་བཞིན། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་སྟོད། །ཐམས་ཅད་བཞི་ཕྱག་བཞི་མ། །ཕྱག་ན རང་རང་མཆེན་མ་འཛིན། །མཚན་དང་དཔེ་བྱང་སྐུ་ལ་རྫོགས། །རིགས་ལྡའི་སངས་རྒྱས་ཕྱག་འཚལ་སྟོད། །སྐུ་ལ་འོང་ཀྱི་ཕྲེང་བ་འཕྲོ། །མི་མགོ་ཁྲག་འཇིག་དོ་ཤལ་བྱས། །ཞབས་གཉིས་ཉི་ལ་ཕྱརེད་ཀྲུང་བཞུགས། །འཁོར་གྱི་ལྷ་མོ་ཕྱག་འཚལ་སྟོང། ཕྱག་རྒྱ་རྣམ་པ་ལྔ་དང་ལྡན། །ཀླུ་ས?་ལ་ཝ?་ཐར་དུ་ལ་བརྒྱན། །སྒེག་པ་ལ་སོགས་ཉམས་དང་ལྡན། །ལྷ་མོའི་འཁོར་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་འཁོར་དང་བཅས་པ་ལ། །བདག་གིས་བསྟོད་བའི་བསོད་ནམས་ཀྱིས། །སེམས་ཅན་ཀུན་གྱིས་སྡེས བཙུན་གྱི། །གོ་འཕངས་བླ་མེད་ཐོབ་པར་ཤོག་།རྗེ་བཙུན་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་བསྟོད་པ་རྫོགས་སོ།། །།གང་ཞིག་ཆེ་འཕོས་ཏེ་བདུན་ཚིགས་ཀྱི་དུས་སུ་དགེ་རྩ་བྱེད་ན། །མིང་བྱང་དམ་གོས་ལ་སོས་པའི་མཚན་མ་ཅིག་ལ བརྟེན་བཅས་ལ།

CLOSE WINDOW