Wylie | e-texts based on the Adarsha ![]() ![]() |
གཞན་གང་ཡང་རུང་བ་ཅིག་ལ་བྱིན་ན་ཟླ་བ་ཕྱེད་ཕན་ཆད་ཀྱི་གོས་ཕྲུགས་བརྒྱ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ནོར་ཟས་སམ། རྐང་འགྲོས་གང་ཡང་རུང་བ་རྣམས་ཀྱང་དེ་དང་འདྲའོ། །གོས་བརྒྱ་ཐོབ་པའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ཨོཾ་ན་མ་ཤ་བ་ར་ན་མ་སྭཱ་ཧཱ། སོ་རྩི་ལ་སྔགས་འདིས་བཏབ་སྟེ། ཁར་བཅུག་ན་གང་ལ་བལྟས་པ་དེ་དག་དགའ་བར་འགྱུར་རོ། །མི་དགའ་བར་བྱེད་པའི་གཟུངས། རྫོགས་སྷོ།། །། འཕགས་པ་ཡིད་དུ་འོང་བ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་བ་ཏེ། ཨུཥྞཱི་ཥ་ཡཱ། དྷ་རེ་དྷ་ར་ན་ཏི་ཡེ་སྭཱ་ཧཱ། ཨོཾ་ན་མ་ཤ་བ་ར་ན་མ་སྭཱ་ཧཱ། སོ་རྩི་ལ་སྔགས་འདིས་བཏབ་སྟེ། ཁར་བཅུག་ན་གང་ལ་བལྟས་པ་དེ་དག་དགའ་བར་འགྱུར་རོ། །མི་དགའ་བར་བྱེད་པའི་གཟུངས། རྫོགས་སྷོ།། །། འཕགས་པ་ཡིད་དུ་འོང་བ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་བ་ཏེ། ཨུཥྞཱི་ཥ་ཡཱ། དྷ་རེ་དྷ་ར་ན་ཏི་ཡེ་སྭཱ་ཧཱ། མ་བསྒྲུབས་ཀྱང་བཀླགས་པས་འགྲུབ་སྟེ། གི་ཝང་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། །ཏི་ཙ་ལ་སྔགས་ཏེ་མིག་ལ་བསྐུས་ན་གང་བལྟས་པ་མིག་སྤྲད་འཐུན་ནོ། །ཆུ་ལ་སྔགས་ཏེ་འཐུངས་ན་གཞན་རྣམས་ཟས་སྟེར་སྙིང་འདོད་དོ། མ་བསྒྲུབས་ཀྱང་བཀླགས་པས་འགྲུབ་སྟེ། གི་ཝང་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། །ཏི་ཙ་ལ་སྔགས་ཏེ་མིག་ལ་བསྐུས་ན་གང་བལྟས་པ་མིག་སྤྲད་འཐུན་ནོ། །ཆུ་ལ་སྔགས་ཏེ་འཐུངས་ན་གཞན་རྣམས་ཟས་སྟེར་སྙིང་འདོད་དོ། །ཡིད་དུ་འོང་བའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་བྷ་ག་བ་ཏི་ཤྲུ་ཏི་སྨྲི་ཏི། བ་ལ་བ་པ་ར་མ་སིད་དྷེ་སྭཱ་ཧཱ། ཆོ་ག་ནི་ཞག་བདུན་གྱི་བར་དུ་ནང་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཆུ་ཁྱོར་གང་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་འཐུངས་ན་ཉིན་གཅིག་ཀྱང་ཡི་གེ་ཤོ་ལོ་ག་སུམ་བརྒྱ་ལོབས་སོ། །ཡིད་དུ་འོང་བའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་བྷ་ག་བ་ཏི་ཤྲུ་ཏི་སྨྲི་ཏི། བ་ལ་བ་པ་ར་མ་སིད་དྷེ་སྭཱ་ཧཱ། ཆོ་ག་ནི་ཞག་བདུན་གྱི་བར་དུ་ནང་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཆུ་ཁྱོར་གང་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་འཐུངས་ན་ཉིན་གཅིག་ཀྱང་ཡི་གེ་ཤོ་ལོ་ག་སུམ་བརྒྱ་ལོབས་སོ། །ཟླ་བ་གཅིག་གི་བར་དུ་བྱས་ན་མི་འམ་ཅི་དང་འདྲ་བར་མགྲིན་པ་སྙན་པར་འགྱུར་ཏེ། ཐེ་ཚོམ་ཟ་བར་མི་བྱའོ། །རྫོགས་སྷོ།། །། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏ་རེ་ཏ་རེ་ཏ་ར་ཡ། བྷ་ག་བ་སྟེ། བན་དྷ་མོ་ཙ་ནི་སྭཱ་ཧཱ། འཕགས་པའི་སྔགས་དེ་བཟླས་བརྗོད་བྱས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །བཅིངས་པ་ལས་གྲོལ་བའི་གཟུངས་རྫོགས་སྷོ།། །། @། །རྒྱ་གར་སྐད་དུ། ཨ་གྲ་བིདྱཱ་མན་ཏྲ། བོད་སྐད་དུ། མཆོག་ཐོབ་པའི་རིག་སྔགས། བཅོམ་ལྡན་འདས་མ་ལྷ་མོ་དུང་ཅན་མ་ལ་ཕྱག་འཚལ་ལོ། །བསྙེན་པ་རྫོགས་པར་བྱེད་པ་གཟི་བརྗིད་རྒྱས་པར་བྱེད་པ་ལོངས་སྤྱོད་འཕེལ་བར་བྱེད་པ་དབང་ཕྱུག་འཕེལ་བར་བྱེད་པ་འཁོར་འཕེལ་བར་བྱེད་པ་ཚེ་འཕེལ་བར་བྱེད་པ་དགྲ་ཞི་བར་བྱེད་པ་གེགས་ཞི་བར་བྱེད་པའོ། །དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་ལ། སེམས་བྱམས་པ་ལ་གནས་པས་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བརྗོད་པར་བྱའོ། །འདི་ལྟ་སྟེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ~ཾ། ཏདྱ་ཐཱ། ཨོཾ་ཤང་ཁི་ནི་དེ་བཱི། ཨཱ་གཙྪ་ཨཱ་གཙྪ། ཏིཥྛ་དྷ་ནེ། དྷ་ན་ཛྭ་ཡེ། བྲཱི་བྲཱི། བྲིད་དྷི་ཀ་རི། དྷྲི་དྷྲི་དྷྲི་ཏི་ཀ་རི་ནན། བི་བིདྱཱ། བེ་ཤ་བསྟ། ཨ་ཡུ་དྷ་ར་ནི་ཡུ་ཡུ། ཨ་ཡུཥྦཱ་ལ་ནེ། ཏ་ཐཱ་ག་ཏཱ་སྨ་ར་བོ་དྷི་ཙིཏ་ཏ། མ་ཏཱི་ལ~ཾ་བོ་ད་ར། དེ་ཧི་མེ་བ་རན་ཤང་ཁི་ནི་སྭཱ་ཧཱ། བདག་དགེ་བ་འདི་ཉིད་ཀྱིས་སྤྲུལ་པའི་སྐུ་འདི་ཉིད་དུ་མཐོང་བར་གྱུར་ཅིག་།སྟོང་པ་ཉིད་ལ་བཟོད་པ་ཐོབ་པར་གྱུར་ཅིག་།སྟོང་པ་ཉིད་ཀྱི་དོན་མཐོང་བར་གྱུར་ཅིག་།སྟོང་པ་ཉིད་ཀྱི་དོན་བྱེད་པར་གྱུར་ཅིག་། འདི་བརྗོད་པས་བར་དུ་གཅོད་པ་ཐམས་ཅད་ཀྱང་རྣམ་པར་སེལ་བར་འགྱུར་རོ། །འཕགས་པ་མཆོག་ཐོབ་པ་རྫོགས་སྷོ།། །། རྒྱ་གར་སྐད་དུ། པྲཛྙཱ་བར་དྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་ལྡན་ཞེས་བྱ་བ་རི་རབ་ཀྱི་ངོས་ལ་བཞུགས་ཏེ། རི་རབ་ལ་གནས་པའི་ལྷའི་བུ་ཐམས་ཅད་ཀྱིས་བསྐོར་ནས་མདུན་དུ་བྱས་ཏེ་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་གཟུགས་ཅན་གྱིས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་བློ་ལྡན་ལ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཤེས་རབ་རྟུལ་པོ། བློ་ཞན་པ། ཡིད་མི་གཞུངས་པ་རྣམས་ཀྱི་སླད་དུ་ཤེས་རབ་སྐྱེད་པ་ཞེས་བགྱི་བའི་གཟུངས་བཤད་དུ་གསོལ། བཤད་པ། ཧཱུ~ཾ་པི་བུ་པི་བུ། པྲཛྙཱ་བར་དྷ་ནི་ཛ་ར་ཛ་ར། མེ་དྷ་བར་དྷ་ནི། དྷི་རི་དྷི་རི། བུད་དྷི་བར་དྷཱ་ནི་སྭཱ་ཧཱ། གང་ཞིག་གཟུངས་འདི་འཛིན་པ་དང་། ཀློག་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་།
CLOSE WINDOW