Wylie | e-texts based on the ACIP/ALL ![]() ![]() |
ལོ་ཙ་བ་དགེ་སློང་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ནཻ་རཱཏན་མོ་གི་ནི་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་རྣལ་འབྱོར་མའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའ་ལ
ཕྱག་འཚལ་ལོ། །ཌོམྦི་ཧེ་རུ་ཀའི་ཞལ་སྔ་ནས། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་མ་རྒྱུད་ལས། །དེ་ཉིད་ཐམས་ཅད་ཡང་དག་བསྡུས་པ་ཡི། །ལྷ་མོའི་འཁོར་ལོ་བསྒོམ་པ་གསུངས་པའོ། །ནམ་མཁའ་རྗེ་བཙུན་བླ་མ་དང། །མི་བསྐྱོད་པའི་ཡི་སྐུ་ལྟ་བུའི། །མངའ་བདག་རྡོ་རྗེ
དབང་དམིགས་ཏེ། །བློ་དང་ལྡན་པས་ཕྱག་འཚལ་མཆོད། །སྙིང་གར་རང་གི་ས་བོན་བསམ། །མཆོད་པའི་སྤྲིན་ནི་རབ་ཏུ་དབུལ། །རྟག་ཏུ་ལྷ་མོ་བརྒྱད་རྣམས་ཀྱིས། །བདུད་རྩི་ལྔ་ཡི་སྦྱོར་བ་ལས། །རྣལ་འབྱོར་མ་ལྔ་དཀར་མོ་སྩོགས། །བདུད་རྩི་ལྔ་ནི
འཛིན་པར་བརྗོད། །སྔོན་མོ་གཏུམ་མོ་ཌོམྦི་ནི། །རོ་དང་བཅས་ཏེ་འཁྱུད་པར་ལྡན། །རྟག་ཏུ་སྡིག་པ་བཤགས་པ་དང། །བསོད་ནམས་ཉིད་ལ་རྗེས་ཡི་རང། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་།བྱང་ཆུབ་སེམས་ནི་རྣམ་པར་བཟུང། །དང་པོར
བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེ་རྣམ་པར་བསྒོམ། །གསུམ་པ་དགའ་བ་བསྒོམ་པར་བྱ། །ཀུན་གྱི་མཛའ་ནས་བཏང་སྙོམས་སོ། །དེ་རྗེས་རྒྱལ་བའི་སྔགས་བརྗོད་དེ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། རང་གཞན་སྟོང་པ་ཉིད
དུ་རྣམས་བསྒོམས་སྔོན་གྱི་ནི། །རྣལ་འབྱོར་པས་ནི་སྨོན་ལམ་རྗེས་སུ་དྲན་པར་བྱ། །དང་པོར་རེ་པ་ལས་ནི་ཉི་མ་རྣམ་པར་བསྒོམ། །ཉི་མ་དེར་ནི་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་རྣམ་པར་བསྒོམ་བྱ་བ། །རབ་དང་ནི་གུར་ཡང་རབ་ཏུ
བཅིང་བར་བྱ། །ཤེས་རབ་ཨེ་ཡི་གཟུགས་ཅན་མ། །བློ་ལྡན་ནམ་མཁའ་ཨི་ཁམས་བསམ་བྱ། །དེར་ནི་ས་གཞི་གྲུ་བཞི་པ། །ལྗང་གུ་རྣམ་པར་བསྒོམ་པར་བྱ། །ས་ཡི་དཀྱིལ་འཁོར་ནང་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་དབུས་གནས་པར
མེའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ལ་རླུང་གི་དཀྱིལ་འཁོར་ལོ། །རླུང་གི་དཀྱིལ་འཁོར་ནང་གནས་པར། །བདག་ཀྱང་བསམ་པར་བྱ་བ་སྟེ། །ེ་བཾ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ
བརྒྱུད་ཀྱིས་ཉེ་བར་བརྒྱན། །དྲ་བ་དྲ་ཕྱེད་ཡང་དག་ལྡན། །རྡོ་རྗེ་ཐིག་གིས་རྣམ་པར་བརྒྱན། །འཁོར་ལོ་དེར་ནི་སྲོག་སོང་བ། །བཅོ་ལྔ་རྣམ་པར་བསྒོམ་པར་བྱ། །རྣལ་འབྱོར་མ་ཡི་ཕྱོགས་མཚམས་ལས། །གདན་ནི་བཅོ་ལྔ་ཉིད་དུ་བརྗོད། །གདན
གྱི་སྟེང་དུ་ཟླ་བ་ཡིན། །ཟླ་སྟེང་རྣམ་འབྱེད་བློ་ལྡན་པས། །དེ་དག་ནང་སོང་ས་བོན་ནི། །རྩ་བའི་དབྱངས་ཡིག་ལ་སོགས་བསམ། །མེ་ལོང་མཉམ་ཉིད་ཡེ་ཤེས་དག་།ཟླ་བ་ཉི་མ་རབ་ཏུ་གྲགས། ། ལས་བྱུང་བའི་གྲི་གུག་ནི། །སོ་སོར
རྟོག་པ་ཉིད་དུ་བརྗོད། །འདི་རྣམས་གཅིག་གྱུར་ནན་ཏན་ཏེ། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །རྣལ་འབྱོར་མ་ནི་རྣམས་ཀྱི་ལུས། །ཡེ་ཤེས་ལྔ་ཡི་བདག་ཉིད་གྲགས། །ཉི་ཟླ་དག་དང་གྲི་གུག་གིས། །ཇི་ལྟར་ཆུ་ནི་འདྲེས་འགྱུར་པ། །ཡང་ནི་འདྲེས
པར་གྱུར་ནས་ཕྱིས། །བདག་མེད་རྣལ་འབྱོར་མ་བསྐྱེད་དེ། །ཁ་དོག་ནག་མོ་གྲགས་ཆེན་མོ། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །གཡས་ན་གྲི་གུག་འཇིགས་ཆེན་མ། །གཡོན་པ་ཉིད་ནི་པདྨའི་སྣོད། །གཡས་མིན་པར་ནི་ཁ་ཊཝཱཾ་ག་།སྟག་གི་པགས
པས་སྨད་དཀྲིས་སོ། ། ཨཱ་ཨཻ་ཨའི་ཨཽ། །བདག་མེད་མ་ལ་སོགས་པ་རྣམས་ཀྱིས་བརྗོད་དོ། །འུ་རི་རཱི་ལི། པུཀྐ་སཱི་ལ་སོགས་པ་རྣམས་ཀྱིའོ། །ལཱི་ཨེ་ཨཻ་ཨོ། །ས་བོན་རྣམས་ནི་དཀར་མོ་ལ་སོགས་པ་རྣམས་ཀྱིས་བརྗོད་དོ། །ོཾ་ཨཾ་ས་བོན་ངག
ནི་འོག་དང་སྟེང་གི་གནས་པ་ངག་གིར་ཡང་བརྗོད་དོ། །སེམས་དང་ཕན་པ་རིན་ཆེན་བདག་།ཚེ་དཔག་མེད་དང་དོན་གྲུབ་ཀྱིས། །བདག་མེད་ལ་སོགས་ཕྱག་རྒྱ་གདབ། །ཤེས་རབ་འཕར་མར་རྣམ་པར་གནས། །སེམས་དང་ཕེན་པའི་རིན་ཆེན་བདག།
ཚེ་དཔག་མེད་པ་བདེ་གཤེགས་ཀྱིས། །མཚམས་ནས་པུཀྐ་སཱི་ལ་སོགས། །རིམ་པའི་རྗེས་ལ་ཕྱག་རྒྱས་གདབ། །རྣལ་འབྱོར་མ་མི་བཞི་རྣམས་ཀྱིས། །རྟག་ཏུ་བསྒོམས་གནས་ཉིད་ལ་ནི། །ཞེ་སྡང་གཏི་མུག་སེར་སྣ་དང། །འདོད་ཆགས་རྡོ་རྗེ་ཕྱག་རྒྱས
གདབ། །འོག་དང་སྟེང་དང་སྐུ་གསུང་གི་།ཕྱག་རྒྱས་བྱེད་པས་རྫོགས་པའོ། །ཕྱག་རྒྱས་གདབ་དང་རྟན་པ་འདིས། །དེ་ནས་ཕྱག་རྒྱ་ཉི་ཤུ་བརྗོད། །དབང་པོར་རྡོ་རྗེ་གཤིན་གཽ་རི། །ཆུ་བདག་ཆུ་ཡི་རྣལ་འབྱོར་མ། །ལུས་དན་རྡོ་རྗེ་མཁའ་འགྲོ་མ། །
དབུས་སུ་བདག་མེད་རྣལ་འབྱོར་མ། །དབང་ལྡན་དུ་ནི་པུཀྐ་སཱི། །དེ་བཞིན་འཚེད་མེར་རི་ཁྲོད་མ། །བདེན་བྲལ་དུ་ནི་གཏུམ་མོ་སྟེ། །རླུང་དུ་ཌོམྦིར་བརྗོད་པའོ། །ཡང་ནི་ཤར་སྒོར་དཀར་མོ་སྟེ། །དེ་བཞིན་ལྷོར་ནི་ཆོམ་རྐུན་མ། །ནུབ་ཀྱི་སྒོ་ལ་རོ་ལངས
མ། །དེ་བཞིན་བྱང་དུ་གྷསྨ་རཱི། །འོག་ཏུ་ས་སྤྱོད་མར་བཤད་དེ། །སྟེང་དུ་མཁའ་སྤྱོད་མར་བརྗོད་དོ། །ཇི་ལྟར་བདག་མེད་རྣལ་འབྱོར་མ། །ཐམས་ཅད་དམ་པར་དགའ་བའོ། །སྙིང་གར་རང་གི་ས་བོན་བསམ། །འོད་ཟེར་ཕྱུང་སྟེ་དེ་ནས་ནི། །སངས་རྒྱས
རྣམས་ནི་སྤྱན་དྲངས་ཏེ། །ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ། །ཕྱི་ནས་གསོལ་བ་གདབ་པ་ནི། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བདག་ལ་དབང་བསྐུར་ལ་སོགས་གསོལ། །བུམ་པ་བདུད་རྩི་ལྔས
གང་བ། །མཁས་པས་སངས་རྒྱས་ཀྱིས་དབང་བསྐུར། །སངས་རྒྱས་ཀུན་གྱིས་བཀུར་ནས་ནི། །དབུ་རྒྱན་ལ་ནི་ཐུགས་བདག་ཡིན། །དང་པོར་ནག་པོ་བསྒོམ་པར་བྱ། །གཉིས་པ་དམར་པོ་བསྒོམ་པར་བྱ། །གསུམ་པ་ལ་ནི་སེར་པོར་བསྒོམ། །དེ་བཞིན
བཞི་པར་ལྗང་གུ་སྟེ། །ལྔ་པ་ཁ་དོག་སྔོན་པོ་ཉིད། །དྲུག་པ་དཀར་པོའི་ཚུལ་ཅན་ཏེ། །ཡན་ལག་དྲུག་སྒོམ་རྣལ་འབྱོར་པས། །ཕྱི་ནས་ཁ་དོག་རྣམ་པར་སྤངས། །གཟུགས་ཕུང་ལ་ནི་རྡོ་རྗེ་མ། །ཚོར་བ་ལ་ནི་དཀར་མོ་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར
མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །བདག་མེད་རྣལ་འབྱོར་མ་རྣམས་སོ། །དཀྱིལ་འཁོར་བདག་མོ་འཇིགས་གཟུགས་གནས། །འཇིགས་པ་འང་ནི་འཇིགས་པ་མཛད། །སིན་པུཀྐ་སི་རུ་བཤད།།
དེ་བཞིན་ཆུ་ཁམས་རི་ཁྲོང་མ། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རི་རབ་བརྗོད། །རེག་བྱ་ས་སྦྱོང་མར
བཤད་དེ། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །རྟག་ཏུ་འདི་དག་རྣམ་དག་པས། །དེ་ཉིད་རྣལ་འབྱོར་པ་ཡིས་འགྲུབ། །མིག་དག་གཏི་མུག་རྡོ་རྗེ་ཡིན། །རྣ་བ་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མར་བཤད་དེ། །ཁ་ལ་འདོད
ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །གོ་ཆ་འདི་རྣམས་ཆེས་དག་པས། །དབང་པོ་རྣམས་ཀྱི་རྣམ་པར་སྦྱོང། །སྐྱེས་པའི་ཐོད་པའི་ཕྲེང་བས་བསྐོར། །གྲི་གུག་ལྟ་ནི་གཅོད་པ་སྟེ། །ཐོད་པ་ཉོན་མོངས
མགོ་བོ་ཡི། །ཕྲེང་བའི་སྟེང་དུ་གནས་པའོ། །བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་གཟུང། །བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་མཉན་པ་ཡི་ཕྱིར། །ཉན་པ་དག་ཏུ་རྣ་ཆ་འཛིན། །སྔགས་ཟློས་ཕྱིར་ནི་མགུལ་དེ་སྟེ། །
ལག་གདུབ་སྲོག་ཆགས་གསོད་པ་སྤངས། །ཕྱག་རྒྱ་བསྟེན་ཕྱིར་སྐ་རགས་ཏེ། །སངས་རྒྱས་ལྔ་ཡི་ཕྱག་རྒྱ་ཡིས། །རྟག་ཏུ་ལུས་ལ་གདབ་པར་བྱ། །སྔགས་ནི། ཨོཾ་ཨ་ཨཱ་ཨཻ་ཨའི་ཨཽ་ཨའུ་རི་རཱི་ལི་ལཱི་ཨེ་ཨཻ་ཨོ་ཨཽ་ཨཾ་སྭཱཧཱ། ཕྱག་རྒྱའི་རྣམ་དག
བཤད་བྱ་བ། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། འོད་དཔག་མེད་པ་རྣ་ཆའི་བདག་།མགུལ་གྱི་ཕྲེང་བ་རིན་ཆེན་བདག་།ལག་པ་ལ་ནི་རྣམ་སྣང་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །འདི་རྣམས་དག་ལ་ཕྱག་རྒྱ་ལྔ། །སྐྱོན་ནི་ཡོངས
འཇོམས་འཛིན་པ་ནི། །རྣལ་འབྱོར་མས་ནི་རབ་ཏུ་གཟུང། །ནང་གི་རྣལ་འབྱོར་བཤད་པར་བྱ། །མོ་གཟུགས་འཇིག་རྟེན་དབང་དུ་བྱེད། །ཁྲོ་བོའི་གཟུགས་ཀྱིས་སྲེག་པར་བྱེད། ཨཱ་ལི་ཀཱ་ལི་སྙོམས་ཞུགས་པས། །ཕྱི་རོལ་གྱི་ནི་གཉིས་གཉིས་བཀབ
གྲོང་ཁྱེར་དཀྲུག་པའི་སྔགས་ནི། །ོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱཧཱ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ནི། ཨོཾ་ཨཱ་ཀ་རཽ་མུ་ཁཾ་སརྦ་དྷརྨཱ་ཎཱ། ཨཱ་དྱཱ་ནུཏཔནྣ་ཏྭཏ། ཨོཾ་ཨཱབཤད་པར་བྱ། །ལྟེ་བར་ཕྱག་རྒྱ་ཆེན་པོར་གནས། །རྟག་ཏུ་བདེ་བ་ཆེན་པོར་འཛག་།རྣོ་ཕྱིར་མེ་ཡི་གཟུགས་སུ་ནི། །དེ་ཡང་མ་མོ་རྣམས་ཀྱིས་བརྟགས། །དང་པོར་དབྱངས་ཡིག་རང་བཞིན་ཏེ། །གློར་ནི་སངས་རྒྱས་རྣམས་ཀྱིས་བརྟགས། །འཇིག་རྟེན
གསུམ་དུ་ཁྱབ་གནས་ཀྱང། །སོ་སོའི་སྐྱེ་བོས་མི་ཤེས་སོ། བདག་མེད་ལུས་ཀྱི་ནང་ན་གནས། །ཞིམ་མེད་པ་ནི་ཁ་དོག་ཏུ། །རྒྱུན་མི་འཆད་པར་བྱང་ཆུབ་སེམས། །སྦྱོར་བས་བརྟགས་པར་འཛིན་པ་ཉིད། །དེ་ཕྱིར་ལུས་ལ་རྩ་གསུམ་གནས། །རྐྱང་མ
རོ་མ་ཀུན་དར་མ། སྐུ་གསུང་ཐུགས་ཀྱི་གཟུགས་ཀྱི་ནི། །ལས་ཀྱི་ཕྱག་རྒྱ་ཉིད་དུ་བཅས། །རྐྱང་མ་ཤེས་རབ་རང་བཞིན་དང། །རོ་མ་ཐབས་ཀྱིས་ཡན་ལག་གནས། ། བ་དྷཱུ་ཏིའི་དབུས་གནས་སུ། །གཟུང་དང་འཛིན་པ་སྤངས་པ་སྟེ། །བདེ་ཆེན་བྱེད
པའི་གཟུགས་ཅན་མ། །མི་བསྐྱོད་འབབ་པ་རྐྱང་མ་སྟེ། །རོ་མ་ཁྲག་ནི་འབབ་པའོ། །ཀུན་དར་མགོན་པོ་དཔག་མེད་ཀྱི། །རྟག་ཏུ་གནས་ཀྱི་དངོས་པོ་མ། །ལས་ཀྱི་ཕྱག་རྒྱ་བདེ་བ་ཅན། །རང་གི་ལུས་ལ་རྩ་རྣམས་གསུམ། །རྡོ་རྗེ་རིན་ཆེན་ཆུ་སྐྱེས
ཀྱིས། །སྐུ་གསུང་ཐུགས་ནི་འཛག་པ་སྟེ། །གཅིག་པའི་དུས་ནི་རྡོ་རྗེ་ཡི། །རིན་ཆེན་འཛིན་པའི་དབྱིངས་ཉིད་དོ། །དཔག་མེད་མགོན་གྱི་མངོན་རྫོགས་པའི། །སངས་རྒྱས་རང་བཞིན་བརྗོད་པ་སྟེ། །མཚན་མོའང་ཉིན་པར་དག་ཏུ་ཡང། །རྟག་ཏུ་ཡེ
ཤེས་སྐྱེས་པ་ཉིད། །ལྷན་ཅིག་སྐྱེས་པ་མཆོག་དགའ་བ། །ཕ་ཡི་བདེ་བ་བཟང་པོ་འབབ། །དཔེར་ན་གང་ཡང་མཚན་མོའི་ཁྱིམ་ནང་དུ། །ཟས་ཟ་ལུས་ཀྱི་ཡོངས་སུ་བྱེད་འདོད་པ། །སྦར་བ་མར་མེ་ཡིས་ནི་མུན་རུམ་ལྟས། །དེ་བཞིན་མུན་པའི་བདེ་བ་ཡིན།
འདི་ལྟར་ཤེས་བྱ་སྲིད་པའི་མཚོ་དུག་ཆུ། །འདོད་ཆགས་ལ་སོགས་སྣ་འཐུང་ཁྱབ། །བཀྲེས་པས་གདུངས་པ་རླབས་དང་འཁྲིལ་ཤིང་རྣམ་འཁྲིལ་མྱ་ངན་གཅིག་པུ་འགྲམ་ཆེན་པོ། །གང་ཕྱིར་བྱང་ཆུབ་བློ་ལྡན་སྐྱེ་བོ་སྐད་ཅིག་ཀྱང་ནི་རང་དོན་གཅིག
གཉེར་བ། །གཏི་མུག་ཞགས་པའི་གོས་ནི་སྤངས་ནས་ཕ་རོལ་མི་འགྲོ་བདག་གིས་ངོ་མཚར་ཆེ། བློ་བཟང་དང་པོ་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་དང་ཕན་པའི་ཕྱག་རྒྱ་དང། །སྔགས་ནི་རྣམ་དག་གུག་ཀྱེད་གོ་ཆ་ཐམས་ཅད
ངེས་པ་དྲན་པ་བྲལ་མི་བྱ། །ཕྱི་ནས་བློ་བཟང་རང་ཤིང་སྐད་ཅིག་རྒྱུན་ཏུ་དེ་ཉིད་ཅིག་གིས་སེམས་དང་ལྡན། །རྫོགས་པའི་རིམ་པ་སྲིད་པ་ལས་བྱུང་ལྷན་ཅིག་སྐྱེས་པ་རྟག་ཏུ་བསམ།། །།ར་དྷ་ལོངས་སྤྱོད་ཚོང་འདུས་སྣ་ཚོགས
བྲང་ལྡན་ཀང་ཁའི་ཁབ་ཅེས་བྱ་མིང་དུ། །སྟག་ཞོན་སྣ་ཚོགས་སྦྲུལ་མགོ་གདེངས་པས་བརྒྱན་ཅིང་གང་ཞིག་བཟོད་ལྡན་སྤྱོད་པ་གང། །དེ་ནས་གཞན་ཕན་འདོད་ཕྱིར་འཇིག་རྟེན་དོན་དུ་གང་བཤད་སྒྲུབ་ཐབས་དབང་པོ་འདི། །གསང་བའི་ཤེས་རབ
ཡན་ལག་འདུ་བ་བདག་གིས་གང་བཤད་རྒྱལ་སྲས་བཟོད་པར་མཛོད། །བདུད་རྩི་འོད་ཀྱི་སྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང། བོད་ཀྱི་ལོ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།
རྒྱ་གར་སྐད་དུ།
CLOSE WINDOW