| Wylie | e-texts based on the Adarsha |
ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བདུད་བཏུལ་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན། བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་སོ། །བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ལྷའི་སྡེ་དཔོན་ཆེན་པོ་ཚོགས་ཀྱི་བདག་པོ་མ་ཧཱ་ཀཱ་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་དབང་བསྒྱུར་བ་དཔལ་མགོན་པོ་ནག་པོ་ཆེན་པོས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གི་རིག་པ་འདི་འབུལ་གྱིས་བཞེས་སུ་གསོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ཎ་གྷ་ཎ་ཊི་སྭཱ་ཧཱ། ན་མཿཤྲཱི་མ་ཧཱ་ཀཱ་ལ་ག་ཎི་གུ་ཏི་ཤྭ་ཡ། ན་མོ་ཡོ་ཀེ་ན་ཎི་ན། ཏདྱ་ཐཱ། ཨོ~ཾ`་ཧི་ལེ་ཧི་ལེ། ཀི་ཏེ་ཀེ་ཏེ་ནི། ཙིད་དེ་ཙིད་དེ་ནི་སྭཱ་ཧཱ། འདི་བཏོན་པས་ནད་ཐམས་ཅད་དང་། རིམས་ཐམས་ཅད་དང་། གདོན་ཐམས་ཅད་དང་། མི་ངས་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། ཉེས་པར་བསྒོམས་པ་ཐམས་ཅད་དང་། ཉེས་པར་བལྟས་པ་རྣམས་སྟེང་དུ་གཞན་འཕྲུལ་དབང་བྱེད་ལ་ཐུག་པ་མན་ཆད་བཅིང་ངོ་། །འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་ངོ་། །ཐད་ཀ་ཁོ་ར་ཁོར་ཡུག་ཏུ་ནི་རི་ལ་ཐུག་པ་ཚུན་ཆད་བཅིང་ངོ་། །གཞན་ཡང་གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། བདུད་འདུལ་རྣམས་ཀྱི་དབང་ཕྱུག་།སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་གཏན་ནས་རློག་པ། གནོད་སྦྱིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་རྡུལ་དུ་རློག་པ། དཀོན་མཆོག་གསུམ་གྱི་བསྟན་པ་སྲུང་བར་ཁས་བླངས་ཤིང་དམ་བཅས་པའོ། །འཕགས་པ་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།འཕགས་པ་ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ། དཀོན་མཆོག་གསུམ་གྱི་བསྟན་པ་སྲུང་བར་ཁས་བླངས་ཤིང་དམ་བཅས་པའོ། །འཕགས་པ་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།འཕགས་པ་ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་སྐྱེས་བུ་ནག་སེར་མཆེ་བ་རྣོན་པོ། མཆེ་བ་ཆེན་པོ་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ་བརྗོད་པར་བྱ་སྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་སྐྱེས་བུ་ནག་སེར་མཆེ་བ་རྣོན་པོ། མཆེ་བ་ཆེན་པོ་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ་བརྗོད་པར་བྱ་སྟེ། ཕྱོགས་གང་དང་གང་དུ་བལྟས་པ་དེར་བདག་ལ་རིམས་ནད་མེད་པར་གྱུར་ཅིག་།ཏདྱ་ཐཱ། ཧ་ན་ཧ་ན་རཱ་ཛ་དྷུ་ཏེ་ན། ད་ཧ་ད་ཧ་རཱ་ཛ་དྷུ་ཏེ་ན། པ་ཙ་པ་ཙ་རཱ་ཛ་དྷུ་ཏེ་ན། བ་ཧུ་པ་ཤྲ་བེ། བ་ཧུ་པ་རེ་པ་རཱ+ེ། བ་ཧུ་པ་རི་ཤོ་དྷེ་ཨི་མ~ཾ་ཛཱ་ར་ཙཎ་ཌ་ལ~ཾ་ཧ་ན་ཧ་ན། ཕྱོགས་གང་དང་གང་དུ་བལྟས་པ་དེར་བདག་ལ་རིམས་ནད་མེད་པར་གྱུར་ཅིག་།ཏདྱ་ཐཱ། ཧ་ན་ཧ་ན་རཱ་ཛ་དྷུ་ཏེ་ན། ད་ཧ་ད་ཧ་རཱ་ཛ་དྷུ་ཏེ་ན། པ་ཙ་པ་ཙ་རཱ་ཛ་དྷུ་ཏེ་ན། བ་ཧུ་པ་ཤྲ་བེ། བ་ཧུ་པ་རེ་པ་རཱ+ེ། བ་ཧུ་པ་རི་ཤོ་དྷེ་ཨི་མ~ཾ་ཛཱ་ར་ཙཎ་ཌ་ལ~ཾ་ཧ་ན་ཧ་ན། ཨོཾ་སུ~ཾ་བྷ། ནི་སུ~ཾ་བྷ། ཤི་ར་མུ~ཾ་ཙ། ཙཀྵུ་མུ~ཾ་ཙ། ཤྲོ་ཏྲ་མུ~ཾ་ཙ། གྷྲཱ་ཎ་མུ~ཾ་ཙ། ཛི་ཧྭཱ་མུ~ཾ་ཙ། ཀཎ་ཋ་མུ~ཾ་ཙ། གྲཱི་བ་མུ~ཾ་ཙ། པྲིཥྛ་མུ~ཾ་ཙ། ཀཱ་ཊི་ཀཱ་མུ~ཾ་ཙ། ཀུ་ཀྵ་མུ~ཾ་ཙ། ཨཱུ་རུ་མུ~ཾ་ཙ། ཛ་ནཽ་མུ~ཾ་ཙ། ཧསྟ་མུ~ཾ་ཙ། པཱ་དཽ་མུ~ཾ་ཙ། ཨ~ཾ་གུ་ལི་མུ~ཾ་ཙ། ཨ~ཾ་ག་པྲ་ཏྱ~ཾ་ག་མུ~ཾ་ཙ། ཨོཾ་སུ~ཾ་བྷ། ནི་སུ~ཾ་བྷ། ཤི་ར་མུ~ཾ་ཙ། ཙཀྵུ་མུ~ཾ་ཙ། ཤྲོ་ཏྲ་མུ~ཾ་ཙ། གྷྲཱ་ཎ་མུ~ཾ་ཙ། ཛི་ཧྭཱ་མུ~ཾ་ཙ། ཀཎ་ཋ་མུ~ཾ་ཙ། གྲཱི་བ་མུ~ཾ་ཙ། པྲིཥྛ་མུ~ཾ་ཙ། ཀཱ་ཊི་ཀཱ་མུ~ཾ་ཙ། ཀུ་ཀྵ་མུ~ཾ་ཙ། ཨཱུ་རུ་མུ~ཾ་ཙ། ཛ་ནཽ་མུ~ཾ་ཙ། ཧསྟ་མུ~ཾ་ཙ། པཱ་དཽ་མུ~ཾ་ཙ། ཨ~ཾ་གུ་ལི་མུ~ཾ་ཙ། ཨ~ཾ་ག་པྲ་ཏྱ~ཾ་ག་མུ~ཾ་ཙ། ཨ་བ་ས་ར། ཨ་ནྱ་སི་མ~ཾ་གཙྪ། ཛ་ར་མུ་ཏོ་སི་བདག་ལ་སྭཱ་ཧཱ། ཨོ~ཾ`་ཛྭ་ལ་མཱ་ཨ~ཾ་གུ་ལི་ཧཱུ~ཾ། སརྦ་ཛཱ་རཱ་ནན་ཕཊ། འཕགས་པ་ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་རྣམ་པར་ཐར་བར་བྱེད་པ། རྫོགས་སྷོ།། །། ཨ་བ་ས་ར། ཨ་ནྱ་སི་མ~ཾ་གཙྪ། ཛ་ར་མུ་ཏོ་སི་བདག་ལ་སྭཱ་ཧཱ། ཨོ~ཾ`་ཛྭ་ལ་མཱ་ཨ~ཾ་གུ་ལི་ཧཱུ~ཾ། སརྦ་ཛཱ་རཱ་ནན་ཕཊ། འཕགས་པ་ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་རྣམ་པར་ཐར་བར་བྱེད་པ། རྫོགས་སྷོ།། །། @། །རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། @། །རྒྱ་གར་སྐད་དུ། དེ་བེ་མ་ཧཱ་ཀཱ་ལི་ནཱ་མ་དྷཱ་ར་ཎཱི། @། །རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། @། །རྒྱ་གར་སྐད་དུ། དེ་བེ་མ་ཧཱ་ཀཱ་ལི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ལྷ་མོ་ནག་མོ་ཆེན་མོའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་སོ། །དེ་ནས་འདོད་པའི་ཁམས་ཀྱི་དབང་ཕྱུག་མ། བདུད་ཀྱི་ཡུམ། གཤིན་རྗེའི་ལྕམ་མོ་ལྷ་མོ་ནག་མོ་ཆེན་མོས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།
CLOSE WINDOW