| Wylie | e-texts based on the ACIP/ALL Input |
བོད་སྐད་དུ། དམ་ཚིག་ལྔ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཐུགས་བརྩ་བ་ལ་ཕྱག་འཚལ་ནས། །ཡང་དག་བདེ་བ་མ་ལུས་དངོས་གྲུབ་རབ་སྟེར་མཛད་པ་ཡི། དཔལ་ལྡན་གསང་བའི་རྒྱུད་སོགས
ལས་གསུངས་ཤིན་ཏུ་སྦས་བ་ཉིད། །མདོར་བསྡུས་མཛེས་པའི་ཚོགས་ཀྱི་འཁོར་ལོའི་ཚིག་བཤད་བར་བྱ། །སྔགས་པས་ནུབ་མོ་ཁྱད་པས་ནུབ་མོ་ཁྱད་པར་ཅན་དུས་ཉི་མ་རེ་རེ་ཡི་ནི་ཇི་སྙེད་བར། །ཟླ་བ་རེ་རེ་འང་ནི་འཁོར་ལོས་འདས་ཉམས་པར་འགྱུར་བ་ཡིན།།
ཉེ་བར་འཆེ་བ་མེད་པའི་དུར་ཁྲོད་དགོན་པའི་རྫིང་བུའི་འབྲམ་འམ་སྐྱེད་མེས་ཚལ། །མཚོ་ངོགས་ཆུ་ཀླུང་རི་སུལ་རང་གི་ཁྱིམ་སོགས་འབྲས་བུ་སྟེར་བའི་འཁོར་ལོ་བྱ། །ཡང་དག་བརྒྱུད་པ་ཐོབ་འགྱུར་བ། །དཔལ་ལྡན་ཆོག་ཤེས་སྙིང་རྗེ་ལྡན། །འཇིག་རྟེན་ཆོས་ལ་མི་ཆགས?
སྲེད་དང་རྒྱུད་སོགས་རྣམ་པར་སྤངས། །སྙན་པར་སྨྲ་ཞིང་འཛུམ་པའི་བཞིན། །བཟོད་ཅན་བརྟན་དང་བརྩོན་འགྲུས་ལྡན། །ཚོགས་ཀྱི་འཁོར་ལོའི་གཙོ་བོ་རུ་།དཔལ་ལྡན་རྡོ་རྗེ་སེམས་དཔས་གསུངས། །འཁོར་ལོ་ཡང་དག་དེ་ཉིད་ཀྱིས། །སློབ་མ་སྲེག་སོགས་རྣམ་པར་སྤངས། །དབང
བསྐུར་ཐོབ་ཅིང་བློ་ལྡན་བཟོད། །བརྩོན་དང་དྲན་པ་ལ་སོགས་ལྡན། །དམ་ཚིག་སྤྱད་བྱ་སྤྱོད་པ་རྣམས། །རྒན་པའི་རིམ་པ་བཞིན་དུ་འདོད། །དབང་མ་ཐོབ་པས་མི་རིགས་བར། །སྒྲུབ་པོས་འཁོར་ལོ་དེ་བྱའོ། །མེ་ཏོག་བདུག་བ་བྱུག་པ་མར་མེ་ལྡན། །སྣ་ཚོགས་སྟོན་སོ?་བཏུང་བས་རྣམ
བརྒྱན་ཅིང། །མལ་སྟན་དང་ནི་ཡོན་ཏན་བཅས་པ་ཡིས། །འཕགས་པའི་སྐྱེ་བ་མང་པོ་འམ་ནི་ཚོགས་པ་ལའོ། །དེ་ནས་ཚོགས་ཀྱི་གཙོ་བོའི་གདན། །རོ་འམ་སྟག་རགས་ར་ཤུན་ལ་བྱའོ། །རྒྱན་ནི་འདམ་པག་གིས་དང་བྱ་བའོ། །ཕྱི་རོལ་མེད་པའི་ཕྱག་རྒྱས་འཁྱུད། །རང་གི་སློབ
མ་ལོངས་སུ་བསྐོར། །དེས་ཀྱང་རང་རིག་མ་ལ་འཁྱུད། །མི་ནས་བསམ་གཏན་དག་གིས་བྱ། །སློབ་མཆོག་ཤེས་ཤིང་དྲན། །བརྩོན་འགྲུས་བཟོད་དང་ལྡན་པ་དང། །བླ་མ་ལ་གུས་བློ་མཐུན་པ། །ལས་ཀྱི་རྡོ་རྗེ་རབ་ཏུ་བྱ། །དབང་བསྐུར་ཡང་ནི་གདུག་ཅན་དང། །ཐོབ་དང་རྒྱུན་ཅན་དག་དང
ནི། །དབང་མ་ཐོབ་པར་འཁོར་ལོ་གང། །རིང་བ་ནས་ཀྱང་བསྟན་མི་བྱ། །བླ་མས་བདེ་ཆེན་བསྒོམ་བྱས་ནས། །འབྱུང་པོ་ཀུན་ལ་གཏོར་མ་སྦྱིན། །སྟོངས་ལ་སོགས་པ་སྦྱང་བྱས་ལ། །མེ་ཏོག་གིས་ནི་རང་ལུས་མཆོག།། །སྣོད་ནི་རེ་རེ་ཀུན་ལ་སྦྱིན། །བླ་མ་ལ་ནི་སྣོད་གཉིས་དབུལ།།
དེ་བཞིན་ནས་མཚན་བཟའ་བཏུང་བ་སོགས་གཉིས་འགྱུར་རོ། །དེ་ནས་རང་ཞལ་ཐབ་ཁུང་དུ། །རྣམ་རིག་སཱ་ལིའི་མཆོད་ཡོན་བྱ། །ལག་པ་དག་ནི་དགང་གཟར་བླུགས་གཟར་གྱིས། །ཡིད་ཀྱི་མེ་ལ་སྟོབས་སོགས་བསྲེག། །ནད་གི་བདག་ཉིད་སྦྱིན་སྲེག་གིས། །རང་འདོད་ལྟ་ནི་ཚིམ་བར་བྱ། །གླུ་སོགས
ཀྱིས་ནི་མཉེས་བྱ་ཞིང། །ཡང་དང་ཡང་དུ་བརྡ་ཚིག་སྨྲ། །བདུད་རྩི་ལྔ་དང་སྒོན་མ་ལྔ། །རིག་མ་རིགས་བཟང་བརྒྱད་ལ་ནི། །ཆོ་ག་བཞིན་དུ་བརྟེན་ཤེས་བྱ། །ཀོ་ལ་ལ་སོགས་ཀྱི་ཤེས་དང། །ཧེ་རུ་ཀ་ཡི་གཟུགས་ཀྱིས་གང། །དྲན་པ་རྗེས་མེད་རྩལ་འབྱོར་བྱ། །སྒོམ་ལ་ཆགས་པའི་སེམས་ཀྱིས
ནི། །བརྟག་ཏུ་སེམས་ཀྱིས་གོམས་བར་བྱ། །རྡོ་རྗེ་ཆོས་དང་སངས་རྒྱས་ཀྱིས། །རྣལ་འབྱོར་མ་དང་མཚོགས་ཀྱང། །གླུ་དང་གར་ལ་གོམས་བྱ་ཞིང། །མཆོག་ཏུ་གླུ་དང་གར་བྱའོ། །འདི་ཉིད་ཚོགས་ཀྱི་སྲུང་བ་སྟེ། །བདག་ཉིད་ཀྱང་ནི་དེ་བཞིན་བསྲུང། །འདི་ཡིས་འཇིག་རྟེན་དབང་དུ་བྱེད། །སྔགས་ཀྱི
བཟླས་བའི་དེ་ཉིད་ཡིན། །རྒྱུ་ཏུ་གླུ་ནི་ལེན་བ་དང། །གང་དུ་རྟག་ཏུ་གར་བྱེད་པ། །ཚོགས་ཀྱི་གཙོ་བོ་མདུན་བྱས་ནས། །དེ་ནས་དྲི་ནི་མཚོན་པར་བྱ། །ལྡོག?་པའི་དྲི་ནི་དང་པོ་སྟེ། །དེ་ནས་བྱ་རྒོད་དྲི་ཡང་ངོ། །དེ་ནས་ག་པུར་ཙན་དན་དྲི། །གླུ་ཡི་དབྱངས་སུ་མཚོན་བྱ་བ?་སྒྲ་ནི་དང་བ?་བུང་བའི
སྒྲ། །སྒྲ་ཡི་མཛའ་དུ་ཐོས་པ་དང། །ལྕེ་སྤྱད་དག་གི་སྤྲ་ཡང་ནི། །ཕྱི་རོལ་སྐྱེད་མོས་ཚལ་དུ་མཚོན། །གང་ཡང་དག་ནི་མི་རྙེད་པ་འམ། །སྣོད་མ་ཡིན་པས་འཇིགས་བ་སྤངས། །བདུད་རྩི་ལྔ་དང་ཤ་ལྔ་སོགས། །བསམ་གཏན་གྱིས་ཡོངས་སུ་བརྟག་།འཁོར་ལོའི་གཙོ་བོས་བྱིན་བརླབས
པ། །སྣོད་སྐྱོན་རྗེས་སུ་གཟུང་བྱའི་ཕྱིར། །བདུད་དང་བཅས་པས་སྣོད་དེ་ནི། །ཧ་ཅང་མྱུར་མིན་ཕུལ་བ་མིན། །བགེགས་སོགས་བརྙས་བ་སྤང་བའི་ཕྱིར། །པདྨའི་ཕྱག་རྒྱས་བླང་བར་བྱ། །ཧུབ་སྒྲ་མེད་ཅིང་མ་གཡེངས་པས། ཅུང་ཟད་འཐུངས་ནས་ལེགས་བཀང་སྟེ། །ཕྱག་འཚལ་བ
ཡི་ཁྱད་པར་གྱིས། །གོང་གི་ཕྱག་རྒྱས་དབུལ་བར་བྱ། །སྒྲུབ་པ་པོ་ཡིས་ཡང་དང་ཡང། །དེ་དག་ཀུན་ལ་ཕྱག་བྱའོ། །སྣོད་ནི་ས་ལ་བཞག་པ་འམ། །གཞན་ལ་བྱིན་པར་གྱུར་པ་མ། ལག་ནས་བོན་ཆད་པས་བཅད། །རང་གིས་ཐམས་ཅད་བཏུང་ངོ། །བཟའ་དང་བཏུད་བ་རང
གིས་ནི། །ཤིན་ཏུ་རྟོགས་ཀྱང་བླང་མི་བྱ། །རྩོད་པ་ལ་སོགས་གང་བྱེད་པ། །དེ་ནས་དེ་ནི་གདོན་པར་བྱ། །ཡང་ན་གདན་པར་མི་ནུས་ན། །དེ་ཚེ་སྡིག་པ་ལ་བཏགས་པས། །རང་ཉིད་གཞན་དུ་འགྲོ་བ་འམ། །མི་སྨྲ་བ་ལ་བརྟེན་པར་བྱ། །ལས་ཀྱི་རྡོ་རྗེ་བཏུང་སོགས་ལ?
རང་གིས་བླངས་ཀྱང་ཉེས་པ་མེད། །སྤྱོད་ལམ་ཤུགས་ཀྱིས་ཕྱིར་འགྲོ་ན། །དེ་ནི་དགག་པར་མི་བྱའོ། །མངོན་པའི་ང་རྒྱལ་ཞེ་སྡང་གིས། །གཞན་སྨོད་དམ་པ་མ་ཡིན་པའི། །ཚིག་གིས་སྨྲ་ཀྱང་?་པའི་གཏམ། །མི་དགའ་བ་ཡང་སྤང་བར་བྱ། །བཞག་པ་ཡང་ནི་སྤྱོད་གྱུར་ན། །རྩ་བའི
ལྟུང་དང་སྦོམ་པོ་ནི། །མྱུར་དུ་གསོ་པའི་ཆོ་ག་བྱ། །དེ་ནི་ལྡང་བའི་ཆོ་ག་གྲགས། །རྡོ་རྗེ་སློབ་དཔོན་ཚིམ་གྱུར་པས། །བར་དུ་གཏོར་མ་སྦྱིན་པར་བྱ། །གླུ་དང་གར་ལ་སོགས་རྒྱུན་ནི། །དེ་ཡི་བཀའ་ཡིས་གནང་བར་བྱ། །ཚོགས་ཀྱིས་འདུས་བ་ལ་བྱ་བ། །ལག་པ་རྐང་སོགས་བག་ལྡན་བྱ། ཤིན?
ཏུ་བག་མེད་?་རྒྱུ་ཡི་ཕྱིར། །བཏུང་བ་མང་པོ་སྤྱད་མི་བྱ། །ཡང་དག་གིས་ནི་གཡེངས་པར་འགྱུར། །གཡེངས་པ་རྣལ་འབྱོར་འཁྲུགས་འགྱུར་ཞིང། །རྣལ་འབྱོར་ཉམས་པས་དངོས་གྲུབ་མེད། །བདུད་ཀྱི་ལས་ནི་བཟློག་པར་དཀའ་། །གང་ཡང་སེམས་ནི་བསྲུང་ནུས་པས། །དང་དམ་གཞན
ཡང་མཆོད་པར་བྱ། །གཟུགས་སོགས་སྣ་ཚོགས་དག་པ་ཡིས། །དེ་ཡིས་འདི་ནི་དངོས་གྲུབ་འགྱུར། །སྐད་ཅིག་ཙམ་ཡང་གཞན་གཟུགས་ཀྱིས། །མ་རིག་གདུག་ཅན་གྱི་ནི་སེམས། །གྲུབ་འདོད་དངོས་གྲུབ་དོན་གཉེར་བའི། །འབད་པས་མཁས་པས་གནས་མི་བྱ། །ཇི་སྙེད་ལུས
ཀྱི་?་འབུལ་དང། །དག་གི་བརྗོད་པ་ཇི་སྙེད་པ། །དེ་སྙེད་སྔགས་དང་ཕག་རྒྱ་སྟེ། །ཧེ་རུ་ཀ་དཔའ་གོ་འཕངས་གནས། །གང་གིས་དུག་གིས་དུམ་བུ་ཡིས། །སྐྱེ་བོ་རྣམས་ནི་འཆི་འགྱུར་བ། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ནི་འཇོམས་པར་བྱེད། །ཁ་ཅིག་བྲེལ
པ་གཞན་ཡོད་པས། །ཡུན་རིང་འདུག་པར་མི་ནུས་ན། །དེ་ཡིས་ཕྱག་འཚལ་མཁྱེན་གསོལ་ཏེ། །བཟོད་གསོལ་ནས་ནི་འགྲོ་བར་བྱ། །འདི་དང་གཞན་གྱིས་རྒྱུད་གསུངས་པའི། །བྱ་བ་རྣམས་ནི་བརྡལ་ལ་བྱ། །གང་ཕྱིར་མྱུར་དུ་བྱས་པ་ཡིས། །རྣལ་འབྱོར་བ་ཡི་དགའ་ཉམས་བྱེད
དེ་ལྟར་ཚོགས་འཁོར་ལོ་ཆེར། །རང་གི་སློབ་མ་དབང་བསྐུར་ཕྱིར། །སྒོམ་པ་ལ་སོགས་སྟོབས་ཉིད་ཀྱིས། །ཚེ་འདི་ཉིད་ལ་དངོས་གྲུབ་འགྱུར། །སྒོམ་པ་ལ་སོགས་དེ་བཞིན་འདིར། །ཡང་ནི་བཀའ་གསལ་བྱེད་པས་ཀྱང། །གལ་ཏེ་ལྟུང་བ་མེད་འགྱུར་ན། །སྐྱེ་བ་བཅུ་དྲུག་དགས་འགྲུབ།།
བླ་མས་ཐ་མའི་གཏར་མ་སྦྱིན། །དེ་བཞིན་ཕྱི་རོལ་ལྷ་གཉེར་མ། །སྒྲུབ་པ་པོ་ཡིས་ཕྱག་འཚལ་ཞིང། །སྨོན་ལམ་དག་ནི་ཇི་ལྟར་བདག། །མ་ལུས་རྟོག་པ་ལས་འདས་སྲིད་དང་ཞིབ་མཉམ་མཐོང་རྟག་ཏུ་མི་འགྱུར་བ། །དཔེ་མེད་བདེ་བར་རོ་ཡས་དགྱེས་པའི་རྣལ་འབྱོར་རྣལ་འབྱོར་མའི
མཆོག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཡན་ལག་མ་དང་སྦྱར་བའི་རྟོག་པའི་ཕུང་པོ་ཡོངས་སུ་བཅོམ་གྱུར་པ། །བདག་གིས་དག་གིས་དགེ་བ་འདི་ཡིས་དེ་ཡི་ཐབས་ནི་མྱུར་བ་ཉིད་དུ་སྟོན་པར་བྱེད་པར་ཤོག་།དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །དཔལ་ལྡན་ཚེགས་ཀྱི་འཁོར་ལོ་བསྡུས། །ཅི
བདེ་བས་ནི་གནས་བར་བྱ། །འདི་ནི་བླ་མའི་རིམ་ཐོབ་པའི། །བདག་ཉིད་དྲན་བར་བྱ་བའི་ཕྱིར། །ཆོག་ཅུང་ཟད་བརྗོད་པ་ལ། །མཁས་པ་རྣམས་ནི་བཟོད་བོར་མཛོད། །དངོས་གྲུབ་ཀུན་གྱི་རྟེན་གྱུར་ཡོན་ཏན་འགྲོ་ཚོགས་ཀྱི་འཁོར་ལོ་ཡི། །ཆོ་ག་གསལ་པོར་བྲིས་པའི་བསོད
ནམས་བདག་གིས་གང་ཐོབ་དེས། །མྱུར་དུ་དཔལ་ལྡན་རྡོ་རྗེ་འཆང་ཡུལ་སྐལ་བཟང་ལ་ཆགས་ཤིང། །སྲིད་པ་ལས་གྲོལ་ཞི་བའི་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག། །།དམ་ཚིག་ལྔ་པ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་ནས་ཞབས་ཀྱིས་མཛད་བ་རྫོགས
སོ། ། །།དཔལ་རིག་པའི་གནས་གྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ། ཁམས་པ་ལོ་ཙཱ་བཱ་རི་དྷརྨཱ་ཀཱི་རྟིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཤྲཱི་ཧ་བཛྲ་བྷ་ཌ་རཱ་ག་སྟོ་ཏྲ་ནཱ་མ། བོད་སྐད་དུ་།རྗེ་བཙུན་དཔལ་གྱི་རྡོ་རྗེའི་བྷ་ཌ
རཱ་གའི་བསྟོད་བ་ཞེས་བྱ་བ།
CLOSE WINDOW