Wylie | e-texts based on the ACIP/ALL ![]() ![]() |
།དེ་ཉིད་སྣང་བར་མཛད་པ་ཡིན། །ཞེས་བྱ་བའོ། །དེ་ཁོ་ན་ཉིད་ཀྱི་སྣང་བ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐས་བསྒྱུར་ཏེ་གཏན་ལ་ཕག་པའོ། །།ལེའུ་སྟོན་རྒྱ་ནག་གིས་ནན་གྱིས་ཞུས་པའོ།། །།དགྱེས་པ
རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ་བཞུགས་སོ། ། །།*། །རྒྱ་གར་སྐད་དུ་།ཧེ་བཛྲ་སྭ་ཧ་ཤ་བྱ་བའི་ཀྲ་མ་ནཱ་མ་བོད་སྐད་དུ་།དགྱེས་པ་རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་བདག་ཉིད་?་བློ་ཕུན
སུམ་ཚོགས་པ་དང་ལྡན་པས་བསམ་གཏན་གྱི་ཁང་པར་ཞུགས་ཤིང་། ཆོས་ཐམས་ཅད་བདག་གི་མེད་པར་མོས་ཏེ། ཕྱིའི་ཁྲུས་དང་།ནང་བདུད་རྩིའི་ཁྲུས་བྱའོ། །དེ་ནས་ཅི་འབྱོར་པའི་ཡོ་བྱད་བ་སོགས་པ་དང་།མཎྜལ་བྱ་བ་དང་།རས་རིས་དགྲམ?་པ?
དྲི་ཆབ་ལ་འཐོང་འཐུང་དང་ཉེ་རེག་བྱས་ཤིང། ཨོཾ་ཧེ་བཛྲ་ཨ་ཏི?་ན་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བརྗོད་པས་བདག་ལ་སོགས་པ་བསྲུང?་པར་འགྱུར་རོ། །དེ་ནས་སྟན་བཟང་པོ?
བདུག་སྟེ། མཆོད་པའི་ཡོ་བྱད་རྣམས་བྱིན་གྱིས་བརླབ་པ་དང། ཨོཾ་བཛྲ་པུཥཔེ?་ཨོཾ་ཨཱ:ཧཱུཾ་།ོཾ་བ་ཛ་དྷཱུ་བེ་ཨོཾ་ཨཱསོ་མཆོད་རྫས་གཞན་དག་ནི་ཨོཾ་ཨཱ:ཧཱུཾ་ཞེས་པ་བདུན་ནམ་ཉི་ཤུ་རྩ་གཅིག་གིས་སོ། །དེ་ནས་རང་གི་སྙིང་གེའི་ཧཱུཾ་གི་འོད་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཧཱུཾ་ཁྱོད་ནི་རྣལ་འབྱོར་མ་རྣམས
བསྐོར། ། །རྡོ་རྗེ་མི་ཕྱེད་ཅིག་བཞེད་པ། །མཆོག་ཏུ་དགྱེས་པས་གཤེགས་ནས་ཀྱང། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ོཾ་བཛྲ་གོ་རཱི་ཛ?་ཧོབཞེས་སུ་གསོལ། ཨོཾ་སརྦབ་ཏ་ཐཱ་ག་ཏ་པུཥཔེ་པཱུ་ཛ་མེ་གྷ?་མུ་ད་སཕ་ར་ཎ་ས་མ་ཡེ་ཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་པ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །གུས་པ་མཆོག་གིས་བདག་འབུལ་ན་།ཅི་བདེ་བར་ནི
བཞེས་སུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་དྷུ?་ལ་པཱུ་ཛ་མེ་ལྷ་ལ་མུ་ཛྲ་སཕ་ར་ཎས་མ་ཡེ་ཧཱུཾ་།གདོན་རྣམས་འཇོམས་ཤིང་བཀྲ་ཤིས?་དགེ་ཞིང་མུན་སེལ་མར་མེ་འོད། །གུས་པ་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས?་སུ་གསོལ
ོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀོ་པཱུ་ཛ་མེ་གྷ་ས་མུ་པྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་། ནགས་ཚལ་བཅུད་ནི་ཡིད་དུ་འོང། །དྲི་ཞིམ་སྦྱར་བ་ལྷ་ཡི་ཆུ། །གུས་བས་མཆོག་གིས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་གནདྷ་པཱ་ཛ་མེ་གྷ་ས་མུ
དྲ་སྦར?་ན་ས་མ་ཡེ་ཧཱུཾ་། སྨན་རྣམས་བཅུད་ནི་ཡིད་དུ་འོང། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག། གུས་པ་མཆོག་གི་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ནི་བེ་དྱེ་ལཱ་ཛ་མེ་གྷ་ས་མུ་དྲ་?་རི་ཎ་ས་མ་ཡེ་ཧཱུཾ།
དེ་ནས་ལྷ་མོ་བརྒྱད་ཀྱི་མཆོད་དེ། །གཽ་རཱི་མ་ནི་རི་བོང་འཛིན།། ཙཽ་རཱི་མ་ནི་ཉི་མ་འཛིན། །བེཏྟ་ལཱི་ནི་རྡོ་རྗེ་ཆུ། གྷསྨ་རཱི་ནི་སྨན་འཛིན་ཅིང། །སྤོས་མོ་ཙན་དན་སྡོང་བུ་འཛིན། །དེ?་ཁྲོད་མ་ནི་སྦྲང་རྩི་འཛིན། །གཏུམ་ཅིང་ཏེའུའི་སྒྲ་སྒྲོགས་ཤིང། །འདོད་ཆགས
ཆེན་པོའི་རྗེས་ཆགས་པས། །གཡུང་མོས་མགུལ་པ་ནས་འཁྱུད་པ། །སྐྱེས་བུ་བཞིན་དུ་བྱེད་པར་བཤད། །ཕྱི་དང་ནང་དང་གསང་བ་དང། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ཏྟ་ར་པཱུ་ཛ་མ་གྷས་མུ་དྲ་སཕ་ར་ཎས་མ
ཡེ་ཧཱུཾ། །དེ་ནས་བཤགས་པ་བྱ་སྟེ། བདག་གི་སྡིག་པ་བགྱིས་པ་དང། །རྗེས་སུ་ཡི་རང་བགྱིད་སྩལ་གང། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་ནི། །ཐམས་ཅད་མ་ལུས་སོ་སོར་བཤགས། །དེ་ནས་རྗེས་སུ་ཡི་རང་བ་བྱས་སྟེ་།སངས་རྒྱས་བྱང་ཆུབ
སེམས་རྣམས་དང། །འཕགས་པ་ཉན་ཐོས་རང་རྒྱལ་དང། །སོ་སོའི་སྐྱེ་བོའི་བསོད་ནམས་དེ། ཀུན་ལ་རྗེས་སུ་ཡི་རང་ངོ། །དེ་ནས་སྔོ་བ་བྱ་སྟེ། །བདག་གི་དགེ་བ་འདི་དག་ཀུན། །བླ་མེད་བྱང་ཆུབ་ཡང་དག་རྫོགས། །སེམས་ཅན་ཀུན་དང་ཐུན
མོང་དུ། །ཡོངས་སུ་སྨིན་ཅིང་རྫོགས་པར་བགྱི། །དེ་ནས་སྐྱབས་སུ་གསོལ་ཏེ་རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག་།དེ་ཡིས་གསུངས་པའི་དམ་ཆོས་དང། །བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དེ་ནས་སྨོན་པ
*། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བདག་གིས་བླ་མེད་བྱང་ཆུབ་ཏུ། །ཡང་དག་རྫོགས་བར་གྱུར་ནས་ནི། །སེམས་ཅན་ཀུན་དོན་ཕན་བྱའི་ཕྱིར། །མི་གནས་མྱ་ངན་འདས་ལ་དགོད། །དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།
བདག་གིས་སྦྱིན་པ་ལ་སོགས་པ། །ཕ་རོལ་བྱིན་པ་ཀུན་རྫོགས་བས། །རྡོ་རྗེ་ཐེག་པ་བླ་མེད་པའི། །ལམ་ནི་ཡང་དག་བསྟེན་པར་བྱའོ། །དེ་ནས་ཆད་མེད་པ་བཞི་རིམ་པ་བཞིན་དུ་བསྒོམས་ལ། །ཡེ་ཤེས་ཀྱི་ཚོགས་སྟོང་པོའི་བྱང་ཆུབ་དུ་བསམས་ཏེ།
རབ་དང་གུར་ལ་སོགས་པའི་ནང་དུ་འབྱུང་བཞི་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་ཁྱུད་དང་ལྡན་པའི་ནང་དུ་སོ་སོའི་གདན་དབུས་སུ་འདུད་བཞི། ཤར་ཕྱོགས་སུ་ཚངས་པ་།ལྷོ་ཕྱོགས་སུ་དབང་བོ། །ནུབ་ཕྱོགས་ཉེ་དབང་།བྱང་ཕྱོགས་དྲག་པོ།།
བྱང་ཤར་དུ་ཤིན་རྗེ། ཤར་ལྷོར་ནོར་བྱིན་།ལྷོ་རུང་དུ་བདེན་བྲལ། ནུབ་བྱང་དུ་ཐག་ཟངས་རིས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ?་ཨ་པ་ཡ་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་དོ། །དེ་ནས་དེའི་དབུས་སུ་མངོན་པར་བྱང
ཆུབ་པ་རྣམ་བ་ལྔ། །ཟླ་བ་མེ་ཁོང་ཡི་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ལ?་ཕྱག་མཚན་ནི་།སོ་སོར་རྟོག་པ་ཉིད་དུ་བརྗོད། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པའོ། ཞེས་པས་རྒྱུའི་རྡོ་རྗེ
འཆང་སྐུ་མདོག་དཀར་པོ་རིག་མ་སྔོན་མོ་དང་བཅས་པ། ཞལ་ཕྱག་བཅུ་དྲུག་པ་ཕྱག་རྒྱ་ལྔ་དང་ཐལ་ཆེན?་གྱི་ལུས་ལ་བརྒྱན་པ་བསྐྱེད་ལ་།གསང་བའི་གནས་པདྨ་སུ་ཁ་དྷ་ར་ཞེ་པ་ལ་སོགས་པ་དང་།ོཾ་བཛྲ་མ་ཧཱ་དྭེ་ཥ་ལ་སོགས་པས་བྱིན་གྱིས
བརླབས་ལ་། མི?་ཞེས་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་ངེས?་བསྐྱོད་ལ་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པས་རྗེས་སུ་ཆགས་བའི་ཞུ་བ་ལས་རྗེས་སུ་མཐུན་བའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་ལྷ་མོའི
འཁོར་ལོ་སྤྲོ་བར་བྱའོ། །དེ་ལ་གཽ་རཱི་མ་ནི་ཤར་གྱི་གདན་གྱི་སྟེང་དུ་སྔར?་གྱི་བསོད་ནམས་དང་ཡེ་ཤེས་ལས་ཨཱ་ལི་ཀཱ་ལིར་སྣང་ལ། དེ་དག་གྱུར་པ་ལས་ཟླ་བ་དང་ཉི་མ་སྟེ་མངོན་པར་བྱང་ཆུབ་པ་གཉིས་པའོ། །དེ་དག་གི་ནང་དུ་ཞུ་བར་གྱུར་པའི་བྷཾ།
ཞགས་པ་གྲི་གུག་ཏུ་གྱུར་། དེ་ལ་གྷཾ་གིས་མཚན་པ་ཟླ་ཉིའི་སྟེང་དུ་གནས་པ་ནི་བྱང་ཆུབ་པ་གསུམ་བའོ། །དེ་ནས་ས་བོན་གྷཾ་ལས་འོད་ཟེར་རྣལ་འབྱོར་མའི་རྣམ་པའི་གཟུགས་སུ་བྱུང་སྟེ་།སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་སླར་བསྡུས
པས་ཉི་ཟླ་ལ་སོགས་པ་ཞུ་བ་ནི་བྱང་ཆུབ་པ་བཞི་པའོ། །དེ་ལ་གཽ་རཱི་གཟུགས་སུ་མདོག་ནག་མོ་དྲག་ཆེན་མོ་ལ་སོགས་པ་རྫོགས་པ་ནི་བྱང་ཆུབ་པ་ལྔ་པའོ། །དེ་བཞིན་དུ་ཙོ་རཱི་ལ་སོགས་པ་གཞན་དག་ལ་ཡང་སྦྱོར་རོ། །དེ་ལྟར་འཁོར་བསྐྱེད?་པའི་བྱ་བ
རྫོགས་པ་དང་། དེའི་དབུས་སུ་གཙོ་བོ་རྒྱུས་འགྱུར་བ་ནི་སྲིད་པ་བར?་ཡི་གེ་ཨོཾ་ཨཱཞུ་བས་དྲན་པ་དང་ལྡན་བར་གྱུར་ཏེ་། དེ་ཉིད་ཀྱི་ཚེ་གཙོ་བོ་རིག་མ་དང་བཅས་པ་ཡང་ཞུ་བར་གྱུར་ཏོ། །དེ་ལྟར་རྒྱུ་རྫོགས་ནས་རྐྱེན་གླུས་བསྐུལ་བ་ནི། །གྲཝ་བཞིན་གནས་པའི་ལྷ་མོ་བཞིས་བསྐུལ་པའི་ལས་བྱེད་པས་ན་།བྱམས་པ་ལ་སོགས་པའི་གླུ་བཞི
བླང་བར་བྱ་སྟེ་། བཞེངས་ཤིག་རྗེ་བཙུན་སྙིང་རྗེའི་མིང། །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བ་ཞིང་མཛོད་།ཁྱོད་མི་བཞུགས་ན་བདག་འགུམ་པས། །དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཅིག། སྟོང
པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་བ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱོད་ཀྱི་
ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞངས་ཤིང། གཡུང་མོ་བདག་ཡིད་དྲན་ཉམས་པས། །སྙིང་རྗེའི་རྒྱུན་ཆད་མ་མཛད་ཅིག་ཞེས་པའི་རྐྱེན་གྱིས་བསྐལ་བས། །འབྲས་བུའི་ཧེ་རུ་ཀ་ཡུང་ཙམ་གྱིས་མངོན་པར་བྱང་ཆུབ་པ་ལྡས?
རྫུས་སྐྱེས་དང་ཆོས་མཐུན་པར་བསྐྱེད་པར་བྱ་སྟེ། དེ་ཡང་ཞུ?་དེ་གོང་བུ་གཉིས་སུ་གྱུར་ཏེ། གོང་བུ་གཅིག་ནི་སྟེང་འོག་གི་ཉི་ཟླ་གཉིས་དང། བར་དུ་ས་བོན་ཏཱཾ་ལས་རྡོ་རྗེར་གྱུར། དེ་ལས་ས་བོན་གྱིས་མཚན། དེ་ལས་འོད་ཟེར་རྣལ་འབྱོར་མའི་གཟུགས
སྔོ?་བསྡུས་པ་ལས་གཅིག་ཏུ་གྱུར་པ་ལས་སྒུ་མདོག་ནག་པོ་ལ་སོགས་པའི་མཚན་ཉིད་དུ་གྱུར་ཏོ། །དེ་བཞིན་དུ་བདག་མེད་མ་ལ་ཡང་ཨོཾ་དང་གྲི་གུག་ལཾ?་སོགས་པ་བྱང་ཆུབ་པ་ལྔ་ལས་གྱུར་ཏོ། །དེ་མ་ཐག་ཏུ་ཞབས་རྣམས་ཀྱི་སྟངས?་སྟབས་ལ
སོགས་པ་གྱུར་པའི་རྗེས་ལ། དབུས་ཀྱི་གནས་སུ་དཀྱིལ་འཁོར་གྱི་བདག་པོར་གྱུར་ཏོ། །དེ་ནས་མང?་འཁོར་རྣམས་ཀྱི་སྐུ་མདོག་དང། མཚན་མ་ལ་སོགས་པ་གསལ་བར་བྱས་པ་དང། སེམས་དཔའ་སུམ་བརྩེགས་བྱ་སྟེ། དེ་ལ་དཔའ་བོའི་ཐུགས་ཀར
པཾ་ལས་པདྨ་འདབ་མ་བརྒྱད་པ་དང། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེའོ། །དེ་ལས་ཧཱུཾ་གིས་མཚན་པར་གྱུར་པ་ལས་བསྐྱེད་པའི་མི་ཤེས་པ་རང་དང་འདྲ་བའོ། །དེའི་ཡང་ཐུགས?་གར་པདྨ་དང་ཉི་མ་ལ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་ལ་ཧཱུཾ་གིས་མཚན
པའོ། །དེ་བཞིན་དུ་གཞན?་དག་ལ་ཡང་ཧཱུཾ་དང་རྡོ་རྗེ་སེམས་དཔའ་སུམ་བརྩེགས་བྱ་བ་ཉིད་དོ། །དེ་ནས་གཙོ་བོའི་ཏིང་ངེ་འཛིན་སེམས་དཔའ་ལས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁའ་སྤྱན་དྲངས་ཏེ་གསོལ་བདེ་ལ་ས་བོན་ལས་བྱུང་བའི་ཡིད་ཀྱི
མཆོད་པས་མཆོད་ནས་ཨོཾ་ས་བ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་པཱ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་གླུ་དང་ཕྱག་རྒྱར་བཅས་པས། ཨོཾ་བཛྲ་གོ་རཱི་བཛྲ་ཨཾ་ཀུ་ཤ་ཛ་ཨོཾ་བཛྲ་གྷསྨ་རཱི་བཛྲ་གྷཎྜ་ཧོམཆེད་བྱིན་གྱིས་བརླབས་པ་དང། སྐུ་གསུང་ཐུགས་སོ། །དེ་ལ་གཙོ་བོའི་མིག་ལ་མཾ་གི་ས་བོན་ནོ། དེ་ཡང་ཡོངས་སུ་གྱུར་པ་ལས་གཏི་མུག་རྡོ་རྗེ་མ་གསལ་བར་བསམ་ཞིང། །མ་མོ་ཧ་བཛྲི་ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་དོ། །རྣ་བར་ས་བོན་ཌཾ་ལས་ཞེ
སྔར་རྡོ་རྗེ་མ་བསམ་ཞིང། །དཾ་དྭེ་ཥ་བཛྲི་ཨ་ཨཱ:ཧཱུཾ་ཞེས་བརྗོད་དོ།། ?་སྣ་ལ་པཾ་ཡོངས་སུ་གྱུར་པ་ལས་སེར་སྣ་རྡོ་རྗེ་མ་བསམ་ཞིང། པཾ་པཾ་ཤུ་ནུ་བཛྲི་ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་དོ། །ཁ་ལ་དཾ་ཡོངས
སུ་གྱུར་པ་ལས། །འདོད་ཆགས་རྡོ་རྗེ་མ་བསམ་ཞིང། ?་ག་བཛྲ?་ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་དོ། །ལུས་ལ་ཨོཾ་ཡོངས་སུ་གྱུར་པ་ལས་ཕྲག་དོག་རྡོ་རྗེ་མ་བསམ་ཞིང། ཨཾ་ཨཻ་ར་ཤ་བཛྲ་ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་དོ། །སྙིང་གར་ཡིད་ལ་ཡང
ས་བོན་ནི་ཡོངས་སུ་གྱུར་པ་ལས་བདག་མེད་པར་བསམ་ཞིང། །ནཾ་ནེར་ཨཱཏྨ་བཛྲི་ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་དོ། །དེ་བཞིན་དུ་གཙོ་བོའི་སྙིང་ག་དང། ལྐོག་མ་དང། སྤྱིར་བོར་ཨོཾ་ཨཱ:ཧཱུཾ་གི་ས་བོན་ལས། མཁའ་སྤྱོད་སྐུའི་རྡོ་རྗེ་མ། ས་སྤྱོར?་གསུང
གི་རྡོ་རྗེ་མ?། །ཞབས་འོག་གནས་པ་ཐུགས?་ཀྱི་རྡོ་རྗེ་མར་གལ་བར་བསྐྱེད་ཅིང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཥེ་ཙའི་བཛྲ་སྭབཏཱ?་བ། །ཏ་ཀོ་ཧཾ་ཨོཾ་སརྦ་ཏ་ཐཱ་ག་ཏཱ?་ཙ་རི་བཛྲ་སྭེ?་བྷཱ་བ་ཨཱཧམཀཾ་ཧཾ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཏཱ་ལ་ཝ་སི་ན་བཛྲ་སྭབྷཱ
བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་དོ། །དེ་བཞིན་ལྷ་ཀུན་ལ་ཡང་རིམ་པ་བཞིན་དུ་སྦྱར་རོ། །དེ་ནས་གཙོ་བོའི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་ནམ་མཁར་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ། ཡང་འོད་ཟེར་གྱིས།
མཆོད་ཅིང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བརྗོད་པས་མཉེས་པར་གྱུར་པ་དེ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་གྷི་ཥིཉྫ་ཏུ་མཱཾ?་ཞེས་གསོལ་བ་བཏབ་པས་སངས་རྒྱས་དང
བྱང་ཆུབ་སེམས་དཔའ་དེ་དག་དཔལ་ཧེ་རུ་ཀ་ཞེལ་བརྒྱད་ཕྱག་བཅུ་དྲུག་པར་གྱུར་ཏེ། དེ་བཞིན་གཤེགས་པ་ལྔ་ཞུ་བའི་བུམ་པས་ལྷ་ཀུན་དབང་བསྐུར་ནས། །སོ་སོར་རིགས་ཀྱི་བདག་པོ་དབུ་ལ་བསྐྱེད་ཅིང། མེ་ཏོག་གི་ཆབ?་ལ་སོགས་པ་བྱུང?
བ་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭཱ་ཧཱ་བ་ཨཱཏྨ་ཀོ་སཾ་ཞེས་བརྗོད་དོ། །དེ་ནས་ཡང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་མཆོད་པའི་ལྷ་མོའི་ཚིགས?་ས་ནས་བདག་ཉིད་གཙོ་བོ་དང་བཅས་པའི་འཁོར་ལོ་ལ་མཆོད་དེ། །ོཾ་སརྦ་ཏ
ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ལ་ཨཱ་ཏཱ་ཀོ་ཧཾ?་ཞེས་བརྗོད། །དེ་ནས་ཐམས་ཅད་དངོས་པོའི་རང་བཞིན་མཆོག་ཅེས་བྱ་བ་ལ་སོགས་པའམ་ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངས་སུ་བསྐོར་ཞེས་བྱ་བ་ལ་སོགས་པས་འཁོར་གྱིས་གཙོ་བོ་ལ་བསྟོད་པར་བསམ་ཞིང།
བདག་ཉིད་ཀྱི་?་?། །ོཾ་སརྦ་ཏ་ཐཱ་ག་ཏ་པྲ་སྭཱ་ཏོ་བཛྲ་སྭ་དྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་དོ། །དེ་ནས་བདུད་རྩི་མྱང་བའི་ཆོ་ག་བྱ་སྟེ། བདག་ཉིད་གཙོ་བོའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ཡེ་ཤེས་ཀྱི་སྣང?་པ་ལས་བྱུང?
པ་ཡན་བས?་ན་?་?་དང་པར?་ང་རྒྱལ་བྱའོ། །དེ་ནས་རང་གི་མདུན་དུ་འཇིག་རྟེན་པའི་གཡོས?་བྱེད་པའི་ཚུལ་?་དུ་ཡོངས་སུ་གྱུར་པ་ལས་ཐོད་པ་གསུམ་དང། ཡཾ་ལས་རླུང་ངོ། །དེ་ནས་རཾ་ཡོངས་སུ་གྱུར་པའི་ཐོད་སྟེང་དུ། ཨ་ཡོངས་སུ་གྱུར་པའི་ཐོད་པའོ། །ནང་དུ
བདུད་རྩིའི་?་རི?་ལཱུམ?་ཕྱེ་མ་མྱོམ་བྱེད་དང་སྦྱར་བ་ལ། །རི?་པ་ཤུ་མ་མུ་དང། གོ་ཀུ་ད་ཧ་ན་ལས་བདུད་རྩི་ལྔ་དང། སྒྲོན་པ་ལྔའི་ངོ་བོར་གྱུར་ཏོ། །དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྒྱ་གྲམ་ཁ་ཆོད་ལྟ་བུར་བསམ་མོ། །དེ་ནས་རླུང་གིས་མེ་བསྐྱོད་པས་ཐོད་པར
བདུད་རྩི་དང་སྒྲོན་མ་འདྲེས་ཤིང་ཁོལ་བས་བླངས་པ་ལྟ་བུའི་འོད་ཟེར་བྱུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། །དེ་རྡོ་རྗེ་ལ་ཐིམ་པས་ཞུ་ནས་དམ་ཚིག་གི་བདུད་རྩི་ལ་ཐིམ་ཞིང་འདྲེས་པར་གྱུར་ཏོ། །ོཾ་ཨཱ:ཧཱུཾ
ཞེས་ལན་མདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་པས། བྱིན་གྱིས་བརླབ་པར་བྱ་སྟེ་དེ་ནས་དཀྱིལ་འཁོར་གྱི་ལྷ་ཀུན་རང་གི་གཙོ་བོར་གསལ་བའི་ཐུགས་ཀར་བསྐྱེད་ཅིང་དམིགས་པ་འམ། ཡང་ན་རང་ཉིད་ལས་གྱུར་པའི་འོད་ཟེར་ལྟ་བུའི་སྣང་བར་བསམས་ཏེ། རང་གི
ལྕེ་ལ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་ནས་འབྲུ་ཙམ་བསམ་མོ། །དེའི་འོད་ཟེར་སྤུ་གུས་བདུད་རྩིའི་རོ་མྱང་ཞིང། ཨོཾ?་སརྦ་ཏ་ཐཱ་ག་ཏ་ཨ་མྲི་ཏ་སུ་སཏབ?་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་དོ། །དེ་ལྟར་ཡན་ལག་དྲུག་པོ་དག། འཁོར་ལོས་སྒྱུར་བ་དྲུག་རྣམས་སུ། །མོས་དང་ལྡན
པས་བསྒོམས་གྱུར་ན། །མྱང་དུ་བྱང་ཆུབ་ཐོབ་པར་འགྱུར། །དེ་ཡི་རྟགས་ནི་འདི་ཡིན་ཏེ། །དང་པོ་སྤྲིན་དང་འདྲ་བ?་ནི། །སྤྲིན་མེད་ནམ་མཁའ་ཨི་བར་དུའོ། །དེ་ནས་རྫོགས་རིམས་དེ་ཁོ་ན་ཉིད། །གཏུམ་མོ་སྦར་བ་ལ་སོགས་བྱ། །རྣལ་འབྱོར་དེ་ཡིས་ངལ་གྱུར་ནས། །དེ་ཉིད་རྗེས
སུ་དྲན་པ་དང། །སྔགས་བཟླས་གཏོར་མ་བཏང་བ་དང། སྤྱོད་ལམ་ལྷག་བར་མོས་པ་བྱ། །དེ་དག་གི་དོན་ནི་འདི་ཡིན་ཏེ། ཡན་ལག་དྲུག་པོ་ཞེས་པ་ནི། གཞི་དང་རྗེས་སུ་ཆགས་པ་དང། །དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང། །འཁོར་ལོས་སྒྱུར་དྲུག་ཅེས་པ
ནི?། །?་རྡོ་རྗེ་འཆང་བ་དང། །མི་བསྐྱོད་དོན་ཡོད་རིན་ཆེན་འབྱུང། །འོད?་དཔག་མེད་པ་འམ་ཡེ་ཤེས་རྣམས། །ཆོས་ལྡན་བསྒོམ་པ་ཞེས་པ་ནི། །རྣམ་པ་དེ་དག་བསྒོམ་པའི་ཚེ། །མོས་པ་སངས་རྒྱས་རང་བཞིན་ནོ། །མྱུར་དུ་བྱང་ཆུབ་འཐོབ་ཅེས་པ་ནི། །མཆོག་ཏུ
གྱུར་པའི་རྟེན་འབྲེལ་མཐུ། །རྡོ་རྗེ་སེམས་དཔའ་མཁྱེན་ཕྱིར། །དེའི་རྟགས་ཞེས་པ་ནི། སེམས་བརྟན་དེ་ཉིད་ལ་འཇུག་དང། དངོས་གྲུབ་འགྲུབ་པའི་མཚན་མའོ། །དང་པོ་སྤྲིན་དང་འདྲ་ཞེས་པ་ནི། དབང་སྟོབས་ལྷན་སྐྱེས་བུ་མོ་འམ། །ལས་ཀྱི་ཕྱག་རྒྱ་མངོན་དུ
སྣང། །སྤྲིན་མེད་ནམ་མཁའ་ཨི་བར་དུའོ་ཞེས་པ་ནི། བསྒོམ་དང་སྤྱོད་དང་འབྲས་བུའི་སྟོབས། །ཕྱག་རྒྱ་ལ་སོགས་རིམ་བཞིན་སྦྱར། །རྫོགས་རིམ་དེ་ཁོ་ན་ཞེས་པ་ནི། རིམ་གཉིས་ཚོགས་པ་གཅིག་པ་འམ། །རྟེན་ཏེ་བྱིན་གྱིས་བརླབ་ཕྱིར་རོ?། །
གཏུམ་སྦར་བ་ལ་སོགས་ཞེས་པ་ནི། མཚན་མ་རྣམ་རྟོག་འཇོམས་པ་ཡིས། །ཡི་གེ་ཨཾ་མ་ཐིག?་ལེ་ལས། །འབར་བའི་འོད་ཟེར་བྱུང་བས་སོ། །སོགས་པ་རྫོགས་རིམ་གཞན་ཡང་བསྒོམ། །རྣལ་འབྱོར་དེ་ཡིས་དལ་ཞེས་པ་ནི། རིམ་པ་གཉིས་ཀྱིས་རལ?
གྱུར་ན། །དབུགས?་དབྱུང་བ་ནི་རྣམ་པ་གསུམ། །དེ་ཉིད་རྗེས་སུ་དྲན་ཞེས་པ་ནི། བདག་ཉིད་ལྷ་ཡི་ཕུང་པོ་དང། །སྐྱེ་མཆེད་ལ་སོགས་ལྷ་མོར་དྲན?། །ཧེ་རུ་ཀ་ཡི་ཆ་བྱད་ནི། །ཕ་རོལ་ཕྱིན་པའི་རྣམ་དག་དྲན། །སྔགས་བཟླས་ཤེས་པ་ནི། དེ་ལ་སྔགས་ཀྱི་བཟླས་པའི
ཚེ?། །བདག་ཉིད་རིམ་པ་གཉིས་པོ་དག་།ཚོགས་པ་གཅིག་ཏུ་སྣང་བྱས་ནས། །བདག་ཉིད་ནམ་མཁའ་ཨི་ངོས་གནས་པའི། །ཟླ་བ་ལྟ་བུའི་བསམ་གཏན་མོས། །དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ནི། །ཆུ་ཟླ་ལྟ་བུར་གྱུར་པའོ། །དེ་ལ་སྔགས་ཀྱི
བཟླས་པ་ཡང། །བདག་ཉིད་ཚོགས་པ་གཅིག་གྱུར་པས། །སྒྲ་རངས?་གསལ་བ་ཁྲི་འབུམ་བཟླས། །དེ་ཚེ་དཀྱིལ་འཁོར་པ་དག་ཀྱང། །སྒྲ་བརྙན་བྲག་ཆའི་ཚུལ་དུ་ཟློས། །གཏོར་མ་བཏབ?་ཞེས་པ་ནི། །དེ་ལ་གཏོར་མའི་བྱ་བ་སྟེ། །བཤད་རྒྱུད
ལུང་དང་མན་ངག་གོ་། བདག་ཉིད་ཚོགས་པ་གཅིག་གྱུར་བས། །མདུན་གྱི་ཆོས་འབྱུང་གྲུ་གསུམ་དུ། །སྟེང་འོག་པདྨ་རིམ་གསུམ་བྱ། །སྟེང་དུ་ཚངས་པ་ལ་སོགས་ལྷ། །ོཾ་སྐྱེས་ན་དོག་དཀར་རྟག་པས་མཚན?་རྡོ་རྗེ་དྲིལ་བུ་འཛིན་པ་ཡིའང?་?་ཐོག?་པ་དང
ལྡན་པའོ། །བར་གྱི་པདྨ་ཧཱུཾ་ལས་བྱུང། །མདོག་སྔོ་མི་བསྐྱོད་པ་ཡིས་མཚན། །རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །རང་མཚུངས་རིགས་པ་དང་ལྡན་པའོ། །འོག་གི་པདྨར་ཨ་ལས་བྱུང། །མདོག་དམར་འོད་དཔག་མེད་པས་མཚན། །རྡོ་རྗེའི་དྲིལ་བུ
འཛིན་པ་ཡིས། །རང་མཚུངས་རིགས?་པ་དང་ལྡན་པའོ། །ཡཾ་ལས་རླུང་དང་རཾ་ལས་མེ། །?་ལས་ཐོད་པར་བདུད་རྩི་བསམ། །བདུད་རྩི་སྒྲོན་མའི་ས་བོན་ལས། །རིམ་བཞིན་བསྐོལ་བས་འོད་ཟེར་བྱུང། །དེ་ཡིས་ཡེ་ཤེས་བཀུག་བྱས་ཏེ། །དེ་ཉིད་གསུམ་གྱི་སྔགས
ཀྱིས་བརྟན། །དེལ་སྔར་གྱི་མགྲོན་རྣམས་ཀྱི། །ལྕེ་ཡི་འོད་ཟེར་སྦུ་གུ་ཡིས། །བདུད་རྩི་རོ་དུ་གསོལ་བར་བྱེད། །ོཾ་ཨཻནད་ཛ་མ་ཛ་ལ་ཛགཁ།?་བྷ་ཏ་བཧི་བ་ཨཽ་རཀྵ་ཙནད་སུཛཛ་མ་ཏ་བཔྤ་ཏ་ལ་བཱ་ཏཱ་ཨཊཋ?་ས་པྤ་སྭཱཧཱ། །ཻ་དཾ་བ་ལིཾ?་བྷུཉྫ་ཛི?་གྷ་ཕུལླ་དྷཱུ་པ་མཱཾ་ས
བི་གྷ། ཨམྦྷ་ཀཛཛ་སརྦ་སཱ་དྷ་ཁ་ན་ཏི་ཁུན?་ནི་ཕེཊ་གཱ་ད་།ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨུ་ཎཱ། ཨཱདྱ་ནུཏཔནྣ?་ཏྭཱཏ་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ། གལ་ཏེ་མཚན་ཕྱད?་ཚོགས་འཁོར་ལོ། །བྱེད་ན་དབུགས་དབྱུང་བཞི་པ་སྟེ། གཉིས་འོག་གཏོར་མའི་སྔོན་དུ་བྱ། །དང་པོར
ཀུན་གྱི་ཁྲུས་ལ་འཇུག་། བདུད་རྩི་ལྔ་དང་དྲི་ཞིམ་བྱུག་།གོས་བཟང་རུས་སོགས་རྒྱན་གྱིས་བརྒྱན། །སོ་སོའི་མགོ་ལ་མེ་ཏོག་གཞག། །ཡང་ན་མེ་ཏོག་ཕྲེང་བས་བཅིང། །ཐིག་གདབ་ལེ་ཆོར?་བྱ་བ་དང། །རང་རང
སྟན?་ལ་བདེ་བར་འདུག་། ཀུན་གྱི་རྣལ་འབྱོར་གསལ་བ་རུ། །ཕྱོགས་དང་མཚམས་སུ་ལྷ་རུ་གསལ། །དེ་ནས་ཀརྨ་བཛྲ་ཡིས་མེ་ཏོག་ལ་སོགས་མཆོད་པ་ལྔ། རྣལ་འབྱོར་ཀུན་ལ་རིམ་བཞིན་བྲི། །དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། བ་ལིཾ?་ཆེན་པོའི
བཏོར?་མ་བསྟང། །བཟའ་དང་བཏུང་བའི་ཕུད་བསྡུས་ལ། །ལག་ཏུ་ཐོགས་ནས་འདི་སྐད་བརྗོད། །ོཾ་བཛྲ་གཽ་རཱི་ག་ན་ཙཀྲ་ཨ་དྷིཥྛ་ན་ཞེས་པའི་གླུ་ནི་དྲུག་འགྱུར་དུ། ལྷ་མོ་བརྒྱད་པོ་རིམ་བཞིན་དུ། །དེ་ལྟར་བྱིན་གྱིས་བརླབ་བྱས་ལ། །ཀརྨ་བཛྲ་ས་ཕུད་དེ་རྣམས
གཏོར་ཆེན་བསྐྱེད་གསུམ་ལྡན་པར་ནི། །ར་མགོ་ལུག་མགོ་མེ་མགོ་ཅན། །འཕན་དབབ་ངན་བརྒྱན་པས་དབུལ། །ོཾ་ཧེ་བཛྲཱ་དྷིཥྫཱི?་ན། མཧཱ་བ་ལིཾ་ཏ་པྲི་ཏཱཙཱ་ཧོ། །ཁ་ཁ་ཁཱ་ཧི་ཁཱ་ཧི། གྲིཧྞ་གྲིཧྞ། བྷུཉྫ་བྷུཉྫ་དྲ་བཱིཙྪ?་ཧོ:ཞེས་པས་གླུ་བླང་ཞིང། ཨོཾ་བཛྲ་ནཻ་?
ཱཏྨ་ཨོཾ་བཛྲ་གཽ་རཱི་ཞེས་པའི་མིང་ཀུན་དང་སྦྱར་ཞིང་དབུལ་ལོ། །དེ་ནས་རྐརྨ་བཛྲ་ཡིས། །རྡོ་རྗེ་སློབ་དཔོན་ལ་སོགས་པ། །ཀུན་གྱི་མདུན་དུ་མཎྜལ་བྱ། །རྡོ་རྗེ་ལག་བསྐོར་གར་བྱ་ཞིང། །རྡོ་རྗེ་གླ་ཡིས་འདི་སྐད་བརྗོད། །ཁྱོད་ནི་རྣལ་འབྱོར
དམ་པ་མཆོག་། བདེ་བ་ཆེན་པོའི་རོས་གང་བ། །དེ་ཡི་རྐྱེན་དུ་དབུལ་ལགས་གྱིས། །དགྱེས་པའི་མདངས་ཀྱིས་བཞེས་སུ་གསོལ། །དེ་ནས་བཟའ་དང་བཅའ་ལ་སོགས། །ཁྱད་པར་དང་ནི་ཐུན་མོང་དུ། །སོ་སོར་ཚིམ་པར་གྱུར་ནས་ཀྱང། །རྡོ་རྗེ་གང་བུ་གླུ
བླངས་ཏེ། །ཚོགས་ཀྱི་བདག་པོས་སྔར་བྱས་པའོ། །ཡང་ན་གཞན་དག་གིས་ཀྱང་ངོ། །ོཾ་བཛྲ་གཽ་རཱི་ཧཱུཾ། བཛྲ་པཱུ་ཛ་ནུཏྟ་ར་ཞེས་པ་རྒང་པ་གསུམ་གྱིས་གླུས་ལྷ་མོ་བརྒྱད་ཅང་ལ་སྦྱར་བར་བྱའོ། །གཞན་ཡང་སྐད་ཅིག་དགའ་བའི་གླུ་།རྣམ་པ་སྣ་ཚོགས་དུ་མ་ཡི། །ལཾ
དང་འཁྱུད་པ་ལ་སོགས་པ། །རྣམ་པ་སྣ་ཚོགས་སྐད་ཅིག་མ། །དགའ་བའི་ལོངས་སྤྱོད་རབ་ཏུ་དབུལ། །རྣམ་པ་སྣ་ཚོགས་དུ་མ་ཡི། །སྒེག་དང་དཔའ་ལ་སོགས་པ་རྣམས། །རྣམ་པར་སྨིན་པའི་སྒད་ཅིག་མ། །མཆོག་དགའ་ཨི་ལོངས་སྤྱོད་རབ་ཏུ་འབུལ། །རྣམ་པ་སྣ
ཚོགས་དུ་མ་ཡི། །བདེ་བའི་སྟོན་མོ་ལ་?་པའོ?། །རྣམ་པ་མེད་པའི་སྐད་ཅིག་མ། །དགའ་བྲལ་ལོངས་སྤྱོད་རབ་ཏུ་འབུལ། །རྣམ་པ་སྣ་ཚོགས་དུ་མེ་ཡི། །བདེ་མཆོ་ཆེན་པོ་ལ་སོགས་པ། །མཚན་ཉིད་བྲལ་བའི་སྐད་ཅིག་མ། །ལྷན་སྒྱེས་ལོངས་སྤྱོད་རབ
ཏུ་འབུལ། །འཇིག་རྟེན་མ་ལུས་ཐམས་ཅད་ཀྱང། །ནམ་མཁའ་ཀུན་གྱིས་རྣལ་འབྱོར་གྱིས། །ནམ་མཁའ་ཨི་དམ་ཚིག་ལ་ཞུགས་ཏེ། ཐམས་ཅད་ནམ་བར་ལོངས་སྤྱོད་པའོ། །ཞེས་པ་ཡིས་ནི་གླུ་བླངས་ལ། །གལ་ཏེ་སློབ་མ་འཇུག་འདོད་ལ། །ཚིགས
ཀྱི་འཁོར་ལོ་སྔོན་ཉིད་དུ་ཅུང་ཟད་བཟླས་པའི་རྗེས་ལ་བྱ། །དེ་ཡང་རྡོ་རྗེ་སློབ་དཔོན་གྱི། །ལས་སུ་བྱ་བ་འདི་ཡིན་ཏེ། །སྔོན་དུ་གྲངས་དང་མཚན་མའོ། །དུས་ཀྱི་བསྙེན་པས་སྦྱང་བར་བྱ། །འབུམ་དང་ཁྲི་ཡིས་གཙོ་འཁོར་ལོ། །དེ་བཞིན་ཟླ་དྲུག་གོམས?
པ་དང། །སྔགས་ཀྱི་རབ་མཐོང་པ་རོལ་སོན། །གསལ་བར་ནུས་པའི་རྣལ་འབྱོར་རོ། །དེར་ནི་བསྙེན་པས་མཐུ་བསྟེང?་ན། །ས་ཡི་ཆོ་ག་བརྟག་པ་ནི། །ཕྱི་དང་ནང་དུ་ཤེས་པར་བྱ། །ཕྱི་ནི་ཚ་སྒོ་ཅན་ལ་སོགས། །?་པའི་སྐྱོན་ངག་སྤང་བྱས་ནས། །གྲོང་ཁྱེར་བྱད་ངས?
ཐར་དུ་གཞོལ། །མཉམ་ལ་སོགས་པའི་ཡོན་ཏན་ལྡན། །ནང་ནི་མཚན་མ་རྨི་ལམ་སོགས། །རྣལ་འབྱོར་ནུས་པས་རབ་ཏུ་བརྟག། སྦྱང་བ་དེ་བཞིན་ཕྱི་དང་ནང། ཕྱི་ནི་འདོམ་གང་ལྟེ་བ་དང། །པུས་ནུབ?་ཙམ་དུ་བརྐོ་བྱས་ཏེ། །འབྱོར་བ་རབ་འབྲིང་ཐ་མ
ཡིས། །ཇོ་དང་གྱོ་མོ་སོལ་དུམ་བསལ། །དེ་ནས་ནང་གི་སྤང་བ་ནི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སོ། །དེ་ནས་བྱིན་གྱིས་བརླབ་བྱ་སྟེ། །འོག་གཞི་རི་རབ་རྩེ་མོ་འམ། །ཤྲཱི་དྷ་ན་ལ་སོགས་པ་ཡི། །བླ་རེ་བ་ཅན་གྱི་གནས་སུ་བསམ། །དེར་གནས་པ་?
རྣལ་འབྱོར་ནི། །ལན་ལག་དྲུག་པོ་སྔར་བཞིན་བྱ། །དེ་ནས?་ས་ཡི་ལྷ་མོ་ནི། །བསྐྱེད་ཅིང་སྤྱན་དྲངས་བཞུགས་པ་ལ། །མ་མ་རིན་ཆེན་སྣ་ཚོགས་འཛིན། །ཞེས་སོགས་ཚིག་གི་དབང་པོར་གསོལ། །དེར་རྗེས་རྣལ་འབྱོར་ལྡན་པ་ཡིས། །སློབ་དཔོན་ལ་ནི་གྲོག?
མཆོག་གིས། །ཕྱོག་སྦཞི་ནས་བསྟོང་གསོལ་བ་གདབ། དེ་ཡི་ངོར་བྱས་ལངས་ཏེ་བསྲུང?། །རྡོ་རྗེ་ལྟ་སྟངས་རྡོ་རྗེ་འགྲོས། །དེངས་ཤིག་པ་དང་སྟང་སྟབས་སོགས། །དཀྱིལ་འཁོར་ཆོ་གའི་གཞུང་བཞིན་བྱ། །དེ་ཡི་མཚན་མོ་ལྟ?་གོན་ནི། །ལྷ་དང་བུམ་པ
སློབ་པའོ། །དེ་ལ་ལྷ་ཡི་བྱ་བ་ནི། །དང་པོར་ཀརྨ་བཛྲ་ཡིས། བྱ་བ་ལ་ནི་འཇུག་པ་དང། །ཚོགས་བསགས་པ་དང་རྣལ་འབྱོར་ནི། །ཡན་ལག་དྲུག་པོ་སྔར་བཞིན་བྱ། །དེ་ནས་བདག་ཉིད་ཕུན་སུམ་ཚོགས། །ལྡན་པ་བླ་མ་ལ་ན་འཕོ་།དེ་ཚེ?་དྲ་ཡི་ཐིག་ལེ
པདྨ། མེ་མད?་དགུ་སོགས་ཕུན་ཚོགས་བྱ། །དེ་ནས་བླ་མའི་རྣལ་འབྱོར་ནི། །གཟུགས་བརྙན?་མེ་ཏོག་ཚོམ་བུ་ལ། །ཏིང་འཛིན་ས་བོན་དག་གིས་བསྐྱེད། །ཡེ་ཤེས་བཀུག་ལ་སུམ་བསྲེས་བྱ། །དེ་ཡང་རང་གི་སྙིང་ག་ཡི། །ས་བོན་འོད་ཟེར་ལྕགས་ཀྱུ་ཡིས།
མདུན་དུ་ཡེ་ཤེས་འཁྲོལོ་བསྔུ། ཡིད་ལས་བྱུང་བའི་མཆོད་པ་ཡིས། །ཅི་རིགས་མཆོག་ཅིང་སྔགས་འདི་བརྗོད། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་པཱ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་གཽ་རཱི་ལ་སོགས་པའི། །ཛ:ཧཱུཾ་བ་ཧསྔགས་དང་ནི། །གླུར་བཅས་པའི་ཕྱག་རྒྱ་ནི། །དགུག་སོགས་ཐིམ་བས་ལོ་ཤེས་འབར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །སྒྲུབ་ཏེ་གཞན་ལ་ཡང་མ་ཡིན། །སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས། །བྱིན་གྱིས་བརླབ་དང་དབང་བསྐུར་བ།།
སྟར་བཞིན་བྱས་ཏེ་མཆོད་པའི་ཚོགས། །འདིར་ནི་རབ་ཏུ་རྒྱས་པར་བྱ། །བསྟོད་དང་བདུད་རྩི་མྱང་བ་དང། །སྔགས་དང་བཅས་པ་སྔར་བཞིན་བྱ། །དེ་ནས་ཡང་ན་འདི་སྐད་བརྗོད། །གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་དངོས་གྲུབ་བདག
ཉིད་ཅན། །སྟོན་པ་གཙོ་བོ་ཁྲག་འཐུང་དཔལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་དང། །རིག་པའི་ལྷ་མོ་སྒྱུ་འཕྲུལ་དང། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོང་སུ་གསོལ
སློབ་མ་ལ་ཡང་ཕན་པ་དང། །བྱེད་རྣམས?་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་དག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་འབྲི་བར་འཚལ། །རྗེ་སུ་བརྩ་བར་ཉེར་དགོངས་ཏ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པས་ལྷ་ལ
གསོལ་བ་གདབ་པར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །བུམ་པའི་བྱ་བ་བར་དུ་བརྩམ། །དེ་ཡང་རྒྱ་དང་མཚན་ཉིད་དང། །སྦྱང་དང་བྱིན་བརླབས་བྱ་བ་ལྔ། །དེ་སྦོམ་པ་ཡི་ཚིག་ཡིན་ནོ། །དེ་ལ་རྒྱུ་ཞེས་པ་ནི། གསེར་དངུལ་ཟངས་མ་ལ
སོགས་པའི། །རིན་ཆེན་ལས་སམ་འཇིམ་པའང་རུང། །མཚན་ཉིད་ཅེས་པ་ནི། ལྷོ་ཚ་མགྲིན་པ་རིང་བ་དང། །མཆུ་འཆང་ནག་སོགས་ར་རི་མེད། །སྦྱང་ཞེས་པ་ནི་ལེགས་པར་བཀྲུ་ཞིང་དཀར་པོས་བྱུག། ས་བོན་ཡང་ན་མཚན་མ
དགོང། །ཡུངས་ཀར་བརྡེག་དང་སྤོས་ཀྱིས་བདུག། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང། །རབ་བཟང་མདུལ?་ཆིངས་ཁ་རྒྱན་ལ། །གཟུངས་ཐགས་བཏགས་པའི་རྡོ་རྗེ་བཞག་།དེ་ཡི་ནང་དུ་ཆུ་བཟང་པོ། །འོ་མ་ལྡན་པ་གཞུག་པར་བྱ། །སྨན
ལྦ?་ལས་དེ་བ་དང། །ངན་ཏ་ཨཽཏཔ་ལ་ཀཎྜ་གར?། །ཤ་ཏ་བྲི་ཧ་ཨ་པར་ཙིང། བྱང་ཆུབ་ལྔ་ནི་རྟན་ཏུ་གཞུག། འབྲུ་ལྔ་འབྱས?་དང་མེ?་ཤ་སྲན། །ནས་དང་གྲོ་དན་ཏེ་པ་དཀར་ནག། ལྷ་རྣམས་ཀྱི་ནི་རང་བཞིན་ནོ། །རིན་ཆེན་ལྔ་ནི་གསེར་དང་དངུལ། །མུ་ཏིག
གམ་ནི་མུན་མེན་ཏེ། བྱུ་རུ་གཡས་སུ་འཁྱིལ་བའི་དུང། ལྷ་རྣམས་ཆེ་བའི་བདག་ཉིད་དོ། །དེ་བཞིན་བདུད་རྩི་སྒྲོན་མ་དང། །སྙིང་པོ་ལྔ་ཡང་ནང་དུ་གཞུག། དེ་ཉིད་གསུམ་དང་མིང?་སྤེལ?་པའི། །སྔགས་ཀྱི་སོ་སོའི་རྫས་ལ་གདབ། །ོཾ་ཀལྤ་བྲིཀ?་ཨཱ་ན་ཙ་ཨཱ:ཧཱུཾ། ཨོཾ་པ་ཉྫ?་ཨཱ་བེ་ཤ་ཨཱཡཡས?་པཉྫ་གརྤཱ་ཨཱའཕྲེ?་འདུས་བུམ་པ་སྦང?། །དེ་ནས་ཡེ་གེ་བྷཱུ?་དུ་གྱུར། །དེ་ལས་གཞལ་ཡས་ཁང་དུ་གྱུར། །ཁཾ་གི་ཡི་གེ?་དཀར་པོ་ལས། །བུམ་པའི་ནང་ནི་སྟོང་པར་བསམ། །དེ་ནས་པཾ་ཡིག་དམར་པོ?་ལས། །ལྷ་སྣམ་པདྨ་འདབ་མ་བརྒྱད། །རེ་པས་ཉི་མའི་གདན
བསམ་བྱ། །དབུས་སུ་ཧཱུཾ་ལས་གཙོ་བོ་ནི། །རིག་མར་བཅས་པ་གསལ་པར་བསྐྱེད། །གཾ་ཙཾ་བཾ་གྷཾ་བཞི་ལས་ནི། །གཽ་རཱི་ལ་སོ་ཕྱོགས་སུ་?་སཾ་ལཾ་ཌཾ?་བཞི་པོ་ནི། །ཡོངས་སུ་གྱུར་མཚམས་སུ་སྤེས?་མོ་སོགས། །དེ་ནས་ཡེ་ཤེས་འཁོར་ལོ་ཡང། །བདག
ཉིད་གཙོ་བོའི་ཐུགས་གནས། །འོད་ཟེར་གྱི་ནི་མདུན་དུ་དགོང། །དེ་ལ་མཆོད་ཡོན་མཆོད་པར་བྱ། ཟུང་ཟད་སྔགས་དང་བཅས་པར་བརྗོད། །དེ་ནས་གཽ་རཱི་ལ་སོགས་པ། །དབྱེད་མེད་བསྟིམ་པར་བྱ་བ་དང། །མཆོད་ཅིང་བསྟོད་པ་སྔར་བཞིན་བྱ
བདུད་རྩི་མྱང་བ་འདིར་མི་དགོས། །བྱ་བ་ཞེས་པ་ནི། དེ་ནས་བཟླས་པ་བྱ་བ་སྟེ། །དང་པོ་ལྷ་མོ་བཞི་ཡི་སྔགས། །རུ་རུ་སཕ་རུ་ལ་སོགས་པས། །བུམ་ནང་ཆུ་ལ་སོགས་པའི་རྫས། །འབྱུང་བ་བཞི་ཡིས་བསྡུས་བ་ཀུན། །ལྷ་མོ་བཞི
དུ་བྱིན་གྱིས་བརླག?། དེ་ནས་ལྷ་ཡི་བཟླས་པ་ཡང། །བརྒྱ་འམ་སྟོང་རྩ་བརྒྱད་དུ་བཟླས། །དེ་ཚེ་བདག་གིས་བསམ་རྒྱུད་ནི། །སྙིང་གར་གཟུང་པའི་སྐུད་པ་ནས། །ཡི་གེ་ཧཱུཾ་ལ་ལག་པ་སྦྱོར། །དེ་ཡི་འོད་ཀྱིས་པདྨ་ནས། །བྱང་སེམས་གྱེན་དུ་དྲངས
གྱུར་ཏེ། །སྐད་པའི་སྒྲུབས?་ཀྱིས་རྡོ་རྗེར་ཐིམ། །རྡོ་རྗེ་བུམ་ནང་ལྷ་ལ་ཐིམ། །ལྷ་ཀུན་ཞུ་བས་བུམ་པ་གང། །དེ་ནས་རོལ་མོར་བཅས་པ་ཡི། །ངས་བཟང་མེ་ཏོག་ཅལ་བཀྲ?་པའོ། །སྟེང་དུ་བྱིན་གྱིས་བརླབ་ལ་བཞག། དེ་ལྟར་རྣམ་རྒྱལ་བུམ་པ
བཞིན། །བུམ་པ་གཞན་ལའང་ལྷ་རང་ཞུ། །ཅི་རིགས་པ་ཡི་ཆོ་གས་བྱ། །དེ་ནས་བླ་མ་སློབ་དཔོན་གྱིས། །སློབ་མ་ལྷག་པར་གནས་པར་བྱ། །སྡོམ་ནི་མཚན་ཉིད་བྱ་བ་དང། །ཆོ་ག་སྨིན་པ་རྣམ་བཞིའོ། །དེ་ལ་མཚན་ཅེས་པ་ནི། །ང་རྒྱལ་མེད
ཅིང་དབང་པོ་དུལ། །རིགས་བཟང་དགེ་བ་བཅུ་དང་ལྡན། །རྒྱལ་པོ་ལམ་རང་གི་བུ་མིན་པ། །དེ་ནས་མཚན་ཉིད་ལྡན་པ་གཞུག། བྱ་བ་ཞེས་པ་ནི་སྔ་པར་ཁྲས་དང་མཎྜལ?་བྱ། །དེ་ལ་སེམས་བསྐྱེད་སྡོམ་པ་སྦྱིན། །དེ་ཡི་ཉིན་པར་སློབ་མ་ནི། །བསམ
པ་བཟང་པོ་ལྡན་བཞིན་དུ། །རྫས་འདི་དག་ནི་ཉེར་བསག?་བྱ། །བུམ་པའི་སྨན་ལ་སོགས་པ་དང། །ཀུ་ཤ་སྲུང་སྐུད་ལ་སོགས་དང། །གཞན་ཡང་མཆོད་པའི་རྫས་རྣམས་དང། །ཚོགས་ཀྱི་ལོངས་སྤྱོད་ལ་སོགས་པའོ། །ཆོ་ག་ཞེས་པ་ནི།
དང་པོར་ལས་ཀྱི་རྡོ་རྗེ་ཡིས། །ཚོགས་བསགས་པ་དང་ཡན་ལག་དྲུག། བདག་ཉིད་ལྡན་པ་ཕུན་སུམ་ཚོགས། །སྔར་བཞིན་བྱས་ནས་བླ་མ་པ། །ཆོས་པའི་དབང་གིས་འཕོ་བྱས་ལ། །དེ་ནས་བླ་མ་མོས་ལྡན་ལ་སློབ་མས་མཎྜལ་ཕྱག་ལ་སོགས།།
བྱས་ཏེ་གསོལ་པ་གདབ་པར་བྱ། །དགའ་ཆེན་ཁྱོད་བདག་སྟོན་པ་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །མགོན་པོ་ཆེན་པོ་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ
གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱི། །བུ་ཚུར་དག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས
གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་ཕུང?་པའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་རྣམས་ཀྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔལ་པོས་བྱང་ཆུབ་ཤིང་དྲུང་དུ། །ཐམས
ཅད་མཁྱེན་པའི་མཚན་མ་བསྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་?་མ་བཟད་རྣམས། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་?
གྱིས་ཤིག། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱེས་སུ་?། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོར་བཞུགས་པའི་བདག་ཉིད་ཅན། །ཀུན་ལའང་རྟག་ཏུ་སྐྱབས་སུ་མཆི། །དཔའ་པོ་དཔའ་མོ་དཔང་ལྷ་མོ། །བྱང
ཆུབ་སེམས་དཔའ་བདག་ཉིད་ཆེན། ཁྱད་པར་དུ་ཡང་སློབ་དཔོན་ལ། རྟག་ཏུ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་དཔའ་བོ་དང། །རྣལ་འབྱོར་མ་དང་རྣམ་སྣང་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ
དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བདག་མེད་པར་གནས་པ། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་ཉིད་སྡོམ་པ་ལེགས་པར་གཟུང། །དེ་ནས་བཤགས་པ་ལ་སོགས་པ། །གཞན་ལས་བྱུང་བཞིན་ཚིག
ཏུ་ཡང། །སློབ་མ་དག་ནི་བརྗོད་དུ་གཞུག་།དེ་ནས་བདག་གིས་ཚིགས་བཅད་འདི། །རྣ་རུ་འབབ་པ་དབྱུངས་སུ་བརྗོད། །བདག་གིས་སྡིག་པ་བགྱིས་པ་དང། །བགྱི་དུ་སྩལ་དང་ཡི་རང་?། སངས་རྒྱས་སྤྱན་སྔར་མཆིས
ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ། །སེམས་བསྐྱེད་མངོན
པར་སངས་རྒྱས་དང། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །བྱང་ཆུབ་སེམས་དཔའ་ཨི་ཚོགས་མཆོག་ལ། །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཅི་ལྟ་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི
བསྐྱེད་པ་ལྟར། །འདི་ཉིད་དུ་ནི་སེམས་བསྐྱེད་དོ། དེ་ནས་?་ལས་འདི་སྐད་བརྗོད། །གཙོ་བོ་བདག་ལ་སྡོམ་པ་གསོལ། །ཐུབ་པ་ཉི་མ་མ་ལུས་པའི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དབང
དུ་གནས་པ་ལ། །སངས་རྒྱས་རོལ་པ་ལ་བྱུང་བའི། །མི་ལྡོག་པ་ཡི་འཁོར་ལོར་སྦྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །སློབ་དཔོན་བདག་ནི་འཇུག་པར་མཛད། །དེ་ནས་བླ་མས་འདི་སྐད་བརྗོད། །རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ཀྱང
ཤིན་ཏུ་བསམ་པ་བཟང་པོ་ལྡན་པ་ཉོན། །བརྗེས་པས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ
སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། ?་པ་དམ་ཚིག་ཡིན་པར་གསུངས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །བློ་ཆན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་རྡོ་རྗེ་དེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན
དག་ཀྱང་གཟུང་བར་གྱིས། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།།
པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་ནད་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་གྱིས། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང
ཅི་ནུས་གྱིས། །གཞན་ཡང་བཅུ་པ་ནི་འདི་དག་ནི། །པས་ཕམ་བར་ནི་རབ་ཏུ་བཤད། །རྩ་པའི་ལྟུང་བ་ཞེས་བཤད་དེ། །ཁ་ན་མ་ཐོ་སྟེམ?་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། མ་བྱིན་པར་ཡང་མི་བླང་ངོ། །འདོད་པ་ལོག་པར་མི
སྤྱོད་ཅིང། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་?་ཀུན་གྱི་རྩར་གྱུར་པའི། ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང། །རྣལ་འབྱཧོར་པ་རྣམས་བཀུར
བར་བྱ་?་ལུས་ཀྱི་ལས་ནི་རྣམ་གསུམ་དང་དག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྤོངས། །ཐེག་པ་དམན་ལ་འདོད་མི་བྱ། །འགྲོ་བའི་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་མི་སྤང་ཞིང།།
རྟག་ཏུ་?་ངན?་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙེས་པར་མི་བྱ་ཞིང། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་གསུང། །ཁྱོད་ཀྱིས་ཀྱང་ནི་བསྲུང་པར་གྱིས།།
དེ་ནས་སློབ་མས་འདིར་ད་བརྗོད། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་པར། །བླ་མེད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་ནས། །སེམས
ཅན་མྱ་ངན་འདས་དགོད་པར། །ལན་གསུམ་དུ་ནི་བརྗོད་པར་བྱ། །དེ་ལྟར་ཕྱི་ཚུལ་བྱིན་བརླབས་ནས། །མན་ངག་གི་ནི་ནང་བྱིན་རླབས། །དེ་ཡང་སློབ་མས་འདི་སྐད་བརྗོད། །བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག
རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཏུ་ནི་བསྒལ་བར་བགྱི། །ཡང་ན་འདི་སྐད་བརྗོད་དུ་གཞུག། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ
སེམས་དཔའ་ཀུན་གྱི་མཆོག། འདྲེན་པ་བདག་ལ་བྱིན་གྱིས་རློབས། །མཚན་ཉིད་ཐམས་ཅད་ཡོངས་སུ་བརྗོད། །མཚན་མིན་ཐམས་ཅད་ཡང་དག་སྤང། །ཀུན་ཏུ་བཟང་པོ་སངས་རྒྱས་མཆོག། འདྲེན་པ་བདག་ལ་བྱིན་གྱིས་རློབས། །ཡང་དག་སངས་རྒྱས་མཆོག
ཞིང། ཡེ་ཤེས་སྦྱོར་པ་རྣམ་པར་སྦྱོང། །ཀུན་ཏུ་རྡོ་རྗེ་གསུམ་འབྱུང་བ། །འདྲེན་པ་བདག་ལ་བྱིན་གྱིས་རློབས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། རང་བཞིན་དག་པའི་དྲི་མ་མེད། །རྣམ་པར་སྣང་མཛད་ཆེར་འབྱུང་བ། །འདྲེན་པ་བདག་ལ་བྱིན་གྱིས་རློབས།
དེ་དག་གླུང་བཅས་སྔགས་འདི་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་ཏེ།?་སརྦ་ཏ་ཐཱ་ག་ཏཱ་ལ་ཡཾ། །བཛྲ་སཏྭ་ས་མུ་དྡྷབ?་ཧཾ། མ་མ་ཨ་དྷི་ཏཥྙི་ན་ཡ་ཀཾ། སརྦ་བ་ལཀྵ་སི་པུར་?་ལཀྵ་ན་བི་བར་ཙི་ཏ། ས་མནྟ་བྷ་དྲ་བུདྡྷ་པ་ཧཾ། མ་མ་ཨ་དྷི་ཏྭིཥྛ?་ན་ཡ་ཀཾ། ཤནྟ་ཧཾ
སཾ་བུདྡྷ་དྷཱ་ན་?་ཀི་བཛྲ་ངལ་སི་མུ་ཏ་བྷ་ཏཾ། མ་མ་ཨ་དྷི་ཏིརཥ?་ཥ་ན་ཡཾ་ཀཾ། སརྦ་སཏྭ་མཧཱི?་དེ། ཤུདྡྷ་པྲ་ཀྲི་ཏི་ནི་མཾ་ལ། ?་ཧཱ་བཻ་རོ་ཙ་ཎ་བུ་པཾ་མ་མ་ཨཱ་དྷི་ཏིཥྛ་ན་ཡ་ཀཾ། དེ་སྐད་བརྗོད་ཅིང་སྨོད་སྔ་གཏུག། བརྐྱང་ཕྱག་བཙལ་ཏེ་ཞུས་པ་རང།
བླ་མས་རང་སྣང་རིག་པ་དང། སྙོམས་པར་འཇུག་པའི་འོད་ཟེར་གྱིས། །སློབ་མའི་སྒོ་གསུམ་དག་པར་སྦྱང། །སློབ་མ་བུར་བྱ་བའི་ཕྱིར། །དེ་ནས་གསང་བའི་གནས་སུ་བཞུག་ཅི་རིགས་དབང་ཡང་བསྐུར་བྱ་སྟེ། །?་འབྱུང་ལུས་འདུད་སྤྱན་སྔར་ནི།
དེ་ལ་ལས་ཀྱི་རྡོ་རྗེ་ཡིས། །དྲི་ཆབ་རཀྵའི་སྔགས་ཀྱིས་བསྲུང་།སྤོས་སུ་ལྡན་པའི་ལན་པ་ཡིས། །སྤྱི་བོར་རེག་ནས་གནས་གསུམ་དུ། །དེ་ཉིད་གསུམ་གྱི་གནས་ཀྱིས་བརྗོད། །ོཾ་བོ་དྷི་ཙིཏྟ་ཨཽཏཔ་དེ་ཡ་མི། །དེ་ནི་སྔར་གྱི་ཉུན་པོར་ལའོ། །ོཾ་ཡོ་གཅི་ལྟ་ཨཽཔཏལ
ཡ་མི། །སུ་རསྟཝཾ། ཡ་ཐཱ་སུ་ཁཾ། སློབ་མ་ཀུན་ལ་དེ་བཞིན་བྱ། །དེ་ལྟར་སེམས་བསྐྱེད་དང་པོ་དང། །ཁྱད་པར་རྡོ་རྗེ་འཆང་བའི་རིགས། །ཇི་ལྟར་བདེ་ལས་གྱུར་པ་དེ། །སངས་རྒྱས་ཉིད་དང་སངས་རྒྱས་སྲས་དེ་བཞིན་གཤེཌ་པ་ཀུན་གྱི་ཡེ་གེ་དེ་བཞིན་གཤེགས་པ་ཀུན་གྱི་སྲས། བདེ
གཤེགས་སྲས་ཀྱི་?་བོའོ། །བདེ་གཤེགས་བཀའ་བཞིན་བྱེད་པ་སོགས། །སེམས་བསྐྱེད་ཡོན་ཏན་བརྗོད་པའོ། །ཡོན་ཏན་ལྡན་བདེ་དག་ལ། །མགོ་ལ་མེ་ཏོག་སྦྱིན་པར་བྱ། །མདུན་དུ་སྤོས་སྦྱིན་མར་མེ་དང། །དྲི་ཡིན་ཆོད་པ་སྙིང་ཀར་སྦྱིན། །དེ་བཞིན
བཤོས་གཙང་ལ་སོགས་པ། །ཅི་རིགས་སྔགས་དང་ཕྱག་རྒྱས་འབུལ། །དེ་ནས་སོ་ཤིང་ཡིད་དུ་འོང། །ཽ་དུ་མཱ་ར་ཨ་ཤྭོཏ?། །བྷ་བཏ་སོགས་ཤིང་བཅང་པོས། །མི་ཡོམ་ཆགས་འབུས་མོ་གྲོས། །པ་རྙིངས་སྲོག་ཆགས་སྤངས་པ་ནི། །སོང་ནི་བཅུ་གཉིས
ཆང་དུ་བྱ། །རྩེ་མོར་མེ་ཏོག་ལྡན་བཅིངས་ལ། །ལྕི་བ་ལ་སོགས་པ་བྱུང་ལྔས། །ས་གཞི་བྱུག་པ་པ?་ཀོ་ཙོམ། མཎྜལ་དེ་ཡི་དྲུང་དུ་ནི། །སློབ་མ་ལངས་ཏེ་འདུག་བྱས་ནས། །ལངས་ཏེ་ཁ་ཐོན་དག་བྱས་ནས། །བལྟོས་པ་མེད་པར་ཐལ་སྦྱར་གཟུང།།
ཤར་བལྟས་མི་དམའ?་ལུས་མི་ཡེ། ཕན་ཚུན་མི་དོར་མདུན་དང་པོར། །དོར་བ་དེ་ལ་མཚན་མ་བརྟག། དེ་ཡང་བླ་མིའི་གདམ་དག་གིས། །དངོས་གྲུབ་ཕྱིར་ལས་བར་ཚོད་གསུམ། །དང་སོ་གྲུབ་རབ་འབྲིང་ཐ་མ་གསུམ། །དངོས་གྲུབ་རབ་ནི་ཤད
ཕྱོགས་དང། །རང་ལ་བལྟས་པ་ལས་ཤེས་བྱ། །འབྲིང་པོ་གཞན་དག་ཐ་མ་ཡང། །འོག་བལྟས་འདམ་ལ་མེ་ཏོག་ཟུག། དེ་བཞིན་གཉིས་པོ་བླ་མ་ཡི། ཞལ་གྱི་གདམས་ངག་ལས་ཤེས་བྱའོ། །དེ་ནས་ཁ་ཡ་ཉིས་བསལ་བ། །དྲི་ཆུ་ལ
པའི་ཁྱོད་མོར་སྦྱིན། །ོཾ་དེ་བི་ཤོ་དྷ་ན་དྷརྨཱ། སརྦ་པཱ་པ་ནི་ཙ་སཾ་ཤོ་དྷ་ཡ། སརྦ་བྲི་?་པ་ནི། ཨོཾ་པ་ན་ཡ་ཧཱུཾ་ཞེས་པའི་སྔགས་བརྗོད་ཧུབ་གསུམ་བཏུང། །དེ་རྗེས་སློབ་མས་སེམས་སྤུངས་བསྐྱེད། །ཟབ་ཅིང་རྒྱ་ཆེ་བ་ཡི་ཆོས
བཤད་ཅིང་བླ་མས་འདི་སྐད་བརྗོད། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར། །མེ་ཏོག་ཨཽ་དུམྦ་ར་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང། །དེ་སྲིད་ཕྲད་དཀའ་འབྱུང་བ་ཡི། །གཉིས་མ་དེ་ཐེབ?
མོའི་སྤྱོད་ཚུལ་འདི། །སེམས་ཅན་སངས་རྒྱས་བྱེད་པ་ཡི། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་བྱས་པའི་རྣམ་སྨིན་གང། །དེ་ཀུན་ཟད་པར་གྱུར་པ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་པས་སོ། །དེ་བཞིན་གཞན་ལས་གསུངས་པ
འང་བརྗོད། །དེ་ནས་ཨའོཾ་ཨཱ:ཧཱུཾ་ཞེས་པས། སུ?་ཤ་བྱིན་?་ཀྱིས་?་རླབས་བྱས་ལ། །སྔས་དང་སྟན་དུ་བྱ་བའོ། །དེ་ནས་སྲུང་སྐུད?་གདགས་པ་ནི། །སྲུང་སྐུར་དཀར་པོ་འམ་དམར་པོ་ལ། །རཀྵའི་སྔགས་བརྗོད་མདུད་པ་དྲུག། དཔུང་པ་གཡོས་སམ་གཡོན
དུ་བཅིང། །དེ་ནས་མེ་ཡི་མཆོད་སྦྱིན་ཏེ། །སྦྱིན་སྲོག་ཆོ་གའི་རིམ་པ་ནི། །བླ་མའི་གདམ་ངག་ལ་བརྟེན་པའི། །ཡི་གེར་བྲིས་པ་གཞན་དུ་བལྟའོ། །དེ་ནས་ཚོགས་མཆོད་སྔར་བཞིན་བྱའོ། །བ་ལིཾ་ཆེན་པོའི་དེ་བཞིན་ནོ། །གདོལ་པ་ཁྱི་རང
བྲམ་ཟེ་སོགས། །མཉམ་པོར་བསིལ?་བའི་ལྷག་མ་བསྡུ། །ཕུད་དང་བསྲེས་ལ་མཁའ་འགྲོ་མའི། །ཕྱི་རོལ་དཀྱིལ་འཁོར་ཚིམ་པར་བྱ། །ལག་པ་གཡས་གཡོན་པདྨ་འམ། །འཁོར་ལོ་ལྟ་བུར་བཅིངས་བྱས་ལ། །རྐང་པས་མནན
ཅིང་སྟེང་དུ་བལྟ། །གྱེན་དུ་ཕེམ་གྱི་སྒྲ་སྒྲོགས་?་ཤིང། །སྤྱན་དྲངས་དབྱངས་དང་སྔགས་ཀྱིས་སོ། །ོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང། །རི་བོ་དང་ནི་རི་སུལ་དང། །གྲོང་དང་བཞི་མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང། །སེམས་ཅན་གནོད
དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། ལྷ་སྦྱིན་མཉམ་དུ་བསྟེན་པ་དང། །ནག་པོ་འཇིགས་དང་འཇིགས་བྱེད་པ། །བཀའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང། །འཇིགས་བྱེད་མ་དང་ཨཽ་མ་དང། །རྒྱལ
དང་རྣམ་པར་རྒྱལ་མ་དང། མི་ཐུབ་གཞན་གྱིས་མི་ཐུབ་པ། །ནག་མོ་བཟང་མོ་དྲག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་མོ་སྡང་མོ་ཟ་བ་མོ། །སུམ་ཅུའི་དབང་མོ་འཕྲོག་བྱེད་མོ། །མར་མེ་འཛིན་བྱེད་རྣལ་འབྱོར་མ། དག་མོའི
གཟུགས་དང་གཟུགས་ཅན་མོ། །མཆེ་བ་གཙིགས་དང་ཐོང་ཆེན་མ། །ཐོད་པའི་ཕྲེང་ཅན་ཁ་ཊཝཾ་མ། །སྤྲུལ་ཆེན་རལ་གྲི་དགྲ་སྟམ། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་ཉིད་ཆེན་ནོ་མཁའ་འགྲོ་མ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ།
དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་མོ་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྲོན་ཅིག། ཨོཾ་ཀཀྐ་དྷ་ན། བ་བཔནདྷ?་ན། ཁངྒཱ?་ད་ན། སརྦ་དུཥུ?་ན་ཧ་ན་ཧ་ན་གྷ་གྷ་གྷ་ཏ
ཡ་གྷཱ་ཧ་ཡ་ཨ། མུ་ཀ་?་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་བཛྲ་སྭཱཧཱ། དེ་ནS་ཧ་ཧོ་ཧྲཱི:ཞེས་བརྗོད། །ཧ་ཡིག་མདངས་དང་ཁ་དོག་འཕྲོག། ཧོ་ཡིས་དྲི་ནི་ཞིམ་པ་བསྡུད། །ཧི:ཡིས་ཕ་རོལ་ནུས་པ་འཇོམས། །ཀྱེའི་རྡོ་རྗེ་མཁའ་འགྲོ་མའི་ཚོགས། །ལས
འདོད་གལ་རྩོན་པར་གྱིས། །བདག་ལ་བདེ་ལགས་སྡུད་པ་དང། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཕན་དང་ཡིད་ལ་བདེ་བ་དང། །གྲོང་དང་ཡུལ་འཁོར་ཤིས་པར་གྱིས། །བུ་དང་ཚ་བོ་རྣམས་འཕེལ་ཏེ།།
རང་རང་གནས་སུ་ལགས་པར་བསྡུད། །གཞན་ཡང་ཕ་རོལ་རྒོལ་བ་དག། ཞི་ཞིང་དབང་དུ་བྱ་བ་འམ། །དགུག་དང་དབྱེ་དང་བསྐྲད་པ་དང། །བསད་པ་ཚར་བཅད་ལ་སོགས་པ། ཙི་རིགས་པ་ཡིས་ཚར་གཅོད་བརྗོད། །ཀྱེའི་རྡོ་རྗེ་མཁའ་
འགྲོ་མའི་ཚོགས། །དུས་ནི་མྱུར་བ་ཉིད་དུ་བརྗོད། །ོཾ་བཛྲ་ཌཱ་ཀི་ནི། ཨ་ཀ་ལོ་བ་སི་མས། ཏྲ་ཡོ་རཏན་ཨཱ་བ་ཀ་རི་ཎོ། །སརྦ་ཤ་ཏྲུཾ། གྲིཧྞ་གྲིཧྞ་ཧཱུཾ་མཱ་ར་ཡ་མཱ་ར་ཡ། །ཧ་ན་ཧ་ན་ཧཱུཾ། མཱ་ར་ཎ་མཱ་ར་ཎ་ཕཊ། ཧེ་ཧེ་བཛྲ?་?
དུཥྚན། ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པས་མངོན་སྦྱོར་བྱས་ནས་བསྡུ། སྔགས་འདིས་གཏོར་མ་དབུལ་བར་བྱ། །ོཾ་བཛྲ་ཌཱི་ཀི་ནཱི་བཾ་ལ་ཏ་པར་ཏཱཏསྩི?་བ་?་ཁཱ་ཧ་ཁཱ་ཧཱི་བྷུཾ་ཛ་ཧོ:བྷྲུཾ་ཛ་ཧོ:དེ་བཞིན་གཞན་ཡང་དེ་བཞིན་སྦྱར་བར་བྱའོ། །ཕྱོགས
སྐྱོང་གཏོར་མ་སྔར་བཞིན་དུ། བཏང་ཏེ་སྨོན་ལམ་གདབ་པར་བྱ། །དགེ་འདིས་སེམས་ཅན་ཐམས་ཅད་སྡིག་མེད་ཅིང། །སངས་རྒྱས་ཉིད་དང་ཕྲད་འགྱུར་བའི། །ལམ་དེ་ཉིད་ནས་ཞུགས་ནས་ཀྱང། མ་བརྒལ་བ་རྣམས་བསྒྲལ་བ་དང།།
མ་གྲོལ་བ་རྣམས་གྲོལ་བར་བཞོག?། རྣལ་འབྱོར་བཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག། དེ་བཞིན་གཞན་ལ་འདི་སྐད་བརྗོད། །དགེ་བ་གང་ཐོབ་དེ་དག་གིས། །སངས་རྒྱས་ཀུན་དོན་ཐམས་ཅད་ནི། །རྡོ་རྗེ་འཆང་གི་གོ་འཕང
དེ། །སེམས་ཅན་ཀུན་གྱིས་?་ཤོག། བྱང་ཆུབ་རྡོ་རྗེ་བསྔགས་པ་ཡང། །རྫོགས་པའི་སངས་རྒྱས་སེམས་སྤྱོད་དང། །རྫོགས་པའི་བྱང་ཆུབ་སྦྱོར་པ་དང། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང། །བདག་ནི་དེ་གཉིས་ཐོད་པར་ཤོག། གང
དང་གང་དུ་སྟེ་བ་?་མ་ཉམས་ཀྱི་ཡི་རྡོ་རྗེ་སྟོན། བླ་མ་མཆོག་ལ་གུས་པ་དང། །ཟླ་བའི་རིགས་ལ་དགའ་བ་དང། དེ་དང་དེར་ནི་སྐྱེ་གྱུར་ཅིག། ཡེ་ཤེས་འཁོར་ལོ་གཤེགས་གསོལ་བོ། །ོཾ་ཛྙ་ན་མཎྜལ་མུ:ཞེས་བ་ལན་གསུམ་བརྗོད
བྱ་ཞིང། །ཁུ་ཚུར་གཡོན་པ་སྙིང་ཁར་བཞག། ལག་པ་གཡས་པ་ས་ལ་བརྐྱང། །?་གོལ་ལན་གསུམ་བརྡ་བས་བ་ཡིས། །?་ལྷ་རྣམས་གཤེགས་སུ་གསོལ། །དེ་ནས་དམ་ཚིག་བདག་ལ་བསྡུ། བརྟེན་པའི་འཁོར་ལོ་གཞལ
ཡས་ཁང། འབྱུང་བཞི་དེ་ལ་ནམ་མཁའ་ཐིམ། །ལྷ་མོ་བརྒྱད་ནི་སྙིང་གའི་ཧཱུཾ། །ཐིམ་ནས་ལྷ་ཡིས་ང་རྒྱལ་གནས། །དེ་ནས་བླ་མས་དཀྱིལ་འཁོར་གྱི། །ནང་དུ་ཞུགས་ལ་ལྷ་རྣམས་མཆོད། །ཕྱོགས་སྐྱོད་རྣམས་ལ་གཏོར་མ་སྦྱིན་སློབ་མ་རྣམས
ལ་ལྟ་གོན་གྱི། །གནས་དེ་འམ་ཉལ་ཁང་གཞན་ཡང་རུང། །སེང་གེའི་ཉལ་སྟབས་མི་ལམ་བརྟག། །སྨྲ་བརྗོད་གཞན་དག་མི་བྱ་བར། །དགྱེས་རྡོར་ཡིད་ལ་བྱས་ཏེ་ཉལ། །དེ་ནས་སྔར་ལངས་མཎྜལ་བྱ། བླ་མས་དྲི་ཞིང་སློབ་མས་བརྗོད། ?
འབྲིང?་ཐ་མ་ནི། །བླ་མས་ཤེས་པར་བྱས་པ་སྟེ། ངན་ན་རྟོག་པ་ཞི་ཐབས་བྱ། །བཟང་ན་ཡིད་དགའ་སྤྲོ་བསྐྱེད་དེ། །དེ་དག་ནི་ལྷག་པར་གནས་པ་སྟ་གོ་ནི་གྱི་ཆོ་གའོ། །དེ་ནས་ནུབ་གསུམ་པ་ལ་འཇུག། འཇུག་པའི་ཡན་ལག་འཇུག་?
ཉིད། །ཡན་ལག་དང་པོ་ཐིག་གདབ་བོ། །སློབ་མར་བཅས་པས་སླར་ཡངས་ཏེ། །ཞི་བ་འམ་རྒྱས་པའི་སྦྱིན་སྲེག་བྱ། །དེ་ཡང་སློབ་དཔོན་མཚན་ཉིད་ནི། །ཡང་དག་དེའི་དེ་ཉིད་ཤེས། །ཁོ?་བ་མེད་ཅིང་སྐྱོ་བ་བཟོད། །རིག་བཅས་ཕྱག་རྒྱར་ལྡན་པ
ཡིས། །ལྷ་རྣམས་མདུན་དུ་ནམ་མཁའ་ལ། །ཟླ་བ་ཁ་སྦྱར་ནང་དུ་གཞུག། དབྱངས་ཡིག་བཅུ་དྲུག་རྒྱ་ཡིས་གདབ། །དེ་ལྟར་བར་གྱི་མཚམས་སྦྱར་ནས། །ཐིག་གདབ་པ་ཡི་ལས་བརྩམ་བྱ། །རིན་ལ་མ་བརྩེགས་རས་བལ་གཟུང།།
ཤེས་རང་མཚན་དང་ལྡན་པས་བཀལ། །འཇུད་མདུད་མེད་ཅིང་གྲོག་རྐྱེད་སྤང། །རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམས་སུ་སྒོ་ཡི་ཉི་ཤུ་ཆ། །སྲང་བུ་རྐྱང་པ་སོ་སོར་བསོག། པད་སྣོད་དྲི་ཞིམ་ནང་དུ་བཞག་།དེ་ནས་དང་པོར་སྲད་བུ་ནི
སོ་སོ་རང་བཞིན་མེད་པར་སྒོམ། །དེ་ལ་བྲུཾ་ཁམ་ལ་སོགས་པ། ཡིག་འབྲུ་ལྔར་གྱུར་དེ་དག་ལ། །རིགས་ལྔའི་རྒྱུ་འམ་ངོ་བོར་བསམ། །དེ་ནས་རྣལ་འབྱོར་ཉི་ཟླའི་མིག། འབར་བའི་ལྕགས་ཀྱུའི་འོད་ཟེར་གྱིས། །ཡེ་ཤེས་ལྷ་ཡི་ཐུགས་ཀ་ནས
ཡེ་ཤེས་སྐུད་པ་གནས་པ་རྣམས། །གཙོ་བོ་དགྱེས་པའི་རྡོ་རྗེ་དང། །ལྷ་རྣམས་སྔགས་དང་གཉིས་མེད་བཞུགས། །སྤྱན་དྲངས་ཐིམ་པ་ཐིག་སྐུད་བསྐྱེད། །བྲུཾ་པ་ལ་སོགས་ས་བོན་ལྔ། །ོཾ་ཧཱུཾ་སོགས་ཀྱི་སྔགས་བརྗོད་ལ།།
ལག་པར་ཕྱག་རྒྱ་དང་བཅས་པས། །ོཾ་ཨཱ་ནྱོ་ནྱ་ཨ་ནུ་ག་ཏ་པ་ར་སྦར?་དྷརྨཱ། ། ནྱོ་ནྱ་ཨ་ནུ་ག་ཏཱ་པྲ་བིཥྚ་སརྦ་དྷ་ར། ། ཊཡནྟ?་ཨ་ནུདྷ་ར་སརྦ་དྷརྨ་ཞེས་པ་བརྗོད་ཅིང་བསྒྲིལ་བར་བྱའོ། །དེ་ནས་ཐིག་སྐུད་མཛའ་གཉིས་དབུས།།
་ཨོཾ་ཨཱཔ་དང། །དེ་ནས་བླ་མས་གཙོ་བོར་བསམ། གྲོགས་མཆོག་དེ་ཡི་ཐུགས་གནས། །གཽ་རཱི་འམ་རིག་མ་ཡུམ་དུ་སྤྲུལ། །དེ་ནས་བླ་མས་ཐིག་སྐུད་ནི།། ཛྲཐིག་གདབ་པར་བྱ། །སྟེང་ནས་བཟུང་ཞིང་གྱེན་དུ་བཟློག་།ཚངས་ཐིག་དང་པོ་ཟུར་ཐིག་སོགས། ཅི་རིགས་པ་རུ་གང་བ་པར་བྱ། །དེ་ཚེ་དག་དུ་སྡུར་གྱི་སྔགས། །བརྗོད་པ་འམ་ཡང་ན་ཚིག་བཅད་འདིའོ། །འཇིག་རྟེན་ཁམས
ནི་མ་ལུས་པའི། །སངས་རྒྱས་སས་དང་བཅས་ལ་སོགས། །འགྲོ་བའི་དོན་དུ་རྣམ་པར་སྤྲུལ། །ཁྱེད་རྣམས་ཀྱི་ནི་ཐུགས་ཉིད་ཡིན། །ཞེས་པ་བརྗོད་ནས་ས་ཐིག་གདབ། །དེ་རྗེས་དཀར་པོས་གཅལ་བྱ་སྟེ། །ཚངས་ཐིག་དང་པོར
གདབ?་པ་ཡང། །སློབ་དཔོན་ཤར་བལྟས་སློབ་མ་ནུབ། །བལྟས་ཏེ་ཚངས་ཐིག་དང་པོ་གདབ། །སློབ་དཔོན་བྱད་བལྟས་ཚངས་ཐིག་གཉིས། །སློབ་དཔོན་ཤར་ལྷོའི་མཚམས་སུ་གནས། །སློབ་མ་བྱང་ཤིང?་ཤིང་ངོས་གང། །དེ་བཞིན
བླ་མ་བྱང་ནུབ་གནས། །སློབ་མ་ལྷོ་ནུབ་ནུབ་ངོས་གདབ། །བླ་མ་རླུང་མཚམས་དེ་ཉིད་གནས། །སློབ་མ་བྱང་ཤར་བྱ་ངོས་གདབ། །དེ་བཞིན་སྐོར་ཕྱོགས་རིམ་གྱིས་གདབ། །བླ་མ་ཤར་ལྷོ་སློ། མ་སྲིན་གནས་ལ་ལྷོ་ཡི་ངོས་ཐིག་གདབ། དེ་བཞིན
ཟུར?་ཐིག་རིམ་བཞིན་གདབ། དེ་ལ་ཐིག་གི་ཆ་བགོ་བ། །སྐུད་བས་བགོ་བར་མ་བྱ་སྟེ། །འཕེལ་འགྲིབ་གཉིས་ཀྱི་ཉོན?་མོང?་པས། །ཤིང་བུ་ལ་སོགས་དང་ཞིང་ས། ཁ་ཏི་ཁ་ཡི་རི་མོས་གདོད། ། ཕྱོགས་བཞིར་བཞི་བཅུ་རྩ་གཉིས་པའི།
ཐིག་རྐང་ལས་ནི་རིའུ་མིག་གོ། སྒོ་ཁྱུད་ཐིག་གི་ནང་རོལ་ཏུ། །པདྨ་འདབ་མ་བརྒྱད་པོར་བཅས། །ལྷ་ཡི་སྣམ་བུས་ཅི་རིགས་བསྐོར། །ཆ་རེ་རྡོ་རྗེར་བ་དང། །མ་འོད་ལན་བསྐོར་བའོ། །དེ་ཡི་ནང་དུ་རྟ་བབས་དང། །འདོད་ཡོན་སྣམ་བུ་ལ་སོགས
བས། །ཅི་རིགས་པར་ནི་བྲི་བར་བྱ། །དེ་ལྟར་ཐིག་ཟིན་ཐིག་སྐུད་མཆོད། །འབར་བའི་བལྟ་བས་སྡོ་དབྱེ་ཞིང། །ལྷ་རྣམས་བཅས་པ་གཤེགས་སུ་གསོལ། །དེ་དག་ནི་ཐིག་གདབ་པའི་ཆོ་གའོ། །དེ་ནས་ཚོན་ནི་རབ་འདྲིད?་ཐ། །རིན་ཆེན་ལྔ་འམ་འབྲས
ལ་སོགས། །ཚོན་སྒྱུར?་དུར་ཁྲོད་སོ་ཕག་གམ། །སོལ་བ་རུས་པའི་ཕྱེ་མ་སོགས། །བུཾ་ཁཾ་སོགས་པའི་ཡིག་འཕྲོ་ལྔ། །ཡོངས་བྱུང་ཚོན་ཅི་ལྔ་རུ་བསམ། །དེ་ནས་འབར་བའི་བལྟ་བ་ཡིས། །དགྱེས་པ་རྡོ་རྗེ་འཁོར་བཅས་ལ། །སྤྱན་དྲངས་མཆོད
པ་ཐིམ་པར་བྱ། །ོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པའང་མང་དུ་བཟླས་པས་ཚོན། །བྱིན་གྱིས་བརླབས་ལ་མཆོད་པ་དབུལ། །ཤིས་པར་བྱ་ཕྱིར་དབང་ལྡན་མཚམས། །བླ་མས་རེ་ཁཱ་མཛུབ་གང་དང། །དཀར་དང་སེར་དང་དམར་དང་ལྗང།
སྔོན་པོ་ནང་དུ་མཉམ་ཞིང་དྲང། །དེ་མཚོད?་མེ་ཏོག་སིལ་མུ་ཏིང?། །དེ་ཚེ་བླ་མས་འདི་སྐད་བརྗོད། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་མཛད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ
ཀུན་གྱི་གནས་གཞེས་སོ། །དེ་ལྟར་བྱ་བའི་རིམ་པ་ནི། །གཞུང་ལས་འདི་སྐད་འབྱུང་བ་སྟེ། །ཉེས་པ་ཀུན་ལས་རྣམ་གྲོལ་བས། །ཚོན་གྱི་ལས་ནི་ཡང་དག་བརྩམ། །སློབ་དཔོན་གྱིས་ནི་དང་པའི་?། །ཕྱི་ནས་ཀུན་ནས
སློབ་མས་སོ། །ཞེས་པས། །རེ་ཁཱ་དྲང་བའི་རིམ་པ་ཡང། །མཉམ་དང་དྲང་དང་མཆོད་སོགས། །དེ་བཞིན་རིགས་པས་ཤེས་པར་བྱའོ། །དེ་འང་ལུང་ལས་འདི་སྐད་དུ། །བར་ཆད་ཐམས་ཅད་རབ་འཇོམས་པ་ཞེས་པ་དང། །གཞན
ཡང་མཐེ་བོང་དང་ནི་མ་ཐེའུ་ཆུང་དབངས། །དྲང་ལ་མཐོ་བར་ཡང་དག་བྲི། །གལ་ཏཱ་རི་མོ་མི་མཉམ་ན། །ཡོ་ཞིང་དམའ་དང་བཅས་པ་དང། །རི་མོ་དམའ་བས་མི་འགྲུབ་ཅིང། །ཡོན་པོས་སྡུག་བསྔལ་སྐྱེ་བྱེད་ལ། །ཆང?་པས
སློབ་དཔོན་སློབ་མ་དག་། གཉིས་ག་འཆི་བར་ཤེས་པར་བྱ། །ཞེས་པའོ། །ཕྱོགས་སྒོ་ཡི་རིམ་པ་ཡང། །ཤར་དུ་དཀར་དང་ལྷོར་སེར་པོ། །ནུབ་དམར་བྱང་དུ་ལྗང་ཀུ་སྟེ། །དབུས་སྔོ་རྒྱུད་གཞན་དག་ལས་གསལ། །དབུས་སུ་པདྨ་འདབ་བརྒྱད
ནི། །དམར་པོ་གདན་དང་བཅས་པ་དྲི། །འདབ་མ་འཕར་མ་གཅིག་པ་ལ། །སྒོ་དང་?་ཁྱབ་པ་རྐུ། །ལྷ་ཡི་སྣམ་བུ་བྲི་བར་བྱ། །ཕྱི་རོལ་རྟ་བབས་ལ་སོགས་པ། །དཀྱིལ་འཁོར་གཞན་དང་ཐུན་མོང་པས། །གཞན་དང་འདྲ་དང་ཅི་རིགས་བྱ
དེ་ལྟར་དཀྱིལ་འཁོར་བྲི་?་ནས། །འཇུག་པའི་རྟེན་དུ་ཕྱག་མཚན་དགོང། །དི་ཡང་དང་པོར་སློབ་དཔོན་གྱིས། །?་མོའི་དུས་སུ་འཆགས་སར་འགྲོ། །སླར་ལོག་ཁྲུས་དང་ཕྱུག་པ་དང། །གོས་དང་རྒྱན་དང་ལྷ་མོས་བསྐྱེད། །རོལ་?
མོའི་སྒྲ་དང་བཅས་པ་ཡིས། །སྟ་གོན་ཟླ་བ་སྦྱར་ཡི?། །དབྱངས་ཡིག་རྒྱ་བཀྲལ?་ནམ་མཁའ་ནས། །སྔགས་ནི་སོ་སོའི་སྔགས་བརྗོད་ཅིང། །དེ་ལ་?སུས་ཀྱི་གདན་སྟེ་ད་དུ་།སྐྱེས་པའི་ཐོད་པའི་རྒྱ་གྲམ་གྲི། །སྒོ་བཞིར་པདྨ་འདབ་མ་ལ། །གྲི
གུག་ཅང་ཏེའུ་རུ་སྦལ་སྦུལ། །སྔོ་དང་དམར་སེར་ལྗང་གོ་རིམས། །མཚམས་བཞིའི་པདྨའི་འདབ་མ་རུ། །སེང་གེ་དགེ་སློང་འཁོར་ལོ་རྡོ་རྗེ་ནི། །སྡོ་དཀར་ལྡད་ཁྲ་རིམ་བཞིན་དགོད་།།དེ་ཚེ་ཀུན་ལ་སྔགས་བརྗོད་ཅིང། །བཀོད་པས་དཀྱིལ་འཁོར་?
བསྲེས་འགྱུར། །དེ་ནས་བླ་རེ་རྒྱལ་མཚན་གདུགས་ཁ་དན་རྒྱན་སོགས་འཕན་རྣམས་བྲི། །ཕྱི་རོལ་མཚམས་དང་རོལ་མོ་བརྡུང། །སྤོས་དང་བཅས་པས་བུམ་པ་རྣམས། །སྟ་གོན་གནས་ནས་སྤྱན་དྲངས་ཏེ། །ཆུ་དང་རིན་ཆེན་སྨན་ལ་སོགས། །བསམ་པ
གཞུག་ཅིང་ཏིང་འཛིན་བསྐྱེད། །རོལ་མོར་བཅས་པས་དཀྱིལ་འཁོར་ལ། །ལག་ཏུ་སོགས་ཏེ་ལན་གསུམ་བསྐོར། །རྣམ་རྒྱལ་བུམ་པ་གཙོ་བོའི་མདུན། །ཤར་སྒོའི་གཡས་སུ་ལས་ཐམས་ཅད། །གཞན་དག་སྒོ་དང་མཚམས་བཞིར་དགོད། །དེ་ནས་བསྐོར་བ
ལན་གསུམ་རྗེས། །མེ་ཏོག་ཕྲེང་བ་ལྷ་ལ་དབུལ། །ནང་བར་ལྷས་སྦྱིན་མེ་ཏོག་ཕྲང། །ད་ཉིད་ཀར་བཅས་མགོ་ལ་བཅིངས། །ལས་ཀྱི་བྱེད་པའམ་ཁང་སྐྱོང་གིས། །དཀྱིལ་འཁོར་ཉེ་བའི་ས་ཕྱོགས་སུ། །ཆག་ཆག་མེ་ཏོག་ས་ལམ་དགྲམ། །སྤོས?་སོར
མཆོད་ཡོན་ཐམས་ཅད་དགོད། །རྟག་ཏུ་བླ་མ་ལ་གསལ་གདབ། །དེ?་ནས་བླ་མས་ཉེ་རག་དང། བདུད་རྩི་རི་ལུ་ཁ་རུ་གཞུག། སྟོན་དེར་འདུག་ནས་དཀྱིལ་འཁོར་བསྒྲུབ། །རིག་དང་བཅས་པས་ཡན་ལག་དྲུག། བསམ་རྒྱུད་ཏིང་འཛིན་གསལ
བ་དང། ལས་ཀྱི་རྡོ་རྗེས་སྟར་བཞིན་དུ་།རཀྵས་བསྲུང་བ་ནས་གཟུང་ནས། །མཆོད་སྟོང་བདུད་རྩི་མྱང་བའི་བར། །བདག་ཉིད་ལྡན་པ་ཕུན་སུམ་ཚོགས། །བླ་མས་ཀྱང་ནི་སྔར་བཞིན་དུ། །མོས་པས་འཕོ་དང་ཏིང་འཛིན་ནི། །གཟུགས་བརྙན་ལ་བརྟེན་ས
?་ནམ། །ཕྲག་མཚན་ཙམ་གྱིས་ལྷ་རྣམས་བསྐྱེད། །དེ་ལྟར་དཀྱིལ་འཁོར་གསུམ་བསྲེས་ལ། །རང་གི་སྙིང་གའི་ས་བོན་ལས། །འོད་ཟེར་ཕྱུང་སྟེ་ལྷ་རྣམས་བསྡུ། ?་ལ་མཆོད་དགུག་གཞུག་ལ་སོགས། །སྔར་བཞིན་ཐིམ་པས་ཡེ་ཤེས
འབར། །ཆུ་དང་འོ་མ་འདྲེས་པ་བཞིན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། བསྒྲུབས་ཏེ་གཞན་དུ་ཡང་མ་ཡིན། །དེ་ལྟར་དཀྱིལ་འཁོར་བཞི་བསྲེས་ལ། །བླ་མས་མཆོད་དང་བསྟོད་པ་དང། །བདུད་རྩི་མྱང་དང་བཟླས
བརྗོད་བྱ། །དེ་ཚེ་བླ་མས་བཟླས་དང་བསྒོམ། །རྣལ་འབྱོར་ལྡན་ལ་སློབ་མ་ཡི?་།མཎྜལ་སྔོན་འགྲོ་གསལ་བ་གདབ། །དེ་ཡི་དོར་བྱས་བླ་མ་ཉིད། །ཇི་ལྟར་སློབ་མས་འཇུག་པ་བཞིན། །རིམ་གྱིས་བྱས་ཏེ་དབང་ཡང་ཡིན། །ཆུ་དང་དབུ་རྒྱན་ལ
སོགས་པ་། རྗེས་གནང་མཐར་ཐུག་རིས་བཞིན་ནོ། །ལྷ་ཡིས་རྗེས་གནང་བྱིན་པ་ཡང། །ཁྱོད་ཀྱིས་སེམས་ཅན་བསྡུ་བ་དང། །ཕན་འདོགས་དཀྱིལ་འཁོར་འཇུག་པ་དང། །དབང་བསྐུར་དམ་ཚིག་ལྡན་བར་གྱིས། །ཞི་སོགས་ལས་ཀྱི་རྗེས
གཟུང་དང། །ཚར་གཅོད་པ་ཡི་སེམས་ཅན་ཀུན། །དོན་རྣམས་མ་ལུས་ཀུན་གྱིས་ཤིག་།དམར་དང་མཆོག་གི་དངོས་གྲུབ་ལ། །སྐལ་བ་བཞིན་དུ་རིམ་པར་སྦྱོར། །དེ་ནས་སྔོན་དུ་བརྟགས་པ་ཡི། །སློབ་མ་མཚན་ཉིད་ལྡན་བ་ཡིས། །འཇུག་དང
དབང་ཐོབ་བྱ་ཕྱིར་བརྗོད། །དགའ་ཆེན་ཁྱོད་བདག་སྟོན་པ་པོས། །དེ་སོགས་སྔར་བཞིན་བརྗོད་པ་དང། །བླ་མས་བརྩེ་དང་ལྡན་པ་ཁྱོད། །སུ་ཨཻན་ཅི་འདོད་གང་ལ་དགའ་། །ཞེས་པ་བརྗོད་ནས་སློབ་མ་ཡིས། །སྐལ་ལྡན་བདག་ལགས་རྣམ
གྲོལ་འཚལ། །བདེ་བ་ཚལ་བདག་དགའ་ཨོ། །ཞེས་བརྗོད་ཡང་ནི་འདི་སྐད་བརྗོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོར་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །མཐར་པ་ཆེན་པོའི་གློད
མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་གསོལ། །ཞེས་པས་སློབ་དཔོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག། །སྙིང་པོའི
དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་བར་བགྱི། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ལུས་དག་ཡིད་གསུམ་གྱི་སྒོ་ནས་ཕྱག་བྱ་སྟེ། །ོཾ་ན་མབཱཀྩི?་ཏྟ་པྲ་ཎ་མེ་ན་བཛྲ་བ་ན་ད་ན་ཀཾ་རོ་མི་ཞེས་པས་ཀྱང། །?་གསུམ་གུས་བས་ཕྱག་བྱས་ལ། །དེ་ནས་སྔར་བཞིན་སློབ་མ་ཡིས། །གཙོ་བོ་བདག་ལ་སྡོམ་པ་གསོལ། །ཐུབ་པ་ཉི་མ་ལ་སོགས་བརྗོད། །དེ་བཞིན་སྡོམ་པ་དམ་ཚིག
ནི། སྟ་གན་གནས་བ་སྔར་བཞིན་བྱ། །དེནས་བླ་མས་འདི་སྐད་བརྗོད། །དང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཞུགས་ཀྱིས་།ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང
དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱན་ཅི་དགོས། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ
ཚིག་ཉམས་པར་གྱུར་ཏ་རེ་། ཧེ་རུ་ཀ་དཔལ་དེད་ཁྱོད་ཀྱི། །སྙིང་ལ་ཡང་དག་གཞུག་པ་ནི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་ཀ་པཱ་ལའི་ནང་དུ་བདུད་རྩི་ལྔ་དང་ལྡན་པས་དམ་ཚིག་གི་ཆུ་བླུད་པ་ནི་ཀྱེའི
རྡོ་རྗེའི་གཟི་མདངས་དང་ལྡན་པས་འདི་སྐད་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲག་པར་བྱེད། །དམ་ཚིག་སྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་གྲུབ། །ོཾ་སརྦ་བཛྲ་པཉྩ་ཨ་མྲཾ་ཏཱ་ཨཽ་ད
ཀ་ཧཱུཾ། དང་ནས་བརྩམས་ནས་ཁྱོད་ཀྱི་དཔལ་ཧྲ་རུ་ཀ་ང་ཡིན་གྱི་གང་དེས?་འདི་བྱོས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་ཏེ། །ད་ཁྱོད་ང་ལ་བརྙས་པའི་ལས་མ་བྱེད་ཅིག་ཁྱས་ན་ཁྱོད་ཀྱི་མི་བདེ་བ་མ་སླངས་པས། ཚའི་དུས
བྱས་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ་། དེ་ནས་འདི་སྐད་བརྗོད་དེ་།དང་ཁྱོད་དེ?་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱང་འགྲུབ་པར་དཀའ་བ་མ་ལགས་ན་།དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས
པས་ཡོལ་བའི་ནང་དུ་དྲངས་ཏེ། ཡེ་ཤེས་དབབ་པ་བླ་མའི་མན་ངག་བཞིན་བྱའོ། །དེ་ནས་མཐོང་བ་དྲི་དང་མེ་ཏོག་གི་ཕྲེང་བ་ཐོགས་ཏེ་པྲཏཱིཙྪ་བཛྲ་ཧཱུཾ་ཞེས་བརྗོད་ཅིང་ཕྲེང་བ་དོར་བ་དང་།མིག་དབྱེ་བར་བྱ་སྟེ། །ོཾ་རྡོ་རྗེ་སེམས
དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པ་ནི་བརྩོན་པ་སྟེ། །མིག་ནི་ཐམས་ཅད་འབྱེད་མཛད་པས། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་བ་ཤྱ་དེ་ཉིད་སྔགས་སུ་བརྗོད་པ་ནི་ཨོཾ་བཛྲ་སཏྭ་སྭ་ཡནདྷེ་ཡ། ཙ་གཏྟ་ཡ་ཨཽདྒ་ཏ་ཡ་ཏ་?། བཛྲ་ཙཀཤ་རཱ་ནུཏྟ་ར་ཏེ། ཧེ་བཛྲ་པྲ
པེ་ཤ། དེ་ནས་གདོང་གཡོགས་ཕུད་ཅིང་འདི་སྐད་བརྗོད་དོ། །ད་ནི་དད་པ་རབ་ཏུ?་བསྐྱེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་རྣལ་འབྱོར་མི་རིག་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས།། འཕྲོ་བའི་ཕུན་སུམ་ཚོགས་ཀུན་དང། །དངོས
གྲུབ་ཐམས་ཅད་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང།། གསང་སྔགས་ལ་ཡང་བརྩོན་པར་གྱིས་ཞེས་བརྗོད་པ་དང། མེ་ཏོག་གང་ལ་ལྟུང་བའི་ལྷ་ངོ་བསྟན་ཅིང་ལྷག་པའི་ལྷ་དབོག། སྔགས་བསླབ་ཅིང་དེ་ཁོ་ན་ཉིད་བཤད་པར
བྱའོ་། །དེ་ལ་གཞལ་ཡས་ཁང་གྲུ་བཞིར་བྱང་བ་ནི་ཚད་མེད་པའི་རང་བཞིན་གྱིས་རྣམ་པར་དག་པའོ། །སྒོ་བཞིན་དྲན་པ་ཉེ་བར་བཞག་བ་བཞི་ཡིས་རྣམ་བར་དག་པའི་རང་བཞིན་ནོ། །རྟ་བབས་བཞིན་ནི་ཡང་དག་པར་སྤོང་བ་བཞི་རྣམ་པར
དག་པའི་རང་བཞིན་ནོ། །དྲ་བ་ནི་ཉིན་མོངས་པ་ཆེན་པོ་རྣམ་པར་དག་པའོ། །དྲ་བ་བྱེད་པ་ནི་ཉོན་མོངས་པ་ཆུང་དུ་རྣམ་པར་དག་པའོ། །ཀ་བ་བརྒྱད་ནི། འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་བའོ། །དར་གྱི་པ་ཏི་ལ་སོགས
པའོ་རྒྱན་རྣམས་ནི་ཚུལ་ཁྲིམས་རྣམ་པར་དག་བའི་མཚན་ཉིད་དོ། །འདོད་པའི་ཡོན་ཏན་ལྔ་རྣམསྣི་གཟུགས་དང་སྦྲ་ལ་སོགས་པ་རྣམ་པར་དག་པའོ། །རྡོ་རྗེར་བ་ནི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟག་གོ། །མེ་འོད་ནི་ཕྱི་རོལ་གྱི་བགེགས
ལ་སོགས་པས་མི?་ཚུགས་པའི་རྟགས་སོ། ། བུམ་པ་བརྒྱད་ནི་ཆེ་བའི་ཡོན་ཏན་གྱིས་རྒྱས་ཤིང་ཐུགས་རྗེ་ཆེན་པོའི་རོས་ཡོངས་སུ་གང་པའི་རྟགས་སོ། །དེ་ནས་ལྟའི་དེ་ཁོ་ནཉིད་བསྟན་ཏེ། དེ་ལ་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ནི་རྣམ་པར་ཤེས་པའི
ཕུང་པོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནོ། །གོ་ནི་ནི་ཞི་སྤང་དང་གཟུགས་རྣམ་པར་དག་པའི་རང་བཞིན་ནོ། །ཆོམ་རྐུན་མ་ནི་གཏི་མུག་དང་སྒྲ་རྣམ་པར་དག་པའི་རང་བཞིན་ནོ། །རོ་ལངས་མ་ནི་ང་རྒྱལ་དང་དྲི་རྣམ་པར་དག་པའི་རང་བཞིན་ནོ།
བྷསྨ་རཱི་ཅི་འདོད་ཆགས་དང་པོ?་རྣམ་པར་དག་པའི་རང་བཞིན་ནོ། །པུཀླ?་སི་ནི་ཞེ་སྡང་དང་ས་རྣམ་པར་དག་པའི་རང་བཞིན་ནོ། །རི་ཁྲོད་མ་ནི་གཏི་མུག་དང་ཆུ་རྣམ་པར་དག་པའི་རང་བཞིན་ནོ། །གཏུམ་མོ་ནི་ང?་རྒྱལ་དང་མེ་རྣམ་པར་དག་པའི་རང
བཞིན་ནོ། །གཡུང་མོ་ནི་འདོད་ཆ?་དང་རླུང་རྣམ་པར་དག་པའི་རང་བཞིན། །བདག་མེད་རྣལ་འབྱོར་མ་ནི་ཡབ་དང་མཐུན་ནོ། །དེ་ལྟར་དེ་ཁོ་ན?་ཉིད་བཤད་ནས་སློབ་མས་མཎྜལ་སྔོན་དུ་འགྲོ་བས་བླ་མའི་ཞབས་ལ་གཏུག་ཅིང་ཡོན
གྱི་མཆོག་ཕུལ་ནས་དབང་བསྐུར་བའི་དོན་དུ་གསོལ་པར་གདབ་པར་བྱའོ། །དེ་ཡང་ཐུན་མོང་གི་དབང་ནོད་པ་ཡིན་ན། འདི་སྐད་བརྗོད་དོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ
མཁའ་ཨི་རྡོ་རྗེ་བདག་ལ་གསོལ། །འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས?་མེད་བདག་ལ་སྐྱབས་།མགོན་པོ་ཁྱོད་ཀྱིས་བཀའ་དྲིན་གྱིས། །རིག་པའི་དབང་བསྐུར་བདག་ལ་གསོལ། །ཞེས་པ་དང། ཁྱད་པར་སློབ་དཔོན་གྱི་དབང
ཡིན་ན་འདི་སྐད་བརྗོད་པར་བྱ་སྟེ། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་བསྐྱབ་ཕྱིར་གཟི་བརྗིད་ཅན། །ཅི་ལྟར་ཡོན་ཏན་འབྱུང་གནས་སོགས། །དེ་བཞིན་བདག་ལ་དེ་གསོལ་ཅིག། དཔའབོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་པ
གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཅེས་པའོ། །དོན?་མཐུན་མོངས་དང་ཁྱད་པར་གྱི་སློབ་མ་རྣམས་ཐ་མལ་གྱི་སྟན་དང་།ཁྱད་པར་གྱི་གདན་སེང་གེའི་ཁྲི་འམ། །པདྨས་མཚན་པ་བཞག་པར་བྱའོ། །གདུགས
དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་ནས། སློབ་དཔོན་གྱིས་ཡང་ལྷ་རྣམས་ཅི་རིགས་པར་མཆོད་ནས། བདུད་རྩི་དང་དྲིའི་ཆུ་དན་ཉུངས་ཀར་དུཐོགས་ནས་བདག་ཉིད་ང་རྒྱལ་དང་བཅས་པས་འདི་སྐད་བརྗོད། །ཉིན་ཅིག་བར་ཆད་བགེགས་ཀྱི་ཚོགས།།
ད་ནི་དཔལ་ལྡན་རྡོ་རྗེ་འཆང། །མཚོན་ཆ་སྣ་ཚོགས་འབར་བའི་བདག། གདུག་པ་མ་ལུས་འཇོམས་པར་བྱེད། །དངོས་ཤིག་བར་ཆད་བགེགས་ཀྱི་ཚོགས། །ང་ཡིས་བཀའ་ལས་འདའ་མ་བྱེད། །ཅི་སྟ་བཀའ་ལས་འདས་གྱུར་ན། །རྡུལ་ཕྲན་བཞིན་དུ་?
པར་བྱེད་ཅེས་དང། བདག་ཉིད་བདུད་རྩི་འཁྱིལ་བའི་སྔགས་དང་ཏིང་ངེ་འཛིན་དུ་གནས་པས་བསྐྲད་པའམ། རཀྵ་ལ་སོགས་པའི་སྔགས་བརྗོད་ཅིང་རབ་དན་གུར་ལ་སོགས་པས་བསྲུང་བའོ། །དེ་ནས་སློབ་མས་ཁྲུས་བྱས་ཤིང། །སྟོད་གཡོགས་ལ་སོགས
གོས་བཟངས་ལྡན། །དྲུག་པ་རྫོགས་སངས་རྒྱས་ཀྱི་དབང། ནོར་ཕྱིར་སྙིམ་བ་མེ་ཏོག་གིས། །དཀྱིལ་འཁོར་ལྷ་ཡི་གེ་ཙོ་ལ་དབུལ། །ོཾ་པྲ་ཧཱིཙྪ་བཛྲ་ཧོ་ཞེས་པའི་སྔགས་ཀྱིས་བརྗོད་པས་སོ། །དེ་རྗེས་བླ་མས་མེ་ཏོག་བླངས། །སློབ་མའི་མགོ་ལ་བཅིང་བྱས་ལ།
ོཾ་དྷརྨཱ་ཀུཎྜ་ཨ་བྷི་ཥཉྪ?་ཞེས་བརྗོད་པས་ནི། །ཆོས་ཀུན་བསྡུས?་ཤིང་འཁྱིལ་བས་ནི། །ལྷག་བའི་ལྷ་ཡིན་པས་དེ་སྐད་དུ། ཕྲེང་བ་ཡིད་དམ་རྒྱལ་བའི་དབང། །སྒོམ་ཕྱིར་དབང་བསྐུར་དམ་ཚིག་ལྡན། །དེ་རྗེས་ལས་ཀྱི་རྡོ་རྗེ་ཡིས། །བུམ་པའི་ཆུ་རྣམས
བསྡུས་ནས་ནི། །བཟང་པོ་རྣམས་ལ་བུམ་པར་བསྡུ། །དེ་རྗེས་དུན་ཆོས་ཉིད་དུའོ། །དེ་ནས་རྣམ་རྒྱལ་ཆུ་རྒྱུན་གྱིས། །དྲིལ་བུའི་སྒ་དར་དབྱངས་བཅས་པས། །དབང་བསྐུར་བ་ནི་འདི་སྐད་བརྗོད། །གསང་གསུམ་གནས་ལས་བྱུང་བའོ། །ཁམས་གསུམ་?
དབང་བསྐུར་བ། །སངས་རྒྱས་ཀུན་གྱི་ཆུ་ཡི་དབང། །དིང་འདིར་ཁྱོད་ལ་སྦྱིན་པར་བྱ། །སངས་རྒྱས་ཀུན་ན་རི?་སྒྲུབ་ཕྱིར། །ཆུ་དབང་དམ་པ་ཁྱེད་ཀྱིས་ལོང། །ོཾ་སརྦ་ཏ་ཐཱ་ག་ཏེ་ཨཽ་ད་ཀ་ཨ་བྷི་ཥིཉྩ་མི་བཛྲ་སྭ་བ་ཨཱཏྨ་ཀོ་ཧཾ། །དེས་ནི་རྣམ་པར
རྟོག་པ་དང། །ཉོན་མོངས་པའི་དྲི་མ་འབྲུ་བར་བྱེད། །དེ་ནས་གསེར་ལ་སོགས་པའི་རིན་པོ་ཆེ་དང་ཤིང་དང་པོས་ལ་སོགས་པའི་འབུར་མར་?་པ་འམ། །ཐང་ཀའི་རི་མོ་འམ་དབུ་རྒྱན་དུ་བྱས་ཏེ། ཏྲཾ་ལས་རིན་ཆེན་འབྱུང་ལྡན་དུ་བསམ
ཞིང་དགུག་པ་དང་གཞུག་པ་ལ་སོགས་པས་ཡེ་ཤེས་སེམས་དཔའ་བསྟིམ་ལ། མཆོད་པ་དང་བསྟོད་པ་དགན་སྔགས་བཟླས་པ་བྱས་ལ་འདི་?་བརྗོད་དོ། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་པ་ཡི་དབང་བསྐུར་བ། །སངས
རྒྱས་ཀུན་གྱི་དབུ་རྒྱན་དབང། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི་སངས་རྒྱས་ཀུན་གྱིས་སྔགས་པ་ཡི། །རིན་ཆེན་དག་གིས་དབུ་རྒྱན་དང། །དེར་དབྱངས་དབང་བསྐུར་སྦྱིན་པར་བྱ། །ོཾ་བཛྲ་པ་རཱ་ཧ་ཀ་བཛྲ་ཨ་རི་ལི་ཧོསྣང་བ?་མཛའ་ཡས་སུ་བསྐྱེད་ལ་འདི་སྐད་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་རྒྱལ་པོ་དང། །མཁའ་འགྲོ་རྣམས་ཀྱི་རྣམས་ཀྱི་དབང་མཆོག་ནི། །དི་རིང་ཁྱོད་ལ་དབང་བསྐུར་རོ། །ོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟཝ་ཨ་བྷི་ཥིཉྩ་ཏིཥྚཟ?་བིར་ས
མ་ཡི་སྟི། །དེ་ནས་དེ་ཉིད་བརྗོད་པ་ནི། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། ཞེས་པ་སྟེ། རྡོ་རྗེའི་དབང་བསྐུར་བའི་ལག་པ་གཡས
པར་སྦྱིན་ནོ། །དེ་ནས་དྲིལ་བུ་ཁམ་ལས་དོན་ཡོད་གྲུབ་པར་བསྐྱེད་ལ་འདི་སྐད་བརྗོད་དོ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་?་འགྲོ་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང། །བྱང་ཆུབ་མཆོག་ཏུ་རྒྱལ་ཟས?
བཞེད། །དེ་ཡི་དེ་ཉིད་བཤད་པ་ནི། །སྲིད་པ་ངོ་བོ་ཉིད་ཀྱི་བདག། ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །དེ་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་བྱ་བྱེད་པར་འགྱུར། བཛྲ་སཏྭ་སྟཝཾ་ཨ་བྷིབི་ཉྩ་མ། །ཞེས་པས་ལག་པ་གཡོན་པར
དང་བྱིན་ལ། །དེ་ནས་མིང་གི་དབའ་བསྐུར་བར་བྱ་སྟེ། བུ་ལས་རྣམ་པར་སྣང་མཛད་དུ་བསམ། །སངས་རྒྱས་ཀུན་གྱི་མིང་གི་དབང་ཞེས་པ་ལ་སོགས་པ་བརྗེད་ལ། །ོཾ་བཛྲ?་ཤཱི་ཧེ་རུ་ཀ་དྷི་པ་ཏི་སྟཝཾ་ཨ་བྷ་ཥིཉྩི་མི་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷིཥེ?་ཀ
ཏ་ཞེས་བརྗོད་ཅིང་རྡོ་རྗེ་དྲིལ་བུ་མགོའི་ཐད་ཀར་སྦྱིན་ནོ། །དེ་ནས་བརྟུལ་ཞུགས་ཀྱིས་བརྟན་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་?
རྡོ་རྗེའི་རྩེ་མོ་ནས་སློབ་མ་འཛིན་?་བཅུག་ལ་སྔགས་འདི་བརྗོད་དོ། །ོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷ་བཛྲ་ས་མ་ཡ་སྟཝཾ། །ེ་ཥ་ཏྭཾ་དྷ་ར་ཡ་མི་ཧཱུཾ་སྭཱ་ཧཱ་ཧ་ཧ་ཧི་ཧི་ཞེས་བརྗོད་ལ་ལག་པར་རྡོ་རྗེ་རྒྱ་གྲམ་སྦྱིན་ནོ། །དེ་ནས་ཧེ་རུ་ཀུ་དཔལ་གཟུགས། །?
གི་དཀྱིལ་འཁོར་ཆོགས་སིམ?། རྡོ་རྗེ་སློབ་དཔོན་གོ་འཕང་ཐོབ། །ཧེ་རུ་ཀ་དཔལ་ཁ་ཊཝཱཾ་ག། རྣལ་འབྱོར་མ་ནི་ཌ་མ་རུ་རྡོ་རྗེ་?་རྡོ་རྗེར?་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོ་ལས་ཤིང། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག། །གྲི་གུག་?
ནི་ཀ་པཱ་ལ། །དཔའ་བོ་ཆེན་པས་བླང་?་གྱིས་ཞེས་བརྗོད་ལ། སློབ་མ་དེ་གཡས་བརྐྱང་གཡོན་བསྙམ་པས་གནས་ལ། རྡོ་རྗེ་གྲི་གུག་གཡས་སུ་སྦྱིན་ཞིང། །དྲིལ་བུ་དང་ཌ་མ་རུ་དང་ཀ་པ?་ལ་གཡོན་དུ་སྦྱིན་ཞིང། ཁ་ཊཝཱཾ་ག་གཡས་སུ་བརྟེན
པ་སྦྱིན་བར་བྱ་སྟེ། དེ་ལྟ་བུའི་ཆེ་བའི་བདག་ཉིད་དེག་དག་དང་ལྡན་པར་བརྗོད་དེ། །འདིས་ནི་རྡོ་རྗེ་སློབ་དཔོན་གྱི་དབང་རྗེས་སུ་གནང་བ་དང། ལུང་བསྟན་པ་དང། དབུགས་དབྱུང་བ་དང་ལྡན་ཞིང་ཕྲིན་ལས་ཀྱང་རྫོགས་པར་འགྱུར་ཏེ། ཞི་བ་དང། རྒྱས་པ་དང།
དབང་དང། དྲག་པོ་དང་རངས་པ་དང། བསྒྲད་པ་དང། མྱོས་པར་བྱ་བ་དང། གསད་པ་ལ་སོགས་པ་དང། དེ་རྣམས་ལ་ཐོགས་པ་མེད་པར་འགྲུབ་པར་བསླབ་པར་བྱོས་ཤིག། དངོས་གྲུབ་འདི་དག་རྫོགས་པར་འགྱུར་ཏེ་།མཆིལ་ལྷ་མ་བ་གོལ་དང།
ཆར་དབབ་བ་དང། ཉི་ཟླ་གཟུང་བ་ལ་སོགས་པ་འཇིག་རྟེན་བའི་དངོས་གྲུབ་དང། འཇིག་རྟེན་པ་ལས་འདས་པའི་དངོས་གྲུབ་དང། འཇིག་རྟེན་པ་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་བར་བྱོས་ཤིག་ཅེས་རྗེ་གནད་སྦྱིན་ནོ། །དེ་དག་ནི་?
པའི་དབང་དམ། རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་པ་སྟེ། ལུས་ཀྱི་དྲི་མ་དག་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱི་ལམ་མཐར་ཕྱིན་པ་དང་སྐལ་བ་མཉམ་པར་འགྱུར་རོ། །དེ་ནས་དབང་བསྐུར་བ་གཉིས་པ་ནི་དག་གི་དྲི་མ་དག་པར་བྱེད
པ་དང། སྦྱོར་བའི་ལམ་གྱི་ནུས་པ་འཇོག། དབང་བསྐུར་གསུམ་པ་ལས་སེམས་ཀྱི་དྲི་མ་དག་ཅིང་མཐོང་ལམ་གྱི་ནུས་པ་འཇོག་དབང་བསྐུར་བ་བཞི་པས་ནི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དག་སྒོམ་བའི་ལམ་དང་ཁྱད་པར་གྱི་ལམ
ལ་གནས་པའི་ནུས་པ་འདོག། དབང་བསྐུར་བ་དེ་དག་གིས་དབང་བསྐུར་བའི་རིམ་པ་ནི་བླ་མའི་ཞལ་ལ་བསྟོས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཀྱང་དགོངས་པ་སྦས་པ་ཡིན་ལ། །དེ་བས་ནི་དགོངས་དོན་ཉམས་པ་སྤངས་པའི་ཕྱིར་བདག
གིས་ཀྱང་འདིར་ཡི་གེར་བཀོད་པ་མ་ཡིན་སྙམ་དུ་དགོངས་སོ། །དེ་དག་གིས་དབང་བསྟན་ནས། གང་གི་ཚེ་རབ་ཏུ་གནས་པར་བྱེད་པར་འདོད་ན་དེའི་དོན་ཀྱང་འདི་ཡིན་ཏེ། སྡོམ་ནི་ཤེས་པར་བྱ་དང་ཉམས་སུ་བླང། །འབྲས་བུ་དང་ནི་རྣམ་པ་གསུམ། །དེ་ལ
ཤེས་པར་བྱ་བ་ནི་འདི་ཡིན་ཏེ། རབ་ཏུ་གནས་པ་ཐུང་མོང་དང། ཁྱད་པར་དུ་ཤེས་པར་བྱའོ། །མངའ་དབུལ་ལྷ་ལྟར་མཆོད་པ་དང། སློབ་མ་ལྟ་བུར་དབང་བསྐུར་བ། སྐྱན་དབྱེ་ཐུན་མོང་གསེར་?་གྱིས། །ཚིགས་བཅད་སྔགས་དང་བཅས་བར
བརྗོད། །ཁྱད་པར་སྤྱན་ནི་དབྱེ་བའོ། །ཞལ་བསྲོ་བ་ནི་སྦྱིན་སྲེག་གིས། སློབ་མ་ཤིས་པར་?་ཕྱིར་དང། །ལྷ་རྣམས་ཚིམ་པའི་དོན་དུའོ། །དེའི་རྗེས་ལ་ཉམས་སུ་བླང་བ་ནི་འདི་ཡིན་ཏེ། །སྔར་བཞིན་བླ་མར་འོས་པ་ལ། །སློབ་དཔོན་མཚན་ཉིད་དང་ལྡན་?
གསོལ་བ་གདབ་པ་དང། བསྙེན་པ་དང། ས་ཆོག་དང་སྔར་བཞིན་བྱས་ལ། དཀྱིལ་འཁོར་མེ་ལོང་གི་?་ལྟར་མཉམ་པའི་སྟེང་དུ་ལམ། །སྟེགས་བུ་གྲུ་བཞིའི་སྟེང་དུའོ། །སྟོ་གན་ཡོ་བྱང་ཐམས་ཅད་ཉེ་བར་སོགས་ལ། དེ་ལ་སློབ་དཔོན་དུ་འོས་པ?་ནི
འདི་ཡིན་ཏེ། བརྟན་ཞིང་དུལ་པ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བཤེས། །དཀྱིལ་འཁོར་བྲི་པའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ལེགས་པར་ཤེས། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། །དེ་ཡི་བསྟན་པའི
གསང་སྔགས་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད་ཅེས་པ་ནི། དེས་ཀྱང་ཆོས་ཆད་བ་མེད་པར་ཕུན་སུམ་ཚོགས་པར་བྱ་སྟེ། འདི་སྐད་དུ། ཆོ་ག་ཉམས་པར་མི་བྱ་སྟེ། །རེ་བ་གནས་རྟག་ཏུ་སྨད་པ་དང། །ཆ་འདིའི་སྡུག་བསྔལ
ཆེན་པོ་དང། །འཇིག་རྟེན་གཞན་དུ་འཇིགས་ཆེན་འབྱུང། །དེ་བས་དངོས་གྲུབ་འདོད་པ་ཡིས། །བདག་ཉིད་ཀྱིས་ནི་ཅི་ནུས་ལས། །དེ་བཞིན་ཚ་གང་གསུངས་ཚུལ་དུ། །ཀུན་ནས་རབ་ཏུ་དེ་བྱ་ཞེས་པ་དང། དེ་ནས་དང་པོ་སློབ་མ་འམ།
སྒྲུབ་པའི་གྲོགས་པོ་རང་ཉིད་རྒྱན་དང་བྱུག་པ་ལ་སོགས་པ་དང་། མཆོད་ཡོན་བྱིན་ཕྱིས་བརླབས་པ་དང་།ཡན་ལག་དྲུག་གི་རྣལ་འབྱོར་བདུད་རྩི་མྱང་བའི་བར་བུ་བདག་ཉིད་བ་ལྡན་པ་ཕུན་སུམ་ཚོགས་པ་བྱས་ལ། །དེ་ནས་བླ་མོས
ཀྱང་ཕུན་སུམ་ཚོགས་ནོ་ས་པ་འཕྲོ་བ་དང་ལྡན་པས་རྣལ་འབྱོར་བསྒྲུབ་པའི་གྲོགས་མཆོག་བཞིན་དུ་ཏིང་ངེ་འཛིན་བསྐྱེད་པ་དང། རང་བཞིན་སྤྱན་དྲངས་པ་གཉིས་བསྲེས་སམ་གསུམ་བསྲེས་བྱས་ལ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱད་བའི་བར
དུ་སྔར་བཞིན་བྱས་ནས་སྐུ་གཟུགས་ལ་སོགས་དག་ཀྱང་བྱི་དོར་བྱས་ལ་སྔར་གྱི་གནས་སུ་གཞག་གོ། དེ་ནས་མེ་དང་ཆུ་ནང་དུ། །ཡུངས་ཀར་བླུགས་ཤིང་སྔགས་འདི་བཟླས། །ལན་གསུམ་བསྐོར་ཞིང་གཏོར་བར་བྱ། །སྦྱང་ཞིང་བསྲུང་པ་དག་ཏུ་བྱ།
ོཾ་ཏེ?་བཛྲ་ཨ་དྷི་ཏིཥྛ་ན་སརྦ་པཱ་པཾ་ད་ཧ་ན་ཏེ་བཛྲ་ཡ་ཧཱུཾ་ཕཊ་སྭཱཧཱ། དེ་ནས་འབྲུ་མར་ལ་དུར་པའི་པིར་གྱིས་བྱུག་ཅིང། །ོཾ་སརྦ་ཏ་ཐཱ་ག་ཏ་སཱ་ཡ་པི་ཤོདྷ་ནི་སྭཱཧཱ། རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་ནས་ཤུན་པགས་ལྔ་ཡིས་དྲིལ་ཕྱེས་དང། ?་ལ
སོགས་པ་བྱས་ཀྱང་རུང། མ་བྱས་ཀྱང་སྔར་གྱི་དེ་དག་གིས་རྟེན་སྦྱད་བའོ། །བདུག་སྤོས་ཐོགས་ཤིང་རོལ་མོ་དབྱངས་དང་བཅས་པས་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁའ་ལ་དཀྱིལ་འཁོར་ལྷའི་རྣམ་པར་བསྡུས་ལ་འདི་སྐད་བརྗོད་དོ།།
དགྱེས?་མཛད་རྡོ་རྗེ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་བྱག་འཚལ་ལོ། །སློབ་མ་ལ་ཡང་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རང་གནས། །མགོན་པོ་བདག་ནི་བགྱིད་བར་འཚལ། །བཅོམ
ལྡན་བདག་ཙི?་པ་ལ། །དེ་བས་གནད་པ་མཛད་པར་རིགས། བདག་གི་མིང་བརྗོད་འདི་ཞེས་པས། རིག་པའི་རྒྱལ་བོ་འདི་ཞེས་བྱ། །ཡོ་བྱད་ཅི་འབྱར་པ་ཡིས་ནི། །ནང་པར་རབ་གནས་བགྱིད་པར་འཚལ། །བདག་དང་སློབ་མར་བཅས
པ་ལ། །ཐུགས་?་བར་ནི་ཉེད་དགོངས་ནས། །ཚོགས་པ་ཐམས་ཅད་རབ་གནས་ལ། །བྱིན་གྱིས་བརླབ་པ་མཛད་དུ?་གསོལ། །ཞེས་པ་དང། ཡང་ན་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང། སྲས་བཅས་འཇིག་རྟེན་རྣམ་གྲགས་དང་ཞེས
པ་ལ་སོགས་པས་གསོལ་བ་གདབ་ཅིང་སྙིམ་པའི་མེ་ཏོག་གཏོར་ཞིང་འདི་སྐད་དོ། །ནམ་མཁར་བཞུགས་པའི་རྫོགས་སངས་རྒྱས། །མེ་ཏོག་བཟང་པོར་རིན་ཆེན་ཆང། །སྐུ་ལ་རབ་ཏུ་འབབ་འགྱུར་བས། །ཀྱེ་ཀྱེ་སོ་སོར
བཞེས་སུ་གསལ། །ོཾ་པ་ར་མ་སུ་ཁ་ཤ་ཡ་སུ་ལ་ལཾ་ཏ་བི་ལ་ས་མི་ཏེ། ན་མ་མི་བྷ་ག་བཱཉྫའཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་འདིར་ཁྱོད་བཞུགས་མཛོད། །འདིར་ཞུགས་རྟག་ཏུ་མགོན་པོ་ནི། །གྱུར་ནས་མེ་ཏོག་ལ་སོགས་འདི། །བྱང་ཆུབ་སེམས་ནི་འཕེལ་པའི་ཕྱིར། །བདག་ཅག་དོན་དུ་བཞེས་སུ་གསོལ
ཞེས་བརྗོད་དེ། །དེ་ཡང་དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པ་ཡིན་ན། སྔར་བཞིན་དུ་ལྷ་སྟ་གོན་དུ་གནས་པ་ཉིད་བྱ། མ་ཡིན་ན་མགོན་པོ་བསྡུ་བ་དག་ཙམ་གྱིས་བྱའོ། །དེ་བཞིན་དུ་དབང་ཡིན་ན་སློབ་མ་ལྷག་གནས་ལ་སྟར་བཞིན་དུ་བྱ
བ་ཡིན་ལ། མ་ཡིན་ན་འདི་ཙམ་གྱིས་སློབ་མ་ལྷག་པར་གནས་པར་བྱ་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་པ་རུ། །འབྱུང་བར་བདག་ཉིད་ཐེ་ཚོམ་མང། །བྱང་ཆུབ
སེམས་དང་སེམས་གཙོག་ལས། མི་ལྡེག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། དེང?་བདག་སྐྱེ་བར་ཐོམ་མེད། །དང་བདག་ཉི་མ་དམ་པ་སྟེ། །བདག་གིས་མཆོད་སྦྱིན་བླ་ན་མེད། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས
པའི་མཆོག་ཡིན་ནོ། །ཞེས་བརྗོད་དོ། དེ་ནས་གལ་ཏེ་རྡུལ་ཚོན་མ་དྲིས་པའི་ལྷག་གནས་ཡིན་ན་ཤིན་ཏུ་སྔ་བར་ཐིག་དང་ཚོན་ལ་སོགས་པ་སྔར་བཞིན་དུ་བྱས་ལ། །ཉི་མ་བཟང་པོ་ལ་རབ་གནས་འདི་ལྟར་བྱ་སྟེ། ཡང་སློབ་དཔོན་གྲོགས་དང
བཅས་པས་ཆོ་ག་ཉམས་པར་མི་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་ཡོ་བྱད་ཐམས་ཅད་བསོག་ཅིང་བསྟར་བ་དང། རྒྱན་ཐམས་ཅད་བྲེ་བ་དང། ཡང་རང་ཉིད་གྲོགས་དང་བཅས་པས་ཁྲུས་དང་བྱུག་པ་ནས་གཟུང་སྟེ། བདུད་རྩི་མྱང?
?་དུ་བདག་ཉིད་ལ་ལྡན་པ་ཕུན་སུམ་ཚོགས་པ་སྔར་བཞིན་དུ་བྱ་ཞིང། སྐུ་གཟུགས་ལ་སོགས་བྱི་དོར་བྱ་བ་ནས། ཤུན་པགས་ལྔ་སྟེ། ཛམྦུ་ཀ་དང། ཀ་ཏ་དང། བིལྦ་དང། ཨ་མྲ་དང། པི་ཙུ་པུ་རི་ལས་བྱུང་བའི་དྲིལ་ཕྱིས་བྱ་བ་དང། དེ་བཞིན་དུ་སྔར་གྱི
?་གསུ་བཅད་པ་དང། །དི་རིང་རབ་གནས་བགྱིད་པར་འཚལ། །ཞེས་པ་བཅུག་ལ། །དེང་བདག་འདུས་པའི་མཆོག་ཡིན་ནོ། ཞེས་པའི་བར་དུའོ། ཞེས་བརྗོད་དོ། །དེ་ནས་བ་ཡུངས་རྣམ་པ་ལྔ་དང་ལྡན་པའི་བུམ་པའི་ཆུ་ལ། ཨོཾ་བི་ཤུདྡྷེ། བཛྲ་?
དྷ་ཧཱུཾ་ཨོཾ་བུཾ་ཛཾ། བཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་མངོན་པར་བཟླས་པའི་ཆུས་?་བྱ་ཞིག་ཕ་རོལ་མི་དབྱངས་དང་བཅས་པས་འདི་བརྗོད་པར་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་གྱིས་ནི་ཁྲུས་གསོལ་བ། །ལྷ་ཡི་ཇུ་ནི་དག་པ་ཡིས
དེ་བཞིན་བདག་དིས་ཁྲུས་གསོལ་ལོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་སྭཱཧཱ། གཞན་ཡང་སྤྱན་ལ་སོགས་པའི་སྔགས། ཨོཾ་རུ་རུ་སྤུ་རུ་ལ་སོགས་པའི་ཡང་བརྗོད་ཅིང། བཀྲ་ཤིས་ཚིགས་སུ་བཅང་པ་གང་ཡང་རུང་བ་གཅིག་གིས
དབྱངས་སུ་བརྗོད་དོ། །དེ་ནས་རས་ཀྱིས་སྐུ་ཕྱི་བར་བྱ་སྟེ། བདེ་གཤེགས་སྐུ་གཟུགས་དཔེ་དང་བྲལ་ཀྱིས་ཀྱང། །འགྲོ་པའི་དོན་དུ་སྐུ་གཟུགས་ཅིར་ཡང་གདའ་། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ?་ཞིང། །འཇིག་རྟེན་བསྙེན་བཀུར་རི་མོའི
ཚུལ་དུ་ནི། །དྲི་མེད་རྒྱལ་བ་རྣམས་ཀྱིས་རབ་སྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་སྒྲིབ་པ་མ་ལུས་ཀུན་བྱང་ནས། །སྐུ་གསུམ་དང་དུ་བདག་ཅག་གྲུབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཝ་སྟཝཾ་ཡེ་སྭཱཧཱ
ོཾ་ཙིཏྲ་གནདྷེ་སྭཱཧཱ། ཨོཾ་བཛྲ་ཨབྷི་ཥིཉྩ་ནི་སྭཱཧཱ། དེ་རབ་ཏུ་གནས་པའི་དངོས་གཞི་ཉིད་ཡིན་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་གཅིག་བསྡུས?་དང། །རབ་གནས་མཚན་ཉིད་བཟང་པོ་ཉིད། །ཞེས་པ་དང། སྐུ་གཟུགས་སྙིང་?་?
གཞུག། ཅེས་པ་དང། བསྡུ་བའི་ཚིག་འདིས་ཤེས་པར་བྱ་སྟེ། ཏིང་ངེ་འཛིན་ཡེ་ཤེས་བྱིན་རླབས་དང། །དབང་བསྐུར་བ་ཡི་རབ་གནས་བཟང། །དེ་ས་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ནི། སྐུ་གཟུགས་ས་བོན་ཕྱག་མཚན་ནམ། །སྐད་ཅིག་སོགས་ཀྱི་ལྷ་?
དཀྱིལ་འཁོར་ལྷ་རྣམས་ལུགས་བཞིན་སྐྱེད། །སྙིང་གའི་ས་བོན་འོད་ཟེར་གྱིས། །ནམ་མཁའ་བསྡུས་ལ་མཆོད་ཅིང་བསྟིམ། །དེ་ནས་བྱིན་གྱིས་བརླབ་པ་ནི། །སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས། །བྱིན་གྱིས་བརླབ་པ་སྔར་བཞིན་བྱ། །དེ་ནས་དབང་?
བ་མི། ཆུ་དང་དབུ་རྒྱན་ནས་གཟུང་སྟེ། །རྗེས་སུ་གནང་བའི་བདུད་སྦྱིན། །གཞན་ཡང་རིན་ཆེན་བདུན་ལ་སོགས། །ཅི་རིགས་པར་ཡང་དབང་བསྐུར་བྱ། །མངའ་དབུལ་བ་ཡང་དབང་དེར་གཏིགས། །དེ་ནས་སྤྱན་དབྱེ་བའི་ཆོག་བྱ་སྟེ། གསེར་གྱི་ཐུར་མ་ལ?
སོགས་པ་མར་དང་སྦྲང་?་ལ་བསྲེས་ཏེ། སྟན?་དབྱེ་ཞིང་འདི་ཅེས་བརྗོད་དོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་མིང?་ཏོག་བསལ་བ་ལྟར། །ཁྱོད་ཀྱིས་ཀྱང་ནི་མི་ཤེས་བའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ་ཞེས་པ་དང། །ོཾ་སརྦ་ཏ་ཐཱ
ག་ཏ་ཙཀྵ་ཙཀྵུ?་ས་མནྫ་ཙཀྵ་ཙཀྵ་?་ཤོ་དྷ་ཡོ་སྭཱཧཱ། །ཁྱད་པར་དུ་སྤྱན?་དབྱེ་བ་ནི། སློབ་མ་ལ་ཡེ་ཤེས་འབེབས་པ་ལྟར་འདིར་བྱའོ། །དེ་ནས་མདའའབུལ་བར་བྱ་སྟེ། དང་པོར་གདུགས་དང་རྒྱལ་མཚན་དབུལ་བར་བྱ་སྟེ། འདི་སྐད་དོ། བདེ་བར་གཤེགས
པ་ཨའི་སྐུ་གསུང?་ཐུགས་རྣམ་པར་དག་པའི་གཟུགས་??་གདུགས་དུ་?་བདེ་?་གཤེགས་པའི་སྐུ་གསུང་ཐུགས་རྣམ་པར་དག་པ་ནི་ཞེས་གྲོ་ཞིང་བྱིན་ཆེ་འགྲོ་བ་སྐྱོབ་པའི་ནུས་པ་དང་ལྡན་པ་ཡིན་ཕྱི་བདག་པོ་ལ་སོགས་པ་ཁམས
གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་གདུང་བ་སེལ་བཅིང་འགྲོ་བ་སྐྱོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག། ཇི་ལྟར་སྔོན་གྱི་སངས་རྒྱས་ལ།། གདུགས་མཛེས་གསེར་གྱི་ལུ་བར་ལྡན།།
ཕུལ་བདེ་བཞིན་བདག་འདུལ་གྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ོཾ་སརྦ་ཏ་ཐཱ་ཏ་ག་ཙཏྟཾ་ཤྲི་ས་མ་ཡེ་ཧཱུཾ་ཞེས་གསུམ་མམ་བདུན་གྱི་བར་དུ་བརྗོད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་བསྒྲེ་ཞིང་སྦྱར་བར་བྱའོ། །རྒྱལ་མཚན
ཡང་སྔར་བཞིན་མཛད་ནས་ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །བར་ཆོད་འདུད་ལས་རྒྱལ་བའི་རྟགས། །ཕུལ་བ་དེ་བཞིན་བདག་འབུལ་གྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་དྷ་ཛ་ཀེ་ཏུ་ཤྲཱི་ས་མ་ཡེ་ཧཱུཾ། དེ་ནས
འཕན་དང་བ་དན་དབུལ་ཏེ། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། སྙམ་པའི་བ་དང་ཕྱོགས་བཅུར་སྒྲོགས། །ཕུལ་བ་དེ་བཞིན་བདག་འབུལ་གྱིས། ཅི་བདེ་པར་ནི་བཞེས་སུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་པ་ཏ་ཀ་ཤྲཱི་ས་མ་ཡེ་ཧཱུཾ། དེ་ནས
བཞིན་བླ་དེ་ལ་སོགས་པ་ལ་ཡང་ངོ། །ཡང་ཁྲུས་བྱས་ཏེ་མཆོད་པ་རྣམ་པ་ལྔ་འབུལ་ལོ། །དེ་ནས་ཞལ་ཟས་འབུལ་ལོ། །དེ་ནས་མཆོད་པའི་ཚིག་སྔར་བཞིན་སྦྱར་ལ། སེམས་ཅན་ཐམས་ཅད་བཀྲེས་སྐོམ་དང། མུ་གེ་ལ་སོགས
པའི་བསྐལ་པ་ལས་ཐར་པར་གྱུར་ཅིག། ཨོཾ་སརྦ་ཐ་ཐཱ་ག་ཏ་ཨཱ་ཧ་ར་བྲུཾ་ཇི་ཉི་ས་མ་ཡེ་ཧཱུཾ། དེ་ནས་ན་བཟའ་དབུལ་ཏེ། །སེམས་ཅན་ཐམས་ཅད་གོས་དང་བགོ་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་ཏེ། ལྷའི་ན
བཟའ་?་ལག?་རེག་ན་བདེ?་དང་གྱོན་པའི་སྐལ་པ་དང་ལྡན་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ?་ནཱདང། ལྷ་རྣམས་ཚིམ་པའི་དོན་ཏུ་སྟེ། །དེ་ཡང་སྔར་?་མཆོག་ལྟར། །དེ་ནས་ཁྱད་པར་དུ་ཡང་ནང་གི་སྐུ་གཟུགས་ལ་ཆོགས་ཀྱི་མཆོད་པ་དང་ཙཱ་རུའི་སྟོན་མོ་ཡང་བྱའོ། དེའི་རྗེས་ལ་མཆོད་གནས་སུ་གཏད་པ་ནི། ཁྱོད་ཀྱིས
པ་ལ་གསོལ་བཏབ་པ། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཅི་སྐད་གསུངས་པ་བཞིན་རབ་གནས་པ། །དེ་ནི་ངེས་བྱ།?་བྱང་དུ་བཅུག། ཁྱད་ཀྱིས་དེ་ནི་ཀུན་རྫོགས་པར། །ཅི་བདེ་བར་ནི་མཆོད་པར་གྱིས། །དེ་ནས་སྲུང་ན་བསྒོ་བ་ནི། །བདག་ཉིད་ལུས?
པའི་ལྷར་སྦྱོར་བས། །ནག་པོ་ཆེན་པོ་དགུག་པ་དང། །གཞུག་དང་བཅིང་དང་དབང་དུ་བྱ། །དེ་ལ་མཆོད་དང་གཏོད་མ་སྦྱིན། །དེ་ལ་བཀའ་ལུང་བསྒོ་བྱ་བ། །ཡིས?་རབ་གནས་བྱས་པ་ཡིས། །གཙུག་ལག་ཁང?་?་སོགས་པ་འདི། །ཇི་སྲིད
གནས་པ་དེ་སྲིད་དུ། །བསྲུང་ཞིང་ཁྱོད་ཀྱིས་ལེགས་པར་སྐྱོངས། །དཀོན་མཆོག་འཕགས་པའི་དགེ་འདུན་གྱི། བཀའ་གསལ་ཁྱོད་ཀྱིས་བསྲུང་བ་དང། །སྟོན་པའི་བཀའ་དང་སློབ་དཔོན་གྱི། །བཀའ་ལུང་བསྒོ་བ་ལེགས་པར་བསྲུངས། དེ
ནས་བཟོད་གསོལ་བྱ་སྟེ། རྫོགས་སངས་རྒྱས་དང་ལྷ་རྣམས་དང། དེ་སྲས་ཚང་སོགས་ལྷ་ཚོགས་ཀུན། གང་ནི་?་ཆོ་ག་བྱས་པ་ན། །ནོངས་གྱུར་དེ་དག་བཟོད་མཛད་རིགས། །དེ་ནས་གཤེགས་གསོལ་བྱེད་འདོད་ན། །འདི་ཙམ་བརྗོད་སྐད
བྱ་བ་སྟེ་སྦྱིན་བདག་རྣམས་ལ་ཞི་བ་དང། བདེ་ལེགས་ཆེན་པོ་ཀུན་མཛད་པར། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འགྲོ་བའི་དོན་ལ་གཤེགས། དེ་ནས་བྱིན་རླབས་བསྟན་པ་བརྗོད། །གང་འདི་སྐུ་གཟུགས་བསྐལ་བ
འམ། །།བསྐལ་པ་བརྒྱ་ལས་ལྷག་གནས་ཤིང། །ས་དང་མེ་དང་ཆུ་དང་ནི་རླུང་ལས་ལྷ་རྣམས་ཀུན་གྱིས་སྲུང། །སློབ་དཔོན་སློབ་མར་བཅས་པ་དང། བུ་དང་ཆ་བོ་རྣམས་འཕེལ་ཏེ། །རབ?་དགའ་ཡིད་བདེ་གྱུར་ནས
ནི། རབ་གནས་བཟང་པོར་དག་ཏུ་བཞུགས། །རབ་གནས་སྤྱི་ཡི་ཤེས་བྱས་ན་།གལ་ཏེ་གླེགས་པམ་རས་རིས་སོགས། །ཡིན་ན་གཞན་ལས་གསུངས་པ་བཞིན། །ཡིག་འབྲུར་སྒྱུར་དང་ཁྲུས་ལ་སོགས། །སྔགས་ལ་སོགས་པ་ཅི་རིགས་བྱ། །བཞུད
མངས་དོགས་ནས་འདིར་མ་བརྗོད། །དེ་རྗེས་?། གཞུང་རྫོགས་ཚིགས་བཅད་བརྗོད། །གང་གིས་འདི་རྩོམ་པ་ཡང་དག་མིང་ནི། །མི་མཐུན་ཕྱོགས་ཀྱིས་ཐུབ་དཀའ་མི་བསྐྱོད་པ། །མཛའ་ན་རྡོ་རྗེ་ལྡན་པས་བཙས་པའི་མིག
མ་བཅས་གྲགས་པ་བསོད་ནམས་ཀུན་ལ་ཁྱབ། །མཛའ་ན་རྒྱལ་མཚན་ལྡན་པས་སྙམ་པའི་གསུང། །གང་བརྩམས་གཞུང་དེ་རབ་ཏུ་གྲུབ་པ་ཡང། །སྒྲུབ་པ་པོ་ཡི་ལག་ཏུ་བྱ་བ་ཡང། །མཛའ་རུ་བླ་?་ལྡན་པས་དོན་ཀུན་རྫོགས། །ཚིགས་བཅད་རྐྱང་པ
རྣམས་སྤྲས་རིམ་པ་ལ་མཛའ་ན་ཞེས་བྱ་ལྡན་པས་གྲགས་ཆེན་པོ། །གང་ལྟར་དོན་དེ་རབ་ཏུ་རྫོགས་པ་ཡང། །མངོན་རྟོགས་སྒྲུབ་ཐབས་དབང་དང་རང་གནས་ཡིན། །སྒྲུབ་ཐབས་དང་མཐུན་བླ་མའི་མངོན་རྟོགས་ལ། །མཛའ་དུ་སྒྲ་དང་ལྡན
དཀྱིལ་འཁོར་ཆོ་ག་རྫོགས། །དྲི་མ་དག་ཅིང་ནུས་འཇོག་དབང་ལ་ཡང། །མཛའ་རུ་རབ་གནས་ལྡན་པས་གཞན་དོན་རྫོགས། གང་ཕྱིར་སྦྱིན་པའི་འབྲས་བུས་འགྲུབ་པོ་ཡང། །ཕྲིན་ལས་དངོས་གྲུབ་རང་གཞན་དོན་དུ་ཡིན། །དི་ལས་ཅུང་ཞིག་གོ
དོག?་བའི་ཤེས་བྱ། །བསྙེར་པ་མངོན་རྟོགས་རིམ་པ་རང་དོན་ལས། །མཛའ་རུ་རབ་གནས་ལྡན་པས་གཟན་དོན་རྫོགས། གང་ཕྱིར་སྦྱིན་པའི་འབྱས?་བུས་འགྲུབ་?་ཡང། །ཕྲིན་ལས་དངོས་གྲུབ་རང་གཞན་ངོན་དུ་ཡིན། །དེ་ལས་ཅུང་ཞི་གོ
ནམས་རྒྱལ་མཚན་གྱིས། །གཞུང་དག་ལས་ནི་གསུངས་པ་ཡིན་མོད་ཀྱང། །བླ་མས་རང་ལ་རང་གིས་གཞན་ལ་སྟེ། མཛད་པའི་རིམ་པ་བསྡུས་ཤིང་ལེགས་པར་བསྒྱུར་བ་རྫོགས་སོ། །རྒྱ་གར་སྐད་དུ། བ་ལཾ་བི་དྷི།
བོད་སྐད་དུ།
CLOSE WINDOW