Wylie | e-texts based on the ACIP/ALL ![]() ![]() |
། དཔལ་འཁོར་ལོ་སྡོམ་པའི་སྟོད་པ་སློབ་དཔོན་མེ་ཏྲི་པས་མཛད་པ་རྫོགས་སོ།། *། །དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་བཞུགས་སོ།། །།
རྒྱ་གར་སྐད་དུ། ཤྲི་ཙཀྲ་སཾ་པ་ར་སྟོ་ཏྲ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དབྱིངས་ལས་བཞེངས་པའི་སྐུ་མཆོག་ནི། །སྐལ་པའི
མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རི་རབ་ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །འཇིགས་བྱེད་དུས་མཚན་བརྒྱད་བཀུག་ཞབས་ཀྱི་མནན། །སྐུ་མདོག་མཐིང་ནག་མཁའ་ལྟར་དག་པའི་འོད། །གཅེར་བུ་གླང་ཆེན་སྟག་གི་ཤམ་ཐབས་ཅན། །ཞལ་གདངས
མཆེ?་གཙིགས་ཧཱུཾ་གྱི་འབྲུག་སྒྲ་སྒྲོག་། དཔྲལ་བའི་ཁྲོ་གཉེར་སྤྱན་གསུམ་ཀློག་ལྟར་འགྱུ། །རལ་པའི་ཐོར་ཅོག་ཟླ་ཕྱེད་རྡོ་རྗེ་དང། །ཐོད་པ་ནོར་བུ་མི་སྐྱོད་དར་གྱིས་མཛེས། །དཔའ་བ་སྒེག་པ་རབ་ཏུ་འཇིགས་བྱེད་ཅིང། །རྒོད་དང
གཤེ་དང་རྔམ?་པའི་དང་ཚུལ་ཅན། །སྙིང་རྗེ་ཞི་དང་རྨད་དུ་བྱུང་བའི་ཉམས། །གར་གྱི་རྣམ་འཕྲུལ་ནམ་མཁའ་ཁྱབ་པར་སྟོན། །འཁོར་ལོ་རྣ་ཆ་མགུལ་བརྒྱན་གདུབ་ཀོར་དང། །སྐེ་རགས་ཐལ་ཆེན་ཚངས་པའི་སྐུད་པ་ཅན། །མི
མགོའི་དོ་ཤལ་རྡོ་རྗེ་དྲིལ་བུ་འཁྱུད། །དཔལ་ལྡན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གཉིས་མེད་ཚུལ་གྱིས་བཅོམ་ལྡན་འདས་མ་ཡང། །སྐུ་མདོག་དམར་མོ་གཅེར་བུ་སྐྲ་གྲོལ་ཞིང། ། ཕྱག་རྒྱ་ལྔ་དང་རྡོ་རྗེ་ཐོད་པ
འཁྱུད། །ཕུང་པོ་ཁམས་དང་སྐྱེ་མཆེད་རང་བཞིན་ལ། །མ་ལུས་རྒྱལ་བའི་རིགས་རྣམས་ཡོངས་སུ་རྫོགས། །སྲིད་པ་རྣམ་དག་སྐུ་ཡི་ཡན་ལག་ལ། །ཉི་ཤུ་རྩ་བཞི་ཡུལ་གྱི་རྣམ་པར་བརྒྱན། །ཁྱོད་ནི་ཁམས
ཀྱི་རང་བཞིན་དཔའ་བོ་དང། །རྩ་ཡི་རང་བཞིན་དཔའ་མོ་ཉི་ཤུ་བཞི། །བྱེ་བའི་གྲངས་སྙེད་མ་ལུས་འཁོར་བཅས་ཀུན། །གནས་དང་ཉེ་གནས་ཞིང་དང་ཉེ་ཞིང་སོགས། །ས་བཅུའི་གནས་སུ་གཉིས་མེད་དགྱེས་པར་རོལ། །བདེ་ཆེན་ལོང་སྤྱོད་རྫོགས་ལ་
རྣམ་རོལ་ཞིང། །རྣམ་དག་སྐྱེ་མཆེད་ལས་ཀྱང་འཁོར་ལོ་བཞིན་ལུས་ཀྱི་རྣམ་དག་རང་བཞིན་གཞལ་ཡས་ཁང། །རྣམ་ཤེས་བརྒྱད་ལས་སྤྲུལ་པའི་དུར་ཁྲོད་བརྒྱད། །དངོས་དང་དངོས་མིན་རང་བཞིན་བཅོམ་ལྡན་འདས། །ཀུན་གྱི་བདག་ཉིད་རྣལ་འབྱོར་དབང?་ཕྱུག་གཙོ། །
མ་ལུས་གཅིག་ཏུ་འདུས་པའི་སྐུར་གྱུར་པ། །དཔལ་ལྡན་ཁྲག་འཐུང་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་འོད་ཟེར་གློག་ཙམ་མཐོང་པ་ལས། །ངོ་མཚར་འཛིན་པའི་ཡིད་ཀྱིས་བདག་བསྟོད་ན། །མཁའ་དང་མཉམ་པའི་འགྲོ་བ་མ་ལུས་ཀུན། །མགོན་པོ་ཁྱོད་ཀྱི་ཐུགས་རྗེས་བཟུང
དུ་གསོལ། །དམ་ཚིག་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ལ། །བརྩེ་བའི་ཐུགས་ཀྱི་བུ་བཞིན་དགོངས་ནས་ཀྱང། །བར་ཆད་བདུད་དཔུང་ཞི་བར་མཛད་དུ་གསོལ། །དུར་ཁྲོད་ལ་སོགས་གནས་སུ་སྲོག་དོར་ནས། །ཁྱོད་ཀྱི་རྣལ་འབྱོར་རྟག་ཏུ་བརྩོན་པ་ལ། །ཡེ་ཤེས་ཡང་ངོའི་ཟླ་ལྟར
འཕེལ་བ་དང། །དངོས་གྲུབ་ཚུལ་བཞིན་གྲུབ་པར་མཛད་དུ་གསོལ། །སངས་རྒྱས་ཕྲིན་ལས་བྱེད་པའི་རྣལ་འབྱོར་ལ། །མཁྱེན་པ་ཉི་འོད་ལྟ་བུར་རབ་རྒྱས་ཏེ། །ཡོན་ཏན་གཟི་བརྗིད་ཆེན་པོ་བསྐྱེད་དུ་གསོལ། །མཛའ་ཁོ་བ་ཀླ་ཀློའི་གནས་སུ་འཁྱམས་པ་དང། །ལོག་རྟོག་བདུད
ཀྱིས་བཅིངས་པའི་སེམས་ཅན་རྣམས། །ཁྱོད་ཀྱི་རྣམ་སྤྲུལ་མཐོང་ཐོས་དྲན་པས་ཀྱང། །མགོན་པོ་ཁྱོད་ཀྱིས་གདུལ་བྱར་གཟུང་དུ་གསོལ། །དཔལ་འཁོར་ལོ་སྡོམ་པའི་སྟོད་པ་སློབ་དཔོན་མེ་ཏྲི་བས་མཛད་པ་རྫོགས་སོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།།
ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང།
CLOSE WINDOW