Wylie | e-texts based on the ACIP/ALL ![]() ![]() |
། །།སྒྲུབ་པ་ནི་དང་པོ་བུམ་པ་དང་མཆོད་པ་རྣམ་པ་ལྔ་དང་གཏོར་མ་གང་བར་བཤམ། ཁྱེའུ་འམ་བུ་མོ་གཙང་མ་སྔར་ནས་ཉེར་བསྔོགས་བྱ། ཁྲུས་བྱ། ཁ་ཟས་བཟང་པོས་ཚིམ་པར་བྱ།།
སྤོས་ཆུ་གཙང་མས་དགང། དེ་ནི་ནང་དུ་སྐད་ཅིག་གིས་ལྷ་མོར་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། མཆོད་པ་དབུལ་དེ་འོད་ཏུ་ཞུ་བ་ལས་བདུད་རྩིར་གྱུར་པར་བསམ། དེ་ནས་སྐད་ཅིག་གིས་བདག་ཉིད་ལྷ
མོར་བསྐྱེད། ཡེ་ཤེས་སེམས་དཔའ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་པ་ལྔ་དབུལ། དེ་ནས་ཁྱེའུ་འམ། བུ་མོ་སྐད་ཅིག་གིས་ལྷ་མོར་བསྐྱེད། ཡེ་ཤེས་??སེམས་དཔའ་སྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་པ་རྣམ
པར་དབུལ། དེ་ནས་རྩ་ལྷ་མོར་བསམ་ལ། གནས་གསུམ་ལ་མཆོད་པ་དབུལ། དེ་ནས་སྣོད་ལ་ཆགས་པའི་དུད་པས་སྣག་ཚ་བྱས་ཏེ་མཐེ་བོང་སྐུ། དེ་ནས་མཐེ་བོང་གི་རྩ་མཐེབ་མཛུབ་གཉིས་ཀྱིས་གཟུང་ལ།
བསྒོམ་ཞིང་བཟླས་པ་བྱས་ཁྱེའུ་འམ་བུ་མོ་མཐེ་བོང་བལྟ་རུ་གཞུག་ཅིང། ཇི་ལྟར་མཐོང་བ་བཞིན་སྨྲ་རུ་གཞུག་།ོཾ་ཧྲིཾ་ཧྲིཾ་ཁྲིཾ་ཁྲིཾ་ཁྱུཾ་ཁྱུཾ་དྷ་ན་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རྡོ་རྗེ་ཕག་མོའི་པྲ་བརྟག་པ་རྫོགས་སོ།། །།གཏོར་མ་བྱ་བ་ནི།
མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར།
CLOSE WINDOW