CLOSE WINDOW

J959(a): སྨན་གཏོང་བའི་ཚེ་སྨན་ལ་སྔགས་ཀྱིས་གདབ་པ
Wyliee-texts based on the Adarsha Input

།རྫོགས་སྷོ།། །། མཁྲིས་པའི་ནད་སེལ་བའི་སྔགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ན་མོ་ཧི་ཏུ་ཧེ་གེ་སྭཱ་ཧཱ། བསིལ་ཡབ་ཀྱིས་ལུས་ལ་གཡབས་ན་མཁྲིས་པའི་ནད་དང་། མིག་སེར་དང་། གཡའ་བའི་ནད་སེལ་བར་བྱེད་དོ། །རྫོགས་སྷོ།། །། བད་ཀན་གྱི་ནད་སེལ་བའི་གཟུངས་སྔགས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ོ~ཾ`་ཤན་ཏི་ཤན་ཏི། བྷི་ཏི་ཤན་ཏི། སརྦ་བི་ཏི་མུལ་མྱགས་སྭཱ་ཧཱ། ཟས་མ་ཞུ་བ་དང་། སྦོས་པ་དང་། སྐྲན་ནད་དང་། ཆུ་དང་། ཁྲག་སྐྱུགས་པ་དང་། བད་ཀན་གྱི་ཟུག་གཟེར་རབ་ཏུ་སེལ་ལོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀྵ་ཡའི་ནད་སེལ་བའི་སྔགས། ན་མོ་ཧི་ཏུ་ཧེ་ཀེ་སྭཱ་ཧཱ། ལུས་ལ་ནད་འདུ་ན་ནད་ཁོང་སྐེམས་ཀྱིས་བཏབ་ན་བསིལ་ཡབ་ལ་ཆུས་གཏོར་ཏེ། ལན་དྲུག་བཅུ་རྩ་གཅིག་སྔགས་ནས་དེའི་ལུས་ལ་གཡབས་ན་ནད་མེད་པར་འགྱུར་རོ། །ཀྵ་ཡའི་ནད་སེལ་བའི་གཟུངས་རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སཱད་ཡ་ཐེ་དན། ཁ་ཊེ་ཁ་ཊེ། ཁ་ཊ་བི་ཁ་ཊེ། ཙ་ལེ་བི་ཙ་ལེ། བི་ལམ་བེ་བ་ལེ་བ་ལ་བ་ཏེ། ཙན་དྲེ་ཙ་ར་ཎེ་ཨ་མྲི་ཏ་ནིར་གྷོ་ཤེ། རླུང་མཁྲིས་བད་ཀན་འདུས་པ་ཞི་བར་གྱུར་ཅིག་། སྭཱ་ཧཱ། ནད་པའི་སྨན་ལ་གདབ་བོ། །སྟོང་ཆེན་མོ་ནས་ཕྱུང་བ་སྨན་ལ་སྔགས་ཀྱིས་གདབ་པ་རྫོགས་སྷོ། ། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་ལྷ་བཻ་དཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་ལྷ་བཻ་དཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོ~ཾ`་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ། མ་ཧཱ་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ་ས་མུད་ག་ཏེ་སྭཱ་ཧཱ། སྨན་གཏོང་བའི་ཚེ་སྨན་ལ་སྔགས་ཀྱིས་གདབ་པ་རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་མོ་ཁ་མུ་ཁི། ཏི་མུ་ཁི། །ཏདྱ་ཐཱ། ཨོ~ཾ`་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ། མ་ཧཱ་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ་ས་མུད་ག་ཏེ་སྭཱ་ཧཱ། སྨན་གཏོང་བའི་ཚེ་སྨན་ལ་སྔགས་ཀྱིས་གདབ་པ་རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་མོ་ཁ་མུ་ཁི། ཏི་མུ་ཁི། ཏྲི་མུ་ཁི། མ་ཧཱ་སྲ་མུ་ཁི། ཏ་ཐཱ་ག་ཏཱ་མུ་ཁ་སྟྭི་ཧ་ན། ཚིན་ད་ཚིན་ད། བྷིན་དྷ་བྷིན་དྷ། སྭ་ཐཱ་ནཱ~ཾ་གཙྪ་སླཱ་ཧེ་སྭཱ་ཧཱ། མད་སི་དང་། བརྟ་ཀ་དང་། ག་གོན་རིང་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ་གཤགས་ན་མཚེར་མའི་སྐྲན་ཞི་བར་འགྱུར་རོ། །ཐེ་ཚོམ་མེད་དོ། །སྐྲན་ཞི་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱ་ཊཱ་ནཱ་ཊཱི་ཡ་མ་སཱུ་ཏྲ་ནཱ་མ་མ་ཧཱ་སཱུ་ཏྲ། བོད་སྐད་དུ། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་འཐུན་པའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཁ་དོག་འཕགས་པ། གཡོག་འཁོར་གནོད་སྦྱིན་དུ་མ་དང་། གཡོག་འཁོར་གནོད་སྦྱིན་བརྒྱ་ཕྲག་དུ་མ་དང་། གཡོག་འཁོར་གནོད་སྦྱིན་སྟོང་ཕྲག་དུ་མ་དང་། གཡོག་འཁོར་གནོད་སྦྱིན་འབུམ་ཕྲག་དུ་མ་དང་ལྡན་པ་ནམ་སྲོས་པ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་ཁ་དོག་གི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཕྱོགས་གཅིག་ཏུ་འདུག་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །བློ་ལྡན་ཁྱོད་ཀྱིས་གང་མཁྱེན་པ། །ལྷ་རྣམས་ཀྱིས་ནི་དེ་མ་འཚལ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གང་དག་འདས་པ་དང་། །ད་ལྟར་བྱུང་དང་མ་བྱོན་པ། །ཐམས་ཅད་ལ་ནི་བདག་ཕྱག་འཚལ། །ཁྱོད་ལ་འང་བདག་ནི་སྐྱབས་སུ་མཆིས། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་དག་གནས་མལ་དགོན་པ་དང་། ནགས་མདབ་དག་དང་།

CLOSE WINDOW