CLOSE WINDOW

N1303: སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

།བདག་དང་ཁམས་གསུམ་སེམས་ཅན་རྣམས། །རྡོ་རྗེ་འཛིན་གྱི་ས་ཐོབ་ཤོག་།སངས་རྒྱས་མཁའ་འགྲོ་མའི་སྒྲུབ་པའི་ཐབས། །སློབ་དཔོན་ཆེན་པོ་ནག་པོས་མཛད་པ་རྫོགས་སོ།། །།སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོག་བཞུཊ་སོ རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་མཎ་ཌ་ལ་ཀྲ་མ་པོ་དྷོ་ད་ན་ནཱ་མ་བི་དྷི། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །རང་བཞིན་ཏེ རུ་ཀ་དཔལ་གཅོ། །མཁའ་འགྲོ་མ་དང་བཅས་པ་དང། །བླ་མ་དམ་པ་ལ་བཏུད་དེ། །ཅེས་པ་བསྡུས་པའི་རྒྱུད་ངག་ལས། །རིམ་པ་གསལ་བ་མ་མཐོང་བས། །བླ་མ་དམ་པའི་དྲིན་གྱིས་ནི། །རིམ་པ་གསལ་བས་བདག་གིས་བཤད། །སློབ་དཔོན མཚན་ཉིད་བཟང་ལྡན་ཞིང། །སྒྱུ་འཕྲུལ་ཆེན་མོའི་རྒྱུད་ངག་ཏུ། །དབང་བསྐུར་དམ་ཚིག་བསྟན་པ་ཡིས། །གཟན་དག་གུས་པས་གསོལ་འདེབས་སམ། །རང་གི་ངོན་དུ་འདོད་པ་ཡིས། །སློབ་མ་མཚན་ཉིད་བཟང་ལྡན་ལ། །རྣལ་འབྱོར་ནུས་པ་དྲི བྱས་ལ། །དེས་པར་ཚིག་ཏུ་སྨྲ་གྱུར་ན། །དེ་ལ་སྦྱང་བའི་ལས་བྱའོ། །དུར་ཁྲོད་ལ་སོགས་འཇིགས་གནས་སམ། །བས་མཛའ་གནས་སམ་ཉམས་དགའ་བར། །རྟོག་བྲལ་སེམས་ཅན་གདོན་པ་ཡིས། །བསམ་པས་རྒྱུད་ལས་འབྱུང་བ་བཞིན། ། བསྐྱེད་པའི་ཚུལ་གནས་སློབ་དཔོན་གྱིས། དེ་ཡི་དག་པོ་འབུམ་བཟླས་ཤིང། །ལྷག་མ་རྣམས་ལ་ཁྲི་ཁྲིའོ། །དེ་ནས་དེ་ཡི་གནང་བ་འམ། །མཚན་མ་བཟང་ངང་ལྡན་གྱུར་ན། །དེ་ནི་དཀྱིལ་འཁོར་བྲི་བའི་ཕྱིར། །དབེན་པའི་གནས་སམ་དུར་ཁྲོད་དམ སྔོན་བྱས་པ་འམ་ཡིད་འོང་སར། །དེ་དབུས་མཎྜལ་བྱས་འོག་ཏུ། །ཆུ་ལ་སོགས་བའི་རྣམ་ལྔ་དང། །དབུགས་དབྱུང་སོགས་པ་སྐྱང་ནུལ་བྱ། །དེར་ནི་མིལ་མའི་མཆག་བཀྲམ་ལ། །ལྷ་གནས་འཁོར་ལོ་རྫོགས་བསྐྱེད་ལ། །དེ་ལ་ཁེ་ཡིག་སོགས་པ་ལ? ཡེ་ཤེས་དགུག་ལ་ཀྱོ་སོགས་ལ། །དགུག་སོགས་བྱས་ཏེ་དབང་བསྐུར་ལ། །མཆོད་སྟོད་རྫོགས་བྱས་བདག་ཉིད་ཀྱིས། །དེ་ལ་སོགས་པ་གདབ་པར་བྱ། །བདེང་གཤེགས་ཐམས་ཅད་བདག་ལ་དགོངས། །ཁྱེང་རྣམས་མཆོད་པའི་ཕྱིར་དང་ནི། །སློབ་མ་རྣམས་ལ ཕན་ཕྱིར་དུ། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་ཡི། །དཀྱིལ་འཁོར་བཟང་པོ་བྲི་བར་འཚལ། །བདག་ལ་བྱིན་བརླབས་གནང་པར་མཛོད། །དེ་སྐད་ལན་གསུམ་གསོལ་བཏབ་ལ། །དེ་ནས་བདག་ཉིད་ཧེ་རུ་ཀའི། །གཟུགས་སུ་བདག་ཉིད གནས་ནས་སུ། །མཆོད་དང་གཏོར་མར་ལྡན་པ་ཡིས། །ལྷ་མོ་མཛེས་མ་བསྐུལ་བའི་ཕྱིར། །སྔོན་གྱི་རྒྱལ་བའི་མཛད་སྤྱོད་ལྟར། །ལག་པ་ས་ལ་ལན་གསུམ་བརྡབ། །རྡོ་རྗེ་ས་ཡི་ལྷ་མོ་ནི། །བཙོ་མ་གསེར་གྱི་མདོག་འདྲ་ལ། །མཛེས་པའི རྒྱན་དང་ལྡན་པ་ལ། །གསེར་གྱི་བུམ་ཐོགས་ཅི་བགྱི་སྨྲ། །དེ་ལ་མཆོད་ཡོན་སྔོན་འགྲོ་བས། །མཆོད་པ་ཀུན་གྱི་མཆོད་བྱས་ལ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །དེ་ལྟར་ལན་གསུམ་བརྗོད་རྗེས་ལ། །དགའ་བའི་མདབས་ཀྱིས་ལྷ་མོ དེ། །ཁྱོད་ནི་སློབ་དཔོན་མཆོག་ཡིན་གྱིས། །དཀྱིལ་འཁོར་གྱི་ནི་ལས་གྱིས་ཤིག་།ཟེར་ཞིང་ས་ལ་ཐིམ་པར་བལྟ། །དེ་རྗེས་ཕྱོགས་སྐྱོད་རྣམས་དག་ལ། །གཏོར་མ་ཚུལ་བཞིན་བྱིན་ནས་ནི། །ས་ཕྱོགས་འདིར་གནས་ལྷ་དང་ཀླུ། །གནོད སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེར་ལྡན་པ། །རྡོ་རྗེའི་སྤྱན་དང་སྙན་མངའ་བ། །བདག་མིང་འདི་ཞེས་བྱ་བ་ཡིས། །བདེ་གཤེགས་རྣམས་ལ་མཆོད་པ་དང། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དགེ་བའི་ས་ཕྱོགས་འདི ཉིད་དུ། །དཀྱིལ་འཁོར་དམ་པ་ཆེན་འབྱུང་ལ། །སྒྱུ་འཕྲུལ་ཆེན་མོ་རྒྱུད་ཀྱི་རྒྱལ། །དཀྱིལ་འཁོར་ཆེན་མོ་ལས་བྱེད་པས། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །དེ་ལྟར་ལན་གསུམ་གསོལ་འདེབས པ། ས་བསླང་བ་ཡི་ཆོ་གའོ། །དེ་ནས་ས་ཕྱོགས་དེ་ཉིད་དུ། །མེ་ཡི་ལས་ལས་བྱུང་བ་ལྟར། །ཚར་བཅད་ཞི་བའི་ལས་བྱའོ། །དེ་ནས་དུས་ཀྱི་བྱེ་བྲག་གིས། །ལྟོ་འཕྱེ་རྣམ་པར་ཤེས་པ་ཡིས། །གཡས་བསྐོར་ལྟོ་ནས་བརྐོ་བར་བྱ། །དེ་ནས་རོ བསལ་མགལ་དུམ་དང། གྱོ་མོ་རུས་དང་རེ་བ་བསལ། །ས་དེ་མི་འཆི་བཅུ་ཕྱེད་དང། །དྲི་ཞིམ་ཆུ་ལ་ཧཱུཾ་བཟླས་དགང། །དེར་ནི་ཚད་ལྡན་དཀྱིལ་འཁོར་ལ། །ཤར་དང་བྱང་དུ་གཞོལ་སོགས་བྱ། །བ་ཡི་ལྕི་བས་བ་ཀོ་ཙམ། །བྱུགས་ཏེ་དྲི་མ ཆུ་དང་ནི། །ག་བུར་ཙན་དན་དམ་པ་དང། །མེ་ཏོག་སྣ་ཚོགས་བཀྲམ་པ་དང། །ཧཱུཾ་བཞི་ཡིས་ནི་ས་སྦྱང་བའོ། །དེ་ནས་ཐལ་གོས་ལ་སོགས་པའི། །རང་གི་རྒྱན་ལྡན་སློབ་དཔོན་གྱིས། །རྡོ་རྗེ་དྲིལ་བུ་དང་ལྡན་པས། །ཧཱུཾ་དང་ཁཾ་ཞེས་བྱ་བ ཡིས། །རྣམ་དག་ནམ་མཁར་བསམས་ནས་ནི། །ཧཱུཾ་ལཾ་སྔགས་ཀྱིས་གསེར་གྱི་ནི། །ས་གཞི་རྡོ་རྗེ་དང་ལྡན་བསམ། །མེ་དེའི་སྔགས་ཀྱིས་བྱིན་བརླབས་པའོ། །དེ་ནས་བདག་ཉིད་ཧེ་རུ་ཀར། །བསྐྱེད་པའི་ཆོ་གའི་ཚུལ་རྫོགས་ནས། །བསམས་པའམ དངོས་སུ་མཁའ་འགྲོ་མ། །བཞིའི་གནས་ལ་གནས་པ་ཡིས། །ཕྱི་ནང་མཆོད་པས་མཉེས་བྱས་ལ། །རང་བཞིན་རྣམ་དག་ཅེས་བྱ་བ། །སོགས་པས་བསྟོད་དེ་གསོལ་བ་ནི། །དཀྱིལ་འཁོར་གཙོ་བོ་ཀུན་གྱི་དངོས། །སྡིག་པ་ཐམས་ཅད་ཟད བྱེད་པ། །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ནི། །མགོན་པོ་ཆེན་པོ་བཤད་དུ་གསོལ། །གསོལ་བའི་ཚིག་དེ་མཁྱེན་ནས་སུ། །སྡུག་བསྔལ་ཅན་ལ་གཟིགས་ནས་ནི། །ཁྲོ་བོ་ང་རྒྱལ་ལྡན་པ་ཡིས། །མིག་ཏུ་མ་དང་ཊ་ཡིག་ལས། །ཉི་མ ཟླ་བ་བསལ་བསམས་ལ། །མིག་འབྲས་ཧཱུཾ་ལས་གྱུར་པ་ཡི། །རྡོ་རྗེ་ནག་པོ་བསམ་པར་བྱ། །རྐང་པ་གཉིས་སུ་ཨ་ལས་ནི། །སྣ་ཚོགས་རྡོ་རྗེ་འབར་བ་བསམས། །རྡོ་རྗེ་ལྟེ་བའི་མིག་འབྲས་ལ། །ཁྲོ་ཚོགས་སྤྲོས་པས་བགེགས་བསྐྲད ལ། རྒང་པས་རྡོ་རྗེ་རབ་འབར་སྤྲུལ། །རྡོ་རྗེ་དྲིལ་ལྡན་འགྱིང་བག་གིས། །དབང་ལྡན་མཚམས་སུ་སོང་ནས་ནི། །ཧཱུཾ་སོང་ཞིག་བགེགས་ཚོགས་མ་ལུས་ཀུན། །ལྷ་དང་ལྷ་མིན་གསང་བ་བ། །བགེགས་ཀྱི་ཚོགས་ཆེན་མ་ལུས ཀུན། །གནོད་པར་བྱེད་པའི་བགེག་ཚོགས་རྣམས། །སྒྱུ་འཕྲུལ་ཆེན་མོའི་བདག་ཉིད་གཙོ། །བདེ་ཆེན་ཡེ་ཤེས་ལས་བྱུང་བའི། །ད་ནི་དཔལ་ལྡན་རྡོ་རྗེ་དངོས། །བཀའ་ཡི་འཁོར་ལོར་རབ་སྦྱོར་བྱེད། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་རབ་ཏུ འབར་བ་ཡིས། །མགོ་བོ་ཚལ་པ་རྒྱར་འགས་ཤིང། །ཞི་བར་འགྱུར་བར་གདོན་མི་ཟ། །དེ་བས་གཞན་དུ་འགྲོ་བར་གྱིས། །ཞེས་པས་བགེགས་རྣམས་བསྐུད་བྱ་བ། །རོལ་པའི་གོམས་སྟབས་བརྒྱད་པས་བསྐོར། །རྐང་པ་བསྐྱོད་དང་ལག་པ བསྐྱོད། །སྨིན་མ་འདེགས་སོགས་གར་གྱིས་ནི། །གདུག་པའི་ཚོགས་ནི་བསྐྲད་བྱས་ལ། །ཧཱུཾ་ལས་བསྐྱེད་པའི་པུར་བུ་ནི། །ོཾ་བཛྲ་ཀཱི་ལ་ཡ་ཞེས་པ་ནི། །དེ་ཡི་བྱིན་བརླབས་བཟླས་རྫོགས་ནས། །གྷ་གྷ་ལ་སོགས་སྔགས་ཀྱིས་གདབ། །དེ ནས་རབ་བ་དྲ་བ་བྱ། །ས་བསྲུང་བའི་ཆོ་གའོ། །དེ་ནས་དྲི་ཞིམ་ཆུ་དང་ནི། །མི་འཆི་བཅུ་ཕྱེད་བྱུགས་པའི་སར། །ཐིག་ལེའི་སྟེན་དུ་མེ་ཏོག་གཞག་།དེར་ནི་ཆུ་སྐྱེས་བསམས་སྟེང་དུ། །ཉི་མའི་དཀྱིལ་འཁོར་སྟེང་དུ་ནི། །རང་རང་ས་བོན་གྱུར་པ ལས། །ལྷ་ཡི་འཁོར་ལོ་བསམ་པར་བྱ། །མགོན་པོ་དགུག་ལ་སོཌ་བྱས་ནས། །ཊཀྐི་ཧཱུཾ་ཛམཆོད་ནས་བསྟོད་དེ་གསོལ་བ་ནི། །ཧེ་རུ་ཀ་དཔལ་བཅོམ་ལྡན་འདས། །སངས་རྒྱས་མཁའ་འགྲོ་མ་དང་ལྡན། །ཕྱོགས་བཞིའི་མཁའ་འགྲོ་མ་རྣམས་དང། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། ། ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་གདགས་དང། །ཁྱེད་ལ་ཡང་ནི་མཆོད་བའི་ཕྱིར། །བདག་གིས་སྡིག་པ་འཇིག་བྱེད་པའི། །ནང་པར་དཀྱིལ་འཁོར་དྲི་ལགས་ན། །རྗེས་སུ་བརྩེ་བར་དགོངས་ནས་ནི། །བྱིན་གྱིས་བརླབ་པར་མཛེད་དུ གསོལ། །དེར་ནི་ཕྱི་ནང་མཆོད་པས་མཆོད། །དཀྱིལ་འཁོར་གྱིས་ནི་ལྷ་རྣམས་ཀུན། །ལྷག་པར་གནས་པའི་ཆོ་གའོ། །དེ་ནས་གསེར་ལ་སོགས་པ་ཡི། །རིན་ཆེན་རྒྱུ་ལས་བྱུང་བ་ཡི། །ལྟོ་ཆེ་མགྲིན་པ་རིང་བ་དང། །མཆུ་འཕྱད་ནག་པོ་ར་རི་མེད། །དྲི ཞིམས་དཀར་གྱིས་ཕྱུགས་ནས། །རང་དང་རང་གི་མཚན་མ་གདབ། །རྣམ་རྒྱལ་ལས་ནི་ཐམས་ཅད་དོ། །སྣ་ཚོགས་རྡོ་རྗེ་ལས་ཀྱི་ལྷ། །ཁ་དོག་མཐུན་པའི་རས་གཟུང་སྟེ། །བུམ་པའི་མགུལ་དུ་བཅིང་བར་བྱ། །ཙུ་ཏ་ལ་སོགས་ཤིང་དག་ནི། །ལོ་མ་མེ་ཏོག དང་ལྡན་པས། །འདིས་ནི་བུམ་པའི་ཁ་རྒྱན་ནོ། །ཆུ་དང་ལྡན་པའི་བུམ་པ་རུ། །བྱང་ཆུབ་སེམས་ཀྱི་རྟགས་སུ་ནི། །ཤེ་ཏ་ཕྲི་ཏ་སྟི་སྟ་ནི། ། བ་ར་ཅིན་ད་དན་ད་དང། །ཽ་ཏཔལ་ཀཎྜ་ཀ་རེ་དང། །ཧ་ས་དེ་བ་དག་གཞུག་གོ་།སོ་བ་འབྲས་དང་མ་ཤ་སྲན། ། ནས་དང་ཏིལ་དང་གྲོ་རྣམས་ཀྱིས། །ཐུགས་ཀྱི་རང་བཞིན་འདི་དག་གོ་།ཤེལ་དང་དངུལ་དང་མུ་ཏིག་དང། །བྱུ་རུ་དུང་དང་རྣམ་ལྔ་ནི། །ལྷ་རྣམས་སྐུ་མདོག་རྟགས་སུའོ། །ཉི་མ་ཟླ་བ་ཆུ་དང་སྨན། །དྲི་དང་རྣམ་པ་ལྔ་གཞུག་གོ་།དེ་ནས་དཀར་བའི་རས་སྟེང དུ། །མེ་ཏོག་བཀྲམ་ལ་བུམ་པ་དེར། །གཞག་སྟེ་བྱིན་གྱིས་བརླབས་པ་ནི། །བུམ་པའི་རང་བཞིན་དག་བསམས་སྟེ། །བྲུཾ་ལས་མཚན་ཉིད་བཟད་ལྡན་བསྐྱེད། །དེ་ཡི་ནང་དུ་ཆུ་སྐྱེས་ནི། །ཉི་མ་དང་ལྡན་ས་བོན་ལས། །རྣམ་རྒྱལ་དག་ཏུ་ཐམས ཅད་བསྐྱེད། །གཞན་ཡང་རང་རང་ས་བོན་ལས། །སྐུ་བསྐྱེད་ཆོ་ག་ཐམས་ཅད་ཀྱང། །སྔོན་ལྟར་བྱས་ཏེ་བཟླས་པ་ཡིས། །སྟོབས་ཀྱིས་བྱང་ཆུབ་སེམས་ཀྱིས་ཆུས། །གང་བར་ལྷག་པར་གནས་པའོ། །སློབ་མ་བསྲུང་དང་ལྡན་པ་ཡིས། །མེ་ཏོག ཕྲེང་འཛིན་སློབ་མ་ནི། །ཡིད་གཞུངས་སྤྲོ་ཆེན་བྱས་པ་བཟོ། །རིགས་བཙུན་ང་རྒྱལ་མེད་ལ་དང། །གཟུགས་དང་ལང་ཚོ་ཁ་དོག་ལྡན། །གསང་བའི་དོན་ལ་མདོན་བརྩོན་ན། །གཟུགས་ངན་ཡོན་ཏན་མེད་པ་དང། དེ་ལས་གཞན་པའང་གཞུག་པར་བྱ། །ལུས་བཀྲུས་གཙང་མའི་གོས་བགོས་ལ། །སྙིམ་པ་མེ་ཏོག་གིས་བཀད་ནས། །དགའ་ཆེན་ཁྱོད་བདག་བསྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ཆེན པོ་བདག་འཇུག་མཛོད། །དེ་ལྟར་གསོལ་བ་གསུམ་བཏབ་སྟེ། །འོད་ཀྱི་བུ་རུ་བྱས་ནས་སུ། །འདི་སྐད་ཅེས་ནི་བརྗོད་པར་བྱ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཡུལ་ཆོ་ག་ནི། །ཁྱོད་ལ་ཡང དག་བསྟན་པར་བྱ། །སངས་རྒྱས་དུས་གསུམ་ལས་འདས་པ། །སྐུ་གསུམ་ཐུགས་ཀྱི་རྡོ་རྗེ་ཅན། །མཉམ་ཉིད་ཡེ་ཤེས་ཐེབ་པ་ནི། །རྡོ་རྗེ་སྔགས་རབ་བསྒོམ་པའོ། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཧེ་རུ་ཀ་དཔལ་སྐྱོབ་པ་ཡི། །བདུད སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།དེ་ནས་སློབ་མས་ཆོ་ག་འདིས། །སྡིག་པ་བཤགས་སོགས་བྱ་བ་སྟེ། །བདག་གིས་སྡིག་པ་བགྱིས་པ་དང། བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་བདག་གིས་སུ། །མ་ལུས་སོ་སོར་བཤགས་པར་གྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །ཚོགས་ལ་བདག་གིས་ཡི་རང་ངོ། །སྒྱུ་འཕྲུལ གཙོ་བོ་ཡབ་ཡུམ་དང། །མཁའ་འགྲོ་མ་དང་བཅེས་པ་དང། །ཆོས་མཆོག་ལ་ཡང་སྐྱབས་སུ་མཆི། །དུས་གསུམ་བདེར་གཤེགས་ཐམས་ཅད་དང། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་མཆོག་བསྐྱེད་པ་ལྟར། །དེ་བཞིན་བདག་གིས སེམས་བསྐྱེད་དོ། །འགྲོ་བའི་མགོན་པོ་བདག་ལ་དགོངས། །མ་ལུས་བཞུགས་པའི་བདེ་གཤེགས་རྣམས། །འདི་ཉིད་ནས་བཟུང་སངས་རྒྱས་པར། །བླ་མེད་བདག་ལ་གཟིགས་པར་མཛོད། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱོར་བ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག བ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བྱ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་ལེས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི ཆོས་ནི་སྡུང་བ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པར་བཟུང་བར་བགྱི། གཉིས་སུ་མེད་པའི་ཚངས་སྤྱོད་དང། །རང་གི་དམ་ཚིག་བསྲུང་བར་བགྱི། །བདག་གི་དག་བའི་ལས་རྣམས་ཀྱིས། །སངས་རྒྱས་མྱུར་དུ་བསྒྲུབ་བྱ་སྟེ། ། སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི། །ཞེས་པ་གུས་པས་སྨྲས་པ་དང། །དེ་ཉིད་གསུམ་ཟློས་སློབ་དཔོན་གྱིས། །རྡོ་རྗེ་ཁུ་ཚུར་དྲི་ཡི་ཆུས། །སྙིང་མགྲིན་སྤྱི་བོར་ཐིག་ལེ་ལ། །ཧཱུཾ་ལ་སོགས་པའི་ཡིག་གསུམ ལས། །རྡོ་རྗེ་ལ་སོགས་རྣམ་གསུམ་ནི། །རང་རང་ཡི་གེས་མཚན་པ་ནི། །གོ་རིམས་བཞིན་དུ་བསམ་པར་བྱ། །ཡིག་གསུམ་འོད་ཀྱིས་བཀུག་བསྟིམ་ནས། །མཆོད་པའི་ལས་སུ་བྱས་པ་ལ། །མེ་ཏོག་སྤྱི་བོར་མདུན དུ་སྤོས། །དྲི་དང་མར་མེ་སྙིང་ཁ་རོ། །སྣ་ཚོགས་མཁའ་འགྲོ་རག་པ་ཡིས། །བཏབ་སྟེ་རང་རང་སྔགས་ཀྱིས་སོ། །དེ་ནས་ཨ་ཤྭ་ཏ་ཐ་སོགས་ལས། །སོར་བཅུ་གཉིས་ཀྱི་ཚད་དག་ལས། །སྐྱོན་མེད་མེ་ཏོག་རྩེར་ལྡན་སྦྱིན། །དེས་ཀྱང་ཤར་རམ བྱང་བལྟས་པས། །མི་སྨྲ་བར་ནི་བཅའ་ཟིན་ནས། །བ་ཀོ་ཙམ་ནི་བྱུགས་པར་རུ། །སོ་ཤིང་བདུན་ན་དྲང་པོར་དོར། །དེ་ཆེ་བདག་དང་སྟེད་ལྷ་ན། །དངོས་གྲུབ་མཆོག་ཏུ་དེ་བཤད་དེ། །ཕྱོགས་སུ་ཁ་ལྟས་དངོས་གྲུབ་འབྲིང། །མཚམས་སུ་བལྟས ན་འཇིག་རྟེན་པའི། །ཞི་སོགས་ལས་བརྒྱད་དེ་ལས་འགྲུབ། །སོ་ཤིང་བརྒྱ་ལ་ཐུར་ལྟས་ན། །ངེས་པར་ས་འོག་དངོས་གྲུབ་ཐོབ། །དེ་ནས་སྐྱོར་ཆུ་བླུད་བྱ་བ། །ོཾ་ཧྲི་བི་ཤུད་དྷ་དྷརྨམཱ་སརྦ་བཱ་བ་ནི་ལཙ་སཾ་ཤོ་དྷ་ཡ་ཕི་ཀ་ལ་བ་ཨ་པ་ནཱ་ཡ་ཧཱུཾ། ཞེས་གསུམ བརྗོད་པས་ངག་སྦྱངས་ནས། །འཇིག་རྟེན་དུ་ནི་ཀུན་མཁྱེན་ནི། །ཽ་དུམ་བ་རའི་མེ་ཏོག་ལྟར། །བརྒྱལ་ན་ནི་རེས་འགའ་ལྟར། །འབྱུང་འགྱུར་ཡང་ན་མི་འབྱུང་ངོ། །སྔགས་ཀྱི་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་རྙེད་དཀའ་བ་སྟེ། །གང་གི་མཉམ མེད་སེམས་ཅན་ངན། །བླ་ན་མེད་པ་བྱེད་ནུས་པ། །གཉིས་མེད་ཟབ་མོའི་སྦྱོང་ཚུལ་འདིས། །སེམས་ཅན་སངས་རྒྱས་ཐོབ་བྱེད་པའོ། །དང་པོ་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་གང་དང་གང། །དེ་ཀུན་ཟད་པར་གྱུར་པ་ནི། ། ཟབ་མོ་དཀྱིལ་འཁོར་མཐོང་བས་སོ། །དེ་ནས་ཨོཾ་ཨཱདེས་ཀྱང་སེང་གེའི་ཉལ་སྟབས་ཀྱིས། །ཀུ་ཤའི་སྟན་ལ་ཉལ་ནས་སུ། །ནང་པར་བཞིན་བཟངས་རྣམས་ལོངས་ཤིག་།སང་གི་ནང་པར་ཁྱོད་ཀྱིས་ནི། །ཐར་པ་ཆེན་པོའི་རང་བཞིན་གྱིས། །གྲོང་ཁྱེར་དམ་པ་མཐོང་ཞེས་བརྗོད། །དེ་ནས་ནང་པར་དུས་སུ་ནི། །རྨི ལམ་མཚན་མ་དྲི་བར་བྱ། །དེས་ཀྱང་མཚན་མ་མཐོང་བ་རྣམས། །སློབ་དཔོན་མདུན་དུ་བསྡོད་པར་བྱ། །མཚན་མ་བཟང་དང་ལྡན་སྨྲ་བ། །དེ་ཡི་དངོས་གྲུབ་བསྟན་པར་བྱ། །ངན་པ་མཐོང་ན་བསྲུང་བ་དང། །མི་ཡི་ལས་ཀྱི་རྟོགས་པ་གསལ། །ལྷག་པར གནས་པ་བྱས་འོག་ཏུ། །སློབ་དཔོན་མཚན་ཉིད་དང་ལྡན་པས། །རྣལ་འབྱོར་བྱས་ཏེ་ནང་བར་སྔར། །སྡིག་པ་ཐམས་ཅད་འཇིག་བྱེད་པའི། །དཀྱིལ་འཁོར་དམ་པ་བྲི་བའི་ཕྱིར། །དཀྱིལ་འཁོར་ནམ་ཁར་བཏེག་ནས་ནི། །དེ་ནས་ཐིག་ལེའི་ལས་བྱའོ། ། ན་རའི་སྐྲའམ་སུ་ཏས། །བྱང་མ་ཡང་ན་ངས་པལ་ལ། །ཁྲག་ཆེན་དུ་ནི་སྤགས་པ་ལ། །ཤེས་ནས་དཀྱིལ་འཁོར་གྱི་ཉིད་འགྱུར། །ཚད་བྱས་ཁ་དོག་ལྔར་བྱས་ཏེ། །པདྨའི་སྣོད་གཞག་དག་མོས་པས། །རྒྱུ་ལས་བྱུང་བའི་བདེ་གཤེགས་ལྔ། ། བསྐྱེད་དེ་ཡེ་ཤེས་སྤྱན་དྲང་བ། །རབ་ཏུ་མྱུར་བར་གཡོ་བའི་མིག་།མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་དམ་པ་སྟེ། །འདིས་ནི་ཡེ་ཤེས་ཐིག་དགུག་གོ་།དཀྱིལ་འཁོར་ཆེན་པོ་ཐིག་གདབ་ཕྱིར། །རྡོ་རྗེ་ཐིག་ནི་བདག་ལ་གསོལ། །མཆོད་པ རྣམས་ནི་བྱས་ནས་སུ། །ོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦབ་དྷརྨམཱ་།པ་ར་སྤར་ཨ་ནུ་ག་ཏ་སརྦ་དྷརྨམཱ། ཨ་དྱན་ཏ་ཨ་ནུ་བྲི་བཥྛ་སརྦབ་དྷརྨམཱ། ཞེས་བརྗོད་ཐིག་དེ་བསྒྲིལ་ནས་སུ། །མི་འཆི་ལྔ་ལ་སྤངས་པ་དང། །ཆོ་ག་ཤེས་ཤིང་བློ་ལྡན་པས། །ཡེ་ཤེས ཐིག་ནི་དེ་གདབ་པོ། །ཛཛ་ཛཇའི་སྒྲ་ནི་བཏང་ནས་སུ། །དེས་ཀྱང་རྒྱབ་ནས་འགྲོ་བར་བྱ། །ལྟེ་བར་རྡོ་རྗེ་ཁུ་ཚུར་གྱིས། །ནུབ་དང་ཤར་ནས་དང་པོ་སྟེ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ལྷོ་དང་བྱང་ནས་དེ་བཞིན་ཏེ། །ནམ་མཁའ་ཡི་ནི ཐིག་གདབ་པོ། །འོག་གི་ཐིག་ཀྱང་དེ་བཞིན་ཏེ། །དེ་ཚེ་འཇིག་རྟེན་ཁམས་ཀུན་གྱི། །སངས་རྒྱས་ལ་སོགས་འགྲོ་དོན་དུ། །ཁྱེད་ཀྱིས་དོན་ནི་བྱ་དུས་ཡིན། །སློབ་དཔོན་མེ་དང་རླུང་གནས་ཏེ། །སློབ་མ་དབང་ལྡན་བདེན བྲལ་དུ། །འདུག་ལ་ཤར་དང་ནུབ་གདབ་བོ། །དེ་ཉིད་གནས་དང་བྱང་གི་ཐིག། བྱིན་ཟ་སྲིན་པོར་གནས་པས་ལྷོ། །དེ་ཉིད་གནས་དང་བདེན་བྲལ་དང། །སློབ་མ་རླུང་དང་དབང་ལྡན་དུ། །གནས་པས་ཚམས་ཀྱི་ཐིག་གཉིས་སོ། །བསྟན་བཅོས མཐོང་དང་སྒོ་ཁྱུད་དུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་པའི། །ནང་དུ་ཆུ་སྐྱེས་བརྒྱད་པ་ལ། །རྡོ་རྗེ་ཕྲེང་བ་དང་ལྡན་པའོ། །འཁོར་ལོའི་བརྒྱད་ཆ་སྐོ་ཡིན་ཏེ། །སྒོ་ཁྱུད་སྒོ་དང་འདྲར་ཤེས་བྱ། །དེ་ཡི་ཁྱམས་ཀྱི་ཚད་ཡིན་ཏེ། །མཚོན་སྣ་ལྔ་ཡང་དེ ནང་དང་སྒོ་ཁྱུད་དུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་པའི། །ནང་དུ་ཆུ་སྐྱེས་བརྒྱད་པ་ལ། །རྡོ་རྗེ་ཕྲེང་བ་དང་ལྡན་པའོ། །འཁོར་ལོའི་བརྒྱད་ཆ་སྐོ་ཡིན་ཏེ། །སྒོ་ཁྱུད་སྒོ་དང་འདྲར་ཤེས་བྱ། །དེ་ཡི་ཁྱམས་ཀྱི་ཚད་ཡིན་ཏེ། །མཚོན་སྣ་ལྔ་ཡང་དེ བཞིན་ཕྱེད། །རྟབས་དེ་ལ་མཛེས་པ་དང། རིན་ཆེན་ཕ་གུ་མཚན་གྱི་ཆད། །ཉིད་འགྱུར་དྲ་བ་དྲ་ཕྱིད་ཚད། །རྟབས་གདུགས་སོགས་མཛེས་པ་ལ། །དུར་ཁྲོད་བརྒྱད་དང་ལྡན་པའོ། །ཕྱོགས་སུ་རྡོ་རྗེ་རྒྱ་གྲམ་མཛེས། །དེ་ལྟར་ཐིག གདབ་ཉེས་པ་ནི། །ཆད་ན་བླ་མ་འཆི་བར་འགྱུར། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ངེས་པར་ཕྱོགས་འཁྲུལ་སློབ་མ་མྱོས། །དེ་བས་འབད་པ་ཐམས་ཅད་དུ། །ཐིག་གི་ལས་ལ་བརྩོན་པར་བྱ། །དེ་ནས་རིན་ཆེན་སྣ་ལྔ་འམ། །འབྲས་ཀྱི་ཕྱེ་མ ཞིབ་མོ་འམ། །ཡང་ན་རུས་ཕྱེ་སོ་ཕག་དང། །འདབ་མ་ལྗང་ཁུ་སོགས་པ་ལ། །བྱས་པ་པདྨའི་སྣོད་གཞག་སྟེ། །ཡེ་ཤེས་ཐིག་བཞིན་དག་པའོ། །ཆོས་དབྱིངས་འདི་ནི་རྣམ་པར་དག། སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །སྒྱུ་འདྲུལ་ཞེས་བྱ རྒྱལ་པོ་ཆེ། །ཚོན་གྱི་ལས་ནི་ཡང་དག་བརྩན། །བརྟན་པའི་སེམས་ཀྱིས་མཉམ་བཞག་སྟེ། །གཡོན་པ་རྡོ་རྗེ་ཁུ་ཚུར་བྱ། །དང་པོ་རྡོ་རྗེ་སློབ་དཔོན་གྱིས། །དབང་ལྡན་མཚམས་ནས་བྲི་བར་བྱ། །དཀར་དང་སེར་དང་དམར་དང་ལྗང། །སྔོན་པོ་འདི ནི་ནང་དུ་འདོད། །གཡས་སྐོར་རྒྱུན་མཆད་པར་བྲི། །མི་གཡོ་བར་ནི་ཚོན་བྲི་ཞིང། །ནས་གང་བར་ལ་ཐེ་ཆུང་ཙམ། །སྤོམ་ན་ནད་འདེབས་ནོར་འཇིག་ཕྲད། །ཆད་ན་སློབ་དཔོན་བླ་མ་འཆི། །དེ་བས་འབད་པར་རི་མོ་བྲི། །ནན་ཏན་དུ་ནི་བྲི་བར་བྱ། །ཆུ སྐྱེས་ཤར་གྱི་འདབ་མ་སྟོ། །ལྷོ་དང་ནུབ་ནི་སེར་དང་དམར། །བྱང་ལྗང་མཚམས་བཞི་དཀར་བ་ལ། །ཀ་པཱ་ལ་བཞི་མཛེས་པར་བྲི། །ཕྱོགས་ཀྱི་འདབ་མ་བཞི་པོ་ལ། །རིགས་ཀྱི་མཚན་མ་ཉི་མ་བྲི། །དེ་རྒྱབ་རྡོ་རྗེ་ཕྲེང་བས་མནན། །དེ་བཞིན་ཤར སོགས་རིགས་ཀྱི་ནི། །སྒོ?་ཡི་རིམ་པ་ཤེས་པར་བྱ། །དེ་ནི་ཚོན་གྱི་ཆོ་གའོ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་དུ། །སློབ་དཔོན་མཆོག་གིས་ལུས་བཀྲུས་ཏེ། །དྲི་ཞིམ་པ་ཡིས་ལུས་བྱུགས་ཏེ། །རྒྱན་ཆ་མཆོག་དང་ལྡན་པ་ཡིས། །བུམ་པ རྣམས་ལ་སོགས་པ་ཡི། །རྫས་རྣམས་ཐོགས་ཏེ་ལན་གསུམ་བསྐོར། །དེ་ནས་སློབ་དཔོན་ཧེ་རུ་ཀའི། །ང་རྒྱལ་མཆོག་གི་ཧཱུཾ་སྒྲོགས་ཤིང། །ཕྱག་གཉིས་རྡོ་རྗེ་དྲིལ་ལྡན་པས། །སློབ་དཔོན་ནང་དུ་བཞུགས་ནས་ནི། །དབུས་སུ་གནས་ལ་མཉམ གཞག་པས། །ཡིད་ཀྱི་སྒོ་བཞི་དབྱེ་བར་བྱ། །ོཾ་བཛྲ་ཨཽ་ཏ་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། དེ་ནས་རྣམ་རྒྱལ་ལ་སོགས་པ། །གནས་དང་གོ་རིམས་བཞིན་དུ་དགོད། །བླ་རེ་དམ་པ་བྲེ་བ་དང། །སྣ་ཚོགས་གོས་དང་རྒྱན་རྣམས་བྲེ། །སྤོས དང་མེ་ཏོག་མར་མེ་ནི། །མཆོག་གི་དཀྱིལ་འཁོར་མཐོས་པར་བརྒྱན། །དེ་ནས་རྒྱན་ལྡན་བླ་མ་ཡིས། །ཆོ་གའི་ཚུལ་གྱི་དཀྱིལ་འཁོར་གྱི། །འཁོར་ལོ་རྫོགས་པར་བསྐྱེད་བྱས་ལ། །སེ་གོལ་སྒྲ་ཡི་སྦྱོར་བ་ཡི། །བདེ་གཤེགས་ཐམས་ཅད་བསྡུ བར་བྱ། །མདུན་དུ་ཞལ་གསིལ་མཆོད་ཡོན་སོགས། །ཕུལ་ཏེ་དགུག་གཞུག་བྱས་ནས་སུ། །དེ་ལ་མེ་ཏོག་སྤོས་སོགས་དང། །མཆོད་པའི་ཚོགས་ཀྱིས་མཆོད་པ་དང། །བཀྲ་ཤིས་གླུ་ཡིས་མཆོད་པ་དང། །ཚོགས ཀྱི་དགའ་སྟོན་བསྐོར་ནས་ནི། །སློབ་དཔོན་རྡོ་རྗེ་དྲིལ་འཛིན་པས། །དཀྱིལ་འཁོར་དམ་པ་དེ་དག་ལ། །བསྐོར་བ་བྱས་ལ་ཕྱག་འཚལ་ཏེ། །དེས་ནི་སྦྱིན་སྲེགས་ལས་བྱ་བ། །དཀྱིལ་འཁོར་དེ་ཡི་ཤར་ཕྱོགས་སུ། །དཀར་ལ་ཟླུམ་པའི ཐབ་དག་དུ། །འོ་མ་ཅན་གྱི་ཤིང་དག་ལས། །པཱ་པ་ཀ་དེ་རབ་བསྐྱེད་དེ། །མེ་ཡི་ཆོ་ག་རྫོགས་པ་དང། །དཀྱིལ་འཁོར་ཆེན་པོ་ཚུལ་བཞིན་མཆོད། །མཐར་ནི་དགང་བླུགས་དབུལ་བྱས་ཏེ། །མཆོད་བསྟོད་རང་གནས་གཤེགས་སུ་གསོལ། ། སློབ་དཔོན་དེས་ནི་རྫས་ལྷག་མས། །བྱིན་ཟ་མཆོད་དེ་གཤེགས་སུ་གསོལ། །ཟན་དྲོན་ཤ་དང་བཟང་བཅས་དང། །མི་ཆི་བཅུ་ཕྱེད་ལྡན་པ་ཡི། །གཏོར་མ་བཟང་པོ་མཚན་ཕྱེད་སྦྱིན། །དེ་ནས་མཆོད་པ་རྫོགས་པ་དང། །སྲོབ་མ་འཇུག་པའི་ཚུལ་དུ ནི། །དང་པོ་སློབ་དཔོན་འཇུག་པར་བྱ། །དེ་ནས་སློབ་མ་གཞུག་པར་བྱའོ། །མཛེས་པའི་རྒྱན་དང་གོས་བགོས་ཏེ། །གདོང་པ་རས་ཀྱིས་བཀབ་ནས་སུ། །འདི་སྐད་ཅེས་ནི་བརྗོད་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ སྐྱབས་སུ་མཆི། །གཙོ་བོ་མཁའ་འགྲོ་མར་བཅས་པའི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་དུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །དེ་ནས་སློབ་དཔོན་གྱི་འདི་སྐད་བརྗོད་དོ། །དེ་བཞིན་གཤེགས་པ་ཀུན གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག། སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བྱ། །དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། །སྒོ་གསུམ་དད་པས་ཕྱག་འཚལ་ཏེ། །ོཾ་ན་མན་ཨ་མོ་ན་མབསམ་བྱ། །རཏན་ཌཱ་ཀི་ནི་པུ་ཇོ་བ་སྠ་ན་ཡ་ཨཱཏྨ་ནཾ་ནི་རྱ་ཏཱ་ཡ་མི་སརྦ་ཏ་ཐ་ག་ཏ་རཏན་སཾ་བྷ་པ་ཨ་དྷི་ཏིཥཐ་སྭ་མཾ། །དཔྲལ་བར་ཐལ་སྦྱར་ལྷོ་ཕྱོགས་སུ། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ནོ། །དེ་ལྟར་ནུབ་དང་བྱང་དང་ནི། མགྲིན་པ་སྤྱི་བོར་ཕྱག བྱས་པ། །སྣང་བ་མཛའ་ཡས་དོན་གྲུབ་ལའོ། །ོཾ་པདྨ་ཌཱ་ཀཱི་ནི་པཱུ་ཛོ་པ་སྠ་ཨཱཏ་མ་ནཾ་ནིར་ཡ་ཏཱ་ཡི་མི་སརྦབ་ཏ་ཐ་ག་ཏ་པདྨ་དྷ་ར་ཨ་དྷི་ཏིཥྛ་སྭ་མཱཾ། །ོཾ་བི་ཤྭ་ཌཱ་ཀཱི་ནཱི་པཱུ་ཛོ་པ་སྠ་ནE་ཡ་ཨཱ་ཏ་མ་ནཾ་ནིར་ཡ་ཏཱ་ཡ་མི། སརྦབ་ཏ་ཐ་ག་ཏ་ཨ་མོ་གྷ་སིདྡྷི ་དྷི་ཏིཥྛ་སྭཱ་མཱཾ། དེ་ལྟ་ཕྱག་བཞི་བྱས་འོག་ཏུ། །སློབ་མ་དེ་ལ་ཐམས་ཅད་པའི། །ལས་ཀྱི་བུམ་པའི་ཆུ་ཡི་བཀྲུ། །ད་ནས་ཤར་ཕྱོགས་སྒོར་ཕྱོགས་ལ། །ལག་ན་མེ་ཏོག་དང་བཅས་པས། །སློབ་དཔོན་ལ་ནི་ཕྱག་བྱས་ཏེ། །དམ་ཚིག་སྡོམ་སོགས འདོད་པའི་ཕྱིར། དེ་ལ་གསོལ་བ་གདབ་པར་བྱ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བདག་ལ་སྡོམ་པ་རྣམས་ཀྱང་གསོལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སློབ་མ དེ་ལ་དམ་ཚིག་དབབ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ། །འདི་ནི་སངས་རྒྱས་རིགས་ཡིད་འོང། །སྡོམ་པ་བརྟན་པར་འགྱུར་བའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱི བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །བླ་མ་སངས་རྒྱས་དང་མཉམ་པས། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བརྗོད། །རིན་ཆེན་རིགས་ལ་རྟག་ཏུ་ནི། ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་བའི་ཆོས་ཀྱང་མ་ལུས་གཟུང། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག དང་ནི་སྡོམ་པ་མཆོག་། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཁྱོད་ཀྱིས་ཡང་དག་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལྟའི་ཡོན་ཏན་སློབ་མ་ལ། །དམ་ཚིག་སྡོམ་པ་བྱིན་པ་ལ། །སློབ་མས ཕྱག་བྱས་སྡོམ་བ་གཟུང། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དང་ལ་མཁའ་འགྲོ་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །ཆེ་གེ་ཞེས་བྱི་ད་རིང་ནས། །གཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི། །སྙིང་པོ་ལ་ནི་མཆིས་ཀྱིས་བར། །བྱང ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་བྱ་བ་ལ་སོགས་པ་ནས། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པས་སྡོམ་པ་གཟུང་ནས་ནི། །ོཾ་སརྦབ་ཡོ་ག་ཙིཏྟ་ཨཽཏ་པ་དཱ་ཡ་མི། །དེ་ལྟར་རྣལ་འབྱོར་སེམས་བསྐྱེད་ལ། །མེ་ཏོག་ཕྲེང་དང བཅས་པ་ཡི། །རྡོ་རྗེ་སྙིང་ཁར་གཞག་ནས་སུ། །ོཾ་སུར་ཏེ་ས་མ་ཡ་སྟཝཱཾ་ཧོ་སིད་དྷི་བཛྲ་ཡ་དྷཱུ་སུ་ཁཾ། དེ་ལྟར་རྣལ་འབྱོར་སེམས་བསྐྱེད་ནས། །ལག་ན་ཕྲེང་ལྡན་སློབ་མ་དེ། །ོཾ་ཨ་ཁཾ་བི་ར་ཧཱུཾ་ཞེས་པས། །སློབ་མ་དཀྱིལ་འཁོར་གཞུག་བྱས ནས། །སློབ་དཔོན་གྱིས་ནི་ཆིག་འདིས་བརྗོད། །དེང་ཁྱོད་ཧེ་རུ་ཀ་དང་མཁའ་འགྲོ་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱིས། །ངས་ཁྱོད་པ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། །ཡེ་ཤེས་དེས་ཁྱོད་དེ་བཞིན་གཤེགས་པ། །ཐམས་ཅད་དང། །ཧེ་རུ ཀ་དད་མཁའ་འགྲོ་མའི། །དངོས་གྲུབ་དག་ཀྱང་ཐོབ་འབྱུར་ན། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི། །མདུན་དུ་བརྗོད་པར་མི་བྱ་སྟེ། །དམ་ཚིག་ཉམས་པར་གྱུར་ཏ་རེ། །དེ་ལ་འཁོར་ལོ་གཞུག་བྱས ནས་?་ལག་གི་རྡོ་རྗེ་སྡེན་གཞག་ལ། །ཁྱོད་ཀྱིས་སུ་ཡང་རུང་བ་ལ། །གལ་ཏེ་ཁྱོད་ཀྱིས་སྨྲས་གྱུར་ན། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་ཡིས། །རང་གི་མགོ་བོ་འགས་བར་འགྱུར། །དེ་ནས་བདུད་རྩི་ལྔ་ལྡན་བའི། །པདྨའི་སྣོད་ཀྱི་དྲི་ཡི་ཆུས། །སྙིང་པོ བཟླས་ཏེ་འཐུང་དུ་གཞུག་། ཧེ་རུ་ཀ་དབབ་དེ་ཁྱོད་ཀྱིས། །ཁྱོད་ཀྱི་སྙིང་ལ་དི་རིང་གཞུག་།དེ་ཡི་མོད་ཡ་དྲལ་ཏེ་གཤེགས། །བཛྲ་ཨཽ་ད་ཀ་ཨོཾ་ཨཱནས་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །དེ་ནས་བརྩམས་ཏེ་ཁྱོད་ཀྱི་ནི། །ཧེ་རུ་ཀ་དབལ་ད་ཡིན་གྱིས། །ང་ཡིས་བསྒོ་པ་ཁྱོད་གྱི་བྱས། །ཁྱོད་ཀྱིས་ང་ལ་བ་རས་བྱས་ནས། །མི བདེ་མ་སྦངས་དུས་བྱས་ནས། །དམྱལ་བར་ལྟུད་བར་ཏུ་ར་ཏ་རེ། །དེ་ནས་སློབ་མའི་གཅོ་བོ་ཡིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེའི་ཡེ་ཤེས་དབབ་དུ་གསོལ། །སློབ་དཔོན་རྒྱན་ཆ་བགོས བྱས་ཏེ། །འགྱིངས་དད་གཅས་པས་སློབ་མ་ལ། །བལྟས་ཏེ་རྫས་ཀྱིས་གདུག་བ་དང། །ོཾ་བཛྲ་ཨ་བེ་ཤ་ཨ། ཞེས་བྱ་བ་བརྒྱད་རྩ་བརྒྱད་དུ་བཟླས། །དྲིལ་བུའི་སྒྲ་བསྒྲགས་རང་སྙིང་ལས། །འོད་ཀྱིས་བདེར་གཤེགས་བཀུག་ཏེ་གཞུག། དེས་ཀྱང་བབས་པར་མ་བྱུས་ཞ། །སློབ་མའི་སྙིང་ཁའི་ཟླ་བ་ལ། །ཧེ་རུ་ཀ་དཔལ་ཡུམ་བཅས་བསམ། །དེ་ཡི་རྡོ་རྗེ་པར་བསྐྱོད་བས། །འོད་ཟེར་དམར་བོས་ཡིན་ལག་ཀུན། །གལ་ཏེ་གཅིག་གྱུར་སྡགས་བཟླས་ནས། །གདོན་མི་ཟ་བར འབབ་པར་འགྱུར། །བབས་ནས་ལྕེ་ལ་ཡི་གེ་ཨ། །ལ་དོག་དམར་པོས་བསམས་ནས་ནི། །སྨྲོས་ཤིག་འདོད་ཆོགས་ཆོས་ཆེན་པོ། །དབག་ཏུ་མེད་བ་བདེ་བ་ཆེ། །དགེ་དད་མི་དགེ་འདི་འདྲི་བས། །བབ་མི་ན་དགེ་དང་མི་དགེ་སྟོན། །འདས་དང མ་འོངས་སྟོན་གྱུར་ན། །བརྒྱ་བའི་སྡགས་ཀྱིས་བརྟན་བྱས་ནས། །དེ་ནས་སློབ་དཔོན་འདི་སྐད་བརྗོད། །འདིར་ནི་བསོད་ནམས་ཇི་ལྟ་བར། །རིགས་ཀྱི་རིམ་བཞིན་འདི་ཡི་ལྷ། །འདིས་ནི་དངོས་གྲུབ་གང་ཡིན་དང། ། རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡིས་བསོད་ནམས་གང་ཡིན་ལས། །དཀྱིལ་འཁོར་དུ་ནི་དེ་བཞིན་འགྱུར། །སློབ་མས་མེ་ཏོག་ཕྲེང་བ་དེ། །པྲ་ཏཱིཙྪ་བཛྲ་ཧོའགྲུབ་བའི་ཕྱིར། །མེ་ཏོག་དེ་ཡིས་མགོ་ལ་བཅིངས། །དེ་ནས་སློབ་མའི་ལག་པ་ལ། །གཟུང་ནས་དེ་ཡི་མིག་དབྱེ་བྱ། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་དབྱེ་བར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་དབྱེ་མཛད་དེ། །རྡོ་རྗེའི་མིག ནི་བླ་ན་མེད། །ོཾ་བཛྲ་ནི་ཏྲ་ཡོ་ཧོ་ཧ་ར་པ་ཊ་ལཾ་ཧྲཱིབརླབས། །འགྲོ་བའི་ཕུན་སུམ་ཚོགས་བ་ཀུན། །དངོས་གྲུབ་ཀུན་ཁྱོད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་པ་དང། །གསང་སྔགས་པ་ཡང་བརྩོན་པར་གྱིས། །ཞེས་བརྗོད་མེ་ཏོག་ལྷུང་བའི་ལྷ། །གཙོ་བ་དེ་ལྟ་བསྟན་པར བྱ། དཀྱིལ་འཁོར་དེ་ཡི་ལྷ་ཉིད་ཀྱང། །ནན་ཏན་དུ་ནི་དེ་ལ་བསྟན། །དེ་ནས་སློབ་མ་དད་ལྡན་པས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །མཆོད་ཡོན་དམ་པ་ཕུལ་ནས་སུ། །དབང་བསྐུར་དོན་དུ་གསོལ་གདབ་བྱ། །ཧེ་རུ་ཀ་དཔལ་དབང བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་རྡོ་རྗེ་ཅན། །དེ་ལྟར་ཡོན་ཏན་འབྱུང་གནས་སོགས། །དེ་བཞིན་བདག་ལ་དེ་གསོལ་ཅིག་།དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་བདེ་བདག་ལ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག ནི་རྟག་ཏུ་སློབ་དཔོན་བགྱི། །དེ་སྐད་གཙོལ་གསོལ་བཏབ་ནས། །དེ་ནས་འཇུག་བའི་སྒོ་རུ་ནི། །པདྨ་འདབ་མ་བརྒྱད་བྲིས་ལ། །སྟེང་དུ་སེང་གེའི་ཁྲི་བཤམས་ཏེ། །སྣ་ཚོགས་མཛེས་པའི་གདན་བཏིང་ནས། །གཉིས་མེད་སློ?་ལྡན་དེར་གཞག་སྟེ། །ཧེ་རུ་ཀ དང་ལ་དར་སྤྲུལ་ལ། །གདུགས་དཀར་སློབ་མའི་སྟེང་གཟུང་ནས། །འབད་དེ་མཆེད་པ་ཅི་ནུས་མཆོད། །དེ་ནས་མེ་ཏོག་ཆུ་སོགས་པའི། །དབང་ནི་དམ་པ་བླང་བའི་ཕྱིར། །དབང་བསྐུར་བར་ཆོད་ཞི་བའི་ཕྱིར། །ཡུངས་ཀར་བསྔགས་ཏེ་བགེགས་བཟླེག་ལ། ། སློབ་མས་ཁྲུས་བྱས་རྒྱན་བཟང་བགོ། །ཁྲི་གཞག་སྙིམ་པའི་མེ་ཏོག་ནི། །དཀྱིལ་འཁོར་ལ་ནི་གཏོར་བར་བྱ། །ོཾ་པྲ་ཏཱིཙྪ་ཧོཤིཉྩ་ཞེས་བརྗད་དོ། །དེ་ནས་དང་པོར་སློབ་དཔོན་གྱིས། །རྣམ་རྒྱལ་བུམ་པ་ལ་སོགས་ནས། ཆུ་རྣམས་ཐོད་པར་བསྡུས་ནས་ནི། །གླུ་བླང་དྲིལ་བུ་སོགས་སྒྲ་སྒྲགས། །ོཾ་བཛྲ་ཨ་བྷི་ཥིཉྩ་ཞེས། བཟླས་ཏེ་རང་ཉིད་འོད་ཀྱིས་ནི། །རིག པའི་ལྷ་མོ་དམ་པ་རྣམས། །བདུད་རྩིའི་ཆུ་ཡིས་བག་ཆགས་བཀྲུ། །ཆུ་ཡིས་དབང་བསྐུར་དམ་པའོ། །ལུགས་བླུགས་ཐང་ཀ་འབུར་བྲིས་པ། །གསེར་སོགས་བྱས་པའི་དབུ་རྒྱན་ལ། །རིན་ཆེན་འབྱུང་ལྡན་དེར་བཅུག་ནས། །དབུ་རྒྱན་དམ པ་དེ་དཀོན་ཏེ། །དར་དབྱངས་བཅིངས་ལ་འདི་བརྗོད་དོ། །ཐོར་གཙུག་ཅོད་པན་གྱིས་བརྒྱན་པ། །བདེར་གཤེགས་ཀུན་གྱིས་བསྡུགས་པ་ཡི། །རིན་ཆེན་དབུ་རྒྱན་དམ་པ་དང། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ོཾ་བཛྲ་པ་ད་ཀ་བཛྲ ་ར་ལི་ཧོཐམས་ཅད་ཀྱི། །ཤིན་ཏུ་སྒྲུབ་ཕྱིར་རྡོ་རྗེ་གཟུང། །ོཾ་བཛྲ་ཨདྷི་པ་ཏི་སྟཾ། ། བྷི་ཥིཉྩ་མི། །ལག་ཏུ་རྡོ་རྗེ་དབང་བསྐུར་རོ། །དྲིལ་བུ་དོན་ཡོད་དཔལ་བཅུག་སྟེ། །ལག་གཡོན་བཏོད་ཚོ་འདི་སྐད་བརྗོད། །འདི ལྟར་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དེ་ཚེ་དྲིལ་བུའི་སྒྲ་སྒྲོགས་སོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱིས་དངོས མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །མཆོག་གི་སྲིད་པ་བྱེད་པར་འགྱུར། །ོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟཝཱཾ། ཨ་བྷི་ཥིཉྩ་ཏིཥྛ་བི་ར་ས་མ་ཡ། ཞེས་བརྗོད་གཡོན་དུ་དྲིལ་བུའོ། །ཕྱག་རྒྱ་ཆེ་དང་ལྡན་པ་ལ། །སྔགས་ཀྱི དབང་བསྐུར་མེད་གདགས་ཏེ། །ོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟཝཾ། ཨ་བྷི་ཥིཉྩ་མི། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ལྡན་མིང་དབང་པོ། །དེ་ནས་རྡོ་རྗེ་བརྟུལ་ཞུགས་ཏེ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ོཾ་སརྦབ་ཏ་ཐཱ་ག་ཏ་སིདྷི་བཛྲས་མ་ཡ་ཏིཥྛ་ཨེ་ཥ་སྟཾ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་པ་ནི་དྲིལ་བུ་དང། །འབྲེལ་བའི་བརྟུལ་ཞུགས་སྦྱིན བའོ། །དེ་ལྟར་རྫོགས་པས་གསང་བ་ཡི། །དབང་མཆོག་སྣོད་གྱུར་སློབ་མ་ལ། །སློབ་དཔོན་མདུན་དུ་སློབ་མ་དེ། །པདྨ་ཟླ་བ་བཞུགས་བསམས་ལ། །གསང་བའི་དབང་ཕྱིར་གསོལ་པ་གདབ། །གསང་བའི་དབང་བསྐུར་ཆེན་པོ་ལ། །གཙོ་བོ གསང་བ་བདག་ལ་གསོལ། །དེ་ལྟར་བརྗོད་རྗེས་སློབ་དཔོན་གྱིས། །ལྷ་ཡི་རྣལ་འབྱོར་དང་ལྡན་པས། །སྔོན་ཞིང་ཆུ་ལ་སོགས་པ་ཡི། དབང་རྣམས་རྫོགས་ནས་སློབ་དཔོན་གྱིས། །གསང་བའི་གོ་འཕང་འདི་བརྗོད་དོ། །དམ་ཚིག་ཕྱག་རྒྱ རབ་གསུངས་པ། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །གང་གི་ལུས་ཀུན་བརྟན་བྱེད་པ། །ས་ཡི་ཕྱག་རྒྱར་རབ་ཏུ་གྲགས། །དེ་སྐད་སློབ་མ་ལ་སྨྲས་ནས། །རང་དང་རིག་མ་ལྷན་ཅིག་ཏུ། །ཡིད་དང་རྗེས་མཐུན་བཟའ་དང་བཅའ་། །བཏུང་བ་ལ་སོགས་རྗེས་སུ བྱ། ཁ་ལ་སོགས་ལ་ག་བུར་གྱིས། །དྲི་ཞིམ་མཆོག་ཏུ་བསྒོས་པ་དང། །ཡིད་འཕྲོག་པ་ཡི་དགའ་བ་དང། །སྒེག་དང་རོལ་སོགས་སྔར་བྱས་ཏེ། །ཀྱེ་མ་གཉེན་མཆོག་སོགས་པ་ཡིས། །ལྟ་མོས་བདག་ལ་བསྐུལ་བ་དང། །དང་པོ་གཉིས་ནི་སྙོམས འཇུག་བྱ། །དགའ་བའི་བདེ་བ་འབྱུང་བ་དང། །ནམ་མཁའ་གནས་པའི་བདེར་གཤེགས་རྣམས། །བཀྲ་ཤིས་གླུ་ལ་སོགས་པ་ཡིས། །ཡིད་ལ་ཡང་དག་བསྐུལ་བསམས་ཏེ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། ། གསང་སྔགས་གནས་ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་བྱིན་པ་ཡིན། །དེ་སྐད་བརྗོད་ནས་ནོར་བུ་དབྱུང། །མཐེ་བོང་སྲིན་ལག་གཉིས་ཀྱི་ཁར། །བདེར་གཤེགས་ཞུ་བའི་རང་བཞིན་གྱི། །བྱང་ཆུབ་སེམས་དེ་སློབ་དཔོན་གྱིས། །དྲེ་དང བཅས་པའི་སློབ་མ་སྦྱིན། །དེས་ཀྱང་ཨ་ཧོ་སུ་ཁ་ཞེས། །བརྗོད་དེ་དགའ་བས་དེ་བཏུང་དོ། །ཁམས་གསུམ་ཐབས་དང་ཤེས་རབ་གཅིག། བདེ་ཆེན་གཉིས་མེད་ཡེ་ཤེས་གསལ། །གསལ་བྱས་སློབ་མ་ནུས་ལྡན་འགྱུར། །གསང་བའི་སློབ དཔོན་དབང་བསྐུར་རོ། །དེ་ནས་ཆོ་གའི་རིམ་པ་འདིས། །རྗེས་གནང་དབང་བསྐུར་སྦྱིན་བྱ་སྟེ། །རྩ་བའི་དཀྱིལ་འཁོར་ཕ་རོལ་ཏུ། །སྔོན་བཞིན་དཀྱིལ་འཁོར་རྫོགས་བྱས་ཏེ། །དེ་དབུས་སློབ་དཔོན་རང་ཉིད་ནི། །སྒྱུ་འཕྲུལ་ཆེན་མོའི་ཏིང འཛིན་གནས། །སློབ་མ་བཟང་པོས་སློབ་དཔོན་ལ། །གུས་པས་ཡོན་ཕུལ་མཆོད་བྱས་ལ། །ཕྱག་རྒྱས་དབང་པོ་གཉིས་སྦྱོར་བས། །དཀྱིལ་འཁོར་གྱིས་ནི་འཁོར་ལོ་ཀུན། །སྤྲོ་དང་བསྡུ་བའི་ཚུལ་བསྟན་ལ། །དབང་བསྐུར་འདོད་ཕྱིར གསོལ་བ་གདབ། །རང་བཞིན་སློབ་དཔོན་གོ་འཕང་ཆེ། །བདེར་གཤེགས་རྣམས་ཀྱི་དབང་བསྐུར་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །དེ་ནི་སེམས་ཅན་དཔག་མེད་དོན། །བརྟུལ་ཞུགས་མཆོག་ནི་ཁྱོད དྲིན་གྱིས། །ཇི་ལྟར་འདུལ་བཞིན་བདག་བགྱིད་དོ། །དེ་ལྟར་གསོལ་བ་བཏབ་རྗེས་ལ། །རྡོ་རྗེ་སློབ་དཔོན་དམ་པ་ལ། །སྙོམས་འཇུག་ཏི་ངེ་འཛིན་བཏང་ནས་ནི། །སློབ་མ་འདོད་ལྷའི་ངོ་བོར་བསྐྱེད། །རང་ལུས་འཁོར་ལོ་རྣམ་སྤྲོས་ནས། ། རྡོ་རྗེ་མཁའ་འགྲོ་ལ་སོགས་པ། །ལག་པའི་ལོམས་བུམ་པ་ནི། །བདུད་རྩིའི་ཆུ་དང་བཀྲ་ཤིས་གླུས། །དབང་ནི་བསྐུར་བར་བསམས་པར་བྱ། །རྣམ་རྒྱལ་བུམ་པ་ལ་སོགས་པས། །སྔོན་བཞིན་ཆུ་ལ་སོགས་པ་ནས། །གསང་བའི་དབང གིས་བར་དག་གིས་། ཆོ་ག་རྫོགས་རྗེས་ཤེས་རབ་ལ། །བརྟེན་པའི་ཡེ་ཤེས་སྦྱིན་བྱ་སྟེ། སྔོན་བཞིན་སློབ་མ་རང་ལ་བསྟན། །གཞག་སྟེ་གུས་བཅས་འདི་བརྗོད་དོ། །མཛེས་པ་འདི་ནི་གཟུང་བ་དང། །བརྟེན་པར་བདེ་གཤེགས་ཀུན གྱིས་བརྟག་། འདི་ནི་གཟུངས་མ་ཡིད་དགའ་མ། །ཁྱོད་ཀྱིས་རྟག་ཏུ་བརྗོད་པར་བྱ། །དེ་སྐད་སྨྲས་ལ་སློབ་དཔོན་གྱིས། །ཕྱག་རྒྱ་དམ་པ་བྱིན་བརླབས་ཏེ། །སློབ་མ་དེ་ལ་གཏང་པར་བྱ། །དེ་ནི་དངོས་པོ་ཐམས་ཅད་ཀྱི། །སློབ་དཔོན་ཉིད དུ་དེ་འགྱུར་རོ། །དེ་ནས་སློབ་མ་སྟན་དེ་ལ། །ཐབས་དང་ཤེས་རབ་སྙོམས་འཇུག་པའི། །བསམ་གཏན་གནས་དང་ཕྱི་རང་ནང། །གསང་ལ་སོགས་པས་མཆོད་བྱ་སྟེ། །མཆོད་པ་གཟུགས་དང་སྒྲ་སོགས་ཀུན། །དམིགས་མེད སྤྱོད་པ་རང་བཞིན་ནོ། །མཉམ་པ་ཉིད་དུ་མོས་པར་བྱའོ། །དེ་ནས་གསེར་གྱི་ཐུར་མ་ཡིས། །མིག་སྨན་བྱུག་པའི་ཚུལ་དུ་ནི། །མིག་ནི་དབྱེ་བར་བྱ་བའོ། །ོཾ་བཛྲ་ནེ་ཏྲཱ་པ་ཧར་པཊ་ལཾ་ཧྲཱི:། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག རྟེན་རབ་རིབ་གསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་བསྟར་རྗེས་ལ། །ཆོས་ཀྱི་མཚན་ཉིད་བརྗོད་པར་བྱའོ། །ཆོས་རྣམས་གཟུགས་བརྙན་དག་དང་མཚུངས་།ངག་ཅིང་གསལ་ལ རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་འབྲས་ལས་ཐམས་ཅད་འབྱུང། དེ་སྐད་བརྗོད་ལ་ཆོས་རྣམས་ཀུན། །རྣམ་དག་སྦྱོར་བ་གསལ་བ་ལས། །ཧོ་ཡིས་སློབ་མའི་ལག་པ་རུ། །མདའ་དང་གཞུ་བྱིན་ངེས་ཀྱང་ནི། །བསྐྱོད་དེ ཕྱོགས་བཞིར་འཕེན་ཚུལ་བྱ། །སྟེང་འོག་དབུས་སུ་དེ་ཉིད་ཀྱིས། །བདུད་བཞི་ལས་ནི་རྣམ་རྒྱལ་བྱ། །དེ་ནས་ཡི་གེ་ཧཱུཾ་གིས་ནི། །འཁོར་ལོ་བྱིན་ལ་འདི་སྐད་བརྗོད། །དེང་ནས་གཟུང་སྟེ་འཇིག་རྟེན་ལ། །སྐྱོད་པ་རྣམས་ཀྱི་འཁོར་ལོ་བསྐོར། ། ཆོས་ཀྱི་འཁོར་ལོ་བླ་མེད་པས། །ཀུན་ཏུ་སྡིག་མེད་དྲི་མེད་པའོ། །དེ་ཚེ་ལག་ཏུ་དུང་བྱིན་ཏེ། །ཁྱོད་ཀྱིས་ཐེ་ཚོམ་དགས་མེད་པ། །སེམས་ནི་ཡིད་གཉིས་མེད་པ་ཡིས། །ཆོས་དུང་བླ་ན་མེད་པ་ནི། །དྲི་མེ་མེད་བས་ཀུན་དགའ་ཡིས། ། ཆོས་ཀྱི་དེ་ཉིད་བསྟེན་བ་དང། །ཞི་རྒྱས་དབང་དང་དགུག་བ་དང། །སྡད་བྱེད་བསོང་བྱེད་བསྐྲད་པ་དང། །གང་གང་བཤད་པ་དེ་དེ་རྣམས། །ཡང་ན་དང་པོའི་དབང་དུ་ཀུན། །བསྲུང་དང་བཟའ་སོགས་སྡོམ་པར་བཅས། །ཆོ་ག་དེར་ཡང རྫོགས་པར་འདོད། །དེ་ནས་རྩ་བའི་དཀྱིལ་འཁོར་དུ། །ཞུགས་ནས་སྔོན་བཞིན་འཆི་མེད་དང། །བཟའ་བཏུད་ལ་སོགས་ཀུན་སྤྱང་ལ། །ལུང་བསྟན་འདི་ནི་སྦྱིན་བྱ་སྟེ། །ལྷའི་རྣལ་འབྱོར་དང་ལྡན་པས། །ལག་པ་གཡོན་པའི་ཁུ་ཚུར འགྱིས། ཆོས་གོས་ཐ་མ་སྙིང་ཁར་གཟུང། །གཡས་པ་མི་འཇིགས་ཚུལ་གྱི་གནས། །དེ་ནས་ཚིག་འདི་བརྗོད་པར་བྱ། །འདི་ནི་དས་ཁྱོད་ལུང་བསྟན་ཡིན། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །སྲིད་པ་ཀུན་ཏུ་སྒྲུབ་པ་ཡིས། །སྲིད པའི་ངན་འགྲོ་རྣམས་ལ་བཏོན། །ཧ་ཤྲཱ་ཨ་མུ་ཀ་བཛྲ་ཏ་ཐཱ་ག་ཏ་སིད་དྷ་ཡེ། ཧོ་ཤྲཱི་ཨ་མུ་ཀ་བཛྲ་ཏ་ཐཱ་ག་ཏ་སིད་དྷ་ས་མ་ཡ་སྟཾ། དེ་ཚེ་ཧེ་རུ་ཀ་དཔལ་དང། །མཁའ་འགྲོ་མ་དང་སློབ་དཔོན་བཅས། །མགྲིན ཅིག་ལུང་བསྟོན་བསམ་པར་བྱ། །དེ་ནས་དབུགས་དབྱུང་སྦྱིན་བྱ་བ། །གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །མཐོང་བ་དང་ན་བཅུག་པ་ཡི། །སྡིག་པ་ཀུན་ལས་གྲོལ་འགྱུར་བར། །ཁྱོད་ནི་ཤིན་ཏུ་དི་རིང་ནས། །སློབ་དཔོན་བརྙས། པར་མི་བྱ་ཞིང། །གུས་པ་ཡིས་ནི་མཆོད་པར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འང། །ཡོངས་སུ་བཏང་བར་མི་བྱའོ། །དམ་ཚིག་སྡོམ་པ་བསྲུང་ཕྱ་སྟེ། །རྣམ་པར་རྟོག་པས་གོས་མེད་པ། །རང་ལྷའི་རྣལ་འབྱོར་གནས་པ་ཡིས། །འདོད་པའི ཡོན་ཏན་བསྟན་པར་བྱ། །ཁྱོད་རང་སངས་རྒྱས་ཀུན་རིགས་སྐྱེ་ས། །འདི་ནི་སློབ་མ་དབུགས་དབྱུང་བའོ། །དེ་ནས་སློབ་མ་དང་ལྡན་པས། །རྟ་དང་གླང་པོ་ཤིང་རྟ་དང། །སྲོག་ནོར་རིན་ཆེན་སྣ་ཚོགས་དང། །ནོར་བུ་མེ་ཏོག་རྒྱན། སོགས་པ། །ཕྱག་བྱས་བླ་མ་དམ་པ་ལ། །མ་ཞེན་པ་ཡི་སེམས་ཀྱིས་དབུལ། །སློབ་དཔོན་མཉེས་བྱས་དེ་རྗེས་ལ། སློབ་མས་རྡོ་རྗེ་དྲིལ་གཟུང་ལ། །སློབ་དཔོན་དམ་པས་སློབ་མའི་མགོར། །གདུགས་གཟུང་བཀྲ་ཤིས་སྤྱོད་ལྡན་པས སློབ་མས་དཀྱིལ་འཁོར་ལན་གསུམ་བསྐོར། །དེ་ཡིས་རྗས་ལ་ཤར་ཕྱོགས་ནས། །ཕྱག་བྱས་ལངས་ལ་དེར་གནས་ལ། རྣལ་འབྱོར་མ་ཡི་ཚོགས་རྣམས་ཀྱིས། །བཟའ་བཏུང་ལ་སོགས་དགའ་བ་ཡི། །རོལ་མོ་ཕུལ་ལ་སྨོན་ལམ གདབ། །དེ་ནས་ཅི་བདེར་གཤེགས་སུ་གསོལ། །དེ་ནས་ཐོ་རངས་དུས་སུ་ནི། །ཚོན་རྩི་ལ་སོགས་ཐམས་ཅད་ཀུན། །བསྡུས་ཏེ་གསེར་གྱི་བུམ་བཅུག་སྟེ། །ཆུ་བོ་ཆེན་པོར་ངོར་བར་བྱ། བུམ་པ་གཞན་རྣམས་མ་ལུས་ཀུན། ། ཆུ་བོ་ཆེན་པོར་བཀྲུ་བར་བྱ། །དེ་ནས་མི་འཆི་བཅུ་ཕྱེད་དང། །བ་ཡི་རྣམ་ལྔ་ཙན་དན་དང། །གུར་ཀུམ་སྦྱར་བའི་ཚོན་གྱིས་ནི། །ཐིག་མི་མངོན་པར་དབྱི་བར་བྱའོ། །དེ་ནས་ཞི་བའི་སྦྱིན་སྲེགས་ནི། །མི་ཡི་ལས་ལས་འབྱུང་བ་ལས། །བདག་དང་སློབ་མར་བཅས་པ། རྣམས། །སྡིག་པ་ཞི་ཕྱིར་སྦྱིན་སྲེག་བྱ། །བུམ་པ་མ་གསལ་མཚན་མེད་གོས་སྐབས་མེད་མོད་ཀྱང། །རྒྱུད་ཆུང་དམ་པར་སློབ་མའི་མིག་ལམ་གསལ་མེད་ནས། །དཀྱིལ་འཁོར་ཆོ་ག་མ་མཐོང་དེ་དོན་གསལ་བ་དང། །ཅུང་ཟད་བླ་མའི་གདམས་དག ལ་བརྟེན་རིམས་པ་གསལ། །དེ་ལམ་གསལ་བླ་མ་དམ་པས་བཟོད་པར་གསོལ། །ཅེས་པ་བསྡུས་པའི་རྒྱུད་དག་ཏུ། །རིམ་པ་གསལ་བ་མ་མཐོང་ནས། །རིམ་པ་གསལ་ཞེས་བྱ་བ་ཡི། །དཀྱིལ་འཁོར་ཆོག སྦྱར་བ་ལས། །དེ་ཡི་བསོད་ནམས་གང་ཐོབ་པ། །བདག་དང་སེམས་ཅན་ཐམས་ཅད་ཀུན། །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པ་གསལ་བ་ཞེས་བྱ་བ་ནག་པོ་སྤྱོད་པ་བས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཀརྨམ་བཛྲ་དང། །ལོ་ཙ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ།། །།རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལས་དང་པོ་བའི་རྣལ་འབྱོར་པས། །བྱང་ཆུབ་ཏུ་སེམས་བརྟན པར་གྱུར་པས།

CLOSE WINDOW