CLOSE WINDOW

N1228: སྦྱིན་སྲེག་གི་ལས་ཀྱི་རིམ་པ
Wyliee-texts based on the ACIP/ALL Input

སློབ་དཔོན་ཆེན་པོ་ཤྲཱི་ཨཱ་ནནད་བཛྲས་མཛད་པ་རྫོགས་སོ།། །།བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་གི་ལས་ཀྱི་རིམ་པ་ལ། དབང་བསྐུར་བའི་སྔོན་རོལ་ཏུ རྒྱས་པའི་ལས་བྱས་ཏེ། དཔངས་ཁྲུ་གང་ལ་ཁྲུ་ཕྱེད་ཐུར་དུ་བརྐོའོ། །སོར་བཞི་ཕྱིར་བགྱེད། །ཁ་ཁྱེར་སོར་བཞིས་བསྐོར། ཞེང་དང་སྤངས་སོར་བཞི་བྱ། དེའི་ཕྱི་རོལ་གྱི་སོར་བཞི་པོར་ལ། པདྨའི་ཕྲེང་བ་བཏང། དབུས་ཀྱི་ཁ་ཁྱེར་ལ རྡོ་རྗེ་ར་བ་བཏང། སྤྱིར་གྲུ་བཞི་ལ་ཞེང་ཕྱི་རོལ་གྱི་རྒྱ་ཁྲུ་གསུམ་བཏང། ཐབ་ཁུང་ནང་དུ་གཙོ་བོའི་ཕྱག་མཚན་བཞག་པ་ནི་འཇིམ་པ་ལ་སོགས་པ་ལ་ཞེང་སོར་བརྒྱད་དཔངས་སོར་གཅིག་བཏང། དབུས་སུ་རིན་པོ་ཆེ། ཤར་རྡོ་རྗེ། ལྷོར་འཁོར་ལོ། ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་།ཁ་དོག་སེར་པོར་བྱུག་གོ་།རྒྱས་པའི་ལས་ལ་ཁ་ཤར་དུ་བལྟའོ། །ཞི་བའི་ཐབ་ཁུང་ཟླུམ་པོ། ཁྲུ་གང་དུ་བྱས། ཁྲུ་ཕྱེད་ཟབས་སུ་བརྐོ། ཁ་ཁྱེར་རྒྱས་པ་ལ་སོགས་པ་དང་མཐུན་པར་བྱའོ། །དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ ཕྲེང་བ་བཏང། དེའི་ཕྱི་རོལ་ཏུ་པདྨ་བཏང། ཐབ་ཁུང་དུ་གཙོ་བོའི་ཕྱག་མཚན་བཞག་པ་ནི་དབུས་སུ་རྡོ་རྗེ། ཤར་དུ་འཁོར་ལོ། །ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་།ཞེང་སོར་བརྒྱད་པ་བྱའོ། །ཁ་དོག་དཀར་པོ་བྱུག་།བླ་མ་ཁ་བྱང་དུ བལྟ། དབང་གི་ལས་ལ་ཐབ་ཁུང་ཟླ་གམ་སྟེ། ཟླ་གམ་གཤུལ་ལ་བཞི་བཅུ་བཏང། ཁ་ཁྱེར་ལ་སོར་བཞི་བཅུ་ཐམ་པ། ཟབས་སུ་སོར་བཅུ་བརྐོ་བར་བྱ། ཁ་ཁྱེར་སྦྱར་མཐུན། ཁ་ཁྱེར་རྡོ་རྗེའི་ར་བ་བཏང། །ཕྱི་རིམ་དུ་མེ་རི་བཏང། ཁ་དོག་དམར པོར་བྱུག་། ཙནདན་སྨུག་པོས་བྱུག་།དབུས་སུ་གཙོ་བོའི་ཕྱག་མཚན་བཏང་བ། །པདྨ་ཕྱི་མ་སྤྱིར་མཐུན་དབང་དང་བསྐྲད་པ་ལ་ཁ་ནུབ་ཏུ་བལྟ། །དྲག་པོའི་ལས་ཀྱི་རིམ་པ་ལ། ཐབ་ཁུང་ཟུར་གསུམ་ལ། སོར་ཉི་ཤུ་ཉི་ཤུ་བྱའོ། །ལ?་ཁྱེར་སོར་གསུམ་ ཕྱིར་དགྱེད། ཁ་ཁྱེར་སོར་གསུམ་བསྐོར། ཞེང་སོར་གསུམ་བཏང། དེའི་ཕྱི་རོལ་ཏུ་སོར་གསུམ་བཏང། ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་པ་བཏབ། དེའི་ཕྱི་རིམ་དུ་ཐོད་པ་དང། མངའ་གཞུ་དང། མདུད་རྩེ་གསུམ་པ་ལ་སོགས་པ་དྲག་པོའི་ཕྱག་མཚན བཏང། གཙོ་བོའི་ཕྱག་མཚན་དབུས་སུ་རལ་གྲི་།ཕྱི་མ་ལས་ཀྱི་མཚན་ཉིད་དང། བླ་མའི་ཁ་ལས་ཤེས་པར་བྱའོ། །ཁ་དོག་ནག་པོས་བྱུག་།ཁ་ལྷོར་བལྟའོ། །རྒྱས་པ་ནང་པར་བྱའོ། །ཞི་བ་ཉི་མ་ཕྱེད་ན་བྱའོ། །དབང་ཉི་མ་ནུབ་ན་བྱའོ། །དྲག་པོ་ནམ ཕྱེད་ན་བྱའོ། །མེ་ཐབ་ཀྱི་རིམ་པའོ། །མཚེད་རྫས་དང་སྲེག་རྫས་ཀྱི་རིམ་པ་ལ། སྔགས་མཁན་གྱི་གཡོན་དུ་དྲི་དང་མེ་ཏོག་གི་བཀང་བའི་དུད་པོར་བཞག་།ཡོན་ཆབ་ཀྱི་སྣོད་གསེར་ལ་སོགས་པ་ལས་ཀྱི་བྱེ་བྲག་དང་མཐུན་པ་ཆབ་ཀྱིས་བཀང་ལ བཞག་། མ་འབྱོར་ནས་ལ་བྱས་བ་ཡང་རུང་ངོ། །དགང་གཟར་དང་བླུགས་གཟར་དང་མར་མདུན་དུ་བཞག་གཡས་སུ་ཟངས་གཞོང་གི་ནང་དུ་དྲིས་བཀང་ལ་ཀུ་ཤ་བཅུག་ལ་པྲོཀྵ་ཎའི་སྣོད་བཞག་གོ་།ལས་ཀྱི་བུམ་པ་གཅིག་ཀྱང་བཞག་གོ་།ཏིལ་ལ་སོགས པ་སྲེག་རྫས་ཀྱང་བཞག་གོ་། དེ་ལ་རྫས་ཀྱི་རིམ་པ་རྒྱས་པ་ལ་ཞོ། །ཞི་བ་ལ་ཏིལ། དབང་ལ་ཨཽཏཔལ་དམར་པོ། །དྲག་པོ་ལ་ཚེར་མ་ཅན་གྱི་ཤིང། ཕྱེ་མ་རིམ་པ་བཞིན་ནོ། །ཀུན་གྱི་སྔོན་དུ་མར། ཐ་མར་ཡང་མར་རོ། །རྫས་དགྲམ་པའི་རིམ པའོ། རྫས་བྱིན་གྱིས་བརླབ་པ་ནི། གཞོང་པ་ཀུན་གྱི་སྟེང་དུ་རྡོ་རྗེ་བཞག་ལ། དེ་ཉིད་གསུམ་གྱི་སྔགས་བརྗོད་པས། འཇིག་རྟེན་ཀུན་གྱི་རྟོག་པ་ཀུན་བསལ་ནས། རྫས་དེ་ཉིད་བཟང་པོར་བསམ་མོ། །ཡམ་ཤིང་གི་རིམ་པ་ལ། ཞི་བའི་ཡམ་ཤིང ནི་འོ་མ་ཅན་གྱི་ཤིང་དང་རློན་པ་རྩེ་མོ་དང། བཅས་པ་བྱུང་བ། སྲིད་དུ་མཛུབ་གང་བ་སྦོམས་སུ་ཆང་པ་གང་ཡོད་པ་སྦྲང་རྩི་དང་འོ་མ་དང། ཙནདན་དཀར་པོའི་ཆུས་སྤངས་པ། རྩེ་གཅིག་ཏུ་ཞི་བའི་ལས་ལ་དབུལ་ལོ། །རྒྱས་པའི་ཡམ་ཤིང་ནི། སྲིད་དུ་ཁྲུ་གང་པ་སྦོམས་སུ་ཞི་བ་དང་མཐུན་ནོ། །ཡལ་ག་དང་དབུས་ཀྱི་ཆ་ལས་བྱུང་བ། ཞོ་དང་མར་དང་སེར་པོའི་དྲི་ལས་སྦངས་པ། རྩེ་གཅིག་ཏུ་རྒྱས་པའི་ལས་ལ་དབུལ་ལོ། །དབང་གི་ཡམ་ཤིང་ལ། སྲིད་དུ་སེར་ལྔ་པ་འདབ་མ་དང་བཅས་པ་སྦོམས སུ་ཆག་གང་བ་ཡུངས་མར་དང་བདུད་རྩི་ལ་སོགས་ཀྱིས་སྤངས་ལ། དབང་གི་ལས་ལ་དབུལ་ལོ། །དྲག་པོའི་ཡམ་ཤིང་ནི། སྲིད་དུ་སོར་བཞི་པ། རྩེ་མོ་ཅན་གྱི་ཤིང་ལས་བྱུང་བ། གསོད་པའི་ལས་ལ་རབ་ཏུ་ཤིས་པ། མི་རུས དང་དུར་ཁྲོད་ཀྱི་སོལ་བ་དང། ཐལ་ཆེན་ལན་ཚ་ཁ་བ་དང། ཚ་བའི་རྫས་རྣམས་ཆུ་ལ་སྤངས་ལ། རབ་ཏུ་བསྒྲིམས་ལ་མངོན་སྤྱོད་ཀྱི་ལས་ལ་དབུལ་བར་བྱའོ། །ཡམ་ཤིང་གི་རིམ་པའོ། །བདུད་ཤིང་གི་རིམ་པ་ལ། པ་ལ་ཤ་དང་ནྱ་གྲོ་དྷ་ལ་སོགས་པ ལ་བྱའོ། །དེ་མེད་ནའོ་མ་ཅན་གྱི་ཤིང་སྐམ་པོ་ལ་བྱས་ལ་ལས་ཀྱིས་རྗེས་སུ་མཐུན་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཡི་དམ་ལྷའི་ཏིང་ངེ་འཛིན་རྫོགས་པ་དང། ཀུ་ཤས་པྲོཀྵ་ན་བྱའོ། །ཉྩ་མཱཾ་ནཾ་ཨརྒྷ་བི་དྷི་དང། མཆོད་པ་རྣམ་པ་ལྔ་དབུལ་བ་དང། ནང་གི་ཕྱག་རྒྱའི་མཆོད་པ་བྱ་ཕྱག་བཙལ། དེ་ནས་ཀུ་ཤས་ཐམས་ཅད་ལ་པྲོཀྵ་ཎཾ་བྱའོ། །དེ་ནས་ལྕགས་ལ་སོགས་པའི་སྣོད་སར་པར་ཤིང་བརྩིགས་ལ། གཙུབས་པ་ལ་སོགས་པའི་མེ་བླངས་ལ། རླུང་ཡབ་གྱིས་གཡབས་ལ་མེ་སྦར་རོ། །དེ་ལ་སྤར བའི་སྔགས་ནི། ཨོཾ་ཛཝ་ལ་ཛཝ་ལ་ཧཱུཾ་ཕཊ་ཅེས་སོ། །དེ་ནས་དུ་བ་མེད་ཅིང་ལེགས་པར་འབར་བ་དང། ཐབ་ཁུང་གི་ཤིང་བརྩིགས་པ་ལ་བླུག་གོ་།མེ་སྦར་བའི་རིམ་པའོ། །དེ་ནས་ཀུ་ཤ་འབྲིང་གཉིས་ཤར་ཕྱོགས་སུ་ཁ་བསྟན་ལ་བཞག་ལྷོ་དང་ནུབ་དང་བྱང དུ་ཡང་དེ་བཞིན་བསྟན། ཀུ་ཤ་དགྲམ་བའི་སྔགས་ཨོཾ་བཛྲ་སཏྭ་ཨཱ་ཡུ་ཥེ་སྭཱཧཱ། ཀུ་ཤ་དགྲམ་པའི་རིམ་པའོ། །དེ་ནས་སློབ་དཔོན་ཡི་དམ་བསྒོམ་པ་དང་ལྡན་པས་ཐབས་ཀྱི་ནང་དུ་སྣ་ཚོགས་པདྨ་འདབ་བརྒྱད་པ་ཞིག་བསམས་ལ། དེའི་དབུས་སུ་མངོན པར་བྱང་ཆུབ་པ་ལྔ་དང་ལྡན་པས་ཀྱེའི་རྡོ་རྗེ་ཡབ་ཡུམ་བསྒོམ་མོ། འདོད་ཆགས་ཆེན་པོ་སྐྱེས་པའི་སྟོབས་ཀྱིས་ཞུ་ནས་དངུལ་ཆུ་བཞིན་དུ་གནས་པ་ལས། དེ་ཉིད་ཡི་གེ་ཧཱུཾ་དང་ཛཾ་གཉིས་སུ་གྱུར། ཡི་གེ་གཉིས་ཡོངས་སུ་གྱུར་པ་ལས་མེ་ལྷ་ཡབ་ཡུམ་དུ བསྐྱེད་དེ། མེ་ལྷ་ཞལ་གསུམ་ཕྱག་དྲུག་པ་གསུས་པ་ལྡིར་བ་རལ་པའི་ཐོར་ཅོག་ཅན། མཆོད་ཕྱིར་ཐོགས་པ་འཆང་བ། རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པའོ། །གཡས་ཀྱི་བར་མ་ནུ་གུན་དྷེའོ། །ཐ་མ་ན་མཆོད་སྦྱིན་གཡོན་པར་ན་ཟེ་འབྲུ། ཐ་མ་ན་བགྲང་ཕྲེང སྐུ་མདོག་ལས་ཀྱི་བྱེ་བྲག་དང་མཐུན་པའོ། །དེ་ལྟར་བསམ་པའི་ཐུགས་ཀར་སྣ་ཚོགས་པདམོ། དེའི་སྟེང་དུ་གྲུ་གསུམ་མེ། དེའི་སྟེང་དུ་བྲུཾ་བསམས། ཛཾ་བསམ། ལྕེ་ལ་རཾ་བསམ། མེ་ལྷ་དམ་ཚིག་སེམས་དཔའ་བསྒོམ་པའི་རིམ་པའོ། །དེ་ལ་ཡང་པྲོཀྵ་ཎཾ་ལ་སོགས པ་གང་ཡན་ཆད་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། སློབ་དཔོན་གར་དང་ལྡན་པས། ཛབ་ཕྱག་བྱ་བ་ཡན་ཆད་བྱ། །དེ་ནས་ཡང་པྲོཀྵ་ཎ་ལ་སོགས་པ་གསུམ་བྱའོ། །གར་དང་ལྡན་པས་ཞགས་པས་གཉིས་སུ་མེད་པར་བསྟིམ། ལྕགས་སྒྲོག་གིས་བཅིང། དྲིལ་བུས་མཉེས་བར་བྱ། དེ་ནས་ཡང་པྲོཀྵ་ཎཾ་ལ་སོགས་པ་གསུམ་བྱའོ། །དེ་ནས་གཟར བུ་གཉིས་ཀྱི་ནང་དུ་ཡི་དམ་གྱི་ལྷའི་སྙིང་པོའི་ཡི་གེ་ཧཱུཾ་རེ་རེ་བསམ་མོ། །དེ་ནས་གྲུ་མོ་གཉིས་སྤྲད་ལ། མར་གཟར་བུ་བདུན་དབུལ། ཨོཾ་ན་མབར་བྱ་སྟེ། དགང་གཟར་བཞག་།ོཾ་སརྦ་སཾ་བ་དེ་སྭཱཧཱ། ཞོ་དང་ཟེན་གྱིའོ། །ོཾ་སརྦ་པཱ་བཾ་ད་ཧ་ན་བཛྲཱ་ཡ་ཨ་མུ་ཀ་སརྦཱ་པཱ་པ་ད་ཧ་སྭཱཧཱ་ཏིལ་གྱིའོ། །ོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། དུརྦའི་འོ། ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱ། ཆག་པ་མེད་པའི་འབྲས་ཀྱིའོ། །ོཾ་ཨ་པྲ་ཏི ཧ་ཏ་བཛྲཱ་ཡ་སྭཱཧཱ། ཀུ་ཤའི་སྔགས་སོ། །ོཾ་བཛྲ་བཱི་ཛཱ་ཡ་སྭཱཧཱ། འབྲས་ཀྱི་ལག་པ་ན་གྱིའོ། །ོཾ་མཧཱ་བE་གཱ་ཡ་སྭཱཧཱ། ནས་ཀྱིའོ། །ོཾ་མཧཱ་བ་ལཱ་ཡ་སྭཱཧཱ། ཨོཾ་བཛྲ་གྷསྨ་རི་ཡེ་སྭཱཧཱ། གྲོའི་འོ། ཡམ་ཤིང་གི་ལ། ཨོཾ་བཛྲ་ཨཛྙE་ཡ་སྭཱཧཱ། ཨཽ་དུམྦ་རའི་འོ།། ོཾ་བོ་དྷི་པྲོཀྵ་ཡ་སྭཱཧཱ། བྱང་ཆུབ་ཤིང་གིའོ། །ོཾ་བཛྲ་རྟ་ཏཱ་ཡ་སྭཱཧཱ། ནྱ་གྲོ་དྷའིའོ། །ོཾ་བཛྲ་ས་ཧཱ་ཀ་རཱ་ཡ་སྭཱཧཱ། ཨ་མྲའིའོ། །དེ་ནས་ཡང་མར་དགང་གཟར་ཁྱེངས་པ་སྟོང་མན་ཆོད་དབུལ་ལོ། །དེ་ནས་ཡང་པྲོཀྵ་ཎཾ་ལ་སོགས་པ་བྱ། དེ ཀུན་རྫོགས་པ་དང། རྡོ་རྗེ་དཀུར་བསྟན་དྲིལ་བུ་གསིལ་ལ། སྲིད་པ་རང་བཞིན་གྱིས་དག་པའི་ཚིགས་བཅང་བརྗོད་དོ། །དེ་ནས་མེ་ལྷ་ལ་བསྟོད་པ་བྱ། །ཕྱག་བྱ། དེ་ནས་ལས་ཀྱི་བུམ་པའི་ཆུས་ཐབ་ཁུང་དུ་ལན་གསུམ་ཀུ་ཤས་གཏོར་ལ་བསང་བར་བྱའོ།། དེ་ནས་མེ་ལྷའི་ཐུགས་ཀར་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་བསམས་ལ། མེ་ལྷའི་ཁ་ཧོཾ་ཁུང་དུ་བསམས། དེ་ནས་ཡེ་ཤེས་སེམས་དཔའ་གར་དང་ལྡན་པར་ཛཔ་དང། ཡང་ཕྱག་རྒྱ་བཞིས་དགུག་པ་དང། གཞུག་པ་དང་བཅིང་བ་དང། དགྱེས་པ་བསྐྱེད་ནས་གཉིས་སུ་མེད་པར་བསྟིམས་ལ། དེ་ནས་ཡང་པྲོཀྵ་ཎཾ་ལ་སོགས་པ་ཕྱག་བྱ་བ་ཡན་ཆད་བྱའོ། །དེ་ནས་མར་གཟར་བུ་ཉི་ཤུ་རྩ་གཅིག་མན་ཆད་དབུལ་ལོ། །དེ ནས་ཞོ་ལ་སོགས་པའི་རྫས་ཀྱི་རིམ་པ་ལྷ་ལ་དབུལ་ལོ། །ཡང་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་མན་ཆད་དབུལ་ལོ། །ཡང་པྲོཀྵ་ཎ་ལ་སོགས་པ་བྱ། །རྡོ་རྗེ་དཀུར་བསྟན་དྲིལ་བུ་གསིལ། །སྲིད་པ་རང་བཞིན་གྱིས་དག་པའི་ཚིགས་བཅད་བརྗོད བསྟོད་པ་བྱ། དེ་ནས་གར་གྱི་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱའོ། །ོཾ་བཛྲ་མུབླུགས་གཟར་གྱིས་དབུལ་ལོ། །དེ་ནས་སློབ་མ་ཀུན་མེ་ཏོག་ལག་ཏུ་ཐོགས་ལ་རྗེས་སུ་ཡི་རང་བ་བགྱི་སྟེ། སློབ་དཔོན་གྱིས་དགང་གཟར་མར་གྱིས་བཀང་བའི་ནང་དུ་སློབ་མ་ཀུན་གྱིས་མེ་ཏོག་བླུགས་ཏེ། སློབ་དཔོན་གྱིས་ཀྱང་བཛྲ་ཨགནེ་སྭཱཧཱ། ཞེས་བརྗོད ཅིང་དབུལ་ལོ། །སློབ་མས་ཀྱང་རྒྱས་པར་གྱུར་ཅིག་གམ། ཞི་བར་གྱུར་ཅིག་པའི་རྗེས་སུ་ཡི་རང་བ་བྱའོ། །ཞི་བ་ཡིན་ན་རུ་རུ་སྤུ་རུའི་སྔགས་ཀྱིས་མར་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་ལ་རྗེས་སུ་ཡི་རང་བར་བགྱིའོ། །རྫས་དབུལ་བའི་རིམ་པ་ལ། པྲོཀྵ་ཎས་ནི་སྤྱིར་བསང་བར བྱའོ། །ཉྩ་མཱ་ནས་ནི་མེ་ཏོག་མཐེབ་མཛུབ་ཀྱིས་བླངས་ལ། ཞལ་དང་ཐུགས་དང་ཕྱག་དུ་དབུལ་བར་བྱའོ། །རྒྷ་ནི་དུད་ཕོར་ནས་སྐྱོར་མོས་ལན་གསུམ་མདུན་དུ་དབུལ་ལོ། །པཱ་དྱཾ་ནི་དུད་ཕོར་ནས་མཐབ་མཛུབ་གཉིས་ཀྱིས་མེ་ཏོག་བླངས་ལ་སྨད་དེ་ཐབས་ཀྱི་ཞབས་ལ ཕོག་བར་བྱས་ལ་ལན་གསུམ་ཞལ་བསིལ་དབུལ་ལོ། །ལས་ཀྱི་བུམ་པ་ནི་བསང་བའོ། །སླའི་རྫས་ནི་ཞལ་དུ་དབུལ་ལོ། །ཤིང་བུ་འོད་ལ་དབུལ། འབྲས་ལ་སོགས་པ་རྣམས་ནི་ཕྱག་དུ་དབུལ། དྲི་སྙིང་གར་དབུལ། མེ་ཏོག་དབུ་ལ་དབུལ་བདུག་སྤོས་ཤངས ལ་དབུལ། དྲི་ཆབས་ཞབས་ལ་དབུལ། ཨརྒྷ་དང་མར་མེ་མདུན་དུ་དབུལ། །མའི་དེ་ཁོ་ན་ཉིད་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །ལྷ་རྣམས་མཉེས་པར་བྱ་བ་དང། །སྔགས་རྣམས་གཟི་བྱིན་སྐྱེ་བ་དང། །སྡིག་པ་རྣམས་ནི་བསྲེག་པའི་ཕྱིར།། བཟླས་པ་བས་ཀྱང་སྦྱིན་སྲེག་ཤིས། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་གྱིས་ཞབས་ཀྱིས་བཤད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤཱི་ཧེ་བཛྲ་སྟོ་ཏྲ། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ། བཅོམ་ལྡན་འདས་རྡོ་རྗེ མཁའ་འགྲོ་ལ་ཕྱག་འཚལ་ལོ།

CLOSE WINDOW