Wylie | e-texts based on the ACIP/ALL ![]() ![]() |
།།རྒྱ་གར་?་དུ། ཏཏྭ་?་ཀ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་སྦྱང་བ་ཞེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀེང་རུས་མཛའ་ནི་འཁོར་བྱེད་སྤྲིན་ཚོགས་འདྲལ་ཞིང་དྲི
མེད་ནམ་མཁའ་ལམ་ཡིན་པ། །རྡོ་རྗེའི་འོད་ཟེར་སྤྲོས་བྱེད་སེང་གེ་དབང་པོ་ཚངས་པ་སྐྲག་འགྱུར་བསྟོད་འོས་པ། །བསྐལ་མཛའ་ཆུ་སྦྱིན་སྒྲ་བཞིན་སྒྲ་ཉན་འཇམ་འགྱུར་ཧཱུཾ་གི་ཡི་གེ་སྒྲར་འགྱུར་པ། །འཇིགས་པས་བདུང་བཞི་སྒྲག་ཅིང་སྲིང
གསུམ་གྱིས་ནི་ཕྱག་བྱས་ཧེ་རུ་ཀ་ཡི་གར་ཁྱོད་སྐྱོང་གྱུར་ཅིག། ནག་འགྲུབས?་འཇུར་དད་འདྲ་འཇམ་པའི་ཛན་ན་ཛན་སྒྲར་འགྱུར་པའི་པུས་མོའི་ཟུང་དགོད་དང། །དགུང་པར་འཇིགས་པའི་སྤྱན་གསུམ་གྱི་ནི་ལྟ་བས་ལྷ་རྣམས་སྐྲག་པར་མཛད་པ
དང། སྤྲོས་འགྱུར་རེངས?་པའི་ཁྲོ་གཉེར་འཇོམས་པ་བསྟན་ཏེ་ཞལ་ནི་མི་བཟད་པ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ཨཽཏཔལ་སྔེ་འདྲ་རང་སྐུས་ལུས་ཅན་སྐྱེ་བ་གྱུར་ཅིག། རྡོ་རྗེ་སེམས་དཔའ་གནས་པ་ཡིས། །སྙིང་རྗེས་སེམས་ཅན་རྣམས་ལ་ནི། །དེ
ཉིད་སྣང་པ་ཞེས་བྱ་བ། །དེ་ནི་བདག་གིས་བྲི་བར་བྱ། །འདུལ་བར་དཀའ་བར་གྱུར་པ་ཡི། །སེམས་ནི་ལམ་ལ་གཞུག་པའི་ཕྱིར། །བདག་གིས་ནན་ཏན་བྱེད་པ་ལ། །དེ་ཉིད་རིགས་མཁན་བཟོད་པར་མཛོད། །རྒྱུ་བ་ནི་དགྱེས་པའི་རྡོ་རྗེ་བྱུང་སོགས
སྙིང་?། །ཁང་གཤེགས་ཀྱིས་བསྟན་ནན་རྟེན་གྱིས་ནི་གཟུང་ནས་སུ། །སྣ་ཚོགས་སྐྱེད་བྱེད་བསྟན་བཅོས་དེ་ཉིད་སྣང་བ་ནི། །འགྲོ་ལ་ཕན་ཐོགས་ཕྱིར་ནི་བདག་གིས་བསྟན་པར་བྱ། །དང་པོར་དེ་ཞིག་སློབ་མས་བླ་མའི་ཕྱོགས་སུ་བལྟ་ཞིང
མཇལ?་ཕྱི་ཆོ་ག་བྱས་ལ། དེ་ནས་སེམས་ཅན་རྣམས་སྐྱོ་བར་འགྱུར་པའི་ཕྱིར། །འགྲི་ལ་ཕན་ཐོགས་དོན་དུ་སངས་རྒྱས་འགྱུར་པར་ཤོག་ཞེས་བྱ་བ་སྟེ། དམ་བཅའ་བར་བྱའོ། །དེ་ནས་བདག་ཉིད་བླ་མ་ལ་དབུས་བྱ་ཏེ་བྱ་བ་ནི་སྔོན་པའོ།།
?་མིན་པའི་?་སེན་ས་འདྲག་པར་འབྱུང་པ་ལས་སྔག?་པ་ཞེས་བྱ་པའི་ཚུལ་ཁྲིམས་སོ། །ལུས་དང་དག་དང་སེམས་འབྱུང་པ་ཞེས་བྱ་བ་ནི་བཟོད་པའོ། །སྔོན་གྱི་དམ་བཅའ་བ་ཡོངས་སུ་རྫོགས་པའི་གྲུབ་པའི་ཞེས་བྱ་བ་ནི་བརྩོན་འགྲུས་སོ།།
སེམས་རྩེ་གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་བསམ་གཏན་ནོ། །འདི་དག་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱིས་ངེས་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་དེ་ཤེས་རབ་ཀྱི་མིང་ཐོབ་པའོ། །དེ་བས་ན་ཤེས་རབ་དང་ལྡན་པའི་སྦྱིན་པ་ལ་སོགས
པའི་ཕ་རོལ་ཏུ་ཕྱིན་པ་ལྔས་མིང་ཐབ་པར་འགྱུར་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་པར་བྱེད་ཅིང་མི་དགེ་བའི་ལས་བཅུ་ཡོངས་སུ་སྤངས་པར་བྱའོ། །དེ
རྣམས་ཀྱང་ལུས་དང་ངག་དང་སེམས་ལ་བརྟེན་པར་གྱུར་པའོ། །ལུས་ནི་ངག་ལ་བརྟེན་པ་དང། ངག་ནི་སེམས་ལ་བརྟེན་པ་དང། སེམས་ནི་ནམ་མཁའ་ལ་བརྟེན་པ་སྟེ། ནམ་མཁའ་ནི་?་ལ་ཡང་བརྟེན་པར་མ་གྱུར་པའོ། །དེ་བས་ན་འབད་པ་ཐམས
ཅད་ཀྱིས། །གསུམ་པོ་འདི་ཉིད་དྲི་མ་མེད་པར་བྱས་ལ། །སླར་ཡང་གསུམ་པོ་འདི་ལ་རྣམ་པར་བཤད་པར་བརྗོད་པར་བྱའོ། །འདི་ལྟ་སྟེ་ལུས་ནི་གཟུགས་བརྙན་དང་འདྲ་བའོ། །ངག་ནི་སྒྲ་བརྙན་བཞིན་དུའོ། །སེམས་ནི་ནམ་མཁའ་དང་མཉམ་པ་སྟེ།།
གསུམ་པ་དེ་ནི་ཤེས་རབ་དང་ལྡན་པས་རྣམ་པར་དག་པར་འགྱུར་ཞེས་བྱ་བའོ། །དེ་ལྟ་བས་ན་མི་དགེ་བ་བཅུ་གནོད་པར་མི་བྱེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྔོན་དུ་ལས་རྗེས་སུ་དྲན་པར་སྤྱོད་པར་བྱ་ཞེས་བྱ་བ་ནི་ཡིན་ལ། །ལས་དང་པོ་པའི་དུམ
པུ་སྟེ་དང་པོའོ། ། །།དེ་ནས་སྔགས་བསྟན་པའི་རྒྱུད་རྣམ་པ་བཞི་ལས་སྔགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་སོགས་པ་ནི། གང་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཐམས་ཅད། ངན་སོང་དུ་གནས་པའི་སེམས་ཅན་རྣམས་བཀུག
ནས་དམ་པའི་ལམ་ལ་དགོད་པའི་ཕྱིར་བསྟན་ཏོ། །བསྟན་པ་ཡང་ཐ་མ་དང་འབྲིང་དང་རབ་དང་སེམས་ཅན་གྱི་བསམ་པ་རབ་ཏུ་དབྱེ་ངེས་སྣ་ཚོགས་པར་འགྱུར་ཏེ། དཔེར་ན་གཅིག་མིན་པར་འགྱུར་བ་བཞིན་དུའོ།།
ཅི་ལྟར་འགྱུར་ཞེ་ན། དཔེར་ན་ཆུ་གང་བར་གྱུར་པའི་ཆུ་སྣོད་རྣམས་ལ་ཟླ་བ་གཅིག་ཡིན་ཡང་གཟུགས་བརྙན་དུ་མ་གྱུར་པ་བཞིན་དུ་ཞེས་བྱ་བའོ། །དེ་བས་ན་ཐིག་པ་ཐམས་ཅད་ལས་དེ་ཁོ་ན་ཉིད་གཅིག་པུ་ཡིན་གྱི་གཞན་མ་ནི
མ་ཡིན་པར་རྟོགས་པར་གྱིས་ཞེས་བྱ་བའོ། །དེ་ལྟར་གཏན་ལ་ཕེབས་ནས་སྔོན་གྱི་དམ་བཅའ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྐྱེ་བ་འདི་ལས་ཉིན་མཚན་དུ་བྱང་ཆུབ་བསྒྲུབ་པར་བྱའོ། །དེ་ནས་གལ་ཏེ་བསྒྲུབ་པར་མ་ནུས་ན་དེ་ལྟ་ན་ནི། །བསོད་ནམས
སྤྱོད་པར་བྱ་སྟེ། བསོད་ནམས་ཀྱི་མཐུ་དེས་མ་འོངས་པའི་དུས་སུ་གཞན་ལ་བྱང་ཆུབ་བསྒྲུབ་པར་འགྱུར་ཞེས་བྱ་བའོ། །ཁྲོ་བ་དང་སེར་སྣ་དང་ང་རྒྱལ་དང་ལྡན་པ་དང་ཆང་དང་ཤ་ལ་སོགས་པ་ལ་རྗེས་སུ་ཆགས་པར་འགྱུར་བ་གང་རྣམས་ཀྱིས་བསྟན
པ་སོ་སོ་རུ་གོ་བར་བྱེད་པ་དེ་རྣམས་ཀྱིས་དེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་དང་འབྲས་བུའི་མཚན་ཉིད་བསྟེན་པར་མི་ནུས་ཏེ། ལོངས་སྤྱོད་ཀྱི་དོན་དུ་དེ་རྣམས་ཀྱིས་སློབ་མ་བཟུང་བར་བྱེད་པ་དང། དམ་པའི་ཆོས་འཚོང་པ
དང། ལོག་པར་འཚོ་བར་བྱེད་པ་དང། བྱིན་གྱིས་བརླབས་པ་དང་བྲལ་བས་དམྱལ་བར་ལྟུང་པར་འགྱུར་བ་དང། དོན་མེད་པར་འགྱུར་བ་ཞེས་བྱ་བའོ། །དེ་ནས་འབྱུང་བ་ལྔ་དང་ཁམས་ལྔ་ལ་སོགས་པ་གང་བ་ཡིན་པ་དེ་རྣམས་སེམས་ཀྱི་ཕུན་སུམ
ཚོགས་པ་ཡིན་གྱི་གཞན་མ་ནི་མ་ཡིན་ནོ། །དཔེར་ན་རྨི་ལམ་དུ་བདག་དང་བྲལ་བར་འགྱུར་བའི་གྱུར་པ་རྣམས་གང་སྐྱེས་པ་དང། གཟུང་བ་དང་འཛིན་པ་ལས་འདས་པར་བྱུང་པའི་ཟླ་བའི་གཟུགས་བརྟན་དང་འདྲ་བ་དང། སྨྲ་བརྙན་དང་འདྲ་བ་དང། དྲཱི་ཟའི་གྲོང་ཁྱེར་བཞིན
དུ་རྟོགས་པར་བྱའོ། །སེམས་ཀྱང་སྐྱེ་བ་དང་གནས་པ་དང་འཇིག་པ་དང་སོང་བ་དང་འོངས་པ་ལས་འདས་པ་དང། ཐོག་མ་དང་བར་དང་ཐ་མ་ལས་རྣམ་པར་གྲོལ་བ་ཡིན་ལ། གནས་པ་གང་ལས་ཀྱང་ཐོབ་པར་མི་འགྱུར་ཏེ། ཤེས་རབ་དང་ལྡན་པར
གྱུར་པ་འདི་ཉིད་འདི་ནི་སྲིད་ལ་གསུམ་ལ་རོལ་བར་མཛད་པ་དེ། དཔེར་ན་རྫུ་འཕྲུལ་མཁན་སྐྱེས་བུ་གང་ཞིག་གིས། སྐྱེ་བ་དང་གནས་པ་དང་འཇིག་པའི་ཚུལ་གྱི་སྨི་རྣམས་ལ་ངོ་མཚར་བར་སྟོན་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཀྱང་ཤེས་
པར་བྱའོ། །དེ་ལྟ་བརྗོད?་པར་གྱུར་པའི་ཐབས་རྣལ་འབྱོར་པས་རིག་ན། སེམས་ཀྱིས་ལ་གནོད་པར་མི་འགྱུར་ཏེ། །རྣལ་འབྱོར་པས་སེམས་ཤེས་པར་གྱུར་ན་ཆགས་པ་དང་བྲལ་བར་ནམ་མཁའ་བཞིན་དུ་འབྱུང་ཏེ། ཡིད་བཞིན་གྱི་ནོར་བུ
རིན་པོ་ཆེ་བཞིན་དུ་སྤྲོ་བ་དང་བསྡུ་པའི་བདག་ཉིད་འཆི་བར་གྱུར་ན་ཡང་རུང་སྐད་ཅིག་གིས་འཚོ་བར་གྱུར་ན་ཡང་རུང་སྟེ། དུས་ཀྱི་མི་འཆི་བ་ལ་སྨོས་ཅི་དགོས། དེ་ལྟར་ཉམས་སུ་ན་མྱོང་བར་ཐོས་པ་ཙམ་གྱིས་དོན་མེད་དེ། །དཔེར་ན་སྨན་སྤྱད་པ་གླགས་པ
ཙམ་གྱིས་ནད་པ་ལ་ནང་ཞི་བར་སྲི?་འགྱུར་བ་བཞིན་དུའོ། །དེ་བས་ན་ཉམས་སུ་མྱོང་བའི་སྦྱོར་པས་འབྲས་བུ་རྫོགས་པར་འགྱུར་ཏེ། །ནྱ་དེའི་ཕྱིར་སེམས་རྟོགས་པར་གྱུར་ན་ཐམས་ཅད་སྐྱེ་པར་འགྱུར་རོ། །ཤེས
རབ་དང་སེམས་ཀྱི་མཚན་ཉིད་ནི་དབང་དང་བླ་མའི་དྲིན་གྱིས་ཤེས་པར་འགྱུར་ཞེས་བྱ་བའོ། །སྤྱིའི་གླེང་གཞིའི་དུམ་བུ་སྟེ་གཉིས་པའོ། །དེ་ནས་སློབ་མ་རྣམས་ལ་དབང་ཡང་དག་པར་སྦྱིན་པར་བྱ་སྟེ། རྡུལ་ཆེན?་དགྱེལ?་ཞེས་པ
ལ་རྡུལ་ཞེས་བྱ་བ་ནི་ངེས་པའི་དོན་གྱིས་ཤེས་རབ་ཡིན་ལ། །འགྲོ་བ་ཐམས་ཅད་མཚོན་པར་ཕྱེད་པའི་ཕྱིར་རོ། །དེ་ལ་དགྱེས་བ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པས་ནར་ཛ་བ་དའོ། །དེ་ཉིད་ལྷའི་དཀྱིལ་འཁོར་ཡིན་གྱི། ལྷ་རྣམས་ལ་སྤྱན་འདྲེན་པ
?་གསོལ་བ་ལ་སོགས་པ་ནི་མ་ཡིན་ནོ། །ཆིའི་ཕྱིར་ཞེ་ན་སངས་རྒྱས་བཅོམ་ལྡན་བྱོན་པ་དང་གཤེགས་པ་མི་ཤེས་པའི་ཕྱིར་རོ། །དཔེར་ན་རྨི་ལམ་ན་སྐྱེ་པ་དང་གནས་པ་དང་འགོག་པ་བཞིན་དུའོ། །རྒྱུ་དེའི་ཕྱིར་ལྷ་རྣམས་མ
སྦྱིན་འདྲེས་?་གཤེགས་སུ་གསོལ་བ་ལ་སོགས་པ་མི་བྱ་སྟེ། དམིགས་པ་དང་བཅས་པའི་བསམ་གཏན་གྱིས་འཁོར་པའི་འཆིབ་པ་ལས་གྲོལ་བར་མི་འགྱུར་རོ། །མེད་པའི་དངོས་པོ་ལ་སྨོས་ཅི་འགོས་ཞེས་བྱ་བའོ། །དེ་བས་ན་དངོས་པོ་ཐམས?
ཅད་ལ་མི་དམིགས་པས་ཐམས་ཅད་བྱའོ། །དངོས་པོ་དང་དངོས་པོ་མིན་པ་ལས་གྲོལ་བར་གྱུར་པའི་གོམས་ནི་སངས་རྒྱས་ཞེས་བྱ་བར་བརྗོད་དོ། །ཐབས་དང་ཤེས་རབ་ཀྱིས་བདག་ཉིད་གཙོ་བོ་དེ་ལྟ་བུ་ལས་སྔགས་དང་ཕྱག་རྒྱ་ལ་སོགས?་པས་མཆོད་པར་བྱའོ། །ཇི་ལྟར
མཆོད་པར་བགྱི་ཞེ་ན་དག་པ་དང་མ་དག་པའི་སེམས་གཅིག་ཏུ་བྱ་བ་ནི་སྔགས་སོ། །དེ་བཞིན་དུ་སྐྱེ་དགུ་རྣམས་ཀྱི་སྐྱེ་བ་ནི་བཟླས་པ་ཡིན་ལ་འཇིག་རྟེན་གསུམ་པོ་རྒྱས་གདབ་པར་བྱེད་པས་ན་ཕྱག་རྒྱ་ཡིན་ལ་དེ་ཤེས་རབ་ཏུ་བརྗོད
དེ། ཤེས་རབ་ཀྱི་མཎྜལ་?་མདུན་དུ་བྱས་ནས། །སློབ་མ་རྣམས་ལ་དབང་སྣ་ཚོགས་བ་སྦྱིན་པར་བྱའོ། །དབང་ལས་མ་གཏོགས་པར་དངོས་གྲུབ་མེད་དེ། །དེ་བས་ན་སངས་རྒྱས་ཉིད་ཀྱི་འབྲས་བུ་འདོད་པ་ལས་དབང་སྦྱིན་པར་བྱའོ།།
སློབ་མས་ཀྱང་ཞུ་བ་འདི་ལྟར་བྱ་སྟེ། འཁོར་བར་འདམ་དུ་བྱིང་གྱུར་པ། །མི་བཟང་སྡིག་པོ་བྱས་པས་གཡོགས། །དེ་ལྟར་བདག་ནི་འབྱུང་བའི་ཕྱིར། །དེ་བཞིན་གཤེགས་པས་?་པར་མཛོད་ཅེས་བྱའོ། །དེ་ནས་སློབ་མ་ལ་བླ་མས
དབང་བདུན་པོ་སྦྱིན་པར་བྱ་སྟེ་ཆུའི་དབང་སྦྱིན་པ་དང་ཅོད་པན་གྱི་དབང་དང། རྡོ་རྗེའི་དབང་དང་བདག་པོའི་དབང་དང་མེད་གི་དབང་དང་གསང་བའི་དབང་དང། ཤེས་རབ་ཡེ་ཤེས་ཀྱི་?། །དང་པོར་ཞིག་མེ་ལོང་ལྟ་བུའི
ཡེ་ཤེས་ཀྱི་བདག་ཉིད་རྣམ་པོར་སྣང་མཛད་ཡིན་ལ་ཆགས་པ་མེད་པར་གྱུར་པས་ན་རྣམ་པར་སྣང་མཛད་དོ། །དེ་དབང་བསྐུར་བ་ཞེས་བྱ་སྟེ་ཆུའི་དབང་ངོ། །དེ་ནས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད
མི་བསྐྱོད་པ་སྟེ། བསྟོད?་པར་མི་?་བསམ་མི་འགྱུར་བསྐྱོད་པ་ཡིན་ལ་དེ་མགོ་པོ་ལ་གཟུང་བར་བྱ་སྟེ། ཅོད་པན་གྱི་དབང་ངོ། །དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རིན་ཆེན་འབྱུང་ལྡན་ཡིན་ལ། གཉིས་པོ་མ་ལུས་པའི
ཆགས་པ་མེད་པར་འབྱུང་བར་འགྱུར་བས?་ན་རིན་ཆེན་འབྱུང་ལྡན་ཏེ། དེས་དབང་བསྐུར་བ་ནི་རྡོ་རྗེའི་དབང་ངོ། །དེ་ནས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་བདག་ཉིད་སྣང་བ་མཛའ་ཡས་ཡིན་ལ། མཛའ་ཡས་ནི་ཚང་མེད་པ་སྟེ། སྣང་བ་ནི་འོད་ཟེར
གང་ལ་ཡོད་པ་དེ་སྣང་བ་མཛའ་ཡས་སོ། །དེས་དབང་བསྐུར་བས་ནི་བདག་པོའི་དབང་ཞེས་བྱའོ། །དེ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོན་ཡོད་གྲུབ་པ་ཡིན་ཏེ། དོན་ཡོད་གྲུབ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པའི་གྲུབ་པ་ཡིན་ལ། ངེས་?་གི
དབང་བསྐུར་བ་ཡིན་ལ་མིང་ཞེས་བྱ་བ་སྟེ། ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་སེམས་དཔའ་ཨོ། །རྡོ་རྗེ་ཞེས་བྱ་བ་ནི། མི་ཕྱེད་པའི་སྟོང་པ་ཉིད་ཡིན་ལ། སེམས་དཔའ་ཞེས་བྱ་བ་ནི་སྲིད་པ་གསུམ་གྱི་གཅིག་པ་ཉིད་སྙིང་རྗེ་སྟེ། རྡོ་རྗེ་སེམས་དཔའ་ཨོ། །གསང
བའི་གཉིས་པོ་མ་ལུས་པ་སྲིད་པར་བྱེད་པའི་ཕྱིར་གཉིས་སུ་མེད་པའི་གཏན་ལ་འབེབས་པ་ཡིན་ལ། དེས་དབང་བསྐུར་བ་ནི་གསང་བའི་དབང་ངོ། །ཤེས་རབ་ཡེ་ཤེས་ཞེས་བྱ་བ་ནི་རང་བཞིན་མེད་པའི་ཆོས་ཀྱི་དབྱིངས། ནམ་མཁའ་ཨི་ཁམས་ཡིན་ལ། ཡེ
ཤེས་ནི་གཟུང་བ་དང་འཛིན་པ་ལས་འདས་པ་སྟེ། ངེས་དབང་བསྐུར་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ། །སྟོང་ཉིད་ཤེས་རབ་བརྗོད་པ་དང། །སྙིང་རྗེ་གསལ་བ་ཐབས་ཡིན་ནོ། །གཉིས་ཀ་གཅིག་ཏུ་སྦྱོར་བ་ལས། །བདུད་རྩིའི་མཆོག་ནི་འཛག
པར་འགྱུར་ཞེས་བྱ་བའོ། །དབང་གཞན་མ་གང་རྣམས་ཡོད་པ་དེ་རྣམས་དེ་ཉིད་དུ་ཤེས་པར་བྱའོ། །ལན་ཅི་ཕྱི་འམ་ནང་དུ་དེ་རྣམས་ཀྱི་དོན་ནི་ཡང་དག་པར་སྦྱིན་བ་བཏང་བ་ལས་འཕེལ་བར་བྱ་ཞེས་བྱ་བའོ། །དབང་གི་དུམ་བུ་སྟེ་གསུམ་པའོ། །
ད་ནི་དེའི་དོན་གཏན་ལ་འབེབས་པར་གྱུར་པའི་ཕྱིར། །རྩ་གསུམ་གྱི་དབྱེ་བ་བྲི་བར་བྱ་སྟེ། ལ་ལ་ནཱ་ནི་གཡོན་ནས་འབབ་པར་བྱེད་པ་ཨཱ་ལིའི་རང་བཞིན་ཐབས་སོ། །ར་ས་ནཱ་ནི་གཡས་ནས་འབབ་པར་བྱེད་པ་ཀཱ་ལིའི་རང་བཞིན་ཤེས་རབ་པོ། །གཉིས
ཀ་གཅིག་པར་ཉིད་ཀྱི་དབུས་སུ་ཨ་བ་དྷཱུ་ཏཱི་ལི་ལ་ལ་ནཱ་ཆོས་དང་། ར་ས་ནཱ་ལོངས་སྤྱོད་རྫོགས་པ་དང། ཨ་བ་དྷཱུ་ཏཱི་ལ་སྤྲུལ་པའི་སྐུ་སྟེ། ལུས་དང་ངག་དང་སེམས་ཀྱི་དབྱེ་པས་སོ། །རྩེ་གསུམ་དང་འཁོར་ལོ་བཞི་ལ་གཉིས་སུ་མེད་པའི་སྦྱོར་བས་བདེ་བ་ཆེན་པོའོ།།
བཞི་པོ་འདི་རྣམས་ལས་སྤྲུལ་པ་ལ་བྱམས་པའོ། །ཆོས་ལ་སྙིང་རྗེའོ། །ལོངས་སྤྱོད་རྫོགས་པ་ལ་དགའ་བའོ། །བདེ་བ་ཆེན་པོ་ལ་བཏང་སྙོམས་སོ། །དེ་བཞིན་དུ་སྐུད་ཅིག་བཞིས་སྐྱེ་བར་འགྱུར་ཏེ་།རྣམ་པ་སྣ་ཚོགས་པ་དང། རྣམ་པར་སྨིན་པ་དང།
རྣམ་པར་ཉེད?་པ་དང། མཚན་ཉིད་དང་བྲལ་བའོ། །བདེན་པ་བཞི་སྟེ། སྡུག་བསྔལ་བ་དང། ཀུན་འབྱུང་བ་དང་འགེག་པ་དང། ལམ་མོ། །དེ་ཁོ་ན་ཉིད་བཞི་སྟེ། བདག་གི་དེ་ཁོ་ན་ཉིད་དང། སྔགས་ཀྱི་དེ་ཁོ་ན་ཉིད་དང། ལྷའི་དེ་ཁོ་ན་ཉིད་དང། ཡེ་ཤེས་ཀྱི་དེ
ཁོ་ན་ཉིད་དོ། །དགའ་བ་བཞི་སྟེ། དགའ་བ་དང། མཆོག་ཏུ་དགའ་བ་དང། སྣ་ཚོགས་དགའ་བ་དང། ལྷན་ཅིག་སྐྱེས་པའི་དགའ་བའོ། །སྡེ་པ་བཞི་སྟེ། གནས་བརྟན་པ་དང་།ཐམས་ཅད་ཡོད་པར་སྨྲ་བ་དང། མང་པོས་བཀུར་བ་དང། ཕལ་ཆེན་ནོ།།
བྱམས་པ་ལ་སོགས་པ་འདི་རྣམས་ཇི་ལྟར་འགྱུར་ཞེ་ན། ཐམས་ཅད་ཏུ་རོ་མཉམ་པ་ཉིད་ཀྱི་གང་བློ་གནས་པར་འགྱུར་པ་དེ་བྱམས་པའོ། །སྔོན་གྱི་སྨོན་ལམ་གྱི་བདག་ཉིད་གང་སེམས་ཡིན་པ་དེ་སྙིང་རྗེའོ། །འདི་དག་ལ་གཅིག་པ་དེ་ཉིད་གང
ཡིན་པ་དེ་དགའ་བའོ། །ཐམས་ཅད་ལ་བལྟོས་པ་མེད་པའི་བློ་གང་ཡིན་པ་དེ་བཏང་སྙོམས་སོ། །སྤྲུལ་པ་ལ་སོགས་ཇི་ལྟ་བུ་ཡིན་ཞེ་ན། སེམས་ཅན་མ་ལུས་པ་རྣམས་ནི། །གང་དུ་སྐྱེ་བར་?་པ་སྟེ། །དེ་རུ་སྤྲུལ་པའི་སྐུ་ཡིན་ཏེ་།དེ་ནི་སྤྲུལ་པར་བརྗོད
པར་འགྱུར་རོ། །ཡང་ན་སྤྲོ་བར་བྱེད་པས་ན་སྤྲུལ་པའོ། །ཆོས་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་སེམས་ཀྱི་མཚན་ཉིད་དོ། །ལོངས་སྤྱོད་རྫོགས་པ་ནི་མངར་བ་ལ་སོགས་པ་རོ་དྲུག་ལ་སྤྱོད་པའི་ཕྱིར་རོ། །སྐུ་གསུམ་གྱི་དབྱེ་བས་འདི་རྣམས་སུ་འགྱུར
ཏེ། དེ་རྣམས་ཡོངས་སུ་ཤེས་པར་བྱེད་པས་བདེ་བ་ཆེན་པོའོ། །འཁོར་ལོ་འདི་རྣམས་ལ་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་རྣམས་ཤེས་པར་བྱའོ། །རྣམ་པ་སྣ་ཚོགས་པ་ལ་སོགས་པ་ཇི་ལྟ་བུ་ཡིན་ཞེ་ན། འཁྱུད
བ་དང་ཙུམ་པ་ན་ལ་སོགས་པ་སྣ་ཚོགས་བར་བྱེད་པས་ན་སྣ་ཚོགས་པའོ། །ཡེ་ཤེས་ཀྱི་བདེ་བ་ལ་སྤྱོད་བས་ནི་རྣམ་པར་སྨིན་པའོ། །ཐམས་ཅད་མཉེས་པར་བྱེད་པས་ན་རྣམ་པ་མེད་པ་སྟེ་རང་བཞིན་མེད་པ་ཉིད་དོ། །ཆགས་པ་དང
བྲལ་བར་གྱུར་པས་ནི་མཚན་ཉིད་དང་བྲལ་བའོ། །སྐད་ཅིག་འདི་རྣམས་ལས་དགའ་བ་ལ་སོགས་བསྐྱེ་བར་འགྱུར་རོ། །རྣམ་པར་སྣ་ཚོགས་ལ་དགའ་བའོ། །རྣམ་པར་སྨིན་པ་ལ་མཆོག་དགའ་ཨོ། །རྣམ་པར་ཉིད་པ་ལ་ཁྱད་དགའ་ཨོ། །མཚན
ཉིད་དང་བྲལ་བ་ལ་ལྷན་ཅིག་སྐྱེས་བའི་དགའ་བའོ། །དགའ་བས་བདེ་བ་ཅུང་ཟད་བསྐྱེད་པར་འགྱུར་ཏེ། །མཆོག་གི་དགའ་བས་དེ་ལས་ལྷག་པར་འགྱུར་བའི་བདེ་བའོ། །སྣ་ཚོགས་དགའ་བག་ཆགས་པ་སྣ་ཚོགས
པ་ཉིད་དོ། །ཐམས་ཅད་ཀྱི་ལྷག་མ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །སྔོན་མས་ནི་རེག་བྱ་ལ་འདོད་པ་དང། གཉིས་པས་བདེ་བ་ལ་ཆགས་པ་དང། གསུམ་པས་ཆགས་པ་ཉམས་པ་དང། བཞི་པས་མཆོག
ཏུ་བདེ་བའོ། མཆོག་དང་སྣ་ཚོགས་པའི་བར་དུ་ནི་ལྷན་ཅིག་སྐྱེས་བ་སྟེ་གསུམ་པོ་འདི་དག་དང་བྲལ་བ་ཡིན་ལ་གང་གིས་ཀྱང་བསྟན་པར་མི་ནུས་ཏེ་།གང་ལས་ཀྱང་ཐོབ་པར་མི་འགྱུར་རོ། །བླ་མ་ལ་ནི་བརྟེན་བ་དང། །རང་གི་བསོད་ནམས་ཀྱིས
ཤེས་ཏེ་ཞེས་བྱ་བའོ། །དགའ་བ་འདི་རྣམས་ལ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ཤེས་པར་བྱའོ། །དེ་རྣམས་ཀྱང་ཇི་ལྟར་ཤེས་ཤེ་ན། སྔོན་དུ་སྐྱེ་བ་ལ་སྡུག་བསྔལ་གྱི་བདེན་པའོ། །མཆོག་ཏུ་འབྱུང་བ་ལ་ཀུན་འབྱུང་གི་བདེན
པའོ། །རྣམ་པར་ཉིད་པ་ལ་རང་བཞིན་མེད་པ་ཉིད་ཀྱིས་འགོག་པའི་བདེན་པའོ། །དེ་བས་ན་ལྷན་ཅིག་སྐྱེས་པ་ཉིད་ཀྱིས་ལམ་གྱི་བདེན་པའོ། །དེ་ནས་དེ་ཁོ་ན་ཉིད་བཞི་ནི། དགའ་བ་སྐྱེས་པའི་ཕྱིར་བདག་གི་དེ་ཁོ་ན་ཉིད་དོ། །གསང་བར་སྨྲ་བར་བྱེད་པས་ན
མཆོག་ལ་སྔགས་ཀྱི་དེ་ཁོ་ན་ཉིད། །སྟོང་པ་ཉིད་ཀྱི་རང་བཞིན་རྟོགས་པར་བྱེད་བས་ན་རྣམ་པར་ཉིད་བ་ལ་ལྷའི་དེ་ཁོ་ན་ཉིད་དོ། །ལྷན་ཅིག་སྐྱེས་པ་འཆར་པར་རྣམ་པར་བསྒོམས་པ་ཉིད་ཀྱིས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ནས་སྡེ་པ་བཞི་ནི། དགའ་བ
དང་པོ་ལ་གནས་བརྟན་པའོ། །དགའ་བ་གཉིས་པ་ལ་ཐམས་ཅད་ཡོད་པར་སྨྲ་བའོ། །སྣ་ཚོགས་པའི་བདག་ཉིད་མང་པོས་བཀུར་བའོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཕལ?་ཆེན་ཞེས་བྱ་བ་སྟེ། དེ་དག་ཐམས་ཅད་དགའ་བ་རྣམས་ལས་བསྐྱེད་པར་འགྱུར
པའོ། །དེ་རྣམས་ཀྱང་སྤྲུལ་བ་དང། ལོངས་པྱོད་རྫོགས་པ་དང། མཉམ་པ་ཉིད་དང། བདེ་བ་ཆེན་པོའི་འཁོར་ལོ་རྣམས་ལ་ཤེས་པར་བྱའོ། །སྤྲུལ་པ་དང། ཆོས་དང་ལོངས?་སྤྱོད་རྫོགས་པ་ནི་ལ་ལ་ནཱ་དང་རས?་ནཱ་དང་ཨ་པ་དྷཱུ་ཏཱིའོ། །འདི་དག་ཐམས་ཅད
རོ་མཉམ་པ་ཉིད་ཀྱིས་བདེ་བ་ཆེན་པོའི། །དེ་ཡང་ཕྱི་དང་ནན་དུ་སེམས་ཀྱི་རྒྱལ་པོའི་རྣམ་པར་རོལ་པར་ཤེས་པར་བྱའོ། །བླ་མས་མཛེས་པའི་ཡེ་ཤེས་ནི། །སློབ་མ་ལ་ནི་བསྟན་བར་བྱ། །དོན་དམ་བ་ཡི་དབྱེ་བས་ནི། །རྩ་གཉིས་པོ་ཡི་བར་དུའོ། །མ་བཅོམ
པ་དང་མི་རྟག་མིན། །དངོས་དང་དངོས་མེད་ཟག་མེད་དང། །གཟུང་དང་འཛིན་པ་ལས་འདས་བ།། གང་ལ་ཁམས་གསུམ་སྐྱེ་བ་དང། །ཁམས་གསུམ་པོ་ལ་ཕན་ཐོགས་པས། །ཚིག་ཏུ་བརྗོད་པ་ཀུན་ལས་འདས། །དབང་ནི་ཐོབ་པར་གྱུར་པ་ཡི། །སྐྱེས
བུས་ཡེ་ཤེས་ཤེས་པར་བྱ། ཞེ་ནས་དེ་ཉིད་རྟོག་པའི་ཕྱིར། །རབ་ཏུ་སྦྱོར་བ་བརྗོད་པར་བྱ། །ཤེས་རབ་རང་བཞིན་ཕྱག་རྒྱ་ལས། །ཆགས་པ་གང་སེམས་ལ་བདེ་བ་འབྱུང་བ་དེ་དགའ་བ་དང་པོར་སྐྱེ་བར་འགྱུར་རོ། །དེ་དག་ལས་ཁྱད་པར་དབང་པོ
རྣམས་གཅིག་ཏུ་གྱུར་ན་ལྷག་པར་གྱུར་པ་མཆོག་གི་དགའ་བའོ། །ཐམས་ཅད་མཉེས་པར་གྱུར་བའི་རང་བཞིན་མེད་པ་ཉིད་ཀྱིས་ནམ་མཁའ་བཞིན་དུ་མཚན་ཉིད་དང་བྲལ་བ་ནི་སྣ་ཚོགས་དགའ་བའོ། །གསུམ་པོ་འདི་དག་ལས
འདས་བར་གྱུར་པ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དགའ་བ་སྟེ། དེ་ཡང་དེ་བཞིན་ཉིད་ཀྱི་གནས་སྐབས་སུ་རྣལ་འབྱོར་པས་རིག་པར་བྱའོ། །དེ་ནས་དབང་པོ་རྟུལ་པོར་གྱུར་པ་རྣམས་སངས་རྒྱས་པའི་ཕྱིར། ཕྱི་རོལ་གྱི་ཤེས་རབ་སྦྱོར་པས་ཡེ
ཤེས་ཀྱི་མཚན་ཉིད་ནི་བླ་མས་བསྟན་པར་བྱའོ། །ཡང་ན་སྟེང་ལ་འབར་ཙཎྜ་སཱི། །བདེར་གཤེགས་ལྔ་ན་སྲེག་པར་བྱེད། །སྤྱན་མ་ལ་སོགས་བསྲེགས་ནས་ནི། །ཧཾ་བསྲེགས་རི་བོང་ཅན་འཛག་བྱེད་ཅེས་བྱ་བ་ལ་ཙཎྜ་ཞེས་བྱ་བ་ནི་ཤེས་རབ་ཡིན
ལ་ཨཱ་ལི་ཞེས་བྱ་བ་ནི་ཐབས་ཏེ། ཨཱ་ལི་དང་ཀྵ་ལིའི་རང་བཞིན་ལ་ལ་ནཱ་དང་རས་ནཱའི?་བདག་ཉིད་དོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་འདི་དག་ནི་ཙནད་ལཱི་འོ། །ལྟེ་བ་ལ་ཞེས་བྱ་བ་ནི་ནམ་མཁའ་ལ་ཡིན་ལ་གཉིས་ཀའི་དབུས་སུ་ཨ་བ་དྷཱུ་ཏཱི་ལ
ཞེས་བྱ་བའི་དོན་དོ། དེ་འབར་བར་གྱུར་ན་འདིར་གཤེགས་ལྔ་ཞེས་བྱ་བ་ནི་ཕུང་པོ་ལྔ་ཡིན་པ་སྲེག་པར་བྱེད་ཅེས་བྱ་བའོ། །དེ་ནས་སྤྱན་མ་ལ་སོགས་ཞེས་བྱ་བ་ནི་འབྱུང་བ་ལྔ་བསྲེགས་ནས་རྣམ་པར་མེད་པར་འགྱུར་ཏེ། ཧཾ་བསྲེགས
ཞེས་བྱ་བ་ནི་བདག་གིས་བསྲེགས་ནས་སོ། །དེ་ལྟར་གྱུར་པས་རི་བོང་ཅན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་།སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཛག་པར་བྱེད་དེ། །དེ་ཡང་རང་གིས་ཉེ་བར་ཐོབ་པར་འགྱུར་རོ། །དཔེར་ན་མེ་ཏོག་གི་ནི་སྨས?
བསྣམས་པ་ཙམ་གྱིས་འཛིན་ཀྱང་གང་དུ་ཡང་མི་མཐོང་ཞིང་རྣམ་པ་གང་གིས་ཀྱང་ཉེ་བར་ཐོབ་པར་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། རང་རིག་པར་འགྱུར་པ་ཇི་ལྟ་བ་དེ་བཞིན་དུ་།ལྷན་ཅིག་སྐྱེས་པ་ཡང་དེ་བཞིན་དུ་བསྟན་ཞེས་བྱའོ།
དེ་ལྟ་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་ལ་གནས་པའི་སེམས་ནི། དྲི་ཟའི་གྲོང་ཁྱེར་བཞིན་དང་།སྒྱུ་མ་དང་འཕྲུལ་དང་འདྲ་བ་དང། མེ་ལོང་དང་གཟུགས་བརྙན་བཞིན་དང། སྒྲ་བརྙན་བཞིན་དུ་སྤྲོ་བ་དང། བསྡུ་བ་རྣམ་པ་སྣ་ཚོགས་?་སོགས་པ
བསྟན་པར་བྱེད་ཅེས་བྱ་བའོ། །ཡང་དག་པའི་སྦྱིན་པའི་དུམ་བུ་སྟེ་བཞི་པའོ།། །།ད་ནི་ཤེས་རབ་མ་རྣམས་སྦྱིན་པར་བྱ་སྟེ་རང་བཞིན་མེད་པ་ཉིད་ཀྱིས་རྣམ་པར་དབྱེ་བ་བསྟན་པར་བྱེད་པས་ན་སྲིད་མོ་སྟེ་མིག་ལའོ། །མ་རེག་པའི་ཕྱིར་མན?
མ་སྟེ་རྣ་བ་ལའོ། །རྨི་ལམ་ལ་སྐྱེས་པའི་འགྱུར་བའི་བཞིན་དུ་འགྲོ་བ་སྐྱེད་བར་བྱེད་པས་ན་མ་ཡིན་ཏེ་སྣ་ལའོ། །དངོས་པོ་ཐམས་ཅད་འཇོམས་པར་བྱེད་པས་ན་བུ་མོ་སྟེ་ལྕེ་ལའོ། །སྲ་བའི་སེམས་མྱུག་མ་བཞིན་དུ་གྱུར་པར་བྱེད་པས་ན་མྱུག་མ་མཁན
ཏེ་རེག་བྱ་ལའོ། །བདེ་བ་བསྙེན་པར་བྱེད་པས་ན་ཆུང་མ་སྟེ་ཕྲ་མ་ལའོ། །རྡོ་རྗེ་ཆོས་ལེ་སྒྲིབ་པ་མེད་པར་བྱེད་པས་ན་ཀོ་མཁན་མ་སྟེ་ཕྲག་དོག་ལའོ། །ཀཾ་ཞེས་བྱ་བ་ན་ནམ་མཁའ་ཡིན་ལ་འདི་ལ་སྐྱོང་བར་བྱེད་པའི་ཚུལ་ཁྲིམས་ཡོད་པས་ན་ཀ་པཱ་ལའི་སྟེངས
ལའོ། །རྣམ་པར་རྟོག་པ་མ་ལུས་པའི་མཛའ་གོས་སུ་བྱས་ནས་འཁོར་བར་བྱེད་པས་ན་རི་ཁྲོད་མ་སྟེ་ཆུ་ལའོ། །ཙཎྜ་ཞེས་བྱ་བ་ནི་ཤེས་རབ་སྟེ་ཨཱ་ལི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ། ཙཎྜ་ལའི་ཞེས་བྱ་བ་སྟེ་མེ་ལའོ།།
མི་རིག་པའི་ཕྱིར་རིག་པ་ངན་མ་སྟེ་རླུང་ལའོ། །?་ཕྱི་རི་མོ་བཞིན་དུ་འགྲོ་བ་གསུམ་པ་གཏན་ལ་འབེབས་པར་སྤྱོད་པས་ན་རོལ་མོ?་མཁན་མ་སྟེ་ནམ་མཁའ་ལའོ། །འགྲོ་བ་སྣ་ཚོགས་བརྫུན་དུ་བྱེད་པས་ན་རི་མོ་མཁས་མ་སྟེ་གཟུགས
ལའོ་ཉོན་མོངས་པ་མ་ལུས་པོར་?་པར་བྱེད་པས་ན་འདྲེག་མཁན་མ་?་ཚོར་བ་ལའོ། །གླང་པོ་ཆེའི་སེམས་ཀྱི་སོ་ལ་རྒྱུན་དུ་བྱེད་པས་ན་སོ་མཁན་ཏེ་འདུ་ཤེས་ལའོ། །དམིགས་པ་མེད་པའི་གདུགས་ཀྱིས་འགྲོ་བ་བཀའ་?་པར་བྱེད་པས་ན་?
མཁན་མ་སྟེ་འདུ་བྱེད་ལའོ། །མ་རིག་པ་གསོད་པར་བྱེད་པས་ནི་ཤན་མཁན་མ་སྟེ་རྣམ་པར་ཤེས་པ་ལའོ། མདའ་ཞེས་བྱ་བ་ནི་དབང་པོ་ལྔ་ཡིན་ལ། །དེ་རྣམས་གཅིག་པ་ཉིད་དུ་བྱེད་པས་མངའ་མཁན་མ་སྟེ?་?
རྣམ་པར་རྟོགས?་མ་ལུས་པ་ཀུམ?་པར་བྱེད་པས་ཚུལ་ཁྲིམས་འདི་ལ་ཡོད་པས་ན་ཀུ་ཙ?་ནི་སྟེ་ཚུལ་ཁྲིམས་ལའོ། །དགའ་བར་བྱེད་བསན་ནན་འདི་ལྟ་སྟེ་བཟོད་པའོ། །གཉིས་པོ་མ་ལུས་པར་བྱེད་པས་ན་ཆ་མོ་བརྩོན་འགྲུས་ལའོ།།
གཟུགས་བརྙན་བཞིན་དུ་སྣ་ཚོགས་པ་སྟོན་པར་བྱེད་པས་ན་གར་མཁན་མ་སྟེ་བསམ་གཏན་ལའོ། །རང་བཞིན་མེད་པའི་དྲ་བས་སྤྲོ་བའོ། །རྣམ་པར་རྟོག་པའི་ཡིད་འཆང་བར་བྱེད་པས་ན་ཉི་པ་མ་སྟེ། ཤེས་རབ་ལའོ། །བདེན་པའི་ཆོས་རྣམ
ལ་རྒྱས་གདབ་པར་བྱེད་པས་ན་མའི་?་མོ་སྟེ་བྱམས་པ་ལའོ། །དམིགས་པ་མེད་པའི་སྐུད་པ་ལ་སྣ་ཚོགས་པའི་མེ་ཏོག་འཆིང་བར་བྱེད་པས་ན་ཕྲེད་མཁན་མ་སྟེ་སྙིང་རྗེ་ལའོ། །རྣམ་པར་རྟོག་པའི་ཤིང་གཅོད་པར་བྱེད་པ་ན་ཤིང་མཁན
མ་སྟེ་དགའ་བ་ལའོ། །མ་ལུས་པའི་སྒྲིབ་པ་མེད་པར་བྱེད་པས་ན་ལྷག་མ་?་མཁན་མ་སྟེ་བཏང་སྙོམས་ལའོ། །ཕྱོགས་གཉིས་ཀྱི་བསྲུང་ཤིང་གིས་གཟུང་བར་བྱེད་པས་?་རྫི་མཁན་མ་སྟེ་ལུས་ལའོ་།རང་གི་རོས་འགྲོ་བ་སྟོན་པ་པ་བྱེད
པས་མཆད་?་མ་སྟེ?་དག་ལའོ། །བྲམ་ཟེ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ་ཤེས་པར་བྱེད་པས་ནི་བྲམ་ཟེ་མོ་སྟེ་སེམས་ལའོ་ཞེས་བྱའོ། །ཕྱག་རྒྱ་འདི་རྩམས་ཀྱི་བདག། ཉིད་མཁའ་འགྲོ་མ་རྣམས་སུ་འགྱུར་ཏེ་དེ་རྣམས་བྲིས་བར་བྱའོ། །གཟུགས
?་སྒྲ་ཆོས་དུན་པའོ?་?་རོ་ལ་གྷསྨ?་རཱིའོ། རེག་བྱ་ལས་སྤྱོད་མའོ། །ཡིད་ལ་མཁའ་སྤྱོད་མའོ། །ས་ལས་སྲེགས་མའོ། །ཆུ་ལར་ཁྲོད་མའོ། །མེ་ལ་ཙཎྜ་ལཱིའོ། །རླུང་ལ་རིགས་ངན་མའོ། །ནམ་མཁའ་ལ་བདག་མེད་པའོ། །འདིར
ཆགས་ལ་རོ་ལངས་མའོ། །ཞེ་སྡང་ལ་རྡོ་རྗེ་ཅན་མའོ། །གཏི་མུག་ལ་རྡོ་རྗེ་མའོ། །བྲག་པ་ལ་གསར་བའི་དག་མོའོ། །ཕྲག་དོག་ལ་རྡོ་རྗེ་མཁའ་འགྲོ་མའོ། །གཟུགས་ལ་རྡོ་རྗེ་མའོ། །ཚོར་བ་ལ་ཆོམ་རྐུན་མའོ། །འདུ་ཤེས་ལ་ཆུའི་རྣལ་འབྱོར་མའོ། །འདུ་བྱེད
ལ་རྡོ་རྗེ་མཁའ་འགྲོ་མའོ། །རྣམ་པར་ཤེས་པ་ལ་བདག་མེད་མའོ། །སྦྱིན་པ་ལ་དཀར་མོའོ། །ཚུལ་ཁྲིམས་ལ་ཆོམ་རྐུན་མའོ། །བཟོད་པ་ལ་?་ངས་མའོ། །བརྩོན་འགྲུས་ལ་བྷསྨ་མ་རཱིའོ། །བསམ་གཏན་ལས་སྦྱོར་མོའོ། །ཤེས་རབ་ལ
མཁའ་སྤྱོད་མའོ། །བྱམས་པ་ལ་སྤྱན་མའོ། །སྙིང་རྗེ་ལ་མཱ་མ་ཀཱིའོ། །དགའ་བ་ལ་གོས་དཀར་མོའོ། །བཏང་སྙོམས་ལ་སྒྲོལ་མའོ། །ལུས་ལ་ས་སྤྱོད་མའོ། །དག་ལ་མཁའ་སྦྱོར་མའོ། །སེམས་ལ་བདག་མེད་མ་སྟེ་ཞེས་བྱ་བ་སྟེ། ལྷ་མོ་འདི་རྣམས་ལ
མཁའ་སྤྱོད་མ་སྣ་ཚོགས་པའི་རིགས་བསྟན་ནས་དེ་རྣམས་ཀྱི་དེ་བཞིན་གཤེགས་པ་རྣམས་བརྗོད་པར་བྱའོ། །གཟུགས་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། རིན
ཆེན་འབྱུང་ལྡན་དང། རྡོ་རྗེ་སེམས་དཔའ་ཨོ། །ས་ལ་སོགས་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའོ། །འདོད་ཆགས་ལ་སོགས་པ་ལ་སྡང?་པ་མཛའ་ཡས་དང། མི་བསྐྱོད་པ་དང། རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། དོན་ཡོངས་གྲུབ
གདང?། གཟུགས་དང་།ཚེར?་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་དང། དེ་བཞིན་གཤེགས་པ་ཡི་བསྐྱོད་པའོ། །སྦྱིན་པ་ལ་སོགས་པ་ལ་རྣམ་པར་སྣང་མཛད་དང། མི
དཔྱོད་པ་དང། སྣང་བ་མཛའ་ཡས་དང་།དོན་ཡོང་གྲུབ་པ་དང་།རིན་ཆེན་འབྱུང་ལྡན་དང་།རྡོ་རྗེ་སེམས་དཔའ་ཨོ། །བྱམས་བ་ལ་སོགས་པ་ལ་།རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པའོ། །ལུས་ལ་སོགས་
པ་རྣམ་པར་སྣང་མཛད་དང། སྣང་བ་མཛའ་ཡས་དག?་མི་བསྐྱོད་པ་ཞེས་བྱ་བའོ། །ད་ནི་མཁའ་འགྲོ་རྣམས་ལ་རྒྱས་གདབ་བ་བརྗོད་པར་བྱ་སྟེ་།གཽ་དཱི་དང་རོ་བསྲེགས་མ་ལ་མི་བསྐྱོད་པས་རྒྱས་གདབ་པའོ། །རི་ཁྲོད་མ་དང?
ཆབ?་ཀུན་མ་ལ་རྣམ་པར་སྣང་མཛད་ཀྱིས་སོ། །རོ་ལངས་མ་དང་ཙཎྜ་རྫ་?་རིན་ཆེན་འབྱུང་ལྡན་གྱི་སོ། །གྷ་སྨ་རཱི་དང་རིགས་ངན་མ་ལ་སྣང་བ་མཛའ་ཡས་ཀྱི་?་དོན་ཡོད་དང་རིན་ཆེན་དབང་ལ་སྣང་བ་མཛའ་ཡས་ཀྱིས་རྒྱས་གདབ་པའི
རྣམ་པར་སྣང་མཛད་དང་སྣང་བ་མཛའ་ཡས་ལ་མི་བསྐྱོད་པས་རྒྱས་གདབ་པའོ། །དེ་ལ་རྡོ་རྗེ་སེམས་དཔས་རྒྱས་གདབ་པའོ། །མཁའ་འགྲོ་མ་ཐམས་ཅད་དེ་བཞིན་གཤེགས་པའི་སྦྱོར་བས་མཚན་དུ་རྒྱས་གདབ་པོ། །དེ་ནས་བདག་མེད་མ
ནི་རང་བཞིན་གྱིས་རྡོ་རྗེ་སེམས་དཔའ་དང་མཉམ་པའོ། །འདི་དག་དངོས་པོ་གཅིག་པ་ཉིད་ནི། །དཔལ་ལྡན་དཔའ་བོ་ཧེ་རུ་ཀ་འབྱུང་བ་ཆེན་པོ་ལྔའི་གཟུགས་ཅན། འདོད་ཆགས་ལ་སོགས་པ་གཟུགས་ཀྱི་བདག་ཉིད་དེ་བཞིན།
གཤེགས་པ་ལྔ་ཕྱག་རྒྱ་འཛིན་པ་ཡུལ་དྲུག་ལ་ཁྱབ་པའོ། །ཡུལ་དྲུག་གི་རང་བཞིན་དུ་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་པ་།སྟོང་པ་ཉིད་བཅུ་དྲུག་གིས་ཡོངས་སུ་བསྐོར་བ་།དགེ་བ་བཅུ་དྲུག་རྒྱན་དུ་འགྱུར་བ། བདུད
བཞི་མནན་པ་མཛད་པ། བདེན་པ་བཞི་བསྟན་པར་མཛད་བ། སྐུ་བཞིའི་བདག་ཉིད་དུ་གྱུར་པ། དེ་ཁོ་ན་ཉིད་བཞིན་དབུས་སུ་ཞུགས་པ། དགའ་བ་གཞི་རྣམ་པར་སྣང་མཛད་པ་།སྐད་ཅིག་བཞིའི་རང་བཞིའི་རང་བཞིན་དུ་གྱུར། ཚངས་པའི་གནས་བཞི
བཞུགས་པ་། བདག་མེད་པའི་སྦྱོར་བ་དང་ལྡན་བའི་མངའ་བདག་སྲིད་པ་གསུམ་པ་རོལ་པར་མཛད་ཅེས་བྱ་བའོ། །ཐབས་དང་ཤེས་རབ་གཏན་ལ་འབེབས་པའི་དུམ་བུ?་སྡེ་ལྔ་པའོ།། །།ད་ནི་བདག་མེད་པའི་འཁོར་ལོ་ལ་བསྐྱེད
པའི་རིམ་པ་བྲི་བར་བྱ་སྟེ། རཾ་ལས་ཉི་མ་མདུན་དུ་བསྒོམས་ནས་སུ། །ཉི་དེར་ཧཱུཾ་སྐྱེས་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང། །དབབ?་ཅིང་ནི་རྣམ་པར་བསྒོམ་པར་བྱ། །དང་པོ་དེ་ཞིག་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ་བསྒོམས་ལ། དེ་ནས
ཧེ་རུ་ཀ་ཉིད་བསྒོམ་པར་བྱའོ། །མེའི་དཀྱིལ་འཁོར་གྱི་རྣམ་པ་ཁ་སྦྱོར་དུ་གྱུར་པ་ཆོས་ཀྱི་འབྱུང་གནས་ལས་སྐྱེས་པའི་འཁོར་ལོ་སྟེ་།དེའི་དབུས་སུ་གདན་བཅོ་ལྔའི་བདག་ཉིད་གྱུར་པར་རོ་བསྒོམ་བར་བྱའོ། །དེའི་སྟེང་དུ་དབྱངས་དང་པོ་ལས
སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ཏེ། དེའི་སྟེང་དུ་རེ་ཕ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །འོད་དག་ནི་མེ་ལོང་ལྟ་བུ་དང་།མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དག་གོ།
?་འདི་དག་ཡང་དག་པར་སྦྱོར་བས་རྡོ་རྗེ་སེམས་དཔའ་ཨི་གདོན་ཡིན་ནོ། །དཀྱིལ་འཁོར་དེ་ལ་རིམ་པ་དེ་ཉིད་ཀྱི་ཡི་གེ་ཧཱུཾ་ལས་སྐྱེས་པའི་བཅོམ་ལྡན་འདས་ཞལ་གཅིག་པ་ལ་ཕྱག་གཡས་པ་ན་རྡོ་རྗེ་དང་ཕྱག་གཡས་པ་ན་རྡོ་རྗེ་དང་ཕྱག་གཡོན་པན་ཐོད་པ་སྟེ་།མགོ་པོའི་ཕྲེང་བས
བརྒྱན་པར་གྱུར་བ་། སྐུ་མདོག་ཆུ་ཤེས་དང་འདྲ་བར་།བདག་མེད་མའི་སྐུ་ལ་འཁྱུད་པར་བསྒོམ་པར་བྱའོ། །དེ་ནས་སྔོན་བཞིན་དུ་ཟླ་བ་ཉི་མ་འབྱུང་བའི་རིམ་པས་།ཡི་གེ་ཨ་ལ་སོགས་པའི་ཡི་གེ་འབྲུ་བཅོ་ལྔ་བདག་མེད་མ་ལ་སོགས་པར་གྱུར
ཏེ་། དབུས་སུ་བདག་མེད་མའོ། །ཤར་དུ་རྡོ་རྗེ་མའོ། །གཤིན་རྗེར་དཀར་མོའོ། །ཆུ་དུ་རོ་ལངས་མའོ། །གནོད་སྦྱིན་དུ་རྡོ་རྗེ་མཁའ་འགྲོ་མའོ། །ཕྱི་རོལ་གྱི་ཤར་གྱི་སྒོ?་ལ་དཀར་མོའོ། །ལྷོ་རུ་ཆོམ་རྐུན་མའོ། །ནུབ་ཏུ་རོ་ལངས་མའོ། །བྱང་དུ་གྷསྨ་རཱིའོ། དབང
ལྡན་དུ་རོ་བསྲེག་མའོ། །མེ་རུ་?་ཁྲོད་མའོ། །བདེན་བྲལ་དུ་ཙཎྜ་ལཱི་འོ། །རླུང་དུ་རིགས་ངན་མའོ། །སྟེང་དུ་མཁའ་སྤྱོད་མའོ། །འོག་ཏུ་ས་སྤྱོད་མ་སྟེ་ལྷ་མོ་འདི་རྣམས་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ནག་པོ་མི་ཟད་པ། སྤྱན་དམར་བ་ཕྱག་རྒྱ་ལྔ
འཛིན་པ་ཕྱག་གཡས་པ་ན་གྲི་གུག་དང་། གཡོན་པ་མཐོད་པ་དང་ཁ་ཊཝཱཾ་གའོ། །སྟག་གི་ལྤགས་པ་གོ་སུ་མཛད་པ། །སྐྲ་སེར་ལ་གྱེན་དུ་གྱུར་པར་བསྒོམས་པར་བྱའོ། །བདུད་ལ་སོགས་པའི་སྐྱོན་རྣམས་གཅོད་པར་བྱེད་པའི་གྲི་གུག་གོ་།སྒོམ་པ་?
བསྒོམ་པའི་རྣམ་པར་རྟོག་པ་ཉམས་པར་བྱེད་པ་ནི་ཐོད་པ་སྟེ་། བདུད་བཞི་ཟ་བར་བྱེད་པ་ནི་ཁྲག་གིས་གང་བའོ། །ཁ་ཊཝཱཾ་ག་ནི་སྟོང་པ་ཉིད་ཡིན་ལ། །ར་ནི་ཐབས་སོ། །འདོད་ཆགས་དང་།ཞེ་སྡང་ལ་སོགས་པའི་བདག་ཉིད་འགྲོ་བ་གསུམ་པོ་ཟ་?་བྱེད
པས་ན་སྟག་སྟེ་དེའི་པགས་པ་གོ་སུ?་མཛད་པའོ། །དེ་ལྟ་བུར་གྱུར་པའི་འཁོར་ལ་རྣལ་འབྱོར་པ་གང་གིས་བསྒོམ་པ་དོན་མྱུར་བར་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བའོ། །ལྷ་མོ་དེ་ཐམས་ཅད་ཇི་ལྟར་བརྗོད་པར་རིམ་པས་རྫོགས་ནས
རྗེ་བཙུན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཐིམ་ནས་དེའི་བདག་ཉིད་དུ་འགྱུར་རོ། །དེ་ཉིད་ཆ་བཅོ་ལྔའི་བདག་ཉིད་ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་ཡིན་ལ། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་བྱང་ཆུབ་སེམས་དེ་མི་དཀྱིལ་འཁོར་གྱི་འཁོར
ལོ་ལ་སོགས་པའི་ཐབས་དང། བྱིན་གྱིས་བརླབ་པའི་རིམ་པས་སྐྱེ་བར་འགྱུར། །དེའི་ཚེ?་བཅོ་ལྔས་རྣལ་འབྱོར་མ་བཅོ་ལྔར་དག་པར་འདོད་དོ། །དེ་རྣམས་ཇི་ལྟར་འགྱུར་ཞེ་ན་།བྱ་བ་བྱེད་པའི་ཕྱིར་ཟླ་བ་ནི་བྱང་ཆུབ་སེམས་ཏེ། ཨཱ་ལིའི་གཟུགས
ཀྱི་བདེ་བ་ཆེན་པོར་བརྗོད་དོ། །ཕེབས་མ་ལྷ་མོ་རེ་རེ་ནི་ཐབས་ཤེས་རབ་ཀྱི་བདག་ཉིད་བསྐྱེད་པའོ། །ཀུན་རྫོབ་པ་ནི་འདུས་པ་སྟེ། དེ་ནས་ཀུན་ང་དང་འདྲ་ཞེས་ནི་ཐབས་ཀྱི་གནས་པའོ། །དོན་དམ་པར་སྤྱོད་པ་སྟེ། བདེ་བའི་གཟུགས་ཤེས་རབ་མ
མངོན་པར་བརྗོད་ཞེས་བྱ་བའི་བདག་མེད་མའི་དུམ་བུ་སྟེ་དྲུག་པའོ། །།དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཏུ་གྱུར་པའི་བཅོམ་ལྡན་འདས་ཕྱག་བཅུ་དྲུག་པའི་བསྒྲུབ་པ་བརྗོད་པར་བྱ་སྟེ་ཕྱག་རྣམས་ན་སྟོང་པ་ཉིད་བཅུ
དྲུག་ཏུ་བསྟན་ཏེ་། དེ་རྣམས་གང་ཡིན་ཞེ་ན་།ནང་སྟོང་པ་ཉིད་དང་ཕྱེ་སྟོང་པ་ཉིད་དང་།ཕྱི་ནང་སྟོང་པ་ཉིད་དང། །སྟོང་པ་ཉིད་སྟོང་པ་ཉིད་དང་།ཆེན་པོ་སྟོང་པ་ཉིད་དང་།དོན་དམ་པ་སྟོང་པ་ཉིད་དང་།འདུས་བྱས་སྟོང་པ་དང་།འདུས་མ་བྱས་སྟོང་པ་ཉིད
དང་། མཛའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་།ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང་།མི་དམིགས་པ་སྟོང་པ་ཉིད་དང་།དངོས་པོ་མེད་པ་སྟོང་པ་ཉིད་ངོ་བོ?་ཉིད་སྟོང
པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་སྟེ། སྟོང་པ་ཉིད་བཅུ་དྲུག་ནི་ཕྱག་བཅུ་དྲུག་ཏུ་བརྗོད་དོ། །ཡང་དག་པར་བསྡུ་བ་བཞི་ནི་ཞབས་བཞི་ཡིན་ལ་དེ། རྣམས་གང་ཡིན་ཞེ་ན་སྦྱིན་བ་དང་ཚིགས་སྙན་པ་དང་དོན་སྤྱོད་པ་དང།
དོན་མཐུན་པ་སྟེ། དེ་རྣམས་ནི་ཞབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་པགས་པ་སྟེ་།དེ་རྣམས་གང་ཡིན་ཞེ་ན་།དྲན་པ་དང་བརྩོན་འགྲུས་དང་།དགའ་བ་དང་།ཤིན་ཏུ་སྤངས་པ་དང། ཏིང་ངེ་འཛིན་དང་།བཏང་སྙོམས་དང་།ཆོས་རྣམས་པར
འབྱེད་པ་སྟེ་། དེ་རྣམས་ནི་པགས་པའོ། །ཤ་ལ་རོ་བསྲེག་མ་དང། ཁྲག་ལ་རི་ཁྲོད་མ་དང། ཤུཀྲ་ལ་ཙཎྜ་ལཱི་དང་།རྐང་དང་།གླང་པ་ལ་རི་?་མ་སྟེ་།དེ་རྣམས་ནི་ཤ་?་ཁྲག་དང་ཤུཀྲ?་དང་།རྐང་དང་གླད་པར་བརྟགས་སོ། །རུས་པ་རྣམས་ནི་བདེན
པ་བཞི་སྟེ་། སྡུག་བསྔལ་དང་།ཀུན་འབྱུང་དང། འགོག་པ་དང། ལམ་ནི་དུས་པ་རྣམས་སུ་འགྱུར་རོ། །རྣམ་པར་ཐད་པ་བརྒྱད་ནི་ཞལ་བརྒྱད་དེ། །དེ་རྣམས་གང་ཡིན་ཞེ་ན། གཟུགས་སྟོང་པར་མཐོང་བ་དང། ནང་གི་གཟུགས་སྟོང་པར་མཐོང་བ་དང་།དགེ
དང་མི་དགེ་བའི་སྟབས་བྱས་པའི་སྟོང་པར་མཐོབ་པ་དང་ནམ་པར་མཛའ་ཡས་ཀྱི་སྐྱེ་མཆེད་སྟོང་པར་མཐོང་བ་དང་། རྣམ་ཤེས་མཛའ་ཡས་ཀྱི་སྐྱེ་མཆེད་སྟོང་པར་མཐོང་བ་དང་།ཅི་ཡང་མེད་པའི་སྐྱེ་མཆེད་སྟོང་པར་མཐོང་བ་དག་འདུ་ཤེས་མེད
འདུ་ཤེས་མེད་མིན་སྟོང་པར་མཐོང་བ་དང་། འདུ་ཤེས་ཀྱི་འགོག་པ་སྟོང་པར་མཐོང་བ་དང་ཞེས་བྱ་བ་སྟེ། རྣམ་པར་ཐར་ལ་བརྒྱད་ནི་ཞལ་བརྒྱད་ནོ། །འདོད་ཆགས་ཆེན་པོ་ལས་བྱུང་བའི་ཞལ་གཡོན་པ་དམར
པོའོ། །གཏི་མུག་ཆེན་པོའི་བདག་ཉིད་གཡས་པ་སྟེ་དཀར་པོའི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་ཞེ་སྡང་ཆེན་པོ་ལས་བྱུང་བའི་ནུབ་ཀྱི་ཞལ་ནི་མཆེ་བ་གཙིགས་པ་སྟེ་།བདུད་བཞི་ཉམས་པའི་དོན་དུའོ། །ཞེ་སྡང
ཆེན་བོ་དང་གཏི་མུག་ཆེན་པོ་དང་། འདོད་ཆགས་ཆེན་པོ་ལས་བྱུང་བའི་གར་གྱི་?་འབབ་པར་བྱེད་པ་རྩ་བའི་ཞལ་ཤེས་པར་བྱའོ། །སྟེང་གི་ཞལ་ནི་མི་བཟང་པའི་འཇིགས་སུ་རུང་པའོ། །ཞལ་གཞན་མ་རྣམས་ནི། ཤིན་ཏུ་མི་བཟད་བ
དང་འཇིགས་པར་མཛད་པའོ། །གར་གྱི་རོ་དགུ་ནི་རོལ་པ་དང་།དཔའ་བ་དང་།གཤེ་བ་དང་རྒོད་པ་དང་།མི་བཟད་པ་དང་།འཇིགས་བྱེད་དང་།གཤིན་རྗེ་དང། ངོ་མཚར?་བ་དང། ཞི་བ་སྟེ་གར་གྱི་ལོ་དགུ་དང་ལྡན་པའོ། །ལེག་པར་ལྟ
བ་ཉམས་པར་བྱེད་པའི་ཕྱིར་། མཆེ་བ་གཙིགས་པའོ། །སྤྱན་ནི་སྡང་བར་མཛའ་ལས་།ལོག་པའི་ལྟ་བ་ཉམས་པའི་ཕྱིར་རོ། །རྣམ་པར་ཐར་པ་གསུམ་ནི་སྤྱན་གསུམ་སྟེ་།སྟོང་པ་ཉིད་དང་།མཚན་མ་མེད་པ་དང། སྨོན་པ་མང་པོའོ། །དེ་ནི?
པ་འདི?་ཉིད་ཀྱིས་ཞལ་བརྒྱད་ལ་སྤྱན་ཉི་ཤུ་རྩ་བཞིར་འགྱུར་རོ། །སེམས་ཅན་རྣམས་ལ་སྙིང་རྗེའི་ཕྱིར་དེ་རྣམས་དམར་པོའོ། །ཕྱག་རྒྱ་རྣམ་པ་ལྔ་སངས་རྒྱས་ལྔར་འགྱུར་ཏེ་།དབུ་ལ་འཁོར་ལོའི་ཚུལ་གྱིས་མི་བསྐྱོད་པའི། །ཕྱག
ལ་ཕྱག་གདུབ་ཀྱིས་གཟུགས་ཀྱི་རྣམ་པར་སྣང་མཛད་དོ། །སྙན?་ཆའི་བདག་ཉིད་སྙན་ལ་མཛའ་ཡས་སོ། །མགུར་ལ་མགུལ་ནོར་གྱིས་རང་བཞིན་གྱིས་རིན་དབང་ངོ། །སྐ་རགས་ཀྱི་ཡོན་ཏན་གྱིས་རྐང་པ་དོན་ཡོད་གྲུབ་པའོ། །ཞེས
བྱ་སྟེ། སངས་རྒྱས་ལྔ་ནི་ཞེ་སྡང་ལ་སོགས་པའི་གཟུགས་ཀྱིས་བདག་ཉིད་ཕྱག་རྒྱར་འགྱུར་རོ། །བདུད་བཞི་ནི་ཕུང་པོའི་བདུད་དང་།ཉོན་མོངས་པའི་བདུད་དང། འཆི་བདག་གི་?་བར། ལྷའི་བུའི་བདུད་དེ་།འདི་རྣམས་ཞབས་ཀྱིས་མནན་?
མཛད་དེ་། ཚངས་པ་དང་།གྲག་པོ་དང། ཁྱབ་འཇུག་དང་།འདོད་པའི་ལྷ་ཡིན་ལ། གཏི་མུག་དང་།ཕྲག་དོག་དང་ཞེ་སྡང་དང་།འདོད་ཆགས་ཞེས་བྱ་བའི་དོན་ཏོ། །མི་དགེ་བ་བཅུ་མགོ་བོའི་ཕྲེང་བ་མཛོད་དེ་།དེ་རྣམས་གང་ཡིན་ཞེ་ན་།སྲོག་གཅོད་པ
དང། མ་བྱིན་པར་ལེན་པ་དང་།འདོད་པས་ལོག་པར་གཡེམ?་པ་དང་།བརྫུན་དུ་སྨྲ་བ་དང་།ཚིག་བྱལ?་བ་དང་།ཕྲ་མ་དང་།ཚིག་རྩུབ་པ་དང་།གནོད་སེམས་དང་།མནར་སེམས་དང་།ལོག་ལ་བལྟ་བ་ཞེས་བྱ་བ་སྟེ། དེ་རྣམས་ཀྱིས་ཕྲེང་བ་མཛད་དེ་འབུལ?
པ་ལ་རྫུ་འཕྲུལ་གྱི་རྐང་པ་བཞིས་དཔུང་རྒྱན་དུ་མཛད་དེ། །བདུན་པ་དང་།བརྩོན་འགྲུས་དང་སེམས་དང། དཔྱོད་པའོ། །ཞབས་ལ་ཞབས་གདུབ་ནི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་དང་།བསམ་གཏན་དང། ཤེས
རབ་དང་། རྣམ་པར་གྲོལ་བ་དང་།རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །ལོག་པའི་འདོད་ཆགས་ཉམས་པར་བྱེད་པའི་ཕྱིར་།རྣལ་འབྱོར་མའི་དྲ་བ་ཉེ་བར་བསྟན་ཧོ། །སྐྲག་པ་ཉམས་པར་བྱེད་པའི་ཕྱིར་སྐུལ་ཐལ་བ་བྱུགས་པར
མཛད་པ་འཁོར་བ་རང་བཞིན་མེད་པའི་སྒོམ་པ་ཉིད་ཀྱིས་། གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་རྒྱས་འཁྱུད་པའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་ཐོད་པ་རྣམས་ཡོངས་སུ་བརྗོད་དོ། །ཐོང་པ་དེ་རྣམས་ཀྱི་ནང་ནས་གཡས་པའི་ཁྲོད་པ
བརྒྱད་ལ་གླང་པོ་ཆེ་དང་། རྟ་དང་།བོང?་བུ་དང། བ་ལང?་དང། རྔ་མོ་དང། མི་དང། ཤ་ར་བྷ་དང་།བྱི་ལའོ། །དེ་བཞིན་དུ་གཡོན་པའི་ཐོད་པ་བརྒྱད་ལ་།ས་དང་ཆུ་དང་།མེ་དང་རླུང་དང་ཟླ་བ་དང་ཉི་མ་དང། །གཤིན་རྗེ་དང་གནོད་སྦྱིན་ནོ། །འདི
རྣམས་ཀྱང་འདོད་ཆགས་དང་། ཞེ་སྡང་དང། གཏི་མུག་དང། ཕྲ་མ་དང། ཕྲག་དོག་དང། ངར་འཛིན་པ་དང། ང་རྒྱལ་དང། སེར་སྣར་བརྗོད། །གང་གིས་ཡེ་ཤེས་བླ་ན་མེད་པ་ནི། །ཐམས་ཅད་དབང་གིས་ཐོད་པ་སྟེ་?་དེ་ཡིག་?
བན་མི་བསྐྱོད་བ། །བླ་མ་དམ་པས་འཛིན་པ་ཡིན། །ཡེ་ཤེས་སྣང་བར་གྱུར་པའི་ཕྱིར། །འོད་ཟེར་འབར་བས་བརྟགས་པའོ། །ཐེག་ཆེན་ལོ་ལ་ཞོན་པ་སྟེ། །ཡིན་པ་དང་མིན་པའི་རྟག་པ་ཐམས་ཅད་ཕྱོགས་ལས་འདས་པའི་ཕྱིར?
ཆེན་པོ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའོ། །དེ་རྣམས་ཀྱིས་གང་ཡིན་ཞེ་ན། །རིན་པ་དང་ཚུལ་ཁྲིམས་དང་།བཟོད་པ་དང་།བརྩོན་འགྲུས་དང་།བསམ་གཏན་དང་།ཤེས་རབ་པོ། །འདི་རྣམས་ཀྱི་གནས་པ་མེད་པའི་སྦྱོར་བས?། ཐམས
ཅད་མཁྱེན་པ་ཉིད་ལ་བཞུགས་ཏེ། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཉིད་ལ་བཞུགས་པའོ། །བཅོམ་ལྡན་འདས་ཕྱག་བཅུ་དྲུག་པའི་དུམ་བུ་སྟེ་བདུན་པའོ།། །།དེ་ནས་དཀྱིལ་འཁོར་གྱི་རིམ་བ་བརྗོད་པར་བ་སྟེ།
དཀྱིལ་འཁོར་ཆེན་པོ་འདི་ཉིད་ནི། ཟུར་བཞི་པོས?་ནི་ཡང་དག་འཇོམས། །?་ཞི་པ་རང་འོད་ཟེར་ཆེ་།དྲ་བ་དྲ་བ་བྱེད་ཀྱིས་བརྒྱན། །ཕྲེང་པ་སྣ་ཚོགས་ཐ?་མེད་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །མར་མེ་སྡོས་དང་དེ་བཞིན་དྲོ། །ཕྲེང
མ་ལ་སོགས་ལྷ་མོས་བསྐོར། །མགྲོན་པ་ལ་ནི་མགུལ་བཅིངས་དང། རིན་པོ་ཆེ་ནི་སྣ་ལྡང་གོང། །བརྒྱན་གྱིས་ནི་བརྒྱན་པ་སྟེ། །བུམ་པ་བརྒྱད་ཀྱིས་ཡང་དག་ལྡན། །རྟ་བབས་བཞིས་ནི་མཛེས་གྱུར་པ། །རྒྱལ་མཚན་ཚོགས་བར་ལྡན
པའོ། །བླ་རེ་སྣ་ཚོགས་ཀྱིས་མཛེས་པ། །དཀྱིལ་འཁོར་དེ་ནི་གྲུ་བཞི་པ། །ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བརྒྱན། །ཞེས་བྱ་བའོ། །ཅིའི་ཕྱིར་དཀྱིལ་འཁོར་ཞེ་ན་ལུས་དང་ངག་དང་སེམས་བདེན་པར་བྱེད་པས་ན་དཀྱིལ་འཁོར་དུ་བརྗོད
བདེན་བ་བཞིའི་རྣམ་པ་ཡིས། །གྲུ་བཞི་པ་ནི་རྣམ་པར་བརྟགས། །བདུད་བཞི་པོ་ལ་འཇིགས་བྱེད་ཕྱིར་།དྲི་མ་མེད་པའི་སྒོ་བཞི་པའོ། །ཚངས་པའི་གནས་ནི་བཞི་པའི་ཕྱིར། ཟུང་བཞི་པ་ནི་ཡངས་སུ་བརྟགས། །རྣམ་ཤེས་བརྒྱད་ནི་རྟོག་པའི་ཕྱིར། །?
ནི་བཤད་པ་ཡིན། །ཕྱི་རོལ་ཏུ་ནི་དཀྱིལ་འཁོར་ཏེ་།ཆོ་གས་གྲུ་བཞི་པ་རུ་བཤད། །རྣམ་པར་ཤེས་པ་བརྒྱད་གང་ཡིན་ཞེ་ན་།མིག་གི་རྣམ་པར་ཤེས་པ་དང་།རྣ་བའི་རྣམ་པར་ཤེས་པ་དང་།སྣའི་རྣམ་པར་ཤེས་པ་དང།
ལྕེའི་རྣམ་པར་ཤེས་པ་དང་ལུས་ཀྱི་རྣམ་པར་ཤེས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་།ཉོན་མོངས་པ་ཅན་གྱི་རྣམ་ཤེས་དང་།ཀུན་འབྱུང་བ་ཅན་གྱི་རྣམ་པར་ཤེས་པའོ་།རོང?་པ་བརྒྱད་ནི་གཟུགས་ཅན་བརྒྱད་དེ། །དེ་རྣམས་གང་ཡིན་ཞེ་ན?་།ས་དང་ཆུ?་དང། །མེ་དང
རླུང་གཟུགས་དང་?་བ་རོ་དང་རབ་བྱའོ། །བ་བརྒྱན་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ?། །དེ་རྣམས་གང་ཡིན་ཞེ་ན། ཡང་དག་པའི་དཀྱིལ་འཁོར?་དང?་དད་པའི་སྟེ། བདུད་?་ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང་།ཡང་དག་པའི་ཚེ་བ་དང་།ཡང་དག
པོའི་བརྩོན་འགྲུས་དང་། ཡང་དག་པའི་དྲན་པ་དང་།ཡང་དག་པའི་ཏིང་ངེ་འཛིན་ནོ། །རིན་པོ་ཆེ་སྣ་ལྔ?་དགོད་པའི་བུམ་པ་རྣམས་སོ།། རིན་པོ་ཆེ་སྣ་ལྔ་ནི་སྟོབས་ལྔ་?་དཔའ་ཨི་སྟོབས་དང་།བརྩོན་འགྲུས་ཀྱི་སྟོབས་དང་།དྲན་པའི་སྟོབས་དང་།བསམ་གཏན
གྱི་སྟོབས་དང། ཤེས་རབ་ཀྱི་སྟོབས་སོ། །ཉོན་མོངས་པ་བཞི་བཅོམ་པར་མཛད་པས་ན་ཧ་ར་སྟེ། ཉིན་མོངས་པ་བཞི་ནི་།འདོད་ཆགས་དང་།ཞེ་སྡང་དང་།གཏི་མུག་དང་།ང་རྒྱལ་ལོ་།ཧ་ར་ཕྱེད་ནི་ཉོན་མོངས་པ་ཕྱེད་ཟད་པའི་ཕྱིར་ཞེས་བྱ་བ་མི་དྲ་བ་དང་དྲ་བ་ཕྱེད
པ?། བླ་དྲེས་རྒྱས་པར་བྱེད་པའི་སེམས། །གང་ཕྱིར་དངོས་པོ་ཀུན་ལའོ། །དེ་ནས་བླ་བྲེ་སེམས་ཡིན་པར་།དོན་དམ་བདེན་པས་བཤད་པའོ། །ཏིང་ངེ་འཛིན་གྱི་ཡན་ལག་ནི་ཏིང་ངེ་འཛིན་གསུམ་སྟེ་དཀྱིལ་འཁོར་རྒྱལ་པོ་མཆོག་དང་།ཐིག་ལེའི་རྣལ་འབྱོར
དེ་ཕྲ་མོའི་རྣལ་འབྱོར་རོ། །ཏིང་ངེ་འཛིན་གསུམ་པོ་འདི་ལ་ཡན་ལག་རེ་རེ་ནི་།?་ཉེ་བའི་སྒྲུབ་པ་དང་།སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ་།ཏིང་ངེ་འཛིན་གྱི་ཡན་ལག་ནི་རྟ་བབས་རྣམས་སོ། །འཕགས་པའི་ལམ་ཡན་ལག
བརྒྱད་པ་ནི་སྱ?་མ་རྣམས་སུ་བཤད་དོ། །ཁྱམས་པ་ལ་སོགས་པ་ཡི་སེམས། །ཆོས་ཀྱི་དྲན་པ་སྦྱོར་བ་སྟེ། །བདེར་གཤེགས་ཡེ་ཤེས་སྨྲ་བ་སྟེ། །རྡོ་རྗེ་ཐིག་སྐུད་བརྗོད་པ་ཡིན། །ཆོས་ཀྱི་སྦྱིན་པ་བཞི་སྟེ། ཆོས་ཐམས་ཅད་མི་རྟག་པ་དང།
ཆོས་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང། ཞི?་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ་།ཆོས་ཀྱི་སྦྱིན་པ་བཞིའོ། །ཕྱི་རོལ་ཏུ་ནི་མེ་ཏོག་དང་།སྤོས་དང་མར་མེ་དང་།དྲི་འགྱུར་ཞེས་བྱ་བའོ
དཀྱིལ་འཁོར་འདི་ཉིད་ནི་ཕྱི་དང་ནང་དུ་ཤེས་པར་བྱའོ་། དེ་ལྟར་ཤེས་རབ་མ་དང་།ལྷན་ཅིག་ཏུ་བདེ་?་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པར་འགྱུར་ཏེ་།བཅོམ་ལྡན་འདས་དེ་ཉིད་ཀྱིས་རྣལ་འབྱོར་མའི་འཁོར་ལོ་བསྟན་པར་མཛད་དེ།
བདག་མེད་ལྷན་ཅིག་སྦྱོར?་བ་ཡིས། །གཉིས་?་བདེ་བ་ཐོབ་འགྱུར་ཏེ་།སོས?་ཉིད་མེད་པའི་བདེ་ཐོབ་ནས། །སོམ་ཉི་མེད་པའི་གཟུགས་ཅན་ཡིན། །ལྷ་དང་ལྷ་མོ་གྲོང་ཁྱེར་དུ་།རྒྱན་མི་འཆད་པར་བདེ་བས་རོལ། །ཤར་ཕྱོགས་ཤར་གྱི
སྒོ་ལ་ནི། དཀར་མོ་ཕྱེད་ནས་གནས་པ་ཡིན། །སྒྲུབ་ཤིང་བསྲུབས@་པའི་སྦྱོར་བ་ལས། །དེ་ནས་ཆོམ་རྐུན་མ་ནི་ཕྱུང། །ཕྱུང་ནས་ལྷོ་ཡི་སྒོ་ལ་ནི། །ཆོམ་རྐུན་མས་ནི་སྨོ་སྲུངས་བྱད། །བོ་ལ་?་སྦྱོར་ཡིས། །དེ་ནས་རོ་ལངས་མ་ནི་དབྱུང། །ཕྱུང་ནས
ཆུང་ཀྱི་སྒོ་ལ་ནི། །དྲག་མོའི་གཟུགས་ཅན་མ་གནས་པའོ། །སྲུབས་ཅིང་བསྲུབས་པའི་སྦྱོར་བ་ཡིན། །བདུད་འཇོམས་མ་ནི་གནས་པ་ཡིན། །གཉིས་མེད་སྙོམས་པར་ཞུགས་པ་ལས། །ཕྱི་ནས་གྷསྨ་རཱི་ཕྱུང་སྟེ་།ཕྱུང་ནས་བྱང་གི་སྒོ་ལ་ནི། །མི
བཟང་གཟུགས་ཅན་མ་གནས་སོ། །སྙིང་ག་སྙེད་པའི་སྦྱོར་བ་ལས། །ཕྱི་ནས་རོ་བསྲེག་མ་ཕྱུང་སྟེ། །ཕྱུང་ནས་དབང་ལྡན་མཚམས་ནི། །དྲག་མོའི་གཟུགས་ཅན་མ་གནས་པའོ། །སྲུང་ཅིང་བསྒྲུབ་པའི་སྦྱོར་བ་ཡིས། །དེ་བཞིན་མེད་ལ་རི་ཁྲོད་མའོ། །སྲིན་པོ?
ལ་ནི་ཙ་ཎ་ཌ་ལ། རླུང་གི་མཆམས?་ལ་རིགས་ངན་མོའོ། །བརྫུན་གྱི་རྣམ་པར་རྟོག་པ་གཅོད་པར་བྱེད་པའོ། །དཀར་མོ་ཕྱག་གཡས་པའི་གྲི་གུག་ཏུ་བརྗོད་དོ། །ཕྱག་གཡོན་པ་ལ་འཁོར་ལོའི་བག་ཆགས་འཇོམས་པའི་?་ཧི་ཧང་འདོད་དོ། །སྡོམ
རྐུན་མའི་གཡས་ན་ཐབས་དང་ཤེས་རབ་ཀྱི་རང་བཞིན་གཏན་?་འབེབས་པར་བྱེད་པའི་ཅད་ཏེའུ་སྟེ། གཡོན་པ་ལ་གཏི་མུག་གི་བདག་ཉིད་ཕག་གོ་།རོ་ལངས་མའི་གཡས་པ་ལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྦལ?་པ་སྟེ། །གཡོན་པའི་སྙིང
རྗེའི་བདག་ཉིད་པདྨའི་སྣོད་དོ། །གྷསྨ?་རཱིའི?་གཡས་པ་ནི་ཞེ་སྡང་གི་བདག་ཉིད་དུ་གྱུར་པ་སྤྲུལ་ཏེ་།གཡོན་པ་ལ་ཐབས་དང་ཤེས་རབ་ཉིད་ཀྱི་རྣལ་འབྱོར་གྱི་སྣོད། །རོ་སྲེག་མའི་གཡས་པ་ནི་མ་ལུས་བདུད་ཀྱི་སྟེ་གླང་པོ་ཆེའི་སྣས་འདྲལ་?་བྱེད
པའི་ཕྱིར་རོ། །སེང་གེ་ཡོངས་སུ་བརྗོད། །གཡོན་པ་རྟོག་པ་མ་ལུས་པ་གཅོད་པར་བྱེད་པས་ན་དགྲ?་སྟའོ། །རི་ཁྲོད་མའི་གཡས་པ་ལ་རྣམ་པ་ལྔའི་རང་བཞིན་ཉིད་ཀྱི་དགེ་སློང?་སྟེ། །གཡོན་པ་ལ་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་བྱེད
པས་ན་ཁར་སིལ་དུ་བརྗོད། །ཙཎ་ལཱིའི་གཡས་པ་ན་ལོག་པའི་ལྟ་བ་གཅོད་པར་བྱེད་པས་ན་འཁོར་ལོ་སྟེ་།མི་ཤེས་པ་དབྱུང་བར་བྱེད་པས་ན་ཐོབ་ཤོལ་ལོ། །རིགས་ངན་མའི་གཡས་པ་ནི་མི་ཕྱེད་པའི་རྣམ་པས་ཡེ་ཤེས་རྟོག་པར་བྱེད་པས
ན་རྡོ་རྗེ་གཡོན་པ་གདུག་པ་ཐམས་ཅད་བསྡིགས་པར་བྱེད་པས་ན་སྡིགས་མཛུབ་དུ་བརྗོད་དོ། །ལྷ་མོ་ཐམས་ཅད་སྤྱན་གསུམ་པ་།ཕྱག་གཉིས་པ་གང་བྱེད་ཀྱི་བཞུགས་སྟབས་ཀྱིས་བཞུགས་པ། སྐྲ་གྱན་དུ་གྱུར་པ། ཕྱག་རྒྱ་ལྔ་སར?་མཛེས་པར་
གྱུར་བའོ། །རིམ་པ་ཇི་ལྟ་བས་ལྷ་མོ་དཀར་མོ།། ལ་སོགས་པའི་སྐུ་མདོག་ནི་ནག་པོ་དང། བཙོད་དང་འདྲ་བ་དང། གསེར་ཁུན?་མ་བཞིན་དང། དམར་པོ་དང་།ཻནྡྲ་ནཱི་ལ་དང་།ཆུ་ཤེལ་དང་།སྔོན་པོ་དང་།ཁ་དོག་བསྲེས་?
གྱུར་པའོ། །འདི་རྣམས་ཀྱི་གདན་ནི། ཚངས་པ་དང། དབང་པོ་དང་།ཉེ་བའི་དབང་པོ་དང། དྲག་པོ་དང་།གཤིན་རྗེ་དང་།གནོད་སྦྱིན་དང་།བདེན་བྲལ་དང་རླུང་ངོ། །འདས་པ་དང་མ་འོངས་པ་དང་།ད་ལྟར་བྱུང་བའི་དུས?་གསུམ་མཐོང?་བའི
ཕྱིར་སྤྱན་གསུམ་པའོ། །གཟུགས་མེད་པ་གཉིས་སྦྱར་པའི་ཕྱིར་རྣལ་འབྱོར་མ་རྣམས་ལ་ཕྱག་གཉིས་སོ། །གཟུགས་མེད་པ་གཉིས་གང་ཡིན་ཞེ་ན་།ནམ་མཁའ་དང་རྣམ་པར་ཤེས་པ་སྟེ། དེ་དག་ནི་ཕྱག་གཉིས་སོ། །འདོད་ཆགས་དང་ཞེ་སྡང
དང་གཏི་མུག་དང་། ཕྲ་མ་དང་ཚིག་རྩུབ་པ་དང། ཕྲག་དོག་དང་།སེར་སྣ་དང་།ངར་འཛིན་ནི་ཚངས་པ་ལ་སོགས་པའི་གདན་རྣམས་སོ། ཕྱག་རྒྱ་ལྔ་ནི་ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་།ལོག་པའི་ལྟ་བ་དང་།མཐར་འཛིན་པར
ལྟེ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ། ཕྱག་རྒྱ་ལྔར་འགྱུར་རོ། །གདུག་པའི་སེམས་ཉམས་པར་བྱེད་པའི་ཕྱིར་འཇིགས་སུ་རུང་པ་དང་སྣ?་གྱེན་དུ་གྱུར་པའོ། །རྣལ་འབྱོར་མ
འདི་རྣམས་ཀྱིས་ཡོངས་སུ་བཅོམ་ལྡན་འདས་བསྒོམ་པར་བྱ་ཞེས་བྱ་བའོ། །དཀྱིལ་འཁོར་གྱི་འཁོར་ལོ་ལ་རྣལ་འབྱོར་མ་རྣམས་ཡོངས་སུ་རྫོགས་པའི་དུམ་བུ་སྟེ?་བརྒྱད་པའོ།། །།ད་ནི་དུར་ཁྲོད་རྣམས་བརྗོད་པར་བྱ་སྟེ
ཤར་སྒོ་ལ་གཏུམ་བྱེད་ཞེས་བྱ་བ་ནི་དུར་ཁྲོད། །བརྒྱ་བྱིན་ནི་ཞིང་སྐྱོང་ངོ། །ཀླུ་ནོར་རྒྱས་ཀྱི་བུའོ། །ཤིང་ནི་ཤིང་རི་ཥ་འོ། །སྤྲིན་ནི་སྒྲ་སྒྲོགས་བྱེད་པའོ། །མེའི་མཚམས་སུ་དུར་ཁྲོད་ནི་ཨ་ཏ་ཏའི་གང་མོའོ། ཞིང་སྐྱོང་ནི་མེའོ། །ཀླུ་ནི
པདྨ་ཆེན་བོའོ། ཤིང་ནི་ཀརྙྫའོ། །སྤྲིན?་ནི་མཐུག་པའོ། །ལྷོ་བུ་དུར་ཁྲོད་ནི་ཀེང་རུས་འཇིགས་བྱེད་པའོ། །ཞིང་སྐྱོང་ནི་གཤིན་རྗེའོ། །ཀླུ་པདྨའོ། །ཤིང་ནི་ཙུ་ཏའོ། །སྤྲིན་ནི་འཁོར་བྱེད་དོ། །བདེན་བྲལ་དུ་དུར་ཁྲོད་ནི་ཀཱི་ལི་ཀཱི་ལིའི་སྒྲའོ། །ཞིང་སྐྱོང་ནི་སྲིན་པོའི་དབང་པོའོ། །?
མཛའ་ཡས་སོ། །ཤིང་ནི་པདྨ་ཏེའོ། སྤྲིན་ནི་གོང་བྱེད་དོ། །ཞུག?་དུ་དུར་ཁྲོད་ནི་འབར་བས་བསྐོར་བའོ། །ཞིང་སྐྱོང་ནི་ཆུ་ལྷའོ་།ཀླུ་ནི་སྟོབས་ཀྱི་རྒྱུའོ། །ཤིང་ནི་ཨ་ཤྭ?་ཀའོ། །སྤྲིན་ནི་མི་བཟད་པའོ། །རླུང་དུ་དུར་ཁྲོད་མུན་པ་མི་བཟང་བའོ། །ཞིང་སྐྱོང་ནི་རླུང་ངོ། ཀླུ?
རིགས་ལྡན་ནོ། །ཤིང་ཨཉྫ་ཀའོ། །སྤྲིན་ནི་ཆུ་འཛག་པའོ་།གནོད་སྦྱིན་ལ་དུར་ཁྲོད་ནི་ཚང་ཚིང་ངོ། །ཞིང་སྐྱོང་ནི་གནང་སྦྱིན་ནོ། །ཀླུ་འཇོག་པོའོ། །ཤིང་ཨ་ཤྭཏྠའོ། །སྤྲིན་རྒྱལ་གྱུར་པའོ། །དབང་ལྡན་དུ་དུར་ཁྲོད་ནི་དཔལ་འཕེལ་པའོ། །ཞིང་སྐྱོང
ནི་དབང་ཕྱུག་གོ། ཀླུ་དུང?་སྐྱོང་ངོ། །ཤིང་ནི་འབབ་ཏའོ། །སྤྲིན་ནི་གཏུམ་བྱེད་གདུག་པར་གནས་པའོ། །དུར་ཁྲོད་ནི་འཇིགས་བྱེད་འཇིགས་སུ་རུང་བ་སྟེ། ཉལ་བ་དང་གར་བྱེད་པ་ལ་སོགས་པའི་འདྲེ་དང་རོའི་ཚིགས་ཀྱིས་བསྐྱོར་བ་དང་།ཤིང་དང་ཤིང
ཏོག་རྣམས་ཀྱིས་མཛས་པར་གྱུར་པའོ། །བརྒྱ་བྱིན་ལ་སོགས་པའི་ཞིང་སྐྱོང་རྣམས་ཀྱི་ཁ་དོག་ནི་སེར་པོ་དང་།དམར་པོ་དང་སྔོན་པོ་དང་།ནག་པོ་དང་།དཀར་པོ་དང་།ལྗང་གུ་དང། ཁ་དོག་དཀར་སེར་དུ་གྱུར་པའོ། །གླང་པོ་ཆེ་དང་སྤྲིན་དང
སྐྱེས་དང་མ་ཧེ?་དང་ལུག་དང་འོག་པ་དང་ཆུ་སྲིན་དང། ཤལ་དང། མི་དང་།གླང་གི་གདོང་པ་རྣམས་ཏེ། ལུས་པོ་ནི་མེའི་རྣམ་པ་བཞིན་དུ་ཡིན་ལ་།དེ་རྣམས་ཤིང་རྣམས་ཀྱི་སྟེང་དུ་གནས་པར་འགྱུར་རོ། །ཀླུ་ནོར་རྒྱས་ཀྱི་བུལ?་སོགས་པའི་ཁ
དོག་ནི་དཀར་པོ་དང་། སྔོན་པོ་དང་།སེར་པོ་དང་།དམར་པོ་དང། བསྲེས་པ་དང་།སྔོན་པོ་དང་།རིམ་པ་ཇི་ལྟ་བ་བཞིན་ཁ་དོག་སྔོན་པོའོ། །སྤྲིན་སྣ་ཚོགས་པར་ཤེས་པར་བྱའོ། །འདི་རྣམས་ནི་འཁོར་ལོའི་ཕྱི་རོལ་ཏུ་རྡོ་རྗེ་གུར་གྱི་མཐར?
བྲི་བ་འམ། བསྒོམ་པར་བྱའོ་།དུར་ཁྲོད་བརྒྱན་པོ་འདི་རྣམས་ལ་མི་བཟད་པའི་གཟུགས་དང་ལྡན་པ་གྲངས་མེད་པ་སྣ་ཚོགས་པ་གང་གྱི་རོ?་དགུ་དང་ལྡན་པ་ཁ་དོག་སྔོན་པོ་དང་སེར་པོ་ལ་སོགས་པ་དང་རྣམས་པ་སྣ
ཚོགས་བསྒོམ་བར་བྱའོ། །དུར་ཁྲོད་ཅེས་བྱ་བ་ནི་ལུས་པོ་སྟེ་།དབུས་སུ་བྱུང་བས་ན་དུར་ཁྲོད་ཡིན་ལ་སོའོ། །དེ་ནས་ཞིང་སྐྱོང་བར་བྱེད་པས་ན་ཞིང་སྐྱོང་སྟེ་རླུང་སྟེ། བསྲེག་པའི་བདག་ཉིད་ཀླུ་སྟེ་མེའོ། །ཁྱབ་པར་བྱེད་པས་ན་ཤིང་སྟེ་ནམ་མཁའ་ཨི
མཚན་ཉིད་དོ། །ཆུའི་བདག་ཉིད་སྤྲིན་ནོ། །དེ་ལྟར་དུར་ཁྲོད་བརྒྱད་ལ་ཞིང་སྐྱོང་དང་ཀླུ་དང་།ཤིང་དང་སྤྲིན་རྣམས་སུ་འགྱུར་རོ། །འདི་དག་ནི་དབུས་སུ་མཆོག་གི་དགའ་བ་སྣང་བར་མཛད་པ་དགའ་པ་དང་བཅས་པའི་རྣལ་འབྱོར་མའི་ཆོ་གས
ཀྱིས་བསྐོང་བ་རོལ་པ་ལ་སོགས་པའི་གར་གྱི་རོ་དགུ་དང་ལྡན་པ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་བཞུགས་པར་ཤེས་པར་བྱའོ། །རང་གི་མིང་གི་ཡི་གེ་ལས་སྐྱེས་པའི་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ་བཅོམ་ལྡན་འདས
རྣལ་འབྱོར་གྱི་བདག་ཉིད་བསྒོམ་པར་བྱ་ཞེས་པའོ། །དུར་ཁྲོད་ཀྱི་དུམ་བུ་སྟེ་དགུ་པའོ།། །།ཕྱི་དང་ནང་གི་གཟུགས་ཅན་པའི། །སེམས་ཀྱི་དེ་དག་ཐམས་ཅད་ཡིན། །རྣམ་རྟོག་སྦྱོར་བ་བྲལ་བའི་ཕྱིར། །སྲིད་པ་གསུམ་ལ་རལ་བ
ཡིན། །ཕྱག་རྒྱའི་རྒྱ་ནི་བྲལ་བའི་ཕྱིར། །རྣལ་འབྱོར་པས་ནི་སྙིང་རྗེ་བསྒོམ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་།།བྱང་ཆུབ་སེམས་ཤེས་དྲན་པའོ། །འཇིག་རྟེན་ཁམས་ནི་གང་ཞིག་དང། །གཞན་དུ་སངས་རྒྱས་མཐོང་མི་འགྱུར། །སེམས
སྙིང་རྫོགས་པའི་སངས་རྒྱས་ཏེ་། གཞན་དུ་སངས་རྒྱས་མ་བསྟན་ཏེ། །གདོལ་བ་སྨྱུག་མཁན་ལ་སོགས་གང། །བསོད་པའི་དོན་ཕྱིར་བསམ་པས་སོ། །དགྱེས་རྡོར་དེ་རྣམས་ཀྱིས་ཐོས་ནས། །འགྲུབ་འགྱུར་དེ་ལ་ཐེ་ཙོམ་མེད་།ལམ་འདི
དག་ནི་མ་ཤེས་པར། །བྱིས་བ་མི་ཤིས་པས་གཡོགས་ཏེ། །འགྲོ་དྲུག་འཁོར་པའི་བཙོན་ཁང་དུ། །རྨོངས་པ་དེ་རྣམས་འཁྱམས་པར་འགྱུར། །ཚིག་ཏུ་བརྗོད་པ་ལས་འདས་པའི། །དབང་པོ་ཀུན་ལ་སྦྱོར་ཡུལ་མིན། །ཡིད་ཀྱི་རྣམ་ཤེས་སྦྱོར་ཡུལ་?། །ཡེ
ཤེས་འདི་ནི་རང་རིག་བའོ། །བྱིན་གྱིས་བརླབས་པའི་རིམ་པ་འདི། །ཀུན་མཁྱེན་ཡེ་ཤེས་བདག་ཉིད་ཡིན། །མཐོ་རིས་མེ་དང་ས་འོག་ཏུ། །སྐད་ཅིག་གིས་ནི་རྣམ་གཅིག་འགྱུར། །རང་བཞིན་དབྱེ་བའི་རྟོག་པ་ནི། །གནོད་པར་བྱེད་པ་མི་ནུས་ཏེ།
ལྷ་མིན་དབང་པོ་དང་འདྲ་གང། །ངེས་པར་དྲང་དུ་གནས་གྱུར་ན། །དེ་ལམ་འཇིགས་པར་མི་བྱ་སྟེ། །སེང་གེའི་ཚུལ་བཞིན་སྤྱད་པར་བྱའོ། །ཆུ་ཀླུང་གིས་ནི་རྒྱུ་བ་བཞིན། །མར་མེའི་འོད་ཟེར་བཞིན་དུ་སྟེ། །དེ་ཉིད་སྦྱོར་བར་རྟག་ཏུ་ནི?། །ཉིན་དང
མཚན་དུ་བཞག་པར་བྱ། །སེམས་ཅན་ཐམས་ཅད་རྒྱུ་བའི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། སྦྱོར་བཏུང་དགའ་བྱ་རྣལ་འབྱོར་པས། །བཏུང་གཞན་ལ་ནི་ཆགས་མི་བྱ་ཞེས་བྱ་བའོ། །དེ་ནས་དགོངས་པའི་སྐད་བྲི་བར་བྱ་སྟེ། ?་?
སྙོམས་བདེ་སྟོབས་ནི་ཤ། །དེ་བཞིན་འདུས་པ་མངའ་ཡ་ཛ། །འགྲོ་བ་ཁྱི?་དང་འཛག་པའོ། །རྡུལ་མེད་བསྟུས་པའི་རྒྱུན་ཡིན་ཏེ། །འོངས་པ་བྲི?་མཁན་བརྗོད་པའོ། །ཅང་ཏེའུ་གྲིའུ་ཅི་ལྟར་?་སྐལ་བ་མི་ལྡན་?་?
བརྗོད། །ཌིཎྜ?་མ་ནི?་མི་རེག?་བརྗོད། །པདྨའི་?་ནི་ཐོད་པའོ། །ཟན་ནི་འདའ་ཕྱེད་ཤེས་པར་བྱ། །ཚད་མ་མ་ལ་ཏིདྭཧེའོ།?་།དྲི་ཆེན་གཞི་མཉམ་བརྗོད་པ་དང་།དྲི་ཆུ་གླ་རྩི་བརྗོད་པའོ། །རང་འབྱུང་སི?་ཧཱ་ལར་ཞེས་བྱ། ས་བོན་ག་པུར་འདོད་པ་དང། །ཤ་ཆེན
སྣ?་ལུ་ལས་?་བརྗོད། །དབང་པོ་གཉིས་གྱུར་ཀུན་ཏུ་རུ། །རྡོ་རྗེ་པོ་ལང་བརྗོད་པར་བྱ། །པདྨ་ཀཀྐོ་འདོད་པའོ། །རིགས་ཀྱི་དབྱེ་བས་ཕྱེ་བ་ཡིས། །རིགས་ནི་རྣམ་པ་ལྔ་རུ་བཤད། །དགོངས་པའི་སྐད་ནི་འདི་ཡིན་ཏེ་།རིགས་ཅན་སངས་རྒྱས་ལྟ
ཡིན་ནོ། །རྡོ་རྗེ་རིགས་ཅན་རིགས་ངན་བརྗོད། །དེ་བཞིན་གར་མཁན་མ་ཡི་རིགས། །རིན་ཆེན་རིགས་ཅན་ཙཎྜ་ལཱི། །དེ་བཞིན་རིགས་ཅན་གཉིས་སྐྱེས་མའོ། །ལས་ཀྱི་རིགས་ཅན་ཆོས་མཁན་མའོ། །ཕྱག་རྒྱ་དེ་རྣམས་གྲུབ་བཟང
སྟེར། །རྡོ་རྗེ་མཆོད་བྱས་བརྟུལ་ཞུགས་ཅན། དེ་རྣམས་ཀྱི་ནི་ཤུ་ཀྲ་བཏུང། །དེ་ནས་དོན་ལ་དཔྱད་པར་བྱ། །མངན?་ཞེས་བྱ་བ་ནི། །གསུམ་ཀ་རྨོངས་པར་གྱུར་པ་དང། །དབང་པོ་ལྔ་འདི་དག་ཅིང་འགྱུར་བའོ། །སྟོབས་ནི་འདོད་ཆགས་ལ་སོགས
པའི་སྡེའོ། ། ཤ་ནི་བསམ་རླག་པའི་སེམས་ངན་ནོ། །མ་ལ་ཡ་ཛ་ནི་ཐབས་དང་ཤེས་རབ་གཅིག་པ་ཉིད་དུ་བྱེད་པ་ཡིན་པ་ལ་དེ་ཉིད་འདུས་པའོ། །ཁྱི་འདི་རང་བཞིན་མེད་པའི་ལམ་ལ་འཇུག་པའོ། །རོ་ནི་སེམས་ཡིན་ལ་འཛག་པ་ནི་ཤེས
རབ་ཀྱི་བསམ་པས་འཛག་ཅེས་བྱ་བའོ། །རུས་པའི་རྒྱན་ནི་རྣམ་པར་མཛེས་པའོ། །རྡུལ་མེད་ནི་བག་ཆགས་ཀྱི་རྡུལ་དང་བྲལ་བའི་སེམས་སོ། །འོད་པ་ནི་དངོས་དང་དངོས་མེད་ལས་འདས་པའོ། །ཕྲེང་བ་ན་དང་ཅང་ཏེའུ་ནི་རང་བཞིན་མེད་པ
ཉིད་ཀྱིས་ཐབས་དང་ཤེས་རབ་གཏན་ལ་འབེབས་པ་ཅང་ཏེའུ་འདོད་དོ། །སྐལ་པ་མི་ལྡན་ནི་འདུལ་བ་དཀར་པའི་སེམས་ཡིན་ལ། །དུ་དུ་རང་བརྗོད་དོ། །སྐལ་ལྡན་ནི་འོད་གསལ་བའི་སེམས་སོ། ཀྲ་ལི་ཛ་ནི་ཤེས་རབ་ཡིན་ལ་སེམས་?་གང་ལ
ཆགས་པར་གྱུར་པ་?་?་པ་ནི་ཐུགས་ཀྱི་རྡོ་རྗེའོ། ། ?་མ་ནི་སྒྲའི་རྡོ་རྗེ་དང་ལྡན་པའོ། །ཁྱིམ་ཛ་མ་ནི་དྲི་མ་དང་བྲལ་བའོ། །མ་ལ། ཏིནྟ་ན་ནི་ཤེས་རབ་ཀྱི་བདག་ཉིད་ཡིན་ལ་སེམས་ཀྱི་དྲི་མ་བསྲེག་པའོ།། ཟན་མི་ཚུལ་ཁྲིམས
ཀྱི་སེམས་ལ་སྙིང་པའོ། །འདྲངས?་བར་བྱེད་པ་ཤེས་རབ?། །ཀཱ?་བ་ཞེས་བྱ་བ་ལ་གེ་ཞེས་བྱ་བ་ནི་ནམ་མཁའ་སྦྱོར་བར་བྱེད་པའོ། །པདྨའི་སྣོད་ནི་ཤེས་རབ་ལ་སྣོད་དུ་གྱུར་པའོ། །དྲི་ཆེན་ནི་བྱམས་པ་ལ་སོགས་པ་བཞི་རོ་མཉམ་པ་ཉིད་དུ་བྱེད་པའི
ཕྱིར་བཞི་མཉམ་པའོ། །དྲི་ཆུ་ནི་སྙིང་རྗེའོ། །གླ་རྩི་ནི་རང་བྱུང་བའོ། །སི་ཧལ་ནི་དགའ་བའོ། ཤུཀྲ་ནི་བཏང་སྟོབས་སོ། །ག་པུར་ནི་ཤ་ཆེན་ནོ། །སྭ་ལུ་ལས་སྐྱེས་པ་ནི་གཉིས་ཀའི་ཡན་ལག་གི་ཆ་ཤས་ཀྱི་རྟོག་པ་གང་དུ་མེད་དེ་སྒྲིབ་པ་མེད་པའོ། །དཔའ་པོ་གཉིས་ཀྱི
སྦྱོར་བ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཡང་དག་པར་སྦྱོར་བའོ། །ཀུནདུ་རུ་ནི་མི་ཕྱེད་པའི་ཆུལ་གྱིས་ཕྱེ་བའོ། །བོ་ལ་ཀ་ལ་ནི་ཤེས་རབ་རྙེད་པའི་?་པདྨའི་ནམ་མཁའ་ཨི་རང་བཞིན་དུ་གྱུར་པའི་སི་ཧལའོ། །ཀཀྐོ?་ལཱ་ནི་བདེ་ལ་མཆོག་ཏུ་སྦྱིན་པ་ཞེས་བྱའོ། །?་ཏི་ནི་ཉེ་བར
བོ་སྡུད་པ་སྟེ། ཨ་བ་ཞེས་བྱ་བ་ནི་དེ་སྐྱེད་བར་བྱེད་པ་སྟེ་།སན་རྒྱ་བ་ཤ་ཞེས་བྱ་བའོ། །དེ་ལྟར་བདག་གིས་སྙིང་རྗེ་མཆོག་གི་སྤོང?་བ་དེ་ཉིད་སྣང་བ་ནི། སྣ་ཚོགས་ལ་ནི་ཕན་ཐོགས་བྱེད་པའི་བསྟན་བཅོས་ལེགས་པར་བརྗོད་ནས་སུ། བདུད་རྩིའི་བདག་ཉིད་?
གྱུར་པ་སང?་ཐོབ་དེ་ཡིས་འགྲོ་གསུམ་པ་སྐད་ཅིག་བྱེད་ཀྱིས་དགྱེས་རྡོར་གོ་འཕང་བླ་ན་མེད་པར་འགྱུར་བར་ཤོག་། དགོངས་པའི་དུམ་བུ་སྟེ་བཅུ་པའོ། །སྙིང་རྗེས་ཐུགས་ནི་བརླན་གྱུར་པའི། །དཔལ་ལྡན་འཇིག་རྟེན་མགོན་པོ་ཡིས། །སྣ་ཚོགས་ལ
ནི་ཕན་པའི་ཕྱིར། །དེ་ཉིད་སྣང་བར་མཛད་པ་ཡིན། །ཞེས་བྱ་བའོ། །དེ་ཁོ་ན་ཉིད་ཀྱི་སྣང་བ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐས་བསྒྱུར་ཏེ་གཏན་ལ་ཕག་པའོ། །།ལེའུ་སྟོན་རྒྱ་ནག་གིས་ནན་གྱིས་ཞུས་པའོ།། །།དགྱེས་པ
རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ་བཞུགས་སོ།
CLOSE WINDOW