CLOSE WINDOW

N1102: ཕག་མོ་བསྲུང་བའི་འཁོར་ལོ
Wyliee-texts based on the ACIP/ALL Input

དབུས་ཀྱི་ལྟེ་བ་ལ་བཾ་བསམ། འཁོར་ལོའི་རྩིབས་ལ་རང་ལ་གནོད་པ་རྣམས་བསམ་སྟེ། སྔགས་བཟླས་པ་ནི། ཨོཾ་ཨཱ:ཧཱུཾ་བཱ་རཱ་ཧཱི་ཙཀྲ་བརྟི་སརྦ་ལོ་ཀི་ཀ་ལོ་ཀོ་ཏ་ཏ་ར། ཡནྟྲ་མནྟྲ་ཏནྟྲ་སརྦ་བི་ཙུ་ཎ་ཡ་པྲ་ཡོ་ག་ཏི་མ་མ་ཀྲི་ཏ་ཡེ་ན་ཀེ་ན་ཙི་ཏ། ཀྲི་ཏ་ཏི་ནི་ཏི་ན། སརྦ་བིགྷ་ནཾ། ཨཱ་ཀ་ཌཌཧཡ་ཨཱ་ཀ་ཌཌཧཡ?། ཏརྫ་ཡ་ཏརྫ་ཡ། གྲིཧྞ་གྲིཧྞ། བྷཀྵ་ཡ་བྷཀྵ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཱཾ་ཀྵྨཱཾ་ཛྙོཾ་ཛྙོཾ། མ་ཏ་མ ཏ། བི་དྷཝཾ་ས་ཡ་བི་དྷཝཾ་ས་ཡ། ཤ་ཧ་ས་ཧ་སྲ་བྷཱུ་ཏ་སརྦ་བི་ཥ་པི་ཙཱུ་ར་ཎ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཧེ་རུ་ཀ་ཙཀྲ་བརྟི་ཆེ་གེ་མོའི་མུ་ཁཾ་ཙཀྵུ་བན་དྷ་བན་དྷ། ཆེ་གེ་མོ་ཤཱན་ཏིང་ཀུ་རུ་ཧུཾ་ཧཱུཾ་ཕཊ་ཕཊ། འཁོར་ལོ་དེ་འཁོར་བས་རང་གི་ལོག་པར་རྟོགས པ་ཐམས་ཅད་བརླག་པར་བསམ་མོ། ། །།ཕག་མོའི་བསྲུང་པའི་འཁོར་ལོ་ལ། ཟངས་གཞོང་གི་ནང་དུ་རང་འབྱུང་གྲི་ཁྲག་དང། དངུལ་ཆུ་ཟངས་རྡོག་མ་གཅིག་གིས་ཞག་པར་མཉེ། དེ་ཐང་པའི་ཟུར་གྱི་གྲཝར་བཅིར་ལ། ཞུ་བ་དེ་ཟངས སྲབ་མོ་འམ་གྲོ་ག་ལ་སོགས་པ་ལ་འཁོར་ལོཾ་ཇི་ལྟ་བ་བཞིན་དུ་བྲིས། ། །།ཕག་མོའི་བསྲུང་པའི་འཁོར་ལོ་ལ། ཟངས་གཞོང་གི་ནང་དུ་རང་འབྱུང་གྲི་ཁྲག་དང། དངུལ་ཆུ་ཟངས་རྡོག་མ་གཅིག་གིས་ཞག་པར་མཉེ། དེ་ཐང་པའི་ཟུར་གྱི་གྲཝར་བཅིར་ལ། ཞུ་བ་དེ་ཟངས སྲབ་མོ་འམ་གྲོ་ག་ལ་སོགས་པ་ལ་འཁོར་ལོཾ་ཇི་ལྟ་བ་བཞིན་དུ་བྲིས། དེ་ལ་རབ་གནས་བྱས་ཏེ་སྙིམ་པར་བཅུག་ལ། ཕག་མོའི་རྐང་པ་བརྒྱད་པ་བརྒྱ་རྩ་བརྒྱད་བཟླས་ལ་དྲིལ་ནས། སྔར་བཙིར་བའི་ཚིག་མས་རབ་བྱུང་ཡིན་ན་ཐང་པའི་ཟུར་དུ གཏུམས་ལ་ཕྲག་པ་གཡོན་པར་དག་ལ། དེ་ལ་རབ་གནས་བྱས་ཏེ་སྙིམ་པར་བཅུག་ལ། ཕག་མོའི་རྐང་པ་བརྒྱད་པ་བརྒྱ་རྩ་བརྒྱད་བཟླས་ལ་དྲིལ་ནས། སྔར་བཙིར་བའི་ཚིག་མས་རབ་བྱུང་ཡིན་ན་ཐང་པའི་ཟུར་དུ གཏུམས་ལ་ཕྲག་པ་གཡོན་པར་དག་ལ། སྐྲ་ཅན་ཡིན་ན་གོང་བ་གཡོན་པར་གཏུམ།། །།དྲག་པོ་མངོན་སྤྱོད་ཀྱི་ལས་ལ། གཞུང་ནས་བྱུང་བ་ལྟར་གཟུགས་བརྙན་བྱས་ཏེ། སྐེ་ཚེའི་མར་ཁུ་བསྐུ། རང་གི་སྔགས་སུ་དྲག་པོའི་ཐབ ཁུང་གྲུ་གསུམ་པ་གཅིག་བྲུ་དེ་ཚེར་མ་ཅན་གྱི་ཤིང་ལ་དུར་ཁྲོད་ཀྱི་སོལ་དུམ་གྱི་མེ་སྦར་བ་དང། སྐྲ་ཅན་ཡིན་ན་གོང་བ་གཡོན་པར་གཏུམ།། །།དྲག་པོ་མངོན་སྤྱོད་ཀྱི་ལས་ལ། གཞུང་ནས་བྱུང་བ་ལྟར་གཟུགས་བརྙན་བྱས་ཏེ། སྐེ་ཚེའི་མར་ཁུ་བསྐུ། རང་གི་སྔགས་སུ་དྲག་པོའི་ཐབ ཁུང་གྲུ་གསུམ་པ་གཅིག་བྲུ་དེ་ཚེར་མ་ཅན་གྱི་ཤིང་ལ་དུར་ཁྲོད་ཀྱི་སོལ་དུམ་གྱི་མེ་སྦར་བ་དང། གཟུགས་བརྙན་དེ་ལྕགས་ཀྱི་སྐམ་པས་གཟུང་སྟེ་།དམར་ལྷང་གིས་མ་སོང་བར་དུ་བསྲོའོ། །དེ་ལྟར་སོང་བ་དང་དུག་གི་ཆུ་འམ་བོང་བུའི ཆུས་བསང་ལ། དེ་དོང་དུ་བཙུག་ན་གཡས་བ་ལ་ཕག་མོའི་འཁོར་ལོ་བྲིས་པ་གཅིག་གིས་ཁ་གཅད། སྔགས་བཟླས། ལིང་ག་ཡང་དང་ཡང་དུ་བསྲོ་ཞིང་བསྒྲུབ། བསད་པའི་སྔགས་གོ་ཆའི་ལྷ་མོའི་སྔགས་ལ་མཱ་ར་ཡ་བཏགས་ཤིང་བཟླས སོ། ། །།སྔོན་དུ་བསྙེན་པའི་ཆོ་ག་དང། དེ་ནས་སྒྲུབ་པའི་ཆོ་གའོ། །དེ་ནས་བསྙེན་པ་ནི་གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། གཏོར་མ་ལ་སོགས་པ་བཤམས་ལ། དང་པོར་ཚོགས་བསགས་པའི་ཕྱིར་ཕྱག་འཚལ་བ་ནས དགེ་བའི་རྩ་བ་ཡན་ཚོན་བྱ། དེ་ནས་སྐད་ཅིག་གིས་རང་བཅོམ་ལྡན་འདས་མར་བསྐྱེད། སྙིང་གནས་འོད་ཟེར་སྤྲོས་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ། གཉིས་སུ་མེད་པའི་བཅོམ་ལྡན་འདས་མ་གསལ་བར་བསྒོམས། ཡི་གེ གསུམ་གྱིས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ། དངོས་སུ་འབྱོར་ན་རབ། མ་འབྱོར་ན་ཏིང་ངེ་འཛིན་གྱིས་མཆོད་པ་བྱ། དེ་ནས་ཏིང་ངེ་འཛིན་དང་མ་བྲལ་བར་བཟླས་པ་ཐུན་རེ་ལ་ཉིས་སྟོང་བྱ། ཞག་ཅིག་ལ་བཞི་འམ་ལྔར་བསྒོམ། བཟླས་པ འབུམ་བཟླས་པའི་ཚེ་བསྙེན་པ་རྫོགས་སོ། ། །།སྒྲུབ་པ་ནི་དང་པོ་བུམ་པ་དང་མཆོད་པ་རྣམ་པ་ལྔ་དང་གཏོར་མ་གང་བར་བཤམ། ཁྱེའུ་འམ་བུ་མོ་གཙང་མ་སྔར་ནས་ཉེར་བསྔོགས་བྱ། ཁྲུས་བྱ། ཁ་ཟས་བཟང་པོས་ཚིམ་པར་བྱ།། སྤོས་ཆུ་གཙང་མས་དགང། དེ་ནི་ནང་དུ་སྐད་ཅིག་གིས་ལྷ་མོར་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། མཆོད་པ་དབུལ་དེ་འོད་ཏུ་ཞུ་བ་ལས་བདུད་རྩིར་གྱུར་པར་བསམ། དེ་ནས་སྐད་ཅིག་གིས་བདག་ཉིད་ལྷ མོར་བསྐྱེད། ཡེ་ཤེས་སེམས་དཔའ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་པ་ལྔ་དབུལ། དེ་ནས་ཁྱེའུ་འམ། བུ་མོ་སྐད་ཅིག་གིས་ལྷ་མོར་བསྐྱེད། ཡེ་ཤེས་??སེམས་དཔའ་སྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་པ་རྣམ པར་དབུལ།

CLOSE WINDOW