| Wylie | e-texts based on the ACIP/ALL Input |
།འཕགས་པའི་ལམ་མ་ཐོབ་པའི་ཕྱིར། །ནོངས་གྱུར་མཁའ་འགྲོ་མས་བཟོད་མཛོད། །འདི་བྲིས་དགེ་བས་སེམས་ཅན་ཕན་ཕྱིར་ཤོག། །།*། དབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོག་བཅུགས། །རྒྱ་གར་སྐད་དུ། བ་ལི་སརྦབ་དྷཱ་ཏ།
བོད་སྐད་དུ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མ། དཔལ་གྱི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ེ་བཾ་རྣམ་པར་དེས་བཞུགས་བའི། །རྡོ་རྗེ་སེམས་དཔར་ཕྱག་འཚལ་ནས། །བགེགས་དང་ལོག་འདྲེན་ལ་སོགས་ལས། དགོད་བར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལའོ། །དེ་བཞིན་བྱང་ལྡན་བའི། །རྣལ་འབྱོར་པ་ཡིས་བསྒོམ་བྱ་བ། །ཆོས་ཀྱི་འབྱུང་གནས་ནང་དུ་ནི། །པདྨ་འདབ་བརྒྱད་གསུམ་རྩེག་ཏུ། །དཀར་གནག་དམར་བ་ཨོཾ་ཨཱབརྒྱད། །པདྨའི་མདོག་བཞིན་བསྐྱེད་བྱ་སྟེ། །ཤར་དུ་དབང་ཕྱུག་ཆེན་པོ་བསྐྱེད། །ལྷོར་ནི་དབང་པོ་བསམ་པར་བྱ། །ནུབ་ཏུ་ཚངས་པ་བསྐྱེད་བ་སྟེ། །བྱང་ཕྱོགས་སུ་ནི་ཁྱབ་འཇུག་གོ། ཤར་ལྟོར་འདོད་པའི་དབང་ཕྱུག་སྟེ། །ལྷོ་ནུབ་ཚོགས་ཀྱི་བདག་པོ
སྟེ། །བྷ་གིའི་ཏི་ནུབ་བྱན་དུ། །བྱང་ཤར་གཞོན་ནུ་ཀརྟི་ཀའོ། །ཤར་གྱི་འདབ་མར་བརྒྱ་བྱིན་བསམ། །ལྷོར་ནི་མཐར་བྱེད་དགོད་བར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལའོ། །དེ་བཞིན་བྱང་དུ་གནོད་སྦྱིན་དགོད། །མེ་ཡི་མཚམས་སུ་མེ་ཆེན་པོ། །བདེན
བྲལ་དུ་ནི་སྲིན་པོའོ། །ནུབ་བྱང་མཚམས་སུ་རླུང་ལྷ་སྟེ། །བྱང་ཤར་དུ་ནི་འབྱུང་པོའི་བདག། སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང། །མཛའ་ཡས་ནོར་རྒྱས་དེ་བཞིན་ཏེ། །འཇོག་པོ་དང་ནི་རིག་ལྡན་དང། །བདེ་ཆེན་ཤིན་ཏུ་པདྨའོ། །ཀུན་ཀྱང
ཞལ་གཅིག་ཕྱག་གཉིས་ཏེ། །རྡོ་རྗེ་དྲིལ་བུ་ཕྱག་ན་བཅས། །རང་མདོག་རིག་མས་ཡང་དག་འཁྱུད། །གདན་ལ་གཡས་བརྐྱང་པ་ཡིས་བཞུགས། །རང་གི་ཐུགས་ཀའི་ས་བོན་ལས། །འོད་ཟེར་ལྕགས་ཀྱུ་ལྟར་སྤྲོས་ནས། །ལྷ་བརྒྱད་དག་ལ་གཟུགས་ཁམས་དན?
གཟུགས་མེད་པ་ཡི་ལྷ་བསྡུའོ། །འདོད་པའི་ཁམས་ཀྱི་ལྷ་དང་མི། །ཕྱོགས་སྐྱོང་བརྒྱད་ལ་རབ་ཏུ་བསྡུ། །ངན་སོང་གསུམ་དང་ལྷ་མ་ཡིན། །ཀླུ་ཆེན་བརྒྱད་ལ་བསྡུ་བར་བྱའོ། །རང་བཞིན་གནས་ན་བཞུགས་པ་ཡི། །དཀྱིལ་འཁོར་སྤྱན་དྲངས་བྱ་བའི་ཕྱིར། །གེ་རཱི
ཡིས་ནི་དགུག་བྱས་ལ། །ཆོམ་རྐུན་མིན་ཞགས་བས་འཆིང། །རོ་ལངས་མས་ནི་ལྕགས་སྒྲོག་སྡོམ། །དྲིལ་བུས་མཉེས་བྱེད་ཟད་ཕོད་མའོ། །རྣལ་འབྱོར་པ་ཡིས་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟར་སྤྲོས་པས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགར?།
དེ་ལ་ཕྱི་ནང་གསང་བས་མཆོད། །དེ་དག་གིས་ནི་དབང་བསྐུར་མཐར། །རང་རིག་བདག་པོས་དབུ་རྒྱན་པ། །ལྷ་ཆེན་བརྒྱད་ལ་བརྟག་པ་ཡིས། །རྡོ་རྗེ་ཡི་ནི་ཕྱོགས་སྐྱོང་བརྒྱད། །གར་དབང་གིས་ནི་ཀླུ་བརྒྱད་དོ། །དེ་ནས་ཆོ་གས་གཏོར་མ་བསྒྲུབ། །རླུང་དང་མེ་ཡི་དཀྱིལ
འཁོར་ལ། ། ལས་བྱུང་བའི་པད་སྣོད་བསམ། །བུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ། གོ་ཀུ་ད་ཧ་ན་ལས་ཡིན། །སངས་རྒྱས་ལྔ་དང་སེམས་ཅན་ལྔ། །ཟླ་བ་ཉི་མའི་དབུས་སུ་བསམ། །ཉི་དབུས་ཧཱུཾ་བསམ་རྡོ་རྗེ་སྟེ། །འབར་བ་དང་ནི་སྤྲོ་བ་ཡིས། །བདུད་རྩི་རབ་ཏུ་བསྒྲུབ?་པར་བྱ། །ཆུ
ཡི་རང་བཞིན་འདི་བསྒོམས་པས། །ོཾ་ཨཱ:ཧཱུཾ་གིས་བྱིན་རླབས་དབུལ། །དེ་ལ་གཏོར་མ་དབུལ་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨཻནད་ཛ་མ་ཛ་ལ་ཛཀྑ?་བྷཱ་ཏ་བཧྣི། བཱ་ཨཽ་རཀྵ་ཙནདཾ་སཱུ་ཛཛ། མཱ་ད་བཱབབ། ཏ་ལ། བ་ཏཱ་ལ། ཨཊཋ་སཔྤ་སྭཱ་ཧཱ། དེ་ནི་གཏོར་མའི་མགོན་ནོ།
ཻད་བ་ལི་བྷུཉྫ་ཛིཾ་གྷ། ཕུལླ?་དྷུ་པད?། མཱཾ་ས་པིཾ་གྷ། དེ་ནི་བཞེས་པར་ཞུ་བའོ། །ཾ་བྷ་སརྦ་ཀཛཛ་སཱ་དྷ། ཁཱནྟི་ཁཱུ་ཎི། ཕེ་ཊ་གླ་ད། དེ་ནི་ཁུ་བའོ། །ོཾ་ཨཱ་ཀ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱི། ཨཱདྱ་ནུཏཔནྣ་ཏྭཱ་ཏ། ཨོཾ་ཨཱནས་གཤེགས་སུ་གསོལ་བའི་ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། །ོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་བ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མམེ་པྲ་ཡཙྪ། སརྦབ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཧ་ཧ་ཧོ་བྷ་ག་ཝན་སརྦབ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་དྷ་བ། མཧཱ་ས་མ་ཡ་སཏྭ་ཨཱཔར་བྱེད་པར་འགྱུར་རོ། །གལ་ཏེ་འབྱུང་པོའི་ཚོགས་འདི་ལ་གཏོར་མ་བྱིན་ན། དབང་དང། མངོན་སྤྱོད་དང། དགྲའི་སྡེ་འཇིག་པ་དང། བསྐྲད་པ་དང། དགུག་པ་དང། ཞི་བ་དང། བདེ་བ་དང། རྒྱས་པར་བྱེད་པར་འགྱུར་རོ། །འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག
སློབ་དཔོན་མི་ཐུབ་རླབས་མཛད་པ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་བསྒྱུར་བའོ།། །།དེ་ཁོ་ན་ཉིད་ཀྱི་མན་ངག་བཞུགས། །*། །རྒྱ་གར་སྐད་དུ། ཏཏྟ་ཙ་ཏུ་རུ་བ་དེ་ཤ་པྲ་སཾ་ན་དཱི་པཾ
ནཱ་མ།
CLOSE WINDOW