Wylie | e-texts based on the ACIP/ALL ![]() ![]() |
། །།དཔལ་གདན་བཞི་བའི་དཀྱིལ་ཆོག་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་ཙ་ཏུརྦི་ཐཱི་ཏནྟྲ་རཱ་ཛསྱ་མཎྜ་ལོ་བ་ཡི་ཀ་བིདྡྷི་བཞིན་དྷ་ས་ར་མུ་ཙྪ་ཡ་ན་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི
པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ་ཞེས་བྱ་བ། བཅོམ་ལྡན་འདས་མ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཡི་གེ་བཞི་པ་སྔོན་འགྲོ་བའི། །ཀླུ་སྒྲུབ་ལ་ནི་ཐོག་མར་འདུད། །ཤིན་ཏུ་གབ
ཅིང་གསང་བ་ཡི། །སངས་རྒྱས་གསུང་ལ་བདག་ཕྱག་འཚལ། །གསང་བའི་ཕྱོགས་ནི་འདི་དག་ལས། །སྦྲང་རྩི་གནས་འགྱུར་པདྨ་ལས། །རེག་པའི་ཡེ་ཤེས་དེ་ཁོ་ན། །དང་པོའི་ཆོས་ལ་བདག་འདུད་དོ། །ཱ་ལིའི་ཡེ་ཤེས་འདམ་སྐྱེས་སུ། །
རྡོ་རྗེ་སེམས་ཀྱིས་གདམས་པ་ལས། །སྦྲང་རྩི་བདུད་རྩིའི་རོ་མྱོང་བ། །གསུང་གཉིས་པ་ལ་བདག་ཕྱག་འཚལ། །ཁྲོ་དང་ང་རྒྱལ་ལ་སོགས་མེད། །ཀུན་ཏུ་ཡེ་ཤེས་ཀྱིས་བསྐུལ་བ། །གསུང་གསུམ་པ་ལ་བདག་འདུད་དོ། །གང་ཡང་ཐོབ་པ
གསུམ་མཆོག་བཙོས། །སེམས་ཅན་མཆི་མེད་ཉིད་སྨོན་པ། །སངས་རྒྱས་གསུང་ལ་བདག་ཕྱག་འཚལ། །འབུམ་ཕྲག་དག་ནི་བཅུ་དང་བརྒྱད། །གཅིག་ནས་གཅིག་བརྒྱུད་མཐོང་བ་ལས། །རྣཱལ་འབྱོར་བསྟན་བཅོས་དམ་པ་སྟེ། །ཕྱི་རོལ
བསྟན་བཅོས་སུན་འབྱིན་ཡིན། །སྡེབ་སྦྱོར་དང་ནི་ཚད་མ་མེད། །སྒྲ་ཡི་མཚན་ཉིད་རྣམ་པར་སྤངས། །ཡེ་ཤེས་ཅན་གྱི་རྣལ་འབྱོར་ཚིག་།ཐམས་ཅད་རྣལ་འབྱོར་བསྟན་བཅོས་ཡིན། །ལུས་ཅན་རྣ་ལམ་ཆུ་བུར་དང། །གར་གྱི་གནས་དང་མཚུངས
འདྲ་བའི། །རྨོངས་དང་གཏི་མུག་འཕེལ་བྱེད་པ། །ཕྱི་རོལ་བསྟན་བཅོས་ཅི་ཞིག་བྱ། །སྙིང་པོ་སྙིང་པོ་ཞེས་བྱའི་ཆོས། །དག་པའི་ལམ་ནི་ངེས་པར་སྦྱར། །དག་པའི་ཆས་ནི་དམིགས་པ་ལས། །དག་པའི་ལུས་འགྱུར་ཐེ་ཚོམ་མེད། །གཉིས་མེད
ཤིང་ལྟར་ཞུགས་ནས་ནི། །ཐིག་ལེའི་གོ་ཆས་གོ་བགོས་ནས། དེ་ཉིད་མདའ་ཡིས་བསྣུན་ན་ནི། །འཁོར་བའི་ཡུལ་ནི་འཇོམས་པར་འགྱུར། །དོན་ལ་བརྟེན་པའི་བསྟན་བཅོས་ནི། །གཅིག་ནས་གཅིག་ཏུ་བསླབས་པ་སྟེ། །ཤིན་ཏུ་གབ་ཅིང་གསང་བའི་དོན། །
བརྡ་ཡི་སྐད་ཀྱིས་བཤད་པ་ཡིན། །གདན་བཞི་པ་ཞེས་བྱ་བའི་རྒྱུད། །སྟོང་ཕྲག་བཅུ་གཉིས་རབ་རྒྱས་ལས། །དེ་ཉིད་སྦྱོར་བརྙེད་ནས་ནི། །དཀྱིལ་འཁོར་ཆོ་ག་བསྟན་པ་ཡིན། །བཅུ་དང་བརྒྱད་དུ་བྱེ་བ་ཡིས། །ལས་ཅན་འཁོར་བར་རྣམ་རོལ་ཏེ། །ཞི་དང
རྒྱས་དང་དབང་དང་དགུག་། བསྐད་པ་དང་ནི་བཅིངས་སོགས་ཀྱི། །སྔགས་གྲུབ་པ་དང་སྦྱིན་སྲེག་སོགས། །དཀྱིལ་འཁོར་མཚན་ཉིད་མཚོན་པར་བྱ། །སློབ་མ་བཟང་ལ་སློབ་དཔོན་ནི། །རྣལ་འབྱོར་གསང་།ལ་རབ་ཏུ་གུས། །དུལ་བས་ལེགས་པར་བརྟགས
ལ་ནི། །དཀྱིལ་འཁོར་དེ་ཉིད་བྲ་བར་བྱ། །སློབ་མ་བརྟག་པ་ལ་འཇུག་པའི་ཆོ་ག་སྟེ་དང་པའོ།། །།དང་པོར་རེ་ཞིག་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་སོགས་བྱ། །ཡིད་དང་མཐུན་པའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི།།
ལག་གཡས་ཉི་མའི་དཀྱིལ་འཁོར་ལ། །དབུས་སུ་དབྱངས་ཡིག་དང་པོ་བསམ། །གཡོན་དུ་ཟླ་བའི་དབུས་གནས་པར། །བདུད་རྩིའི་ཡི་གེས་མཛེས་པར་བྱ། །དཀར་པོ་དུད་པ་དུད་དང་ནི། །པདྨ་གཡས་ཀྱི་སོར་མོ་ལའོ། །གི་ཝཾ་དྲི་གསུམ
འཇིགས་པ་དང། །ས་ཡི་གདུགས་ནི་གཡོན་ལ་དགོང། །ཡེ་ཤེས་རྣམ་ཤེས་མཐེ་བོང་གཉིས། །ལག་སོགས་ལས?་ནི་བྱེད་པ་མོ། །དཀར་པོས་བསྡིགས་ཤིང་རེངས་པར་བྱེད། །དུད་པས་བསྐྱོད་ཅིང་འབྱེད་པ་སྟེ། །དུང་གིས་ཐམས་ཅད་འགུགས
པར་འགྱུར། །པདྨས་སྤོང་ཅིང་སྲེད་པར་བྱེད། །གི་ཝཾ་སྡང?་བ་འཇོམས་པ་སྟེ། །དྲི་མ་གསུམ་གྱིས་ལྟུང་བར་འགྱུར། །འཇིགས་པས་བསོད་པར་རབ་ཏུ་བཤད། །ས་གདུགས་ལས་ཀུན་བྱེད་པ་ཡིན། །ཱ་ལི་ཞེས་བྱའི་ཕྱག་རྒྱ་དང། །ས་བོན་བརྒྱད་གྱི
བསྐུལ་བྱ་སྟེ། །རྡོ་རྗེ་མཆོག་ཏུ་འབར་བའི་འོད། །མེ་ཡི་ས་བོན་སྟེང་སྒོར་དགོད། །ས་ནི་མིག་ལ་བསམ་པར་བྱ། །ནམ་མཁའ་རྣ་བ་སྣ་དག་ལ། །བདུད་རྩི་ཆུ་ཡི་ས་བོན་ནི། །དཀར་པོ་ལྕེ་ལ་ཀུན་ཏུ་བསམ། །སྡེ་ཚན་བརྒྱད་པའི
གསུམ་པ་ཡིས། །རྩ་བ་ཡིས་ནི་སྟེང་དུ་བརྩིར། །ར་ནི་གསུམ་པ་ཉིད་ཡིན་ཏེ། །འོག་ཏུ་རླུང་སྦྱར་བཞི་པའོ། །སྒྲ་དང་བཞོན་ནུ་ཐིག་ལེ་ཅན། །ཡི་གེ་བཞི་པའི་མིང་ཅན་ཏེ། །ཆུ་སྟེ་གཏི་མུག་མགྲིན་པར་རོ། །ཉོན་མོངས་པ་ནི་ནམ་ཚོང་དགོད། །
སྙིང་གར་རླུང་གིས་བསྐྱོད་པར་བྱ། །ལྟེ་བར་མེ་སྟེ་དེ་བཞིན་ཕྱུགས། །ཡི་གེའི་དགོད་པས་བཀོད་ནས་ནི། །ས་བོན་ལས་ནི་ལྷའི་ཚུལ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །པདྨའི་གདན་ལ་བཞུགས་པ་སྟེ།
གངས་དང་ཀུན་བ་ལྟ་བུའི་འོད། །ཕྱག་གཉིས་སེམས་དཔའ་ཨི་སྐྱིལ་མོ་ཀྲུང། །སངས་རྒྱས་ལྔའི་ཅོད་པན་ཅན། །རྡོ་རྗེ་སྙིང་གར་གཟུང་ནས་ནི། །གཡོན་གྱི་དྲིལ་བུ་དགུ་རུ་བསྟན། །སྐུ་ལ་རྒྱན་རྣམས་ཐམས་ཅད་དང། །ཤིན་ཏུ་མཛེས་པཱི་ན་བཟའ་
ཀླུབས། །འོད་ཟེར་སྣ་ཚོགས་འབར་བ་ཅན། །རྡོ་རྗེ་སེམས་དཔའ་བདག་ཅེས་མཛད། །རང་གི་ཡེ་ཤེས་ས་བོན་ནི། །སྒྲ་དང་ཐིག་ལེར་ཡང་དག་བཅས། །ཕྱག་འཚལ་སྲེག་པའི་མཛའ་ཅན་ཏེ། །འབུམ་ཕྲག་གསུམ་བཟླས་སྔར་བསྙེན་བྱ། །
རྣལ་འབྱོར་མ་ནི་བརྒྱད་པོ་དག་། ཁྲི་ཕྲག་བཞིར་ནི་བསྙེན་པར་བྱ། །སྤོས་མོ་ཁྲོ་གཉེར་ལ་སོགས་པ། །ཉི་ཤུ་སྟོང་ཕྲག་ལྔ་རུ་བཟླས། །ཕྱི་རོལ་གནས་ཀྱི་འཇིག་རྟེན་པ། །རྒྱལ་དབང་དངོས་གྲུབ་ཤིན་ཏུ་དྲག་།སྟོང་ཕྲག་གསུམ་དུ་བཟླས་ནས
ནི། །ཀུན་ནས་ཀུན་ཏུ་འགྲུབ་པར་འགྱུར། །སྔོན་དུ་བསྙེན་བས་འགྲུབ་འགྱུར་ཏེ། །མ་བསྙེན་པ་ནི་དཀྱིལ་འཁོར་མིན། །སྔགས་དང་རྣལ་འབྱོར་དེ་དག་གིས། །རིམ་གྱིས་བྱིན་གྱིས་རློབ་པར་འགྱུར། །སྔོན་དུ་བསྙེན་པས་ལྷ་མཉེས་པར་བྱ
པའི་ཆོ་ག་སྟེ་གཉིས་པའོ། །དེ་ནས་བསྟེན་དང་གཡོ་ལས་སོགས། །སྔགས་བསྙེན་པ་ལ་འབད་པ་ཡི། །དེ་མ་ཐག་ཏུ་འབེབས་གྱུར་པ། །སྔགས་ནི་ཡང་དག་བསྟན་པ་སྟེ། །ོཾ་བཛྲ་ཨ་བེ་ཤ་ཛཕྲག་གཅིག་ཏུ་གསུམ་གྱིས་བསྒྲུབ་པར་བྱ། །ོཾ་ཧི་ལི་ཧི་ལི་ཧཱུཾ་ཛའབེབས་བར་བྱའོ། །ོཾ་མ་ཏ་ལི་ཙི་ཏ་ཙཱི་ལི་ཏེ་ཧཱུཾ་ཧཱུཾ། འབུམ་ཕྲག་གཅིག་ཏུ་བཟླས་ན་ནི། །སྒྲུབ་པོས་སྐྱེས་སོགས་རིངས་ནས་འབེབས། །ོཾ་བཏྟཱ་ལི་བཏྟཱ་ལི་ཧཱུཾ་ཕཊ། སྔོན་དུ་འབུམ་ཕྲག་གསུམ་དུ་ནི། །སྔགས་པས་བསྙེན་པ་བྱས་ནས་ནི། །
མིང་ནས་བརྗོད་པ་ཙམ་གྱིས་ཀྱང། །གསང་སྔགས་ལྷ་ཀུན་འབེབས་པར་འགྱུར། །ོཾ་བཏྟཱ་ལི་བཏྟཱ་ལི་ཧཱུཾ་ཕཊ། སྔགས་པས་འབུམ་ཕྲག་གཅིག་ཏུ་ནི། །སྔོན་དུ་བསྙེན་པ་བྱས་འགྱུར་ན། །ཆུ་དང་བསྲེག་མ་རྡོ་དང་ནི། །ཤིང་རྣམས་ཀྱང་ནི
འབེབས་པར་འགྱུར། །དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབང་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །
ལག་ཏུ་རྡོ་རྗེ་དྲིལ་ཐོག་པའོ། །རྡོ་རྗེ་སེམས་སོགས་རྣལ་འབྱོར་གྱིས། །སྣ་ཚོགས་རྩེ་མོར་བསྐོར་བ་ཡི། །རླུང་གི་དཀྱིལ་འཁོར་བསམ་པར་བྱ། །སྙིང་གར་རླུང་དང་རླུང་སྦྱར་ཏེ། །རླུང་གི་ས་བོན་གྱིས་བསྐྱོད་བྱ། །རྡོ་རྗེ་རྩེ་མོར་ཡེ་ཤེས་ཀྱིས། །ས
བོན་བསམས་ཏེ་སྙིང་གར་བསྐུལ། །སེང་གེ་མོ་ཡི་གཟུགས་བསམས་ལ། །དྲག་པོ་ཧཱུཾ་གིས་འཕང་བར་བྱ། །སྔོན་གྱི་སྔགས་ཀྱིས་སྦྱོར་བ་ཡིས། །ཆུ་དང་བཅས་པའི་མེ་ཏོག་རྡེབ། །མཆོག་དང་བར་མ་ཐ་མ་ཡི། །སྐྱེས་བུའི་བྱེ་བྲག་དག་གིས་སོ
ོཾ་ར་མ་ར་མ་ཧོ་ཧོ་ཧོ་ཨ་ཨ་ཨ་ཕཊ། རྣལ་འབྱོར་སྔགས་དང་དབང་བསྐུར་ལ། །གལ་ཏེ་འབེབས་པ་གདོན་ཟ་ན། །སྔགས་ཀྱི་སྦྱོར་བ་འདི་ཡིས་ནི། །དེ་མ་ཐག་ཏུ་འབེབ་འགྱུར་ཏེ། །དེ་ཉིད་འདི་ཡིས་ཕབ་བདག་།སྐྱེས་བུ་དམ
ཚིག་ཅན་ཞེས་བྱ། །སྒྲུབ་པོ་སྐལ་པ་མེད་པ་ཡིས། །སྐལ་པ་དམན་པའི་མི་རྣམས་ནི། །མཚན་ཉིད་བརྟག་པར་བྱ་བ་ལ། །དེ་ནས་སྨན་ནི་བཤད་པར་བྱ། །སྔོན་དུ་སྡིག་པ་མང་སྦྱང་ལ། །ལྷ་རྣམས་དགོངས་པར་མི་འགྱུར་ནའང། །གསང་སྔགས
འདི་དང་བདུག་པ་ཡིས། །དེ་ཡི་མོད་ལ་འབེབས་པར་འགྱུར། །ར་ནི་རོག་པོའི་ཡན་ལག་ལྔ། །རྣལ་འབྱོར་པ་ཡིས་བཟུང་ནས་ནི། །ཆུ་དང་མེ་དང་རླུང་གི་ནི། །ཇི་བཞིན་གནས་སུ་བཟླས་ནས་ཀྱང། །སྙིང་གར་ཡེ་ཤེས་ས་བོན་ནི། །བདུན་པའི་བདུན་པར
སྦྱར་བྱས་ལ། །གུ་གུལ་ཆེ་དང་མར་ནག་ཆེ། །ཆ་ནི་མཉམ་པོར་བྱས་ནས་ཀྱང། །སྨན་བདུན་དང་ནི་ལྡན་པ་ཡི། །བདུང་རྩིའི་ཆུ་ནི་གུ་གུལ་བཅས། །རྡོ་རྗེའི་ས་བོན་བཟླས་ནས་སུ། །མཆོད་པའི་དུས་སུ་བདུག་པར་བྱ། །འདི་ཡི་དྲི་ནི་བསྣམས་ཙམ་གྱིས། །
དེ་ཡི་མེད་ལ་འབེབས་པར་འགྱུར། །ཁྲོ་ཏི་ཀ་དང་ཇོ་ཏི་ལྔ། །ལྕགས་ཀྱུ་ལྔ་དང་སྦྱར་བར་བྱ། །སྨྱོ་བྱེད་ལ་སོགས་རྣམ་པ་ལྔ། །ཆ་ནི་མཉམ་པོར་སྦྱར་བར་བྱ། །མར་ནག་ཆེན་པོས་བསྒོས་ནས་སུ། །བདུད་རྩིའི་ཆུ་དང་བསྲེས་པ་དག་།ལྕེ་ཡི་དབང་པོས
མྱངས་ན་ནི། །དེ་ཡི་མོད་ལ་འབེབས་འགྱུར་ཞིང། །དམན་དང་མཆོག་གི་སེམས་ཅན་ལ། །རབ་ཏུ་སྦྱོར་བས་ཆོས་སྟོན་འགྱུར། །ཤིན་ཏུ་བརྟག་པའི་སློབ་མ་ལ། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི། །དཀོན་མཆོག་གསུམ་ལ་སྐྱབས་སོར་ཞིང
ལུས་སོགས་རང་བཞིན་དག་བར་ལྡན། །འཇམ་ཞིང་སྙན་པར་སྨྲ་བ་དང། །སྙིང་རྗེ་ལ་སོགས་ཕན་སེམས་ལྡན། །ཉན་དང་ཐོས་སོགས་ལྷགས་པར་དང། །སྦྱིན་སོགས་དགེ་བའི་ལས་ལ་དགར། །ཐེག་པ་ཆེ་ལ་མངོན་པར་བརྩོན། །གསང་བའི
ཆོས་ལ་དད་པར་ལྡན། །རྟག་པར་རྒྱུན་ཏུ་བླ་མ་གུས། །དེ་འདྲའི་སློབ་མ་ཡོངས་སུ་གཟུང། །དབབ་པ་ཐམས་ཅད་ཀྱི་སློབ་མ་ཡོངས་སུ་བརྟག་བའི་ཚག་སྟེ་གསུམ་པའོ།། །།དེ་ནས་དངོས་གྲུབ་ཀུན་འགྲུབ་པའི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ།
སྙིང་རྗེ་ཕམ་པའི་སེམས་ཀྱིས་ནི། །དང་པོར་ས་གཞི་ཡོངས་སུ་བཟུང། །ཡིད་ནི་དགའ་བའི་ས་ཕྱོགས་ཏེ། །མ་དག་པ་ནི་སྦད་པར་བྱ། །དག་པའི་ས་ཕྱོགས་གཟུང་ནས་སུ། །བློ་ལྡན་དེར་ནི་དཀྱིལ་འཁོར་བརྩམས། །བླ་རེ་དག་ནི་བྲེས་ནས་སུ། །སྣ་ཚོགས
གོས་བཟང་སྦྱང་བར་བྱ། །གདུགས་དང་རྒྱལ་མཚན་ལ་སོགས་པས། །གནས་དང་གནས་སུ་བརྒྱན་པར་བྱ། །རྒྱལ་བ་ལྔ་སོགས་མཆོག་གི་ནི། །ས་ནི་ཡོངས་སུ་འཛིན་ལ་བརྩོན། །ཀུན་ནས་གྲུབ་བཞི་པ་རུ་ནི། །དྲི་ཡི་ཆུས་ནི་བྱུག་པར་བྱ། །དཀར
དང་སེང་སོགས་ཕྱེ་མ་ཡིས། །པདྨ་འདབ་བརྒྱད་བྲིས་ནས་སུ། །ལས་ཀུན་བྱེད་པ་ཞེས་བྱ་བའི། །བུམ་པ་དེ་ཡི་དབུས་སུ་ནི། །ཤར་གྱི་འདབ་མར་བཞག་པར་བྱ། །ལྷོ་རུ་རྡོ་རྗེ་བཞག་བྱ་སྟེ། །བྱང་དུ་དྲིལ་བུ་དགོད་པར་བྱ། །བདུད་རྩི་ལྔ་ཡི་དུང་ཆོས
ནི། ནུབ་ཀྱི་འདབ་མར་དགོད་པར་བྱ། །ཚོན་སྣ་ལྔ་ཡི་ས་དག་ནི། །མཚམས་དང་པདྨ་ལྟེ་བར་བཞག་།རྡོ་རྗེ་མཁའ་འགྲོར་བདག་བསྒོམས་ནས། །བྱང་ཆུབ་ཡན་ལག་ཆོ་ག་བྱ། །དྲི་དང་མེ་ཏོག་བདུག་པ་དང། །ལྷ་བཤོས་གཏོར་མར་བཅས་པ་ཡིས།
དེར་ནི་མཆོད་པས་མཉེས་པར་བྱ། །ས་ནི་གཟུང་བའི་མཚན་ཉིད་དོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ནུ་མའི་སྟེང་དུ་བཟུང་ནས་སུ། །དེ་ནས་སར་ནི་བཞུགས་ནས་ཀྱང། །ཐམས་ཅད་ཀུན་ཏུ་ཤེས་པར་བྱ། །ོཾ་གང་ཡང་རུང་བ་གནས་ཀྱི་བད
པོར་གྱུར་པ་རྣམས་གཞན་དུ་དེངས་ཤིག་། སའི་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས། །ཀླུ་དང་གནོད་སྦྱིན་ལས་སོགས་པ་དང། དྲི་ཟ་དང་འབྱུང་པོ་དང། འབྱུང་མོ་དང། མཁའ་འགྲོ་མ་རྣམས་མྱུར་པ་ཉིང་དུ་སོང་ཞིག་།ོཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་བཤས?
ས་བླང་བའི་སྔགས་དང་ཕྱག་རྒྱའོ། ། །།དེ་ནས་རྡོ་རྗེ་དྲིལ་བུ་ཡི། །ཡེ་ཤེས་འོག་ནས་གསུང་མཚན་ཉིད། །རྡོ་རྗེ་དྲིལ་བུ་བཟུང་ནས་ཀྱང། །མཉམ་པར་བཞག་པས་འཕང་བར་བྱ། །བུམ་པའི་ཆུ་ལས་བསྐྱེད་པ་ཡི། །རྡོ་རྗེ་མཁའ་
འགྲོ་མ་བསམ་བྱ། །གཟུགས་མཛེས་ཤིན་ཏུ་རྫོགས་པ་སྟེ། །པདྨའི་གདན་ལ་བཞུགས་ནས་སུ། །རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས། །འོད་ཟེར་དཀར་པོ་ཤིན་ཏུ་གསལ། །རྫས་རྣམས་ཐམས་ཅད་ལྡན་པ་ཡིས། །ཀུན་ཏུ་རྒྱ་ཆེར་མཆོད་པར་བྱ། །ཁུ་ཚུར་གཉིས་ནི
བཅིངས་ནས་སུ། །དཀར་པོ་གི་ཝཾ་བསྒྲེང་བར་བྱ། །གཉིས་ཀྱི་རྩེ་མོ་ཅུང་ཟད་དགུ་བ། །ཕྱག་རྒྱ་འདི་ནི་སྙིང་ཁར་བསྟན། །ོཾ་ཨགྱིས། །སྐུད་པ་ལྔ་ལ་གསང་གཏོར་བྱ། །སེང་གེའི་ས་བོན་བརྩེགས་པ་ཡིས། །ཚོན་རྩི་ཐམས་ཅད་བསང་བར་བྱ། །ོཾ་སྨྲཡུཾ་སྭཱཧཱ། གནས་དེ་ཉིད་དུ་རྣལ་འབྱོར་མ། །སྦྱིན་མིན་གཏོར་མ་སྔོན་འགྲོ་བས། །ཕྱོགས་བརྒྱད་ཀྱི་ནི་གནས་རྣམས་སུ། །ཉེ་བར་སྤྱད
པའི་གཏོར་མ་སྦྱིན། །སྔོན་གྱི་སྔགས་ཀྱིས་ཇི་བཞིན་དུ། །ས་ནི་ཡོངས་སུ་བཟུང་ནས་སུ། །ཚོན་གྱི་བཟོ་ཡི་ལས་བྱེད་རྣམས། །དམ་ཚིག་བསླབ་པ་སྦྱིན་པར་བྱ། །ཐམས་ཅད་ཀུན་ནས་བསྡུས་ནས་སུ། །བུམ་སོགས་ལྷོ་ཡི་ཕྱོགས་སུ་བཞག་།སླར་ཡང་དྲི
ཡིས་བྱགས་ནས་ནི། །ཐིག་སྐུད་དག་ནི་བྲི་བར་བྱ། །ས་ཡོངས་སུ་བཟུང་བའི་ཆོ་ག་སྟེ་བཞི་པའོ།། །།ཚོན་རྩི་ལྔ་ཡིས་བསྒོས་པ་ཡིས། །དགུ་ཡི་བདག་ཉིད་སར་པ་ལྔ། །ཐིག་གདབ་པ་ཡི་ཁྱད་པར་དག་།སློབ་དཔོན་གྱིས་ནི་ལེགས
བརྟགས་ཏེ། །ས་ཡི་དབུས་དང་ཕྱོགས་བརྒྱད་དུ། །ཐིག་ལེ་མཚན་མ་དགོད་པར་བྱ། །སློབ་མ་བྱང་གི་ཆ་གནས་ལ། །བླ་མས་ལྷོའི་ཕྱོགས་ཆ་མནན། །ཐིག་སྐུད་ཁ་བརྒྱད་བཏབ་ནས་སུ། །དེ་ཡི་འོག་ཏུ་གྲུ་བཞི་བྱ། །ཀུན་ནས་ཐམས་ཅད་ཡངས
རྫོགས་ནས། །རྡོ་རྗེ་དཀྱིལ་འཁོར་དབུས་སུ་ནི། །ཚེ་ལྔ་ནང་གི་ཆ་གསུམ་བགོ་།གཅིག་ནི་དེ་ཡི་ཕྱི་རོལ་དུ། །ནང་ལ་སོགས་པ་བསྐོར་ནས་ནི། །ཕྱི་རོལ་རྣལ་འབྱོར་མ་ཡི་གནས། །སྙིང་པོའི་དཀྱིལ་འཁོར་རེའུ་མིག་དགུ་།རྡོ་རྗེ་ཀ་བས་ཉེ་བར་བརྒྱན། །སྣ་ཚོགས
རྡོ་རྗེ་རྣམ་པ་བཞི། །སྙིང་པོའི་གྲཝ་བཞིར་བྲི་བར་བྱ། །སྒོ་ནི་ཀུན་ནས་གྲཝ་བཞི་དང། །ཆ་ལྔར་བགོས་པའི་ཆ་ཆོད་བྱ། །སྒོ་ནི་བཞི་ཆར་བགོས་པ་ལ། །ལྷ་མོ་ཡི་ནི་ཁ་ཁྱེར་བྱ། །སྒོ་ཡི་བརྒྱད་ཀྱིས་ཆ་ཡིས་ནི། །རྡུལ་ཚོན་ཀུན་གྱི་གནས་སུ་བྱ། །དྲ་བ་དྲ
ཕྱེད་ག་བཞི་པར། །སྟེང་དུ་རི་མོ་མཉམ་པོར་བགྱེ། །སྙིང་པོ་རེའུ་མིག་དགུ་ཡི་ཆ། །ཕྱོགས་ཀྱི་མདོག་ཏུ་དགང་བར་བྱ། །རྡོ་རྗེ་ཡི་ནི་ཕྱི་རོལ་གནན། །ཚོན་རྩི་དམར་པོས་དགང་བར་བྱ། །དེ་ཡི་ཡང་ནི་ཕྱི་རོལ་ནས། །ར་བ་ལྔར་ནི་དགྱེ་བར་བྱ། །དེ་ཡི
ཕྱི་རོལ་གནས་རྣམས་ཀྱི། །ས་ནི་ཇི་ལྟར་མཛེས་པར་བརྟག་།ལྷ་ཡི་གནས་རྣམས་ཐམས་ཅད་ནི། །གསེར་བཅོས་པ་ཡི་མདོག་ཅན་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་ཀླུབས། །རྡོ་རྗེ་ཀ་བས་ཉེ་བར་བརྒྱན། །རྣམས
ཕྱི་རོལ་གནས་རྣམས་ཀྱི། །ས་ནི་ཇི་ལྟར་མཛེས་པར་བརྟག་ལྷ་ཡི་གནས་རྣམས་ཐམས་ཅད་ནི། །གསེར་བཅོས་པ་ཡི་མདོག་ཅན་ཡིན། །གྲུབ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་ཀླུབས། །རྡོ་རྗེ་ཀ་བས་ཉེ་བར་བརྒྱན། །རྣམས
པ་སྣ་ཚོགས་བྲི་བར་བྱ། །གཡེར་ཀའི་དྲ་བ་ཕྲེང་བ་དང། །དྲ་བ་དྲ་ཕྱེར་ཚོགས་པས་བསྐོར། །མཚམས་བཞིར་ཟླ་བ་ཕྱེད་པ་ལ། །རྡོ་རྗེ་ཡིས་ནི་མཛེས་པར་བྱ། །སྒོ་རྣམས་སུ་ནི་བུམ་པ་ལ། །གནས་པའི་རྒྱལ་མཚན་བསྒྲེང་བར་བྱ། །ཤར་གྱི་སྒོར་ནི
པདྨ་ལ། །སེངྒེས་མཚན་པ་བསྒྲེང་བྱ་སྟེ། །བྱང་གི་སྒོར་ནི་རྨ་བྱ་ཡིས། །མཚན་མ་དག་ནི་བསྒྲེང་བར་བྱ། །པདྨ་དང་པས་མཚན་པ་ཡི། །རྒྱལ་མཚན་ནུབ་ཏུ་གནས་པར་བྱ། །པདྨ་ཆུ་སྲིན་གྱིས་མཚན་པ། །དེ་བཞིན་ལྷོ་ཡི་ཕྱོགས་སུ་བཞག།
རྡོ་རྗེ་དང་བཅས་དྲང་པོ་རུ། །གནས་དང་གནས་སུ་སྦྱར་བར་བྱ། །དེ་ལྟར་དཀྱིལ་འཁོར་དེ་ཁོ་ན། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །བུམ་པ་དག་ནི་བརྒྱད་པོ་ཡང། །ཕྱོགས་བརྒྱད་དག་ཏུ་བཞག་པར་བྱ། །དྲི་ཡི་ཆུས་ནི་ཡོངས་བཀང་ཞིག
ཤིང་ལོས་ཁ་ནི་བརྒྱན་པ་དག་། སྒོ་ཡི་ངོས་བརྒྱད་དག་དང་ནི། །གཞན་ཡང་གྲཝ་བཞིར་བཞག་པར་བྱ། །རྒྱལ་དང་བཀྲ་ཤིས་ཤར་སྒོ་སྟེ། །དངོས་གྲུབ་རྫུ་འཕྲུལ་བྱང་དུའོ། །རྒྱལ་དང་རྣམ་རྒྱལ་ནུབ་ཏུ་དགོད། །གྲུབ་དང་འཇིགས
པ་ལྷོ་སྒོར་རོ། །ཁྲུ་གང་བ་ནས་བརྩམས་ནས་སུ། །ཇི་སྙེད་བཅུ་དྲུག་བར་དུ་བྱ། །རྣལ་འབྱོར་པ་ཡི་ས་མནན་པ། །ཞི་རྒྱས་དབང་གི་དོན་གཉེར་ལ། །དཀྱིལ་འཁོར་གྱི་ནཱི་ས་ཡི་ཆ། །སློབ་དཔོན་གྱིས་ནི་སྔར་བསྙེན་བྱ། །ཡེ་ཤེས་ཀྱི་སྐུད་པ་དང། མཚོན
རྩི་སྦྱང་པ་དང། བུམ་པ་བཞག་པའི་ཆོ་ག་སྟེ་ལྔ་པའོ།། །།དེ་ནས་བདག་ཉིད་ཀྱི་ནི་ལུས། །རྡོ་རྗེ་མཁའ་འགྲོ་མར་སྤྲུལ་ཏེ། །གལ་ཏེ་འབྱོར་ན་སློབ་དཔོན་གྱིས། །སྒོ་བཞིར་སློབ་མ་བཞི་བཞག་བྱ། །མ་འབྱོར་ན་ནི་གཉིས་སུ་སྦྱར། །མཛའ་
མར་གཅིག་ཏུ་ཉིད་ཀྱིས་བརྟག་། དང་པོར་འཕེན་པའི་སྦྱོར་བ་ཡིས། །བདུད་ལ་སོགས་པའི་སྡང་བ་སྐྲད། །ཉི་མས་རྡོ་རྗེ་གསོར་ནས་སུ། །ཟླ་བས་དྲིལ་བུ་དཀྲོལ་ནས་ཀྱང། །བསྐོར་ཞིང་བསྐྱོད་པས་ངེས་པར་འཕང། །ཤར་སྒོར་བལྟ་བའི་ཕྱག
རྒྱབ་བཅས། །མཉམ་པའི་རྐང་སྟབས་དབྱེ་བའི་སྟབས། །གཅིག་བསྐུམ་པ་དང་གཡོན་བསྐྱོད་བྱ། །རྡོ་རྗེ་མ་བདག་ཅེས་བསྟོད་ནས། །ཧཱུཾ་བྱེད་ཧཱུཾ་གིས་འཇིགས་པར་བྱེད། །ོཾ་ཧཱུཾ་ཧ་ན་ཧ་ན་མཱ་ར་ཡ་དུཥྚཾ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་ཨ་ཧཱུཾ་ཧྲཱིསྒོ་ཡི་ནི་གནས་དག་ཏུ། །རྡོ་རྗེ་དྲིལ་བུ་བསྐྱོད་ནས་ཀྱང། །དྲག་མོར་སྤྲུལ་ཏེ་ང་ཡི་བརྗོད། །ཧཱུཾ་གི་སྒྲ་ཡིས་དགང་བར་བྱ། །རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །སྙིང་གའི་ཕྱོགས་སུ་བཅིར་བར་བྱ། །གཡས་བརྐྱང་བ་དང་གཡོན་བརྐྱང་དང། །ས་ག་དང་ནི
ཟླུམ་མོའི་སྟབས། །ོཾ་ཧཱུཾ་ཨ་དག་།རོ་ལངས་གཟུགས་སུ་བསྒོམས་ནས་ཀྱང། །ནུབ་ཀྱི་ཕྱོགས་སུ་འཕང་བར་བྱ། །མཚན་མ་གཉིས་བཅངས་ལག་པ་ནི། །རྐེད་པའི་ཕྱོགས་སུ་བཅུགས་ནས་སུ། །པུས་མོ་སྦྱར་དང་གཡོན་འཕན་སྟབས། །བསྙེན
བཅས་གཡོན་བསྐོར་སེང་གེ་སྟབས། །ཧཱུཾ་གི་སྒྲ་ཡིས་བཀང་ནས་ནི། །ོཾ་ཧཱུཾ་ཨཱ་ཕཊ། ཞེས་བརྗོད་པར་བྱ། ལྷོ་སྒོའི་ཕྱོགས་སུ་གནས་ནས་ནི། །གཏུམ་མོའི་གཟུགས་སུ་སྤྲུལ་ཏེ་འཕང། །ལག་གཉིས་རྡོ་རྗེ་དམ་བཅིངས་ནས། །སྤྱི་བོའི་སྟེང་དུ་གཟུང་བར་བྱ། །པུས
མོའི་རྐང་སྟབས་རུ་སྦལ་སྟབས། །བསྐོར་བ་དང་ནི་བཟློག་སྟབས་བྱ། །ཧཱུཾ་གི་ས་བོན་དྲག་པོ་ནི། །བཟླས་པས་སྒྲ་ཡིས་དགང་བར་བྱ། །ོཾ་ཧཱུཾ་ཨ་ཕཊ། ཤར་གྱི་གནས་སུ་གནས་ནས་ཀྱང། །སླར་ཡང་འཕེན་པའི་སྟོབས་ཀྱིས་སྦྱར། །གཡས་ཀྱིས་རྡོ་རྗེ་སྙིང་གར
གཟུང། །བདག་ཉིད་ཡེ་ཤེས་མཁའ་འགྲོ་མར། །བསྒོམས་ནས་ཧཱུཾ་ཞེས་བརྗོད་པར་བྱ། །གཡས་བརྐྱང་འདུག་དང་གཡོན་བརྐྱང་འདུག་།གཡས་བརྐྱང་བསྐུམ་དང་གཡོན་བརྐྱང་འདུག་།དབུས་དང་འོག་གི་བགགས་བཅོམ་ནས། །གུ་བུ་ར་བ་དྲ་བ་དང། །གོ་ཆས
ཡུས་ནི་བསྲུང་བར་བྱ། །ཡེ་ཤེས་མཁའ་འགྲོ་བདག་བསྒོམས་ཏེ། །སེམས་དཔའ་ཨི་སྐྱིལ་ཀྲུང་ཡང་དག་གནས། །ལག་གཉིས་ཀུན་ཏུ་ཁ་སྦྱར་ཏེ། །སོར་མོ་བརྐྱང་སྟེ་རྩེ་མོ་སྐྲད། །ོཾ་ཧཱུཾ་ཕུ་ཕཊ། དྲ་བའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །
ཡེ་ཤེས་རྣམ་ཤེས་བསྒྲེད་པར་བྱ། །པདྨ་ས་གདུག་སྦྱར་ཏེ་བརྐྱང། །ཕྱོགས་བརྒྱད་དུ་ནི་བསྐོར་བར་བྱ། །ོཾ་ཛམྦྷ་ནི་ཧཱུཾ་ཕཊ། ར་བ་ཆེན་པོའི་སྔགས་དང་ཕྱག་རྒྱའོ། །རྣལ་འབྱོར་བདག་ཉིད་ལག་བརྐྱང་སྟེ། །དེར་མི་རྡོ་རྗེ་བརྟགས་ནས་ཀྱང། །སལ་གནས་ལྔ
བསྲུང་བ་ཡི། །ས་འོག་བདུན་ནི་སྦྱང་བར་བྱ། །འདི་ནི་སྙིང་ལ་ཕུར་བུས་གདབ་པའི་ཕྱག་རྒྱའོ། །ོཾ་ཧཱུཾ་ཕུཾ་ཕཊ། དཀྱིལ་འཁོར་བསྲུང་བའི་ཆོ་ག་སྟེ་དྲུག་པའོ།། །།དེ་ནས་བསྔགས་བ་བདག་ཉིད་ནི། །རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་གནས། །
སེམས་ཅན་ཀུན་ལ་རྗེས་བརྩེ་བས། །བུམ་པ་རྣམས་ལ་བསང་གཏོར་བྱ། །བུམ་པ་དག་ནི་བཅུ་བཞིར་བཤད། །དེ་ཁོ་ན་ཉིད་མཚན་ཉིད་གསུངས། །བུམ་པ་ཆུ་ཡི་བཀང་ནས་སུ། །གང་གཱའི་ཆུ་ནི་འགུག་པར་བྱ། ཨོཾ་ཏབཏེ་ཏབཏེ་མཧཱ་ཏབཏེ་ཧཱུཾ་སྭཱཧཱ།
ལན་བདུན་དུ་ནི་བཟླས་པ་ཡིས། །གངྒཱ་སྔགས་སུ་བསྲེས་པ་ཡིས། །སྣ་ཚོགས་དྲི་དང་མེ་ཏོག་དང། །བདུད་རྩི་ལྔ་ཡིས་བསྲེ་བར་བྱ། །ཤིང་ལོ་མྱུ་གུས་ཁ་བརྒྱན་ནས། །ཀུན་ལ་སྟན་ནི་སྦྱིན་པར་བྱ། །རས་ཟུང་གིས་ནི
མགྲིན་པ་རུ། །དཀྲིས་པར་རྒྱུ་ཆེར་མཛེས་པར་བྱ། །འོ་མ་དང་ནི་བསྲེས་ནས་ནི། །མེ་ཏོག་ཕྲེང་བས་སྦྱང་བར་བྱ། །ས་གདུགས་རྣམ་ཤེས་རྩེ་སྦྱར་ཏེ། །ལྷག་མ་གསུམ་ནི་བརྐྱང་བར་བྱ། །བུམ་བ་ཀུན་ལ་རེག་ནས་ནི། །སྔགས་འདི་ལན་བདུན་པར
དུ་བཟླས། །ོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་སྭཱཧཱ། བུམ་པ་བཞག་པའི་སྔགས་དང་ཕྱག་རྒྱའོ།། །།ཤར་ལ་སོགས་པའི་ཕྱོགས་བརྒྱད་དུ། །དེ་དག་མིད་བཞིན་བཞག་པར་བྱ། །དེ་ནས་སློབ་དཔོན་བདག་གི་ལུས། །རྡོ་རྗེ་ནམ་མཁའ་ཨི་རང་བཞིན
བྱ། ཚོན་ཆེན་སོགས་ཀྱི་གོས་དང་ནི། །དར་ལ་སོགས་པ་སར་པས་བརྒྱན། །ལུས་ནི་ཀུན་ཏུ་བརྒྱན་ནས་ཀྱང། །སངས་རྒྱས་ལྔ་ཡི་ཅོད་པན་བསྒོམ། །ཤིན་ཏུ་མཉམ་གཞག་སེམས་ཀྱིས་ནི། །བྱང་ཆུབ་ཡན་ལག་གོ་ཆ་བྱ། །གོ་ཆ
དག་ནི་བསྒོན་ནས་སུ། །བསྲུང་དང་བཅིངས་པ་དག་ཏུ་བྱ། །ལག་པ་གཉིས་ནི་བརྐྱང་བྱས་ལ། །ཡེ་ཤེས་རྣམ་ཤེས་སྒྲེལ་བར་བྱ། །དང་པོའི་གཤོག་པའི་ཚུལ་བས་ནས། །སྙིང་གའི་དྲུང་དུ་བསྐོར་བར་བྱ། ཨོཾ་ཧཱུཾ་ཕེཾ་ཕཊ། གོ་ཆ་ཆེན
པོའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་དྲིལ་བུའི་མཚན་ཉིད་ནི། །ཇི་སྐད་བཤད་པ་གཟུང་བུ་སྟེ། །དེ་ཉིད་གཉིས་ཀྱིས་བླངས་ནས་ནི། །རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད། །བ་དན་གསུམ་པའི་ཕྱག་རྒྱ་རུ། །བརྐྱང་བ་རྡོ་རྗེ་ཞེས་བྱ་འདིས། །ཡི་གེ
བརྒྱད་པོ་ཐམས་ཅད་དང། །བཅས་པས་ཡན་ལག་བརྒྱད་དུ་བསྲུངས། །ལྕེ་ལ་ཅུ་ཡི་ས་བོན་ཏེ། །ནམ་མཁའ་རྣ་བ་སྣ་དག་ལ། །ས་ནི་མིག་ལ་སྤྱར་པར་བྱ། །དེ་བཞིན་ཚངས་པ་མེ་འབར་བ། །མགྲིན་པར་གཏི་མུག་ཁ་ལོ་སྒྱུར། །བསྐྱོད་པ་སྙིང
གར་ཡང་དག་གནས། །ཉོན་མོངས་ཀུན་ཏུ་ནམ་ཚོང་སྟེ། །ཕྱུགས་དག་ལྟེ་བའི་རྩ་བར་རོ། །ཡན་ལག་བརྒྱད་པོ་བསྲུངས་ནས་ནི། །ལྷ་ཡིས་གཟུགས་ཀྱིས་བཟླས་པར་བྱ། །མེ་ཏོག་བདུག་པ་དྲི་སོགས་པས། །བདག་ཉིད་ཀུན་ཏུ་མཆོད་པར་བྱ། །ོཾ་བཛྲ་ཀཱ་ཡཱ
ཧ་ཨོཔར་བྱང་ཆུབ་པས། །རོལ་པའི་ཆོ་ག་སྟེ་བདུན་པའོ། །དེ་ནས་རྣལ་འབྱོར་ཆེན་པོ་བརྩམ། །རི་སོགས་རིམ་གྱིས་བསྐྱེད་ནས་ནི། །སྔགས་དང་ཕྱག་རྒྱས་རིགས་བཞིན་དུ། །རྣལ་འབྱོར་མ་དང་ལྷ་ཀུན་བསྒོམ། །རླུང་དང་མེ་ཡི་བདུན་བཏོན་པ། །རྡོ་རྗེ་མ་ཡི
ས་བོན་སྦྱར། །སྒྲ་དང་ཐིག་ལེས་མང་དག་མནན། །འབྱུང་བ་བཞི་པོ་བཞག་པར་བྱ། །བདུན་པོའི་དོན་ནི་སྔོན་བཞིན་སྦྱར། །འོ་མའི་རྒྱ་མཚོ་ལྟ་བུར་འགྱུར། །སྔོན་གྱི་རྡོ་རྗེའི་ས་བོན་གྱིས། །རི་བོ་ཀུན་གྱི་བདག་པོར་སྦྱར། །སྔར་གྱི་ཡེ་ཤེས་གནས་ཀྱི་ནི?
རྟེན་གྱི་མཆེག་ནི་སྤྲུལ་པར་བྱ། །གསེར་ལས་བྱུང་བའི་གྲོང་ཁྱེར་མཆོག་།རིན་ཆེན་བདུན་པོ་རྣམས་ཀྱི་སྤྲས། །གཡེར་ཀའི་དྲ་བ་ཕྲེང་བ་དང། །དྲ་བ་དྲ་ཕྱེད་ཚོགས་པས་བརྒྱན། །དང་པོར་ཁང་བརྩེགས་བསྒོམས་ནས་ནི། །དང་པོའི་སངས་རྒྱས་ཡེ་ཤེས་དང། །རྣལ
འབྱོར་མ་ཀུན་དཀྱིལ་འཁོར་དང། །ལྷ་རྣམས་བསྒོམས་ཏེ་སྤྲུལ་པར་བྱ། །དབུས་སུ་སེང་གེ་གདན་ལ་ནི། །ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པར། །ཱ་ལི་ཀཱ་ལིའི་ས་བོན་ལས། །དབུ་མའི་གཟུགས་ནི་ཁྱད་པར་བསྐྱེད། །ཞལ་གསུམ་དང་ནི་ཕྱག་དྲུག་སྟེ།
སྤྲིན་སྔོན་འོད་ཟེར་སྡུག་པར་ལྡན། །སྤྱན་གསུམ་བཞང་དང་ཁྲོ་བ་དང། །སྒེག་པ་ཡི་ནི་ཉམས་དང་ལྡན། །སེམས་དཔའ་ཨི་སྐྱིལ་ཀྲུང་ཡང་དག་བཞུགས། །སྟེང་དུ་མདའ་ནི་དགོད་པར་བྱ། །གཉིས་པ་འཁྱུད་ཅིང་ཞུ་མ་འཛིན། །གསུམ་པ་ན་ནི་རྡོ་རྗེའོ། །
གཡོན་གྱི་དང་པོར་གཞུ་དགོང་དེ། །བདུད་རྩི་ཆུ་ཡིས་ཡོངས་བཀང་བ། །གཡོན་གྱི་གཉིས་པཱི་མཚན་མ་ཡིན། །གསུམ་པ་ན་ནི་དྲིལ་བུ་སྟེ། །ཤིན་ཏུ་མཛེས་པའི་ན་བཟའ་ཀླུབས། །རལ་པ་དར་གྱིས་བཅིངས་ནས་སུ། །ཐོད་པའི་ཅོད་པན་ཤིན་ཏུ
བཅིངས། །དེ་ལྟར་མཚན་མ་རྣམ་དྲུག་དང། །རྒྱན་རྣམས་ཀུན་གྱིས་ཀླུབས་པའི་སྐུ། །སྣ་ཚོགས་མེ་དཔུང་འབར་བ་ཅན། །སངས་རྒྱས་རྣལ་འབྱོར་ནམ་མཁའ་དགོད། །དེ་ཡི་སྟན་ནི་ཤེས་རབ་སྟེ། །ཁ་དོག་དཀར་ཞིང་ཤིན་ཏུ་མཛེས། །ཕྱག་གཉིས་མགྲིན
པར་འཁྱུད་ནས་སུ། །མ་མཆུ་ཆོམས་ཀྱི་བདེབས་པར་མཛད། །ཞབས་ཀྱི་ཚིགས་ཀྱིས་དཀྲིས་ནས་སུ། །རྡོ་རྗེ་པདྨར་ཐིམ་པར་མཛད། །རྣལ་འབྱོར་ནམ་མཁའ་སངས་རྒྱས་ནི། །དབུས་སུ་སེམས་ཀྱིས་འདི་འདྲར་བསྒོམ། །ཡེ་ཤེས་ཤར་གྱི་རེའུ་མིག་ལ། །
རྡོ་རྗེ་མཁའ་འགྲོ་མ་བསམས་ཏེ། །བདུད་རྩི་ཡི་གེ་ལས་བྱུང་བས། །གླང་ཆེན་དབང་ལ་རོལ་པས་བཞུགས། །ཀུན་ད་ལྟ་བུར་དཀར་བའི་འོད། །རོལ་བའི་ཚུལ་གྱིས་འཕེན་པར་བཅས། །ཕྱག་གཉིས་སྐྲ་ནི་རྣམ་པར་གྲོལ། །སངས་རྒྱས་ལྔ་ཡིས་ཤིན
ཏུ་བརྒྱན། །སྐུ་ལ་སྦྲུལ་གྱིས་བརྒྱན་པ་སྟེ། །སྤྱན་གསུམ་ཁྲོ་བོའི་ཧཱུཾ་མཛད་ལ། །ཁ་ཊཝཱཾ་ག་དང་རྣལ་འབྱོར་སྣོད། །འོད་ཟེར་སྣ་ཚོགས་རབ་ཏུ་འཕྲོག་།ཤམ་ཐབས་གླང་པོའི་པགས་པ་སྟེ། །མི་ཡི་ཕགས་པའི་ན་བཟའ་མནབས། །མེ་ཡི་དཀྱིལ་འཁོར
གྱིས་བརྒྱན་པར། །ཤར་དུ་རྡོ་རྗེ་མཁའ་འགྲོ་བསྒོམ། །དེ་ཡི་བྱང་དུ་ལྷ་མོ་ནི། །དྲག་མོ་མེའི་ས་བོན་བྱུང། །ཁ་དོག་སེར་མོ་ཤིན་ཏུ་མཛེས། །ཧ་ཧར་གཞད་ཅིང་གཙིགས་པའོ། །སྐྲ་ནི་གྱེན་དུ་འབར་བ་ལ། སངས་རྒྱས་ལྔའི་ཅོད་པན་ཅན། །རྨ
བྱ་ཡི་ནི་གདན་སྟེངས་ན། །སྐྱིལ་ཀྲུང་ཕྱེད་པས་ཡང་དག་བཞུགས་།སྐུ་ནི་སྤྲུལ་གྱིས་བརྒྱན་བ་སྟེ། །ཕྱག་གཉིས་ཀྱིས་ནི་ཤིན་ཏུ་མཛེས། ཁ་ཊཝཱཾ་ག་ནི་རྣལ་འབྱོར་སྣོད། །ཉི་མའི་དཀྱིལ་འཁོར་ལ་བཞུགས་ཤིང། །ཤམ་ཐབས་གླང་པོའི་པགས་པ
སྟེ། མི་ཡི་པགས་པའི་ན་བཟའ་མནབས། །ཡེ་ཤེས་བྱང་གི་ཕྱོགས་ཆར་ནི། །མཁའ་འགྲོ་དྲག་མོ་བསྒོམ་པར་བྱ། །ཡེ་ཤེས་ནུབ་ཀྱི་ཕྱོགས་ཆར་ནི། །རོ་ལངས་དྲག་མོའི་ཧཱུཾ་སྒྲོགས་མ། །ཙོག་པུ་ཡི་ནི་འདུག་སྟངས་ཀྱིས། །བྱ་ཁྱུང་གི་ནི་གང་ནལ་བཞུགས། །སྐུ་མདོག
དམར་མོ་ཤིན་ཏུ་མཛེས། །ཕྱག་གཉིས་འཇིགས་པའི་ཧཱུཾ་སྒྲོགས་མཛད། །སྐྲ་ནི་འབར་ཞིང་རྣམ་པར་གྲོལ། །སངས་རྒྱས་ལྔ་ཡིས་ཤིན་ཏུ་བརྒྱན། །ཁ་ཊཝཱཾ་ག་དང་རྣལ་འབྱོར་སྣོད། །སྐུ་ནི་སྦྲུལ་གྱི་རྣམ་པར་བརྒྱན། །གླང་པོའི་པགས་པའི་ཤམ་ཐབས་ཅན
མི་ཡི་བགས་པའི་ན་བཟའ་མནབས། །ཐིག་ལེ་སྒྲ་ལས་སྔོན་བྱུང་བ། །ནུབ་ཀྱི་ལྷ་མོ་བསྒོམ་པར་བྱ། །ཡེ་ཤེས་ལྷོའི་ཕྱོགས་ཆར་ནི། །གཏུམ་མོ་ཞེས་བྱའི་ལྷ་མོ་སྟེ། །སྐུ་མདོག་སྔོན་མོ་ཤིན་ཏུ་དྲག། །ཧ་ཧར་བཞད་པ་འཇིགས་སུ་རུང། །སྐྱིལ་ཀྲུང་ཕྱེད
པའི་ཐབས་ཀྱིས་ནི། །བཀའ་ཉན་གྱི་ནི་སྟན་ལ་བཞུགས། །སྐྲ་ནི་ལྷུག་པ་ཀུན་ཏུ་རྒྱས། །སངས་རྒྱས་ལྔ་ཡིས་ཤིན་ཏུ་བརྒྱན། །ཕྱག་གཉིས་ན་ནི་ཧ་ཧར་བཞད། །མེ་དཔུང་འབར་བའི་འོད་དང་མཚུངས། །ཁ་ཊཝཱཾ་ག་དང་རྣལ་འབྱོར་སྣོད། །སྦྲུལ་གྱི་རྒྱན
གྱིས་རྣམ་པར་ཀླུབས། །གླང་པོའི་པགས་པའི་ཤམ་ཐབས་ཅན། །མི་ཡི་པགས་པའི་ན་བཟའ་མནབས། །ཐིག་ལེ་སྒྲ་ལས་བྱུང་བ་རུ། །གཏུམ་མོ་ལྷོ་ཡི་ཕྱོགས་སུ་བསྒོམ། །དབང་ལྡན་ལྷ་མོ་སེང་གེ་ནི། །རོལ་པ་ཡི་མི་དུག་སྟངས་ཀྱིས། །སེང་གེ་ཡི་ནི
གདན་ལ་གཞུགས། །སྐུ་མདོག་གསེར་ཞིང་དཀར་བ་སྟེ། །ཕྱག་གཉིས་ཁྲོ་བོའི་ཧཱུཾ་མཛད་ལ། །འོད་ཟེར་མེ་ལྟར་གསལ་ཞིང་འབར། །ན་བཟའ་དམར་པོས་ཤིན་ཏུ་མཛེས། །སྤྲུལ་གྱི་རྒྱན་གྱི་རྣམ་པར་ཀླུབས། །རལ་གྲི་གྱེན་དུ་འཕྱར་བ་དང། །གཡོན་ན་སྡིགས
མཛུབ་ཞགས་པ་བསྣབས། །བདུད་རྣམས་ཐམས་ཅད་བསྲེག་པ་རུ། །ས་བོན་ལས་ནི་བསྒོམ་པར་བྱ། །མེ་མཚམས་ལྷ་མོ་སྟག་མོ་ནི། །ཟླུམ་པོ་ཡི་ནི་སྟང་སྟབས་ཀྱིས། །རྡོ་རྗེ་ཕག་དོང་སྟན་ལ་བཞུགས། །སྐུ་མདོག་དཀར་ཞིང་སྔོ་བ་སྟེ། །ཕྱག་གཉིས
ཤིན་ཏུ་ཁྲོ་དང་བཅས། །ན་བཟའ་དམར་བོ་མནབས་པས་མཛེས། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་བསྣམས། །སྡང་པ་ཐམས་ཅད་གདན་གཅོད་པར། །མེ་དཔུང་འབར་བའི་འོད་ཅན་དུ། །ས་བོན་སྟོན་འགྲོ་བསྒོམ་པར
བྱ། བདེན་བྲལ་ལྷ་མོ་ལྕེ་སྦྱར་མོ། །སྐྱིལ་ཀྲུང་ཕྱེད་པའི་སྟངས་ཀྱིས་ནི། །མ་ཧེའི་གདན་ལ་བཞུགས་པ་སྟེ། །སྐུ་མདོག་དམར་ཞིང་སྡོ་བ་ལ། །ཕྱག་གཉིས་ཀྱིས་ནི་རྣམ་པར་མཛས། །དགྲ་སྟ་ཞགས་པ་སྡིགས་མཛུབ་དང། །ན་བཟའ་དམར་པོ
མནབས་པས་ཀླུབས། །མེ་ཡི་དཀྱིལ་འཁོར་འབར་བཅན། །ཧ་ཧར་བཞད་པས་འཇིགས་སུ་རུང། །ས་བོན་ལས་བྱུང་བསྒོམ་པར་བྱ། །རླུང་མཚམས་ལྷ་མོ་འུག་པ་མོ། །ཙོག་པུ་ཡི་ནི་བསྡུག་སྟངས་ཀྱིས། །ཅེ་སྤྱད་གི་ནི་གདན་ལ་བཞུགས། །
སྐུ་མདོག་དམར་ཞིང་སེར་པ་སྟེ། །དབྱུག་པ་སྡིགས་མཛུབ་ཞགས་པ་བསྣམས། །སྐུ་ལ་ན་བཟའ་དམར་པོ་གསོལ། །ས་བོན་ལས་བྱུང་བསྒོམ་པར་བྱ། །སྙིང་པོའི་དཀྱིལ་འཁོར་རེའུ་མིག་དགུ། སྒོར་ནི་མཁའ་འགྲོ་མ་བཞི་སྟེ། །ཤར་གྱི་སྒོར
ནམ་མཁའ་འགྲོ་མ། །མི་རོ་ཡི་ནི་སྟན་ལ་བཞུགས། །སྐུ་མདོག་དཀར་མོ་ཤིན་ཏུ་འབར། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །ལག་གཉིས་ཁ་རུ་བཅུག་ནས་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །གོས་དམར་བླ་གོས་ཕྲག་པར་གཟར
ཕུཾ་ཞེས་བྱ་བས་བསྐྱེད་དེ་བསྒོམ། །བྱང་སྒོར་ལྷ་མོ་མར་མེ་མ། །སྟན་ནི་དེ་དང་འདྲ་བ་སྟེ། །ཁ་དོག་སེར་མོ་འཇིགས་ཆེན་མོ། །ཐལ་སྦྱར་སྤྱི་བོར་གཞག་པ་དང། །ན་བཟའ་དམར་པོས་རབ་མཛེས་པར། །ཕེཾ་ལས་བྱུང་བ་བསྒོམས་པར་བྱ། །
ནུབ་ཀྱི་སྒོར་ནི་འཛིབ་བྱེད་མ། །ཡི་དགས་སྟན་ལ་བཞུགས་པ་སྟེ། །སྐུ་མདོག་དམར་མོ་ཆེར་འབར་མ། །སྙིམ་པས་ཁྲག་ནི་འཐུད་བར་བྱེད། །ས་བོན་ཕོཾ་ལས་བྱུང་བ་སྟེ། །ནུབ་ཀྱི་སྒོ་ནི་བསྲུང་བར་མཛད། །འཕྲོག་བྱེད་མ་ནི་ལྷོ་སྒོར་ཏེ། །
སྡར་བསྟན་སྟན་ལ་བཞུགས་པ་ཡིས། །སྐུ་མདོག་སྡོན་མོ་ཆེར་འབར་མ། །སྐུ་ལ་ན་བཟའ་དམར་པོ་བསྣམས། །གི་ཝང་གཏུན་ཤིན་བསྣམས་པ་རུ། །ས་བོན་ཕྲཾ་ལས་བྱུང་བར་བསྒོམ། །བཅུ་བཞི་གནས་ཀྱི་ཕྱི་རོལ་ཏུ། །རྣལ་འབྱོར་མ་ནི་ཉི་ཤུ་སྟེ། །
རྟབས་དང་ནི་དཔྲལ་བ་ལ། །ཕྱི་རོལ་གནས་ནི་ཟླུམ་པོ་རུ། །པདྨ་དང་ནི་ཟླ་བར་བརྟེན། །ོཾ་ཧ་ཧོ་ཧྲཱཾཡིས་བཀང་བ་ཡི། །པདྨའི་སྣོད་ནི་བསྒོམས་ནས་སུ། །གཅིག་གིས་སྟེང་ནས་འགེབས་པར་མཛད། །ནུབ་ཏུ་ཀུ་རུ། དྲག་ཤུལ་འབར་མེ་མི་སྡུག་མ། །ཕྱག་ན་འདམ་སྐྱེས་གཏོར་མས་བཀང། །ལྷོར་ནི་བཏྟཱཾ?་ལི་ཧཱུཾ། ཐོས་པ་མ་དང་རྡོ་རྗེ་མ། །བུམ་ཅན་བཟའ་
བཏུང་བསྣམས་ཤིང་འགེབས། །ཧཱུཾ་དབང་ལྡན་སྒེག་མོ་སྒེག་དང་བཅས། །གཡོན་དུ་འགྱིང་དང་བཅས་པར་བསྒོམ། །ཧཱུཾ་སྲིཾ་དུང་ཆེན་མིན་དགའ་མོ་སྟེ། །དྲི་ཡི་ཕྱག་རྒྱས་བྱུག་བར་མཛད། །ཧཱུཾ་ཧོ་མེ་ཡི་མཚམས་སུ་པི་ཝང་མ། །རྡོ་རྗེའི་ཕྱག་རྒྱས་རྡུང
དབྱར?་བྱེད། །སྲི་མ་མེ་ཏོག་མ་སྟེ་ཐལ་སྦྱར་ནས། །བསྡུས་ཏེ་གྱེན་དུ་འཐོར་བར་བྱེད། །ཧཱུཾ་ཧཱུཾ་བདེན་བྲལ་དུ་ནི་གླུ་མཁན་མ། །དཀར་པོ་བསྐྱོད་ཅིང་གླུ་ལེན་བྱེད། །ོཾ་བདུག་སྤོས་མ་སྟེ་མཁྲིག་མ་ནས། །གཟུང་ནས་གདུག་སྤོས་ལྟ་བུར་འབུལ། །ཧཱུཾ་རླུང
མཚམས་གར་མ་ཞེས་བྱ་སྟེ། །གཡོན་དུ་སྙེམས་ཤིང་སུམ་འཁྱོད་བྱེད། །ཧཱུཾ་མར་མེ་མ་སྟེ་ཕྱག་འཚལ་བའི། །ཐལ་མོ་སྙིམ་པར་སྦྱར་བའོ། །མཆོད་པའི་ལྷ་མོ་ཉི་ཤུ་འདི། །ཐུན་མོང་ཇི་ལྟར་མཛེས་པར་བརྟག། ཡེ་ཤེས་ཀྱི་གདན
དང་གཞན་ཀྱི་གདན་ལ་བཞུགས་པའི་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་ཆོ་ག་སྟེ་བརྒྱད་པའོ། །བེ་ལས་མཁའ་དབང་ཤར་དུ་དགོད། །མདོག་སྔོན་ལག་པ་བཞི་དང་ལྡན། །བྱ་ཁྱུད་གི་ནི་གདན་ལ་གཞུགས། །རལ་བའི
ཐོར་ཚུགས་ཉེ་བར་བརྒྱན། །འཁོར་ལོ་རལ་གྲི་དབྱུག་པ་དུང། །སྒོ་དཔོན་དུ་ནི་སྤྲུལ་པ་ཡིན། །དེ་ཡི་གཡས་སུ་ལཾ་ལས་བྱུང། །དཔལ་ལྷ་མོ་ནི་དགོད་བར་བྱ། །མདོག་སེར་སྐྲ་ནི་ལྟག་པར་བཅིངས། །གཡས་པ
མི་འཇིགས་གཡོན་པདྨ། །དེ་ཡི་གཡོན་དུ་ཕག་མོ་ནི། །ཡི་གེ་བཾ་ལས་སྤྲུལ་པ་སྟེ། །ཕག་གི་གདོང་ཅན་ཁྲོས་པར་ལྡན། །ཐོད་ཕྲེང་ཅོད་པན་ཤིན་ཏུ་བཅིངས། །སྐུ་མདོག་སྔོན་མོ་འབར་ཆེན་མོ། །གོས་སེར་དག་ལ་རབ་ཏུ་དགའ་། །གཡོན་ན
ཐོད་པ་ཁྲག་དང་བཅས། །གཡས་པ་མི་ཡི་མགོ་བོ་གསོལ། །བྱང་སྐོར་ཚངས་པ་ཨོཾ་ལས་བྱུང། །འོད་ཟེར་དམར་བོ་ཤིན་ཏུ་འབར། །གདོང་བཞི་པ་ལ་ལག་བཞི་པ། །ཅོད་པན་གྱིས་ནི་ཉེ་བར་བརྒྱན། །དང་པའི་སྟན་ལ་གནས་པ་སྟེ། །གཡས
པ་མཆོག་སྤྱིན་བགྲང་ཕྲེང་ཐོག་། པདྨ་རིལ་པའི་སྤྱི་བླུགས་དང། །རྡ་མ་དག་ནི་གཡོན་ན་ཐོགས། །དེ་ཡི་གཡས་སུ་བཾ་ལས་བྱུང། །ཆངས་པ་མོ་དེ་བདག་པོར་མཚུངས། །དེ་ཡི་གཡོན་དུ་སམ་ལས་བྱུང། །དབྱངས་ཅན་མརྐ་ཏའི་འོད། །
ལུས་ནི་མེ་ཏོག་ཕྲེང་བས་བརྒྱན། །ཏ་མ་བུ་ར་ནི་བརྡུང་ཞིང་གནས། །ནུབ་ཀྱི་སྒོ་རུ་སཾ་ལས་བྱུང། །འཕྲོག་བྱེད་དཀར་མོ་གླང་ལ་ཞོན། །སྟག་ལྤགས་བླ་གོས་ཕྲག་པར་གཟར། །ཟླ་བ་ཕྱེད་པའི་དབུ་རྒྱན་ཅན། །མིག་གསུམ་མཆོག་སྤྱིན
རྡེའུ་ཆུང་དང། །ཐོད་པ་མདུང་གི་ལག་བ་བརྒྱན། །བཀྲ་ཤིས་སྒྲ་ནི་སྒྲོགས་པ་དང། །གླུ་དང་གར་གྱིས་རྟག་ཏུ་གནས། །དེ་ཡི་གནས་སུ་མཾ་ལས་བྱུང། །དབང་ཕྱུག་ཆེན་མོ་གཙོ་བོར་མཚུངས། །འོན་ཀྱང་དེ་ཡི་ལག་གཡས་ན། །བགྲང
ཕྲེང་དག་ནི་ཐོགས་པར་བཤད། །དེ་ཡི་གཡོན་དུ་ཤཾ་ལས་བྱུང། །གདཀཱའི་ལྷ་མོ་གཙོ་བོར་མཚུངས། །ལག་ན་མཆོག་སྦྱིན་པདྨ་ཐོག་།སུམ་ཅུ་གསུམ་པས་མཆོད་པ་ཡིས། །ལྷོ་སྒོར་ཨཾ་ལས་བྱུང་བ་ཡིས། །བརྒྱ་བྱིན་མདོག་སེར་ཆེར
འབར་བ། །གཡས་ན་རྡོ་རྗེ་སྙིང་གར་ཐོགས། །གཡོན་གྱི་རིན་ཆེན་གདུགས་ཐོགས་ནས། །ལྷ་མོ་ལ་ནི་བསྙེན་ཏེ་གནས། །རིན་པོ་ཆེ་ཡི་ཙད་པན་བརྒྱན། །དེ་ཡི་གཡས་སུ་ཨཻ་ལས་བྱུང། །དབང་མོ་ཞེས་བྱ་བདག་པོར་མཚུངས། །སྐྲ་སེར་ཐོར་ཚུགས
གཡོན་དུ་བཅིངས། །ཐོད་པའི་ཕྲེང་བས་རྣམ་པར་ཀླུབས། །དེ་ཡི་གཡོན་དུ་ཏཾ་ལས་བྱུང། །ཐིག་ལེ་མཆོག་མ་གསེར་བསྲེགས་འདྲ། །གཡས་ན་ཐོད་པ་ལྕགས་ཀྱུ་བསྣམས། །གཡོན་པ་མཆོད་སྡོང་ལྕུག་དཀྲིས་འདྲ། །དབང་ལྡན་ཨཻ་བྱུང་དབང་པོ
ནི། ཛ་མྲུ?་ནཱ་དྲའི་གསེར་བོད་འདྲ། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀྲུབས། །གླང་ཆེ་ནས་སྲུང་སྟན་ལ་ནི། །རྒྱལ་པོའི་རོལ་པས་ཡད་ངག་གནས། །གཡས་ཀྱིས་རྡོ་རྗེ་སྙིང་གར་འཛིན། །གཡོན་པ་ལྷ་མོར་བསྙེམས་ཏེ་གནས། །མཆོད་པའི་ལས་ལ
རྟག་ཏུ་བརྩོན། །དེ་ཡི་གཡས་སུ་སཾ་ལས་བྱུང། །བདེ་སོགས་མ་དེ་བདག་པོར་མཚུངས། །གཡས་ཀྱིས་རྩེ་གསུམ་སྙིང་གར་ཐོགས། །གཡོན་པས་ལྕགས་ཀྱུ་ལྟ་བུར་འཁྱུད། །གཡོན་དུ་རཾ་ལས་བྱུང་བ་ཡི། །ར་མཙ་པ་ཞེས་བྱ་མརྐ་ཏ་འདྲ། །སྐྲ
ནི་མནདལ་ཡིས་བརྒྱན། །མེ་ལོང་ཐོགས་ཤིང་རོལ་པར་བཅས། །མེར་ནི་ཀུཾ་ལས་གྱུང་བ་ཡི། །ནོར་བདག་ཀུ་བེ་ར་ཞེས་བྱ། །མདོག་ནི་སེར་སྐྱ་ཤིན་ཏུ་མཛེས། །གཡས་ན་བི་ཙ་པུ་ར་ཐོགས། །གཡོན་ན་རིན་ཆེན་ལྕགས་མའི་ཤིང། །རོ་ལངས
ཀྱི་ནི་སྟེན་ལ་གནས། །དེ་ཡི་གཡས་སུ་པཾ་ལས་བྱུང། །ནོར་གྱི་བློ་མ་གསེར་མདོག་ཅན། །ལུས་ནི་རྒྱན་རྣམས་ཀུན་གྱིས་ཀླུབས། །ལག་པ་གཉིས་ཀྱིས་ཤིན་ཏུ་མཛེས། །གཡས་ཀྱིས་མི་འཇིགས་སྦྱིན་པར་བྱིད། །གཡོན་ན་འབྲས་ཀྱི་སྙེ་མ
ཐོགས། །དེ་ཡི་གཡོན་དུ་ཧཾ་ལས་བྱུང། །འཕྲོག་མ་མ་རྐང་ལྟ་བུའི་འོད། །རྒྱན་རྣམས་ཀུན་གྱིས་བརྒྱན་པའི་ལུས། །མཆོག་སྦྱིན་མྱ་ངན་མེད་ཤིང་ཐོག་།བདེན་བྲལ་བྷཱུཾ?་བྱུང་འབྱུང་པོའི་རྒྱལ། །མདོག་སྔོན་རྟ་ཡི་སྟན་ལ་གནས། །ཐོད་པ་རིན་ཆེན
ཅོད་པན་ཅན། །གཡས་ན་དབྱུག་པ་ཐོགས་ནས་སུ། །གཡོན་པ་གི་ཝཾ་སྡིགས་པར་བྱེད། །དེ་ཡི་གཡས་སུ་ལཾ་ལས་བྱུང། །ལང་ཀའི་བདག་མོ་ཞེས་བྱ་བ། །གྱེན་འགྲེང་སྐྱ་ནི་ཐོད་པས་བཅིངས། །མདོག་ལྗང་མ་རྐ་ཏ་འདྲ་བ། །
གཡས་ན་རྣལ་འབྱོར་མཚོན་ཆ་ཐོགས། །གཡོན་ན་ཐོད་པར་ཁྲག་ནི་ཐོགས། །དེ་ཡི་གཡོན་དུ་རཾ་བྱུང་བའི། །ཁྲག་ལ་དགའ་བའི་རྣལ་འབྱོར་མ། །མདོག་དམར་གཟི་བརྗིད་ཆེན་མོ་སྟེ། །མཚན་མ་ལང་ཀའི་དབང་མོར་མཚུངས། །རླུང་མཚམས
ཆུ་ཡིའི་རྒྱལ་པོ་སྟེ། །བྷུར་བྷུར་ཞེས་བྱ་བས་བསྐྱེད། །ཆུ་སྲིན་གྱི་ནི་སྟན་ལ་གནས། །མདོག་དམར་གཟི་བརྗིད་ཆེན་པོ་སྟེ། །ལག་ན་མཆོག་སྦྱིན་ཞགས་པ་ཐོགས། །ཅོད་པན་དམར་པོས་ཉེ་བར་མཛེས། །དེ་ཡི་གཡས་སུ་བྷི་ལས་བྱུང། །ལོངས་སྤྱོད
ལྡན་མ་བྱུ་རུའི་མདོག། །སྤྱི་བོར་དེངས་ཀས་བརྒྱན་པ་སྟེ། །གཡས་པ་ཡིས་ནི་རྡ་ཡབ་ཐོགས། །གཡོན་པ་ལྷ་ཡི་ལུས་ལས་སྐྱེས། །རང་གི་ནུ་མ་བལྟ་ཞིང་མཛེས། །གཡོན་དུ་ཧཱུཾ་ལས་བྱུང་བ་ཡི། །ཽཏཔལ་དགའ་བའི་རྣལ་འབྱོར་མ། །མདོག་དཀར
གཟི་བརྗིད་ཆེན་མོ་སྟེ། །ནོར་བུར་བཅས་པའི་གདེངས་ཀས་བརྒྱན། །གཡས་ཀྱིས་ཨཽཏཔལ་ཐོགས་ནས་ནི། །ལག་པ་གཡོན་པས་བུས་མོང་བརྐྱང། །འཇིག་རྟེན་པ་ཡི་ལྷ་ཡི་གནས། །རྡོ་རྗེའི་ཕྲེང་བས་ཤིན་ཏུ་བསྐོར། །སྦྱོར་བའི་གདན་ལ་བཞུགས
པ་ཡིས། །འཇིག་རྟེན་པའི་ལྷ་རྣམས་ཀྱི་ཕྱག་དང་མདོག་ལ་སོགས་པའི་ཆོ་ག་སྟེ་དགུ་པའོ། །།ཕྱི་རོལ་གནས་ནི་ཟླུམ་པོ་ལ། །དཔའ་བོ་ཉི་ཤུའི་རེའུ་མིག་བྱ། །ཤར་གྱི་རེའུ་ཆའི་དབུས་དགོད་པ། །རྐེང་རུས་འཇིགས་བྱེད་ཀཾ་ལས
བྱུང། །དེ་ཡི་པང་བར་དགོད་བྱ་བ། །པདྨ་འབྱུང་བ་ཀཾ་ལས་བྱུང། །དེ་ཡི་གཡས་སུ་ཁཾ་ལས་བྱུང། །ཁ་ཊཝཱཾ་ག་ཡི་སྲིན་པོ་སྟེ། །དེ་ཡི་པང་པར་དགོད་བྱ་བ། །ཁཾ་བྱུང་ལྷ་མོ་སེ་ན་རྣོན་མ། །དེ་ཡི་གཡོན་དུ་གཾ་ལས་བྱུང། །སྒྲ་ཟབ་ཅེས་བྱའི་དཔའ་བོ་སྟེ། །
དེ་ཡི་ཕབ་དགོང་ལྷ་མོ་ནི། །གཾ་ལས་བྱུང་བ་སྒྲ་ཟབ་མ། །འཁོར་ལོའི་བྱང་གི་དབུས་སུ་ནི། །དྲིལ་རྣ་ཞེས་བྱ་ལྷ་ལས་བྱུང། །དེ་ཡི་པད་གནས་ལྷ་མོ་ནི། །བུམ་པའི་ནུ་མ་གྷཾ་ལས་བྱུང། །གཡས་ཀྱི་ཆ་ལ་ཙམ་ལས་ནི། །བྱུང་བའི་གཏུམ་པའི་དབང་ཕྱག་སྟེ། །
དེ་དང་འཁྱུད་པའི་ལྷ་མོ་ནི། །གཡོན་པའི་གདོང་ཅན་པཾ་ལས་བྱུང། །དེ་ཡི་གཡོན་དུ་ཆཾ་བྱུང་བའི། །སེར་རྒའི་གདོང་ཅན་ཞེས་བྱ་བ། །དེ་དང་འཁྱུད་པའི་ལྷ་མོ་ནི། །སོ་ཡིས་འདྲལ་བ་ཚཾ་ལས་བྱུང། །ནུབ་ཀྱི་རེའུ་ཆ་དབུས་མ་ལ། །ཛ་བྱུང་མངལ
ཀྱི་མཚོན་ཆ་དགའ་། །དེ་དང་ལྷན་ཅིག་གནས་པ་ནི། །བརླ་མཐོན་མ་སྟེ་ཇཾ་ལས་བྱུང། །གཡས་ཀྱི་རེའུ་ཆར་གནས་པ་ཡི། །སྒྲ་འཇིགས་ཞེས་བྱ་ཛཱ་ལས་བྱུང། །དེ་དང་འཁྱུད་པའི་ལྷ་མོ་ནི། །སྒྲ་བྱེད་དགའ་མཱང་ཛྙ་ལས་བྱུང། །དེ་ཡི་གཡོན
གྱི་རེའུ་ཆ་ལ། །ཆུ་སྐྱར་ཟ་བ་ཊཾ་ལས་བྱུང། །དེ་ཡི་པང་པར་གནས་པ་ནི། །ཐོར་ཅོག་གིས་བརྒྱན་ཊཾ་ལས་བྱུང། །ལྷོའི་རེའུ་མིག་དབུས་མ་ལས། །ཐ་ལས་བྱུང་བསྒྲོགས་པ་ཅན། །དེ་ཡི་པང་པར་གནས་པ་ནི། །དོར་ཐབས་ལ་དགའ་ཐཾ་ལས
བྱུང། །དེ་ཡི་གཡས་སུ་དགོད་པ་ནི། །ཅང་ཏེའུ་འདུལ་བྱེད་ཌཾ་ལས་བྱུང། །དེ་ཡི་པང་པར་གནས་པ་ནི། །ཌཾ་ཌཾ་རྡ་སྒྲ་ཌཾ་ལས་བྱུང། །གཡོན་གྱི་རེའུ་ཆ་གཉིས་པ་ལ། །རྭ་ཀའི་འུར་སྒྲ་ཌཾ་ལས་བྱུང། །དེ་ཡི་པང་པར་གནས་པ་ནི། །འཇའ་ཀས
རལ་མ་ཌཉཾ་ལས་བྱུང། །དབང་ལྡན་གྱི་ནི་རེའུ་ཆ་ལ། །རྩོད་ལ་དགའ་བ་ཏཾ་ལས་བྱུང། །དེ་ཡི་པད་པར་གནས་པ་ནི། །པྱིན་ཕྲན་མ་སྟེ་ཏཾ་ལས་བྱུད། །དེའི་རེའུ་ཆ་གཉིས་པ་ལ། །ལགས་རིངས་ཞེས་བྱ་ཐ་ལས་བྱུང། །དེ་དང་ལྷན་ཅིག་གནས
པ་ནི། །རྣམ་པར་གཡོ་བ་ཐཾ་ལས་བྱུང། །མེ་མཚམས་ཀྱི་ནི་རེའུ་ཆ་ལ། །ཆེ་བ་བརྩེགས་པ་དཾ་ལས་བྱུང། །དེ་ཡི་པང་པར་གནས་པ་ནི། །འོད་རྣོན་མ་སྟེ་དམ་ལས་བྱུང། །དེ་ཡི་རེའུ་མིག་གཉིས་པ་ལ། །བརྟན་བཞིར་འཇིགས་པ་ཏཾ་ལས
བྱུང། །དེ་ཡི་པང་གནས་རྣལ་འབྱོར་མ། །དལ་བུས་སྨྲས་པའང་ཏཾ་ལས་བྱུང། །བདེན་བྲལ་གྱི་ནི་རེའུ་མིག་ལ། །ལུས་རྒྱས་ཞེས་བྱ་པཾ་ལས་བྱུང། །དེ་ཡི་པང་པར་གནས་པ་ནི། །མིག་སེར་མ་ཡང་པཾ་ལས་བྱུང། །དེ
ཡི་རེའུ་ཆ་གཉིས་པ་ལ། །གཙུབ་པའི་གདོང་ཅན་ཕོཾ་ལས་བྱུང། །དེ་ཡི་པང་ནས་ལྷ་མོ་ནི། །ཕཾ་ལས་བྱུང་བའི་མིག་རྒྱས་མ། །རླུངས་མཚམས་རེའུ་མིག་གནས་པ། །ཚངས་པའི་དབྱངས་ཅན་པཾ་ལས་བྱུང། །དེ་ལ་གནས་པའི་རྣལ་འབྱོར་མ། །
མཛེས་པའི་ལུས་ཅན་བཾ་ལས་བྱུང། །དེ་ཡི་རེའུ་མིག་གཉིས་པ་ལ། །སྒྲུ་འཇིགས་ཞེས་བྱ་བྷཾ་ལས་བྱུང། །དེ་ཡི་ཡན་ལག་ལ་གནས་པ། །བུད་སྒྲ་མ་སྟེ་བྷཾ་ལས་བྱུང། །ནམ་མཁའ་ཡི་ནི་གྲོང་ཁྱེར་མཆོག་།དཔའ་བོ་ཉི་ཤུ་ཀུན་གྱིས་བསྐོར
རྩེ་བྲན་ལྔས་ནི་བརྒྱན་པ་སྟེ། །གཅེར་བུ་སྐྲ་ནི་རྣམ་པར་གྲོལ། །རྣལ་འབྱོར་མ་དང་ཕན་ཚུན་འཁྱུད། །རྣལ་འབྱོར་མཚོན་དང་སྣོད་ཐོགས་ནས། །བཟའ་བ་དག་ནི་སྣ་ཚོགས་དང། །བཏུང་བ་ཞིམ་པོ་དག་གིས་བཀང། །ཡེ་ཤེས
གདན་དང་གཞན་གྱི་གདན། །སྦྱོར་གདན་འདོད་པ་ལྔ་ཡིས་མཆོད། །གསང་བའི་གདན་ལ་དགོང་པའི་དཔའ་བོ་གཉིས་སུ་མེད་པའི་མཚན་པའི་ཆོ་གའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འཁོར་ལོ་ཀུན་བསྐྱེད་དེ། །ཡེ་ཤེས
འཁོར་ལོ་བཀུག་ནས་ཀྱང། །དམ་ཚིག་འཁོར་ལོར་བཅུག་བྱས་ནས། །གཉིས་མེད་ཡེ་ཤེས་འཁོར་ལོར་འགྱུར། །ཏིལ་དང་འབྲས་ཡོས་ནས་དང་གྲོ། དྲི་ཞི་མ་མེ་ཏོག་དཀར་པོར་བཅས། །ཆུ་ནི་འོ་མར་སྲེས་པས་དགང། །གསེར་རམ་གཞན
ལས་བྱས་པའི་སྣོད། །མཛེས་པ་མདུན་དུ་བཞག་པར་བྱ། །དེར་ནི་མེ་ལོང་དྲི་མེད་བཞག་།རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དཀར་པོ་དང་ནི་ས་གདུགས་སྦྱར། །དཀར་པོ་ཅུང་ཟད་དགུག་པར་བཤད། །དམ་སིག་མཆོག་ཏུ་དགུག་པ་སྟེ། །འདི
ནི་ལྕགས་ཀྱུའི་ཕྱག་རྒྱའོ། །ོཾ་བཛྲ་ཨཾ་ཀུ་ཤ་ཛོཾ་ཨ་ཀྵ་ནི་ཧཱུཾ་ཕཊ། འཇིག་རྟེན་པའི་ལྷ་རྣམས་དགུག་པའོ། །རྡོ་རྗེ་བཅིང་བ་བསྡམས་བྱས་ནས། །དྲི་མ་གསུམ་དང་དུད་པ་བསྒྲེང། ། རྒྷའི་སྣོད་ལ་རེག་ནས་ནི། །ོཾ་པྲ་ཏཱི་ཙྪ་ཨ་རྒྷཾ་སྭཱཧཱ། །ཞེས་བདུན་ནམ་ཉི་ཤུ་གཅིག་བཟླས་ལ། །རྒྷ་དག་ནི་དབུལ
བར་བྱ། །རྡོ་རྗེ། བུ་ཚུར་བཅིངས་ནས་ནི། །དཀར་པོ་དང་ནི་ཡེ་ཤེས་སྦྱར། །པདྨ་དུང་དང་དུ་བ་རྣམས། །རིམ་གྱིས་བསྐྱོང་ཅིང་དགྲོལ་བར་བྱ། །ཕྱག་རྒྱ་འདི་ཡིས་མེ་ཏོག་དབུལ། །ོཾ་པྲ་བ་ར་ས་ཏ་ཀཱ་ར་པྲ་ཏིཙྪ་སྭཱཧཱ། ཞེས་བྱ་བས་སོ། །སྔར་བསྟན
སྔགས་ཀྱིས་བཏབ་ནས་སུ། །ཁ་ཞགས་བཀྲུ་བ་དབུལ་བར་བྱ། །ཉེ་བར་སྦྱོད་པ་ལྔས་མཆོད་ནས། །ཧཱུཾ་གི་བཀྲ་ཤིས་དབྱངས་བྲང་བྱ། །ཧཱུཾ་ཧཱུཾ་ཧཱུཾ། །དགའ་བའི་ལུས་འདི་ཤིན་ཏུ་སྦྲལ། །རྣལ་འབྱོར་ས་ནི་ཐམས་ཅད་ཁྱོད། །གསང་བ་དག་ནི་བཅིངས
དོན་དུ། །གསང་བའི་རྡོ་རྗེ་ཤིན་ཏུ་བསྐྱོད། །ཚངས་པས་བསིལ་ཡབ་གཡོབ་པ་དང། །སེང་གེ་དག་ནི་སྒོ་དཔོན་ཏེ། །བརྐྱ་བྱིན་གདུགས་ནི་ཐོགས་པ་ཡིས། །འཕྲོག་བྱེད་ཡོན་ཏན་སྒྲོགས་པར་བྱད། །མི་འམ་ཅི་དང་དྲང་སྲོང་ཚོགས། །བཀྲ་ཤིས
གླུ་ནི་ལེན་པའོ། །བཀྲ་ཤིས་ཀྱི་ཀླུའོ། །རྩ་བ་ནག་སོགས་མེད་ཅིང་ཆོས། །ལྟོ་ཡངས་མགྲིན་པ་འཕྱང་པ་ནི། །ཤིང་ལོ་ཕྱེ་མའི་སྟེང་བཞག་སྟེ། །རྒྱ་མཚོ་འབབ་ཆུ་ཆུ་པོའི་ཆུ། །རྗེའི་བུའི་ཆུ་ལ་སོགས་པ་ནི། །བཙགས་ནས་རབ་ཏུ་དགང་བར་བྱ། །མེ
ཏོག་ཕྲེང་བས་མགྲིན་བཅིངས་ཏེ། །སྨན་ལྔ་རིན་ཆེན་ལྔ་སོགས་བཞུགས། །ཆུ་ནིའོ་མར་བསྲེས་པར་བྱ། །ཤིང་ལོ་མྱུ་གུ་སྣ་ཚོགས་དང། །མགྲིན་པ་བགོས་ཀྱིས་བྲཡན་བར་བྱ། །ོཾ་ཏབཏེ་མ་ཧཱ་ཏ་བཏེ་ཞེས་བྱ་བས། །གངྒཱའི་ཆུ་ནི་དབུགས་པར་བྱད
རྣམ་ཤེས་དང་ནི་ས་གདུགས་སྦྱར། །ལྷག་མ་བརྐྱང་བའི་ཕྱག་རྒྱ་དང། །རེག་ནས་སྔགས་འདི་ལན་བདུན་བརྗོད། །ོཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་ཕཊ། འབྱོར་པ་ཡོད་ན་ལྔ་ཆེན་དང། །དུང་དང་གླིང་བུ་སྣ་ཚོགས་རྔ། །དགའ་དང
བཅས་བའི་དྲིལ་བུ་དཀྲོལ། །ཁྲུས་ཀྱི་དུས་སུ་སྦྱར་བར་བྱ། །དང་པོར་དྲི་ཞིམ་མར་ནག་དང། །འདག་ཆལ་གྱི་ནི་བྱུག་པར་བྱ། །དེ་ནས་དྲི་ཞིམ་ཆུ་དང་ནི། །སྦྲང་རྩི་ཡིས་ཀྱང་ནན་ཏན་བཀྲུ། །དུང་ཆོས་ཆུ་དང་འོ་མ་ནི། །མེ་ཏོག་དྲི་ཞིམ་བཅས་པ
བླུགས། །དེ་ནས་ཁུ་ཚུར་གཉིས་བཅིངས་ནས། །དེས་ནི་གོས་བཟུང་བརྗོད་ནས་སུ། །རྡོ་རྗེ་སྟེང་གི་ཕྱོགས་སུ་ནི། །རོལ་པར་བཅས་པས་དབུལ་བར་བྱ། །ོཾ་ཧཱུཾ་སྭཱཧཱ་ཞེས་བརྗོད་པ་ནི། །གསང་སྔགས་འདི་ཡིས་ན་བཟའ་དབུལ། །སྔོན་བཞིན
སྔགས་དང་ཕྱག་རྒྱ་ཡིས། །ཡོན་ཆབ་ཞབས་པ་སིལ་ལ་སོགས་དབུལ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དཀར་པོ་གི་ཝཾ་སྒྲོགས་ཏུ་སྒྲེལ། །ོཾ་བཛྲ་པཱ་བ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་གཞུག་པར་བྱའོ། །སེང་གེའི་ཕྱག་རྒྱ་བཅིངས
ནས་སུ། །ོཾ་སྨྲཾ་ཞེས་བྱ་བའི་སྔགས། །ཁྲོ་དང་བཅས་པར་བཟླས་པ་ཡི། །བགེགས་རྣམས་ཐམས་ཅད་བསྐྲད་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་ནི་སྦྱར་བར་བྱ། །འདི་ནི་ལྕགས་སྒྲོག་ཕྱག་རྒྱ་སྟེ། །ོཾ
བཛྲ་སྤོ་ཊ་དཾ་ཞེས་ཡུ་བྱ་བས་བཅིང་ངོ། །སྒོ་རྣམས་ཀྱི་ལས་སོ། །ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང། །ཁྲུས་ཀྱི་ཆོ་ག་སྟེ་བཅུ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ནི། །རྣལ་འབྱོར་ནམ་མཁའ་ཨི་ཕྱག་རྒྱ་བཅིང། །
ོཾ་ཏིཥྛ་ཨཱ་ས་ན་ཧཱུཾ་སྭཱཧཱ། ཞེས་བྱ་བས་སེང་གེའི་གདན་སོགས་བསྟན་པར་བྱ། །ཕྱག་རྒྱའི་ལན་ལ་ངོས་གཉིས་སུ། །པདྨའི་བསྐོར་བ་བྱས་ནས་ནི། །དེ་ནས་ཕྱག་རྒྱ་ཐམས་ཅད་བཅིངས། །ཡི་ཤེས་ཀྱིས་ནི་པདྨ་མནན། །ས་གདུགས་རྣམ
པར་ཤེས་པ་གཅིག་གཉིས་ཕན་ཚུན་སྒྲོག་དུ་སྒྲེལ། །ལྷག་མ་བ་དན་གསུམ་བརྐྱང་སྟེ། །དྲི་མ་གསུམ་དང་དུད་པ་སྐྲད། །རྡོ་རྗེ་རྩེ་ལྔ་ཞེས་བྱ་བ། །རྣལ་འབྱོར་ནམ་མཁའ་དེ་བཞིན་གཤེགས། །ཕྱག་རྒྱ་འདི་ནི་བླ་ན་མེད། །ོཾ་བཛྲ་ས་ཏྭ་དྲ་ཤྱ་ཛས་མ་ཡ་སྟཝཾ་ས་མ་སྟཾ?་ཨ་ཧཾ། ཞེས་མཐར་བཉགས་པའི། སྙིང་སྔགས་ལན་བདུན་བརྗོད་པར་བྱ། །སྔགས་ནི་ཨོཾ་ཧཱུཾ་ཧ་སྭཱཧཱ། རྡོ་རྗེ་བཅིངས་པ་དམ་བཅས་ལ། །ཏྲི་མ་གསུམ་དང་དུད་པ་བསྒྲེང། །ཤེས་རབ་ཕ་རོལ་ཕྱིན་པའི་རྒྱ། སྔགས་ནི་ཨོཾ་ཨཾ་ཨཱ་སྭཱཧཱ།
ཞེས་བྱ་བསྟེ་ཤེས་པར་ཀྱི་ཕ་རོལ་ཏུ་ཕྱིན་པའི་འོ། །ོཾ་ཧཱུཾ་ཧ་ཧ་སྭཱཧཱ་བྱ་སྟེ། །དེ་དག་ནི་ཡེ་ཤེས་མཁའ་འགྲོ་མའི་འོ། །རྡོ་རྗེ་བཅིངས་པ་བསྡམས་པ་ཡི། །ནང་དུ་ཡེ་ཤེས་རྣམ་ཤེས་སྦྱར། །ོཾ་སུཾ་ཨ་སྭཱཧཱ། རྡོ་རྗེ་མཁའ་འགྲོ་མའི་འོ། །དེ་ཉིད་ལས་ནི་ཡེ་ཤེས
དང། རྣམ་ཤེས་བསྒྲེང་དྲག་མོར་འདོད། །ོཾ་ཀྵུཾ་ཨ?་སྭཱཧཱ། དྲག་མོ་མཁའ་འགྲོ་མའི་འོ། །དེ་ཉིད་པདྨ་ས་གདུགས་སུ། །རྩེ་སྦྱར་རོ་ལངས་མ་ཡིར་དགོང། །ོཾ་ཡུཾ་ཨཾ་སྭཱཧཱ། །རོ་ལངས་མའི་འོ། །དེ་ཉིད་དུད་པ་དྲི་མ་གསུམ། །རྩེ་སྦྱར་གཏུམ
མོའི། ཡིན་པར་འདོད། །ོཾ་ཧཱུཾ་ཨཱའཁོར་ཟླུམ་པོ་ལ་གནས་རྣམས། །བདག་པོ་ཡི་ནི་ཕྱག་རྒྱ་ཉིད། །སྔགས་དང་བཅས་པ་སྦྱར་བ་དག་།དམ་ཚིག་ཕྱག་རྒྱ་སྔགས་དང་ནི། །ལས་ཀྱི་ཕྱག་རྒྱ་བསྟན་པ་ཡིན། །འཇིག་རྟེན་ལས་འདས་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང།
སྔགས་ཀྱི་ཆོ་ག་སྟེ་བཅུ་གཉིས་པའོ། །གཞན་དག་ཆུང་མར་བཅས་པ་ཡི། །སྔགས་དང་ཕྱག་རྒྱ་བསྟན་པར་བྱ། །ཉི་མའི་ཁུ་ཚུར་དམ་བཅིངས་ནས། །གྱེན་དུ་རྣམ་པར་དགྲོལ་བར་བྱ། །ོཾ་ཁེ་ཤ་སྭཱཧཱ། སེང་གེའི་འོ། །རྡོ་རྗེ
ཁུ་ཚུར་བཅིངས་ནས་ནི། །རང་གི་སྙིང་གར་བསྐྱོད་པར་བྱ། །ཚངས་པ་ཡི་ནི་དམ་ཚིག་དུ། །བདེ་བར་གཤེགས་ཀྱིས་མདོར་བསྡུས་གསུངས། །ོཾ་ཨོཾ་སྭཱཧཱ། ཆེངས་པའི་འོ། །ཉི་མེའི་ཁུ་ཚུར་བཅིངས་ནས་ནི། །བདན་གསུམ
པ་ཀྱེན་དུ་བསྐྲད། །འདི་ནི་མདུང་ཅན་ཕྱག་རྒྱ་སྟེ། །དམ་ཚིག་འཇོག་པའི་དམ་པའོ། །ོཾ་ཧཱུཾ་སྭཱཧཱ། རུ་ཏྲ་ཡིའོ། ཟླ་བའི་ཁུ་ཚུར་བཅིངས་ནས་ནི། །གི་ཝ་ངག་ནི་བསྒྲེང་བར་བྱ། །ཉི་མའི་སོར་མོ་ཀུན་བརྐྱང་ནས། །དེ་ཡི་སྟེང་དུ་དག་བ་པར་བྱ། །ོཾ་མེ
སུཾ་ཧཱུཾ་སྭཱཧཱ། བརྒྱ་བྱིན་གྱིའོ། །ཉི་མའི་ཁུ་ཚུར་བརྟན་བཅིངས་ལ། །དཀར་པོ་དུད་པ་བསྒྲེང་བར་བྱ། །དབྲལ་བར་སྟེང་གི་ཐོད་སོར་དྲུག་།དབང་པོ་ཡི་ནི་དམ་ཚིག་འདོད། །ོཾ་མུཾ་མུཾ་ཧཱུཾ་སྭཱཧཱ། དབང་པོའི་འོ། །རྡོ་རྗེ་བཅིངས་པ་བསྡམ་བྱས་ནས། །དཀར
པོ་དད་ནི་གི་ཝང་བསྒྲེང། །རིན་ཆེན་ལྟ་བུར་སྦྱར་ནས་ནི། །ལུས་ངན་ལ་ནི་བསྟན་པར་བྱ། །ོཾ་དྷ་ན་ཨ་གྲེ་ཧཱུཾ་སྭཱཧཱ། ལུས་དན་གྱིའོ། །ཁུ་ཚུར་བཅིངས་ནས་དཀར་པོ་ནི། །བརྐྱང་ནས་གྱེན་དུ་བསྒྲེད་བར་བྱ། །འབྱུང་པོ་བདག་པོའི་དམ་ཚིག་ཏུ། །
ཐུབ་པ་རྣམས་ཀྱིས་བཤད་པ་ཡིན། །ོཾ་ཁཱ་ཏ་ནི་ཧཱུཾ་ཕཊ། འབྱུང་པོའི་བདག་པོ་ཡིའོ། །ཁུ་ཚུར་དེ་ཉིད་བཞག་ནས་སུ། །དཀར་པོ་དང་ནི་དུ་བ་བརྐྱང། །ཕྱག་རྒྱ་འདི་ནི་རྒྱལ་བ་ཡིས། །གདེངས་ཀའི་བདག་པོའི་དམ་ཚིག་བཤད། །ོཾ་བྷུར་བྷུ
བ་སྭཱཧཱ། །ཀླུ་ཡི་བདག་པོའིའོ། །དེ་དག་གི་ནི་ཆུང་མ་རྣམས། །བདག་པོའི་དམ་ཚིག་ཡིན་པར་བཤད། །སྔགས་ནི་སོ་སོར་བསྟན་པར་བྱ། །ོཾ་ལ་ཀྵྨི་ཡེ་སྭཱཧཱ། ཨོཾ་བཱ་རཱ་ཧཱི་སྭཱཧཱ། ཨོཾ་སྭཱཧཱ། ཨོཾ་པྲ་ཧ་རཥྱེ་སྭཱཧཱ། ཨོཾ་མ་ཧེ་ཤྭ་རྱེ་སྭཱཧཱ།
ོཾ་གཾ་གཱ་ཡེ་སྭཱཧཱ། ཨོཾ་ཨཻན་དྲ་ཡེ་སྭཱཧཱ། ཨོཾ་ཏི་ལོཏྟ་མ་ཡེ་སྭཱཧཱ། ཨོཾ་ས་རྩི་ཡེ་སྭཱཧཱ། ཨོཾ་རི་བྷ་ཡེ་སྭཱཧཱ། ཨོཾ་བསུ་མ་ཏི་ཡེ་སྭཱཧཱ། ཨོཾ་ཧ་རེ་ནྱེ་སྭཱཧཱ། ཨོཾ་ལངྒེ་ཤྭ་རྱེ་སྭཱཧཱ། ཨོཾ་ར་ཀ་ཏ་པྲི་ཡ་ཡི་སྭཱཧཱ། ཨོཾ་བྷ་ག་བ་ཏྱེ་སྭཱཧཱ། །ོཾ་ཨཽཏཔལ་པྲི
ཡཱ་ཡེ་སྭཱཧཱ། སྦྱོར་པའི་གདན་ལ་བཞུགས་པ། ལྷ་རྣམས་ཀྱི་དམ་ཚིག་ཕྱག་རྒྱ་དང། །སྔགས་ཀྱི་ཆོ་ག་སྟེ་བཅུ་གསུམ་པའོ།། །།དེ་ནས་རྡོ་རྗེ་ཐལ་མོ་ནི། །དམ་བཅིངས་ཡེ་ཤེས་རྣམ་ཤེས་དང། །ནང་དུ་བཅུག་སྟེ་བཅིང་བར་བྱ། །པདྨའི་སྣོད་ཅེས་བྱ
བར་གྲགས། །ཀེང་རུས་འཇིགས་བྱེད་ལ་སོགས་པ་དང་པདྨའི་འབྱུང་གནས་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་དག་ཆུང་མ་དང་བཅས་པའི་སྔགས་ནི་འདི་དག་ཡིན་ནོ། །ོཾ་ཀ་རཾ་ཀ་བྷཻ་ར་བཱ་ཡ་སྭཱཧཱ། ཨོཾ་ཀ་མ་ལ་ཀ་རིང་ཡེ་སྭཱཧཱ། ཨོཾ་ཁ་ཊཝཱཾ་གཱ་རཀྵ་སཱ་ཡ
སྭཱཧཱ། ཡོ་ནཱ?་བ་ཉིད་??་སྭཱཧཱ། ཨོཾ་ཧ་ཏི་?་ནཱ་དཱ་ཡ་སྭཱཧཱ། ཨོཾ་གཾ་བྷཱི་ད་ན་དི་ཡ་སྭཱཧཱ། ཨོཾ་གྷརྞ་ཀརྞ་ཡ་སྭཱཧཱ། ཨོཾ་གྷ་ད་ཤ་ནཱི་ཡེ་སྭཱཧཱ། ཨོཾ་ཅོཎྜེ་ཤྭ་རཱ་ཡ་སྭཱཧཱ། ཨོཾ་ཙ་པ་ལཱ་ན་ཏཱ་ཡ་སྭཱཧཱ། ཨོཾ་ཙྪི་ཏྲ་གྷོ་ན་ཡཱ་སྭཱཧཱ། ཨོཾ་ཙྪི་ཏྲ་ད་ཤ་ནི་ཡེ་སྭཱཧཱ། ཨོཾ་ཛརཱ
ཡུ་པྲི་???་ཨོཾ་?????། ཨོཾ་བྷ་ཀཾ་ར་བ་མ་ཡ་སྭཱཧཱ། །ོཾ་ཛཧ་ཀྲཏ་ཀཱ་མི་ནི་ཡེ་སྭཱཧཱ། ཨོཾ་ཊི་ཊི་གཏི་ཀྵ་ཡ་སྭཱཧཱ། ཨོཾ་ཊི་ཀི་བྷུ་ཥི་ཎི་ཡེ་སྭཱཧཱ། ཨོཾ་ཐ་བི་ནོ་དཀ་རཱ་ཡ་སྭཱཧཱ། ཨོཾ་ཐ་ཀ་ཀཱ་མི་ནི་སྭཱཧཱ། ཨོཾ་ཌཱ་ཀ་ཀ་མི་ནི་སྭཱཧཱ། ཨོཾ་ཌི་ཌི་མ་པྲི
ཡཱ་???་ཀ་ཀོ་ལ་ཧེ་ལྔ་ཡ་སྭཱཧཱ། ཨོཾ་དྷ་ཀ་ལ་ལཱ་ཡ་སྱ་སྭཱཧཱ། ཨོཾ་ཏཾ་ཀ་པྲི་ཡཱ་ཡ་སྭཱཧཱ། ཨོཾ་ཏ་ནུ་ཇི་ཀཱ་ཡེ་སྭཱཧཱ། ཨོཾ་ཐོ་ར་བཱ་བི་སྭཱཧཱ། ཨོཾ་ཐ་ར་གི་ནཱི་ཡེ་སྭཱཧཱ། ཨོཾ་དཾ་ཥྚ་ཀེ་ར་ལཱ་ཡ་སྭཱཧཱ། ཨོཾ་ད་རར་སྨི་ནཱི་ཡ་སྭཱཧཱ། ཨོཾ་དཀར་གྷོ་རཱ་ཡཱ་སྭཱཧཱ།
ོཾ་དྷེ་རེ་གྷ་ཥིན་ཡེ་སྭཱཧཱ། ཨོཾ་བ་ནཱ་ད་ཏ་ར་རཱ་ཡ་སྭཱཧཱ། ཨོཾ་བཾ་གྷ་ཨ་ཀྵི་ཡེ་སྭཱཧཱ། ཨོ་ཕེན་མུ་ཀཱ་ཡ་སྭཱ་ཏའ། ཨོཾ་པུལླ་ནཱ་ཡ་ནི་སྭཱཧཱ། ཨོ་བྲ་ཧམ་ད་ཙཱ་ཡ་སྭཱཧཱ། ཨོཾ་བནདུ་ར་ཙ་དྲའ་ཡེ་སྭཱཧཱ། ཨོཾ་བྷི་མ་ནཱ་ད་ཡ་སྭཱཧཱ། ཨོཾ་བྷྲུ་མ་ར་ཀ་ཤྲི་ཡ་སྭཱཧཱ། གསང་བའི
བདན་གྱི་དཔའ་བོ་དང། དཔའ་མོ་གཉིས་སུ་མེད་པའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་ཀྱི་ཆོ་ག་སྟེ་བཅུ་བཞི་པའོ།། །།དེ་ལ་སོགས་པའི་ཕྱག་རྒྱ་བཞིས་སྔ་མ་བཞིན་དུ་རྒྱས་གདབ་བྱ། ལྕའི་དམ་ཚིག་རྡོ་རྗེ་ལ། །དབྱངས་ཡིག་དང
པོ་ལ་སོགས་དགོད། །འདི་ནི་ལྷ་རྣམས་ཐམས་ཅད་ཀྱི། །ཆོས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །པདྨ་བསྐོར་བ་བྱས་ནས་སུ། །རྡོ་རྗེ་ལྕགས་སྒྲོག་བཅིང་བར་བྱ། །སྙིང་གར་བསྐྱོད་དེ་བཀུག་ནས་ཀྱང། །རྣ་བའི་དྲུང་དུ་བཞག་པར་བྱ།
དེ་བཞིན་གཤེགས་པ་རྣལ་འབྱོར་ནམ་མཁའ་ཨི་ལས་ཀྱི་ཕྱག་རྒྱའོ། །ཁུ་ཚུར་གཉིས་བཅིངས་སྙིང་ག་རུ། །ཀུན་ཏུ་འཁྱུད་ཅིང་བཅར་བར་བྱ། །ོཾ་ཤྭཱི་པ་ཏ་ཡེ་ཧཱུཾ་སྭཱཧཱ། ཡེ་ཤེས་མཁའ་འགྲོ་མའི་འོ། །ཟླ་བ་ཉི་མ་ཁ་སྦྱར་ནས། །པདྨའི་ཚུལ་དུ་དབྱེ་བར་བྱ། །
ཤེས་རབ་ཕ་རོལ་ཕྱིན་མའི་འོ། །རྣམ་ཤེས་ཀྱིས་ནི་ས་གདུགས་མནན། །ལྷག་མ་བསྒྲང་བ་རྡོ་རྗེའི་རྩེ། །རྡོ་རྗེ་མཁའ་འགྲོ་མ་ཡིའོ། །ཡེ་ཤེས་པདྨར་དེ་བཞིན་སྦྱད། །སྔ་མ་དང་ནི་རྒྱབ་སྦྱར་བྱ། །མཁའ་འགྲོ་དྲག་མོ་ཡིའོ། །གཉིས་ཀ་ཐལ་མོ་སྦྱར
ནས་སུ། །ཅུང་ཟད་ཕྱེ་སྟེ་ཁ་རུ་བཞུག། རོ་ལངས་མའི་འོ། །རྡོ་རྗེ་ཁུ་ཆུར་དམ་བཅིངས་ནས། །དཀར་པོ་དང་ནི་གི་ཝཾ་བརྒྱད། །རིན་ཆེན་ཚུལ་དུ་སྦྱར་ནས་ཀྱང། །གཏུམ་མོ་ལ་ནི་བསྟན་པར་བྱ། །གཏུམ་མོའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །
དཀར་པོ་གི་ལྔ་སྒྲོག་དུ་སྦྲིལ། །སེང་གེ་མའི་འོ། །དེ་ཉིད་བརྟན་པོར་བཅིངས་ནས་སུ། །དྲི་མ་གསུམ་དང་དུད་པ་བསྒྲེང། །འུག་པ་མ་ལ་སོགས་པའི་འོ། །ཉི་མ་ཟླ་བ་སྦྱར་ནས་སུ། །རྒོད་ཅིང་ཁ་རུ་གཞུག་པར་བྱ། །ོཾ་ཕཾ་ཕུཾ་སྭཱཧཱ། མཁའ་འགྲོ
མའི་འོ། །ཐལ་མོ་སྦྱར་ཏེ་སྤྱི་བོར་བཞག་།ོཾ་ཕཾ་ཕུཾ་སྭཱཧཱ། མེ་འབར་མའི་འོ། །ཡི་དགས་ཐལ་མོ་ཁ་རུ་གཏོར། །ོཾ་ཕྲོཾ་ཕུཾ་སྭཱཧཱ། འཇིབས་བྱེད་མའི་འོ། །ཟླ་བ་ཁུ་ཚུར་བརྟན་བཅིངས་ནས། །རྣ་པའི་རྩ་བར་བཞག་པར་བྱ། །ོཾ་ཕཾ་ཕུཾ
སྭཱཧཱ། འཕྲོག་བྱེད་མའི་འོ། །ཟླ་བའི་ལག་པ་བརྐྱད་ནས་སུ། །རྣམ་ཤེས་དང་ནི་འཇིག་པར་སྦྱར། །དེ་ཡི་སྟེང་དུ་ཉི་མས་གདབ། །སྤོས་མོ་སོགས་པར་རབ་ཏུ་གྲགས། །ོཾ་ཧབརྐྱང་ནས?་སུ། །ཁ་སྤྱད་ནས་ནི་སྟེང་དུ་བཞག་།ོཾ་གྷིཾ་བྷ་སྭཱཧཱ། དྲག་མོ་ལ་སོགས་པ་ཡིའོ། །རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །ཉི་མ་ཟླ་བ་ཕྱེ་སྟེ་སྤྲོ། །ོཾ་ཀུ་རུ་ཀུ་རུ་སྭཱཧཱ། དྲག་ཤུལ་ཅན་མ་ལ་སོགས་པའོ། །ཉི་མ་ཟླ་བ་རབ་བརྐྱང་ནས། །རྒྱབ་དང
རྒྱབ་གཉིས་སྦྱར་བྱ་སྟེ། །ལག་པ་ཡི་ནི་སོར་མོ་རྣམས། །ཕན་ཚུན་རྩེ་མོ་སྒྲོག་ཏུ་སྦྲེལ། ཨོཾ་??་ལི་སྭཱཧཱ། ཐོད་པ་ཙན་ལ་སོཌ་པའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅངས་ནས། །རྐེང་པའི་མཚམས་སུ་བཞག་པར་བྱ། །སྙེམ་དང་བཅས་པར་རབ་བརྟགས་ནས། །སྒྲེག
མོ་ཡི་ནི་དམ་ཚིག་འགྱུར། །ོཾ་ཧཱུཾ་སྭཱཧཱ། སྒེག་མོའི་འོ། །ཟླ་བའི་ལག་པ་བརྐྱད་ནས་སུ། །རྣམ་ཤེས་དང་ནི་འཇིག་པར་སྦྱར། །ཉི་མའི་ལག་པ་གཟུང་བར་བྱ། །དྲིའི་དུད་ཞེས་བྱ་བར་གྲགས། །ོཾ་སུ་གདྷེ་ཧཱུཾ་སྭཱཧཱ། དྲི་ཡིའོ། །ཟླ་བའི་ཐལ་མོ་གཤབས
ཏེ་བརྐྱང། །གྲུ་མོ་གྱེན་དུ་བསྒྲེང་བར་བྱ། །ཉི་མའི་སོར་མོ་བསྒྲེང་བ་ནི། །པི་བང་ཕྱག་རྒྱ་ཞེས་བྱར་གྲགས། །ོཾ་ཧཱུཾ་ཧོ་སྭཱཧཱ། པི་བང་མའི་འོ། །ཟླ་བ་ཉི་མ་སྙིམ་པར་སྦྱར། །གྱེན་དུ་བསྐྱོད་དེ་གཏོར་བར་བྱ། །མེ་ཏོག་སྙིམ་པ་སྦྱོར་བ་ཡི། །མེ་ཏོག་གི
ནི་དམ་ཚིག་འགྱུར། ཨོཾ་སྲི་སྭཱཧཱ། མེ་ཏོག་ཀིའོ། །ཁུ་ཚུར་བཅིངས་ནས་དཀར་པོ་བསྒྲེང། །ཧཱུཾ་ཧཱུཾ་ཞེས་བྱས་བསྐྱོད་པར་བྱ། །ཁ་རུ་བྱུག་པའི་ཚུལ་བྱས་པ། །གླུ་མ་ཁན་མ་ཡི་དམ་ཚིག་བཤད། །ོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། གླུ་མཁན་མའི་འོ། །རྡོ་རྗེ་ཁུ་ཚུར
དམ་བཅིངས་ནས། །བླ་བས་མེ་ཁྲིག་མར་གཟུང་ནས་སུ། །བདུག་སྤོས་དབུལ་བའི་ཚུལ་བྱས་པ། །བདུག་སྤོས་ཀྱི་ནི་དམ་ཚིག་གཟུང། །ོཾ་ཨཻ་སྭཱཧཱ། བདུག་སྤོས་ཀྱིའོ། །རྐེད་པ་གཡས་ཀྱི་ཆ་རུ་ནི། །ཟླ་བའི་ལག་པ་བཞག་ནས་ཀྱང། །ཉི་མའི
ལག་པ་བསྐྱེད་དེ་གཟུང། །དེ་ཡི་ཕྱག་རྒྱ་འཛིན་པར་འགྱུར། །ོཾ་སུ་ནརི་ཏྱ་ཧཱུཾ་སྭཱཧཱ། གར་གྱིའོ། །ཕྱག་འཚལ་ཐལ་མོ་སྦྱར་བྱས་ནས། །སྤྱི་བོའི་སྟེང་དུ་བཞག་པར་བྱ། །ལུས་ནི་གཡོན་དུ་ཅུང་ཟད་དགུ། །མར་མེའི་ཕྱག་རྒྱ་ཞེས་བྱར་གྲགས།
ོཾ་ཧཱུཾ་སྭཱཧཱ། མར་མེའི་འོ། །ཉི་མའི་ལག་པ་བརྐྱང་ནས་སུ། །དཀར་པོ་དང་ནི་ཡེ་ཤེས་སྦྱར། །དུ་བ་ལ་སོགས་བསྒྲེང་བར་བྱ། །འདི་ནི་རྡོ་རྗེའི་ཕྱག་རྒྱར་གྲགས། །ོཾ་ཧཱུཾ་སྭཱཧཱ། རྡོ་རྗེའི་སྔགས་དང་ཕྱག་རྒྱའོ། །དེ་ལྟར་ཟླ་བའི
ལག་བྱས་པ། །དྲིལ་བུའི་ཕྱག་རྒྱ་ཞེས་བྱར་གྲགས། །ོཾ་ཧོ་སྣ་ཏཱ། །དྲིལ་བུའི་སྔགས་དང་ཕྱག་རྒྱའོ། །ཉི་མ་ཟླ་བ་ཁ་སྦྱར་ཏེ། །གསང་བའི་གནས་སུ་བཞག་ནས་ཀྱང། །པདྨ་ས་གདུགས་བསྐྱོད་པར་བྱ། །ཱ་ལིའི་ཕྱག་རྒྱ་ཞེས་བྱར་གྲགས། །
ོཾ་ཨ་སྭཱཧཱ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱའོ། །ཡེ་ཤེས་ཀྱི་ནི་པདྨ་གནོན། །ལྷག་མ་གསུམ་ནི་བརྐྱང་སྟེ་བསྒྲེང། །རྣལ་འབྱོར་རྣལ་འབྱོར་མ་དཀྱིལ་འཁོར། །མཆོན་ཆའི་ཕྱག་རྒྱ་ཞེས་བྱར་གྲགས། །ོཾ་ཤྲཱི་ཏི་ཀ་སྭཱཧཱ།
མཚོན་ཆའི་སྔགས་དང་ཕྱག་རྒྱལ། །ཟླ་བའི་ལག་པ་དེ་བཞིན་དུ། །བྱས་པ་བདེ་བར་གཤེགས་པ་ཡིས། །མཁའ་འགྲོ་མའི་དཀྱིལ་འཁོར་དུ། །མཚོན་ཆ་མེད་པའི་ཕྱག་རྒྱར་བཤད། །ོཾ་གྷཱུ་རྞི་དཏ་ཧཱུཾ་ཕཊ། མཚོན་ཆ་མེད་པ་རྣམས་ཀྱི་སྔགས
དང་ཕྱག་རྒྱའོ། །མཚན་མར་བཅས་པ་གཞན་ལ་ནི། །ཕྱག་རྒྱ་ཆེ་ཉིད་ལས་ཕྱག་རྒྱ། །སྔགས་སྔར་གསུངས་བཞིན་དུ་བསྟན། །འཇིག་རྟེན་འཇིག་རྟེན་འདས་ཀུན་གྱི། །ཕྱག་རྒྱ་ཆེན་པོ་འང་སྔར་བསྟན་བཞིན། །སོ་སོའི་མཚན་མ་རྒྱན་དང།
ནི། ན་བཟའ་ཁ་དོག་ཆ་ལུགས་བཅས། །ཕྱག་རྒྱ་ཆེན་པོའི་འོ། །དེ་ལྟར་ཕྱག་རྒྱ་བཞི་ཡི་ནི། །ཕྱག་རྒྱས་བཏབ་ནས་སྔར་བཤད་བཞིན། །རྐང་སྟབས་བརྒྱད་དང་བསྲུང་བརྒྱད་བྱ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །དབང་བསྐུར་ནས
ནི་གོ་ཆ་བསྐོན། །དར་དབྱངས་ཀྱིས་ནི་མཉས་པར་བྱ། །མཆོད་ཡོན་ཞབས་བཀྲུ་ཕུལ་ནས་སུ། །མེ་ཏོག་སོགས་པས་མཆོད་པར་བྱ། །འཇིག་རྟེན་ལས་འདས་པ་དང། འཇིག་རྟེན་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་བཞིས་རྒྱས་གདབ་པའི
ཆོ་ག་སྟེ་བཅོ་ལྔ་པའོ། ། །།དེ་ནས་པད་སྐོར་སྔོན་འགྲོ་བའི། །སྒེག་པའི་ཚུལ་གྱིས་སྒེག་པ་དང། །པི་བང་ཚུལ་གྱིས་པི་བང་དང། །གླིང་བུའི་ཚུལ་གྱིས་འབུད་པ་དང། །སིལ་སྙན་ཚུལ་གྱི་དཀྲོལ་བ་དང། །བརྡབ་པའི་ཚུལ་གྱིས
རྡེབ་པ་དང། །གར་གྱི་ཚུལ་གྱི་ཡན་ལག་བསྐྱོད། །རླུང་ཡབ་ཚུལ་གྱིས་གཡོབ་པ་དང། །རྒྱལ་མཚན་ཚུལ་གྱིས་བསྒྲེང་བ་དང། །བླ་རེའི་ཚུལ་གྱིས་བྲེ་བ་དང། །བ་དན་ཚུལ་གྱིས་འཕྱར་བ་དང། །གདུགས་ཀྱི་ཚུལ་གྱིས་དགའ་བ་དང། །ཅང་ཏེའུའི
ཚུལ་གྱིས་རྡེག་པ་དང། །རྔ་ཡི་ཚུལ་གྱིས་བརྡུད་པ་དང། །བཞད་པའི་ཚུལ་གྱིས་འཛུམ་པ་དང། །གར་གྱི་ཚུལ་གྱི་གར་བྱེད་པ། །ཁྲོ་བའི་ཚུལ་གྱིས་ཁྲོ་བ་དང། །སྒེག་པའི་ཚུལ་གྱིས་སྒེག་པ་དང། །འགྱིང་བའི་ཚུལ་གྱིས་འགྱིང་བ་དང། །མདའ
འདྲེན་ནུ་མ་འཁྱུད་པ་དང། །རྡོ་རྗེ་གསོར་ཞིང་ཕྱག་འཚལ་བའི། །ཚུལ་གྱི་འདུད་པ་བྱེད་པ་སྟེ། །ཕྱག་རྒྱའི་མཆོད་པ་ཉི་ཤུ་ཉིད། །ཧཱུཾ་གི་གླུ་དང་སྦྱར་བར་བྱ། །རྡོ་རྗེ་དྲིལ་བུ་རོལ་བཅས་པ། །གླུ་ཡི་སྒྲ་ཡིས་དགང་བར་བྱ། །དཔལ་གྱས་འབྲས
བཱུམ་གཞན་ཡང་རུང། །འབྲས་བུ་སྣ་ཚོགས་དབུལ་བར་བྱ། །ཉི་མ་ཟླ་བ་ཁ་སྦྱར་ཏེ། །འབྲས་བུའི་ཚུལ་དུ་བྱས་ལའང་དབུལ། །ོཾ་ཛྲི་སྭཱཧཱ། འབྲས་བུ་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱའོ། །དེ་ནས་བདུད་རྩི་ལྔ་པོ་ཉིད། །མཁས་པས་དེ
ཁོ་ན་ཡིས་དབུལ། །ཉ་ཕྱིས་སྣོད་ནི་བཀང་ནས་སུ། །ཉི་མའི་པདྨར་བཞག་པར་བྱ། །རྣམ་ཤེས་འཇིག་པར་སྦྱར་ནས་སུ། །དེ་ཉིད་ཐམས་ཅད་རིག་པས་དབུལ། །ལྷ་གསུམ་གྱིས་ནི་བསྲུངས་ནས་ཀྱང། །ཐིག་པའི་ཐོར་མ་ཀུན་ལ་བཅུ། །
བསྣོད་བརྒྱད་དག་ནི་བཀང་ནས་ཀྱང། །གནས་བརྒྱད་དག་ཏུ་དབུལ་བར་བྱ། །ལྕགས་ཀྱུ་ལྔ་ལ་སོགས་པ་དག་།དེ་བཞིན་དེ་ཉིད་རིག་པས་དབུལ། བཟའ་དང་བཅའ་བ་སྣ་ཚོགས་སོགས། །ཀུན་ནས་ཐམས་ཅད་དབུལ་བར་བྱ། །??
ཛྲཾ་ཨ་སྭཱཧཱ། ལྕགས་ཀྱུ་ལྷའི་ཕྱག་རྒྱའོ། །ོཾ་ཧཱུཾ་ཧཱུཾ་ཧཱུཾ་གུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཕཾ་གུཾ་ཕེཾ་གུཾ་ཧཱུཾ་སྭཱཧཱ། མཉེས་པ་ཆེན་པོའི་སྔགས་ཀྱི་མཉོས་པར་བྱ་བའོ། །དེ་ནས་རྡོ་རྗེ་དྲིལ་བུ་དཀྲོལ། །དེ་ཉིད་རིག་པས་རྡོ་རྗེ་གསོར། །རྡོ་རྗེ
མཛེས་པ་གསོར་བ་ཡིས། །སེམས་ཅན་འཁོར་བ་ལས་གྲོལ་ཞིང། །ཐར་པ་ཐོབ་པར་མཇེད་པ་སྟེ། །དགའ་དང་བཅས་པས་རྡོ་རྗེ་གཟུང། །རྡོ་རྗེ་གསོར་བའི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །རྒྱབ་དང་རྒྱབ་དུ་སྦྱར་བར་བྱ། །
པདྨ་དང་ནི་ས་གདུགས་སྤྲེལ། །ཧཱུཾ་ཞེས་བྱ་བས་བསྐྱོད་པར་བྱ། །ོཾ་བཛྲ་གྷཎྜེ་ཧཱུཾ་ཧོརྡོ་རྗེ་བྲིལ་བུའི་སྒྲ་དང་ནི། །དེ་ཁོ་ན་ཡིས་མཆོད་ནས་སུ། །མེ་ཏོག་དཀར་པོ་བདུག་པ་དང། །ས་ལུའི་ཟན་དང་ཞོ་རུ་བཅས། །བུ་རམ་སྦྲང་རྩི་བསྲེས་ནས་ནི། །དབང་ལྡན་མཚམས་སུ་འབང་དམ་ཆོད། །མེ་ཏོག་དཀར་སོགས་བདུག་པ་དང། །ཆད
གི་སྣོད་ནི་རྒྱ་ཆེར་བཅས། །ལྷ་བཤོས་སྣ་ཚོགས་མཆོད་པ་ནི། །རླུང་གི་མཚམས་སུ་དབུལ་བར་བྱ། །ཉ་དང་ཤ་དང་སྲན་ཆན་བཅས། །སྣོད་ནི་ཡོངས་སུ་བཀང་ནས་སུ། །ཏིལ་འཁུར་ལ་སོགས་བཅའ་དང་བཅས། །བདེན་བྲལ་དུ་ནི་དབུལ་བར་བྱ། །
ཞོ་ངང་སྦྲང་རྩི་མར་དུ་བསྲེ། །བཟའ་བ་ཞིམ་པོར་བཅས་པ་དང། །བློ་དང་ལྡན་པས་མེ་མཚམས་སུ། །ཁྱུད་པར་དུ་ནི་དབུལ་བར་བྱ། །དྲི་དང་མེ་ཏོག་རྒྱ་ཆེན་དང། །བདུག་སྤོས་མར་མེ་རྒྱ་ཆེན་དང། །གཏོར་མའི་མཆོད་པ་རྒྱ་ཆེན་རྣམས། །
ངད་དང་ལྡན་པས་གནས་ནས་དབུལ། །ཕྱི་རོལ་མཚམས་བཞིའི་གཏོར་མའི་མཆོད་པའི་ཆོ་ག་སྟེ་བཅུ་དྲུག་པའོ།། །།མཉམ་ཉིད་ཡེ་ཤེས་ལས་བསྐྱོད་པ། །སློབ་དཔོན་ཤིན་ཏུ་མཉམ་བཞག་པས། །ཉི་མས་རྡོ་རྗེ་གསོར་བ་དང
ཟླ་བས་དྲིལ་བུ་གསིལ་ནས་ནི། །སྒེག་ཅིང་རྒོད་པའི་བཞིན་གྱིས་ནི། །ཐམས་ཅད་ཀུན་ནས་མཆོད་པར་བྱ། །ཧཱུཾ་གི་གླུ་ཡི་ཚུལ་གྱིས་ནི། །རྣལ་འབྱོར་མ་ཀུན་མཉེས་བྱ་སྟེ། །མདའ་དང་གཞུ་ལ་སོགས་པ་ཡི། །ཕྱག་རྒྱ་དང་ནི་ལྡན་པར་བྱ། །
གང་དག་གང་གི་རྒྱ་འཆིང་བ། །དེ་དང་དེ་གཟུགས་མཚོན་པར་བྱ། །ཧཱུཾ་གི་སྒྲ་ནི་སྙན་པ་ཡི། །བཀྲ་ཤིས་གྲུ་ཡིས་ཡོངས་སུ་བཀབ། །སེམས་དཔའ་ཆེན་པོ་དང་པོ་མཆོག་།དགྱེས་ཆེན་རྣམས་ཀྱི་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་།རྡོ་རྗེ
སྙེམས་པའི་བདག་པོའི་བདག་། ཐུགས་ཀྱི་སེམས་དཔའ་ཏིང་འཛིན་མཆོག་།རྡོ་རྗེའི་རྡོ་རྗེ་སྟོབས་པོ་ཆེ། །ཀུན་ཏུ་བཟང་པོ་སྤྱོད་པའི་མཆོག་།བདུད་ཀྱི་བདུད་སྡེ་འཇོམས་པའོ། །སེམས་ཅན་ཀུན་གྱི་སེམས་བྱང་ཆུབ། །སངས་རྒྱས་བྱང་ཆུབ
མཆོག་སྐྱེ་མཆོག། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་མཛད་པ། །འཇིག་རྟེན་དབང་ཕྱུག་ནོར་སྦྱིན་པ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འདོད་དང་ཐར་ཕ་ནོར་ཆེ་བ། །དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ། །འཇིག་རྟེན་གསུམ་མཆོག་ཁམས
གསུམ་པ། །མི་རྒྱུས་ནི་མཆོག་ཏུ་གསལ། །ཤིན་ཏུ་ཕྲ་དང་སྦོ་ཨའི་ཚོགས། །རྒྱུ་བ་རྣམས་ཀྱི་རབ་མཆོག་བརྙེས། །སྲིད་པའི་འཁོར་ལོ་སྦྱོང་མཛད་པ། །ཐོག་མཛའ་མེད་ཅིང་གསལ་བ་མིན། །ཤེས་རབ་སྡུག་ལ་རྣམ་པར་གནས། །
ཐུགས་ཀྱི་ཕྱག་རྒྱ་སྙོམས་ཞུགས་པ། །དེ་ཉིད་སེམས་དཔའ་ཆེ་བས་ཆེ། །རྡོ་རྗེ་ཁྲོ་བོ་ཁྲོ་ཆེན་པོ། །འཇིགས་པའི་མེ་ནི་འདུལ་བར་མཛད། །གདུག་པ་མཆོག་ནི་འདུལ་བ་ཆེ། །དྲག་པོའི་དྲག་མཆོག་འཇིགས་བྱེད་པ། །དེ་བཞིན་གཤེགས
པའི་དངོས་གྲུབ་ཆེ། །ཆོས་ཀྱི་ལས་ཆེན་འཛིན་པ་པོ། །དམ་ཆོས་ལས་ནི་བཟང་པོའི་ལམ། །བྱང་ཆུབ་སེམས་ནི་སྦྱོར་བར་མཛད། །ཐམས་ཅད་དག་ཏུ་པདྨ་ཆེ། །ཤེས་རབ་ཀྱིས་ནོར་ཆེ་བ། །འདོད་ཆགས་དག་པའི་ཏིང་འཛིན
མཆོག་། སྣ་ཚོགས་ཆགས་པ་དབང་ཕྱུག་ཆེ། །ནམ་མཁའ་མཛའ་ཡས་རྟག་པའི་དོན། །སེམས་ཅན་ཀུན་གྱི་གནས་ཆེན་པོ། །དཔལ་གྱི་འབྱོར་པས་འབྱོར་བའི་རྒྱལ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཕྱག་འཚལ
ཕྱག་འཚལ་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །དད་པས་ཁྱོད་ལ་འདུད་བགྱིད་པས། །དེང་བདག་རྡོ་རྗེ་སེམས་འགྲུབ་མཛོད། །ཐམས་ཅད་རྣམ་པར་དག་པ་དམ་པ་དང་པོའི་བསྟོད་པས་མཆོད་པའི་ཆོ་ག་སྟེ
བཅུ་བདུན་པའོ། ། །།དེ་ནས་རྡོ་རྗེ་དྲིལ་སྒྲར་བཅས། །སླར་ཡང་བསྟོད་པས་མཉེས་པར་བྱ། །ཧཱུཾ་ཞེས་བྱ་དང་སྣ་ཚོགས་པའི། །རྡོ་རྗེ་གླུ་ཡིས་གླུ་བླང་བྱ། །ཧཱུཾ་ཧཱུཾ་ཧཱུཾ། འཁོར་བ་མཆོག་གི་སྐུ་འཛིན་པ། །ཕན་ཚུན་ལ་བྱུང་བའི་སྦྱོར
བ་འཆར། །རྡོ་རྗེ་འཛིན་པ་ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། ཞབས་མཆོག་ལྷ་མཆོག་གིས་འདུད་པ། །མེ་ཏོག་ལས་སྡུལ་ཁྲོ་དང་བཅས། །ཀྱེ་རྡོ་རྗེ་ཁྱོད་ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། །དངོས་གྲུབ་གྲོལ་བའི་དོན་གྱིས་ཕྱིར། །གསང་བ་དེས་པར་འཆིང
མཛད་པ། །རོལ་ཅིག་རོལ་ཅིག་རྡོ་རྗེ་ཁྱོད། །གསང་བ་འཛིན་པའི་དགོངས་པ་མཛད། །ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། རིན་ཐང་མེད་པའི་བདུད་རྩི་ཡིས། །སེམས་ཅན་རྣམས་ནི་ཁྱོད་ཀྱིས་བཀྲུས། །བདག་ནི་འཁོར་བ་ལས་གྲོལ་བ། །ཁྱོད་ནཾ་གུས
དང་བཅས་པས་འདུད། །ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། གླང་ཆེན་མཆོག་གི་སྟེང་བཞུགས་ཤིང། །སྐུ་ནི་དུང་ལྟར་དཀར་བས་མཛེས། །མཛའ་ཡས་དུག་གིས་བརྒྱན་པའི་སྐུ། །ཤར་གཙོ་རྡོ་རྗེ་མ་ལ་འདུད། །གསེར་གྱི་མཆོག་ལྟར་མཛེས་པའི
སྐུ། ཤིན་ཏུ་དྲག་པོའི་སྤྲུལ་གྱིས་བརྒྱན། །མཛེས་པའི་བཟའ་བཀང་ཐོད་པ་ཅན། །བྱང་གི་ལྷ་མོ་རྒྱལ་གྱུར་ཅིག་།པདྨ་དམར་ལྟར་མཛེས་པའི་སྐུ། །ཧཱུཾ་གི་ང་རོས་འཇིགས་པར་མཛད། །དྲག་པོའི་དབྱུག་བ་ཐོད་པ་བསྣམས། །ནུབ་ཀྱི
ལྷ་མོའི་གཙོ་ལ་འདུད། །འོད་ཟེར་དྲ་བ་སྔོན་པོས་མཛེས། །སེང་གེ་འཕྲོག་བྱེད་ཚངས་དབང་གཙོ། །བདུད་འདུལ་ཕྱིར་ན་ཁྲོ་གཟུགས་འཛིན། །ཧཱུཾ་མཛད་ལྷོ་གི་ལྷ་མོར་འདུག་།ཧཱུཾ་ཧཱུཾ་ཧཱུཾ། སངས་རྒྱས་ལྔ་ཡི་མཁའ་འགྲོ་མ། །ལྔ་ལྔ་རྣམ་པར་དག་པ་ཡིས
རྣལ་འབྱོར་མ་ཀུན་དེ་ཉིད་སྤྲུལ། །སྟོད་དང་སྟོད་མིན་འཁོར་བའི་དངོས། །དངོས་དང་དངོས་མིན་གྲོལ་བ་ཉིད། །དེ་འདྲ་སྐུ་ནི་དབུས་བཞུགས་ནས། །རྣལ་འབྱོར་མ་ཡི་ཚོགས་ཀྱི་བསྐོར། །སངས་རྒྱས་མཁའ་འགྲོ་མ་ཡི་སྐུ། །དཀྱིལ་འཁོར་བྱ་བ་དེ
ཡེ་མཉེས། །ཀླུ་སོགས་ཆགས་པའི་རང་བཞིན་ཉིད། །བཟའ་དང་བཟའ་མིན་སྔོན་ནས་སྤངས། །སྟོད་པ་ཡི་ནི་རྡོ་རྗེ་ཡིས། །པདྨ་ལ་ནི་བསྐྱོད་པར་མཛད། །བདུད་རྩི་ལྔ་ཡིས་བདག་ལ་བཀྲུས། །ལྕགས་ཀྱུ་གསོལ་བའི་སྦྱོར་བ་བརྟེན། །བཞེངས
ཤིག་ཁ་སྦྱོར་སྦྱར་པ་མཛད། །དམ་ཆོས་སྙིང་པོ་རྒྱས་མཛད་མ། །དམ་ཆོས་ཐར་པའི་གཙོ་བོའི་གཙོ། །ཡང་དག་རྒྱལ་བ་འཁོར་བ་སྤངས། །དཀྱིལ་འཁོར་སྤྲོས་པས་འགྲོ་བ་སྒྲོལ། །བདུད་གསོལ་སེང་གེ་མ་ཡི་སྐུ། །སྟག་མོས་ཤིན་ཏུ
སྐྲག་པར་མཛད། །འུག་པའི་སྒྲ་ཡི་ཀུན་སྐྲག་ཅིང། །ཕེཾ་ཕེཾ་སྒྲོགས་པས་སྡད་ལུས་གཟིགས། དཔའ་བོ་རྡོ་རྗེ་ཁྱོད་ལ་འདུད། །གསང་བའི་བདུད་རྩི་གསོལ་ལ་འདད། །གུས་དང་བཅས་པས་ཕྱག་འཚལ་ལོ། །དེ་ཉིད་སྦྱོར་བས་གླུ་བླང་བ། །ལྔ
ལྡན་དབྱངས་དང་སྦྱོར་བ་སྔགས། །རྡོ་རྗེ་དྲིལ་བུ་སྒྲར་བཅས་པས། །འབད་དེ་སྣ་ཚོགས་མཆོད་པར་བྱ། །དཔལ་ལྡན་དེ་ཉིད་རྒྱལ་པོ་དམ་པའི་དབང་ཕྱུག་རོལ་པའི་ཆོད་པན་མཛེས། །དཔལ་ལྡན་གསང་བའི་གདན་ལ་སྐུ་མཆོག་འོད་ཟེར
འབར་ལྡན་པ། །དཔལ་ལྡན་རྡོ་རྗེ་དྲིལ་བུ་བསྐྱོད་སྒྲ་རྣལ་འབྱོར་དེ་ཉིད་ཅན། །དཔལ་ལྡན་ཡེ་ཤེས་རྙད་པ་དམ་པའི་དབང་ཕྱུག་ལོངས་སྤྱོད་རྣམས་ལ་སྤྱོད། །ཅེས་བྱ་བའི་སྣ་ཚོགས་པའི་གླུ་དང་བསྟོད་པས་མཉེས་པར་བྱས་ལ། །རྡོ་རྗེ
ཐལ་མོ་སྦྱར་ནས་ནི། །སྙིང་ག་རུ་ནི་བཟུང་བྱས་ལ། །ོཾ་ཤུདྡྷ་དྷརྨཱཔའོ། ། །།དེ་ནས་བློ་དང་ལྡན་པ་ཡིས། །གལ་ཏེ་འབྱོར་ན་གཞན་དང་བཅས། །ཚོན་ཆེན་གྱི་ནི་གོས་དག་གམ། །དར་སོགས་སར་བགོས་ནས་ནི། །རྡོ་རྗེ་དྲིལ་བུ་དེ་བཞིན་དུ། །རྒྱན་རྣམས་ཀུན་གྱིས་མཛེས་པར་བྱ། །བརྒྱ
བྱིན་གདུགས་ནི་ཐོགས་པ་དང། །ཚངས་པ་བསིལ་ཡབ་གཡོ་བ་དང་བཅས། །སེང་གེ་མདུན་གནས་གསོལ་ཀ་བ། །འཕྲོག་བྱེད་ཡོན་ཏན་སྒྲོགས་པར་བྱེད། །རོལ་པའི་གདན་ལ་གནས་པ་ཡི། །ཧཱུཾ་ཞེས་བརྗོད་ཅིང་ཤར་དུ་བལྟ། །ཉི་མས
རྡོ་རྗེ་གསོར་ནས་ནི། །ཟླ་བས་དྲིལ་བུ་བསིལ་བས་ཀྱང། །དྲི་དཀར་མཎྜལ་གྲུ་བཞིར་བྱ། །མེ་ཏོག་དཀར་པོ་གཅལ་དུ་བཀྲམ། །དྲི་དང་མེ་ཏོག་སོགས་ལྡན་པའི། །ས་ལུའི་འབྲས་ཟན་རྒྱ་ཆེ་བ། །ཞོ་དང་བུ་རམ་མར་འོ་ཐུགས?། །ཤར
གྱི་སྒོར་ནི་སྦྱིན་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །པདྨ་ས་གདུགས་སྦྲེལ་གནས་སུ། །དཀར་པོ་དང་ནི་གི་ཝང་བསྒྲེང། །དཀར་པོ་ཅུང་ཟད་དགུག་པ་ཡིས། །ལྷ་དང་ལྷ་མིན་གྲུབ་པ་དགུག།
་ཨོཾ་བཏྟ་ལི་མ་ཧཱ་བཏྟ་ལི་ཧཱུཾ་ཧཱུཾ་ཛོཾ་རྒྱུ་བ་དང་ནི་ཆིམ་རྒྱུ་མ། །ཡི་དགས་རྒྱུ་བ་ཉིད་མ་ཟླ། །དངོས་གྲུབ་འདོད་དང་རྒྱལ་བ་དང། །རྟའི་རྒྱལ་དང་ཟླ་བའི་རྒྱལ། །ལྷ་མོ་ཨཽ་མ་ག་གཱ་དང། །གཟུགས་མཛེས་སྐར་མ་འདུས་པ་དང། །གཟའ་རྣམས་ཀུན་དང་ཚོགས་ཀྱི
གཙོ། །རྟི་ཀོ་དང་དཔལ་ལྡན་མ། །ལྷ་མོ་རི་བོང་འཛིན་པ་ཉིད། །ལྷག་པ་དང་ནི་ལྷག་པ་ཆེ། །ལྷ་ཡི་རྒྱལ་པོ་ལྷ་མིན་རྒྱལ། །པུཀྐ་སཱི་དང་སྤོས་ཆེན་མོ། །ཧཱུཾ་ཧོ་ཧོ་ཨཱ་ཀ་རཥ་ཡ་ཨཱ་ཀརཥ་ཡ། ས་མ་ཡཱ་ཏི་བཾ་ཧཱུཾ་ཕཊ་ཛརྒྱའོ། །དཀར་པོ་གི་ཝཾ་དཀྲི་བར་བྱ། །ོཾ་བྷཀྵ་བྷྐྵ་ས་མ་ཡཱ་བྷི་ལ། ཏེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བས་མཉེས་པར་བྱས་ལ་སྔགས་དང་ཕྱག་རྒྱས་བཏང་བར་བྱའོ། །དེ་ནས་ཕྱད་ཕྱོགས་སྒོ་རུ་ནི། །མཉམ་པའི་སྟབས་སུ་གནས་ནས་ཀྱང། ཉི་མས་རྡོ་རྗེ
གསོང་བ་དང། །ཟླ་བས་དྲིལ་བུ་དཀྲོལ་ལྡན་བས། །མཎྜལ་དཀར་པོས་བྱུགས་པ་ལ། །འོ་མའི་སྣོད་ལ་སོགས་པ་བཞག་།མེ་ཏོག་དཀར་དང་གདུག་ལ་དང། །འོ་མར་བཅས་པའི་ལྷ་བཤོས་དབུལ། །སྔར་གྱི་ཕྱག་རྒྱས་དགུག་པ་དང། །སྔགས་དང
དེ་ནི་སྦྱར་བར་བྱ། །ཟླ་བ་ཁུ་ཚུར་བརྟན་བཅིངས་ལ། །རྣམ་ཤེས་དང་ནི་ས་གདུགས་བརྐྱད། །ཉི་མིག་ལག་པ་ལགས་བརྐྱང་སྟེ། །གདེངས་ཀའི་ཚུལ་དུ་སྟེང་དུ་སྦྱོར། །ཕྱག་རྒྱས་སྣོད་ཡ་རེག་ནས་ནི། །ཕྱི་རོལ་བྱང་བུ་དགུགས་པར་བྱ། །ོཾ་མཐར
ཡས་དང་ནི་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང། །དུད་སྐྱོད་དང་རིགས་ལྡན་རྣམས། །ལྷ་མོ་ལྷ་མོ་ཆེན་པོ་དང། །ཟླ་བའི་སྤྱི་གཙུགས་སྤྱི་གཙུགས་ཆེ། །བེ་ཚོན་འཛིན་དང་བེ་ཚོན་ཆེ། །སྙིང་པོ་མེད་དང་གུ་ལི་ཏ། །
དགའ་བོ་དང་ནི་ཉེ་དགའ་དང། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །གདུང་བ་དང་ནི་དུང་ཆེན་མོ། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་བཟང་དང། །གཟུགས་ཆེན་སྤྲུལ་བཟངས་ལྟེ་འཕྱེ་ཆེ། །སྨིག་རྒྱུ་དང་ནི་སྨིག་རྒྱུ་ཆེ། །ོཾ་ཨཱ་??
་གཙྪ་མ་ཧཱ་ནཱ་གླ་དྷི་བ་ཏ་སརྦ་བྷུར་བུ་བ་ཕྲུཾ་ཕཊ་སྭཱཧཱ། བྱང་ཕྱོགས་སུ་ཀླུ་ལ་གཏོར་མ་བྱིན་ནས་སེ་གོལ་གསུམ་གྱིས་གཏང་བར་བྱའོ། །ཟླུམ་པའི་སྟབས་གནས་སྦྱོར་བའི་བདག་།ནུབ་ཀྱི་ཕྱོགས་ཀྱི་ཆ་རུ་ནི། །མཎྜལ་དམར་པོས་བྱུགས་ནས་སུ
མེ་ཏོག་དམར་པོ་གཅལ་དུ་བཀྲམ། །གནོད་སྦྱིན་གྱི་ནི་དབང་པོ་རྣམས། །སྔར་གྱི་ཕྱག་རྒྱས་དགུག་པར་བྱ། །མེ་ཏོག་དྲི་ལ་སོགས་ལྡན་པའི། །གཏོར་མ་བདུད་རྩི་ལྔ་དང་བཅས། །སྔོན་གྱི་རྐང་སྟབས་བསྐྱོད་ནས་ནི། །ནུབ་དུ
གནོད་སྦྱིན་དབང་པོ་མཆོད། །ོཾ་ནོར་བུ་བཟང་དང་གང་བ་བཟང། །རྒྱལ་བ་བཟང་པོ་དགའ་བྱེད་ཕུར། །ོཾ་ཕུར་བུ་ཆེ་དང་པདྨའི་གཙུག་།དུང་གི་གཙུག་པུད་དཀར་དང་ནི། །གར་ཆེན་འབིགས་པར་བྱེད་པ་དང། །གཅོད་པར་བྱེད་དང་གང་བར་བྱེད། །
ནོར་དང་ནོར་མིན་བཤིན་ཏུ་ནོར། །གཟུགས་བཟང་རོལ་པ་རོལ་ཆེན་པོ། །རྒོད་དང་རྩེ་དང་རྣམ་པར་བསྐྱོད། །དཔལ་བཟང་དང་ནི་གཟུགས་མཛེས་རྣམས། །བདེ་བ་ཆེན་པོའི་བཀའ་འདི་ཡིས། །གནོད་སྦྱིན་གནོད་སྦྱིན་མོ་འདིར་ཤོག། ཧཱུཾ་ཨཱ་བ་ད
ར་ཨཱ་བ་དང། ཨོཾ་བཏྟ་ལི་བཏྟ་ལི་བྷ་ཀཱ་པྲི་ཡ། ཡོ་གི་ནི་མ་དྷེ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། ཁུ་ཚུར་གཉིས་ནི་སྦྱར་ནས་སུ། །སྙིང་ཁའི་ཕྱོགས་སུ་བཙིར་བར་བྱ། །ོཾ་ངཱ་ན་ཨ་དྷི་པ་ཏ་ཡེ་བཏྟ་ལི་ཕུཾ་སྭཱཧཱ། ནུབ་སྒོར་གནོད་སྦྱིན་གྱི་གཏོར་མ་བྱིན་ལ། །ས་གོལ
ལན་གསུམ་གཏོག་པར་བྱའོ། །གསུམ་གྱི་གསུམ་པ་དབུ་མ་ལ། །རྡོ་རྗེ་རྐད་པས་མནན་ནས་སུ། །ཁྲག་གམ་དམར་པོའི་རྫིས་ཀྱིས་ནི། །མཎྜལ་གྲུ་གསུམ་བྱུག་པར་བྱ། །མེ་ཏོག་དམར་པ་བདུག་པ་སོགས། །ཉི་མའི་ལོངས་སྤྱོད་གཏོར་མར
ལྡན། །ཤ་སྐམ་དང་ནི་ཉ་ལ་སོགས། ཙོ་དེ་དང་ཁྲག་གིས་གང་བའི་སྣོད། །སྲན་ཆན་དང་ནི་ཏིལ་ཁུར་བཅས། །བདུད་རྩི་ལྔ་དང་བཅས་པར་བྱ། །བཟའ་བཅའ་རྣམ་པ་སྣ་ཚོགས་པ། །ལྷོ་ཡི་སྒོར་ནི་སྦྱིན་པར་བྱ། །སྔར་གྱི་སྔགས་དང་ཕྱག་རྒྱ
ཡིས། །ལྷོ་ཡི་ལོག་སུ་གནས་ཏེ་དགུག་།རྔ་ཆེན་ལ་སོགས་གསུམ་བརྡུད་ཞིང། །སྒྲ་ཆེན་པོ་ནི་དཀྲོལ་བར་བྱ། །ོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང། །རི་བོ་དང་ནི་རི་སུལ་ཕུག་།གྲོང་དང་བཞི་མདོའི་ཞིང་དང་ནི། །ཁྱད་པར་དུ་ནི་ཁང་སྟོང
དང། །སེམས་ཅན་སྣོད་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་མོ། །ལྷས་བྱིན་མཉམ་དུ་བསྟེན་པ་དང། ནག་པོ་གཙིགས་དང་འཇིག་བྱེད་དང། །དགའ་དང་འདས་དང་ལོག་འདྲེན་རྣམས། །རྒན་བྱད་མ་དང་དྲག་མོ་དང།
འཇིག་བྱེད་མ་དང་ཨཽ་མ་དང། །རྒྱལ་དང་རྣམ་པར་རྒྱལ་བ་དང། །མི་ཐུབ་གཞན་གྱིས་མི་ཐུབ་པ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྤོམ་མ་དང་རྣལ་འབྱོར་མ། །དབང་པོ་དང་ནི་ཟླ་བ་མོ། །དྲག་དུ་ལྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང
མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མོ། །ཐོད་ཕྲེང་ཕྲེང་ཅན་ཁ་ཏྲཱཾ་མ། །སྤྲུལ་ཆེན་རལ་གྲི་དགྲ་སྟ་བཅས། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་ཉིད
ཆེན་མོ་མཁའ་འགྲོ་མ། །ལས་ཀུན་རྗེས་སུ་སྒྲུབ་ཕྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་སྦྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས
ཅད་ཀུན་ནས་འདིར་སྦྱོན་ཅིག་། ཨོཾ་ཀཀྐ་ལྷན་བ་རྦནདྷ་ན་ཁ་ཁྑཱ་དན། སརྦ་དུཥྚ་ནཾ་ཧ་ན་ཧ་ན་གྷ་གྷ་གྷ་ཏ་ཡ་ཨ་མུ་ཀ་སྱ་ཤའརི་ནྟི་ཀུ་རུ་ཕཊ་ཛདཀར་པོ་གི་ཝཾ་སྒྲོག་དུ་བྱ། །ོཾ་ཏི་ཥྛ་ཧཱུཾ་བྷ་ཀྵ་བྷ་ཀྵ་ཛགསུམ་དཀྲོལ་ཞིང། །རྡོ་རྗེ་དྲིལ་བུ་དཀྲོལ་བར་བྱ། །དཀྱིལ་འཁོར་གྱི་ཕྱོགས་བརྒྱད་དུ་གཏོར་མས་མཆོད་པའི་ཆོ་གའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཤར་དམ་བྱང་དུ་ནི་སློབ་མ་སྟ་གོན་གནས་པར་བྱ། །བླ་རེ་དག་ནི་བྲེས་ནས
སུ། སྣ་ཚོགས་གོས་ཀྱང་སྦྱང་པེར་བྱ། །སེང་གེའི་གདན་སོགས་ཁྲི་ལ་ནི། །རྒྱན་དང་མཆོད་པ་ལ་སོགས་བྱ། །འབྱོར་ན་དཔའ་བོ་གཞན་ཡང་རུང། །མེད་ན་བདག་ཉིད་གཅིག་པུ་ཡིས། །རྒྱན་རྣམས་ཀུན་གྱིས་ཀླུ་བས་ནས་ནི། །
རྡོ་རྗེ་སེམས་སོགས་རྣལ་འབྱོར་བྱ། །སྙིང་གར་ཐལ་མོ་སྦྱོར་བ་ཡིས། །སློབ་མ་མདུན་དུ་བཞག་ནས་ནི། །ཆོ་ག་རྫོགས་པར་མཆེད་ནས་ནི། །སོ་ཤིང་བཅའ་བ་ལ་སོགས་སྦྱིན། །ོཾ་ཨ་ཇི་ཧྭ་སཾ་བརྟ་ནི་ཧཱུཾ་ཕཊ། སོ་ཤིང་གི་སྔགས་ཏེ། ལན་བདུན
དུ་ནི་བཟླས་ནས་སུ། །སློབ་མ་ཀུན་ལ་བྱིན་ཏེ་བསྟན། །ཆུ་ཡི་སྔགས་ཀྱིས་བཟླས་ནས་སུ། །ཀུན་གྱི་ཁ་ནི་བཀྲུ་བར་བྱ། །རྣམ་སྣང་མཛད་དང་མི་བསྐྱོད་པ། །རིན་ཆེན་མཆོག་དང་འཇིག་རྟེན་དབང། །དོན་ཡོད་གྲུབ་པ་ལ་སོགས་པ། །སངས་རྒྱས
བྱང་ཆུབ་སེམས་ཆེན་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་སྐྱི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་སེམས། །
དམ་པ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཏུ་ནི་ངེས་བྱས་ཏེ། །ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང། །དགེ་བའི་ཆོས་ནི་བསྡུ་བ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ། །སོ་སོར་བདག་ཉིད
བརྟན་པོར་བཟུང། །སངས་རྒྱས་ཆོས་དང་དགེ་འདུན་དང། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག། སྡོམ་པ་སངས་རྒྱས་སྦྱོར་སྐྱེས་པ། །དང་པོར་རེ་ཞིག་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང། །སོ་སོར་དེ་བཞིན་ཉིད་དུ་གཟུང། །རྡོ་རྗེ
ཆེན་པོའི་རིག་གི་མཆོག་ལ། །སློབ་དཔོན་ཉིད་དུ་གཟུང་བར་བགྱི། །དམ་ཚིག་ཉིད་དུ་དག་པ་ཡི། །རིན་ཆེན་འབྱུང་བའི་རིགས་མཆོག་ལ། །ཉིན་རེ་དུས་དྲུག་བྱས་ནས་སུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བྱ། །བྱང་ཆུབ་ཆེན་པོ་འབྱུང་བ་ཡི། །པདྨ
ཆེན་པོའི་རིགས་དག་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་ཚིག་སོ་སེར་གཟུང་བར་བགྱི། །སྡོམ་པ་ཐམས་ཅད་དང་ལྡན་པ། །ཇི་ལྟར་ནུས་པ་མཆོད་པའི་ལས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །དེ་བཞིན་ཉིད་དུ་སོ་སོར་གཟུང། །
བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བསྐྱེད་པར་བྱས་ནས་སུ། །སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བརྒལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས
མ་ཕྱུང་བ་དབུགས་དབྱུང་སྟེ། །མྱ་ངན་འདས་ལ་སེམས་ཅན་དགོད། །ཅེས་བྱ་བ་ནི་སློབ་མས་ཞུས་པའི་ཚིག་གོ་།སློབ་དཔོན་གྱིས་ལན་བཏབ་པ། །ཐེག་པ་ཆེན་པོ་འབྲས་དབྱུང་བའི། །དཔལ་ལྡན་མཆོག་གི་ལམ་འདི་ཡིན། །གང་གི་ཁྱེད་རྣམས་གྲོལ
འགྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ལྷག་པར་གནས་བྱ་མཆོད་ནས་ནི། །ཇི་སྐད་གསུངས་པའི་ཆོས་བཤད་བྱ། །ཐམས་ཅད་སེམས་ནི་ཚིམ་བྱས་ནས། །དེ་འོག་དཀྱིལ་འཁོར་བསྟན་པར་བྱ། །དེ་ནས་སློབ་དཔོན་རང་གནས
སུ། རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་ལྡན། །རྡོ་རྗེ་དྲིལ་བུ་སྒྲར་བཅས་པས། །སླར་ཡང་ཀླུ་ནི་བླང་བར་བྱ། །འཕྲོག་བྱེད་ཅོད་པན་ནོར་བུའི་འོད་ཀྱིས་ཞབས་གཉིས་བརྒྱན། །ཡིད་འོང་ལྷ་མོས་ཐུགས་ཀ་དམ་པོར་བཅིར་བའི་སྐུ། །ཞབས་གཉིས་བསྐྱོད
པས་གསང་བ་ཕྱེ་ཞིང་པདྨར་སྦྱོར། །རྡོ་རྗེ་སེམས་མཛེས་དབང་ཕྱུག་དམ་པའི་གོ་འཕང་མཆོག། །སློབ་མ་ལྷག་པར་གནས་དང། སྡོམ་པའི་ཆོ་ག་སྟེ་ཉི་ཤུ་པའོ།། །།དེ་ནས་ལྷ་རྣམས་ཚིམ་བྱེད་པའི། །སྦྱིན་སྲེག་ལས་ནི
བརྩམ་པར་བྱ། །དཀྱིལ་འཁོར་གྱི་ནི་ཤར་ཕྱོགས་སམ། །བྱང་དང་ནུབ་ཀྱི་ཕྱོགས་ཆར་ནི། །ཞི་དང་རྒྱས་པའི་རིམ་པ་བཞིན། །འབད་པས་སྟེགས་བུ་བརྩམ་པར་བྱ། །རྒྱར་ནི་སོར་མོ་བཅུ་བཞི་པ། །ཕྱི་རོལ་གྲུ་བཞི་པར་བྱ། །དེ་ནི་ཆ
གསུམ་བགོས་པ་ལ། །ཟབས་སུ་ཆ་གཉིས་བརྐོ་བར་བྱ། །ཁ་ཁྱེར་དེ་ཡི་བཞི་ཆ་རུ། །ཀུན་ནས་ཡོངས་སུ་བསྐོར་བར་བྱ། །པདྨ་འདབ་མ་བརྒྱད་པ་ནི། །ཁ་ཁྱེར་གྱི་ནི་ཕྱེད་དུ་བྱ། །ཕྱི་རོལ་གྱི་ནི་ར་བ་དག། །སོར
གཅིག་པས་ནི་ཀུན་ནས་བཀོར། །ཐབ་ཁུང་དབུས་སུ་རྡོ་རྗེ་ནི། །པདྨའི་སྟེང་དུ་བཞག་པར་བྱ། །སངས་རྒྱས་ལྔ་ཡིས་མཚན་པ་ནི། །ཇི་བཞིན་ཕྱོགས་སུ་དགོང་བྱ་སྟེ། །ཁ་ཁྱེར་གྱི་ནི་ཕྱོགས་བཞི་རུ། །སངས་རྒྱས་མཚན་མས་མཚན་པར་བྱ། །དབང
པོའི་རྡོ་རྗེ་མཛེས་པ་ཡིས། །གྲཝ་དང་གྲཝ་རུ་བརྒྱན་པར་བྱ། །སྟན་གྱི་གནས་དང་ཉེ་བ་རུ། །ཏི་སེ་གངས་ཀྱི་གཟུགས་དགེ་བ། །དཔངས་དང་རྒྱར་ནི་ཁྲུ་ཕྱེད་བཅས། །སོར་མོ་བཅུ་གཉིས་བཞག་པར་བྱ། །པདྨའི་འདབ་མ་རྣམས་ལ་ནི། །རིམ་བཞིན
ལྷ་མོ་རྣམས་ཀྱང་བཞག། །ར་པ་དྲ་བ་ཕུར་བུར་རྣམས། །སྔར་བཞིན་ཐམས་ཅད་སྦྱར་བར་བྱ། །དེར་ནི་དུར་ཁྲོད་མེ་དག་གམ། །གཙུབས་ལས་བྱུང་བར་བརྟག་པར་བྱ། །དེ་ཡི་དབུས་སུ་པདྨ་ནི། །ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་བསྒོམ། །
ཡི་གེ་རཾ་གྱི་ལྕགས་ཀྱུ་ཡིས། །མེ་ཡི་དབུས་སུ་སེམས་ཀྱི་དགུག་།མཆོད་ཡོན་ཞབས་སིལ་ལ་སོགས་པ། །ལས་ཀྱི་ཆོ་ག་ཇི་བཞིན་དབུལ། །ཡམ་ཤིང་ཞོ་ཅན་ལྔ་ཡི་ཤིང། །འོ་མ་ལ་སོགས་ལྔ་པོ་བསྲེག་།ཞོ་དང་སྦྲང་རྩི་བུ་རམ་དང། །
འོ་མ་སཱ་ལུའི་ཟན་དུ་བཅས། །འབྲས་ཀྱི་སོ་བ་ལ་སོགས་འབྲུ། །ཐམས་ཅད་ཆོ་ག་བཞིན་དུ་བསྲེག་།ཞི་བ་ལ་སོགས་པ་ཡི་མེ། །ཐམས་ཅད་ཇི་བཞིན་དཔྱད་པར་བྱ། །དྲི་དང་མེ་ཏོག་བདུག་པ་སོགས། །མཁས་པས་ཐམས་ཅད་མཆོད
པར་བྱ། །རྣལ་འབྱོར་པདྨའི་མེ་ཡི་དབུས་བཀོད་ནས། །དེ་དབུས་རྡོ་རྗེ་ལྷ་མོ་ནི། །ལྷ་མོ་ནི། །ལྷ་མོ་ཀུན་གྱི་འབྱུང་གནས་ཏེ། །དབུས་ཀྱི་ལྷ་མོ་དགུག་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །གཟུགས་མཛེས་ཡོངས་སུ་རྫོགས་པར་བསམ།
སྔགས་དང་ཕྱག་རྒྱ་ཀུན་རིག་པས། །སྔོན་བཞིན་ཐམས་ཅད་མཆོད་པར་བྱ། །རྣལ་འབྱོར་པ་ཡི་དབུས་སུ་ནི། །དེ་ཉིད་ཀུན་གྱིས་མཆོད་ནས་ཀྱང། །བསྲེག་པར་བྱ་པའི་རྫས་ཀུན་གྱིས། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །ོཾ་སརྦ་སཾ་ཤོ་དྷ
ནི་ཧཱུཾ་ཕཊ་། རྫས་བསང་བའི་སྔགས་སོ། །རྣམ་ཤེས་ས་གདུགས་སྦྱར་ནས་ནི། །རྡོ་རྗེ་རྩེ་མོ་གསུམ་དུ་བརྟགས། །ོཾ་ཧཱུཾ་ཨཱ་སྭཱཧཱ། སྲེག་བླུགས་ཀྱི་རྩ་བའི་སྔགས་དང་ཕྱག་རྒྱའོ། །དང་པོ་ཡམ་ཤིང་བསྲེག་པར་བྱ། །དེ་ཡི་འོག་ཏུ་མར
བྱིན་ནས། །མར་དང་སྦྲང་རྩི་འོ་མར་བཅས། །འབྲུ་རྣམས་ཐམས་ཅད་བསྲེག་པ་ནི། །སྦྱིན་སྲེག་ལས་ནི་གསུམ་པ་ཡིན། །བཞི་པར་འོ་ཐུག་དབུལ་བྱ་སྟེ། །སཱ་ལུའི་འབྲས་ཟན་མར་དང་ནི། །འོ་མར་བཅས་བསྲེགས་ལྔ་པ་ཡིན། །དེ་ཉིད་ཅན
གྱི་བརྒྱ་ཕྲག་ལྔ་འམ། །འབྱོར་ན་དེ་བས་ལྷག་ཀྱང་རུང། །ཇི་ལྟར་ནུས་པ་བསྲེགས་པ་ཡི། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །དེ་འོག་མར་དང་འོ་མར་བཅས། །ཞལ་གྱི་ནང་དུ་བསྲེག་པར་བྱ། །སླར་ཡང་དེ་ཉིད་སྦྱར་ནས་སུ། །ལས
ཀྱི་དབྱེ་བས་བསྲེག་པར་བྱ། །མར་དང་བདུད་རྩི་ལྔར་བཅས་པའི། །གང་བའི་སྲེག་བླུགས་བརྟག་པར་བྱ། །དེ་ནས་རྡོ་རྗེ་དྲིལ་དཀྲོལ་ཏེ། །རྡོ་རྗེ་གླུ་ཡིས་བསྟོད་པར་བྱ། །ཧཱུཾ་ཧཱུཾ་ཧཱུཾ། ཡང་དག་སྤོ་དང་སྡུད་པ་པོ། །བདག་མེད་རྣལ་འབྱོར་སྟོན
མཛད་པ། །ཐུན་མོང་རྣལ་འབྱོར་བདག་ཉིད་དེ། །རྣམ་པར་སྣང་མཛད་ཕྱག་འཚལ་བསྟོད། །ཧཱུཾ་ཧཱུཾ་ཧཱུཾ། སྟོང་པ་འདི་ཉིད་ལ་སོགས་པའི། །དེ་ཉིད་ལས་ནི་གཟུགས་སུ་བསྟན། །གང་དག་འདོད་བཞིན་བྱུང་བའི་དངོས། །ཡེ་ཤེས་ལྷ་ལ་ཕྱག་འཚལ
བསྟོད། །ཐམས་ཅད་གླུ་དང་གར་ལ་སོགས། །ཕྱི་དང་ནང་གིས་མཆོད་ནས་ཀྱང། །སྙིང་པོ་བསྡུས་ཤིང་བསགས་པ་ཡིས། །སླར་ཡང་དེ་བཞིན་བསྲེག་པར་བྱ། །རྫས་ཀྱི་ཆོ་ག་ཡོངས་རྫོགས་ནས། །བསྒྲུབ་པས་བདག་ཉིད་སྦྱོར་བར་བྱ། །
དཔལ་གྱི་འབྲས་བུ་ལོ་འབྲའི་འབྲས། །ཞོ་དང་སྦྲང་རྩི་མར་གྱི་བསྒོས། །བྱང་ཆུབ་སེམས་ཀྱི་ཡམ་ཤིང་ལ། །བརྒྱ་ཕྲག་ལྔ་ནི་བསྲེག་པར་བྱ། །དེ་ཡི་དབུས་སུ་དབང་བསྐུར་ནས། །སྨོན་ལམ་བཏབ་སྟེ་མཉམ་པར་བཞག
རྒྱལ་སྲིད་ཉམས་པའང་ས་གསུམ་གྱིས། །རྒྱལ་སྲིད་མཛེས་པའང་མྱུར་དུ་འཐོབ། །འོ་མ་སྒྲང་རྩིས་སྦགས་པ་ཡི། །ལོ་མ་ཡི་ནི་ཡཾ་ཤིང་དག་།བརྒྱ་ཕྲག་ལྔ་རུ་བསྲེགས་ན་ནི། །མྱུར་དུ་དཔལ་དང་ལྡན་པར་འགྱུར། །ལས་ནི་གང་དང
གང་བསམ་པ། །དེ་དང་དེ་ནི་ངེས་འབྱུང་འགྱུར། །དེ་ནས་སྔོན་གྱི་རྣལ་འབྱོར་གྱིས། །རང་རང་གནས་སུ་ལྷ་མོ་བརྟག་།མེ་ཏོག་བདུག་པ་སྣ་ཚོགས་ཀྱིས། །མཁས་པས་སྔགས་དང་ཕྱག་རྒྱས་མཆོད། །རྣལ་འབྱོར་ཅན་གྱིས་བསྟན་པར་བྱ། །
མཆོད་པ་ཉི་ཤུས་མཆོད་ནས་ནི། །རྡོ་རྗེ་དྲིལ་བུས་རོལ་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་དུ་སྦྱར་བར་བྱ། །ས་གསུམ་པདྨར་སྦྲེལ་ནས་ནི། །དཀར་པོ་གི་ཝང་བསྒྲེངས་ནས་སུ། །ཕྱག་རྒྱ་འདི་ཡིས་བསྐྱོད་པར་བྱ། །
ོཾ་བཛྲ་གཎྜེ་ཧཱུཾ་ཧོ། །ོཾ་བཛྲ་གཎྜེ་ར་ཎི་ཏ་སརྦ་བུདྡྷཱ་པྲ་ཙ་ཡི་ཏེ་པྲཛྙ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བེ་བཛྲ་དྷ་ར་ནི་ཧྲི་དཾ་ཡཱ་ཨ་བ་སཾ་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧོ་ཧོ་ཨཱདང་ཕྱག་རྒྱའོ། །མེ་ཐབ་ཀྱི་མཚན་ཉིད་དང། སྦྱིན་འསྲེག་གི་ཆོ་ག་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ལྕགས་ཀྱུ་ལྔ་ལ་སོགས། །རྣལ་འབྱོར་མ་ལ་དབུལ་བར་བྱ། །ལྕཊ་ཀྱུ་གཞིན་ཐམས་ཅད་ཀྱང། །ལྕཊ་གྱུ་ལྔ་ཡི་དེ་ཉིད་བྱ། །ཐམས་ཅད་རིག
པས་ཕྱི་ནང་གི་རྣལ་འབྱོར་མ་ཀུན་དབུལ་བར་བྱ། །ཁུ་ཚུར་གཉིས་ནི་ཅིབས་ནས་སུ། ཡིས་རྣཾ་ཤེས་དཀྲི་བར་བྱ། ཨོཾ་ཨཱགཞན་དག་ཏུ། །ཉེ་བར་སྦྱོང་བའི་སྣོད་ཀྱིས་མཆོད། །སློབ་དཔོན་ཤིན་ཏུ་རྟགས་པ་ཡིས་།བདུད་རྩི་ལྔ་ནི་དབུལ་བར་བྱ། །ཉ་ཕྱིས་ཆེན་པོ་ལ་སོགས་སྔོན། །སྣོད་ནི་མཛེས་པ་དགང་བར་བྱ། །ཟླ་བའི་ལག་པ་བརྐྱང་ནས་སུ། །རྣམ་ཤེས་དང་ནི་འཇིགས
བར་སྤྱང། །བདན་གསུམ་པ་བརྒྱད་བྱས་ནས། །ཉ་ཕྱིས་ལ་སོགས་མདུན་དུ་བཞག་།སྔོན་གྱི་སྔགས་སོགས་དེ་ཉིད་ཀྱིས། །བདུད་རྩི་ལྔ་ནི་སྤྱང་བར་བྱ། །དེ་ཡི་དབུས་སུ་ཟླ་བ་ལ། །བདུད་རྩའི་ཡི་གེ་བལྟ་བར་བྱ། །ོཾ་ཧ་ཧོ་ཧྲིསྟེ། བདུད་རྩི་ལྔ་སྐྱང་བའི་སྔགས་སོ། །རྣམ་ཤེས་དང་ནི་འཇིགས་པར་སྦྱར། །བསྲུང་བ་རྣམ་པ་གསུམ་དུ་འདོད། །རྣལ་འབྱོར་མ་ཀུན་སྔགས་རིག་པས། །ཐིགས་པའི་ཐོར་མ་དང་པོར་དབུལ། །ཉ་ཕྱིས་ལ་སོགས་སྣོད་བཀང་སྟེ། །སོ་སོའི་ཆར་ནི་དབུལ
བར་བྱ། །སྦྱིན་པ་མིན་པའི་ཆོ་ག་ཡིས། །མཁས་པ་ཐམས་ཅད་མཚོད་པར་བྱ། །རྡོ་རྗེ་དྲིལ་བུའི་སྒྲ་ཡིས་ནི། །སླར་ཡང་གླུ་ནི་རླང་བར་བྱ། །ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེ་སེམས་དཔའ་བསམ་པས་རོལ། །ཐར་པ་ལ་དགྱེས་པ་ལྟན་ཡང། །ཤིན་ཏུ་དབྱེར་མེད་བརྟན
པ་སྟེ། །ཤ་དང་སྦྲང་རྩི་བསྲུབས་མཐུ་ཡིས། །རྡོ་རྗེ་མ་གཅིག་ངལ་བ་འཇོམས། །བྲག་མོ་རོ་ལངས་གཏུམ་མོ་ཡིས། །བྱ་བ་སྣ་ཚོགས་བྱེད་འགྱུར་གཙེ། །ཡོངས་སུ་གྲོལ་བའི་མཆོག་ཉིད་དེ། །ཐར་དང་འགྲལ་དང་སྙིང་རྗེས་ཁྲོས། །སྙིང་པོ་ཡི་ནི་སྙིང
པོར་གནས། །བཞི་པས་བཀབ་ཅིང་ཁྲོ་ག་འཇོམས། །དྲན་པ་ལྔ་བྲལ་སྲིད་ལས་གྲོལ། །ཆགས་དང་རྨོངས་དང་དེ་ཉིད་མཁྱེན། །དེ་ཉིད་སྦྱོར་བས་གཟིགས་པའི་གཙོ། །ཐབས་མཆོག་ལྟ་ཡིས་ཕྱག་བགྱིས་པ། །པདྨའི་གདན་བཞུགས་གཙོ་བོ་ནི། །
ཡོངས་སུ་མཉེས་ཤིང་ཚིམ་བྱའི་ཕྱིར། །བརྒྱ་བྱིན་གྱིས་ནི་གདུགས་ཀྱང་ཐོགས། །གདོར་བཞི་པ་ཡིས་རྔ་ཡབ་གཡོབ། །སེང་གེ་དག་ནི་གསོལ་ཀས་གནས། །འཕྲོག་བྱེད་རྗེ་བོའི་མཚན་མས་སྒྲོགས། །འཇིག་རྟེན་གསུམ་གྱིས་ཕྱག་བྱས
པའི། །རྡོ་རྗེ་སེམས་དཔའ་རྒྱལ་གྱུར་ཅིག་།ལྕགས་ཀྱུ་ལྔ་ལ་སོགས་པ་ཡི། །མཆོད་པ་ཐམས་ཅད་ངེས་པར་དབུལ་བའི་ཆོ་ག་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་རྣལ་འབྱོར་མར་བཅས་པའི། །དཔའ་བོའི
སེམས་ནི་མཆོད་པར་བྱ། །ཕྱོགས་བརྒྱད་ཀུན་ནས་བསྐོར་བ་རུ། །ཀུན་ལ་གདན་ནི་ཕུས་ནས་ཀྱང། །རྣལ་འབྱོར་རྣལ་འབྱོར་མ་གནས་སུ། །ཅིག་ཅར་ལྷན་ཅིག་སྟན་ལ་བཞུགས། །དེ་ཉིད་རྣལ་འབྱོར་མ་ཀུན་གྱིས། །གཉིས་སྤྲོད་ནུ་མ་འཛིན
པ་དང། །སྒེག་ཅིང་བཞད་དང་བཅས་པ་ཡིས། །རྡོ་རྗེ་དྲིལ་བུས་རོལ་པར་བྱ། །ཀུན་ལ་དྲི་ནི་རིམ་བཞིན་དབུལ། །ཀུན་ལ་མེ་ཏོག་སོགས་པས་མཆོད། །ཐམས་ཅད་དྲི་ཡིས་བདུགས་ནས་ནི། །ཐམས་ཅད་ལ་ནི་མར་མེ་དབུལ། །ཐམས་ཅད་མདུན་དུ་གཏོར
མ་ནི། །ཐམས་ཅད་པུད་ལས་དབུལ་བར་བགྱི། ལྕགས་ཀྱུའི་རྫས་ནི་སྣ་ཚོགས་ཏེ། །ཁྱད་པར་དུ་ནི་རྣམ་པ་ལྔ། །གཉིས་མེད་དེ་ཉིད་དེ་ཡིད་ཀྱི། །རྣལ་འབྱོར་མ་ཀུན་མཉེས་པར་བྱ། །རྣལ་འབྱོར་ནམ་མཁའ་ཨི་རང་བཞིན་དུ། །སློབ་དཔོན་ལུས་ནི་ངེས་པར་བྱ། །བདུད་རྩི
ལྔ་ཡི་དུང་ཆོས་ལས། །ནན་ཏན་དུ་ནི་ཟླ་བས་དབུལ། །སྔར་བསྟན་པ་ནི་དེ་ཉིད་ཀྱི། །སྒྲུབ་པ་པོས་ནི་གསང་སྔགས་བརྗོད། །གནས་གསུམ་དུ་ནི་གཏོར་ནས་སུ། །རྣལ་འབྱོར་པ་ཡིས་ཀུན་ནས་དབུལ། །དམ་ཚིག་སྤྱོད་པ་ཐམས་ཅད་ལ།
ཚིགས་བཅད་འདིས་ནི་སྦྱིན་པར་བྱ། །ལྟོས་ཤིག་མཛེས་པ་ཡི་ནི་ཆོས། །འདི་ལ་ཐེ་ཙོམ་བྱར་མི་རུང། །ཁྱི་དང་བྲམ་ཟེ་གདོལ་པ་གསུམ། །རང་བཞིན་གཅིག་པས་ལྷན་ཅིག་བཟའ་། །པདྨ་བསྐོར་པ་སྔོན་འགྲོ་བས། །གཞན་གྱི་དེ་བཞིན་གཟུང་ནས་སུ། །
རྣམ་ཤེས་དང་ནི་འཇིགས་པར་སྦྱར། །ལྷག་མ་རྩེ་མོ་ལྟ་བུར་སྦྱར། །ཉི་མར་ཟླ་བ་བཞག་ནས་ནི། །ཚིགས་བཅད་འདི་ནི་རྗེས་སུ་བཟླ། །རིན་ཐང་མེད་པའི་དམ་པའི་ཆོས། །འདོད་ཆགས་དྲི་བྲལ་ལེགས་ཡོངས་ཤིང། །གཟུང་དང་འཛིན་པ་རྣམ
སྤང་པ། །དེ་ཉིད་གནས་ལ་ཕྱག་འཚལ་ལོ། །དེ་ནས་ཐམས་ཅད་རྣལ་འབྱོར་པ། །ཐམས་ཅད་དག་པའི་རིམ་པ་ཡིས། །ཐམས་ཅད་འདོད་བཞིན་བྱིན་གྱིས་བརླབ། །བཀྲ་ཤིས་གླུ་ནི་ལེན་པ་དང། །དཔའ་བོ་རྣམ་པར་དག་པའོ། །ཱ་ལི་ཀཱ་ལི་བཟླས
ནས་སུ། །རྡོ་རྗེ་དྲིལ་བུའི་སྒྲར་ལྡན་པས། །དེ་ཉིད་གླུ་ནི་གླང་བར་བྱ། །ཐར་པའི་བདེ་ག་དམ་པའི་མཆོག་།སྙིང་རྗེས་བརྒྱན་པའི་བདེ་ལ་རོལ། །ཆགས་པའི་དགའ་བས་བརྒྱན་པ་ཡི། །དྲག་པོས་འགལ་བ་འཇོམས་པར་མཛད། །སྟོང་པ་ཉིད་དུ
གཟིགས་པ་ཡི། །བཟའ་དང་བཟའ་མིན་རྣམ་པར་སྤངས། །འགྲོ་བ་ཡོངས་སུ་བསྒྲལ་བའི་ཕྱིར། །འཇིགས་པའི་གཟུགས་ཀྱིས་རྣམ་པར་རོལ། །བཀྲ་ཤིས་ཀུན་གྱིས་མཆོད་གནས་སུ། །རྡོ་རྗེ་གླུ་ཡིས་ཉེ་བར་བསྲུང། །རྡོ་རྗེ་དྲིལ་བུ་སྒྲར་བཅས་པས། །
དཔའ་བོས་ལྷག་མའི་གཏོར་མས་དགར། །རང་བཞིན་མེད་པའི་སེམས་གཅིག་གིས། །ཁ་ནི་ཡོངས་སུ་དགར་བར་བྱ། །ལས་གང་འདོད་པ་བསམས་ནས་སུ། །གཏོར་མའི་གནོད་དུ་གདབ་པར་བྱ། །ོཾ་ཀུ་རུ་ཀུ་རུ། རྗེ་དང་རྗེ་ཆེན་དངོས་གྲུབ་གདོང། །
དུར་ཁྲོད་གནས་མ་ཡི་དགས་གདོང། །གཅིགས་བྱེད་གཏུམ་མོ་ཁྲག་དགྱེས་མ། །དམ་ཚིག་སྲུང་ཞིང་རྣལ་འབྱོར་འཛིན། །ཀི་ལི་ཀི་ལི་སྒྲ་ཆེན་མ། །ཕ་མེས་ནགས་གནས་གངོན་གྱི་ནི། །ཚོགས་བཅས་དབུས་སུ་བཞུགས་གྱུར་པ། །གཅིགས
བྱེད་གཏུམ་མོ་དུང་སོལ་མ། །བཞེས་ཤིག་གསོལ་ཅིག་དམ་ཚིག་ལ། །བཞག་ནས་དབང་དུ་མཛད་དུ་གསོལ། །ོཾ་གྲིཧྞ་གྲིཧྞ་སརྦ་དུཊཊ་ནཾ་བྷཀྵ་བྷ་ཀྵ་ཧོ་ཕྲཾ་ཕྲུཾ་ཕྲེཾ་ཕྲོཾ་ཕོཾ་ཕཊ་སྭཱཧཱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དཀར་པོ་དང་ནི་གི་ཝང་བསྒྲེང། །རྩེ་མོ
ཅུང་ཟད?་བཀུག་ནས་སུ། །ཁ་ཡི་གྲཝ་རུ་བཞག་པར་བྱ། །ལྷག་མའི་གཏོར་མ་ལ་དུད་པའི་སོལ་བ་མོ་ཞེས་བྱ་བའི་སྔགས་དང་ཕྱག་རྒྱའོ། །ཕ་མས་ནགས་ཀྱི་མཆོག་དང་ནི། །བྲག་དང་ཤིང་གཅིག་ཆུ་ཆེན་འགྲམ། །ཉེ་བར་སྦྱོང་པ་ལྔ་ལྡན་པའི། །གཏོར
སྦྱིན་སེ་གོལ་གསུམ་གཏོག་བྱ། །ལྷག་མའི་གཏོར་མའི་ཆོ་ག་སྟེ་ཉི་ཤུ་རྩ་གསུམ་པའོ། །།དེ་ནས་རྫས་ནི་ལྔ་པོ་དག་།དྲི་ཞིམ་བཅས་ཤིང་འོ་མར་བསྲེ། །དུད་གི་སྣོད་ནི་ཡོངས་བཀང་སྟེ། །དམ་ཚིག་ཆུ་ཡིས
གཏོར་བར་བྱ། །ོཾ་ཨཱགྱི་ནི་མདུན་གནས་ཏེ། །ཐལ་མོ་མེ་ཏོག་གིས་བཀད་ནས། །དི་རིང་འཁོར་བ་ལས་བསྒྲལ་ནས། །བྱང་ཆུབ་སེམས་སུ་སྨོན་པར་བྱ། །དེ་ནས་སློབ་མས་རང་བཞིན་ནི། །དག་པ་ལ་སོགས་བསྒོམ་པར་བྱ། །ོཾ་སྭ་བྷཱ་བ་ཤུདྡྷཱོཾ་བཛྲ་ཤུདྡྷ། སརྦ་དྷརྨཱ་བཛྲ་ཤུདྡྷོ་ཧཾ། ཨོཾ་ཡོ་ག་ཤུདྡྷརེག་བྱ་མིན། །འཇིགས་པ་ཀུན་གྱི་འཇིགས་མི་བྱ། །སེམས་ཅན་བྱམས་དང་སྙིང་རྗེ་སོགས། །སྡོམ་པ་དང་ནི་ཚུལ་ཁྲིམས་བསྲུང། །ོཾ་པཉྩ་ཌཱ་ཀི་ནཱི་པུ་ཛེ་པསྠ་ནཱ་ཡ་ཨཱཏྨ་ནཾ་ནི་རྱ་ཏ་ཡ་མི། །ོཾ་ཨཱ་ཙ་རྱ་པུ་ཛོ་པསྠཱ་ནཱ་ཡ་ཨཱཏྨ་ནཾ་ནི་རྱ་ཏ་ཡ་ནི། ཨོཾ་ས་ག
ལ་ས་ཏཱ་པ་རི་ཏནཱ་ཡ། ཨ་ཏྨ་ནཾ་ནི་རྱ་ཏཱ་ཡ་མི། །ས་མ་ཡ་སྟཝམ། ས་མ་ཡ་ཧོ། ། ནི་ཡིག་འབྲུ་ཀུན་གྱི་མཆོག་།གསུང་གི་རྡོ་རྗེ་བྱིན་གྱིས་བརླབས། །ཽ་ནི་འདོད་པ་སྒྲུབ་བྱེད་པ། །སྐུ་ཡི་རྡོ་རྗེ་བྱིན་གྱིས་བརླབ། །ཧཱུཾ་ནི་ཉོན་མོངས་བསྲེག་པ་སྟེ། །ཐུགས
ཀྱི་རྡོ་རྗེ་བྱིན་གྱིས་བརླབ། །ོཾ་དྷི་ལི་དྷི་ལི་མ་ན་ཕུར། །ཎི་ད་བཛྲ་ཨ་ཙ་ལེ་ཡུཾ་ཡུཾ་ཧཱུཾ་སྭཱཧཱ། དེ་རིང་ཡེ་ཤེས་ཅན་ཡེ་ཤེས། །བདུད་རྩི་དག་ནི་མྱང་བར་གྱིས། །ོཾ་དུརྒ་ཏི་ཨཱ་པཱ་ཧཱ་རཱ་ཡ་སྭཱཧཱ། བདུད་རྩི་ཡི་ནི་དུང་ཆོས་ནས། །སྔགས་ཀྱི་ཁ་རུ
བླུད་པར་བྱ། །ཇི་བཞིན་བཀའ་ནི་བསྒོས་ནས་ཀྱང། །དམ་ཚིག་བྱས་ཏེ་དབབ་པར་བྱ། །སློབ་མ་ལྷ་ཡི་སྐུར་བསྐྱེད་ལ། །སྙིང་ག་རླུང་གིས་བསྐོར་བ་ཡི། །རླུང་གི་ས་བོན་གཞག་པར་བྱ། །རྐད་པར་རླུང་དང་རླུང་གིས་ནི། །སྙིང་གའི་རླུང་གིས་སྦ་བར་བྱ། །ཡེ་ཤེས་མཁའ་
འགྲོ་བདག་བྱས་ཏེ། །ཧཱུཾ་གི་ཡེ་ཤེས་དྲག་ཏུ་བཟླ། །ོཾ་ཨཱཇི་ལྟར་འདོད་བཞིན་བྱེད། །ོཾ་ཏིཥྛ་བཛྲ་ས་ཏྭ་ས་མ་ཡ་པྲ་ཏི་པ་ལ་ཀ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱཧཱ། གཤེགས་སུ་གསོལ་བའི་སྔགས་སོ། །དེ་ནས་མེ་ཏོག་གཏོར་ནས་ནི། །གནས་ལྔ་ཡིན་ལྷ་མོ་ཡི། །རིགས་ཀྱི་བྱེ་བྲག་ཤེས་བྱས་ལ། །སྔགས་དང་ཕྱག་རྒྱལ་ལ་སོགས་སྦྱིན། །ོཾ་ཛྙཱ
ན་ཨ་ནཾ་ཀྵུ་ཧཱུཾ་ཨརྣམ་དག་ཡེ་ཤེས་ཀྱིས་སྒྲུལ་ལྟོས། །མེ་ལོང་ཡེ་ཤེས་ལས་སྤྲུལ་པ། །སྡད་བ་ཐམས་ཅད་འཇོམས་མཛད་ཅིང། །གླང་པོའི་སྟེང་ན་ཡང་དག་བཞུགས། །ཤར་གྱི་རྡོ་རྗེ་མཁའ་འགྲོ་ལྟོས། །མཉམ་ཉིད་ཡེ་ཤེས་ལས་བྱུང་བ། །སྦྲུལ་དགའ་ཡི་ནི་སྟན་ལ་བཞུགས། །
བདུད་རྣམས་ཐམས་ཅད་བསྲེག་བྱེད་པ། །བྱང་གི་མཁའ་འགྲོ་དྲག་མོ་ལྟོས། །མི་དགེ་བཅུ་ཡི་ལས་ལ་སོཊ། །རྣམ་པར་འབྱོད་འས་དེས་སྒྲུབ་བྱ། །བྱ་ཁྱུང་གི་ནི་བསྟན་ལ་བཞུག?་ནུབ་ཕྱོགས་རོ་ལངས་མ་ལ་ལྟོས། །བྱ་བ་ཀུན་བྱེད་ལས་བྱུང་བ། སེང་གེ་འབྲོག་བྱེད་འདུལ་མཛད་མ། ཏཽངས?་ཐཾ་ཅད་སྔེག་པ་ཡི། ལྷོ
བྱོད?་ལྷ་མོ་ལས་བལྟོག་སྟག་སེར་བུག་པ་ཅེ་སྦྱང་སྟེ། །སྙིང་པོའི་གྲཝ་བཞི་དག་ན་གནས། །སེང་གེ་ཕག་དང་མ་ཧེ་དང། །ཅེ་སྤྱང་གི་ནི་སྟན་ལ་བཞུགས། །སེམས་ཅན་དོན་བྱའི་རྒྱུ་རུ་ནི། །ཐབས་ཆེན་སྣ་ཚོགས་གཟུགས་ཀྱི་བཞུགས། །མཁའ་འགྲོ་མ་འབར་འཇིགས་བྱེད
མ། འཕྲོག་བྱེད་མ་སྟེ་སྒོ་རྣམས་སྐྱོང། །ལྷ་རྣམས་ཐམས་ཅད་འགུགས་པ་དང། །འཛུད་ཅིང་འཆིང་དང་མཉེས་བྱེད་ཡིན། །སྤོས་མོ་འཇུ་བྱེད་གཏུམ་མོ་སྟེ། །བདུད་རྩིའི་སྣོད་ནི་ཕྱག་ན་བསྣམས། །དྲག་མོ་ཁྲག་གསོག་ཤ
གསོལ་མ། །ལྕགས་ཀྱུ་ལྔ་ཡིས་བཀང་བ་ཡིས། །པདྨའི་སྣོད་ནི་བསྣམས་ནས་སུ། །གཅིག་པའི་སྟེང་ནས་འགེབས་པར་མཛད། །དྲག་ཤུལ་འབར་མ་མི་སྡུག་པ། །ཕྱག་ན་འདམ་སྐྱེས་གཏོར་མས་བཀང། །ཐོད་པ་མ་དང་རྡོ་རྗེ་མ། །བུམ་ཅན་བཟའ་བཏུང
བསྣམས་ཤིང་འགེབས། །སྒེག་མོ་དྲི་དང་པི་བང་དང། །མེ་ཏོག་གླུ་དང་བདུག་པར་བཅས། །གར་དང་མར་མེ་བཅས་པ་ཀུན། །ཕྱོགས་མཚམས་མཆོད་པ་བརྩོན་པ་ཡིན། །འཕྲོག་བྱེད་དག་ནི་གསོལ་ཀ་སྟེ། །ཚངས་པ་རྔ་མ་ཐོགས་ཤིང་གཡོབ། །དྲག་མོ
མིང་ནི་སྒྲོག་པར་བྱེད། །བརྒྱ་བྱིན་གདུགས་ནི་ཐོཊ་ཏེ་གནས། །རང་གི་ཆུང་མ་སྡེར་བཅས་པ། །ཕྱི་རོལ་སྒྲོ་བཞི་དག་ན་གནས། །དབང་པོ་ནོར་ལྷ་འབྱུང་པོའི་བདག་།ཆུ་ཡི་རྒྱལ་པོ་མཚམས
བཞིན། །རང་གི་ཆུང་མ་སྡེར་བཅས་པ། །སྣ་ཚོགས་མཆོད་པ་ཐོགས་ཏེ་གནས། །བར་སྣང་གནས་པའི་གྲོང་ཁྱེར་ནི། །ལྷ་ཡི་དེ་ཉིད་ཚོན་པར་བྱ། །ལྷའི་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཆོ་ག་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་ཡན
ལག་ལྔ་བཏུང་དེ། ། རྒྷ་ཞབས་བཀྲུ་མཆོད་སོགས་ཏེ། །རང་འདོད་ཆོས་ནི་གསོལ་བ་གང་བ། །རྣལ་འབྱོར་མ་ཡི་ཚོགས་བཅས་པའི། །རྡོ་རྗེ་མཁའ་འགྲོའི་གོ་འཕང་ལས། །ཕྱིར་མི་ལྡོག་པར་བདག་འགྱུར་བའི། །རིག་པ་གང་ཡིན་དེང་བདག་གསོལ། །
དེ་ནས་སློབ་མཐལ་སྦྱར་ནས། །སྡོམ་པའི་སྔགས་ནི་བརྗོད་པར་བྱ། །ོཾ་བཛྲེ་མཎྜལ་མཧཱ་མཎྜ་ལ་པྲ་བྷ་ཤ་སྟ་ཧཱི། ཨོཾ་ཡོ་ག་མཎྜལ་མ་ཧཱ་མཎྜ་མ་དརཤི་སྟཝཾ་ཧཱུཾ། ཨོཾ་གྷུ་ཧཡ་མཎྜལ་མ་ཧཱ་མཎྜལ་དྷི་ཀྵི་སྟཾ་ཧཾ་ས་མ་ཡ་སྟེ། ས་མ་ཡ་ཧོ། ཡང་སློབ་མས་བརྗོད་དུ
གཞུག་པར་བྱ་སྟེ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །སྡུག་བསྔལ་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་དམིགས་སྐྱེད་རྩ་ཉོན་མོངས་བཅད་ནས་ནི། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ཉི་མའི་ཁུ་ཚུར
བཅིངས་ནས་སུ། །དུད་དང་ཡེ་ཤེས་སྦྱོར་བར་བྱ། །ལྷ་ཡི་བདག་ཉིད་ཚུལ་གྱིས་ནི། །གནས་བརྒྱད་དག་ནི་བསྲུང་བར་བྱ། །ཀྵུཾ་ནི་སྤྱི་བོར་བསམ་བྱ་སྟེ། །ཧཱུཾ་ནི་མིག་གཉིས་དག་ཏུ་དགོད། །ཡུཾ་ནི་རྣ་བ་སྣ་ངག་ལ། །ལྕེ་ལ་སུམ་ཡིག་འབར་བ་བསམ། །མགྲིན
པར་སྨྲཡུཾ་ནི་བརྩེགས་པ་སྟེ། །ནམ་ཚོངས་དག་ལ་སྨྲཡུཾ་བསམ། །སྙིང་གའི་ཕྱོགས་སུ་ཡམྲཡུཾ། ལྟེ་བར་ཡམྲཡུཾ་དགོད་པར་བྱ། །ས་བོན་བརྒྱད་ནི་དགོད་པར་དང། །ཕྱག་རྒྱ་རིམ་བཞིན་ཡན་ལག་དགོད། །ོཾ་ས་མ་ཡོ་ཧོ་ཧཾ། མི་ཏི་མཾ། །ོཾཧཾ་ཧོ། །ོཾ་ཨཽདྡྷ་པ་ཨཱ་ཨ་ཨཱརྩ་ལྔ་པའོ། ། །།དེ་ནས་དབང་ནི་བསྐུར་བའི་ཕྱིར། །ལྷོ་དང་ནུབ་དང་བྱང་བུ་ནི། །ཤར་ཕྱོགས་ཀྱི་ནི་བུམ་པ་རྣམས། །སློབ་དཔོན་གྱིས་ནི་བསྙེན་པ་བྱ། །སེང་གེའི་གདན་སོགས་ལྔ་ལ་ནི། །མགོ་པོར་གདུགས་དང་བཅས་ཏེ་བཞག་།བཟང
པོའི་འདུག་སྟེངས་གནས་ནས་ནི། །མེ་ཏོག་བཅས་པའི་ཐལ་མོ་སྦྱར། །བྱང་ཆུབ་སེམས་ཀྱི་ས་བོན་གྱི་ས་བོན་གྱིས། །སེམས་ཅན་བླ་མེད་སྨོན་པར་བྱ། །རྡོ་རྗེ་དྲིལ་བུའི་སྒྲར་ལྡན་པས། །བཀྲ་ཤིས་གླུ་ཡི་དགང་བར་བྱ། །སློབ་མ་ཤར་དུ་བལྟས་ནས་ནི། །
སློབ་དཔོན་ནུབ་ཏུ་བལྟ་བར་བྱ། །རྡོ་རྗེ་སེམས་སོགས་སྦྱོར་བ་ཡི། །ཉི་ཟླའི་ལག་པ་བུམ་གཟུང་ནས། །རྡོ་རྗེ་བཅས་པའི་ཤིང་ལོ་ཡིས། །བུམ་པའི་ཡེ་ཤེས་ཆུ་བླངས་ཏེ། །དེ་རིང་འཁོར་བ་སྒྲོལ་བྱེད་པའི། །བྱང་ཆུབ་ཆེན་པོར་དབང་བསྐུར་བྱ། །
ོཾ་ཨ་ཕུཾ་ཕོཾ་ཕཊ་ཧཱུཾ་སྭཱཧཱ། དབང་བསྐུར་བའི་སྔགས་སོ། །རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་ནི། །དཀར་པོ་གི་ཝང་སྒྲེལ་བར་བྱ། །ོཾ་བཛྲ་ཀཱ་ཡ་ཧཱུཾ་ཨཱདྲིལ་བུ་སྦྱིན་པར་བྱ། །མགོ་བོར་སངས་རྒྱས་རྣམ་པ་ལྔ། །སྔགས་དང་ཕྱག་རྒྱས་སྦྱར་བར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དཀར་པོ་དང་ནི་གི་ཝཾ་བསྒྲེད། །རྩེ་མོ་ཅུང་ཟད་བཀུག་སྟེ་སྤྲད། །དུ་བ་དང་ནི་དྲི་གསུམ་བརྐྱང། །ོཾ་ཨརྒྱས་ལྔ་ཡི་ཅོད་པན་གྱིས། །དབང་བསྐུར་སྔགས་དང་ཕྱག་རྒྱའོ། །བདག་གིས་ཐམས་ཅད་བྱིན་ནས་སུ། །མིང་བརྟགས་རྡོ་རྗེ་ལག་ཏུ་སྦྱིན། །བརྟུལ་བཞུགས་གར་ལ་སོགས་པ་རྣམས། །ཇི་ལྟར་སྨོས་པའི་རིམ་བཞིན་སྦྱིན། །དེར་ནི་སྔགས་དང་ཕྱག་རྒྱ་བཅིང། །
སངས་རྒྱས་ཀུན་གྱི་ངེས་པ་ཡིན། །སངས་རྒྱས་རྣལ་འབྱོར་ནམ་མཁའ་ཡི། །དབང་གིས་དི་རིང་དབང་བསྐུར་བྱ། །སངས་རྒྱས་ཀུན་ཏུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང། །ོཾ་ཤྲཱི་ཡོ་ག་ཨཾ་བ་རི་ཏྭཾ་ཨ་བྷི་ཥིཉྩ་མི། པ་རི་ས་མ་ཡ་སྟཝཾ། ཐོག་མཛའ་མེད་པའི
སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་།རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །རྡོ་རྗེའི་འོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ
མཆོག་ཏུ་རྒྱལ་བ་བཞེང། །སྲིད་པའི་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་བའི་སེམས་དཔའ་ཡི། །དངོས་པོ་མཆོག་དུ་བྱེད་པར་འགྱུར། །དྲིལ་བུའོ། །རྡོ་རྗེ་དྲིལ་བུ་འཁྱུད་ནས་ནི། །གཡོན་སྙེམས་པ་དང
སྐྲོས་གནོན་འཆང། །གཉིས་མེད་གཉིས་མེད་རྣལ་འབྱོར་གྱིས། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །སངས་རྒྱས་ཀུན་བདག་རྣལ་འབྱོར་ལྡན། །བདག་པོའི་དབང་ནི་བསྐུར་ནས་སུ། །ཱ་ལི་ཀཱ་ལིའི་ས་བོན་གྱིས། །སྔགས་ཀྱི་དབང་བསྐུར་སྦྱིན
པར་བྱ། །ཧེ་ཤྲཱི་ཡོ་ག་ཨོཾ་བ་རི་ཏྭཾ། ཨ་བྷི་ཥིཉྩ་མི་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་བྱ་བ་པ་དཔལ་གྱི་སྒྲ་དང་བཅས་པས་མིང་གི་དབང་བསྐུར་བར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །གསང་བ་རྡོ་རྗེའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅས། །རྣལ་འབྱོར
ནམ་མཁའ་ཨི་བརྟུན། །ོཾ་སརྦ་ཏ་ཐཱ་ག་ཏྭ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེཥ་ཏྭཾ་དྷཱར་ཡ་མི་ཧཱུཾ་ཧཱུཾ་ཧ་ཧ་ཧ་ཧོ། །རྡོ་རྗེ་བརྟུལ་ཞུགས་སོ། །དེ་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དད་དཔའ་སོགས་ལ། །ཤེས་རབ་ཐབས་ཀྱི་སྙེམས་ཆེན་གྱིས། །
གར་མཆོད་བདེ་བའི་དགའ་སྟོན་གྱིས། །གར་རོ། སྒེག་དང་བཅས་པས་ཕྲེང་བ་འཕང། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། །དེས་ནི་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཕྲེང་བའོ། །ལུས་ཅན་ཀུན་ལ་དམ་ཚིག་གྱི། །ཁྱོད་ཀྱིས
གླུ་ནི་བླང་བར་བྱ། །དེས་ན་རྣལ་འབྱོར་མ་དེ་དང། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གླུའོ། །ཁྱོད་ཀྱི་རྒྱལ་ལ་དྲི་ཕུལ་ལ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང། །རྣལ་འབྱོར་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒྲོས་དྲིའོ། །རྫོགས
སངས་རྒྱས་ལ་སྤོས་ཕུལ་ལ། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱི་ནི་ཚིམ་པར་འགྱུར། །སྤྱོས་སོ། །ཆོས་ཀྱི་མེ་ནི་ལེགས་སྤར་བ། །པདྨ་གར་དབང་རང་ཉིད་དེ། །སེམས
ཅན་མ་རིག་ལྡོངས་བྱས་པ། །ཡེ་ཤེས་སྒྲོན་མས་སྣང་བར་གྱིས། །མར་མེའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་གསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ོཾ་བཛྲ་ནཻ་ཏྲ་ཨཱ་པ
ཧ་ར་ཕཊ་ལཾ་ཧྲཱི། ཐུར་མའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་བརྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །ངོ་བོ་མེད་ཅིང་གནས་མེད་པ། །རྒྱུ་དང་ལས་ལས་ཀུན་ནས་འབྱུང། །དེ་ལྟར་ཆོས་འདི་ཤེས་ཀྱིས་ལ། །སེམས
ཅན་དོན་འདི་མཉམ་མེད་གྱིས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ། །མེ་ལོང་དོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བ། །
གྱིས། །འཁོར་ལོའོ། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །དུད་དོ། །གཡོན་པའི་ཆོས་གོས་ཕྲག་པར་གཟར། །གཡས་པ་མི་འཇིགས་ཕྱག་རྒྱ་དང། །
ཡེ་ཤེས་མཁའ་འགྲོ་བདག་བྱས་ཏེ། །འཁོར་ལོ་ཀུན་ལ་རྣམ་བཞུགས་ཏེ། །རྣལ་འབྱོར་ནམ་མཁའ་ལུང་སྟོན་བཞིན། །མགྲིན་གཅིག་བཞིན་དུ་ལུང་བསྟན་བྱ། །འདི་ནི་ཁྱེད་ལ་ངས་ལུས་བསྟན། །རྣལ་འབྱོར་ནམ་མཁའ་དེ་བཞིན་གཤེགས། །ངན
འགྲོ་སྲིད་ལས་བཏོན་ནས་སུ། །སྲིད་མཆོག་གཏན་དུ་དག་པར་གྱིས། །ཧེ་ཤྲཱི་ཡོ་གཱཾ་པ་རི་ནཱ་མ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟཱཾ་བྷུར་བྷུ་བ་སྭཱཧཱ། ལུང་བསྟན་པའོ། །ཤེས་རབ་ཕ་རོལ་ཕྱིན་ལྷ་མོ། །ཀུན་ཏུ་འཁྱུད་དེ་མེ་ཏོག་རོལ། །སངས་རྒྱས་ལྔ
ཡི་དངོས་ས་བོན། །མེ་ཏོག་ནང་དུ་རྟོག་ཏུ་རོལ། །སྡེ་ཚན་གསུམ་གྱིས་རྣམ་རོལ་པ། །དེར་ནི་རྣམ་པར་དགོད་པར་བྱ། །དཔའ་བོ་སྡིག་གི་གཉེན་པོ་སྟེ། །དཔལ་དང་ལྡན་ཞིང་ལྷུན་ཆེ་བ། །དཔའ་བོས་དེ་ཉིད་གོམས་པར་བྱ། །སངས་རྒྱས
ཀུན་བདག་སྦྱོར་བ་ཡིས། །མདུན་དུ་ཡི་གེས་དབང་བསྐུར་ལ། །སངས་རྒྱས་ལྔ་ནི་བསྟན་པར་བྱ། །སྔགས་ཀྱི་དབང་བསྐུར་བསྟན་པར་བྱ། །ཡི་གེ་བརྒྱད་པོ་བསྒོམ་དུ་གཞུག་།སློབ་དཔོན་གྱི་ནི་དབང་བསྐུར་ནས། །ཡེ་ཤེས་རྣམ་ཤེས་བསྟན
པར་བྱ། །སྦྱོར་བ་ཡི་ནི་དབང་བསྐུར་ནས། །གསང་བ་ཐམས་ཅད་མངོན་པར་བརྗོད། །གསང་ཆེན་དེ་དག་ཐམས་ཅད་ཀྱིས། །དབང་བསྐུར་བ་ནི་གོ་འཕང་མཆོག་།བཟོད་པའི་ཆོས་ནི་སྔོན་འགྲོ་བས། །སེམས་ཅན་རྣམས་ནི་གཟིར་མི་བྱ། །
ཚིག་རྩུབ་ཁྱལ་པས་སྨྲ་མིན་ཞིང། །སེམས་ཅན་རྣམས་ནི་སུན་མི་དབྱུང། །ཚུལ་ཁྲིམས་སྡོམ་པ་བསྲུང་བྱ་ཞིང། །སྐྱེ་བོ་རྣམས་ལ་གཙེ་མི་བྱ། །བདག་ཉིད་ཤི་བར་གྱུར་ཀྱང་བླ། །སེམས་ཅན་སྲོག་གཅོད་དེ་ལྟ་མིན། །རབ་ཏུ་འབར་མེར་མཚུངས་པས
ན། གཞན་གྱི་ནོར་པ་རེ་མི་བྱ། །རྣལ་འབྱོར་པ་ཡི་བརྫུན་བསྲུང་ཞིང། །ཕན་ཚུན་དབྱེ་བའི་ལས་མི་བྱ། །རྣལ་འབྱོར་སྤྱོད་པའི་རྣལ་འབྱོར་པ། །དེ་ལ་བརྫུན་ནི་ཡོད་མ་ཡིན། །སྤྱོད་པ་བག་ཡོད་བཅས་པ་དང། །བཟའ་དང་ལོངས་སྤྱོད་བག་ཡོད་བྱ། །
དགའ་བར་རོལ་པ་བག་ཡོད་ཅིང། །གཏོར་སོགས་ཆོ་ག་བག་ཡོད་ལ། །རྣལ་འབྱོར་པ་ནི་གྲུབ་འདོད་པས། །སེམས་ཅན་བརྟེན་ན་འགྲུབ་པར་འགྱུར། །ཐམས་ཅད་ཤེས་པའི་སློབ་མ་གང། །སེམས་ཅན་དགའ་བའི་ལས་རྣམས་བྱ། །མཉམ་ཉིད
ཡེ་ཤེས་ལས་བསྐྱེད་ནས། །ཐམས་ཅད་མཉམ་ཉིད་བལྟ་བར་བྱ། །རྟག་ཏུ་མཉམ་པའི་སྤྱོད་པ་ཅན། །རྟག་ཏུ་རྣལ་འབྱོར་བསམ་གཏན་གུས། །བསླབ་པ་བླངས་པས་སྔོན་འགྲོ་བས། །དཀྱིལ་འཁོར་གཏོར་མ་ལ་སོགས་པ། །སེམས་ཅན་དོན་བྱེད
ཚུལ་ཁྲིམས་རྣམས། །བུ་ཡི་སྲོག་བཞིན་བསྐྱང་བར་བྱ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །སློབ་མའི་གཙོ་བོ་ལ་སོགས་པས། །སེམས་ཅན་ཐམས་ཅད་རིམ་བཞིན་དུ། །གཉིས་མེད་ཆོ་ག་བཞིན་མཆོད་ནས། །ལྷ་ལ
ཕྱག་ནི་འཚལ་དུ་གཞུག་། སློབ་མ་དག་ནི་ཐམས་ཅད་དང། །སེམས་ཅན་ཀུན་ལ་དེ་ཉིད་བསྟན། །དབང་བསྐུར་བ་ཐམས་ཅད་དང། བསླབ་པའི་ཆོ་ག་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་སློབ་མ་བློ་ལྡན་པས། །བླ་མའི་ཡོན
ནི་དབུལ་བར་བྱ། །བུ་དང་ཆུད་མ་སྡུག་པ་དང། །གཉེན་དང་བྲན་པོ་བྲན་མོར་བཅས། །ཡུལ་དང་ཞིང་དང་ཁྱིམ་དང་ནི། །མུ་ཏིག་གོས་དང་གསེར་དང་ནི། །དངུལ་དང་ཟངས་སོགས་ནོར་རྣམས་དང། །འབྲུ་ནི་རྣམ་པ་སྣ་ཚོགས་དབུལ། །མལ་སྟན
དག་ནི་ཐམས་ཅད་དང། །མཉེས་པའི་ལོངས་སྤྱོད་ཀུན་ཕུལ་ནས། །མཐར་ནི་བདག་གིས་ལུས་ཉིད་ཀྱང། །སློབ་དཔོན་ཡོན་དུ་བརྟག་པར་བྱ། །སློབ་མར་གུས་པ་མེད་པ་ཡིས། །དངོས་གྲུབ་རིང་བར་ཐེ་ཚོམ་མེད། །ཡོན་དང་དད
པ་སྔོན་འགྲོ་བས། །དངོས་པོ་ཀུན་གྱི་མཉེས་པར་བྱ། །དྲི་དང་མེ་ཏོག་བདུག་པ་སོགས། །ཕྱག་རྒྱ་ཐམས་ཅད་མཆོད་པར་བྱ། །རྡོ་རྗེ་དྲིལ་བུའི་སྒྲ་ལྡན་པས། །བཀྲ་ཤིས་གླུ་ཡིས་དགང་བར་བྱ། །ཧཱུཾ་ཧཱུཾ་མགོན་ཁྱོད་ཡོངས་སུ་ཐར་བའང་ཁྱོད། །ཆོས
སྟོན་པ་ཡང་ཁྱོད་ཡིན་ཏེ། །སྙིང་རྗེའི་རྒྱུ་ལས་བྱུང་བའི་གཟུགས། །ཀྱེ་གཟུགས་བཟང་མཐར་ཕྱིན་པ་ཡང་ཁྱོད། །ཀྱེ་དེ་ཉིད་སྲིད་པ་ལས་གྲོལ་ཁྱོད། །རྡོ་རྗེ་ཁྱོད་ལ་ཕྱག་འཚལ་འདུད། །ཀྱེ་ཐར་པའི་རྡོ་རྗེ་ཁྱོད་ཉིད་དོ། །ལྔ་པའི་དབྱངས་དང
བཅས་པ་ཡིས། །བཀྲ་ཤིས་བསྟོང་སྒྲ་ཉེ་བར་བསྡུ། །ོཾ་ར་མ་ར་མ་ཧོ་ཧི་ཧི་ཧཱུཾ་ཧོ་ཨཱཀྱི། མཉེས་པར་བྱས་ནས་ཉི་མ་དང། །ཟླ་བ་དག་ནི་ཀུན་ཏུ་སྦྱར། །མེ་ཏོག་གིས་ནི་སྙིམ་པར་དགང། །སེམས་ཅན་ཀུན་ལ་སེམས་ཆེན་པོས། །སྨོན་ལམ་དག་ནི་གདབ་པར་བྱ། །མ་བརྒལ་བ་རྣམས་བདག་གིས་བསྒྲལ། །རྣལ
འབྱོར་བསྟན་བཅོས་གོ་འཕང་གནས། །བྱ་བ་དག་ནི་འབྲས་བུ་བརྟག་།རྒྱལ་དབང་ཤིས་པ་བརྗོད་པ་དག་།ཐམས་ཅད་སྔོན་དུ་བྱིན་ལ་བརྟག་།ཡོན་བདག་ལ་སོགས་སེམས་ཅན་རྣམས། །ཐལ་མོ་སྦྱར་ཏེ་གནས་པར་བྱ། །མེ
ཏོག་བཅས་པས་དུང་ཆོས་ཆུས། །ཤིས་པ་བརྗོད་པ་འབར་བར་བྱ། །དེ་རིང་ཁྱོད་ནི་འཁོར་བ་ཡི། །རྒྱ་མཚོ་ལས་ནི་རང་བརྒལ་ཞིང། །རྡོ་རྗེ་ལས་བྱུང་རྡོ་རྗེ་དངོས། །སངས་རྒྱས་གོ་འཕང་དབང་བསྐུར་ཞིང། །མྱུར་དུ་སེམས་ཅན
ཐམས་ཅད་ཀྱི། །དོན་བྱེད་ནུས་པའི་སེམས་དང་ལྡན། །ཤིས་པ་དག་ནི་བརྗོད་ནས་སུ། །གཤེགས་སུ་གསོལ་བའི་སྦྱོར་བ་བྱ། །བླ་མའི་ཡོན་དང་སློབ་མའི་བཟོད་པར་གསོལ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་མཆོད་པའི་ཆོ་ག་སྟེ་ཉི་ཤུ་རྩ་བདུན་པའོ།། །།
དེ་ནས་རྡོ་རྗེ་དམ་བཅིངས་ནས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །ོཾ་ན་མསྙིང་གར་བཅིར་ནས་སུ། །ཉི་མ་ས་ལ་བརྐྱང་ནས་ནི། །བརྟན་པར་སྔགས་ནི་བཟླ་བར་བྱ། །ོཾ་གཙྪ་གཙྪ་སྭ་བྷཱ་བ་ནཾ་ཧཱུཾ་སྭཱཧཱ། འཇིག་རྟེན་ལས་འདས་པ་གཤེགས་སུ་གསོལ་བའི་སྔགས་དང་ཕྱག་རྒྱའོ། །ོཾ་གཙྪ་པུ་རཱ་ནཱ་ག་མ་ན་ཡ་ཧཱུཾ་ཕཊ
སྭཱཧཱ། སེ་གོལ་གསུམ་ནི་གཏོག་པར་བྱ། །འཇིག་རྟེན་པ་ཀུན་གཤེགས་སུ་གསོལ། །ོཾ་གྷི་ལི་གྷི་ལི་ན་དྷཾ་ཧཱུཾ་སྭཱཧཱ། ཚོན་རྩི་བསྡུ་བའི་སྔགས་སོ། །ཚོན་རྩི་དག་ནི་བསྡུས་ནས་ནི། །ཆུ་བོ་ཆེན་པོར་བསྐྱལ་བར་བྱ། །ལྷག་མའི་ཆ་ཨཻ་གཏོར་མ་ཡང། །
ལམ་གྱི་བཞི་མདོ་འམ་ཆུ་འགྲམ་བསྐྱལ། །ོཾ་ཧི་ལི་ཧི་ལི་ཕུ་ལི་མ་ཧཱ་ཕུ་ལི་ཕོཾ་ཕོཾ་ཕེཾ་སྭཱཧཱ། ལྷག་མའི་གཏོར་མ་ལ་བཟླས་པའི་སྔགས་སོ། །བཏུང་དང་བཟའ་བ་ལ་སོགས་ལྔ། །དེ་ནས་སླར་ནི་མཆོད་པར་བྱ། །དཀྱིལ་འཁོར་གནས་ནི་དེ་ཉིད
དུ། ཚོན་རྩི་སེར་པོ་ལ་སོགས་པས། །པདྨ་འདབ་བརྒྱད་གེ་སར་བཅས། །ལྟེ་བར་ལྡན་པ་བྲིས་ནས་སུ། །གཉིས་མེད་གཏོར་མ་བྱིན་གྱི་བརླབ། །སྔར་གྱི་སྔགས་དང་ཕྱག་རྒྱ་དང། །མཆོད་པ་རྒྱ་ཆེན་ཐམས་ཅད་ཀྱི། །གསང་བའི་འཁོར་ལོ
མཆོད་པར་བྱ། །སློབ་མར་བཅས་པས་སྔགས་དང་ནི། །བཀྲ་ཤིས་གླུ་བླང་གར་ཡང་བྱ། །རྣལ་འབྱོར་ནམ་མཁའ་གང་ཡིན་པ། །དེ་ཉིད་རྣམ་པར་སྣང་མཛད་གཙོ། །རྡོ་རྗེ་མཁའ་འགྲོ་གང་ཡིན་པ། །དེ་ཉིད་འཕགས་མ་མཱ་མ་ཀཱི། མཁའ་འགྲོ་དྲག
མ་གང་ཡིན་པ། །དེ་ཉིད་ན་བཟའ་དཀར་མོ་ཡིན། །མཁའ་འགྲོ་རོ་ལངས་མ་གང་ཡིན། །དེ་ནི་འཕགས་མ་སྒྲོལ་མ་སྟེ། །མཁའ་འགྲོ་གཏུམ་མོ་གང་ཡིན་པ། །དེ་ཉིད་སངས་རྒྱས་སྤྱན་མ་ཡིན། །གྲུབ་པའི་ཕོ་ཉ་རྣམ་པ་བཞི། །
ཐམས་ཅད་རིག་པའི་ལུས་སུ་བྱེད། །སངས་རྒྱས་ཞིང་སོགས་ཞིང་རྣམས་ལ། །ཁྱད་པར་དུ་ནི་སྦྱིན་ལ་སྤྱད། །དམངས་རིགས་སྟོང་ཕྲག་གཉིས་དག་ནི། །བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། །དགེ་སློང་གཅིག
ལ་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དག་ནི། །རྡུལ་མེད་པ་ནི་གཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་བརྒྱད་དག་ནི། །ཡེ་ཤེས་ལྡན་པ་གཅིག་དང་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པར་བརྟག་།དེ
ལྟར་སྦྱིན་པའི་ཞིང་བྱས་ནས། །བློ་དང་ལྡན་པས་རྟག་ཏུ་སྦྱིན། །རྣལ་འབྱོར་རྩ་བའི་ཆོས་ལས་ནི། །ཞིང་བཟང་པོ་ལ་ས་བོན་གདབ། །མཚམས་མེད་པ་དང་སྡིག་ཅན་ཡང། །ཚོན་རྩི་མཐོད་བས་གྲོལ་བར་འགྱུར། །སྔགས་ཀྱི་དེ་ཉིད་ཕེབ་པ་ཡིས། །
གཙང་མའི་གནས་སུ་སྐྱེ་བར་འགྱུར། །སྦྱིན་བདག་བཟང་པོའི་རྣལ་འབྱོར་པ། །རིམ་གྱིས་མྱུར་དུ་བྱང་ཆུབ་འགྱུར། །སྲིད་པ་གསུམ་པོར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ
ལུགས་རྗེས་ཆགས་སེམས་དཔར་ལྡན། །རྣལ་འབྱོར་ནམ་མཁའ་མཆོག་གི་དབང་གི་དབང་ཕྱུག་གར་བྱེད་རོལ། །ཧཱུཾ་ཞེས་བྱ་བའི་གླུ་ཡིས་ནི། །རྣལ་འབྱོར་མ་ཀུན་ཆགས་པར་བྱ། །བཀྲ་ཤིས་སྒྲ་ནི་སྙན་པ་ཡིས། །ཤིན་ཏུ་མཉམ་པར་བཞག་སྟེ་བླད།
རྡོ་རྗེ་གདན་བཞི་རྒྱས་པ་ལས་། སྟོང་ཕྲག་བཅུ་གཉིས་མདོར་བསྡུས་པ། །དེ་ལ་དངོས་པོ་ཙམ་བསྡུས་པ། །སྙིང་པོ་མདོར་བསགས་ཞེས་བྱ་སྟེ། །སྡེབ་སྦྱོར་དང་ནི་ཚང་མ་མེད། །རྣལ་འབྱོར་སྦས་པར་གྱུར་པ་ཡི། །བརྡ་ཡི་སྐད་ཀྱིས་བཤད་པ་ལས། །
དོན་ལ་རྟོན་པའི་དེ་ཉིད་བསྡུས། །རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་གདན་བཞི་པ་ལས། །རྣལ་འབྱོར་ཐམས་ཅད་དང་གར་དང། གླུའི་རབ་ཏུ་བྱེད་པ་དང། མཆོད་པའི་ཆོ་ག་རྒྱས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཏེ། ཉི་ཤུ་རྩ་བརྒྱད་པ་རྫོགས་སྟོ། །
སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ་ཞེས་བྱ་བ་རྫོགས་ཤོ། ། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ག་ཡ་དྷ་ར་དང། བོད་ཀྱི་ལོ
ཙ་བ་དགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། །།དཔལ་གདན་བཞིའི་ཟབ་དོན་འགྲེལ་པ་བཞུགས། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཙོ་མོ་ལྷ་མོ་ཐམས་ཅད་བདེ། དེ་ཉིད་ཐམས་ཅད་རབ་རྩོད
མཛད།
CLOSE WINDOW